Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 213
Văn bản gốc(Tây Tạng)
Trang 30 / 33 (50.000 ký tự/trang)
ཉིས་པ་འདུལ་བའི་བཀའ་ལུང་སྤྱིའི་དགོངས་འགྲེལ་ནི། ཝུ་པ་ལ། རྩ་བའི་ལུང་དང་བཤད་པའི་ལུང་ཐམས་ཅད་ཀྱི་དགོངས་འགྲེལ་མཚན་ཉིད་གཏན་ལ་འབེབས་པར་བྱེད་པ་འདུལ་བ་མདོ་རྩ་བ་ཤློ་ཀ་ཉིས་སྟོང་བདུན་བརྒྱ། བམ་པོ་དགུར་བྱས་པ་དང༌། ཆོ་ག་ལག་ལེན་གཏན་ལ་ འབེབས་པར་བྱེད་པ་ལས་བརྒྱ་རྩ་གཅིག་པ་གཉིས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས་སོ། །འདི་ལ་ཤློ་ཀ་ནི་སུམ་སྟོང་བདུན་བརྒྱ། བམ་པོ་ནི་དགུར་བྱས་སོ།། །།ཞུ་ཟུ་གཉིས་ལ། འདུལ་བ་མདོའི་ འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། རྒྱ་གར་ གྱི་མཁན་པོ་པཎྜི་ཏ་ཨཱ་ལངྐ་ར་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ག་རོད་ཚུལ་ཁྲིམས་འབྱུང་གནས་སྦས་པ་གཉིས་ཀྱིས་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་ཚའི་གཙུག་ལག་ཁང་དུ་འགྱུར་བ་བཞུགས་སོ། །འདི་ལ་ཤློ་ཀ་སྟོང་ཕྲག་བཅུ་བཞི་ཡོད་དོ།། །།འུ་ཡུ་གཉིས་ལ། འདུལ་བ་ མདོའི་རྒྱ་ཆེར་འགྲེལ་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་ཐོ་གར་གྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷརྨཱ་མི་ཏྲས་མཛད་པ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་བ་བཞུགས། འདི་ལ་ཤློ་ཀ་ནི་ཉི་ཁྲི་ཆིག་ སྟོང༌། བམ་པོ་ནི་བདུན་ཅུར་བྱས་སོ།། །།རུ་པ་ལ། འདུལ་བ་མདོའི་འགྲེལ་པ་སློབ་དཔོན་པྲཛྙཱ་ཀ་རས་མཛད་པ་བཞུགས་སོ།། །།ལུ་པ་ལ། འདུལ་བ་མདོའི་རྩ་བའི་འགྲེལ་པ་ཆུང་བ་སློབ་དཔོན་མང་དུ་ཐོས་ཤིང་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་པས་བྱས་ པར་གྲགས་པ་བཞུགས། འདི་བོད་མར་ཐེ་ཚོམ་ཟའོ།། །།ཤུ་པ་ལ། འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད་ཅེས་བྱ་བ་འདུལ་བ་འཛིན་པ་ཆེན་པོ་འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་དཔལ་འཕགས་པ་ས་གའི་ལྷས་མཛད་པ་བམ་པོ་ལྔ་པ། བལ་པོའི་པཎྜི་ཏ་ཛ་ཡཱ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར། རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་པཎྜི་ཏ་བ་ན་རཏྣ་མ་ཧཱ་སྠི་བཱི་ར་ལ་གཏུགས་ཏེ་སྒྲའི་དོན་ལ་མཁས་པ་རོང་སྟོན་ཤེས་བྱ་ཀུན་རིག་གིས་ཀྱང་འགྱུར་བཅོས་ཅུང་ཟད་བྱས་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་ བརྒྱ་པ་དང༌། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་བམ་པོ་བརྒྱད་པ་མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། ཚིག་ལེའུར་ བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་དུལ་བའི་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་རྣམས་བཞུགས་སོ། །འདི་ལ་ཤློ་ཀ་སྟོང་ཕྲག་ཕྱེད་དང་བཞི་ཡོད་དོ།། །།སུ་པ་ལ། འཕགས་ པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཀྱང་ཟེར། ཁ་ཆེ་དགེ་འདུན་བཟང་པོས་མཛད་ཀྱང་ཟེར་བ། རྒྱ་གར་གྱི་མཁན་པོ་མུ་ནི་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་པ་དོན་བརྒྱད་མ་ཡང་ཟེར། དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཡང་ལྔ་བཅུ་པའི་འགྲེལ་པ་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་དགེ་ཚུལ་གྱི་བྱ་བ་ཞེས་བྱ་བ་འདི་བོད་ཀྱི་མཁན་པོ་ཆེན་པོ་དག་གི་བརྗེད་བྱང་ཡིན་པ་འདྲའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་མདོ་སྡེ་འཛིན་པའི་ སློབ་དཔོན་ཀ་ལྱཱཎ་མི་ཏྲས་མཛད་པ། ཁ་ཆེའི་མཁན་པོ་གྲོང་ཁྱེར་དཔེ་མེད་ཀྱི་པཎྜི་ཏ་མ་ཧཱ་ཛ་ན་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གི་འགྱུར་བ་ལས། སླད་ཀྱིས་ཁ་ཆེའི་པཎྜི་ཏ་པ་ར་ཧི་ཏ་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གིས་བཅོས་ཤིང་ཞུས་པ། གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་ པ་བྱང་ཕྱོགས་ཀྱི་ཁ་ཆེའི་ཡུལ་ནས་བྱུང་བའི་པཎྜི་ཏ་འདུལ་བ་འཛིན་པ་དགེ་སློང་བ་ལ་ཤྲཱི་བྷ་དྲས་མཛད་པ། ཐོ་ལིང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གི་འགྱུར། དཔེ་ཁ་ཅིག་ན་བི་མ་ལ་ཤྲཱིས་མཛད་ཟེར། དགེ་ཚུལ་གྱི་དང་པོའི་ལོ་དྲི་བ་ཁ་ཆེའི་ མཁན་པོ་ན་རས་དེ་ཝ་དང༌། ལོ་ཙཱ་བ་དགེ་སློང་རྒྱལ་བའི་ཤེས་རབ་ཀྱི་འགྱུར། དགེ་སློང་གི་དང་པོའི་ལོ་དྲི་བ་དཔལ་ར་སའི་གཙུག་ལག་ཁང་གི་འོད་མཆོག་དངོས་གྲུབ་ཀྱི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདུལ་བ་དྲི་བའི་ཚིག་ ལེའུར་བྱས་པ་དང༌། འདུལ་བ་དྲི་བའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་མདོ་སྡེ་འཛིན་པ་ཀཱ་ལྱཱཎ་མི་ཏྲས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། ཤློ་ཀ་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་བཞི་ཡོད་དོ། །འདུལ་བ་ལ་བསྟོད་པ་བཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་ པ་དང༌། འདུལ་བ་ལ་བསྟོད་པའི་ཚིག་གི་རྣམ་པར་བཤད་པ་བཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་ཅིང་སློབ་དཔོན་དུལ་བའི་ལྷས་བཤད་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ ཏེ་གཏན་ལ་ཕབ་པ། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་བཙུན་པ་དབྱིག་གི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ལོ་ཙཱ་བ་བཟང་སྐྱོང་གི་འགྱུར། སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་སློབ་དཔོན་བྷ་བྱས་མཛད་པ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་རྒྱ་གར་ཤར་ཕྱོགས་ བྷངྒ་ལའི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བའི་པཎྜི་ཏའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། གཞུང་ཐ་དད་པ་རིམ་པར་བཀླག་པའི་འཁོར་ལོ་ལས་སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ་ཞེས་བྱ་བ་འདུལ་བ་འཛིན་པའི་སློབ་དཔོན་དུལ་བའི་ལྷས་མཛད་པ་བཞུགས་སོ། །དེ་ གསུམ་འདུལ་བ་དངོས་མ་ཡིན་ཀྱང༌། དེ་དང་རྗེས་སུ་འབྲེལ་པ་ལ་བསམས་ནས་སྔོན་གྱི་རྣམས་ཀྱིས་འདུལ་བའི་སྐབས་སུ་བྲིས་འདུག་པ་བཞིན་བྲིས་སོ། །དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་དང༌། དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ་སློབ་དཔོན་ཆེན་པོ་སུ་ན་ཡ་ཤྲཱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་ དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་དར་མ་གྲགས་ཀྱི་འགྱུར། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། འདི་སྔོན་གྱི་དཀར་ཆག་ཆེན་མོ་ལས་བཀར་བཤད་གཞུང་གི་ངོ་བོ་བལྟས་ན་བསྟན་བཅོས་སུ་ གསལ་བས་བསྟན་བཅོས་ཀྱི་སྡེར་སྔ་མ་རྣམས་ཀྱིས་ཀྱང་བྲིས་འདུག་པས་བྲིས་སོ། །འདུལ་བའི་སྡེ་སྣོད་ཀྱི་འཁོར་དུ་གྱུར་པ་གསེར་མདོག་གི་རྟོགས་པ་བརྗོད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཀུ་ན་ལའི་རྟོགས་པ་བརྗོད་པ་རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ། རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་སློབ་དཔོན་གསང་བས་བྱིན་གྱིས་མཛད་པ། བསླབ་པ་ བཅུའི་ཆོ་ག་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ། རྩེ་ཐང་ལོ་ཙཱ་བ་གཞོན་ནུའི་འགྱུར། ཡེ་དྷརྨའི་འགྲེལ་པ་སློབ་དཔོན་རྟག་པའི་རྡོ་རྗེས་གསུངས་པ། རྩེ་ཐང་ལོ་ཙཱ་བ་གཞོན་ནུའི་ཞབས་ཀྱི་འགྱུར་བ་རྣམས་བཞུགས་སོ། །རྟོགས་པ་བརྗོད་པ་འདི་དག་འདུལ་བའི་སྡེ་སྣོད་ཀྱི་འཁོར་དུ་གཏོགས་པར་བཤད་པས་འདིར་ བྲིས་སོ། །ཆོས་རྣམས་ཐམས་ཅད་བདག་དང་སེམས་ཅན་མེད། །རྒྱུ་དང་བཅས་ལས་བྱུང་བར་སྟོན་པའི་གཞུང༌། །འཁོར་ལོ་དང་པོའི་རྗེས་འབྲང་བསླབ་པ་གསུམ། །སྟོན་བྱེད་གཞུང་ནི་དྲུག་ཅུ་རྩ་གསུམ་བཞུགས། །དེ་དག་གིས་ནི་བཀའ་དང་པོའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ ལྟར་བཀའ་དང་པོའི་ཆོས་སྐོར་རྣམས་བཀོད་ནས། ད་ནི་བཀའ་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་ཅི་རིགས་པར་བཏུས་པ་བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་སྐྱེས་པའི་རབས་སྣ་ཚོགས་ཀྱི་སྐོར་ལ། ཧུ་པ་ལ། སྐྱེས་པའི་རབས་སུམ་ཅུ་རྩ་བཞི་པ་སློབ་དཔོན་དཔའ་བོས་སྦྱར་བ། ཤློ་ཀ་སུམ་སྟོང་ཕྱེད་དང་བཞི། བམ་པོ་བཅུ་ གཉིས་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨའི་འགྱུར། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛ་ན་ར་དྷ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར་གཉིས་བཞུགས་སོ།། །།ཨུ་པ་ལ། སློབ་དཔོན་རྒྱལ་པོའི་སྲས་སེང་གེ་ཞབས་འབྲིང་བས་མཛད་པའི་སྐྱེས་པའི་རབས་ཀྱི་ཕྲེང་བ་སུམ་ཅུ་རྩ་ལྔ་པ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་ལངྐ་དེ་ཝ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པས་དཔལ་སྒྱེའུ་རིའི་རྩེ་ཆོས་སྐོར་དབེན་པའི་གཙུག་ལག་ཁང་དུ་འགྱུར། གཞོན་ནུ་གཙུག་ན་ནོར་བུའི་ སྐྱེས་པའི་རབས་ཟློས་གར་གྱི་བསྟན་བཅོས་འཇིག་རྟེན་ཀུན་དུ་དགའ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲ་དང༌། ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་ལེགས་པར་འགྱུར། རིག་པ་འཛིན་པ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ ཀུན་དུ་དགའ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ལཀྵྨཱི་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་འགྱུར་བ་རྣམས་བཞུགས་སོ།། །།ཀེ་ཁེ་གཉིས་ལ། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་སྙན་དངགས་ མཁན་ཆེན་པོ་དགེ་བའི་དབང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སྙན་དངགས་མཁན་ཆེན་པོ་ལཀྵྨཱི་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་མང་ཡུལ་འཕགས་པའི་དྲུང་དགེ་འདུན་བཞི་སྡེའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དཔལ་ས་སྐྱའི་གཙུག་ལག་ཁང་དུ་རྒྱ་དཔེ་དང་ ལེགས་པར་གཏུགས་ནས་སྐད་གཉིས་ཀའི་ཆ་ལ་ཞུ་ཆེན་ཞིབ་པ་ཅིག་གྲུབ་པས་གཞན་ལས་ཁྱད་དུ་འཕགས་པ། སླར་ཡང་འདིའི་སྐད་གཉིས་ཟུང་དུ་སྦྱར་བ་ལ། འཇིག་རྟེན་གྱི་མིག་ཏུ་གྱུར་པའི་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་ལེགས་པར་སྦྱར་བའི་སྐད་ཀྱི་གཞུང་ལ་སོགས་པ་དང་བསྟུན་ཏེ། ཞུ་ཆེན་ མཛད་པ་བཞུགས་སོ།། །།གེ་པ་ལ། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ཡུལ་ཤ་སེ་ཏ་ཀའི་གསེར་མིག་མའི་བུ་དགེ་སློང་སྙན་དངགས་མཁན་ཆེན་པོ་སྨྲ་བ་དང་ལྡན་པ་ཕྱོགས་སུ་རྣམ་པར་གྲགས་པ་བཙུན་པ་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་ས་དབང་བཟང་པོ་དང༌། ལོ་ཙཱ་བ་བློ་གྲོས་རྒྱལ་པོའི་འགྱུར། བྱང་ཆུབ་ སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་པ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ། ཆོས་ཀྱི་རྗེ་ས་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཁ་ཆེ་ཤཱཀྱ་ཤྲཱི་བཟང་པོ་དང༌། ལོ་ཙཱ་བ་གནུབས་དགེ་སློང་བྱམས་པའི་དཔལ་གྱི་འགྱུར། སྐྱེས་རབས་འདི་རྣམས་བྱང་ཆུབ་སེམས་དཔའི་ འདུལ་བ་ཡིན་པས། སྔར་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱོགས་སུ་བྲིས་ཀྱང་རུང་མོད་ཀྱི། བཀའ་འཁོར་ལོ་དང་པོ་དང༌། ཐ་མའི་གསེབ་ནས་བཏུས་པ་ཤས་ཆེ་བར་སྣང་ཞིང༌། བཀའ་འཁོར་ལོ་རིམ་པ་གསུམ་ཀ་དང་འབྲེལ་པར་སྣང་བས་འདིར་བྲིས་སོ། །གང་ཞིག་རླབས་ཆེན་བྱང་ཆུབ་སེམས་ཀྱི་མཐུས། །གཅིག་ཏུ་ གཞན་དོན་སྤྱོད་པའི་བརྩོན་འགྲུས་ཀྱིས། །དཀའ་བ་སྤྱོད་པའི་རྣམ་ཐར་སྐྱེས་པའི་རབས། །སྟོན་པའི་གཞུང་ལུགས་རྣམ་པ་བརྒྱད་བཞུགས་སོ། །དེ་དག་གིས་ནི་སྐྱེས་པའི་རབས་ཀྱི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སྐྱེས་རབས་ཀྱི་ཆོས་སྐོར་རྣམས་བཀོད་ནས། བཀའ་འཁོར་ལོ་རིམ་ པ་གསུམ་ཀ་དང་སྤྱིར་འབྲེལ་པ་གཏམ་དུ་བྱ་བ་དང་ཕྲིན་ཡིག་སྣ་ཚོགས་ཀྱི་སྐོར་ལ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱི་འགྱུར་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་རྒྱ་དཔེ་གསུམ་དང་གཏུགས་ཏེ་ལེགས་པར་བཅོས་པ། རིན་པོ་ཆེའི་ཕྲེང་བའི་རྒྱ་ཆེར་བཤད་པ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ་རྣམས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་གངྒཱ་དྷ་ ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཚུལ་ཁྲིམས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་རན་དྷ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ། ཚོགས་ཀྱི་གཏམ་སློབ་ དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་གངྒཱ་དྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། མི་ཁོམ་པ་བརྒྱད་ཀྱི་གཏམ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཨ་ཛི་ཏ་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། ལེགས་པར་བཤད་པ་རིན་པོ་ཆེ་ ཟ་མ་ཏོག་ལྟ་བུའི་གཏམ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ། རྒྱ་གར་གྱི་མཁན་པོ་རུ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་ འགྱུར། རྩོད་པའི་དུས་ཀྱི་གཏམ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། དབེན་པའི་གཏམ་སློབ་དཔོན་ཆེན་པོ་ས་འཚོ་བྱིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་བ་རྣམས་ བཞུགས་སོ།། །།ངེ་པ་ལ། ཆོས་སྨྲ་བ་དང་དམ་པའི་ཆོས་ཉན་པ་ལ་གུས་པར་བྱ་བའི་གཏམ་སློབ་དཔོན་ས་འཚོ་སྦྱིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་གནས་བརྟན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། ཆེད་དུ་བརྗོད་པའི་གཏམ་དྲང་སྲོང་ཆེན་པོ་ཟླ་བས་མཛད་པ། ལོ་ཙཱ་བ་ཚུལ་ཁྲིམས་ རྒྱལ་བའི་འགྱུར། མི་རྟག་པའི་དོན་གྱི་གཏམ་སྙན་དངགས་མཁན་ཆེན་པོ་དགའ་བའི་དབང་པོས་མཛད་པ་དང༌། ཁ་ཆེའི་པཎྜི་ཏ་བི་ནཱ་ཡ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ལེགས་པའི་ལམ་བསྟན་པའི་གཏམ་སློབ་དཔོན་དཔའ་བོས་མཛད་པ་བམ་པོ་ཕྱེད་དང་གསུམ་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ ཛྙཱ་ན་དང༌། ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་སློབ་དཔོན་བྲམ་ཟེ་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མྱ་ངན་བསལ་བ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་ པ། རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་འགྲོ་བ་དྲུག་གི་ཚིག་ ལེའུར་བྱས་པ་སློབ་དཔོན་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིང་བའི་ཕྲིན་ཡིག །བཤེས་པའི་སྤྲིང་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ། སློབ་མ་ལ་སྤྲིང་བའི་ཕྲིན་ཡིག་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྣམས་རྒྱ་གར་གྱི་མཁན་ པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། རྒྱལ་པོ་ཆེན་པོ་ཀ་ནིཥྐ་ལ་སྤྲིང་བའི་ཕྲིན་ཡིག་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། རྒྱ་གར་གྱི་མཁན་པོ་བི་དྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གི་འགྱུར་ལ། ཨཱ་ཙཱརྱ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། སེམས་ རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིང་ཡིག་སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་དགྲ་ལས་རྒྱལ་བ་གསང་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྻ་དུ་ལོ་པ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བླ་མ་ལ་སྤྲིང་པ་དགེ་སློང་དགོན་པ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་བི་ནཱ་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བུ་ལ་སྤྲིང་པ་པཎྜི་ཏ་མཁས་པ་སཛྫ་ན་ཆེན་པོས་མཛད་པ། ཁ་ཆེའི་མཁན་པོ་མ་ཧཱ་ཛ་ན་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག་ཅེས་བྱ་བ་གནས་བརྟན་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རྒྱལ་པོ་ནིརྻ་ཕ་ལ་ལ་ བརྫངས་པ་དུས་དེ་ཉིད་དུ་བླ་མ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཤློ་ཀ་བཞི་བཅུ་པའོ། །རྒྱལ་པོ་ཟླ་བ་ལ་སྤྲིང་བའི་སྤྲིང་ཡིག་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡས་མཛད་པ། རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་གནུབས་ཚུལ་ཁྲིམས་ཤེས་རབ་ཀྱི་འགྱུར་ བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ་ཞེས་བྱ་བ་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། སློབ་མ་ལ་སྤྲིང་བའི་ཕྲིན་ཡིག་གི་དཀའ་འགྲེལ་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་སུ་ག་ ཏ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། སློབ་མ་ལ་སྤྲིང་བའི་འགྲེལ་པ་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་རང་གི་སློབ་མ་རྣམས་ལ་ཕན་པའི་དོན་དུ་མཛད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ ཏ་ཆེན་པོ་ཛྙཱ་ན་བྷ་དྲས་ལོ་ཙཱ་བ་ཆེན་པོ་བུ་སྟོན་གྱི་ཕྱག་ཏུ་<*མ་བྱུང་>ཕྲིན་ཡིག་ཏུ་བསྐུར་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལས་ལྷོ་ཟ་མོ་ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ་དང༌། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བོད་རྗེ་འབངས་དང་བོད་བཙུན་རྣམས་ལ་བརྫངས་པའི་ཕྲིན་ ཡིག །སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དད་བསྐྱེད་སྒྲོན་མ། སངས་རྒྱས་ཀྱི་ཡོན་ཏན་ཐོས་པའི་ཕན་ཡོན་སྟོན་པ་དཔེའི་ཕྲེང་བ་ལས་སངས་རྒྱས་མཆོག་གི་དཔེ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་ཡོན་ཏན་གྱི་འགྱུར་ལ། དགེ་སློང་རིན་ཆེན་བཟང་པོས་བཅོས་ནས་གཏན་ལ་ཕབ་པ། དཀོན་མཆོག་མ་བྱུང་མཆོད་པའི་ཕན་ཡོན་བསྟན་པ། མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ་བའི་ལེའུ། རྒྱ་གར་གྱི་མཁན་པོ་གནས་བརྟན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། དགེ་འདུན་སྤྱན་དྲང་བ་དཔལ་འབྱོར་རབ་བརྟན་གྱི་ཕྱག་དཔེ་རྒྱ་དཔེ་ལས་ཞྭ་ལུ་ལོ་ཙཱ་བའི་འགྱུར། གནས་བརྟན་སྤྱན་དྲང་བ་སློབ་དཔོན་བྷ་ཝ་ སྐནྡྷ་སྱ་ཞེས་བྱ་བས་མཛད་པ། ཨཱ་ཙཱརྱ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། བསྟན་པའི་གཏད་རབས་མགོ་མཇུག་མ་ཚང་ན་ཡང་ཚོང་འདུས་ཀྱི་ཕོ་བྲང་དུ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་འགྱུར། སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་གནས་ཚུལ་དང་ཐ་མར་ནུབ་ཚུལ་སྟོན་པ་དགྲ་བཅོམ་པ་དགེ་འདུན་ འཕེལ་གྱིས་ལུང་སྟོན་པ་དང༌། ལིའི་ཡུལ་ལུང་བསྟན་པ་ཞེས་བྱ་བ་གཉིས་བཞུགས་སོ། །འདི་གཉིས་ལི་ཡུལ་ནས་འགྱུར་བ་ཡིན་པ་འདྲའོ། །ངན་འགྲོ་སྲིད་པའི་དུཿཁ་ཀུན་སྤོང་ཞིང༌། །མངོན་མཐོ་ཞི་བའི་བདེ་བ་སྒྲུབ་པའི་ཐབས། །གཏམ་དུ་བྱ་དང་སྤྲིང་ཡིག་ལ་སོགས་སྐོར། །བཅུ་ཕྲག་བཞི་ལ་བདུན་གྱིས་བརྒྱན་པ་བཞུགས། ། དེ་དག་གིས་ནི་གཏམ་དུ་བྱ་བ་དང་སྤྲིང་ཡིག་སྣ་ཚོགས་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་རང་ཉིད་ཀུན་ཤེས་པ་ནང་རིག་པའི་བསྟན་བཅོས་རྣམས་བཀོད་ནས། གཞན་ཚར་གཅོད་པའི་རིག་པའི་གནས་གཉིས་ཀྱི་དང་པོ་གཏན་ཚིགས་རིག་པ་ནི། ཅེ་པ་ལ། ཚད་མ་ཀུན་ལས་བཏུས་པ་ཞེས་ བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་ད་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱི་འགྱུར། ཚད་མ་མདོའི་རང་འགྲེལ་པཎྜི་ཏ་གསེར་གྱི་གོ་ཆ་དང༌། ལོ་ཙཱ་བ་དད་པ་ཤེས་རབ་ཀྱི་འགྱུར། ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད་སྤྱོད་པ་ཆེན་པོར་ཤིན་ཏུ་ཕྲ་ བའི་ཐུགས་མངའ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱི་འགྱུར། དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་པ། དུས་གསུམ་བརྟག་པ་རྣམས་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ ཏ་ཆེན་པོ་ཤཱནྟཱ་ཀ་ར་གུཔྟའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། རིགས་པ་ལ་འཇུག་པའི་སྒོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། ཚད་མའི་བསྟན་བཅོས་ རིགས་པས་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སང་ཙང་གིས་རྒྱའི་སྐད་དུ་བསྒྱུར་བ་ལས། སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཤིང༌། ཕྱིས་གཞི་ཐམས་ཅད་ ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བ། རྒྱའི་དཔེ་ལས་རིགས་པ་ལ་འཇུག་པ་ཞེས་སྣང༌། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་ སོ། །འདི་རིགས་པའི་སྒོ་དང་གཅིག་ཏུ་འདོད་པར་མི་རིགས་པའི་སྒོ་ས་ནྱཱ་ཡ་མུ་པ་ཞེས་ཟེར་བ་ལ། བདེ་ལནྱཱ་ཡ་བྲ་བེ་ཤ་ཞེས་ཟེར། འཐད་དེ། ཚད་མའི་འགྲེལ་ཆེན་རྣམས་སུ་རིགས་སྒོ་ནས་ལུང་དྲངས་པ་རྣམས་འདི་ན་མི་སྣང་བའི་ཕྱིར་རོ། །ཕྱོགས་ཆོས་དགུའི་འཁོར་ལོ་ཞེས་གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཟ་ཧོར་གྱི་མཁན་པོ་ བོ་དྷི་སཏྭ་དང༌། དགེ་སློང་དྷརྨཱ་ལོ་ཀས་བསྒྱུར་བ། ཚད་མའི་མདོ་ཀུན་ལས་བཏུས་པའི་དགོངས་པ་འགྲེལ་བ་ལ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་ མཛད་པ། རྒྱ་གར་མཁན་པོ་སཱུ་བྷཱུ་ཏི་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ་གྲུབ་པའི་གནས་སུ་གྲགས་པའི་འདབ་རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་ པོ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང༌། དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་དང༌། ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ་དང༌། རིགས་ པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཏན་ཚིགས་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ་སློབ་དཔོན་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷཱ་དང༌། ལོ་ཙཱ་བ་ནམ་མཁའི་འགྱུར་ལ། སླད་ཀྱིས་པཎྜི་ཏ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོས་བཅོས་ཤིང་གཏན་ལ་ཕབ་པ། འབྲེལ་པ་བརྟག་པ་ ཞེས་བྱ་བའི་འགྲེལ་པ་སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ། པཎྜི་ཏ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། རྟོག་གེ་མ་བྱུང་རབ་ཏུ་བྱེད་པ་སྡེ་བདུན་དང༌། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་རིག་པ་ཆེན་པོ་སའི་སྟེང་མ་ལུས་པ་ན་སྨྲ་བའི་གླང་པོ་ཆེའི་སྤྱི་བོ་ གནོན་པར་མཛད་པའི་སེང་གེ་ཕྱོགས་མ་ལུས་པར་སྙན་པར་གྲགས་པ་ཅན་དཔལ་ཆོས་ཀྱི་གྲགས་པས་སྦྱར་བ་རྣམས་བཞུགས་སོ།། །།ཆེ་པ་ལ། ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སྒྲ་པ་ཆེན་པོ་སློབ་དཔོན་ལྷ་དབང་བློས་མཛད་པ། རང་འགྲེལ་དང་གཉིས་ཀ་བསྡོམས་པ་ལ་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་ པ། བམ་པོ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་བྷཱུ་ཏི་ཤྲཱི་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟིས་མཛད་པ། དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས། རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང༌། དགེ་སློང་ དགེ་བའི་བློ་གྲོས་ཀྱི་འགྱུར། སླད་ཀྱིས་ཀྱང་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་དང༌། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ་པ། རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་ཀྱི་འགྱུར་བ་ རྣམས་བཞུགས་སོ།། །།ཇེ་ཉེ་གཉིས་ལ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྱེད་དང་ཕྲག་བཞི་པ་དང་ལྷ་དབང་བློའི་འགྲེལ་པ་གཉིས་ཀྱི་འགྲེལ་བཤད་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞབས་ལ་བརྟེན་པ་སློབ་དཔོན་ཤཱཀྱ་བློས་མཛད་པ་བམ་པོ་དྲུག་ཅུ་རྩ་གསུམ་པ། པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་དང༌། ལོ་ཙཱ་ བ་རྨ་དགེ་བའི་བློ་གྲོས་ཀྱི་འགྱུར་བ་བཞུགས་སོ།། །།ཏེ་ཐེ་གཉིས་ལ། ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ་བམ་པོ་དྲུག་ཅུ་པ་སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་སྦས་པས་མཛད་པ། ཁ་ཆེའི་མཁན་པོ་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ ལྡན་ཤེས་རབ་ཀྱི་འགྱུར་ལ། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཤྲཱི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བཅོས་པ་བཞུགས་སོ།། །།དེ་ནེ་གཉིས་ལ། ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ། བོད་ཀྱི་ལྷ་བཙུན་པོ་དགེ་ སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང༌། ཐུགས་དམ་སའི་སྙིང་པོ་ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཔལ་བི་ཀྲ་མ་ཤཱི་ལའི་མཁས་པ་ཆེན་པོ་ཤྲཱི་དཱི་པཾ་ཀ་ར་རཀྵི་ཏ་དང༌། ཞང་ཞུང་གི་ལོ་ཙཱ་བ་ཆེན་པོ་མང་འོར་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བ་བཞུགས་སོ། ། བསྟན་བཅོས་འདིའི་གཞུང་གི་ཚད་ནི་བམ་པོ་དྲུག་ཅུ་ཡིན་ནོ།། །།པེ་པ་ལ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ་རྣམ་འགྲེལ་གྱི་རྗེས་སུ་འབྲང་བའི་འཕྲོ་ཇི་སྙེད་པ་དང༌། ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་འགྲེལ་པ་ཞེས་བྱ་བ་བླ་མ་དམ་པ་དགེ་བའི་བཤེས་ གཉེན་ཤེས་རབ་འབྱུང་གནས་ཀྱིས་ཞབས་ལ་བཏུད་དེ་བརྟེན་ནས་ཉི་མ་སྦས་པས་མཛད་པ་རྣམས་བཞུགས་སོ།། །།ཕེ་བེ་གཉིས་ལ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པའི་བཤད་པ་སློབ་དཔོན་ཆེན་པོ་ཤེས་རབ་འབྱུང་གནས་སྦས་པའི་སློབ་མ་སློབ་དཔོན་ཉི་མ་སྦས་པས་མཛད་པ། བམ་པོ་བཅུ་དགུ་པ། ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ་དཔལ་མཁས་པ་ཛ་མཱ་རིས་སྦྱར་བའི་ལེའུ་དང་པོའི་ཊཱི་ཀ་བཞུགས་སོ།། །།མེ་པ་ལ། ཚད་མ་རྣམ་འགྲེལ་གྱི་མངོན་སུམ་ལེའུའི་འགྲེལ་པ་ཛ་མཱ་རིས་མཛད་པ་བཞུགས་སོ།། །།ཙེ་པ་ལ། རྣམ་འགྲེལ་ གྱི་རྒྱན་གྱི་ལེའུ་བཞི་པའི་འགྲེལ་པ་དཔལ་མཁས་པ་ཛ་མཱ་རིས་མཛད་པ་བམ་པོ་བརྒྱད་ཅུ་རྩ་གཉིས་པ། པཎྜི་ཏ་སུ་མ་ཏི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་བཞུགས་སོ།། །།ཚེ་པ་ལ། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་ཚད་མ་རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་དང༌། བརྒྱ་ཕྲག་བཞི་དང་དྲུག་བཅུ་རྩ་གསུམ་པ། ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་འགྱུར། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་མཁས་པའི་གྲགས་པས་རྒྱ་མཚོའི་མཐའ་ཀླས་པར་ཁྱབ་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ མཛད་པ། གནས་བརྟན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར་བ་རྣམས་བཞུགས་སོ།། །།ཛེ་པ་ལ། སློབ་དཔོན་ཆོས་མཆོག་གིས་སྦྱར་བའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལེའུ་གཉིས་པའི་འགྲེལ་པ་འགྱུར་བྱང་མེད་པ་བཞུགས་སོ། །འདི་ ལ་བམ་པོ་བཅུ་གཉིས་དང་ཚིགས་བཅད་སུམ་ཅུ་རྩ་གཉིས་ཡོད་དོ།། །།ཝེ་པ་ལ། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་དུལ་བ་ལྷས་མཛད་པ། བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རིགས་པའི་ཐིགས་ པའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ། ཤློ་ཀ་ཆིག་སྟོང་བཞི་བརྒྱ་བདུན་ཅུ་རྩ་བདུན་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དྷརྨ་ལོ་ཀའི་འགྱུར་ལ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སླད་ཀྱིས་ཡུལ་དབུས་ཀྱི་དཔེ་ དང་གཏུགས་ནས་ལེགས་པར་བསྒྱུར་ཏེ་བཅོས་པ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། རིགས་པའི་ཐིགས་པའི་དོན་བསྡུས་པ་རྒྱ་གར་གྱི་མཁན་པོ་ཛི་ན་ མི་ཏྲས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། གཏན་ཚིགས་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་མཛད་པ་ རྣམས་བཞུགས་སོ།། །།ཞེ་པ་ལ། འབྲེལ་པ་བརྟག་པའི་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ནམ་མཁའི་འགྱུར། འབྲེལ་པ་བརྟག་པའི་རྗེས་སུ་འབྲང་བ་ཞེས་བྱ་བ་བྲམ་ཟེ་ཤངྐ་རཱ་ནནྡས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་པ་ར་ཧི་ཏའི་ཞབས་ལ་ཞུས་ནས། བོད་ཀྱི་སྒྲ་ སྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགའ་བ་རྡོ་རྗེའི་འགྱུར། རྒྱུད་གཞན་གྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཤཱནྟ་རཀྵི་ཏས་མཛད་པ། དཔལ་ ཚངས་པའི་འབྱུང་གནས་བསམ་ཡས་ཀྱི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་དང༌། འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། རྩོད་པའི་རིགས་པའི་འགྲེལ་པ་སློབ་དཔོན་དུལ་བ་ལྷས་མཛད་པའི་གཤམ་མ་ཚང་བ་གཅིག །དམིགས་པ་བརྟགས་པའི་རྒྱ་ཆེར་ བཤད་པ་སློབ་དཔོན་དུལ་བ་ལྷ་ཤེས་བྱའི་དམིགས་པ་མཐའ་དག་ལ་གཞོལ་བ་སྨྲ་བའི་སེང་གེ་མུ་སྟེགས་ཅན་གླང་པོ་ཆེའི་ཀླད་པ་འགེམས་པར་མཛད་པས་སྦྱར་བ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། བོད་ཀྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། <*འདི་བོད་ན་ལྟ་བ་མཐོན་པོར་རློམ་པ་ཞིག་གིས་བྱས།> རིགས་པ་གྲུབ་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་ཤྲཱི་སིངྷ་པྲ་བྷ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནའི་འགྱུར། ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ་དང༌། ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ ཆེན་པོ་ཛི་ན་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ། གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ། དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ་རྣམས་སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ། ཚད་མ་བརྟག་པ་ཆེ་བ་དང༌། ཚད་མ་བརྟག་པ་ཆུང་བ་སློབ་ དཔོན་ཆོས་མཆོག་གིས་མཛད་པ། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ། ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་འགྱུར། འཇིག་རྟེན་ཕ་རོལ་གྲུབ་པ་ ཞེས་བྱ་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ། གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་རསྨིའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་ཝའི་སྐུ་རིང་ལ་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། གླེགས་བམ་བཀླག་པའི་ཐབས་ པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ། སྐད་ཅིག་མ་འཇིག་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ་སློབ་དཔོན་བྲམ་ ཟེ་མུ་ཏིག་བུམ་པས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཀ་ར་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ལྷན་ཅིག་དམིགས་པ་ངེས་པར་གྲུབ་པ་ཞེས་བྱ་བ་རྩོད་པར་སྨྲ་བའི་མཆོག་སློབ་དཔོན་དཔལ་ཤེས་རབ་འབྱུང་གནས་སྦས་པས་མཛད་པ། བལ་ཡུལ་གྱི་པཎྜི་ཏ་ཙ་ཧང་ངུ་ཤཱནྟི་བྷ་དྲ་ དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། སེལ་བ་གྲུབ་པ་ཞེས་བྱ་བ་དགེ་བསྙེན་དམ་པ་མཁས་པ་ཆེན་པོ་བྲམ་ཟེ་ཤངྐ་རཱ་ནནྡས་མཛད་པ། གྲོང་ཁྱེར་དཔེ་མེད་དུ་ཁ་ཆེའི་པཎྜི་ཏ་མ་ནོ་རཱ་ཐ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འགྲེལ་པ་གྲུབ་པ་ཞེས་བྱ་བ་སློབ་དཔོན་མཁས་ པ་ཆེན་པོ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པ་ཆོས་ཀྱི་གྲགས་པ་གཉིས་པ་ཞེས་འཇིག་རྟེན་ན་གཏམ་དུ་གྲགས་ཤིང་རྟོག་གེ་པ་ཕལ་པའི་གཞུང་འཇིག་པ་དང༌། ཐོགས་པ་མེད་པར་དོན་གྱི་དེ་ཁོ་ན་ཉིད་རྣམ་པར་འཇིག་པའི་བློའི་མཐུ་སྟོབས་ཀྱི་འགྲན་ཟླ་དང་བྲལ་བ། བདེ་བར་གཤེགས་པའི་བསྟན་པ་ལ་ གཅེས་སྤྲས་སུ་འཛིན་པས་ལེགས་པར་བཤད་པའི་རོ་མྱང་བ་ལ་སེམས་རྩེ་གཅིག་ཏུ་གཞོལ་བ་དགེ་བསྙེན་དམ་པ་ཤངྐ་རཱ་ནནྡས་མཛད་པ། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། རྒྱུད་པ་འབྲས་བུའི་ངོ་བོ་གྲུབ་པ་ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་མི་ཏྲའི་ཞལ་སྔ་ ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཀ་ལཱ་ཤུ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ཕྱིས་པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་དེ་ཉིད་ཀྱིས་གཏུགས་ཤིང་གཏན་ལ་ཕབ་པ། རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཞེས་བྱ་བ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ ནས་ཀྱིས་མཛད་པ། བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། སླད་ནས་པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་གཏན་ལ་ཕབ་པ། ནང་གི་ཁྱབ་པ་སློབ་དཔོན་ཆེན་པོ་མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་ བའི་ཞལ་སྔ་ནས་མཛད་པ་དང༌། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་མཁས་པ་ཆེན་པོ་ཛཻ་ཏཱ་རིའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཀ་ལཱ་ཤུ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། ཆོས་དང་ཆོས་ཅན་གཏན་ལ་ཕབ་པ་ཞེས་བྱ་བ་སློབ་དཔོན་ཛཻ་ཏཱ་རིས་མཛད་པ། བྱིས་པ་འཇུག་པའི་རྟོག་གེ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དགྲ་ལས་རྒྱལ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ནཱ་ག་རཀྵི་ཏ་ད་ང༌། བོད་ཀྱི་སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེའི་འགྱུར། རྟོག་གེའི་འདི་རྟོག་གེའི་སྐད་འཆུད་པ་ཡིན་ནམ་དཔྱད། སྐད་ཛ་ག་ཏ་ལའི་གཙུག་ལག་ཁང་ཆེན་པོའི་མཁས་པ་ཆེན་པོ་དགེ་སློང་ཐར་པའི་འབྱུང་གནས་ སྦས་པས་མཛད་པ། ཚུལ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ནང་དང་ཕྱིའི་གཞུང་ལུགས་དུ་མ་རྣམས་ལ་བློའི་སྣང་བ་ཆེར་རྒྱས་པ་སྒྲ་སྒྱུར་གྱི་ལོ་ཙཱ་བ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་པཎྜི་ཏ་ལ་མ་ལྟོས་པར་རང་ཉིད་ཀྱིས་ བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རིགས་པའི་སྦྱོར་བ་ཞེས་བྱ་བ་ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་དངོས་གྲུབ་བརྙེས་པ་བྲམ་ཟེའི་སློབ་དཔོན་ཆེན་པོ་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཏིང་ ངེ་འཛིན་བཟང་པོའི་འགྱུར་བ་རྣམས་བཞུགས་སོ།། །།ཟེ་འེ་གཉིས་ལ། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་མཛད་པ། གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་ཕུན་ཚོགས་གླིང་དུ་རྒྱ་གར་གྱི་མཁན་པོ་དཔལ་གུ་ཎ་ཨཱ་ཀ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་ཝེནྡྲ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གྲགས་ འབྱོར་ཤེས་རབ་ཀྱི་འགྱུར་བ་རྣམས་བཞུགས་སོ། །འདི་ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང༌། བམ་པོ་དྲུག་ཅུར་བྱས་སོ།། །།ཡེ་པ་ལ། ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད་བྱང་ཆུབ་སེམས་དཔའི་ཡུལ་པ་སློབ་དཔོན་རྒྱལ་བའི་དབང་ པོ་བློ་གྲོས་ཀྱི་ཞབས་ཀྱིས་མཛད་པ། ཤློ་ཀ་སྟོང་ཕྲག་དགུ་པ་ཚུལ་འདི་ནི་ཆོས་ཀྱི་རྗེ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་སོགས་པ་ལ་བརྟེན་ནས་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་པཎྜི་ཏ་ལ་མ་ལྟོས་པར་དེ་ཉིད་ཀྱིས་རྒྱ་དཔེ་ལ་གཟིགས་ནས་འགྱུར་བ་ བཞུགས་སོ།། །།སྒྲུབ་པ་དང་སེལ་བ་རྣམ་པར་དག་པ་ཡི། །ཡང་དག་རིགས་པས་ལྟ་ངན་སུན་འབྱིན་ཅིང༌། །ཤེས་བྱའི་གནས་ལུགས་གསལ་བྱེད་རིག་པའི་གཞུང༌། །བཅུ་ཕྲག་དྲུག་ལ་བརྒྱད་ཀྱིས་བརྒྱན་པ་བཞུགས། །དེ་དག་གིས་ནི་གཏན་ཚིགས་རིག་པའི་ཆོས་སྐོར་བཞུགས་པའི་རྣམ་ གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་གཏན་ཚིགས་རིག་པའི་ཆོས་སྐོར་རྣམས་བཀོད་ནས། ད་ནི་གཞན་ཚར་བཅད་པའི་གནས་གཉིས་པ་སྒྲ་རིག་པའི་བསྟན་བཅོས་ཀྱི་སྐོར་ལ། རེ་པ་ལ། ལུང་དུ་སྟོན་པ་ཙནྡྲ་པའི་མདོ་ཞེས་བྱ་བ། འཕགས་པའི་ཡུལ་གྱི་མཁས་པ་ཐམས་ཅད་ཀྱི་གཙུག་གི་ནོར་ བུ་ལྟ་བུ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ཞལ་སྔ་ནས་མཛད་པ། སྐད་གཉིས་སྨྲ་བའི་དབང་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བསྒྱུར་བ་ལ། སླར་ཡང་འཇིག་རྟེན་གྱི་མིག་གཅིག་པུ་དཔལ་ལྡན་བློ་གྲོས་བརྟན་པས་འགྱུར་བཅོས་བགྱིས་པ། ཉེ་བར་བསྒྱུར་བ་ཉི་ཤུ་པའི་ འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ཞབས་ཀྱིས་མཛད་པ། སྒྲའི་མཁན་པོ་ཆེན་པོ་པཎྜི་ཏ་ཛཻ་ཏ་ཀརྞའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། སྒྱུར་བྱེད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ལེགས་པར་བསྒྱུར་བ། ཡི་གེའི་མདོ་ཞེས་བྱ་བ་སློབ་ དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། ལེགས་པར་སྦྱར་བ་སྐད་ཀྱི་བརྡ་སྤྲོད་པ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གངས་ཅན་པའི་སྐད་དུ་ཡང་དག་པར་བསྒྱུར་བ། ཡི་གེའི་མདོའི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཆོས་སྐྱོང་གི་ཞལ་སྔ་ནས་མཛད་པ། སྒྲའི་མཁན་པོ་ཆེན་པོ་ ཛཻ་ཏ་ཀརྞའི་ཞལ་སྔ་ནས་ལེགས་པར་མཉན་ནས། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བ། ལུང་དུ་སྟོན་པ་ཙནྡྲ་བའི་མདོའི་སྤྱིར་བཏང་བ་ཡང་དག་པར་བསྡུ་བ་ཞེས་བྱ་བ་སྐད་གཉིས་སྨྲ་བ་ཆེན་པོ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་ཤིན་ཏུ་དག་པར་བསྒྱུར་ བ། བརྡ་སྤྲོད་པ་ཙནྡྲ་པའི་མདོའི་རྣམ་པར་དབྱེ་བའི་ཚིག་ལེའུར་བྱས་པ་མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ། བལ་པོའི་པཎྜི་ཏ་དཔལ་ས་དབང་བཟང་པོའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཤོང་སྟོན་བློ་གྲོས་བརྟན་པའི་ འགྱུར། འདི་ལ་རྟགས་ཀྱི་བྱེ་བྲག་མ་ཕྱེད་པ་ལ་སོགས་པ་བསྟན་བཅོས་ལ་མི་ལེགས་པ་འགའ་རེ་ཡོད་པ་དང༌། འགྱུར་མ་དག་པའང་བག་རེ་སྣང་ན་ཡང་ལས་དང་པོ་པ་རྣམས་ལ་ཕན་པར་བསམས་ནས་བྲིས་པ་ཡིན་ནོ། །ལུང་དུ་མ་བྱུང༌སྟོན་པ་ཙནྡྲ་བའི་ཏི་ལ་སོགས་པ་དང་སི་ལ་སོགས་ པ་སྐད་གཉིས་སྨྲ་བའི་དབང་ཕྱུག་དྷརྨ་ཤྲཱི་བྷ་དྲའི་འགྱུར། ལུང་དུ་སྟོན་པ་ཙནྡྲ་པའི་ཏི་ངའི་མཐའ་ཞེས་བྱ་བ་བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པའི་འགྱུར། ལུང་དུ་སྟོན་པ་ཙནྡྲ་པའི་སུབ་མ་བྱུང༌ཀྱི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ་གནས་བརྟན་རབ་འབྱོར་ཟླ་བས་མཛད་པ། སྐད་ གཉིས་སྨྲ་བ་དཔལ་ལྡན་བྱང་ཆུབ་རྩེ་མོའི་སློབ་མར་གྱུར་པ་གནས་ལྔ་རིག་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་དཔལ་ལྡན་ས་སྐྱར་བསྒྱུར་ཅིང་ཞུས་པ། འབྲེལ་པ་མདོར་བསྟན་པ་ཞེས་བྱ་བ་ཀཱ་ཡསྠ་ཙཾ་ཀ་དཱ་ཤས་མཛད་པ། ལོ་ཙཱ་བ་ཆེན་པོ་དཔལ་ལྡན་དཔང་ བློ་གྲོས་བརྟན་པས་ལེགས་པར་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ། ཙནྡྲ་པའི་བྱིངས་ཀྱི་དབུང་གཉེན་ཞེས་བྱ་བ་སློབ་དཔོན་ཟླ་བ་གང་བས་མཛད་པ་ལས་བཏུས་པ། ལེགས་པར་སྦྱར་བའི་གཞུང་ལུགས་སྨྲ་བ་ཆེན་པོ་ཐུགས་རྗེ་དཔལ་བཟང་པོས་ཡང་དག་པར་བསྒྱུར་ཅིང་དག་པར་ བགྱིས་པ། ལུང་དུ་སྟོན་པ་ཙནྡྲ་པའི་འགྲེལ་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཙནྡྲ་གོ་མིའི་རྗེས་སུ་འབྲངས་ནས་མ་ཧཱ་པཎྜི་ཏ་ཉི་མའི་སྙིང་པོའི་ཞལ་སྔ་ནས་མཛད་པ། འགོས་ཀྱི་རིགས་ལས་འཁྲུངས་པའི་ལོ་ཙཱ་བ་ཆེན་པོ་དགེ་སློང་དྷརྨ་པཱ་ལ་བྷ་དྲས་གཡག་སྡེ་ལོ་ཙཱ་བའི་ཕྱག་དཔེ་ ལས་གསར་དུ་བསྒྱུར་ཅིང༌། སླད་ཀྱི་ཆར་ཡང་རྒྱ་དཔེ་རྙིང་པ་ལ་གཏུགས་ཏེ་འགྱུར་བཅོས་དང་ཞུ་དག་མཛད་པ། ཨུ་ཎ་ལ་སོགས་པའི་མདོའི་འགྲེལ་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ཞལ་སྔ་ནས་མཛད་པ། འདི་བོད་དཔེ་སྔ་འགྱུར་གཉིས་ཙམ་ལ་འགྱུར་མ་དག་པ་དང༌། ལྷག་ཆད་ཀྱང་ཅུང་ཟད་ བྱུང་བར་བརྟེན། སླད་ཀྱིས་ལོ་ཙཱ་བ་ཆེན་པོ་ཞྭ་ལུ་རིན་ཆེན་ཆོས་སྐྱོང་བཟང་པོའི་ཞལ་སྔ་ནས་ཤིན་ཏུ་དག་པར་བསྒྱུར་བ། འཇམ་དཔལ་གྱི་བརྡ་སྤྲོད་པའི་རྣམ་པར་འགྲེལ་པ་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱད་པའི་བདག་ཉིད་ཅན། ཆོས་འཁོར་ལྷ་སའི་གཙུག་ལག་ཁང་དུ་ཞྭ་ལུ་ལོ་ཙཱ་བ་དགེ་ སློང་ཆོས་སྐྱོང་བཟང་པོས་ལེགས་པར་བསྒྱུར་བ། ཡང་འཇམ་དཔལ་གྱི་བརྡ་སྤྲོད་པའི་སྐབས་ལྔ་པའི་རྐང་པ་གཉིས་པའི་རྣམ་པར་འགྲེལ་པ་ཞྭ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲས་དཔལ་གྲྭ་ཐང་གི་གཙུག་ལག་ཁང་དུ་ཡོངས་སུ་རྫོགས་པར་བསྒྱུར་བ་རྣམས་བཞུགས་སོ།། །།ལེ་པ་ལ། ལུང་དུ་སྟོན་པ་ཀ་ལཱ་པའི་མདོ་ཞེས་བྱ་བ་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་སློབ་དཔོན་དུརྒ་སིངྷའི་འགྲེལ་པ་ལ་གཏུགས་ནས་སྒྲ་དོན་ཇི་ལྟ་བ་བཞིན་དུ་དཔལ་ས་སྐྱར་བསྒྱུར་བ། ཆ་བསགས་ཀྱི་མདོའི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་དུརྒ་སིངྷས་མཛད་པའི་སྟོད་ཆ་ལོ་ཙཱ་བ་ཆེན་པོ་གྲགས་པ་ རྒྱལ་མཚན་གྱི་འགྱུར། ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ་ཞེས་བྱ་བ་པཎྜི་ཏ་སྒྲོལ་བའི་དབང་ཕྱུག་གིས་མཛད་པ། ལྷ་བླ་མ་ཞི་བ་འོད་ཀྱིས་ཞང་ཞུང་གི་ས་ཆ་ཐོ་ལིང་གསེར་གྱི་གཙུག་ལག་ཁང་དུ་བསྒྱུར་བ། བྱིངས་ཀྱི་ཚོགས་བགྲོད་དཀའ་སེང་གེས་མཛད་པ། ལོ་ཙཱ་བ་ཆེན་པོ་དགེ་སློང་ རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང༌། སླད་ཀྱི་དུས་སུའང་བྱིངས་ཀྱི་མདོའི་འགྲེལ་པ་དང་གཏུགས་ནས་དག་པར་བགྱིས་པ། ལུང་དུ་སྟོན་པ་ཀ་ལཱ་པའི་འགྲེལ་མ་བྱུང༌པ་པཎྜི་ཏ་བགྲོད་དཀའ་སེང་གེས་མཛད་པ། བུ་སྟོན་ལོ་ཙཱ་བའི་འགྱུར། ཀ་ལཱ་པའི་མདོའི་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་ཇོ་བོ་བྲག་ འབྱོར་གྱིས་མཛད་པ། ཆོས་ཀྱི་རྗེ་སྐད་གཉིས་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ཐུབ་པའི་དབང་པོ་དང་མཁྱེན་རབ་མི་གཉིས་པ་དཔལ་བློ་གྲོས་བརྟན་པའི་བཀའ་དྲིན་ལས་བདེ་བར་གཤེགས་པའི་གསུང་རབ་དང་ཐ་སྙད་ཀྱི་གཙུག་ལག་རྣམས་ལ་བློ་གྲོས་རྒྱ་ཆེར་ཐོབ་པ་གངས་ཅན་གྱི་ཁྲོད་དུ་སྐད་གཉིས་ སྨྲ་བ་དགེ་སློང་བྱང་ཆུབ་རྩེ་མོས་བསྒྱུར་བ་ཞེས་པའི་མཐའ་ཅན་རྣམས་བཞུགས་སོ།། །།ཤེ་པ་ལ། ཀ་ལཱ་པའི་སི་སོགས་ཀྱི་མཐའི་བྱ་བ་མཁས་པ་དཔལ་ལྡན་འཇམ་དཔལ་གྲགས་པས་མཛད་པ། ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་དཔལ་གནས་པོ་ཆེའི་གཙུག་ལག་ཁང་དུ་འགྱུར། པཎྜི་ཏ་ཆེན་པོ་མཱཾ་ཧི་ཀ་ཝིས་མཛད་པའི་ཀ་ལཱ་པའི་མདོ་དང་འབྲེལ་པའི་སི་ལ་སོགས་པའི་རྣམ་དབྱེའི་བྱ་བ་མཁས་པའི་དབང་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ལེགས་པར་བཤད་པ་ལ་བརྟེན་སྒྲ་རིག་པའི་དགེ་སློང་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དང༌། བློ་གྲོས་དཔལ་བཟང་པོས་ལེགས་པར་བསྒྱུར་ཅིང་མཆན་ བུས་ཀྱང་གཏན་ལ་ཕབ་པ། ཀ་ལཱ་པའི་ཏི་ལ་སོགས་པའི་མཐའི་བྱ་བ་རྣམ་པར་དཔྱད་པ་ཞེས་བྱ་བ་མཁན་པོ་སརྦ་དྷ་རས་བཀོད་པ་ལེགས་སྦྱར་གྱི་སྐད་ཀྱི་ཐ་སྙད་མཐའ་དག་གཏན་ལ་འབེབས་པར་བྱེད་པ་ཀ་ལཱ་པའི་རྗེས་འབྲང་བྱིངས་ཀྱི་འགྲེལ་པ་ཆེན་པོ་འདི་ནི་མཁས་གྲུབ་དུ་མ་བརྒྱུད་མར་བྱོན་པའི་དཔལ་ངམ་ རིང་གི་ཡང་རྩེའི་གཙུག་ལག་ཁང་དུ་པཎྜི་ཏ་ཆེན་པོ་ཤྲཱི་མ་ཎི་ཀ་དང༌། སྒྲ་ཚད་པ་དཔལ་ལྡན་བསོད་ནམས་བཟང་པོ་ལ་སོགས་པ་ཡོངས་འཛིན་དམ་པ་རྣམས་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པར་གྱུར་པ། ལོ་ཙཱ་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་འགྱུར། སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་ སྦྱོར་བ་བཞི་དང་ལྡན་པ་དང༌། སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་ཀྱི་འགྲེལ་པ་སྦྱོར་བ་བཞི་དང་ལྡན་པ་སློབ་དཔོན་ཆེན་པོ་སུ་བྷཱ་ཤ་ཀཱིརྟིས་མཛད་པ། རབ་ཏུ་སྦྱོར་བའི་སྒོའི་འགྲེལ་པ། ལྡོག་པ་བསྡུས་པ་བསྟན་པའི་ཚིག་ལེའུར་བྱས་པ། ལྡོག་པ་བསྡུས་ པ་བསྟན་པའི་རྣམ་འགྲེལ་རྣམས་སློབ་དཔོན་ན་བི་དྷརྨས་བློ་དམན་པའི་དོན་དུ་གསལ་ཚིག་ཏུ་མཛད་པ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་པཎྜི་ཏ་དྲན་པའི་ཡེ་ཤེས་གྲགས་པས་མཛད་པ་དང༌། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་དེ་ཉིད་ཀྱིས་མཛད་པ་ཡིན་ནམ་ཡང་ཟེར། རོང་པ་ཆོས་བཟང་གིས་བྱས་པ་ཡིན་ཡང་ཟེར་བ། དཀྱུས་སུ་རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས་གྲགས་པས་བླ་མ་ནོར་བཟང་གྲགས་པ་ལས་ཐོས་ཏེ་སློབ་མ་གཞོན་ནུ་གྲགས་པའི་དོན་དུ་མིང་གི་སྦྱོར་བ་ནི་ཅུང་ཟད་བཞག །ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་པ་ཞེས་བྱ་ བ་ཡོད་པ་རྣམས་བཞུགས་སོ།། །།སེ་པ་ལ། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་དང༌། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་ཞེས་བྱ་བ་སློབ་དཔོན་ཨ་ནུ་བྷཱུ་ཏིས་མཛད་པ། འཕགས་ཡུལ་ནུབ་ཕྱོགས་ཀུ་རུ་ཀྵེ་ཏྲ་བྲམ་ཟེའི་རིགས་སུ་འཁྲུངས་པ་གནས་ ལྔ་རིག་པའི་པཎྜི་ཏ་བ་ལ་བྷ་དྲ་དང༌། མ་ཧཱ་པཎྜི་ཏ་གོ་ཀུ་ལ་ནཱ་ཐ་མི་ཤྲ་མཆེད་ཀྱི་བཀའ་དྲིན་ལ་བརྟེན་པའི་ལོ་ཙཱ་བ་སེ་དཀར་རིགས་ཀྱི་ཐིག་ལེ་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཕོ་བྲང་ཆེན་པོ་པོ་ཊ་ལར་བསྒྱུར་བ། སྒྲའི་ཡན་ལག་ཏུ་གྱུར་པའི་བསྟན་བཅོས་ལ། མངོན་བརྗོད་ཀྱི་བསྟན་ བཅོས་འཆི་བ་མེད་པའི་མཛོད་ཅེས་བྱ་བ་པཎྜི་ཏ་འཆི་མེད་སེང་གེས་མཛད་པ། པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲ་དང༌། ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བསྒྱུར་བ་ལ། སླད་ནས་འགོས་ལོ་ཙཱ་བ་དགེ་སློང་དྷརྨཱ་པཱ་ལ་བྷ་དྲ་ཞེས་བྱ་བས་རྒྱ་དཔེ་དང་འགྱུར་རྙིང་ལ་ གཏུགས་ཏེ་དོན་ལ་དཔྱད་དེ་འགྱུར་བཅོས་ཅུང་ཞིག་བྱས་པ་གཉིས་འབིད་ཅན། འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོའི་བ་མོ་ཞེས་བྱ་བ་པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པ། དཔལ་ཞྭ་ལུའི་དགེ་སློང་འགོས་ལོ་ཙཱ་བ་གསུམ་པ་དགེ་སློང་དྷརྨཱ་པཱ་ལ་བྷ་དྲས་ལེགས་པར་བསྒྱུར་བ། སྙན་དངགས་ཀྱི་མེ་ལོང་པཎྜི་ཏ་སློབ་དཔོན་དབྱིག་པ་ཅན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སྙན་དངགས་མཁན་ཆེན་པོ་ཤྲཱི་ལཀྵྨཱི་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བ། དེ་རྗེས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་གོ་དཀའ་བའི་ཆ་ཤས་ སུ་གྱུར་པ་རྣམས་དང༌། དོན་ཆེ་བ་རྣམས་ལ་འགྱུར་བཅོས་མཛད་པ་ལ་ཕྱིས་སྙེ་ཐང་བློ་བརྟན་བཞི་པས་ལེགས་པར་འགྱུར་བཅོས་མཛད་པ། སྙན་དངགས་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་སྙན་དངགས་མཁན་ཆེན་པོ་ནག་མོ་ཁོལ་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་སྙན་དངགས་མཁན་ཆེན་པོ་སུ་མ་ན་ཤྲཱི་དང༌། ཞུ་ཆེན་ གྱི་ལོ་ཙཱ་བ་མང་དུ་ཐོས་པའི་དགེ་སློང་བྱང་ཆུབ་རྩེ་མོ་དང༌། ལོ་ཙཱ་བ་ལུང་རིགས་སྨྲ་བ་ནམ་མཁའ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བ། སྡེབ་སྦྱོར་གྱི་མཚན་ཉིད་སྟོན་པའི་བསྟན་བཅོས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་ གནས་ཞི་བས་མཛད་པ། ས་གསུམ་ན་འགྲན་ཟླ་བྲལ་བའི་ཐམས་ཅད་མཁྱེན་པ་ཆེན་པོ་བྱང་ཆུབ་རྩེ་མོའི་ཞལ་སྔ་ནས་བསྒྱུར་བ་ལས། སླར་ཡང་བླ་མ་དེ་ཉིད་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་བསྐྱངས་པའི་དགེ་སློང་ནམ་མཁའ་བཟང་པོས་བསྒྱུར། སླར་ཡང་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་ པོས་དག་པར་བཅོས་པ། ཡང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པ་འདི་ནི་ཆོས་ལྡན་ར་ས་བས་བསྒྱུར་བའི་འཕྲོ་ཡར་ལུངས་པ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་རྫོགས་པར་བསྒྱུར་བ། སླད་ཀྱིས་ས་གསུམ་ན་འགྲན་ ཟླ་དང་བྲལ་བའི་ཐམས་ཅད་མཁྱེན་པ་ནམ་མཁའ་བཟང་པོས་སྡོམ་བརྩོན་དམ་པ་རྣམས་ཀྱི་གཙུག་རྒྱན་སྡེ་སྣོད་གསུམ་གྱི་གླེགས་བམ་གཅིག་པུ་སྐད་གཉིས་སྨྲ་བའི་དབང་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ཕྱག་བྲིས་ཀྱི་རྒྱ་དཔེ་ལ་གཏུགས་ནས་ཤིན་ཏུ་དག་པར་བསྒྱུར་བ། སྡེབ་སྦྱོར་གྱི་དཔེར་བརྗོད་སྟོན་པ་ སྡེབ་སྦྱོར་གྱི་ཕྲེང་བའི་བསྟོད་པ་ཞེས་པ་འདི་སྟག་སྡེ་བ་སེང་གེ་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོ་ཕྱི་ནང་གི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དེ་དུས་ན་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་སྐད་གཉིས་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ཞལ་སྔ་ནས་བསྒྱུར་བ། འདིའི་ཡི་ གེ་བཅུ་གཉིས་པའི་ཚིགས་བཅད་བཅུ་གཉིས་པ་ཡ་མུ་ན་ཡན་ཆད་ཤོང་སྟོན་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་ཏེ་འཕྲོ་ལུས་པ་ལས་ཤོང་སྟོན་དེ་ཉིད་ཀྱི་བརྒྱུད་པའི་སློབ་མ་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་སློབ་དཔོན་ཤཱཀྱ་རཀྵི་ཏས་མཛད་པའི་འགྲེལ་ པ་ལ་བརྟེན་ནས་ཡོངས་སུ་རྫོགས་པར་བསྒྱུར་བ་རྣམས་བཞུགས་སོ།། །།རང་བཞིན་རྐྱེན་དང་རྣམ་འགྱུར་ལེགས་སྦྱར་ནས། །དོན་ལ་བརྡ་སྤྲོད་གཞུང་གི་བསྟན་བཅོས་དང༌། །དེ་ཡི་ཡན་ལག་མངོན་བརྗོད་སྙན་དངགས་སོགས། །།སྟོན་པའི་བསྟན་བཅོས་སུམ་ཅུ་རྩ་དགུ་བཞུགས། །དེ་དག་གིས་ ནི་སྒྲ་རིག་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་གཞན་ཚར་གཅོད་པ་རིག་པའི་གནས་ཀྱི་བསྟན་བཅོས་རྣམས་བཀོད་ནས། གཞན་རྗེས་སུ་གཟུང་བའི་རིག་པའི་གནས་གཉིས་ཀྱི་དང་པོ་གསོ་བ་རིག་པའི་བསྟན་བཅོས་ཀྱི་སྐོར་ལ། ཧེ་པ་ལ། སྦྱོར་ བ་བརྒྱ་པ་ཞེས་བྱ་བ་སྨན་གྱི་གཞུང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བལ་པོའི་པཎྜི་ཏ་ཆེན་པོ་བྲམ་ཟེ་ཛེ་ཏ་ཀརྞའི་ཞལ་སྔ་ནས་དང་པོ་རྩ་འགྲེལ་ལན་ཅིག་གསུངས་ཤིང༌། དུས་ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བུདྡྷཱ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་སྟོད་ཅུང་ཟད་གསུངས་ནས་གྲུབ་པའི་ཞིང་སྐྱིད་རོང་ འཕགས་པ་འཇིག་རྟེན་དབང་པོའི་གཙུག་ལག་ཁང་ལས་ཅུང་ཟད་མི་རིང་བར་ཆེན་པོའི་ཆེན་པོ་རྣམས་ཀྱི་གདན་ས་དཔལ་ཤེར་གྱི་གཙུག་ལག་ཁང་དུ་མང་དུ་ཐོས་པའི་ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་འགྲེལ་པ་གསུམ་དང་བསྟུན་ནས་བསྒྱུར་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ སྙིང་པོས་སྨན་པ་རྣམས་ལ་བརྫོངས་པ་སྨན་འཚོ་བའི་མདོ་ཚིགས་སུ་བཅད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨན་ཨ་བའི་ཆོ་ག སྨན་དཔྱད་ཡན་ལག་བརྒྱད་པའི་འགྲེལ་པ་ལས་བསྟན་པའི་སྨན་གྱི་མིང་གི་རྣམ་གྲངས་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་མཛད་པའི་སློབ་དཔོན་ཟླ་བ་ལ་དགའ་བས་ མཛད་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་སྨན་པའི་བདག་པོ་དགེ་འདུན་གསང་བ་ཞེས་བྱ་བའི་སྲས་སྨན་པ་ཆེན་པོ་སློབ་དཔོན་ཕ་གོལ་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་རནྡྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དེའི་རང་འགྲེལ་དུ་གྲགས་པ་ཡན་ལག་ བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པའི་སྟོད་ལེའུ་བཅུ་བཞི་པ་ཡན་ཆད་ཀྱི་འགྲེལ་པ་བཞུགས་སོ།། །།ཨེ་པ་ལ། ཡན་ལག་བརྒྱད་པའི་རང་འགྲེལ་དུ་གྲགས་པའི་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་ སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས་མཛད་པ། ལེའུ་བཅོ་ལྔ་པ་ཡན་ཆད་རྫོགས་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་ཤྲཱི་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང༌། མར་ལོ་དགེ་སློང་རིག་པ་གཞོན་ནུ་དང་མཉེལ་ཅོར་དགེ་སློང་དབྱིག་གི་རིན་ཆེན་དང་གསུམ་གྱིས་ ཚད་ལ་ཕབ་སྟེ་མཇུག་བསྡུས་ནས་རྫོགས་པར་བགྱིས་པ་བཞུགས་སོ།། །།ཀོ་ཁོ་གོ་གསུམ་ལ། ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་ཆགས་པ་ལ་དགའ་བའི་བུ་སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བ་ཚེའི་རིག་བྱེད་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་ པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་རནྡྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་བ་རྣམས་བཞུགས་སོ། །རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི། །ནད་རྣམས་སྨན་དང་དཔྱད་དང་རིགས་པ་ཡིས། །གསོ་ཐབས་ཀླུ་སྒྲུབ་ཕ་ཁོལ་རྗེས་འབྲང་གཞུང༌། །གསོ་བ་རིག་པའི་བསྟན་ བཅོས་རྣམ་བདུན་བཞུགས། །དེ་དག་གིས་ནི་གསོ་བ་རིག་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་གསོ་བ་རིག་པའི་བསྟན་བཅོས་ཀྱི་སྐོར་རྣམས་བཀོད་ནས། གཞན་རྗེས་སུ་འཛིན་པའི་གནས་གཉིས་པ་བཟོ་རིག་པའི་བསྟན་བཅོས་ནི། རྩ་བ་གསེར་འགྱུར་གྱི་བསྟན་ བཅོས་ལ། ངོ་པ་ལ། དངུལ་ཆུ་གྲུབ་པའི་བསྟན་བཅོས་ཞེས་བྱ་བ་སློབ་དཔོན་ཆེན་པོ་བྷ་ལི་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཤྲཱི་ན་རེནྡྲ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་ཨཽ་ཌྱཱན་པ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྤུ་ཊའི་མགུལ་གྱི་ཕོ་བྲང་ཆེན་པོར་འགྱུར། གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ་ མཇུག་མ་ཚང་བ་འདི་གྲུབ་ཆེན་ཨོ་རྒྱན་པའི་འགྱུར། གོང་གི་བྷ་ལི་པས་མཛད་པ་དང་གཉིས་འགྱུར་ཆད་མ་གཏོགས་དོན་གཅིག་པ་ཡིན་པ་འདྲའོ། །རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་མཚན་ཉིད་ཀྱི་རྣམ་འགྲེལ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་དྷརྨ་དྷ་ར་དང༌། ལོ་ཙཱ་བ་ཡར་ ལུངས་པ་གྲགས་པ་རྒྱལ་མཚན་གྱིས་མང་ཡུལ་གུང་ཐང་གི་རྒྱལ་སར་བསྒྱུར་བ། དྲང་སྲོང་ཆེན་པོ་ཨཱ་ཏྲེའི་བུས་མཛད་པའི་སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་ཅེས་བྱ་བ་མཁས་པ་དྷརྨ་དྷ་ར་དང༌། སྒྲ་སྒྱུར་གྲགས་པ་རྒྱལ་མཚན་གྱི་འགྱུར། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་མངོན་ པར་རྟོགས་པ་བལ་པོའི་དགེ་སློང་དཔལ་གྱི་སྡེས་མཛད་པ། མཆོད་རྟེན་གྱི་མ་བྱུང༌མཚན་ཉིད་སྟོན་པ་བུ་སྟོན་ལོ་ཙཱའི་འགྱུར། ཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པ་ཞེས་བྱ་བ་ཧ་རི་དྷོ་བར་གྱི་རྣལ་འབྱོར་ཤི་བ་དཱ་ཤ་དང༌། ཨོ་རྒྱན་པ་རིན་ཆེན་དཔལ་ གྱིས་སྤུ་ཏྲར་འགྱུར། སྤོས་སྦྱོར་གྱི་བསྟན་བཅོས་དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སྤོས་སྦྱོར་གྱི་རེའུ་ཆར་བྱས་པའི་ཐབས་བཤད་པ་འདི་དག་གི་ཞུས་དག་ལོ་ཙཱ་བ་སྣར་ཐང་པུ་ཎྱེ་རསྨི་ཡིན་ནོ། །དེ་དག་དང་རྗེས་སུ་འབྲེལ་བའི་རྟེན་འབྲེལ་ དང་རྩིས་དང་མོ་ལ་སོགས་པའི་སྐོར་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་<*མ་བྱུང༌>གི་དེ་ཁོ་ན་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་བུདྡྷཱ་ཀ་ར་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ཤཱ་རིའི་བུའི་མོ་རྩིས་<*མ་བྱུང༌>མཚན་མ་བརྒྱད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་ མཚན་དཔལ་བཟང་པོའི་འགྱུར། དཔལ་ལྡན་ཞི་བ་་<*མ་བྱུང༌>ལྷས་མཛད་པའི་མོ་རྩིས་པཎྜི་ཏ་གོ་མ་ཤྲཱི་དང༌། བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། ཐུབ་པ་ཆེན་པོ་དྲང་སྲོང་གརྒས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག་རྒྱ་ནག་ནས་བསྒྱུར་བ། འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཐལ་བའི་དབང་པོ་དབང་ཕྱུག་གི་སྐུར་བཞེངས་པས་ཨུ་མ་དང་ཞུ་ལེན་གྱི་ཚུལ་དུ་ཕྱི་རོལ་གྱི་ལུགས་སུ་གསུངས་པའི་དཔལ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ་སེང་གེ་གོ་ཆས་མཛད་པའི་སྦས་པ་ གསལ་བྱེད་མན་ངག་དོམ་ནག་ལྕེ་མདུང་སོགས་དམར་ནག་གི་འཁོར་ལོ་ཤླ་ཀ་སྟོང་ཕྲག་གཅིག་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔལ་ཛ་ཡ་ཨཱ་ནནྡ་ཆེན་པོ་དང༌། བོད་ཀྱི་ལོ་ཙཱ་བ་གློ་བོ་ཤེས་རབ་རིན་ཆེན་གྱི་འགྱུར། ཚེའི་གནས་སྐབས་ཀྱི་འབྲས་བུ་གནོད་པ་འབྱུང་བ་ཞེས་བྱ་བའི་ལས་པཎྜི་ཏ་ ཛ་ཡ་ཨཱ་ནནྡ་དང༌། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་འགྱུར། གཙུག་གི་ནོར་བུ་ཞེས་བྱ་བ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཔལ་ལྷན་ཅིག་སྐྱེས་པ་དང༌། ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་ལྗོངས་ཏེ་རཱ་ཧུའི་ཏིར་འགྱུར། ཚེ་རྩིས་ཀྱི་འབྲས་བུ་གསལ་བར་བྱེད་པ་ཞེས་བྱ་བ་མ་ན་པུ་རུ་ཥས་མཛད་པ། ཨི་ཐི་ ན་ཀ་ར་ཀ་ཊའི་བྲམ་ཟེ་ལགྨ་ཏི་དང༌། མཁའ་འགྲོ་རྡོ་རྗེའི་འགྱུར། དབྱངས་འཆར་བའི་དོན་བསྡུས་པ་པཎྜི་ཏ་ཆེན་པོ་སེང་གེའི་གོ་ཆས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཛ་ཡ་ཨཱ་ནནྡ་དང༌། ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་ཞེས་བྱ་བ་རྨོངས་པའི་གཉེན་པོ་དགོས་འདོད་ཐམས་ཅད་འབྱུང་བས་ བལ་ཡུལ་རྣལ་འབྱོར་པའི་གཙུག་ལག་ཁང་དུ་ཞུས་ཤིང་གཏན་ལ་ཕབ་པ། དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཤྲཱི་ཛ་ཡ་ཨཱ་ནནྡ་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར་རྣམས་བཞུགས་སོ།། །།རྒྱལ་དབང་ལྔ་པའི་དཀར་ཆག་ཏུ་བྲམ་ ཟེ་ཆེན་པོ་དྷ་ར་ཧ་མིས་མཛད་པའི་དུས་བསྟན་པའི་མེ་ལོང་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར་ཞེས་བྱ་བ་དང༌། དྲང་སྲོང་ཕུར་བུས་མཛད་པའི་ལོ་དྲུག་ཅུའི་འབྲས་རྩིས་ཕུར་བརྟག་བལ་ཡུལ་གྱི་མཁས་པ་བི་ན་སེང་གེའི་འགྱུར། ཞེས་པ་བྱུང་ཡང་དཔེ་མ་ འབྱོར་བས་སླར་བཙལ་དགོས་སོ། །རང་དང་གཞན་གྱི་དབུལ་བ་ཀུན་སེལ་ཞིང༌། །འདོད་པ་བསྒྲུབ་པ་མཁས་པ་འཇུག་པའི་ངོགས། །བཟོ་རིག་བསྟན་བཅོས་ཕྱོགས་མཐུན་བཅས་པའི་གཞུང༌། །བཅུ་ཕྲག་གཉིས་ལ་གཉིས་ཀྱིས་བརྒྱན་པ་བཞུགས། །དེ་དག་གིས་ནི་བཟོ་རིག་པའི་ཆོས་སྐོར་ བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་བཟོ་རིག་པའི་བསྟན་བཅོས་ཀྱི་སྐོར་རྣམས་བཀོད་ནས། ཐུན་མོང་བ་ལུགས་ཀྱི་བསྟན་བཅོས་ལ་སོགས་པའི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ དཔལ་བརྩེགས་ཀྱི་འགྱུར། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལས་ལེའུ་གཉིས་པ་ལོགས་ཤིག་ཏུ་བསྒྱུར་བ་ལོ་ཙཱ་བ་ཤཱི་ལེནྡྲ་བོ་དྷི་དང༌། ཡེ་ཤེས་སྡེའི་འགྱུར། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད་ཅེས་བྱ་བ་སློབ་དཔོན་ཉི་མ་སྦས་པས་མཛད་པ། ཟ་ཧོར་གྱི་མཁན་པོ་ཛྙཱ་ན་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་དཔལ་གྱི་ལྷུན་པོ་སྡེའི་འགྱུར། ཚིགས་སུ་བཅད་པ་ བརྒྱ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་མཆོག་སྲེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྒྱལ་པོ་ཆེན་པོ་སྙན་དངགས་མཁན་གྱི་དམ་པ་སློབ་དཔོན་དོན་ཡོད་འཆར་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་རྒྱ་གར་གྱི་མཁན་པོ་པྲ་བྷཱ་ཀ་ར་ཤྲཱི་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་རྒྱ་གར་གྱི་མཁན་པོ་ ཨཱ་ཙཱརྱ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། མི་དཔྱད་ཀྱི་བསྟན་བཅོས་རྒྱ་མཚོས་བསྟན་པའི་སྐྱེས་པའི་མཚན་བཅོ་ལྔ་པ་དང་བུད་མེད་ཀྱི་མཚན་བཅུ་པ་པཎྜི་ཏ་པྲ་བྷཱ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཨོ་ཌྱཱན་པ་རིན་ཆེན་དཔལ་གྱི་འགྱུར། མི་དཔྱད་ཀྱི་བསྟན་བཅོས་བསྡུས་པ་རྡོ་ རྗེ་གདན་དུ་ཨོ་ཌྱཱན་པས་བསྒྱུར་བ། མིའི་མཚན་ཉིད་བསྟན་པ་རྒྱ་མཚོ་ཞེས་བྱ་བ་སྡེ་སྣོད་འཛིན་པ་ཆེན་པོ་བྷོ་ཊ་པཎྜི་ཏའི་གསུང་ལ་བརྟེན་ནས། པཎྜི་ཏ་དྷརྨ་དྷ་ཏའི་ཞལ་སྔ་ནས། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། སློབ་དཔོན་པདྨ་དགེ་བསྙེན་གྱིས་ འཇིག་རྟེན་དབང་ཕྱུག་ལས་གྲུབ་པ་ཐོབ་པའི་ལོ་རྒྱུས། པཎྜི་ཏ་བི་ནཱ་ཡ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེའི་འགྱུར། ཙནྡྲ་གོ་མིའི་གཏམ་རྒྱུད། པཎྜི་ཏ་བི་ཁྱཱ་ཏ་དེ་ཝས་ཐུགས་རྗེ་ཆེན་པོ་ལས་གྲུབ་པ་ཐོབ་པའི་གཏམ་རྒྱུད། ཤིང་བཟོ་བས་གྲུབ་པ་ཐོབ་པའི་གཏམ་རྒྱུད། བུད་མེད་ཀྱིས་གྲུབ་ པ་ཐོབ་པའི་གཏམ་རྒྱུད། ཚོང་དཔོན་གྱི་བུ་སུ་ཁ་དེ་ཝས་གྲུབ་པ་ཐོབ་པའི་གཏམ་རྒྱུད་རྣམས་པཎྜི་ཏ་བི་ནཱ་ཡ་ཤྲཱིས་བསྒྱུར། གཞོན་ནུ་འབྱུང་བའི་མ་བྱུང༌བསྟན་བཅོས་ཇི་ལྟར་བྱུང་བའི་གཏམ་རྒྱུད་པཎྜི་ཏ་སུ་མ་ན་ཤྲཱིའི་ངག་བཞིན་བུ་སྟོན་ལོ་ཙཱ་བས་བསྒྱུར་བ། དྲང་སྲོང་ཆེན་པོ་ཤ་ལི་ཧོ་ཏྲས་ཡང་དག་པར་བསྡུས་པའི་ རྟའི་ཚེའི་རིག་བྱེད་མཐའ་དག་རྗེས་སུ་བསྟན་པ་ཞེས་བྱ་བ་རྒྱས་པ་རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་ཤྲཱི་བྷ་དྲ་དང༌། བུདྡྷ་ཤྲཱི་ཤཱནྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ་རྣམས་བཞུགས་སོ། །གང་ལ་བརྟེན་ནས་འཇིག་རྟེན་འདིར་བདེ་ཞིང༌། །མཐོ་རིས་ཐར་པའི་དཔལ་ཡང་འབྱུང་ གྱུར་པའི། །ལུགས་ཀྱི་བསྟན་བཅོས་ཀུན་དང་གཏམ་རྒྱུད་སོགས། །བཅུ་ཕྲག་གཅིག་ལ་དགུ་ཡིས་བརྒྱན་པ་བཞུགས། །དེ་དག་གིས་ནི་ཐུན་མོང་པ་ལུགས་ཀྱི་བསྟན་བཅོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་མཚན་ཉིད་ཀྱི་ཕྱོགས་ཀུན་དྲིལ་བས་ལྔ་བརྒྱ་དང་སུམ་ཅུ་རྩ་དྲུག་ མཆིས་སོ། །མཚན་ཉིད་ཀྱི་བསྟན་བཅོས་སྐབས་ཏེ་གསུམ་པའོ།། །།ད་ནི་བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པའི་དཔེ་དཀོན་པ་ཅི་རིགས་པ་དང༌། མཛད་པ་པོའི་མཚན་མ་སྨོས་པའི་མཚན་གྱི་རྣམ་གྲངས་ལ། ཅོ་པ་ལ། ལོ་པཎ་མང་པོས་མཛད་པའི་སྒྲ་བྱེ་བྲག་ཏུ་རྟོག་བྱེད་ཆེན་མོ། །བྱེ་བྲག་ཏུ་རྟོགས་ བྱེད་འབྲིང་པོ་སྒྲ་སྦྱོར་བམ་པོ་གཉིས་པ་ཕོ་བྲང་འོན་ཅང་རྡོར་བོད་དང༌། རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་པ། འདིར་བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ་ རྙེད་ན་བྲིའོ། །ཐོན་མི་ཨ་ནུས་བྱས་པའི་སྒྲའི་བསྟན་བཅོས་ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་པ་དང༌། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ། ལྕེ་ཁྱི་འབྲུག་གིས་མཛད་པའི་བྱཱ་ཀ་ར་ཎའི་སྐད་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་ཀྱི་རྩ་བ་དང༌། སྒྲའི་བསྟན་བཅོས་གནས་ བརྒྱད་ཀྱི་འགྲེལ་པ་དང༌། སྒྲའི་རྣམ་པར་དབྱེ་བ་མ་བྱུང༌བསྟན་པ་སུ་བནྟ་དང༌། བཀའ་ཡང་དག་པའི་ཚད་མ་ལས་མདོར་བསྡུས་པ་ལེའུ་བཅོ་ལྔ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ། ཤྲཱི་སིངྷས་མཛད་པའི་ཤེར་སྙིང་གི་འགྲེལ་པ་མདོ་སྡེ་ལས་སྔགས་སུ་བཀྲོལ་བ་པ་གོར་བཻ་རོ་ཙཱ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ གདམས་པ་དོན་གསལ་བའི་སྒྲོན་མ་དང༌། སློབ་དཔོན་བཻ་རོ་ཙཱ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གདམས་པ་རིན་པོ་ཆེ་རྩོད་པའི་འཁོར་ལོ། གཅེས་པ་བསྡུས་པའི་ཕྲིན་ཡིག་བཙུན་པ་ཆེན་པོ་དཔལ་དབྱངས་ཀྱིས་བོད་རྗེ་འབངས་ལ་བརྫངས་པ། ལྟ་བའི་རིམ་པའི་མན་ངག་སྐ་བ་དཔལ་བརྩེགས་ཀྱིས་མཛད་པ། གསུང་ རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད་མཁན་པོ་དཔལ་བརྩེགས་ཀྱིས་མཛད་པ་རྣམས་བཞུགས་སོ།། །།ཆོ་ཇོ་གཉིས་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་བཞུགས། འདི་འཕགས་པ་ཐོགས་མེད་ཀྱིས་མཛད་ཟེར་བ་མི་ བདེན་ཏེ། འདིའི་འཐད་པ་བསྒྲུབས་པའི་གཏན་ཚིགས་ཀྱི་སྐབས་ནས། ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་བལྟ་བར་བྱའོ་ཞེས་བོད་ཀྱིས་བྱས་པའི་བསྟན་བཅོས་ལ་ཁ་འཕང་ཡོད་པའི་ཕྱིར་རོ། །སྔོན་གྱི་དཀར་ཆག་ལས། ལོ་ཙཱ་བ་ཀླུའི་རྒྱལ་མཚན་ གྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་བམ་པོ་བཞི་བཅུ་ཞེས་འབྱུང་བ་དེ་ཡིན་པར་སེམས་སོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་ཕྱོགས་ཀྱི་གླང་པོས་འགྲེལ་པ་མཛད་པ་དང༌། ཤཱཀྱ་བཤེས་གཉེན་དང༌། སངས་རྒྱས་གྲགས་པ་དང་རྒྱན་བཟང་པོས་ཊཱི་ཀ་མཛད་པ་དང༌། རྣམ་ པ་བཞིའི་དོན་དང་འཕྲལ་དུ་མཁན་པོ་དག་ལས་ཐོས་པ་དང༌། མདོ་སྡེ་ནས་འབྱུང་བ་ཡང་སྦྱར་ཏེ་བཤད་པ་ལོ་ཙཱ་བ་ཡེ་ཤེས་སྡེས་བརྡ་ཕྲད་སླ་བར་བརྗེད་བྱང་དུ་བྱས་པ། ལྟ་བའི་ཁྱད་པར་མཁན་པོ་ཡེ་ཤེས་སྡེས་མཛད་པ། སངས་རྒྱས་གཙོའི་རྒྱ་ཆེར་འགྲེལ་པ་བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་མཛད་པ། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དང༌། ཆོས་ཀྱི་རྣམ་གྲང