Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 213

Văn bản gốc(Tây Tạng)

Trang 29 / 33 (50.000 ký tự/trang)
ན་ཆེན་སྦས་
པའི་ཀུན་དགའ་རྭ་བར་རྒྱ་གར་གྱི་མཁན་པོ་སཱུཀྵྨ་ཛཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། འཁྲུལ་བ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་
དཔལ་བརྩེགས་ཀྱི་འགྱུར། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ་དང༌། ལག་པའི་ཚད་ཀྱི་འགྲེལ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་དགེ་སློང་དཔལ་འབྱོར་སྙིང་པོས་བསྒྱུར་ཅིང༌། ཞུ་
ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་ཞུས་པ། དབུ་མ་འཁྲུལ་བ་འཇོམས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་
སློབ་དཔོན་ཆེན་པོ་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་དགེ་
སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་སློབ་དཔོན་བཙུན་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་འདི་ལ་རབ་ཏུ་བྱེད་པ་ཉི་
ཤུ་བདུན། ཤློ་ཀ་དྲུག་སྟོང༌། བམ་པོ་ཉི་ཤུར་བྱས་སོ། །དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་

འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་བ་རྣམས་བཞུགས་སོ།། །།ཛ་པ་ལ། དབུ་མའི་
སྙིང་པོའི་ཚིག་ལེའུར་བྱས་པ་དང༌། དབུ་མའི་སྙིང་པོ་འགྲེལ་པ་རྟོག་གེ་འབར་བ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་བམ་པོ་ཉི་ཤུ་རྩ་བདུན་པ་དང༌། དབུ་མ འི་དོན་བསྡུས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་རྣམས་ཇོ་བོ་རྗེ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མ་
རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ་རྣམས་བཞུགས་སོ།། །།ཝ་ཞ་ཟ་གསུམ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་པ་ཐེག་པ་ཆེན་པོ་དབུ་མ་པའི་སློབ་དཔོན་ཡུལ་ས་
ཀེ་ཏ་ནས་བྱུང་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རིག་པའི་གནས་མཐའ་དག་ཆུབ་པ་རང་དང་གཞན་གྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་
སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར་བ་བཞུགས་སོ། །འདི་ལ་རབ་ཏུ་བྱེད་པ་ནི་ཉི་ཤུ་རྩ་བདུན། ཤློ་ཀ་ནི་ཉི་ཁྲི་བཞི་སྟོང༌། བམ་པོ་ནི་བརྒྱད་ཅུར་བྱས་སོ།། །།འ་པ་ལ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་
གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོ་བྲིས་པའི་བ་དྲུས་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ། ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་གི་འདབས་སུ་རྒྱ་གར་གྱི་མཁན་པོ་རྟོག་གེ་པ་ཆེན་
པོ་མ་ཧཱ་སུ་མ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་བ་ལས། ཕྱིས་ར་མོ་ཆེའི་གཙུག་ལག་ཁང་དུ་ཁ་ཆེའི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་

བཅོས་པ། དབུ་མ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ཤཱནྟི་པཎྜི་ཏ་ལ་ཤ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་ཚུལ་ཁྲིམས་རྒྱལ་བ་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་དེ་ཉིད་
ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་བཅོས་པ། དབུ་མ་ལ་འཇུག་པའི་བཤད་པ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིངས་ལ་རྒྱ་གར་གྱི་མཁན་
པོ་ཏི་ལ་ཀ་ཀ་ལ་ཤ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་བ་ལས། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་
པ། གཞུང་ཚད་ནི་བམ་པོ་བཅུ་གཅིག་དང་བམ་པོ་སུམ་གཉིས་སོ། །དབུ་མ་ཤེས་རབ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ།། །།ཡ་པ་ལ། རིགས་པ་དྲུག་ཅུ་པའི་
འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་ཡུལ་ས་མ་ཏ་ནས་སྐྱེས་པ་མུ་སྟེགས་ཅན་རྟོག་གེ་ངན་པར་སྨྲ་བའི་ཚོགས་ཐམས་ཅད་ཀྱི་མུན་པ་མང་པོ་རྣམ་པར་འཇོམས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་
ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་ཀུན་དགའ་རྭ་བར་རྒྱ་གར་གྱི་མཁན་པོ་
སཱུཀྵྨ་ཛཱ་ན་ཞེས་བྱ་བ་གདུང་རབས་གྲངས་མེད་པར་པཎྜི་ཏ་བརྒྱུད་པའི་རིགས་སུ་སྐུ་འཁྲུངས་པ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་བྲམ་ཟེ་ཆེན་པོ་སཛྫ་ནའི་སྲས་གཅིག་པུ་བདེ་བར་གཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའི་ཞལ་སྔ་ནས་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་

ཀྱིས་བསྒྱུར་བ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ལེགས་པར་བསྒྱུར་བ། སྟོང་ཉིད་
བདུན་ཅུ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། སྣུར་ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། འདིའི་གཞུང་གྲངས་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་གཅིག་གིས་ལྷག་པའོ། །སྟོང་ཉིད་བདུན་ཅུ་པའི་རྣམ་པར་
བཤད་པ་ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་སོ་མ་ཤྲཱིའི་ཞབས་རྡུལ་ལ་བརྟེན་པར་མཛད་པའི་སློབ་དཔོན་མཁས་པ་ཆེན་པོ་དཔལ་གཞན་ལ་ཕན་པས་མཛད་པ། ཐུགས་དམ་སའི་སྙིང་པོ་ཐོ་ལིང་དུ་ཁ་ཆེའི་མཁན་པོ་པ་ར་ཧི་ཏའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གི་འགྱུར།
རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱི་འགྱུར་རྣམས་བཞུགས་སོ།། །།ར་པ་ལ། དབུ་མ་འཇུག་པའི་འགྲེལ་བཤད་དོན་གསལ་བར་བྱེད་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་
ཆེན་པོ་ཛ་ཡ་ཨཱ་ནནྡས་མཛད་པ། ཁ་ཆེའི་མཁས་པ་ཆེན་པོ་ཛ་ཡ་ཨཱ་ནནྡ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཀུན་དགའ་གྲགས་ཀྱིས་བསྒྱུར་བ་བཞུགས་སོ།། །།ལ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཤཱནྟ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་
དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ་པ་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པར་བཅོས་པ། སླར་ཡང་དུས་ཕྱིས་
རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ། ཤློ་ཀ་སྟོང་དུ་གྲགས་པ། བམ་པོ་གཉིས་སུ་བྱས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་ཀྱི་ལེའུའི་རྒྱ་ཆེར་བཤད་པ་དགེ་སློང་མཁས་

པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། འགྲེལ་བཤད་འདིའི་ལེའུ་དང་པོ་གཉིས་དང༌། བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཊཱི་ཀ མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་དང༌། གཉན་དར་མ་གྲགས་གཉིས་ཀྱིས་སྟོད་སྨད་བགོས་ནས་
བསྒྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པའི་དཀའ་འགྲེལ་མཛད་བྱང་འགྱུར་བྱང་མི་གསལ་བ་རྣམས་བཞུགས་སོ།། །།ཤ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ཤློ་ཀ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་རྩ་ལྔ་པ་
སློབ་དཔོན་དགེ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མཱ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པའི་གཞུང་སློབ་དཔོན་མཁས་པ་ཆེན་པོ་ཀྲྀཥྞ་པས་མཛད་པ། རྒྱ་
གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། སྤྱོད་འཇུག་གི་ཤེས་རབ་ལེའུའི་བཀའ་འགྲེལ་
པཎྜི་ཏ་མི་མཉམ་ཁོལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ། ལི་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མོས་པའི་དབང་གིས་ལེགས་པར་བསྒྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་དང༌། བསྔོ་བའི་ལེའུའི་དཀའ་འགྲེལ་
མཛད་བྱང་འགྱུར་བྱང་མེད་པ་གཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་ཏུ་བསྡུས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ་གསེར་གླིང་གི་བླ་མ་ཆོས་སྐྱོང་ལ་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་
དང༌། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསོལ་བ་བཏབ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་རྒྱ་གར་ཤར་ཕྱོགས་ཛ་གཏྟ་ལ་བི་ཧ་རའི་པཎྜི་ཏ་ཆེན་

པོ་བི་གྷཱུ་ཏི་ཙནྡྲས་མཛད་ཅིང༌། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་རུ་ལག་གཙང་སྟོད་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་རང་འགྱུར་དུ་མཛད་པ་རྣམས་བཞུགས་སོ།། །།ས་པ་ལ། བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་
བྱས་པ་དང༌། བདེན་པ་གཉིས་རྣམ་པར་གཏན་ལ་དབབ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ་སློབ་དཔོན་ཞི་བ་འཚོས་མཛད་པ། བམ་པོ་གསུམ་པ། རྒྱ་གར་གྱི་
མཁན་པོ་པྲཛྙཱ་ཝརྨ་དང༌། ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་ཞི་བ་འཚོས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དབུ་མའི་རྒྱན་གྱི་འགྲེལ་པ་སློབ་
དཔོན་ཆེན་པོ་ཞི་བ་འཚོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དབུ་མ་རྒྱན་གྱི་དཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་
སྡེའི་འགྱུར། འདི་ལ་ཤློ་ཀ་སྟོང་སུམ་བརྒྱ་བརྒྱད་ཅུ་བམ་པོ་བཞི་ཡོད་དོ། །དབུ་མ་སྣང་བ་ཞེས་བྱ་བ། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ་རྣམས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌།
ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་བ་རྣམས་བཞུགས་སོ།། །།ཧ་པ་ལ། སྐུ་གསུམ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་
སྡེའི་འགྱུར། སྐུ་གསུམ་འགྲེལ་པ་སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འདི་ལ་ཤློ་ཀ་བདུན་བརྒྱ་དྲུག་ཅུ་མཆིས་སོ། །དེ་ཁོ་ན་ལ་འཇུག་པའི་འགྲེལ་པ་སློབ་དཔོན་དཔལ་སྦས་ཀྱིས་མཛད་པ།

དབུ་མ་ལུགས་ཀྱི་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པ་སློབ་དཔོན་བིདྱཱ་ཀ་ར་པྲ་བྷས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། རྣམ་པ་མེད་པའི་ཚིག་ལེའུར་བྱས་པ་བལ་ཡུལ་གྱི་པཎྜི་ཏ་དགའ་བའི་དཔལ་གྱིས་
མཛད་པ། སྣང་བའི་ཕྲེང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཀམྤ་ལས་མཛད་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། སྣང་བའི་ཕྲེང་བ་ཞེས་བྱ་བའི་དཀའ་འགྲེལ་ཡིད་ཀྱི་དགའ་བ་སྐྱེད་པ་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ།
རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ་པཎྜི་ཏ་གནས་བརྟན་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པ་འགྱུར་བྱང་མེད་པ་རྣམས་བཞུགས་སོ།། །།ཨ་པ་ལ། ལྟ་
བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ་སློབ་དཔོན་དབུ་མའི་སེང་གེས་མཛད་པ། རྒྱ་གར་གྱི་མཁན་པོ་ཏ་རོ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་བྷངྒ་ལར་འཁྲུངས་པའི་མཁས་པ་
ཆེན་པོ་ཛཻ་ཏཱ་རི་པས་མཛད་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཅིག་ཏུ་གཞོལ་བའི་སློབ་དཔོན་དགྲ་ལས་རྒྱལ་བས་མཛད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་ཀ་ན་ཀ་ཤྲཱི་
མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར། དབུ་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་པཎྜི་ཏ་ཆེན་པོ་ཙནྡྲ་ཧ་རི་བས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཅོག་རོ་ཏིང་ངེ་འཛིན་བཟང་པོའི་འགྱུར། བདེན་པ་གཉིས་ལ་འཇུག་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་
མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར། ཐུབ་པ་དགོངས་པའི་རྒྱན་ཤློ་ཀ་སྟོང་ཕྲག་ཕྱེད་དང་དྲུག་པ། སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་བདེ་

བར་གཤེགས་པའི་བཀའ་རབ་འབྱམས་ལ་མཁྱེན་པའི་སྣང་བ་སྐྱེས་པའི་མཁས་པ་ཆེན་པོ་དེ་ལ་མཉན་ནས། དེ་ཉིད་ཀྱི་སྤྱན་སྔར་དགེ་སློང་དཔང་ཞོ་གསལ་བ་གྲགས་ཞེས་བྱ་བས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་མཁས་པའི་འབྱུང་གནས་དཔལ་ནཱ་ལེནྡྲར་བསྒྱུར་
བ་ལ། དུས་ཕྱིས་ལུང་རིགས་ཀྱི་དབང་ཕྱུག་སྟག་སྡེ་པ་ཆེན་པོ་སེང་གེ་རྒྱལ་མཚན་པའི་བཀའ་དྲིན་དང༌། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱི་སྟོབས་མཐའ་ཡས་པས་ཤེས་བྱའི་ཆོས་ལ་དབང་སྒྱུར་བ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་
བཤད་ཀྱི་སྲོལ་ལ་བརྟེན་ནས་ཕྱི་ནང་གི་གཞུང་ལུགས་ལ་བློའི་སྣང་བ་ཆེར་རྒྱས་པ། ཞུ་ཆེན་གྱི་ལོ་ཙཱ་བ་དབང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་རྒྱ་དཔེ་དང་གཏུགས་ཏེ་ལེགས་པར་དཔྱད་ནས་བསྒྱུར་ཅིང་ཞུས་པ་ཞེས་པའི་མཐའ་ཅན། ཚད་མ་རྣམ་པར་འཇོམས་པ་མདོར་བཤད་
པའི་འགྲེལ་པ་ཞེས་བྱ་བ་རྩ་འགྲེལ་གཉིས་ཀ་མ་ཚང་བའི་དུམ་བུ་གཅིག །ཐེག་པ་ཆེན་པོའི་མཚན་ཉིད་ཀུན་ལས་བཏུས་པ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀརྞོ་པ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲཛྙཱ་སིངྷས་
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བསྒྱུར། སེམས་བརྟག་པ་སློབ་དཔོན་ཚུལ་ཁྲིམས་འཕགས་པས་མཛད་པ། པཎྜི་ཏ་ཀ་ན་ཀ་དང༌། ལོ་ཙཱ་བ་རྨ་ཆོས་འབར་གྱི་འགྱུར། ཐེག་པ་ཐམས་ཅད་དུ་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ་བྲམ་ཟེའི་བཙུན་པ་རབ་འབྱོར་
དབྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་རབ་འབྱོར་དབྱངས་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོའི་འགྱུར་རྣམས་བཞུགས་སོ།། །།ཀི་པ་ལ། ལྟ་བ་གཙོ་ཆེར་གཏན་ལ་ཕབ་ནས། བསྒོམ་པའི་རིམ་པ་སྟོན་པའི་བསྟན་བཅོས་ནི། སློབ་དཔོན་
འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྒོམ་པའི་རིམ་པ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ལོ་ཏ་དང༌། དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། རྣལ་འབྱོར་བསྒོམ་པའི་ལམ་འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་པདྨའི་ཟེའུ་འབྲུ་སྤྱི་བོས་ལེན་པ་སྡེ་སྣོད་གསུམ་ལ་མཁས་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་

པ། ཅིག་ཅར་འཇུག་པ་རྣམ་པར་མི་རྟོག་པའི་བསྒོམ་དོན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཏཱ་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་པདྨ་སྤུངས་པ་ཞེས་བྱ་བ་དང༌།
དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་དཔལ་མཁས་པ་ཆེན་པོ་རྟ་དབྱངས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། བྱང་ཆུབ་ཀྱི་
སེམས་བསྒོམ་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ཞབས་ཀྱིས་མཛད་པ། ཞྭ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་གྲ་ཐང་དུ་བསྒྱུར་བ། ཚད་མེད་བཞིའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ། བསྒོམ་རིམ་དང་པོ། བསྒོམ་
རིམ་བར་པ། བསྒོམ་རིམ་ཐ་མ། རྣལ་འབྱོར་སྒོམ་པ་ལ་འཇུག་པ་རྣམས་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་
ཞེས་བྱ་བ་དཔལ་ཀམྤ་ལས་མཛད་པ། ལུས་ཡོངས་སུ་དཔྱད་པའི་སྒོམ་པའི་རིམ་པ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མི་སྡུག་པ་བསྒོམ་པའི་རིམ་པ་སློབ་དཔོན་དགེ་བའི་གོ་ཆས་
མཛད་པ། འདི་ནི་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ་འགྱུར་རྙིང་ལགས་སྐད་དོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བསྒོམ་པའི་རིམ་པའི་མན་ངག་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་འདི་དེ་ཁོ་ན་ཉིད་ལ་ཞུག་པའི་དུམ་བུ་ཡིན། གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་
སློང་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་བསྒོམ་པ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མ་ཧཱ་མ་ཏིས་མཛད་པ་དང༌། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་

ཙནྡྲ་ལས་ཞུས་ཏེ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བསམ་གཏན་
གྱི་ཆོས་དྲུག་རྣམ་པར་གཞག་པ་སློབ་དཔོན་ཆེན་པོ་ཨ་ཝ་དྷཱུ་ཏཱི་པས་མཛད་པ་དང༌། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དྲན་པ་གཅིག་པའི་མན་
ངག་དང༌། དབུ་མའི་མན་ངག་ཅེས་བྱ་བ་པཎྜི་ཏ་དཱི་པཾ་ཀ་རས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ལྷ་ས་འཕྲུལ་སྣང་དུ་འགྱུར། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ་མ་ཧཱ་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་
པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། ལོ་ཙཱ་བ་དགེ་བསྙེན་ཆེན་པོ་རྒྱ་བརྩོན་འགྲུས་སེང་གེ་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མའི་མན་ངག་ཅེས་བྱ་བའི་འགྲེལ་པ་པཎྜི་ཏ་ཤེས་རབ་ཐར་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཤེས་རབ་ཐར་པ་དེ་ཉིད་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར་
ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་རྒྱའི་མཁན་པོ་ཧ་ཤང་ཟབ་མོ་ལ་སོགས་པ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་རྣལ་འབྱོར་སྤྱོད་པའི་བསམ་གཏན་རྗེ་བཙུན་ཀ་རོས་མཛད་པ། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་སྤྱོད་པ་
གཙོ་ཆེར་སྟོན་པའི་སྐོར་ནི། མདོ་ཀུན་ལས་བཏུས་པ་ཨཱ་ཙཱརྱ་ཨཱརྱ་ནཱ་གཱརྫུ་ནས་མཛད་པ། བམ་པོ་ལྔ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ཞེས་བྱ་བ་ལུང་གི་ཚད་མས་རབ་ཏུ་
སྦྱར་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཤློ་ཀ་སུམ་སྟོང་ལྔ་བཅུ་རྩ་གཅིག་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ནག་པོའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདི་ལྟ་བ་སེམས་ཙམ་དུ་སྨྲ་བའི་པཎྜི་ཏས་བརྩམས་མོད་ཀྱང་རྩ་འགྲེལ་སྟབས་གཅིག་པའི་

ཕྱིར་འདིར་བྲིས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་བསྒོམ་པའི་བསྟན་བཅོས་ཡིན་
ཀྱང་དུས་ཕྱིས་རྙེད་པས་སྤྲོད་པའི་པུསྟིའི་གཤམ་དུ་བཞུགས་སུ་བཅུག་པ་ཡིན་ནོ། །མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ་སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར། རིམ་གྱིས་འཇུག་པའི་བསྒོམ་དོན་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། རྒྱ་གར་
གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་ཀ་ཆུར་གཏན་ལ་ཕབ་པ་རྣམས་བཞུགས་སོ།། །།ཁི་པ་ལ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་དང༌། བསླབ་པ་ཀུན་ལས་བཏུས་པ་སློབ་དཔོན་ཞི་བའི་ལྷས་མཛད་པ། བམ་པོ་བཅུ་བཞི་པ།
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ་ལས། སླད་ཀྱི་ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སྲི་མདའི་དགོན་པར་ཞུ་གཏུགས་ལེགས་པར་བྱས་པ། བསླབ་པ་ཀུན་ལས་བཏུས་པ་ནས་འབྱུང་བ་དེ་བཞིན་
གཤེགས་པའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་སློབ་དཔོན་ཞི་བའི་ལྷས་མཛད་པ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ་བླ་མ་གསེར་གླིང་པས་མཛད་པ། དཔལ་མར་མེ་མཛད་ཡེ་ཤེས་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། བསླབ་པ་ཀུན་ལས་
བཏུས་པའི་ཕྱོགས་ཙམ་ཞིག་བླངས་པའི་བཤད་པ་བསླབ་པའི་མེ་ཏོག་སྙེ་མ་ཞེས་བྱ་བ་བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཞ་མ་སེང་རྒྱལ་དང༌། ཀློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་བ་ལ། སླད་ནས་བོད་ཀྱི་ལོ་ཙཱ་
བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བཅོས་པ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཨཱརྱ་ཝཱི་རས་མཛད་པ། ལོ་ཙཱ་བ་ཨཱ་ཙཱརྱ་བཻ་རོ་ཙ་ན་རཀྵི་ཏའི་འགྱུར། ལས་དང་པོ་པའི་ས་སྦྱང་བ་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་དགྲ་ལས་རྒྱལ་བ་གསང་བའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དང༌།

ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་
གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ཆོས་འདི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ། །བྱང་ཆུབ་ལམ་གྱི་སྒྲོན་མེའི་དཀའ་འགྲེལ་ཞེས་བྱ་བ་བྷངྒ་ལའི་རྒྱལ་པོའི་རིགས་རྒྱུད་དགེ་སློང་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་
ནས་མཛད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་བྷངྒ་ལ་པ་དཔལ་མར་མེ་མཛད་ཡེ་ཤེས་ཞབས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྙིང་པོ་བསྡུ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩེས་
བསྒྱུར་བ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་རྣམས་སློབ་དཔོན་དཔལ་མར་མ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ། ཐེག་
པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་རྣམས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་
བ་དགེ་བའི་བློ་གྲོས་ཀྱི་འགྱུར། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སྤྱོད་པ་བསྡུས་པའི་སྒྲོན་མ་རྣམས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། ལོ་
ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ།། །།གི་པ་ལ། མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་རྒྱལ་བ་ཀུན་དགའ་དང༌། སྐད་གཉིས་སྨྲ་བའི་དགེ་སློང་ཉི་མ་གྲགས་པ་དང་ཁུ་མདོ་སྡེ་འབར་གྱི་འགྱུར། བྱང་

ཆུབ་སེམས་དཔའི་ལམ་གྱི་རིམ་པ་མདོར་བསྡུས་པ་འདི་ལ་ཆག་ཆོས་རྗེ་དཔལ་གྱི་འགྱུར་བ་ཅིག་ཀྱང་ཡོད་མོད་ཀྱི་འདི་དང་གཅིག་ཏུ་འདུག་པས་མ་བྲིས། ཐེག་པ་ཆེན་པོའི་མན་ངག་གི་ཚིགས་སུ་བཅད་པ་འདི་གཉིས་མ་བྱོན་པའི་སངས་རྒྱས་ཆོས་རྗེ་ཤཱཀྱ་ཤྲཱིས་ཡུལ་འཁོར་སོ་སོར་བྱོན་པའི་ཚེ་ཞུ་བ་པོ་རྣམས་ཀྱི་སྐལ་བ་དང་སྦྱར་ཏེ་ཞར་
བྱུང་དུ་བརྩམས་ཤིང་གསུངས་པའི་ཚིགས་སུ་བཅད་པ་ཁ་འཐོར་བ་རྣམས་མཛད་པ། མ་ཧཱ་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། རྒྱལ་བའི་ལམ་ལ་འཇུག་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཆག་དགྲ་བཅོམ་གྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་
ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ་སློབ་དཔོན་དཔལ་སྒྲ་གཅན་འཛིན་བཟང་པོས་མཛད་པ། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་དང༌། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་ཀྱི་ཆོ་གའི་སྐོར་ལ། བྱང་ཆུབ་ཏུ་སེམས་བསྐྱེད་
པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་བླ་མ་སུ་ནཱ་ཡ་ཤྲཱི་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བདགེ་
སློང་དར་མ་གྲགས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། ཡི་དམ་བླང་བའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་
པའི་ཆོ་གའི་རིམ་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལ། སླད་ཀྱིས་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བཅོས་པ། བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བའི་ཆོ་ག་སློབ་དཔོན་མཁས་པ་
ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཁ་ཆེ་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱི་འགྱུར། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་བཅུ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར།

སྐྱབས་འགྲོ་ཡན་ལག་དྲུག་པ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། ལྟུང་བ་བཤགས་པའི་ཆོ་ག་ཐམས་ཅད་ཡོད་པར་སྨྲ་བའི་པཎྜི་ཏ་དེ་ཝ་ཤཱནྟིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལྟུང་བ་བཤགས་པའི་ཆོ་ག་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་
ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག །བླ་མའི་བྱ་བའི་རིམ་པ་རྣམས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། སྡོམ་པ་
གསུམ་གྱི་རིམ་པ་སློབ་དཔོན་ཆེན་པོ་རྙོག་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་ཏུ་ལྱ་དཱ་ས་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། ཆོས་སྤྱོད་ཡན་ལག་བཞི་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲཱ་ནནྡས་མཛད་པ། རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་དང༌། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་
འགྱུར། དམ་པའི་ཆོས་སྤྱོད་ལ་འཇུག་པའི་ཡན་ལག་བདུན་པ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར་རྣམས་བཞུགས་སོ། །ཆོས་རྣམས་རང་བཞིན་སྟོང་པར་སྟོན་པའི་ཚུལ། །འཕགས་མཆོག་ཀླུ་སྒྲུབ་རྗེས་འབྲངས་བཅས་པའི་གཞུང༌། །ལྟ་སྒོམ་སྤྱོད་པ་གསལ་བར་བྱེད་
པ་ཡི། །བསྟན་བཅོས་བརྒྱ་དང་ལྔ་བཅུ་རྩ་བདུན་བཞུགས། །དེ་དག་གིས་ནི་དབུ་མའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་དབུ་མའི་ཆོས་སྐོར་རྣམས་བཀོད་ནས། བཀའ་འཁོར་ལོ་རིམ་པ་གསུམ་པ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་བཀའི་དགོངས་པ་གཙོ་ཆེར་འགྲེལ་པར་བྱེད་པའི་བསྟན་བཅོས་ལ།
བཀའ་སོ་སོའི་དགོངས་འགྲེལ་དང༌། སྤྱིའི་དགོངས་འགྲེལ་གཉིས་ལས། དང་པོ་བཀའ་སོ་སོའི་དགོངས་འགྲེལ་ནི། ངི་པ་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་རྣམ་པར་བཤད་པ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་
ཡེ་ཤེས་སྡེའི་འགྱུར། སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ། ཆོས་རྗེས་སུ་དྲན་པའི་འགྲེལ་པ། དགེ་འདུན་རྗེས་སུ་དྲན་པའི་བཤད་པ་རྣམས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ་དང༌།

འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ་བརྒྱ་ཕྲག་བཅུ་གཉིས་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ལེགས་པའི་བློ་གྲོས་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་ནས། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། སངས་རྒྱས་
རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། ཚིགས་སུ་བཅད་པ་གཅིག་པའི་བཤད་པ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་
པ་རྣམས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཡེ་ཤེས་བྱིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་
གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ག་ཡ་གོ་རིའི་མདོ་དང་སྤེལ་མར་བཤད་པ་འཕགས་པ་འཇམ་དཔལ་གཙོ་བོའི་ཞབས་ལ་བརྟེན་པ་མང་དུ་ཐོས་པ་གནས་བརྟན་ཤཱཀྱའི་བློས་མཛད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་མདོ་
སྡེ་ས་བཅུ་པའི་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ་དང༌། པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་དང་བནྡེ་དཔལ་བརྩེགས་ཀྱི་འགྱུར་རྣམས་བཞུགས་སོ།། །།ཅི་པ་ལ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བཞུགས་སོ།། །།
ཆི་པ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ་བམ་པོ་བཞི་པ་སློབ་དཔོན་བ་སུ་བནྡྷུས་མཛད་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ་བམ་པོ་བཅུ་གཅིག་པ། ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱ་དང༌།
ལོ་ཙཱ་བ་དགེ་སློང་ནམ་མཁའི་འགྱུར། འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ་སློབ་དཔོན་ངང་ཚུལ་བཟང་པོས་མཛད་པ་རྣམས་བཞུགས་སོ།། །།ཇི་པ་ལ། ས་བཅུའི་རྣམ་པར་བཤད་པའི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བཤད་སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ།

རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། འཕགས་པ་ས་བཅུའི་མདོ་སྡེའི་གླེང་བཞིའི་བཤད་པ་སློབ་དཔོན་ཤཱཀྱའི་བློས་མཛད་པ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་
ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། འཕགས་པ་སཱ་ལུ་ལྗང་པའི་མདོ་སྡེའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཚིགས་སུ་བཅད་པ་གཉིས་པའི་བཤད་པ་སློབ་དཔོན་ཆེན་པོ་མཛེས་བཀོད་ཀྱིས་
མཛད་པ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ་སློབ་དཔོན་པྲཛྙཱ་ས་མུ་དྲས་མཛད་པ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་ཞི་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་རཱ་ཛ་དང༌། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། བྱང་ཆུབ་
ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་རྙེ་བ་དེ་ཝ་གྷོ་ཥའི་འགྱུར། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་བྱང་ཆུབ་སེམས་དཔའི་བསླབ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཛཻ་ཏ་རི་དགྲ་ལས་རྣམ་
པར་རྒྱལ་བས་མཛད་པ། བལ་པོ་པཎྜི་ཏ་དང༌། ཆག་ལོ་ཙཱ་བའི་འགྱུར། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱང་བའི་ཆོ་གའི་བཤད་པ་ཞེས་བྱ་བ་སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་དང༌། ཕུང་པོ་གསུམ་པའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཀྲྀཥྞ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་
དང་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་པ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འོད་སྲུངས་ཀྱི་ལེའུའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་རྣམས་བཞུགས་སོ།། །།ཉི་པ་ལ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་
མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཞི་བ་བཟང་པོའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་

པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་མཁན་པོ་ཐིག་ལེ་བུམ་པ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ།
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཤཱཀྱའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་
རྒྱན་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་སྐ་བ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨཱ་ཙཱརྱ་ཨཱ་ནནྡ་དང༌། ལོ་ཙཱ་བ་དགེ་སློང་བྷ་དྲ་པཱ་
ལའི་འགྱུར་བ་རྣམས་བཞུགས་སོ།། །།ཏི་ཐི་དི་གསུམ་ལ། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་རྒྱ་ཆེར་འགྲེལ་པ་རྒྱའི་སློབ་དཔོན་མཁན་པོ་ཝེན་ཚེག་གིས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་
པ། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ཡུལ་སིངྒ་ལའི་སློབ་དཔོན་སའི་རྩ་ལག་གིས་མཛད་པ་དང་གཉིས་བཞུགས་སོ།། །།ནི་པ་ལ། འཕགས་པ་ལངྐར་གཤེགས་པའི་འགྲེལ་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པ་བཞུགས་སོ།། །།པི་པ་ལ། འཕགས་པ་
ལངྐར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ་རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པ་བཞུགས་སོ། །ཡོད་དང་མེད་པའི་མཐའ་གཉིས་ལེགས་སྤངས་པའི། །ངེས་དོན་རྩོད་མེད་ལེགས་པར་རྣམ་ཕྱེ་བའི། །འཁོར་ལོ་གསུམ་པའི་དགོངས་
འགྲེལ་གཙོ་ཆེ་བའི། །གསལ་བྱེད་བསྟན་བཅོས་བཞི་བཅུ་ཐམ་པ་བཞུགས། །དེ་དག་གིས་ནི་བཀའ་ཐ་མའི་མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པའི་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པའི་སྐོར་རྣམ་བཀོད་ནས། གཉིས་པ་སྤྱིའི་

དགོངས་འགྲེལ་ལ། བཀའ་འཁོར་ལོ་གསུམ་པའི་དོན་གཙོ་བོར་སྟོན་ཅིང༌། སྤྱིར་ཐེག་ཆེན་ཐམས་ཅད་ཀྱི་དགོངས་པ་འགྲེལ་པ། རྣལ་འབྱོར་སྤྱོད་པ་སེམས་ཙམ་དང་ཚུལ་མཐུན་པར་སྟོན་པའི་བསྟན་བཅོས་ལ། ཕི་པ་ལ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ཞེས་བྱ་
བའི་ཚིག་ལེའུར་བྱས་པ་འཕགས་པ་བྱམས་པས་མཛད་པ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ལ་སོགས་པའི་འགྱུར། སླད་ཀྱི་པཎྜི་ཏ་པ་ར་ཧི་ཏ་དང༌། བྲམ་ཟེ་ཆེན་པོ་སཛྫ་ན་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཅུང་
ཟད་བཅོས་ཏེ་ལེགས་པར་བཤད་ནས་གཏན་ལ་ཕབ་པ། མཇུག་གི་ཤློ་ཀ་གཅིག་ཅིག་འགྲོ་དོན་འཕེལ་བ་དང་གཞུང་གཞན་ན་འདུག་པ་ལྟར་བྲིས་པའོ། །དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་འཕགས་པ་བྱམས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་
བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་འཕགས་པ་བྱམས་པས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལ། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜི་ཏ་པ་ར་ཧི་ཏ་དང༌། ཞུ་ཆེན་
གྱི་ལོ་ཙཱ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམ་ཐོ་ལིང་གི་གཙུག་ལག་ཁང་དུ་གཏན་ལ་ཕབ་པ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་མགོན་པོ་བྱམས་པས་མཛད་པ། ཁ་ཆེའི་མཁན་པོ་མ་ཧཱ་ཛ་ན་དང༌། ལོ་ཙཱ་བ་དགེ་སློང་ཞ་མ་སེང་གེ་རྒྱལ་མཚན་གྱི་འགྱུར། ཐེག་པ་ཆེན་
པོའི་རྒྱུད་ཕྱི་མ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པའི་མདོ་ཟབ་མོ་རྣམས་ཀྱི་དགོངས་འགྲེལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་མགོན་པོ་བྱམས་པས་མཛད་པ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། དཔལ་གྲོང་ཁྱེར་དཔེ་མེད་
ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་མཁས་པ་ཆེན་པོ་སཛྫ་ན་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བ། ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། གཞུང་ཚད་ཤློ་ཀ་སུམ་སྟོང་

དྲུག་བརྒྱ་ལྔ་བཅུ་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ལ་སོགས་པའི་འགྱུར་རྣམས་བཞུགས་སོ།། །།བི་པ་ལ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་
བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་མ་ཧཱ་ཛ་ན་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ་སློབ་དཔོན་བཙུན་པ་ངོ་བོ་ཉིད་
མེད་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ལ་སོགས་པའི་འགྱུར། མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་པོ་གཉིས་ཀྱི་བཤད་པ་ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་དཔལ་བཙུན་པ་སོ་མ་ཤྲཱིའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་པདྨོའི་ཟེའུ་འབྲུའི་རྡུལ་
ལ་རེག་པ་སློབ་དཔོན་གཞན་ལ་ཕན་པ་བཟང་པོས་མཛད་པ། ཁ་ཆེའི་མཁན་པོ་པཎྜི་ཏ་པ་ར་ཧི་ཏ་བྷ་དྲའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གི་འགྱུར། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དོན་བསྡུས་པ་སློབ་དཔོན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་
ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་སློབ་དཔོན་བློ་བརྟན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་
འཕགས་པ་བྱམས་པའི་ལེའུ་ཉི་ཚེའི་བཤད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྣམས་བཞུགས་སོ།། །།མི་ཙི་གཉིས་ལ། མདོ་སྡེ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པས་མཛད་པར་གྲགས་པ། མང་ཡུལ་དུ་མཁན་པོ་མུ་ནེ་ཙནྡྲ་དང༌། ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་ཊཱི་
ཀ་རྣམ་པ་གཉིས་ཀྱི་གཞི་བཟུང་སྟེ་མཁན་པོས་ཀྱང་ཅི་མཁྱེན་དུ་ཊཱི་ཀ་གསར་དུ་བསྒྱུར་བ་རྣམ་པ་གཉིས་དང་གཏུགས་ན་ཡང་ཊཱི་ཀ་གསར་པ་ལས་མི་མངོན་པ་དག་ཀྱང་འདི་ལས་ཞིབ་ཏུ་འཆད་པས་འདི་ཡང་གཅེས་པར་གྱིས། མཇུག་ཅུང་ཟད་ཅིག་མ་ཚང་བ་འདི་སྟོར་བས་ཊཱི་ཀ་གཉིས་དང་གཏུགས་

པ་བཞུགས་སོ།། །།ཚི་པ་ལ། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་དང་པོ་རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི་ས་མང་པོ་པ་འདི་ལ་ཤློ་ཀ་བརྒྱད་སྟོང་དགུ་བརྒྱ་བརྒྱད་ཅུ་རྩ་བཞི་པ་བཞུགས་སོ།། །།ཛི་པ་ལ། རྣལ་འབྱོར་སྤྱོད་པའི་
ས་ལས་ཉན་ཐོས་ཀྱི་ས་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་བཞུགས་སོ། །འདི་ལ་ཤླཽ་ཀ་དྲུག་སྟོང་ཡོད་དོ།། །།ཝི་པ་ལ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས་དང་པོའི་གོ་རིམ་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་
ཡེ་ཤེས་སྡེའི་འགྱུར་བཞུགས་སོ། །འདི་ལ་ཤླཽ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་དོ།། །།ཞི་པ་དང་ཟི་པའི་སྟོད་ལ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་བམ་པོ་བཞི་བཅུ་རྩ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་
ཤེས་སྡེའི་འགྱུར། སྨད་ལ། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བའི་ནང་གི་མདོ་སྡེ་བསྡུ་བ་བམ་པོ་ཉི་ཤུ་རྩ་གཉིས་པ་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་བཞུགས་སོ། །འདི་ལ་ཤློ་ཀ་དྲུག་སྟོང་བདུན་བརྒྱ་དགུ་བཅུ་རྩ་གསུམ་མཆིས་
སོ།། །།འི་པ་ལ། གཞི་བསྡུ་བའི་ནང་གི་རྣལ་འབྱོར་སྤྱོད་པའི་ས་ལས་འདུལ་བ་བསྡུ་བ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རྣམ་གྲངས་བསྡུ་བ་ཤློ་ཀ་བདུན་བརྒྱ་ཉི་ཤུ་རྩ་ལྔ་པ། རྣམ་པར་བཤད་པ་བསྡུ་བ་འདི་ནི་འཕགས་པ་
ཐོགས་མེད་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བྱང་བར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་
ཤེས་སྡེའི་འགྱུར། འདི་ལ་ཤློ་ཀ་ལྔ་བརྒྱ་བདུན་ཅུ་རྩ་ལྔ་ཡོད་དོ། །དེ་ལྟར་ས་སྡེ་ལྔ་ལ་ཤློ་ཀ་བཞི་ཁྲི་ལྔ་སྟོང༌། བམ་པོ་བརྒྱ་དང་ལྔ་བཅུ་བཞུགས་སོ། །རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ་ཞེས་པའི་སྟོད་འགྲེལ་ཇི་སྙེད་པ་བཞུགས། འདི་ལ་སྔོན་གྱི་གནའ་མཆན་ལས། ཛི་ན་མི་

ཏྲས་བཤད་པར་བཤད། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་ཆད་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ལས་ཇི་སྙེད་འགྱུར་བ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་སེམས་
དཔའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་
དང༌། པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་བ་རྣམས་བཞུགས་སོ།། །།ཡི་པ་ལ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ། བལ་ཡུལ་གྱི་པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་
ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ།། །།རི་པ་ལ། ཐེག་པ་ཆེན་པོའི་སྡོམ་ཐེག་པ་ཆེན་པོ་བསྡུས་པ་བམ་པོ་བཞི་པ་དང༌། ཐེག་པ་ཐུན་མོང་གི་སྡོམ་ཆོས་མངོན་པ་ཀུན་ལས་བཏུས་པ་བམ་པོ་ལྔ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌།
ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ་བསྟན་བཅོས་ཕུལ་དུ་བྱུང་བ་དུ་མ་མཛད་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་
རྒྱལ་བས་ཡུལ་དྲག་དམར་ལྷ་སྡིངས་རི་ཁས་པོ་རིའི་རྩ་ཆུ་བོ་ལོ་ཧི་ཏའི་འགྲམ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་དབྱིག་འདུལ་པེ་དཀར་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤློཀ་ནི་ཉིས་སྟོང་ཆིག་བརྒྱ་བརྒྱད་ཅུ། བམ་པོ་ནི་བརྒྱད་དུ་བྱས་སོ། །ཐེག་པ་ཆེན་པོ་བསྡུས་པའི་བཤད་
སྦྱར་སློབ་དཔོན་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་ལ། དགེ་སློང་དཔལ་བརྩེགས་ཀྱིས་ཀྱང་ཞུས་སོ། །འདི་ལ་ཤློ་ཀ་ཉིས་སྟོང་བདུན་བརྒྱ་བདུན་བཅུ་རྩ་བཞི་ཡོད། བམ་པོ་བདུན་དུ་བྱས་སོ། །

ཐེག་བསྡུས་ཀྱི་གནས་དང་པོའི་བཤད་པ་དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ་ཇི་སྙེད་པ་རྣམས་བཞུགས་སོ། །འདི་ལ་སྔོན་གྱི་དཀར་ཆག་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་ཟེར་བ་སྣང་སྟེ་མིན་པ་འདྲའོ།། །།ལི་པ་ལ། ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་
བམ་པོ་བཅུ་པ་སློབ་དཔོན་ཆེན་པོ་རྒྱལ་བའི་སྲས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་
ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རྩ་འགྲེལ་འདི་གཉིས་ལོ་པཎ་ཆེས་ཆེར་མཁས་པ་རྣམས་ཀྱིས་ལེགས་པར་བསྒྱུར་མོད་ཀྱི། འོན་ཀྱང་རྒྱ་གར་གྱི་དཔེ་ལ་འགྲེལ་པའི་ནང་ན་རྩ་བའི་ཚིག་ཡོངས་སུ་རྫོགས་པར་ཡོད་པ་དང༌། སྐབས་ལ་ལར་འགྲེལ་པ་ཆད་པ་དང༌། དེ་ལྟར་དྲིས་ལན་དང་མཚམས་སྦྱོར་གྱི་ཚིག་ཆད་པ་
དང༌། འགྲེལ་པའི་ཚིག་གོང་འོག་ཧ་ཅང་བསྣུར་ཆེས་པར་བསྒྱུར་བ་དང༌། འགྲེལ་པའི་ཚིག་ཇི་ལྟ་བ་མ་ཡིན་པར་དོན་ཙམ་བསྡུས་ཏེ་བསྒྱུར་བ་དང༌། མདོར་བསྟན་དང་རྒྱས་བཤད་མི་མཚུངས་པར་བསྒྱུར་བ་དང༌། རང་བཟོར་བསྒྱུར་བའི་ཚིགས་བཅད་བྱས་པ་ལ་སོགས་པའི་སྐྱོན་འགའ་ཞིག་ལ་བརྟེན་སླར་ཡང་
རྒྱ་གར་གྱི་དཔེ་དང་མཐུན་པར་མང་དུ་ཐོས་པའི་ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་ཅུང་ཟད་དག་པར་བཅོས་པ་རྣམས་བཞུགས་སོ།། །།ཤི་པ་ལ། ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་
དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་
ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཉི་ཤུ་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་

བསྟན་པ། པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར།
སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། སརྦ་ཛྙཱ་དེ་ཝ་དང༌། ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨས་ཀྱང་ཞུས་པ། རྣམ་པར་བཤད་པའི་རིགས་པ་སློབ་དཔོན་
དབྱིག་གཉེན་གྱིས་མཛད་པ། བམ་པོ་བཅུ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ཤཱཀྱ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། ལས་གྲུབ་པའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་སློང་རྩངས་དེ་ཝནྡྲ་རཀྵི་
ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་རྒྱའི་དཔེ་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་སྣང༌། དེང་སང་བོད་རྣམས་དཔལ་ལྡན་ཆོས་སྐྱོང་གིས་མཛད་ཅེས་གྲགས་སོ། །དཔལ་ལྡན་
དབང་ཕྱུག་རྒྱའི་ལོ་ཙཱ་བ་ཐང་སང་ཙང་ཞེས་བྱ་བས་རྒྱ་གར་གྱི་སྐད་ལས་རྒྱའི་སྐད་དུ་བསྒྱུར་ཅིང༌། ཕྱིས་སྟོན་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས་བསྒྱུར་བར་ཞུས་པའི་དོན་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་
གཙུག་ལག་ཁང་དུ་བསྒྱུར་ཞིང་ལེགས་པར་གཏན་ལ་ཕབ་པ། སུམ་ཅུ་པའི་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་བཤད་སློབ་དཔོན་དུལ་བའི་ལྷས་
མཛད་པ་དང༌། ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ། བམ་པོ་བཞི་པ་སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྣམས་བཞུགས་

སོ།། །།སི་པ་ལ། ཕུང་པོ་ལྔའི་རྣམ་པར་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་དང༌། ཕུང་པོ་ལྔའི་བཤད་པ་སློབ་དཔོན་སའི་རྩ་ལག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རྣམ་
པར་བཤད་པ་རིགས་པའི་བཤད་པ་བམ་པོ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ཤཱཀྱ་སིངྷ་དང༌། ལོ་ཙཱ་བ་དེ་ཝེནྡྲ་རཀྵི་ཏའི་འགྱུར། འདི་ལ་ཚིགས་སུ་བཅད་པ་བཞི་སྟོང་ཆིག་བརྒྱ་བཞུགས་སོ།། །།ཧི་པ་ལ། སུམ་ཅུ་པའི་འགྲེལ་བཤད་བམ་པོ་ལྔ་པ་སློབ་དཔོན་དུལ་བ་
ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པ་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པ། རྒྱ་
གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་སློང་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། དབུ་མ་རྒྱན་གྱི་འགྲེལ་བཤད་དབུ་མའི་ལམ་གྲུབ་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་
ཀྱིས་མཛད་པ། འདི་ལ་བོད་ན་སེམས་ཙམ་རྒྱན་ཞེས་གྲགས་པ་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། དེ་ལྟར་རྣལ་འབྱོར་སྤྱོད་པ་སེམས་ཙམ་པའི་ལྟ་བ་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་བསྟན་ནས། བསྒོམ་པ་གཏན་ལ་འབེབས་པའི་བསྟན་བཅོས་ནི། བསམ་གཏན་གྱི་
སྒྲོན་མ་ཞེས་བྱ་བའི་མན་ངག་རྣལ་འབྱོར་པ་མིག་གི་སྙིང་པོ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། རྣལ་འབྱོར་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར།
དེའི་དོན་འགྲེལ་རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་རན་དཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་མཁས་པ་ཆེན་པོ་རིན་

ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། རྣལ་འབྱོར་སྤྱོད་པའི་བསྒོམ་པའི་དོན་མདོར་བསྡུས་ནས་བསྟན་པ་སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ། རྩ་བ་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ།
རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་
པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་པཎྜི་ཏ་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟིས་མཛད་པ། པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ་བི་ཀྲ་མ་ཤཱི་ལའི་པཎྜི་ཏ་རཏྣ་ཀཱིརྟིས་མཛད་པ། པཎྜི་ཏ་བིདྱཱ་
ཀ་ར་སིངྷ་དང༌། ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨའི་འགྱུར། སྤྱོད་པ་དང་བསླབ་བྱ་སྟོན་པའི་སྐོར་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། སྡོམ་པ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་བི་དྱཱ་ཀ་ར་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་
ཤྲཱི་ཝརྨའི་འགྱུར། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀྵེ་མ་ག་ག་ན་དང༌། ལོ་ཙཱ་བ་མང་འོར་དགེ་སློང་བྱང་ཆུབ་ཤེས་རབ་ཀྱི་འགྱུར། འདི་དག་རྩོམ་པ་པོ་རྣམས་སེམས་ཙམ་གྱི་ལྟ་བ་འཛིན་
པ་མ་ཡིན་ཡང༌། བོད་ན་འདི་དག་སེམས་ཙམ་ལུགས་སུ་གྲགས་འདུག་པ་དང༌། བརྗོད་བྱའང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་སྐབས་དང་མཐུན་པར་འདུག་པས་འདིར་བྲིས་སོ། །ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་
ཏ་ཆེན་པོ་རཏྣ་ཀཱིརྟི་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། དབུ་མ་རྒྱན་གྱི་མན་ངག་ཅེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་ཞེས་བྱ་བ་པཎྜི་ཏ་རྣམས་ལས་མཆོག་ཏུ་གྱུར་པར་ཀུན་གྱིས་བསྔགས་ཤིང་འགྲན་ཟླ་མེད་པ། ཁྱད་པར་དུ་སློབ་དཔོན་འདི་འཇམ་དཔལ་རྩ་རྒྱུད་ལས།

རིན་ཆེན་འབྱུང་ཞེས་བྱ་མིང་གང༌། །སྟོན་པའི་བསྟན་པ་གསལ་བྱེད་འབྱུང༌། །ཞེས་ལུང་བསྟན་པ་དེས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བ། སླད་ནས་ཁ་ཆེན་ཨ་མོ་གྷ་དང༌། འོ་རུ་ལོ་ཙཱའི་འགྱུར་རྣམས་
བཞུགས་སོ། །འདི་སེམས་ཙམ་གྱི་ལྟ་བ་སྟོན་པའི་བསྟན་བཅོས་ཡིན་ཀྱང༌། དུས་ཕྱིས་རྙེད་པས་པུསྟིའི་གཤམ་དུ་བཞུགས་པ་ཡིན་ནོ། །ཆོས་རྣམས་གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་རིག་ཙམ་དུ་སྟོན་པའི་ལྟ་བསྒོམ་སྤྱོད། །གསལ་བྱེད་བྱམས་པ་ཐོགས་མེད་
རྗེས་འབྲང་གཞུང༌། །བཅུ་ཕྲག་དྲུག་ལ་དྲུག་གིས་བརྒྱན་པ་བཞུགས། །དེ་དག་གིས་ནི་ཐེག་པ་ཆེན་པོ་སེམས་ཙམ་དུ་སྟོན་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སེམས་ཙམ་དུ་སྟོན་པའི་ཆོས་སྐོར་རྣམས་བཀོད་ནས། གསུམ་པ་
བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའི་དགོངས་པ་འགྲེལ་པའི་བསྟན་བཅོས་ལ། དང་པོ་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་མངོན་པའི་བསྟན་བཅོས་ནི། ཨི་པ་ལ། འཕགས་པ་མཽད་གལ་གྱི་བུ་ཆེན་པོས་མཛད་པའི་གདགས་པའི་
བསྟན་བཅོས་ལ། འཇིག་རྟེན་བཞག་པ་བམ་པོ་དགུ། འདི་ལ་དཀར་ཆག་ཆེན་མོ་ནས་བམ་པོ་བདུན་ཞེས་འབྱུང༌། རྒྱུ་གདགས་པ་བམ་པོ་དྲུག །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར།
ལས་གདགས་པ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་རྣམས་བཞུགས་སོ། །འདི་དག་བྱེ་བྲག་ཏུ་སྨྲ་བ་རྣམས་བཀའ་རུ་འདོད་ལ། མདོ་སྡེ་པ་རྣམས་བསྟན་བཅོས་སུ་བཞེད་
དོ།། །།ཀུ་ཁུ་གཉིས་ལ། ཆོས་མངོན་པ་མཛོད་ཀྱི་ཚིགས་ལེའུར་བྱས་པ་དང༌། དེའི་རང་འགྲེལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་བམ་པོ་སུམ་ཅུ་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་

བརྩེགས་རཀྵི་ཏའི་འགྱུར། ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་དང་མཐུན་པ་ཞེས་བྱ་བ་སློབ་དཔོན་འདུས་བཟངས་ཀྱིས་མཛད་པ་རྣམས་བཞུགས་སོ།། །།གུ་ངུ་གཉིས་ལ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་
བ་ཞེས་བྱ་བ་ཤློ་ཀ་ཁྲི་བརྒྱད་སྟོང༌། བམ་པོ་དྲུག་ཅུ་པ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་བ་བཞུགས་སོ།། །།ཅུ་ཆུ་གཉིས་ལ།
ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་སློབ་དཔོན་གང་བ་སྤེལ་ཞེས་པ་ཆོས་མངོན་པའི་གཞུང་ལུགས་གངས་ཅན་མཚོའི་ཕ་རོལ་ཏུ་སོན་པས་མཛད་པ། འདི་ནི་གངས་རི་ཆེན་པོ་ཏི་སེ་དང་ཡིད་བཞིན་གྱི་མཚོའི་ལྷོ་ངོས། རི་བོ་ཆེན་
པོ་སྤོས་ཀྱི་ངད་ལྡང་བའི་འདབ་ཡུལ་པུ་རངས་སུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར་བ་བཞུགས་སོ།། །།ཇུ་ཉུ་གཉིས་ལ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ་མདོ་དང་སྦྱར་བ་བལ་
པོའི་པཎྜི་ཏ་དགེ་སློང་ཞི་གནས་ལྷས་ཡང་དག་པར་སྦྱར་བ། ཁ་ཆེའི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་ཛ་ར་མེའི་གཙུག་ལག་ཁང་གི་བྱང་ཕྱོགས་ཀྱི་བསིལ་ཁང་དུ་རྒྱ་གར་གྱི་མཁན་པོ་ཛ་ཡ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་ཁམས་པ་དགེ་སློང་ཤེས་རབ་འོད་ཟེར་གྱི་འགྱུར།
ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། གཞུང་གི་ཚད་ཤློ་ཀ་བཞི་སྟོང་ཡོད་པ། པཎྜི་ཏ་ཆེན་པོ་རྣལ་འབྱོར་ཟླ་བ་དང༌། ལོ་ཙཱ་བ་འཇམ་དཔལ་གཞོན་ནུའི་འགྱུར། ཆོས་མངོན་པ་མཛོད་ཀྱི་འགྲེལ་
བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གང་བ་སྤེལ་ཆོས་མངོན་པའི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། འདི་འགྲེལ་པ་ཆེན་མོ་ལས་མཆིམས་ཀྱིས་

བཀོལ་བ་ཡིན་ནོ་ཞེས་ཀྱང་གྲག་གོ །ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པའི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ་རྣམས་
བཞུགས་སོ།། །།གཉིས་པ་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་ཀྱི་དགོངས་འགྲེལ་ལ། ཏུ་པ་ལ། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་ཤློ་ཀ་སྟོང་ལྔ་བརྒྱ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་
གི་འགྱུར་ལ། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ། འདི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བཀའ་ཉིད་དུ་བཞེད་དོ། །ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་སྟོད་བཞུགས་སོ།། །།ཐུ་པ་ལ། ཆེད་དུ་བརྗོད་པའི་ཚོམས་ཀྱི་
རྣམ་པར་འགྲེལ་པའི་སྨད་དུམ་ཡུལ་ཀ་བ་དྷྱར་སྐྱེས་པ་ཐོས་པ་མང་བའི་སློབ་དཔོན་བོ་དྷི་ཝརྨའི་སློབ་མ་ཡུལ་བྷངྒ་ལར་སྐྱེ་བ་བཞེས་པ་ཐམས་ཅད་ཡོད་པར་སྨྲ་བའི་སློབ་དཔོན་པྲཛྙཱ་ཝརྨས་མཛད་པ། འདི་ལ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་དང་ལྔ་བརྒྱ་ཡོད་དོ་ཞེས་རྒྱ་གར་གྱི་ཡི་གེ་ལས་སྨོས། རྒྱ་གར་གྱི་མཁན་
པོ་སྒྲའི་གཙུག་ལག་ལ་བྱམས་ཀླས་པར་མཁས་པ་པཎྜི་ཏ་ཛ་ནར་དྷ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་པར་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཡེ་ཤེས་སྙིང་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་
བརྩེགས་ཀྱི་འགྱུར། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ་དང༌། ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང༌། ལོ་ཙཱ་བ་ཡེ་ཤེས་སྙིང་པོས་བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་
བརྩེགས་ཀྱིས་ཞུས་པ་རྣམས་བཞུགས་སོ།། །།གསུམ་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཀྱི་དགོངས་འགྲེལ་ལ། བཀའ་སོ་སོའི་དགོངས་འགྲེལ་དང༌། སྤྱིའི་དགོངས་འགྲེལ་གཉིས་ཀྱི་བཀའ་ལུང་སོ་སོའི་དགོངས་འགྲེལ་ལ། རྩ་བའི་ལུང་

གི་དགོངས་འགྲེལ་དང༌། བཤད་པའི་ལུང་གི་དགོངས་འགྲེལ་གཉིས་ལས། དང་པོ་ལ། རྩ་བའི་ལུང་སོ་སོར་ཐར་པའི་དགོངས་འགྲེལ་ནི། དུ་པ་ལ། སོ་སོར་ཐར་པའི་མདོའི་གཞུང་འགྲེལ་གྱི་སྟོད་བཞུགས་སོ།། །།ནུ་པ་ལ། སོ་སོར་ཐར་པའི་མདོའི་གཞུང་འགྲེལ་གྱི་སྨད་སློབ་དཔོན་
དཔའ་བོས་མཛད་པར་གྲགས་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར། འདི་ལ་ཤློ་ཀ་དགུ་སྟོང༌། བམ་པོ་ཉི་ཤུ་རྩ་བདུན་ནོ། །སོ་སོར་ཐར་པའི་འགྲེལ་པ་འདུལ་བ་བསྡུས་
པ་ཞེས་བྱ་བ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པ་བམ་པོ་བཅུ་གསུམ་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཤཱཀྱ་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་བ་ལ། སླད་ཀྱིས་ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རྒྱལ་བ་ཤེས་རབ་དང༌། ཤཱཀྱ་
བཤེས་གཉེན་གྱི་འགྱུར་རྣམས་བཞུགས་སོ།། །།པུ་ཕུ་བུ་གསུམ་ལ། སོ་སོར་ཐར་པའི་མདོའི་རྒྱ་ཆེར་འགྲེལ་པ་ཀུན་ལས་བཏུས་པ་སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་
ན་མི་ཏྲ་དང༌། སརྦ་ཛྙཱ་དེ་ཝ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་བ། འདི་ལ་ཤློ་ཀ་ཁྲི་ལྔ་སྟོང་ཡོད། བམ་པོ་ནི་བདུན་ཅུར་བྱས་སོ། །སོ་སོར་ཐར་པའི་མདོའི་འགྲེལ་པ་མཛད་བྱང་འགྱུར་བྱང་མེད་པ་ཅིག་རྣམས་བཞུགས་སོ།། །།མུ་པ་ལ། སོ་སོར་ཐར་
པའི་འགྲེལ་པ་མི་བརྗེད་པའི་དྲན་བྱེད་མཛད་བྱང་མེད་པ། རྒྱ་གར་གྱི་མཁན་པོ་ཛཱ་རནྡྲ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ཟེར་བ་ཅིག །སོ་སོར་ཐར་པའི་ཚིག་གི་བརྗེད་བྱང་དཱ་ན་ཤཱི་ལས་མཛད་པར་གྲགས་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་
པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར། སོ་སོར་ཐར་པའི་འགྲེལ་པ་ཚིག་གི་དགའ་བ་བསྐྱེད་པ་ཞེས་བྱ་བ་མདོ་སྡེ་འཛིན་པ་ཀ་ལྱཱ་ན་མི་ཏྲས་ཉེ་བར་སྦྱར་བའི་དུམ་བུ་ཅིག །འདུལ་བ་བྱ་བའི་ཕུང་པོ་མཇུག་མ་ཚང་བ་ཅིག་རྣམས་བཞུགས་སོ།། །།

ཙུ་པ་ལ། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་མཛད་བྱང་དང་འགྱུར་བྱང་མེད་པ་ཅིག་བཞུགས། གཉིས་པ་བཤད་པའི་ལུང་གི་དགོངས་འགྲེལ་ལ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་པ་མདོ་སྡེ་འཛིན་པ་དགེ་ལེགས་
བཤེས་གཉེན་གྱིས་མཛད་པ། གསོ་སྦྱོང་གི་གཞི་དགག་དབྱེའི་འཕྲོ་བམ་པོ་བཅུ་གཉིས་པ་ཡན་ཆད་མཇུག་མ་ཚང་བ་རྣམས་བཞུགས་སོ།། །།ཚུ་པ་ལ། འདུལ་བ་ལུང་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བ་ལྷས་མཛད་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་
སྨྲ་བའི་འདུལ་བ་འཛིན་པ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་བ་འདི་ལ་ཤློ་ཀ་ནི་ལྔ་སྟོང་ཆིག་བརྒྱ། བམ་པོ་ནི་བཅུ་བདུན་དུ་བྱས་པ་རྣམས་བཞུགས་སོ།། །།ཛུ་པ་ལ། འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་སློབ་
དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བུདྡྷ་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། འདུལ་བ་ལུང་བླ་མའི་བྲེ་བྲག་ལུང་ཞུ་བའི་འགྲེལ་པ་མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་འགོ་མཇུག་གཉིས་ཀ་ནས་མ་ཚང་བ་ཅིག་བཞུགས་
སོ།། །།ག