Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
ེད་བར་འགྲུབ་འགྱུར་བཤད། །དེ་ལྟར་ཕྱོགས་མཚམས་བརྒྱད་པོ་ལ། །ཤར་ནས་བརྩམས་ཏེ་ལེགས་པར་གནས། །ཤར་ཕྱོགས་བདག་པོ་ཉི་མ་སྟེ། །མིག་དམར་མེ་ཡི་ཕྱོགས་གནས། །གཤིན་རྗེ་ཕུར་བུ་ལྷས་མཆོད་མ། །གཟའ་ལྷག་
བདེན་བྲལ་ཕྱོགས་ནག་ནས། །པ་སངས་ཆུ་བདག་ཕྱོགས་ཞེས་དྲན། །རླུང་ཕྱོགས་བདག་པོ་སྤེན་པར་གྲགས། །ཟླ་བ་ནོར་གྱི་བདག་པོའི་ཕྱོགས། །སྒྲ་གཅན་དབང་ལྡན་སྦྱོད་ཡུལ་ལོ། །བྱ་རྒོད་ཁྲ་དང་གོང་མ་སྲེག །དེ་བཞིན་ནེ་ཙི་ཁྲུང་ཁྲུ་དང་། །རྨ་བྱ་འུག་པ་འཕྲིན་བྱ་སྟེ། །འདབ་
ཆགས་བརྒྱད་དུ་ཡོངས་སུ་གྲགས། །འདི་ལྟར་རིམ་བཞིན་ཨ་སྡེ་དང་། །ཀ་སྡེ་ཙ་སྡེ་དེ་བཞིན་ཏེ། །ཊ་སྡེ་ཏ་སྡེ་ཞེས་བྱ་བ། །བ་ཡི་སྡེ་ཚན་བཅས་པ་དང་། །ཡ་ཚན་ཤ་ཚན་བྲི་བར་བྱ། །ཡ་ཡི་སྡེ་ཚན་བཅས་པ་དང་། །ཤ་ཡི་སྡེ་ཚན་ཚང་མར་ནི། །རེ་མིག་བརྒྱད་ལ་ལེགས་

པར་དགོད། །སྡེ་ཚན་བརྒྱད་བོ་རང་རང་གི །དུས་ཀྱི་སྟོབས་ནི་འདིས་ཤེས་འགྱུར། །བྱ་རྒོད་དང་ནི་ཁྲ་ཧོར་བ། །ཉིན་མོའི་ལྷག་ལ་སྟོབས་ཆེར་འགྱུར། །རྨ་བྱ་དང་ནི་ཁྲུང་ཁྲུང་དག །ཐོ་རངས་དུས་ཚེ་སྟོབས་སུ་འགྱུར། །སྲིན་བྱ་དང་ནི་གོང་མ་སྲེག །
ཉི་མའི་གུང་ལ་སྟོབས་ཆེར་གསལ། །ནེ་ཚོ་དང་ནི་འུག་པ་དག །མཚན་མའི་དུས་ལ་སྟོབས་ཆེར་གྲགས། །འུག་པ་དང་ནི་ནེ་ཚོ་དག །དགུན་ཟླ་གསུམ་ལ་སྟོབས་ཆེར་འགྱུར། །རྨ་བྱ་ཁྲུང་ཁྲུང་ཞེས་བྱ་བ། །དཔྱིད་ཟླ་རྣམས་ལ་སྟོབས་ཆེར་གསལ། །གོང་མ་སྲེག་ཅེས་གྲགས་པ་
ཡང་། །དབྱར་ཟླ་གསུམ་ལ་བདེ་ལེགས་བྱེད། །ཁྲ་ནི་སྟོན་ཟླ་གསུམ་ལ་སྟོབས། །བྱ་རྒོད་དང་ནི་སྲིན་བྱ་དག །ཟླ་བ་ཀུན་ལ་སྟོབས་ཆེར་བརྗོད། །གཅིག་དང་དགུ་པ་བྱ་རྒོད་སྟོབས། །གཉིས་དང་བཅུ་བ་དེ་བཞིན་ཁྲ། །གསུམ་པ་དང་ནི་བཅུ་གཅིག་ལ། །གོང་མ་སྲེག་ཀྱང་
སྟོབས་ཆེར་བྱེད། །དེ་བཞིན་བཞི་དང་བཅུ་གཉིས་ལ། །ནེ་ཚོའི་སྟོབས་ནི་འབྱུང་བར་གསལ། །ཁྲུང་ཁྲུང་ཞེས་བྱར་གྲགས་པ་ནི། །ལྔ་དང་བཅུ་གསུམ་ཚེས་ལ་དྲན། །དྲུག་དང་བཅུ་བཞིའི་ཚེས་གྲངས་ལ། །རྨ་བྱའི་སྟོབས་ནི་ཆེ་བ་ཡིན། །བདུན་པ་དང་ནི་བཅོ་ལྔ་བ། །འདབ་
ཆགས་འུག་པ་སྟོབས་སྐྱེར་འགྱུར། །བརྒྱད་ལ་སྲིན་བྱ་སྟོབས་འཕེལ་གྲགས། །བླ་མ་བརྒྱད་པའི་རིམ་གྱིས་སོ། །དེ་ལྟར་དུས་ཀྱི་སྟོབས་བཤད་པ། །ལྷ་མོ་འདྲི་བ་རྣམས་ལ་བརྗོད། །དབང་པོར་བྱ་རྒོད་ཉི་མའི་རིས། །ཨ་ཡི་མིང་ཅན་སྟོབས་ཆེར་འགྱུར། །དེ་ལྟར་གཟའ་དང་སྡེ་
ཚན་རྣམས། །ཕྱོགས་རྣམས་ཀུན་ལ་ཤེས་པར་བྱ། །ཉིན་མཚན་ཆ་དང་ཚེས་གྲངས་དང་། །ཟླ་བའི་བྱེ་བྲག་རབ་ཤེས་བྱ། །དེ་ལྟར་མིང་གི་སྡེ་ཚན་ལས། །སྟོབས་ཀྱི་བྱེ་བྲག་ཤེས་པར་བྱ། །གང་གི་རིགས་ཡིན་བྱེ་བྲག་བྱེད། །དེ་ལ་སྟོབས་དང་སྟོབས་མིན་ཤེས། །ནེ་ཚོ་ལ་ནི་
སྟོབས་གཅིག་སྟེ། །ཧོར་བའི་ཁྲ་ལ་སྟོབས་གཉིས་བྱེད། །རྨ་བྱ་ལ་ནི་སྟོབས་གསུམ་སྟེ། །གོང་མ་སེག་ལ་བཞི་འགྱུར་རོ། །ཁྲུང་ཁྲུང་ལ་ནི་ལྔ་ཞེས་དྲན། །དེ་བཞིན་འུག་པ་དྲུག་འགྱུར་གསལ། །འུག་པའི་བདུན་འགྱུར་སྲིན་བྱར་བརྗོད། །བྱ་རྒོད་བརྒྱད་འགྱུར་བསྟན་པ་ཡིན། །

འདབ་ཆགས་འཁོར་ལོ་འདི་ལྟ་བུ། །ལེགས་པར་ཟུང་ཤིང་དབང་མོ་ཆེ། །དེ་ནས་གཞན་ཡང་བཤད་པར་བྱ། །ཚངས་པའི་འཁོར་ལོ་ཆེན་པོ་དེ། །ལྷ་ཡི་ཡུལ་ན་སྔར་མེད་པ། །འཕྲལ་དུ་ཕན་འདོགས་བྱེད་པ་ཡིན། །སྨིན་དྲུག་ནས་ནི་བརྩམས་ནས་ནི། །རྒྱུ་སྐར་དགུ་ཚན་གསུམ་ལ་
བྲི། །རིམ་པ་གསུམ་དུ་བཀོད་པ་ལ། །གདོང་ཚུགས་ཞེས་བྱ་རི་སྲས་མོ། །རིམ་པ་གསུམ་གྱི་རྒྱུ་སྐར་ལ། །བསོད་ནམས་སྡིག་ཅན་གང་གནས་བལྟ། །སྐྱེས་པ་ཕུན་ཚོགས་མ་ཚོགས་དང་། །སོ་སོའི་དེ་བཞིན་བསྒྲུབ་བྱ་དང་། །ངེས་སྦྱིན་བྱམས་པ་དེ་བཞིན་དུ། །ཕ་རོལ་བྱམས་
དགོད་མཛེས་མ་ཀྱེ། །སྐར་མ་གསུམ་ལ་གདོད་ཚུགས་ནི། །ཐེ་ཚོམ་མེད་པར་རྟོགས་པར་བཤད། །གཡས་གཡོན་གྱི་ནི་སྡུག་བསྔལ་ཞིང་། །རིམས་དང་ནོར་ཉམས་ལ་སོགས་བྱེད། །གསུམ་དང་གཉིས་གཅིག་འཇོམ་པ་ལས། །ཆེ་འབྲིང་བྱེ་བྲག་གཤེས་པར་བྱ། །བསོད་ནམས་
གཟའ་ཡིས་དགེ་ཞིང་བཟང་། །སྡིག་ཅན་རྣམས་ཀྱིས་མི་ཤེས་བྱེད། །བསོད་ནམས་སྡིག་ཅན་འདྲེན་མར་གནས། །འབྲས་བུའི་སྟོབས་ནི་འདྲེན་མར་གསལ། །གཟའ་རྣམས་སྐར་མར་གནས་བལྟས་ཏེ། །དེ་ཡི་སྟོབས་ཀྱིས་འབྲས་བུ་སྐྱེད། །ཉི་མ་སྒྲ་གཅན་མིག་དམར་དང་། །སྤེན་
པ་སོང་བའི་སྐར་མ་རྣམས། །གལ་ཏེ་སྐར་མ་གསུམ་ལ་འཛོམ། །དེ་ཡི་སྲོག་ནི་འཛོམས་པར་དྲན། །བསོད་ནམས་ཅན་གནས་བདེ་བར་མཐོང་། །འདྲེན་མས་འབྲས་བུ་འདྲེན་མར་གསལ། །འདི་ལ་བསོད་ནམས་སྡིག་ཅན་ནི། །གང་གནས་འབྲས་བུ་སྟོབས་ཆེར་འགྱུར། །དེ་ནས་
ཀླུ་ཡི་འཁོར་ལོ་མཆོག །ཉོན་ཅིག་ལྷ་ཡི་གཟུགས་ཅན་མ། །ཉིན་ཞག་སྐར་མ་ནས་བརྩམས་ཏེ། །ཁ་ནས་མཇུག་མའི་བར་དུ་བྲི། །ཁ་དང་མདུན་དང་གསུས་པ་དང་། །དཔྱི་དང་མཇུག་མ་མགུལ་པ་དང་། །དཔུང་བ་ལྟེ་བ་གསང་གནས་ཏེ། །ཀླུ་ཡི་འཁོར་ལོ་རིམ་པ་བཞིན། །
གསུམ་གསུམ་མཉམ་པར་དགོད་པ་ལས། །འདི་ཡི་འབྲས་བུ་རྣམ་པར་སྟོན། །མགུལ་པ་གསུས་པ་དབྱི་དང་ནི། །འཇུག་མ་མདུན་ལ་མི་དགེ་བ། །འཆི་ལ་སོགས་ཤེས་བྱ་སྟེ། །ནད་པ་རྣམས་ལ་བསྟན་པ་ཡིན། །ཁ་དང་ལྟེ་བར་སྐྱེས་སྐར་ཡོད། །ནོར་རྙེད་ན་ནི་ཞི་བར་འགྱུར། །

ཕྲག་པར་རྣམ་པར་རྒྱལ་འགྱུར་ཏེ། །གསང་པར་དོན་ཉམས་ངེས་པར་མཐོང་། །གདེངས་ཀའི་འཁོར་ལོ་གང་བཤད་པ། །མིང་གི་རྒྱུ་སྐར་ལས་ཤེས་བྱ། །དེ་ནས་གཞན་ཡང་བཤད་པར་བྱ། །སྦྲུལ་བྱི་འཁོར་ལོ་བཙུན་མོ་ཉོན། །སྦྲུལ་གྱི་གཟུགས་ནི་བྲི་བར་
བྱ། །དེ་ཡི་རྩ་གསུམ་གནས་པ་ལ། །ཐ་སྐར་ལ་སོགས་རིམ་པ་བཞིན། །ནམ་གྲུའི་མཐར་ཐུག་བྲི་བར་བྱ། །རྩ་གསུམ་བརྒྱད་པའི་འཁོར་ལོ་ལ། །གར་གནས་གཟའ་ཡི་འབྲས་བུ་བརྟག །ཉི་མ་མིག་དམར་སོང་བའི་རྩེ། །སྤེན་པ་རཱ་ཧུ་གང་གནས་པ། །གལ་ཏེ་འོག་མ་དག་
ལ་སོང་། །ནད་མེད་ནད་འབྱུང་ནད་ཅན་འཆི། །བཞིས་འཆི་གསུམ་གྱིས་ནོར་ཉམས་བྱེད། །གཉིས་ཀྱིས་གཉེན་བརླག་གཅིག་གིས་ནི། །ནོར་ཉམས་གཉེན་རྣམས་རིམས་ནད་འབྱུང་། །བུད་མེད་སྡུག་ཅིང་རང་དབང་མེད། །རང་གི་སྐར་མ་གནས་པ་ལས། །བསོད་ནམས་ཡོད་ན་བདེ་
ལས་བྱེད། །གལ་ཏེ་རྩེ་ནི་གཅིག་ལ་སོང་། །དེ་ལ་དཔོན་གཡོག་དགེ་བར་དྲན། །ནོར་རྙེད་ཐམས་ཅད་མཐུན་པར་འགྱུར། །བློ་དང་ལྡན་པར་ཤེས་པར་བྱ། །པར་མའི་རྩ་ལ་སོང་བ་ན། །གྲོང་དང་ཡུལ་ཁྱིམ་བདེ་བར་གསལ། །རྩ་གཅིག་ལ་ནི་སོང་བ་ལ། །བདག་ཉིད་བདེ་ཞིང་
སྐྱིད་པ་ཡིན། །ཆུང་མ་ཁྱོ་དང་ལྷམ་ཅིག་ཏུ། །རྩ་ནི་གཅིག་ལ་སོང་བ་ན། །མྱུར་དུ་ཁྱོ་ནི་འཆི་བར་འགྱུར། །ཆུ་མ་རིང་དུ་སྤང་བར་བྱ། །རང་གི་རྩ་ལ་བསོད་ནམས་སྣང་། །ཤིས་པའི་འབྲས་བུ་མདུན་ན་སྡོད། །དེ་ནས་གཞན་ཡང་བཞིན་བཟངས་མ། །གདུགས་ཀྱི་འཁོར་ལོ་
བཤད་ཀྱིས་ཉོན། །ཐ་སྐར་ལ་སོགས་ནམ་གྲུའི་མཐའ། །རྩ་བཞི་ལ་ནི་བརྒྱན་པར་བྱ། །རྩ་རྣམས་ལེགས་པར་གསལ་བ་ལ། །རྒྱུ་སྐར་རྣམས་ནི་ཉམས་པར་དགོད། །མགོ་དང་ནག་པ་མོན་གྲུ་ལ། །གདུགས་ཀྱི་ཡུ་བར་ཡོངས་སུ་གྲགས། །ཉི་མ་སྒྲ་གཅན་མིག་དམར་དང་། །སྤེན་
པ་མགོ་དང་ལྷན་ཅིག་ལ། །གལ་ཏེ་ཕུར་བུ་ཡང་དག་གནས། །ཤར་གྱི་རྒྱལ་བོ་སྲོག་དང་བྲལ། །བརྒྱ་ལ་ཕུར་བུ་མེད་སྲེག་ན། །ནད་ཀྱིས་ཐེབས་པར་འགྱུར་བ་ཡིན། །དེ་ལྟར་ནག་པར་གཟའ་ལག་གནས། །དབུས་ཀྱི་རྒྱལ་བོ་དེ་བཞིན་ནོ། །མོན་གྲུ་ཟླ་བ་ཡང་དག་གནས། །ནུབ་ཀྱི་

རྒྱལ་བོ་སྔར་བཞིན་དྲན། །དེ་ནས་གཞན་ནས་གསུངས་བ་ཡི། །ཤིན་ཏུ་གསང་ཞིང་བདེན་བྱེད་པ། །སེང་གེའི་གདན་རབ་གྲགས་པ་ཡི། །འཁོར་ལོ་བཤད་ཀྱིས་དཀར་མོ་ཉོན། །གང་གིས་ཤེས་པའི་འཁོར་ལོ་ཡི། །བསྟན་བཅོས་མཐར་ཐུག་རྟོག་པར་འགྱུར། །འཇིག་རྟེན་རྣམས་ཀྱི་
བྱེད་པ་པོ། །སེམས་ཀྱི་རྒྱལ་བོ་འདི་ཤེས་འགྱུར། །ཐ་སྐར་ལ་སོགས་དགུ་རྣམས་དང་། །དེ་བཞིན་མཆུ་ལ་སོགས་པ་དང་། །སྣྲུབས་ལ་སོགས་པའི་རྒྱུ་སྐར་རྣམས། །ངོས་རེར་དགུ་དགུ་བྲི་བར་བྱ། །དེ་ལ་ནོར་བུ་ནས་བརྩམས་ཏེ། །ཆོས་ཀྱི་བར་དུ་དགུ་པ་དགོད། །ཡུལ་དང་ཡུལ་དུ་རྒྱུ་
སྐར་ཚོགས། །དེ་དང་དེ་ཡོད་ལྷ་ཆེན་མ། །མོན་གྲུ་དེ་བཞིན་མགོ་དང་ནི། །ནག་པ་རྣམས་ནི་དབུ་མ་ལ། །སེང་གེའི་གདན་གྱི་ངོས་རྣམས་སུ། །ལྷ་མོ་དེ་ལྟར་གྲགས་པ་ཡིན། །མོན་གྲུ་བྱང་གི་ཡུལ་དུ་བརྗོད། །དབུས་ཀྱི་ཡུལ་དུ་མགོ་ཞེས་གྲགས། །ལྷོ་ཕྱོགས་ནག་པ་ཞེས་བྱ་བ། །འདི་ནི་
ཡུལ་དེར་ཤེས་པར་བྱ། །ནོར་བུ་རྟ་དང་དེ་བཞིན་གདུགས། །རྔ་མ་ཞེས་བྱ་ལྷས་མཆོད་མ། །སེང་གེའི་གདན་དང་གླང་པོ་ཆེ། །བུ་ཏི་དང་ནི་དེ་བཞིན་གསེར། །ཆོས་ནི་རྒྱུ་སྐར་རྣམས་ལ་སྟེ། །རིམ་པ་བཞིན་དུ་རེ་རེ་དགོད། །གདུགས་དང་སེང་གེའི་གདན་དང་ནི། །རྔ་མ་དག་ལ་རིམ་པ་
བཞིན། །ཇི་ལྟར་ཉི་མའི་དབུས་གནས་པ། །དེ་ཡི་འབྲས་བུ་ལྷ་དབང་མ། །ཡུལ་དེའི་རྒྱལ་པོ་ལྷོ་ཕྱོགས་འགྲོ། །ནོར་བུ་ལ་སོགས་གང་ལ་ཤར། །དཀོན་པར་འགྱུར་ཏེ་ཐེ་ཚོམ་མེད། །སེང་གེ་གདན་གྱི་འཁོར་ལོར་གྲགས། །དེ་ནས་གཞན་ཡང་བཤད་པར་བྱ། །མདའ་གཞུའི་འཁོར་
ལོ་ཞེས་བྱ་བ། །གང་གིས་ཤེས་པ་གཡུལ་དུ་ནི། །རྒྱལ་ཕམ་མཚན་ཉིན་ངེས་པར་སྟོན། །གཞུ་དང་རྒྱུད་དང་མདའ་བཅས་བའི། །མདའ་གཞུ་འཁོར་ལོ་མཉམ་པར་བྲི། །ཉི་མ་འཁྱུད་པའི་སྐར་མ་ནས། །གསུམ་གསུམ་རིམ་པ་བཞིན་དུ་བྲི། །མདའ་ཡི་ལྟོང་དང་རྐེད་པ་དང་། །མདེའུ་
རྣམས་ལ་རིམ་པ་བཞིན། །གཞུ་མཆོག་གཡས་དང་ཚངས་པ་དང་། །གཡོན་པར་གསུམ་གསུམ་ངེས་བར་བྲི། །གཞུ་རྒྱུད་གཡོན་དང་དབུ་མ་དང་། །གཡས་སུ་གསུམ་གསུམ་རིམ་པར་བྲི། །རང་གི་སྐྱེས་པའི་སྐར་མ་དེ། །ཇི་ལྟར་གནས་པས་ཤེས་པར་བྱེད། །མདའ་ཡི་ལྟོང་ལ་སོང་ན་

འཆི། །རྐེད་པར་ནད་འབྱུང་རྩེ་མོར་རྒྱལ། །གཞུ་རྒྱུད་དབུ་མས་དོན་ཉམས་ཤིང་། །ཚངས་བ་ལ་སོང་ནོར་རྣམས་ཟད། །གཞུ་མཆོག་གཡས་པ་དགྲ་ལས་རྒྱལ། །གཞུ་རྒྱུད་གཡས་པས་རྙེད་པ་འབྱུང་། །གཞུ་མཆོག་གཡོན་པས་རྩོད་འགྱུར་འཆི། །གཞུ་རྒྱུད་
གཡོན་བས་འཆི་བར་མཐོང་། །དེ་རྣམས་ཀུན་ལ་སྡིག་ཅན་གནས། །མེ་དགེ་འབྲས་འབྱུང་རི་སྲས་མོ། །གལ་ཏེ་བསོད་ནམས་སྦྱོར་བ་ཡོད། །ཤིས་པའི་འབྲས་བུ་ངེས་བར་མཐོང་། །བསོད་ནམས་སྡིག་ཅན་འདྲེས་མར་གནས། །འབྲས་བུ་འདྲེས་མར་མཐོང་བ་ཡིན། །དེ་ནས་གཞན་ཡང་
བཤད་པར་བྱ། །རལ་གྲིའི་འཁོར་ལོ་དགེ་བ་ཅན། །གང་གིས་ཤིས་པས་འདྲི་བྱེད་ཀྱི། །གཡུལ་ལས་རྣམ་པར་རྒྱལ་བར་འགྱུར། །གཞན་དུ་གསུང་བའི་འཁོར་ལོ་གང་། །དགེ་དང་མི་དགེ་རྣམ་དཔྱོད་བས། །བསྟན་བཅོས་རྒྱུད་ཀྱི་མཚན་ཉིད་ལས། །མྱུར་དུ་འདི་ནི་ངེས་པར་མཐོང་། །རལ་གྲི་
འཛིན་པའི་སྐྱེས་བུ་ལ། །སྨིན་དྲུག་ལ་སོགས་རིམ་བཞིན་བྲི། །རྩེ་མོར་ལྔ་སྟེ་ཁ་ལ་གཉིས། །རྐེད་པར་བཅུ་དང་ཡུ་བར་བཅུ། །རྩེ་མོར་སོར་བརྒྱད་གནས་པ་ལས། །རྐེད་པ་དེ་ཡི་འགྱུར་གྱིས་གནས། །ཁ་དང་ཡུ་བ་དག་ལ་ནི། །བྱེ་བྲག་ཡོངས་སུ་ཤེས་པར་བྱ། །ཁ་དང་རྐེད་པར་སྡིག་ཅན་
སོང་། །རང་ཉིད་དགེ་བར་འགྱུར་བ་སྟེ། །རལ་གྲིའི་རྩེ་མོར་སྡིག་ཅན་གནས། །བདག་ཉིད་ཉམས་པར་འགྱུར་པ་ཡིན། །ཁ་དང་རྐེད་པར་བསོད་ནམས་ཡོད། །བདག་ཉིད་མི་དགེ་བྱེད་པར་དྲན། །དྲག་དང་ཞི་བ་གཉིས་ཀ་ཡོད། །དགེ་དང་མི་དགེ་འདྲེན་མར་འབྱུང་། །རྩེ་མོར་ཞི་དྲག་
གཉིས་ཀ་ཡོད། །དེ་ལ་འཐབ་རྩོད་འབྱུང་མི་འགྱུར། །གལ་ཏེ་རྩེ་མོར་བསོད་ནམས་སྣང་། །རྒྱལ་དང་རྙེད་དང་བདེ་བར་འགྱུར། །རྐེད་པར་དགེ་སྡིག་འདྲེན་མར་གནས། །འཁྲུལ་པ་འདུམ་པར་འགྱུར་མ་ཡིན། །བསོད་ནམས་སྡིག་ཅན་བདག་ཉིད་ལི། །སློབ་ཀྱིས་ཆེ་ཆུང་འབྲས་བུར་སྟོན། །
དེ་ལྟར་རིགས་པས་ལེགས་བརྟགས་སྟེ། །གཞན་ལས་བརྗོད་པས་འབྲས་བུ་སྟོན། །དེ་ནས་བུམ་པའི་འཁོར་ལོ་མཆོག །པ་ཊའི་མཚན་ཉིད་ཤེས་པར་བྱ། །ཤར་གྱི་བུམ་པ་ལུག་དང་ནི། །སེང་གེ་གཞུ་ནི་རྣམ་པར་གནས། །གླང་དང་བུ་མོ་ཆུ་སྲིན་རྣམས། །ལྷོ་ཡི་བུམ་པར་

གནས་པར་བརྗོད། །འཁྲིག་པ་སྲང་དང་བུ་མོ་ནུབ། །བྱང་དུ་ཀརྐ་སྡིག་པ་ཉ། །ཕུང་པོ་བཞི་ལ་བསྡུས་པ་ཡི། །བུམ་པའི་རྣམ་པ་རིམ་པ་བཞིན། །ཉི་མ་གར་ཡོད་སྟོང་བ་སྟེ། །མེད་པ་གང་བའི་བུམ་པ་མཐོང་། །སྟོང་པར་ཕྱིན་ན་འཆི་བར་རིག །གང་བའི་སར་ནི་རྒྱལ་ཞིང་
ཤིས། །གང་བའི་སར་ནི་བསོད་ནམས་ཡོད། །དེ་ལ་རང་གི་སྐར་མ་སྣང་། །དགྲ་ཐུལ་དོན་འགྲུབ་རྙེད་པ་སྟོན། །དེ་ལས་བཟློག་ན་མི་དགེ་ཉིད། །བུམ་བའི་འཁོར་ལོ་རབ་ཤེས་པ། གཞན་དུ་མ་བསྟན་གངས་རིའི་བདག །དེ་ནས་ཡང་དག་བཤད་པར་བྱ། །པདྨའི་འཁོར་ལོ་དགེ་བ་མཆོག །
བྱེས་འགྲོ་སྐྱེས་བུའི་འཚོ་འཆི་དང་། །དགེ་དང་མི་དགེ་ཤེས་པར་འགྱུར། །པདྨ་འདབ་མི་བརྒྱད་པ་འདི། །ལྟེ་བ་བཅས་པ་བྲི་བར་བྱ། །ལྟེ་བར་བཞི་ནི་བྲི་བར་ཏེ། །ལྷག་མ་འདབ་མ་རྣམས་ལ་དགོད། །ཤར་གྱི་འདབ་མའི་ཕུང་བོ་ལ། །ནང་དུ་འཇུག་པ་མཉམ་པར་བྲི། །མེ་མཚམས་ཕྱི་རོལ་
འཐོན་པ་དང་། །དེ་བཞིན་ལྷོ་ཕྱོགས་ནང་དུ་འཇུག །བདེན་བྲལ་འདབ་མ་ཕྱི་རོལ་འདོན། །ཆུ་ཡི་འདབ་མ་ནང་དུ་འཇུག །རླུང་ཕྱོགས་ཕྱི་རོལ་འཐོན་པར་དྲན། །གནོད་སྦྱིན་འདབ་མ་ནང་འཇུག་ཡིན། །དབང་ལྡན་ཕྱི་རོལ་འཐོན་པ་སྟེ། །དེ་ལྟར་རིམ་པ་ཇི་བཞིན་བྲི། །ཉིན་ཞག་སྐར་མ་ནས་
བརྩམས་ཏེ། །འདབ་མ་རྣམས་ལ་གསུམ་གསུམ་ནི། །ཤར་ནས་བརྩམས་ཏེ་བྲི་བར་བྱ། །དབུས་སུ་མཇུག་མ་བཞི་ཡང་བྲི། །ནང་དུ་འཇུག་དང་ཕྱིར་འཐོན་དང་། །དགེ་དང་མི་དགེ་ཤེས་པར་བྱ། །སྐྱེས་བུའི་སྐར་མ་པདྨ་ལ། །གང་ལ་གནས་པ་མ་འཁྲུགས་བརྟག །འདི་ལ་དགེ་དང་མི་དགེ་
བའི། །འབྲས་བུ་ཤེས་བར་འགྱུར་བ་ཡིན། །འདི་ལ་ལྔ་ཚན་ལྔ་དང་ནི། །ལྷག་མ་གསུམ་དུ་ཡོངས་སུ་གྲགས། །དང་པོ་ལ་ནི་བརྟན་པར་གནས། །དེ་བཞིན་ཆས་ཤིང་ལམ་ཞུགས་དང་། །ལམ་ནི་ཕྱེད་ན་གནས་པ་དང་། །དེ་བཞིན་བཞི་ཆར་གནས་པ་དང་། །དེ་བཞིན་མུལ་དུ་ཕྱིན་པ་རྣམས། །
རིམ་པ་བཞིན་དུ་གྲགས་པ་ཡིན། །ནང་དུ་འཇུག་པའི་རྣམ་ལྔ་ལ། །བདེ་ཞིང་རྙེད་པ་ཆེ་བ་དང་། །ནད་མེད་རྒྱལ་དང་གྲགས་པ་ཡི། །ཀུན་དུ་དགེ་བར་བསྟན་པ་ཡིན། །ཕྱི་རོལ་མཐོན་པ་ལྔ་པོ་ལ། །དབུ་མ་གནས་པ་ཉིད་དང་ནི། །བཏང་སྙོམས་སུ་ཡང་བསྟན་པ་སྟེ། །དེ་ལྟར་ཤེས་བྱ་རི་སྲས་མོ། །

ལྷག་མ་གསུམ་གནས་པ་ལས། །དེ་ཡི་འབྲས་བུ་མི་དག་བྱེད། །དང་པོར་ནོར་ནི་རྣམ་པར་ཉམས། །གཉིས་པ་ནད་ཀྱིས་ཐེབས་བར་མཐོང་། །གསུམ་བས་ཁྱིམ་དུ་སླེབས་ནས་ཀྱང་། །འཆི་བར་འགྱུར་རོ་གངས་རིའི་བདག །པདྨའི་འཁོར་ལོ་སྟོབས་
བསྟན་པ། །འདི་ནི་རྣམ་པར་ཤེས་བྱ་སྟེ། །ཏ་ཏྐཱལ་སྐར་མ་ལ་གནས་པའི། །གཟའ་ཡི་དགེ་དང་མི་དགེ་བྱེད། །ད་ནི་འདབ་མའི་གྲངས་ཀྱིས་བཤད། །བརྒྱད་ཀྱིས་དགེ་དང་མི་དགེ་འབྱུང་། །དང་པར་བསྟན་པར་གནས་པ་སྟེ། །ལས་ཀུན་འགྲུབ་པར་བསྟན་པ་ཡིན། །གཉིས་པ་ཆ་
ཤས་ནོར་ཤོར་དང་། །རྙེད་པ་འབྱུང་བར་བསྟན་པ་ཡིན། །གསུམ་པ་ལམ་ཞུགས་ནད་དང་ནི། །རྙེད་པ་མེད་པར་བསྟན་པ་ཡིན། །བཞི་པར་འཆི་དང་རྙེད་ནས་འཆོར། །རྙེད་པ་མེད་པར་བསྟན་པ་ཡིན། །ལྔ་བ་སླེབས་འགྱུར་ནོར་མེད་འཆི། །སྐྱིད་པར་ཡང་ནི་བསྟན་པ་ཡིན། །དྲུག་པས་
ཕྱིར་ལ་ལོག་པ་དང་། །ལུས་ཀྱང་སྐྱིད་པར་འགྱུར་བ་ཡིན། །བདུན་པ་སླེབས་འགྱུར་ནོར་རྙེད་ལོག །སྡུག་བསྔལ་འབྱུང་བར་བསྟན་པ་ཡིན། །བརྒྱད་པར་མྱུར་དུ་སླེབས་པ་དང་། །ནད་འབྱུང་སྡུག་བསྔལ་ཆེན་པོ་འབྱུང་། །དེ་ལྟར་རྙེད་དང་མི་རྙེད་དང་། །བདེ་སྡུག་འཚོ་དང་འཆི་བ་དང་། །རྒྱལ་
དང་རྣམ་པར་རྒྱལ་འགྱུར་པའི། །འཁོར་ལོ་བདག་གིས་དེ་བཤད་ཡིན། །གླིང་དང་ཉི་མ་ཟླ་བ་དང་། །བཅུ་བཞིའི་རང་བཞིན་མིག་ཉིད་དང་། །འདོད་པ་ནོར་ལྷ་སྔོན་པོ་དང་། །དུས་ཟླ་དང་ནི་འཇིག་རྟེན་དང་། །ཡུལ་བ་འབྱོར་པ་བུ་ག་དང་། །རོ་དང་ཆེས་དང་རྒྱ་མཆོད་བྱངས། །གུར་
གུམ་གི་ཝང་སྦྱར་བ་ལས། །ཛ་རི་མ་ལིའི་སྨྱུ་གུས་བྲིས། །གཅིག་ནི་བཅུ་དྲུག་ཆ་ཡིན་ཏེ། །ད་ལྟ་ཉིད་དུ་སྐྱེ་བར་འགྱུར། །གཉིས་སོགས་ཆ་ཡི་བྱེ་བྲག་གིས། །ཉིན་ཞག་ཆ་རྣམས་ཤེས་པར་བྱ། །འདི་ནི་མིག་བཅུ་དྲུག་པ། །འཁོར་ལོར་སྐྱེ་བའི་དུས་བསྟན་པའོ། །ཇི་ལྟར་མཆོག་ཏུ་
གསང་བའི། །རྫོང་གི་འཁོར་ལོ་བརྩམས་པར་བྱ། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་བའི་རྒྱུད་ཀྱི་རྒྱལ་བོ་ལས། །པདྨའི་འཁོར་ལོ་བསྟན་པ་ཆེན་པོ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། །།ལྷ་མོས་གསོལ་བ། ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས། །ལྷ་དང་

ལྷ་མིན་ཕྱག་བྱས་པ། །དབང་ཕྱུག་ཆེན་པོ་རྫོང་འཁོར་ལོ། །མཆོག་ཏུ་གསང་བ་བདག་ལ་སྩོལ། །ཇི་ལྟར་བསྡུས་བའི་ཆོ་ག་ལས། །གཟའ་རྣམས་སྤྱོད་པའི་རབ་སྦྱོར་བ། །གངས་ཀྱི་རི་ལས་ཞུགས་པ་ཡི། །བཅོམལྡན་འདས་ལས་མ་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་བ། །གསང་བ་བས་ཀྱང་ཤིན་ཏུ་གསང་། །མཆོག་ཏུ་གསང་བ་ལྷ་མོ་ཉོན། །རྫོང་གི་འཁོར་ལོ་འདི་ལྟ་བུ། །རང་གི་སེམས་ལ་གཞག་པར་བྱ། །རྫོང་དང་གྲོང་དང་དམག་ས་དང་། །བསྟན་བཅོས་ཇི་བཞིན་ཡོངས་སུ་བརྟག གལ་ཏེ་ཕ་རོལ་རྫོང་འཕྲོག་གམ། །བདག་ཉིད་སྲུང་བ་བྱེད་
ཀྱང་རུང་། །འཁོར་ལོའི་བདག་ཉིད་རབ་བརྟགས་ཏེ། །རྫོང་དང་དམག་ས་ཤེས་པར་བྱ། །འདྲི་བྱེད་མདུན་དུ་འོངས་བའི་ཚེ། །ལྷ་ཡི་དབང་ལྡན་མཚམས་སུ་དགོད། །འདི་ལྟར་འཁོར་ལོ་གྲུ་བཞི་ལ། །ར་བ་རིམ་གསུམ་ལྡན་པར་བྲི། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །སྨིན་
དྲུག་ལ་སོགས་རིམ་བཞིན་བྲི། །མཚམས་བཞི་ནང་དུ་འཇུག་པ་སྟེ། །ཕྱོགས་བཞིའི་ཕྱི་རུ་འཐོན་པར་དྲན། །རྫོང་གི་དཀྱིལ་དུ་གནས་པ་ནི། །དྲག་པོ་རྣམ་པ་བཞི་ཡིན་ཏེ། །ལག་དང་མེ་བཞི་ཆུ་སྟོད་དང་། །ཁྲུམས་སྨད་རྣམས་སུ་གྲགས་པ་ཡིན། །ནང་གི་ར་བ་མགོ་དང་དབོ། །སྒྲུབས་
དང་ཁྲུམས་སྟོད་མཚམས་སུ་དགོད། །ནབ་སོ་ནག་པ་ཆུ་སྨད་དང་། །ནམ་གྲུ་རྣམས་ནི་ཕྱོགས་སུ་དགོད། །ར་བ་བར་མར་སྣར་མ་དང་། །གྲེ་དང་སྣྲོད་དང་མོན་གྲེ་མཚམས། །རྒྱལ་དང་ས་རི་གྲོ་བཞིན་དང་། །ཐ་སྐར་རྣམས་ནི་ཕྱོགས་སུ་དྲན། །ར་བ་ཕྱི་མར་གནས་པ་ནི། །སྨིན་དྲུག་
དང་ནི་དེ་བཞིན་མཆུ། །ས་ག་ལྷ་མཚམས་བྱི་བཞིན་དང་། །མོན་གྲུ་བྲ་ཉེ་བརྒྱད་པོ་དགོད། །ཤར་ཕྱོགས་ལ་གནས་ཁྱིམ་བཤད་པ། །ཉ་ལུག་གླང་རྣམས་དེ་བཞིན་དགོད། །བྱང་གི་ཕྱོགས་སུ་གནས་པའི་ཁྱིམ། །འཁྲེག་པ་ཀརྐ་སེང་གེ་དྲན། །དེ་བཞིན་ནུབ་ཕྱོགས་དག་ཏུ་ཡང་། །བུ་
མོ་སྲང་དང་སྡིག་པར་གྲགས། །གཞུ་དང་ཆུ་སྲིན་བུམ་པ་རྣམས། །ལྷོ་ཡི་ཕྱོགས་ན་རྣམས་པར་གནས། །ར་བ་ཕྱི་ནང་བར་མ་ལ། །ཀ་ལཱ་ཨ་པ་རུ་ཏྲ་ཞེས། །རིམ་པ་བཞིན་དུ་བསྟན་པ་ཡིན། །གལ་ཏེ་མིང་གི་སྐར་མ་ནི། །ཀ་ལཱ་ལ་གནས་འཆི་བར་འགྱུར། །ཨ་བ་ལ་གནས་སྟོབས་ཆུང་སྟེ། །གལ་

ཏེ་རུ་ཏྲར་གནས་པ་ན། །ཐེ་ཚོམ་མེད་པར་རྫོང་ཐོབ་འགྱུར། །ནང་མ་བཞི་ལ་དྲག་གཟའ་ཡོད། །ཕྱི་རོལ་དམག་གི་དོན་འགྲུབ་འགྱུར། །བར་མ་དྲག་པོའི་གཟའ་རྣམས་གནས། །ཕན་ཚུན་འཁྲུག་འགྱུར་རིང་ན་ཐོབ། །རྫོང་གི་འཁོར་ལོ་འདི་ལྟ་བུ། །ལྷ་མོ་ས་སྟེང་དག་ན་
དཀོན། །དྲག་པོའི་གཟའ་རྣམས་ཕྱི་ལ་གནས། དམག་དབུང་ཚོགས་པ་དོན་མེད་འགྱུར། །མཚམས་ལ་དྲག་གནས་མཇུག་པ་དགེ །ཕྱོགས་དྲག་ཕྱིར་འཐོན་དགེ་བ་ཡིན། །ནང་མ་བཞི་ལ་བསོད་ནམས་ཤར། །དྲག་པོའི་གཟའ་རྣམས་ཕྱི་རོལ་སོང་། །འཇིག་རྟེན་གསུམ་གྱི་དམག་ཚོགས་ཏེ། །
དབང་ཕྱུག་ལྷ་ཡིས་སྣ་དྲངས་ཀྱང་། །རྫོང་ནི་ཐོབ་པར་མི་འགྱུར་ཏེ། །སླར་ལ་ལྡོག་འགྱུར་བཞིན་བཟངས་མ། །གང་ཚེ་དབུ་མ་བཞི་བོ་ལ། །ཉི་མ་རཱ་ཧུ་སྤེན་པ་དང་། །ས་ཡི་བུ་དག་སོང་བ་དང་། །བསོད་ནམས་གཟའ་རྣམས་ཕྱི་རོལ་སོང་། །བརྒྱ་བྱིན་དཔུང་དང་བཅས་པ་ཡིས། །བསྲུངས་ཀྱང་
རྫོང་ནི་ཐུབ་མི་འགྱུར། །ར་བ་བར་མར་དྲག་གཟའ་གནས། །སྨྲ་བརྗོད་ནོར་གཏོང་ཟེར་བར་འགྱུར། །བར་མ་བསོད་ནམས་གཟའ་རྣམས་གནས། །ཕྱི་རོལ་དམག་དཔུང་ཕམ་པར་གསལ། །ཞི་དྲག་མེད་པར་གནས་པ་ལས། །འདྲེན་མའི་འབྲས་བུ་སྟོན་པར་བྱེད། །དྲག་པོ་ཕྱི་དང་ནང་དུ་སོང་། །
འཁྲུགས་པ་ཆེན་པོ་འབྱུང་བར་འགྱུར། །ཞི་བའི་ཕྱི་དང་ནང་དུ་སོང་། །ཕན་ཚན་འདུམ་པར་ཡོངས་སུ་གྲགས། །རང་དང་དགྲ་ཡི་རྒྱུ་སྐར་ལ། །གཟའ་རྣམས་གང་གནས་ལྟ་བ་གཅེས། །ཞི་དྲག་གདོང་ཚུགས་ཉི་མ་སོང་། །ཁྱིམ་བདག་རྣམས་ལ་མི་དགེ་བྱེད། །མདུང་དང་མདུང་ཆེན་སྦྱོར་བ་
དང་། །ཀ་བའི་སྦྱོར་བ་བརྟག་པར་བྱ། །རྫོང་གི་འཁོར་ལོའི་ཆོ་ག་ལ། །རང་དང་དགྲ་ལ་གནོད་པ་བརྟག །རྒྱན་གྱི་འཁོར་ལོ་བརྟག་པ་དང་། །ཤ་ལ་ཀ་ཡི་གདོང་ཚུགས་དང་། །བརྒྱད་ཅུ་རྩ་གཅིག་འཁོར་ལོ་སོགས། །རྫེས་སུ་མཐུན་པ་ཐམས་ཅད་བརྟག །བི་ཥྚིའི་འཁོར་ལོ་བརྟག་པར་བྱ། །རང་
གི་ཁྱིམ་དང་སྐྱེད་སྐར་བརྟག །ཏ་ཏྐཱལ་དུས་སྦྱོར་བརྟག་པར་བྱ། །དཔལ་ལྡན་རཱ་ཧའི་འཁོར་ལོ་མཆོག །ལས་ཀུན་བྱེད་པར་བརྟག་པར་བྱ། །དགྲ་ཕྱོགས་མི་དགེ་ཐམས་ཅད་བླངས། །བདག་ཉིད་མེད་དེ་མ་ལུས་པ། །དབྱངས་འཆར་རྒྱུད་ལས་གང་བཤད་མཐོང་། །མདོར་ན་ཕ་རོལ་བརླག་པ་

དང་། །བདག་ཉིན་ཅི་ནས་རྒྱལ་བར་འགྱུར། །དེ་ནས་རྫོང་གི་འཁོར་ལོ་མཆོག །རིམ་པ་གསུམ་ལྡན་འདིར་བརྗོད་བྱ། །འདི་འདྲའི་འཁོར་ལོ་སུ་ལ་ཡོད། །བཅོམ་ལྡན་འདས་ལ་འཁོར་ལོ་མངའ། །སྨིན་དྲུག་ནས་ནི་བརྩམས་ནས་སུ། །ར་བ་གསུམ་ལ་དགོད་པར་བྱ། །སྨིན་དྲུག་རྒྱལ་སྐག་
མཆུ་དང་ནི། །ས་རི་ས་ག་ལྷ་མཚམས་དང་། །གྲོ་བཞིན་བྱི་བཞིན་མོན་གྲུ་དང་། །ཐ་སྐར་བྲ་ཉེ་བཅུ་གཉིས་པོ། །ཕྱི་ཡི་ར་བ་རྣམས་ལ་ཡང་། །རིམ་པ་བཞིན་དུ་དགོད་པར་བྱ། །སྣར་མ་ནབ་སོ་གྲེ་དང་ནི། །ནག་བ་སྣྲོན་དང་ཆུ་སྨད་དང་། །མོན་གྲེ་དང་ནི་ནམ་གྲུ་སྟེ། །བརྒྱད་བོ་བར་གྱི་ར་བར་དགོད། །
མགོ་དཔལ་གདང་དེ་བཞིན་དབོ། །མེ་བཞི་སྣྲུབས་དང་ཆུ་སྟོད་དང་། །ཁྲུམས་སྟོད་ཁྲུམས་སྨད་རྣམ་པར་བརྒྱད། །ནང་གི་ར་བར་དགོད་བར་བྱ། །ར་བ་བཞིན་ལ་དཔུང་གི་སྲོག །ནང་མ་བདག་པོའི་སྲོག་ཡིན་ཏེ། །བར་མ་མཉམ་བོར་བསྟན་པ་ཡིན། །དེ་ལ་རཱ་ཧུ་རྒྱལ་པོ་སྟེ། །ལྷག་མ་བློན་པོར་
གནས་པ་ལས། །རྒྱལ་ཕམ་མཚན་ཉིད་སྟོན་པར་བྱེད། །ནང་གི་ཕྱོགས་བཞིར་རཱ་ཧུ་སོང་། །རྫོང་ནི་བླངས་པས་ཆོག་པ་ཡིན། །ཕྱི་རོལ་བཅུ་གཉིས་རཱ་ཧུ་སོང་། །བདག་པོ་ཉལ་བསོད་ནམས་འགྲུབ། །བར་གྱི་ར་བར་རཱ་ཧུ་སོང་། །ཕྱི་ནང་མཉམ་པར་གྲགས་པ་ཡིན། །སྔར་བཤད་ཐུར་མ་བདུན་
པ་ཡི། །འཁོར་ལོ་ཇི་བཞིན་ཤེས་པར་བྱ། །སྤེན་པ་དང་ནི་ཕུར་བུ་དག །གང་གནས་པ་སྟེ་ལེགས་པར་བལྟ། །ར་བ་གསུམ་པོ་གང་ལ་གནས། །འཁོར་ལོ་འདི་ལ་མི་དགེ་ཡིན། །རྫོང་དང་གྲོང་ཁྱེར་རྣམས་སུ་ཡང་། །ཉི་མ་ཡོད་པའི་མི་འགྲོ་སྟེ། །ཉི་མ་ཕུར་བུ་སྤེན་པ་གསུམ། །ལྷན་ཅིག་ཡོད་
པར་འགྲོ་མི་རུང་། །རྫོང་གི་འཁོར་ལོའི་ཆོ་ག་ལས། །སྒྲ་གཅན་ཁ་མཇུག་ལེགས་པར་བརྟག །རྐང་པ་བརྒྱ་བ་ལ་སོགས་པའི། །སྔར་བཤད་ཆོ་ག་ཐམས་ཅད་བརྟག། །རྫོང་དང་རྫོང་གི་བདག་པོ་ཡི། །སྐར་མ་རཱ་ཧུ་ཡོད་དམ་བརྟག །གལ་ཏེ་དེ་ལ་རཱ་ཧུ་སོང་། །རྫོང་དང་བདག་པོ་དག་ལ་ངན། །ནང་
གི་ཕྱོགས་བཞིར་རྰ་ཧུ་སོང་། །རྫོང་ལ་མི་དགེ་ལྷས་མཆོད་མ། །རབ་རྣམས་ཀྱི་རིམ་པ་ལ། །ཇི་ལྟར་གནས་པ་བརྟག་པར་བྱ། །དྲག་པོ་བར་མ་བདག་ལ་སོགས། །ཡུན་རིང་ལོན་ན་འཐོབ་པར་འགྱུར། །སྡིག་ཅན་གཟའ་རྣམས་སྙིང་པོར་ཞུགས། །དེ་ཚེ་ཟླ་བ་བརྟག་པར་བྱ། །ཟླ་བ་གནས་པའི་

ཕྱོགས་གནས་རྒྱུག །དེ་ཚེ་དེ་ནས་རྫོང་འཛོམས་དྲན། །མིག་དམར་རཱ་ཧུ་སྤེན་པ་གསུམ། །བཅུ་གཅིག་སྙིང་པོའི་ཕྱོགས་ཞིག་པོ། །ལག་ལ་སོགས་པ་བཞི་ལ་སོང་། །ཕྱོགས་དེར་ཟླ་བ་གལ་ཏེ་གནས། །ཟླ་བའི་ཕྱོགས་ནས་རྫོང་རླག་བྱེད། །དེ་ཕྱིར་ཟླ་བ་གནས་
པ་བརྟག །སྙིང་བོའི་ཕྱོགས་བཞིར་བསོད་ནམས་སོང་། །བཞི་འམ་གསུམ་མམ་གཅིག་གནས་ཀྱང་། །འཁོར་ལོས་སྒྱུར་བའི་རྒྱལ་བོ་ཡོད། །ལོག་པ་ཉིད་དུ་ཐེ་ཚོམ་མེད། །རྫོང་དང་གྲོང་ཁྱེར་གང་ཡང་རུང་། །ཉི་མ་མིག་དམར་སྤེན་པ་གསུམ། །ནང་གི་རྒྱུ་སྐར་བརྒྱད་ལ་གནས། །གཅིག་ལ་རཱ་
ཧུ་སོང་བའི་ཚེ། །ཕྱི་རོལ་དམག་དཔུང་རྒྱལ་བ་དང་། །རྣམ་པར་རྒྱལ་བར་འགྱུར་བ་ཡིན། །སྨིན་དྲུག་ལ་སོགས་རྒྱུ་སྐར་གསུམ། །དེ་བཞིན་མཆུ་ལ་སོགས་པོ་གསུམ། །ལྷ་མཚམས་ལ་སོགས་གསུམ་དང་ནི། །མོན་གྲུ་ལ་སོགས་གསུམ་པོ་རྣམས། །ནང་དུ་འཇུག་ལ་དགེ་བ་སྟེ། །ཕྱི་རོལ་མཐོན་
ལ་མི་དགེ་བྱེད། །ཀ་བའི་ཡི་གེ་བཞི་བོ་ཡིས། །ཐོ་རངས་རྒྱུ་སྐར་བཅུ་གཉིས་སོ། །ལག་གནས་བྲ་ཉེའི་བར་དུ་ཡང་། །ཕྱི་རོལ་འཐོན་ལ་དགེ་བ་ཡིན། །ཀ་བར་གྲགས་པ་བཞི་བོ་ནི། །ཀུ་སུ་བྟུ་ཏུ་ཞེས་བྱར་དྲན། །སྨིན་དྲུག་ལ་སོགས་གྲྭ་རྣམས་ལ། །རྫོང་དང་བདག་པོའི་སྐར་མ་སོང་། །ཕྱི་ཡི་དམག་ལ་
དགེ་བ་སྟེ། །ལག་ལ་སོགས་པའི་ཕྱོགས་བཞི་ལ། །རྫོང་དང་བདག་པོའི་སྐར་མ་ནི། །རྫོང་སྲུང་རྣམས་ལ་དགེ་པ་ཡིན། །ནང་དུ་འཇུག་དང་ཀ་བ་ལ། །གལ་ཏེ་མིག་དམར་བརྟག་པར་གནས། །དེ་ལ་དམག་ཏུ་ཆས་བ་ན། །དོན་འགྲུབ་རྒྱལ་བར་འགྱུར་བ་ཡིན། །དེ་ལྟར་ནང་དུ་འཇུག་པ་དང་། །
ཀ་བར་མིག་དམར་གནས་པའམ། །ལུག་དང་སྡིག་པའི་ཁྱིམ་དུ་ནི། །གལ་ཏེ་མིག་དམར་ལེགས་པར་གནས། །དྲག་པོ་གཉིས་ནི་འཇོམས་པ་རྣམས། །གྲྭ་ཡི་ར་བ་རྣམས་ལ་གནས། །ནང་དུ་འཇུག་པ་རྒྱལ་མཚན་ཏེ། །སྒྲིམ་མི་དགོས་པར་རྫོང་ཐོབ་འགྱུར། །གཟའ་རྣམས་འཁྱོག་པོའི་
འགྲོས་ལ་སོང་། །དེ་ཚེ་རྫོང་ནི་ཐོབ་པ་མེད། །གང་ཚེ་ཕུར་པ་འཁྱོར་པོར་སོང་། །དེ་ཚེ་ཤར་དུ་མི་དགེ་བྱེད། །མིག་དམར་འཁྱོག་པའི་འགྲོས་ལ་གནས། །རྫོང་གི་ལྷོ་ཕྱོགས་འགྲོ་བ་ན། །པ་བསངས་ནི་འཁྱོག་པ་ལ། །ནུབ་ཀྱི་ཕྱོགས་སུ་འགྲོ་བ་ན། །གཟའ་ལྷག་འཁྱོག་པའི་འགྲོས་བྱེད་

པ། །བྱང་གི་ཕྱོགས་ལ་ངན་པ་ཡིན། །གཞན་ཡང་ཉི་མ་མིག་དམར་དག །གང་གནས་ཕྱོགས་སུ་འགྲོར་མི་རུང་། །སྤེན་པ་བསངས་གཟའ་ལག་ཕུར། །མིག་དམར་འཁྱོག་པོར་སོང་བའི་ཚེ། །རྫོང་ནི་ཐོབ་པར་མི་འགྱུར་ཏེ། །དཔུང་དང་བཅས་བ་ལོག་པར་འགྱུར། །མིག་དམར་དང་ནི་
པ་བ་སངས། །དྲག་པོའི་འགྲོས་ལ་འགྲོ་འདུག་དགེ །འཁྱོག་པོ་ལ་ནི་ཁ་སྨྲས་དང་། །ཟོང་མི་ལོན་སོགས་མི་དགེ་ཡིན། །ཆུ་ཡི་འཁོར་ལོའི་མཆན་ཉིད་ནི། །ཡུལ་གྱི་ཡི་གེ་ཚད་མར་གཟུང་། །བུམ་པ་བརྒྱད་ནི་མཉམ་གནས་པ། །སྡེ་ཚན་བརྒྱད་ཀྱིས་རྣམ་པར་བརྒྱན། །དང་པོའི་ཡི་གེ་གཅིག་
བཟུང་ལ། །དེ་ཡི་གྲངས་ཀྱིས་ཤེས་པར་འགྱུར། །ཨཱ་ལི་སོ་དྲུག་ཤེས་བྱ་སྟེ། །སྡེ་ཚན་ཀཱ་ལི་ཁྲུ་ཞེས་དྲན། །ཤར་ནས་བགྲངས་བའི་བུམ་པ་རྣམས། །སྡེ་ཚན་གང་གནས་འདོམ་གྱི་ཚད། །འདི་ནི་རྫོང་དང་རྫོང་དག་ལ། །ཆུ་ཡི་འཁོར་ལོར་བཤད་པ་ཡིན། །ཇི་ལྟར་རཱ་ཧུའི་ལུས་དང་ནི། །རྒྱུ་
སྐར་གནས་བའི་མཚན་ཉིད་བཤད། །ཉི་ཟླ་རྣམ་པར་གནོན་པ་ཡི། །ལྟོ་འཕྱེའི་གཟུགས་ནི་བྲི་བར་བྱ། །ཁ་ནས་བརྩམས་ལ་སྦྱི་བོར་གསུམ། །མགྲིན་པར་བཞི་ནི་དགོད་པར་བྱ། །རྒྱབ་ཏུ་གསུམ་ནི་བྲི་བར་བྱ། །མཇུག་མར་གསུམ་ནི་ཚང་བར་བྲི། །ཉི་མ་ཟླ་བའི་གྲྭ་གྱུར་བའི། །བི་ཚིན་རཱ་ཧུ་ཞེས་
བྱར་གྲགས། །རྒྱུ་སྐར་རྣམས་ལ་ལོངས་སྦྱོད་པ། །འདི་ནི་ལེགས་པར་བརྟག་བར་བྱ། །ཡན་ལག་ལྡན་པའི་རཱ་ཧུ་ནི། །སྦྲུལ་གྱི་བྱེད་པ་མཉམ་བར་བྲི། །ལྷ་མོ་དེ་ལྟར་ལེགས་བཀོད་ལ། །རཱ་ཧུའི་འབྲས་བུ་བརྟག་པར་བྱ། །དགེ་དང་མི་དགེ་རིམ་པ་རྣམས། །བཤད་ཀྱིས་གངས་རིའི་བདག་མོ་ཉོན། །དེ་ལ་
རང་གི་སྐར་མ་ནི། །རཱ་ཧུའི་ཁ་ལ་སོང་བ་ནི། །གནས་ལས་ཉམས་ཤིང་བུད་མེད་ཤི། །འཆིང་དང་བཅོམ་དང་ཕྱུགས་རྣམས་ཟད། །རཱ་ཧུའི་མགོ་ལ་སོང་བ་ན། །ཁྱིམ་ཚིག་ནོར་ཉམས་འཐབ་རྩོད་འབྱུང་། །ལྐོག་མར་སོང་ན་ཆོས་རྙེད་ཅིང་། །ནོར་རྙེད་དོན་འགྲུབ་བདག་ཉིད་འགྱུར། །གཉེན་དང་ལྷན་ཅིག་
འགྲོགས་པར་བྱེད། །རཱ་ཧུའི་དངོས་གྲུབ་འབྱུང་བར་བྱེད། །རྒྱབ་ཏུ་སོང་ན་འཆི་བ་དང་། །རང་དང་གཉེན་རྣམས་བསུས་པ་ན། །དེ་ལ་སོགས་པའི་འབྲས་བུ་འབྱུང་། །མགུལ་བ་དགེ་བར་གྲགས་པ་ཡིན། །མཇུག་མའི་སྐར་མ་ལ་སོང་ན། །ལྕགས་སྒྲོག་འཆིང་དང་འགྱེལ་བ་དང་། །ལྷུབ་དང་པུས་མོ་

སྣད་པ་དང་། །གནས་ནས་གཡོ་བར་འགྱུར་བ་དང་། །ཀླུ་གནོད་འཇིགས་པ་ཆེན་པོ་འབྱུང་། །སྙིང་ནད་འབྱུང་བ་གཞུག་མས་བྱེད། །ཟླ་བ་ཕུར་བ་གཟའ་ལྷག་དང་། །པ་སངས་སྙིང་བོར་ཆུད་གནས་པ། །རྫོང་ལ་དབུང་གིས་བསྐོར་གྱུར་ཀྱང་། །འཇིགས་ཟོན་མི་དགོས་གངས་རིའི་བདག །ཉི་
མ་མིག་དམར་སྤེན་པ་དང་། །རཱ་ཧུ་སྙིང་པོར་ཆུད་པ་ན། །དགྲ་ཡིས་ལེན་པར་འགྱུར་བས་ན། །རྫོང་བདག་སྡོད་པར་བྱེད་དམ་ཅི། །རིགས་ངན་གཟའ་རྣམས་སྙིང་བོར་སང་། །ཕྱི་རོལ་རྣམ་པར་རྒྱལ་བར་གྲགས། །རིགས་བཟང་གཟའ་རྣམས་སྙིང་བོར་གནས། །རྫོང་བདག་རྒྱལ་བར་བདག་གིས་དྲན། །
གལ་ཏེ་འདྲེན་མར་གནས་པ་ལས། །ཕན་ཚུན་འཁྲུག་པ་འདུམ་པ་ཡིན། །རྫོང་ནི་འཇོམས་དང་སྲུང་བ་ལས། །འདི་ཡི་ཆོ་ག་བཤད་པ་ཡིན། །རིགས་བཟང་རིགས་ངན་ཡང་དག་ཤེས། །ནག་པ་ས་ག་སྣྲོན་དང་ནི། །ཆུ་སྟོད་གྲོ་བཞིན་སྨིན་དྲུག་མགོ །ཐ་སྐར་མཆུ་རྣམས་རིགས་བཟང་ཡིན། །བྲེ་ཉེ་སྣར་
མ་ནབ་སོ་སྐག །ས་རི་ལྷ་མཚམས་ཆུ་སྨད་དབོ། །ཆུ་སྟོད་ནམ་གྲུ་མེ་བཞི་རྣམས། །རིགས་ནི་ངན་པར་སྟོན་པ་ཡིན། །ལག་དང་སྣྲུབས་དང་མོན་གྲེ་དང་། །བྱི་བཞིན་རྣམས་ནི་འདྲེན་མར་དྲན། །རིགས་སྐྱེས་རིགས་མིན་སྐྱེས་བ་ལས། །ཉི་མ་ཟླ་བ་ཕུར་བུ་སྤེན། །རིགས་སྐྱེས་ཞེས་སྐྱེས་ཞེས་བྱ་སྐལ་ལྡན་མ། རིགས་
མི་གྲགས་པ་སླར་ཡང་ཉོན། །མིག་དམར་པ་སངས་རཱ་ཧུ་ལ། །གཟའ་ལག་རྣམས་ནི་རིགས་མིན་སྐྱེས། །མདོར་ན་རྫོང་གི་བྱ་བ་དང་། །ཕ་རོལ་འཇོམས་བར་བྱེད་བ་ལ། །འདི་ཡི་ཆོ་ག་ཤེས་བྱ་སྟེ། །བདག་ཉིད་རྒྱལ་བར་བྱེད་པ་ཡིན། །རྫོང་གི་འཁོར་ལོ་མི་ཤེས་བར། །གཞོམ་འདོད་མུན་པའི་མདའ་བཞུན་
དྲན། །དོན་འགྲུབ་རྒྱལ་བར་བཤད་པ་ནི། །རྫོང་གི་འཁོར་ལོ་ཡོངས་སུ་གྲགས། །དེ་ལྟར་མཆོག་ཏུ་སྒྲོལ་བ་ནི། །མཛེས་མ་ཡིས་ནི་གུས་བས་ཉོན། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་བའི་རྒྱུད་ཀྱི་རྒྱལ་བོ་ལས་རྫོང་གི་འཁོར་ལོ་རྣམ་པར་ཕྱེ་བ་ཆེན་པོ་སྟེ་ལེའུ་བརྒྱད་པའོ།། །།ལྷ་མོས་
གསོལ་བ། །བཅོམ་ལྡན་འདས་ནི་ལྷ་ཡི་མཆོག །ཟླ་བའི་དུམ་བུས་དབུ་བརྒྱན་པ། །ཕ་རོལ་དགྲ་རྣམས་འཇོམས་པ་ལ། །ཤིན་ཏུ་གསང་བའི་རྒྱུད་ཆེན་པོ། །རཱ་ཧུའི་འཁོར་ལོ་ཞེས་བྱ་བ། །གཡུལ་དུ་རྒྱལ་དང་ཕམ་བྱེད་པ། །བདག་ཉིད་གཡུལ་དུ་ཆས་བའི་ཚེ། །གང་གི་ཕྱོགས་སུ་རཱ་ཧུ་འཇོག །རཱ་

ཧུའི་སྤྱོད་ཡུལ་ཇི་ལྟར་ལགས། །དུས་དང་ཕྱོགས་ལ་ཇི་ལྟར་འཆར། །འདྲི་བར་བྱེད་པའི་སྐྱེས་བུ་ལ། །མ་ལུས་བར་ནི་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ལྟར་རཱ་ཧུའི་འཁོར་ལོ་ལ། །ངེས་བའི་གདམས་ངག་བཤད་པར་བྱ། །བདག་གཞན་འཆི་བ་ཐམས་ཅན་ནི། །རྒྱལ་བོ་
རཱ་ཧུ་བྱེད་པར་བྱ། །རྒྱུ་སྐར་རྣམས་ཀྱིས་རིང་བོ་ནས། །རཱ་ཧུ་མཐོང་པར་རྒྱལ་བར་འགྱུར། །མདུན་དུ་བསྟན་ན་ཉི་ཟླ་ཡང་། །ཐལ་བ་བཞིན་དུ་འཇོམས་པར་བྱེད། །མཐོང་བས་འཆི་བར་འགྱུར་བའི་ཕྱིར། །རཱ་ཧུ་རྒྱབ་ཏུ་གཞག་པར་བྱ། །ཉི་མ་སྒྲ་གཅན་མིག་དམར་དང་། །སྤེན་པ་གཡུལ་དུ་མདུན་གནས་སྤར། །
གང་གི་མགོན་པོ་ཟླ་བ་ནི། །མངོན་སུམ་མཐོང་བར་བྱས་ལ་འགྲོ། །ཁྱིམ་གྱི་འཁོར་ལོར་འགྲོ་བ་ནི། །དཔལ་ལྡན་རཱ་ཧུ་སྔར་བཤད་རིག །གྲུ་བཞི་དུམ་བུར་བཅད་པ་ལ། །ཚེས་ཀྱི་རཱ་ཤུའི་ཆར་བ་དང་། །ཡུད་ཙམ་ལ་འཆར་རཱ་ཧུ་དང་། །ཐུན་ཕྱེད་ལ་འཆར་རཱ་ཧུ་དང་། །ཟླ་བ་ཕྱེད་པའི་རཱ་ཧུ་དང་། །དེ་བཞིན་ཟླ་བའི་
རཱ་ཧུ་མཆོག །ཉི་མ་མིག་དམར་སྤེན་རཱ་ཧུ། །རཱ་ཧུ་གདོང་གི་འཁོར་ལོ་སྟེ། །རཱ་ཧུ་ཐམས་ཅད་མདོར་བསྡུས་ཡིན། །ཟླ་བ་གཅིག་ལ་ཉིན་རེ་བཞིན། །ཚེས་ཀྱི་རཱ་ཧུ་ཤེས་པར་བྱ། །འདི་ལྟར་རཱ་ཧུ་དཔེ་ཆུང་ལ། །ཀ་སོགས་གསལ་བྱེད་དགོད་པར་བྱ། །རེ་ཁཱ་བདུན་ནི་གྱེན་དུ་དགོད། །དྲུག་ནི་འཕྲོད་ལ་བྲི་བར་བྱ། །
རླུང་ནས་མེ་ཡི་མཐར་ཐུག་པ། །དབུས་ནས་རེ་ཁཱ་བྲི་བར་བྱ། །སྲིན་པོ་དབང་ལྡན་དེ་བཞིན་ཏེ། །ཀཱ་ལི་རྣམས་ནི་རིམ་བཞིན་བྲི། །དེ་ལ་མེ་ཡི་ཕྱོགས་གནས་པ། །དེ་ཡི་ཡི་གེར་ཡོངས་སུ་གྲགས། །ཧ་ཡིག་རླུང་གི་གྲྭ་རུ་སྟེ། བདེན་བྲལ་མཚམས་ཀྱི་གླུ་རུ་ཡང་། །ཛྷ་ཡི་ཡི་གེ་མཉམ་པར་གནས། །དབང་
ལྡན་གྲྭ་རུ་མ་ཡིག་སྟེ། །ནུབ་ནས་བརྩམས་ཏེ་རིམ་བཞིན་དུ། །ཀཱ་ལི་རྣམས་ནི་ལེགས་པར་དགོད། །གནས་ཇ་ཡི་མཐར་ཐུག་པར། །གཡས་བསྐོར་དང་པོའི་ཕྱོགས་ལས་དགོད། །དེ་ཁཱ་བདུན་དུ་དྲངས་པ་ལ། །ང་ཉ་ཎ་རྣམས་རྣམ་པར་སྤངས། །ཊ་ནས་ཋ་ཡིག་མཐར་ཐུག་པ། །གཤིན་རྗེའི་ཕྱོགས་སུ་དེ་
བཞིན་དགོད། །དྷ་ནས་མ་ཞེས་ཤར་དུ་སྟེ། །དེ་བཞིན་ར་ནས་ས་ཡི་བར། །དྲུག་ནས་བདུན་བདག་ཕྱོགས་མཚམས་སུ། །ཚེས་ལ་རིམ་པ་བཞིན་དུ་བྲི། །དང་པོ་ཀ་ལ་སོགས་པ་ཡི། །ཟུང་གི་དྲུག་ནས་ཡི་གེ་རྣམས། །ཟླ་བ་ལྷ་ཡི་བར་དུ་ཡང་། །དཀར་ཕྱོགས་དག་ལ་གཉིས་གཉིས་ཡིན། །ཤ་

ནས་དྷ་ལ་སོགས་པ་དང་། །ད་ཡིག་ཟུང་དུ་དགོད་པ་སྟེ། །མ་ཡིག་ར་ཡིག་བར་དུ་ཡང་། །ཤར་ནུབ་གཉིས་ལ་རེ་ཁཱ་བདུན། །ཕྱོགས་གཉིས་ལ་ནི་དྲུག་ཏུ་འགྱུར། །ཧ་སོགས་ཡི་གེ་བདུན་པ་གཉིས། །ཡ་ཡིག་གནས་པའི་ཕྱོགས་གཉིས་སུ། །དེ་བཞིན་དུ་ཡང་འགྱུར་བ་
ཡིན། །ནག་པོའི་ཕྱོགས་གཉིས་དག་ལ་ཡང་། །དྷ་ལ་སོགས་པ་རིམ་བཞིན་དུ། །མགོ་དྲངས་ནས་ནི་ཧ་ཡི་བར། །ཕྱོགས་གཉིས་ལ་ནི་དགོད་པར་བྱ། །འདི་ལྟར་དཀར་པོའི་ཕྱོགས་ལ་ནི། །ཀ་ནས་ཐོག་དྲངས་འཆར་བར་འགྱུར། །ཀ་ཡིག་མ་ཡིག་ཐད་ཀར་ནི། །ཤར་ནུབ་ཕྱོགས་ལ་གནས་པ་ན། །མིང་
ཅན་རཱ་ཧུ་འཆར་བའི་སར། །འགྲོ་བར་བྱེད་པ་ཉམས་པར་འགྱུར། །དེ་བཞིན་ཡི་གེ་ཐམས་ཅད་ཀྱི། །ཁ་ཡིག་ཐད་ཀར་འགྲོ་མི་རུང་། །འདི་ནི་གྲྭ་བཞིའི་ཡི་གེ་ཡང་། །ཕན་ཚུན་ཐད་ཀར་རུང་མ་ཡིན། །ནག་པོའི་ཕྱོགས་ལ་ཡོད་པ་རྣམས། །དཀར་པོའི་ཕྱོགས་སུ་དགེ་བ་དེ། །དཀར་པོ་ལ་ཡོད་མིང་ཅན་
རྣམས། །ནག་པོའི་ཕྱོགས་ལ་དགེ་བ་ཡིན། །དེ་ལྟར་ཚེས་ལ་འཆར་བ་ནི། །རཱ་ཧུའི་མཚན་ཉིད་པར་པ་ཏི། །ཚེས་ཀྱི་རཱ་ཧུའི་འཁོར་ལོ་ལ། །ས་གཞི་རབ་མཉམ་ཡིད་འོང་ལ། །གྱེན་དུ་རེ་ཁཱ་བདུན་པ་ལ། །དེ་ལ་རེ་ཁཱ་བརྒྱད་པ་གྲི། །རེ་ཁཱའི་རྩེ་མོ་རྩེ་མོ་ལ། །ཀ་ནས་ཧ་ཡིག་མཐར་ཐུག་བྲི། །ནུབ་ཀྱི་ཕྱོགས་
ནས་བརྩམས་ནས་ནི། །བྱང་གི་བར་དུ་བྲི་བར་བྱ། །དེ་ནས་གཞན་ཡང་བཤད་པར་བྱ། །ཚེས་ཀྱི་རཱ་ཧུ་བཟང་པོ་ནི། །ལྷ་དང་ལྷ་ཅིག་ཐམས་ཅད་མཁྱེན། །དགྲ་རྣམས་ཀུན་ལས་རྒྱལ་བར་མཐོང་། །དབང་མཚམས་མགོ་འཆར་ལྷོ་མཚམས་ནུབ། །དེ་ལྟར་ལེགས་པར་གནས་པ་ཡིན། །འདི་ལྟར་ཚེས་
ཀྱི་བྱེ་བྲག་ལ། །མིང་ལ་འཆར་བར་འགྱུར་བ་ཡིན། །གཅིག་ནས་བདུན་ཀྱི་བར་དུ་ནི། །དབང་བོ་ཆུ་ཡི་ཕྱོགས་གནས་པ། །དབང་པོ་ཕྱོགས་གནས་པ། །དབང་པོ་ཕྱོགས་གྲངས་དགྲ་ཉིད་དེ། །ཕྱོགས་གཉིས་མཉམ་པར་བསྟན་པ་ཡིན། །བརྒྱད་ནས་རྫོགས་པའི་མཐར་ཐུག་པར། །གཤིན་རྗེ་ལུས་ངན་ཕྱོགས་སུ་གནས། །ལུས་ངན་རཱ་
ཧུ་འཆར་བའི་ཚེ། །ཕྱོགས་དེ་སྟོབས་དང་ལྡན་པར་འགྱུར། །དཀར་ཕྱོགས་དང་པོས་ཐོག་དྲངས་ཏེ། །བརྒྱད་ལ་འཆར་ཞིང་ནུབ་པ་ཡིན། །ནུབ་ཏུ་རཱ་ཧུ་གནས་གྱུར་བ། །སྟོབས་དང་ལྡན་པར་འགྱུར་བ་ཡིན། །དགུ་བ་དང་ནི་དང་པོ་ཡང་། །དེ་ཡིས་ཐོག་དྲངས་འཆར་བ་ཡིན། །ལྷོ་ཕྱོགས་རཱ་ཧུ་གནས་བ་ལས། །

དེ་བཞིན་ལྷོ་ཉིད་སྟོབས་ཆེར་འགྱུར། །ཤར་ནས་རཱ་ཧུ་གང་དག་གནས། །ནུབ་ཏུ་སྟོབས་ཆུང་འཇོམས་པར་བྱེད། །དེ་ལྟར་མེ་ལ་སོགས་པ་ཡི། །ཕྱོགས་མཚམས་ཀུན་ལ་ཤེས་པར་བྱ། །ཕྱོགས་ལ་གཟའ་བརྒྱད་འཆར་བ་ནི། །ནག་ཕྱོགས་གསུམ་ལ་དབང་བོའི་ཕྱོགས། །བདུན་ལ་དུམ་བུ་རྩ་གསུམ་པ། །
འཛིན་པའི་ཕྱོགས་ནས་འཆར་བར་འགྱུར། །བཅུ་བ་ནོར་གྱི་བདག་པོའི་ཕྱོགས། །བཅུ་བཞི་རླུང་གི་གནས་ཞེས་དྲན། །དཀར་པོའི་ཕྱོགས་སུ་གྲགས་པ་ལ། །བཞི་ལ་ཆུ་བདག་ཕྱོགས་ཞེས་བྱ། །དེ་བཞིན་བདེན་བྲལ་བརྒྱལ་དུ་གྲགས། །བཅུ་གཅིག་གཤིན་རྗེར་ཤེས་པར་བྱ། །བཅོ་ལྔའི་ཚེས་ལ་མེ་
མཚམས་པ། །བརྒྱད་པོ་ཟླ་བ་གཅིག་ལ་འཆར། །ཤེར་ནས་ནུབ་ཏུ་མི་དགེ་བྱེད། །དབང་ལྡན་ཕྱོགས་གནས་བདེན་བྲལ་འཇོམས། །བྱང་ཕྱོགས་ལྷོ་རུ་དེ་བཞིན་བསྣུན། །རླུང་གནས་འཆར་ཚེ་མེ་མཚམས་བརླག །ཆུ་བདག་ཕྱོགས་ནས་དབང་བོར་འཇོམས། །བདེན་བྲལ་ལ་གནས་དབང་ལྡན་སྤྱོད། །ལྷོ་
ནས་བྱང་དུ་འཇོམས་པ་སྟེ། །མེ་ནས་རླུང་དུ་རྣམ་པར་སྦྱོད། །དེ་ནས་གཞན་ཡང་བཤད་པར་བྱ། །ཡུད་ཙམ་ལ་འཆར་རཱ་ཧུ་ནི། །གང་གིས་རྣམ་པར་ཤེས་ཙམ་གྱིས། །འཐབ་རྩོད་དམག་ཆས་ཤགས་ལས་རྒྱལ། །དབང་ལྡན་གཤིན་རྗེ་རླུང་དབང་པོ། །སྲིན་པོ་ནོར་བདག་མེ་ནས་ཆུར། །ཉི་མ་དབུ་མའི་
ཡུད་ཙམ་བར། །གཡས་བསྐོར་ལྷ་ཡི་དབང་ཕྱུག་མ། །ཉི་མ་དབུ་མའི་མཐའ་ནས་ནི། །ཆུ་ནས་གཡས་སྐོར་གཉིས་ལ་འཆར། །མགོ་ནས་མཇུག་མའི་ཕྱོགས་སུ་འཆར། །མཆན་མོ་དེ་ཉིད་འཆར་བ་ནི། །ཆུ་མེ་ནོར་བདག་སྲིན་པོ་ནས། །དབང་བོ་རླུང་དང་གཤིན་རྗེའི་གནས། །དྲག་པོའི་ཕྱོགས་ནས་ཆུ་
བདག་ཏུ། །དེ་ལྟར་སོ་སོར་འཆང་བར་གྲགས། །ཉིན་བཞིན་མཚན་མོ་དབྱུ་གུ་གཉིས། །ཡུད་ཙམ་རཱ་ཧུ་ཞེས་བྱར་བརྗོད། །དྲག་པོ་ཙོ་ཏ་ཨི་ཏྲ་དང་། །སྭཱ་ར་བྷ་ཊོ་ས་བི་ཏྲ། །ལྔ་བོ་རྣམ་པར་སྣང་མཛད་དང་། །རྒྱལ་བ་ཞེས་ནི་བྱ་བར་བརྗོད། །བྱི་བཞིན་ར་མ་མེད་པ་ནི། །འབའ་ལམ་དང་ནི་རྣམ་རྒྱལ་དང་། །
དགའ་པ་དང་ནི་གཤིན་རྗེ་དང་། །ཆུ་ལྷ་དེ་བཞིན་སྐལ་བ་ཅན་། །དེ་ལྟར་བཅོ་ལྔར་བརྗོད་པ་རྣམས། །ཞི་དང་མ་རུངས་མཚན་ཉིད་ཅན། །དབུ་མའི་ཆ་ལའང་བྱི་བཞིན་དང་། །མཐར་ནི་སྐལ་བ་ཅན་འཆར་བ་དང་། །ལྷ་མོ་བདག་གིས་ངེས་བསྟན་པ། །ཡུད་ཙམ་རཱ་ཧུ་ར་ཡོངས་སུ་གྲགས། །ཉི་མ་

དང་ནི་སྤེན་པ་འཛོམ། །སྤེན་པ་དྲག་པོའི་སྦྱོར་བ་དང་། །ཉི་མ་དང་ནི་སྤེན་པ་དག །བྱི་བཞིན་ལྷན་ཅིག་སྦྱོར་བ་དང་། །ས་ར་བྷཊོ་མིག་དམར་འཇོམས། །གཟའ་འཕོའི་མཚམས་སུ་སྟོབས་ཆེར་འགྱུར། །དེ་ལྟར་དྲག་པོའི་ཡུད་ཙམ་ལྔ། །གང་གནས་ཕྱོགས་ནི་སྟོབས་དང་
ལྡན། །རཱ་ཧུའི་ཕྱོགས་འགྲོ་སྦྱོར་བ་ལ། །ཐོག་མ་མེད་པའི་གཟའ་རྒྱུ་བས། །གཟའ་དང་ལྷ་ད་འཛོམ་པ་ལས། །གདོང་ན་གང་ཡོས་ཐལ་བར་བརླག །དེ་ན་བརྒྱ་བྱིན་སྟོབས་གནས་པ། །སྐད་ཅིག་ཉིད་ལ་ཐལ་བར་བྱེད། །རཱ་ཧུའང་དྲག་ན་འཛོམ་པ་ནི། །སྔོན་དུ་འགྲོ་བ་འཆི་འདོད་ཡིན། །ཡུད་ཙམ་
འཆར་བའི་མཆན་ཉིད་ནི། །གང་ཡིན་སོ་བཟུང་ཤེས་པར་བྱ། །ལྷ་མོ་དང་པོའི་རྐང་པ་ལ། །དགུ་བཅུ་རྩ་དྲུག་ཉིད་དུ་དྲན། །དྲུག་ཅུ་བཅུ་གཉིས་དྲུག་དང་ལྔ། །གསུམ་དང་གཉིས་དང་སྟོང་བར་བཤད། །གཉིས་ནས་བརྒྱད་ཀྱི་མཐར་ཐུག་པ། །ཡུད་ཙམ་དེ་བཞིན་འཆར་བ་ཡིན། །ཁ་ཅིག་
གཅིག་ནས་བདུན་གྱི་བར། །ཡུད་ཙམ་འཆར་ཞེས་ཟེར་བ་ཡོད། །དབུ་མའི་བར་དུ་རིམ་པ་སྟེ། །ཕྱི་དྲོ་རིམ་མིན་ཤེས་པར་བྱ། །དེ་ལྟར་རིམ་པའི་བྱེ་བྲག་ལས། །ཡུད་ཙམ་རིམ་བ་ཤེས་པར་བྱ། །སྔ་དྲོ་ནུབ་ཏུ་བལྟ་བ་སྟེ། །ཕྱི་དྲོ་ཤར་དུ་བལྟ་བར་བྱ། །ཉི་མ་དབུ་མ་གྲིབ་མ་ནི། །གང་ཕྱིར་སྟོང་པ་
ལ་ཞུགས་པ། །ཡུད་ཙམ་ཅིག་ལ་འཕོ་བ་སྟེ། །ལྷག་མ་དག་ནི་མ་ཡིན་ནོ། །གཅིག་གནས་གཉིས་སུ་འཕོ་བ་ཡི། །མཚམས་ནི་མ་རུངས་འཇིགས་པར་སྟོན། །ཡུད་ཙམ་སྟོབས་ཆར་གྲགས་པའི་གཟའ། །འཛོམ་ན་མི་དགེ་འཕོ་མཚམས་ངན། །གཟའ་དང་ཡུད་ཙམ་སྟོབས་ཅན་འཛོམ། །རིགས་
ལྡན་ནུས་པ་ངེས་པར་མཐོང་། །དེ་ནས་གཞན་ཡང་བཤད་པར་བྱ། །ཐུན་ཕྱེད་ཅེས་བྱར་ཡོངས་སུ་གྲགས། །ཐུན་ཕྱེད་རཱ་ཧུའི་རིམ་པ་བཞིན། །ཤར་ཕྱོགས་བདག་པོ་ཉི་མ་སྟེ། །མིག་དམར་མེ་ཡི་ཕྱོགས་ན་གནས། །གཤིན་རྗེའི་ཕྱོགས་བདག་ཕུར་བུ་ཡིན། །གཟའ་ལྷག་སྲིན་པོའི་ཕྱོགས་ན་གནས། །
པ་སངས་ཆུ་བདག་ཕྱོགས་ན་ཡོད། །སྤེན་པ་རླུང་གི་ཕྱོགས་ཞེས་བྱ། །ཟླ་བ་བྱང་ཕྱོགས་རྣམ་པར་སྤྱོད། །རཱ་ཧུ་དབང་ལྡན་ཕྱོགས་ཡུལ་ལོ། །ཐམས་ཅད་དེ་བཞིན་གནས་པ་ཡིན། །རང་རང་རྣམ་པར་སྤྱོད་པ་ལས། །འཆར་བར་འགྱུར་རོ་རྗེ་བཙུན་མ། །གཟའ་རྣམས་ཕྱོགས་ན་འཁོད་པ་ལས། །

དཀར་མོ་སོ་སོར་འཆར་བར་འགྱུར། །དཀར་པོའི་ཕྱོགས་ཀྱི་ཐུན་ཕྱེད་ལ། །ཇི་ལྟར་འཆར་བར་བརྗོད་པར་བྱ། །ཇི་ལྟར་ཉི་མའི་ཉིན་ཞག་ལ། །ཤར་ནས་རཱ་ཧུ་འཆར་བར་འགྱུར། །དེ་ཡང་ཤར་དུ་ཉི་མ་ལ། །ཆུ་ཚོད་བཞི་ནི་ཡང་དག་གནས། །དེ་རྗེས་ཤར་གྱི་ཕྱོགས་ནས་ནི། །བདེན་བྲལ་ཕྱོགས་སུ་
སོང་བ་ལས། །སྲིན་པོའི་ཕྱོགས་ནས་བྱང་ཕྱོགས་འགྲོ། །བྱང་གི་ཕྱོགས་ནས་ཤར་ནས་ནི། །མེ་ཡི་ཕྱོགས་སུ་དེ་བཞིན་འགྲོ། །མེ་ནས་ཆུ་རུ་དེ་བཞི་འགྲོ། །ཆུ་ཡི་ཕྱོགས་ནས་དེ་བཞིན་དུ། །དབང་ལྡན་མཚམས་སུ་གནས་ཤིང་འགྲོ། །དབང་ལྡན་ནས་ནི་ཡི་དགས་ཕྱོགས། །དེ་ནས་སླར་ཡང་རླུང་
གི་ཕྱོགས། །སླར་ཡང་རླུང་ནས་ཤར་དུ་སྟེ། །དེ་ལྟར་མངོན་བར་འགྲོ་བར་གསལ། །དེ་ལྟར་ཕྱོགས་མཚམས་ལམ་འགྲོ་བ། །ཉིན་མོའི་ཐུན་ཕྱེད་བརྒྱ་བོར་གྲགས། །ཇི་ལྟར་ཉིན་མོའི་ཕྱོགས་བཤད་པ། །མཚན་ལ་གཟའ་བརྒྱད་འཆར་བ་ནི། །དབང་བོ་ནས་ནི་རླུང་ཕྱོགས་འགྲོ། །རླུང་ནས་གཤིན་
རྗེའི་ཕྱོགས་རིམ་བཞིན། །སྔར་བཞིན་མཉམ་པར་བསྟན་ནས་ཀྱང་། །ཆོས་ཀྱི་རྒྱལ་བོའི་ཕྱོགས་སུ་སོང་། །ཡི་དྭགས་ནས་ནི་དབང་ལྡན་དུ། །དྲག་པོ་དྲག་མོ་ངེས་པར་མཐོང་། །དེ་ནས་ཆུ་བདག་ཕྱོགས་སུ་འགྲོ། །དེ་ནས་མེ་ཕྱོགས་འགྲོ་བར་དྲན། །མེ་ནས་ནོར་བདག་ཕྱོགས་སུ་འཆར། །
ནོར་བདག་ནས་ནི་བདེན་བྲལ་ཕྱོགས། །འདི་ནི་ལུག་སོགས་ཤེས་པ་ཡི། །ཉི་མའི་ཆོ་གས་དཀར་ཕྱོགས་བརྗོད། །ནག་པོའི་ཕྱོགས་ཀྱི་ཐུན་ཕྱེད་ལ། །སྔ་མའི་ཕྱོགས་སུ་རིམ་བཞིན་འཆར། །དབང་བོ་ནས་ནི་རླུང་ཕྱོགས་འགྲོ། །རླུང་ནས་གཤིན་རྗེའི་ཕྱོགས་སུ་སོང་། །གཤིན་རྗེའི་ཕྱོགས་ནས་
དྲག་པོར་སོང་། །དེ་ནས་ཆུ་བདག་ཕྱོགས་སུ་གནས། །ཆུ་ནས་མེ་ཕྱོགས་རྒྱུག་པར་བྱེད། །མེ་ནས་ལུས་ངན་ཡང་དག་འགྲོ། །བྱང་ཕྱོགས་ནས་ནི་བདེན་བྲལ་མཐར། །དེ་བཞིན་རབ་ཏུ་རྒྱུག་པ་ཡིན། །དེ་ལྟར་ཉིན་མོ་འགྲོ་བ་ཡི། །ཐུན་ཕྱེད་རཱ་ཧུ་ལྷས་མཆོད་མ། །དབྱངས་འཆར་རྒྱུད་ལས་གང་
བཤད་པ། །ཤར་ཕྱོགས་ནས་ནི་བདེན་བྲལ་དུ། །བདེན་བྲལ་ནས་ནི་གནོད་སྦྱིན་ཕྱོགས། །གནོད་སྦྱིན་ནས་ནི་མི་ཕྱོགས་རྒྱུག །མེ་ནས་སོང་བས་ཆུ་ཡི་ཕྱོགས། །ཆུ་ནས་ཤར་ཀར་དུ་འགྲོ་སྟེ། །དབང་ལྡན་མཚམས་ནས་ཤར་ནས་ནི། །ཆོས་ཀྱི་རྒྱལ་བོར་རྒྱུག་པ་ཡིན། །སླར་ཡང་ཡི་དྭགས་

ཕྱོགས་ནས་རླུང་། །ཉི་མའི་ཕྱོགས་ནས་ད་ལྟར་བགྲོད། །ནག་པོའི་ཕྱོགས་ཀྱི་ཉིན་མཚན་ལ། །ཐུན་ཕྱེད་རཱ་ཧུ་མདོར་བསྡུས་ཡིན། །ཇི་ལྟར་གཟའ་ནི་འཕོ་བ་ན། །རཱ་ཧུའི་བགྲོད་པ་འཕོ་བར་སྣང་། །འཆར་བའི་སྔོན་དུ་གང་སྟོན་པ། །རྡུལ་ཕྲན་བཞིན་དུ་ཐལ་བར་བྱེད། །མདུན་ན་
གནས་ན་རྣམ་པར་ཉམས། །རྒྱབ་ཏུ་གནས་ན་རྒྱལ་བར་བྱེད། །ཇི་ལྟར་དཀར་པོའི་ཕྱོགས་ལ་ནི། །བདེན་བྲལ་ལ་སོགས་རྒྱུག་པར་བྱེད། །ནག་ཕྱོགས་གང་གིས་འཇིག་པ་ཡང་། །རླུང་ལ་སོགས་པ་འགྲོ་བར་དྲན། །དེ་ལྟར་ཐུན་ཕྱེད་རཱ་ཧུ་རྣམས། །དབྱུ་གུ་བཞི་ལ་བརྟན་པར་གནས། །དེ་ལྟར་ཐུན་ཕྱེད་
རཱ་ཧུ་ནི། །ཤིན་ཏུ་རྩུབ་པར་འཆར་བས་ན། །མཚན་ཉིད་ལེགས་པར་ཤེས་པ་ཡིན། །མཛེམ་པར་བྱའོ་རྗེ་བཙུན་མ། །ཟླ་ཕྱེད་རཱ་ཧུའི་མཚན་ཉིད་ནི། །མདོར་བསྡུས་པ་ནི་བཤད་པར་བྱ། །འདི་ནི་རྣམ་པར་ཤེས་བ་ཡིས། །གཡུལ་ལ་སོགས་པ་རྩོམ་པ་འགྲུབ། །ཕྱོགས་སུ་རེ་ཁཱ་བཞི་བཙུགས་
པས། །མཉམ་པར་གཞག་པས་གྲུ་བཞི་དྲན། །མེ་ནས་རླུང་གི་བར་དུ་ཡང་། །དབུས་ནས་རེ་ཁཱ་མཉམ་པར་མཐོང་། །ཤར་ནས་དེ་བཞིན་བྱང་གི་ཕྱོགས། །ནག་པོའི་ཕྱོགས་ནི་ཡིན་པ་མཉམ། །ལྷོ་དང་ནུབ་ཀྱི་ཕྱོགས་གཉིས་ཀྱང་། །དཀར་པོའི་ཕྱོགས་སུ་དེ་བཞིན་འགྱུར། །ཟླ་བ་ཉ་ལ་མེ་ཡི་ཕྱོགས། །
གནས་སྟོང་ལ་ནི་རླུང་མཚམས་གནས། །དང་པོ་ཚེས་ཀྱིས་ཐོག་དྲངས་ནས། །ཕྱོགས་ལ་འཆར་བར་འགྱུར་བ་ཡིན། །བྱང་དང་ལྷོ་ནས་འཆར་བའི་ཚེ། །ཚེས་དགུའི་ས་ནས་ཐོག་དྲངས་ཏེ། །ཉིན་ཞག་སོ་སོ་དག་ལ་ནི། །རྫོགས་པའི་བར་དུ་འཆར་བར་འགྱུར། །ནུབ་པའི་ཕྱོགས་བགྲོད་དགེ་བ་སྟེ། །
འཆར་ཕྱོགས་བགྲོད་པ་མི་དགེ་ཡིན། །དཀར་པོའི་བརྒྱད་སོགས་ནུབ་ཕྱོགས་སུ། །ཟླ་བ་ཉ་བའི་བར་དུ་ཡང་། རཱ་ཧུ་གནས་པས་ཤར་དང་ནི། །བྱང་གི་ཕྱོགས་སུ་མི་དགེ་ཡིན། །ནག་ཕྱོགས་གཅིག་ནས་ལྷ་མིན་མཐར། །ཡང་དག་གནས་པ་སྔར་བཞིན་འཇོམས། །ཤར་ནུབ་ཕན་ཚུན་འཇོམས་
པ་དང་། །དེ་བཞིན་ལྷོ་བྱང་ཕན་ཚུན་འཇོམས། །འདི་ནི་རྣམ་པར་ཤེས་ཙམ་གྱིས། །གཡུལ་ལས་རྒྱལ་འགྱུར་རྗེ་བཙུན་མ། །དེ་ནས་གཞན་ཡང་བཤད་པར་བྱ། །གཡུལ་དུ་འཇུག་པར་བྱེད་པ་ལ། །འདི་ནི་རྣམ་པར་ཤེས་ཙམ་གྱིས། །ཉི་མ་རཱ་ཧུའི་འབྲས་བུ་མཐོང་། །ཇི་ལྟར་ཉི་མ་རཱ་ཧུ་

བཞིན། །མིག་དམར་གྱི་ནི་རཱ་ཧུ་དང་། །སྤེན་པའི་རཱ་ཧུ་ཞེས་བྱ་བ། །ལྷན་ཅག་ལམ་དུ་འཇོམས་པར་དྲན། །འདི་དང་ཉི་མ་ཁྱིམ་གཅིག་ཞུགས། །ཉི་མ་རཱ་ཧུར་ཡོངས་སུ་གྲགས། །འཇོམ་པས་མཐོང་བའི་རིམ་པ་ལས། །སྟོབས་ཀྱི་རིམ་པ་ཤེས་པར་བྱ། །དབྱངས་འཆར་རྒྱུད་
ལས་གང་གསུངས་པ། །ཕན་དང་གནོད་པའི་མཚན་ཉིད་ཅན། །གྱེན་དུ་རཱེ་ཁཱ་གསུམ་པ་ལ། །དེ་བཞིན་འཕྲེད་ལ་རེ་ཁཱ་གསུམ། །རེ་ཁཱ་ཕན་ཚུན་བསྣོལ་བ་ཡི། །རྩེ་མོར་ཁྱིམ་རྣམས་དགོད་པར་བྱ། །ཤར་གྱི་ཕྱོགས་ཀྱི་མདུང་རྩེ་ལ། །ལུག་དང་སེང་གེ་གཞུ་གསུམ་འབྱུང་། །དེ་
བཞིན་བྱང་གི་ཕྱོགས་སུ་ཡང་། །ཉ་དང་སྡིག་པ་ཀ་རྐཊ། །གཤིན་རྗེའི་ཕྱོགས་ཀྱི་མདུང་རྩེ་ལ། །བུ་མོ་གླང་དང་ཆུ་སྲིན་དགོད། །ནུབ་ཀྱི་ཕྱོགས་ཀྱི་ཁ་ལ་ནི། །སྲང་དང་བུམ་པ་འཁྲིག་པར་གྲགས། །ལུག་སྲང་དེ་བཞིན་སེང་གེ་བུམ། །གཞུ་དང་འཁྲིག་པ་ཞེས་བྱ་བ། །འཛོམ་པ་
ཕན་ཚུན་གང་གནས་པ། །སླར་ཡང་གཡས་དང་གཡོན་པ་དག །རྐད་པ་རྫོགས་པ་མཐོང་བས་གསོད། །མ་རྫོགས་མཐོང་བས་སྟོབས་ཆུང་འགྱུར། །དེ་ལྟར་མདུང་རྩེ་བཅུ་གཉིས་ཕོ། །ཕན་ཚུན་བསྣོལ་བས་ཤེས་པར་བྱ། །ལྷན་ཅིག་གནས་དང་སྔོན་མར་གནས། །བཞི་རྣམས་མི་
ཐུབ་དགེ་བ་ཡིན། །དེ་ཡང་ལུག་གི་སེང་གེ་དང་། །གཞུ་དང་བུམ་པ་འཁྲིག་པ་དང་། །སྡིག་པ་བུ་མོ་དེ་བཞིན་གླང་། །ཉ་དང་ཆུ་སྲིན་དག་ཉིད་དགེ། །དྲག་པོའི་གཟའ་རྣམས་འཁྱོག་པོར་སོང་། །དེ་ལ་སྟོབས་ཆེར་འགྱུར་བ་ཡིན། །བསོད་ནམས་གཟའ་རྣམས་དྲང་བ་ལས། །སྟོབས་ནི་
ཆེ་བར་གྲགས་པ་ཡིན། །རྣམ་པ་ཀུན་དུ་བལྟ་བ་ཡིན། །གཡུལ་སོགས་མངོན་པར་རྟོགས་པས་འགྲུབ། །མདོར་ན་གཟའ་ཡི་ཕྱོགས་ལ་ནི། །སྟོབས་ནི་ཆེ་ཆུང་བརྟག་པ་ཡིན། །རཱ་ཧུ་སྟོབས་ཆུང་རང་ཕྱོགས་གནས། །ལན་ཅིག་རྒྱལ་ཡང་མཐར་ནི་ཕམ། །དེ་ནས་གཞན་ཡང་
བཤད་པར་བྱ། །རཱ་ཧུ་གདོང་གི་རྒྱུ་སྐར་མཆོག །གང་གི་རྣམ་པར་ཤེས་པ་ཡིན། །རྒྱལ་ཕམ་བདེ་སྡུག་ཤེས་པར་འགྱུར། །བི་ཙེ་ན་རཱ་ཧུ་དང་ལྡན་པའི། །རྒྱུ་སྐར་རྣམས་ནི་བརྟག་པར་བྱ། །དབྱངས་འཆར་རྒྱུད་ལས་གསུངས་པ་བལྟ། །དེ་མེད་རཱ་ཧུས་གསོད་པར་བྱེད། །རཱ་

ཧུ་སོང་བའི་སྐར་མ་ནི། །ཁ་ཡི་ནང་དུ་བྲི་བར་བྱ། །མཆེ་བ་ལ་གཉིས་སྣ་བུ་ག་གཉིས། །སྣ་སྒང་གཉིས་དང་མིག་ལ་གཉིས། །རྣ་བ་གཡོན་བཞི་གཡས་ལ་བཞི། །དཔྲལ་བར་ལྔ་སྟེ་སྤྱི་བོར་གཅིག །ཀོ་སྐོ་ལ་གཅིག་མགྲིན་པར་བཞི། །ཁ་ཡི་ནང་ནས་
བརྩམས་ནས་ནི། །གཡས་སྐོར་དུ་ནི་རིམ་བཞིན་དགོད། །དེ་ལ་འབྲས་བུ་བརྟག་པར་བྱ། །ཁ་ཡི་སྐར་མ་ལ་སོང་ན། །སྡུག་བསྔལ་སྣ་ཚོགས་ལུས་ལ་འབྱུང་། །མཆེ་བ་གཉིས་ཀྱི་སྐར་མ་ལ། །ནད་ནི་འབྱུང་བར་སྟོན་པ་ཡིན། །སྣ་བུག་སྐར་མ་གཉིས་ལ་གནས། །བཙོན་དུ་འཛིན་
པར་འགྱུར་བ་ཡིན། །སྣ་སྒང་གཉིས་ལ་གནས་པ་ལས། །མི་མཐུན་པ་ཡང་མཛའ་བར་འགྱུར། །མིག་གཉིས་དག་གི་སྐར་མ་ལ། །འདོད་པའི་འབྲས་བུ་འབྱུང་ཞེས་དྲན། །རྣ་བ་གཡོན་པའི་སྐར་མ་བཞི། །ནོར་རྣམས་ཟད་བར་བྱེད་པ་ཡིན། །རྣ་བ་གཡས་པ་ལ་གནས་བཞིས། །འདོད་
དོན་ཐོབ་པར་འགྱུར་ཞེས་སྨྲ། །དཔྲལ་བའི་ལྔ་པོས་བུ་ཐོབ་ཅིང་། །བདེ་ཞིང་སྐྱིད་པར་ཡང་དག་སྟོན། །དེ་བཞིན་སྤྱི་བོའི་གཅིག་ལ་ནི། །རང་འདོད་གནས་ནི་ཐོབ་པར་འགྱུར། །ཀོ་སྐོའི་སྐར་མ་གཅིག་པོ་ཡིས། །འབྲུ་དང་བཟའ་བཏུང་ཐོབ་པར་འགྱུར། །མགྲིན་པའི་སྐར་མ་བཞི་པ་ལ། །
རྩོད་དང་རྡེག་སོགས་འབྱུང་ཞེས་བྱ། །འདི་ལྟར་རཱ་ཧུའི་འཁོར་ལོ་ནི། །རྒྱས་པར་བཤད་དོ་ལྷ་ཆེན་མ། །ལྷ་མོས་གསོལ་བ། །སྔར་གསུངས་འཁོར་ལོའི་རིམ་པ་ལས། །དབྱངས་དང་གསལ་བྱེད་ཡི་གེ་རྣམས། །ཇི་ལྟར་འཆར་བ་སྔར་མ་འཚལ། །གཙོ་བོས་བདག་ལ་བཤད་དུ་གསོལ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་བྱུང་ལ་སོགས་ལོ་རྣམས་ལ། །བཅུ་གཉིས་ལྔ་ལ་ཨ་སོགས་འཆར། །དེ་བཞིན་བགྲོད་པ་རེ་རེ་ལ། །ཨ་སོགས་ལྔ་ནི་འཆར་བར་དྲན། །དེ་ཡི་གནས་སྐབས་དག་ལ་ཡང་། །ཉི་མ་ཨ་ཨི་རི་ཨུ་ལྀ། །ཧ་བ་ར་བ་ལ་ཟླ་བ། །མིག་དམར་
ཀ་ཁག་གྷ་ང་། །རཱ་ཧུ་ཏ་ཐ་ཕ་བ་བྷ་མ། །ཕུར་པ་པ་ཕ་བ་བྷ་མ། །ཊ་ཋ་ཌ་ཌྷ་ཎ་སྤེན་པ། །ཙ་ཚ་ཛ་ཛྷ་ཉ་གཟའ་ལྷག །ཨ་ཨེ་ཨར་ཨོ་ཨལ་ཀེཏུ། །ཤ་ཥ་ས་ཧ་ཀྵ་དཀར་པོ། །རགས་དང་ཕྲ་བའི་རིམ་པ་ཡིས། །གནས་སྐབས་ལ་འཆར་རྗེ་བཙུན་མ། །དེ་ལྟར་ཆོ་ག་མ་ལུས་བཤད། །

ད་གཟོད་ཅི་འདོད་བཤད་ཀྱིས་ཉོན། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་མཆོག་ཏུ་གསང་བ་དབྱངས་འཆར་བ་ཞེས་བྱ་བའི་རྒྱུད་ལས། །སྒྲ་གཅན་གྱི་འཁོར་ལོ་རྣམ་པར་ཕྱེ་བ་ཆེན་པོ་སྟེ་ལེའུ་དགུ་པའོ།། །།ལྷ་མོས་གསོལ་བ། །སྤེན་པའི་འཁོར་ལོ་ཇི་ལྟ་བུ། དེ་
ལ་རྒྱུ་སྐར་ཇི་ལྟར་དགོད། །དེ་ཡི་འབྲས་བུ་ཇི་ལྟ་བུ། །བཅོམ་ལྡན་འདས་ལས་བདག་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ལྷ་མོ་བཤད་པར་བྱ། །ཁྱོད་ཀྱིས་ཇི་ལྟར་ཞུས་པ་བཞིན། །སྤེན་པའི་ཡན་ལག་རྒྱུ་སྐར་གྱིས། །དགེ་དང་མི་དགེའི་འབྲས་
བུ་དང་། །སྤེན་པ་རྒྱུ་སྐར་སྤྱོད་པ་ལས། །སེམས་ནི་མཉམ་པར་གཞག་པ་ཡིས། །རྙེད་དང་མི་རྙེད་ཤེས་པ་དང་། །དེ་བཞིན་འཆི་དང་འཚོ་བ་སྟོན། །ས་གཞི་རབ་ཏུ་ཡིད་འོང་ལ། །སྤེན་པའི་གཟུགས་ནི་མཉམ་པར་བྲི། །འཁྱུད་པའི་སྐར་མ་ཁ་ལ་བྲི། །ལག་པ་གཡས་ལ་
བཞི་དགོད་བྲི། །རྐང་པ་གཉིས་ལ་སྐར་མ་དྲུག །ལག་པ་གཡོན་བཞི་སྙིང་གར་ལྔ། །མིག་ལ་གཉིས་ཏེ་སྦྱི་བོར་གསུམ། །དེ་བཞིན་གསང་བའི་གནས་སུ་གཉིས། །དེ་ལྟར་རྒྱུ་སྐར་བཀོད་པ་ལས། །ལྷ་ཡི་བཙུན་མོ་འབྲས་བུ་བརྟག །ཁ་ཡི་སྐར་མ་ལ་སོང་ན། །སྡུག་བསྔལ་
སྣ་ཚོགས་འཚེ་བའམ་འཆི། །གཡས་པ་བཞི་ཡིས་རྙེད་པ་དང་། །རྣམ་པར་རྒྱལ་ཞིང་མི་མཐུན་འཛའ། །རྐང་བའི་སྐར་མས་གནས་ནས་འཕོ། །ནད་འབྱུང་བུ་ཡང་འཆི་བར་འགྱུར། །ལག་པ་གཡོན་བཞིས་རྒྱལ་ས་ཤོར། །ནོར་སྟོར་རང་གི་མཛའ་བོས་གསོད། །སྙིང་
གས་རྒྱལ་པ་རྙེད་པ་དང་། །བུད་མེད་ཐོབ་ཅིང་ཆོས་རྣམས་སྡུད། །མིག་གཉིས་སྐར་མས་ནོར་སྡུད་ཅིང་། །མི་མཐུན་པ་ཡང་མཛའ་བོར་འགྱུར། །མགོ་བོས་བདེ་ཞིང་དགྲ་ཡང་མེད། །གསང་བས་འཇིགས་པ་ཆེན་པོ་འབྱུང་། །ཡུལ་མཐོན་འཆར་ཉེའི་སྡུག་བསྔལ་འབྱུང་། །བུ་
སྨད་དགྲར་འགྱུར་འཐབ་རྩོད་འབྱུང་། །དེ་ལྟར་ཉི་མའི་བུ་ལ་ནི། །རྒྱུ་སྐར་གནས་བའི་འབྲས་བུ་ཡིན། །ཁ་ནས་གསང་བར་བགྲོད་པ་སྟེ། །གསང་བ་ནས་ནི་མགོ་བོར་འགྲོ། །དེ་ནས་མིག་ལ་རྣམ་པར་སྦྱོད། །མི་གནས་སྙིང་གའི་བར་དུ་འགྲོ། །སྙིང་ག་ནས་ནི་ལག་རྐང་གཡོན། །

དེ་ནས་རྐང་བ་ལག་པ་གཡས། །སྤེན་པའི་ལུས་ལ་གནས་པ་ཡི། །རྒྱུ་སྐར་དེ་ལྟར་བསྐོར་བ་ཡིན། །དེ་ལྟར་སྤེན་པ་བཤད་ཟིན་ནས། །གྲོགས་མོ་གཞན་གྱི་ཡན་ལག་བཤད། །བྱ་ཁྱུང་འཁོར་ལོས་མངོན་སུམ་དུ། །འབྲས་བུ་སྟོན་ནོ་ལྷ་ཆེན་མ། །བྱ་
ཁྱུང་གཟུགས་མཛེས་བྲིས་ནས་ཀྱང་། །རྒྱུ་སྐར་རིམ་གྱིས་དགོད་པར་བྱ། །ཉི་མས་འཁྱུད་པའི་སྐར་མ་དེ། །མཆུ་ནས་ཇི་བཞིན་བྲི་བར་བྱ། །བརྒྱད་ནི་རྐང་པར་དགོད་པ་སྟེ། །མིག་ལ་གཉིས་ནི་ལེགས་པར་དགོད། །སྤྱི་བོར་གསུམ་ནི་དགོད་པར་བྱ། །སྙིང་ག་དག་ལ་ལྔ་
ཡིན་ཏེ། །གཤོག་པ་གཉིས་ལ་བརྒྱད་བྲིས་ལ། །དེ་ལས་འབྲས་བུ་བརྟག་པར་བྱ། །མཆུ་ལ་སོང་ན་ལུས་ནད་འབྱུང་། །རྐང་བས་དོན་མེད་མི་དགེ་འབྱུང་། །མིག་གཉིས་ཀྱིས་ནི་དོན་རྙེད་འགྱུར། །སྦྱི་བོའི་དགྲ་རྣམས་འཇོམས་པར་བྱེད། །སྙིང་གས་བུད་མེད་མཉམ་པར་སྦྱོར། །
གཤོག་པས་འཇིགས་པ་ཆེན་པོ་འབྱུང་། །ལྷ་མོ་འདི་འདྲའི་འཁོར་ལོ་ཡིས། །དོན་ནི་ངེས་བར་རྟོགས་པར་འགྱུར། །ཇི་ལྟར་ལྷ་ཡི་གཙོ་མོ་ཡིས། །ཞུས་བཞིན་བདག་གིས་བཤད་པ་ཡིན། །ལྷ་མོས་གསོལ་བ། །བི་ཥྚིའི་འཁོར་ལོ་ཞེས་བྱ་བ། །བོཥྚིའི་རྣམ་པ་ཅི་ཞིག་བཤད། །
ལས་དང་བྱ་བ་ཇི་ལྟར་ལགས། །དབང་ཕྱུག་གཙོ་ལ་བདག་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་ཇི་ལྟར་ཞུས་པ་བཞིན། །བཤད་ཀྱིས་ཉོན་ཅིག་རྗེ་བཙུན་མ། །བིཥྚིའི་རྣམ་པ་བརྒྱད་དུ་བརྗོད། །སྣ་ཚོགས་གཟུགས་ཅན་སྟོབས་ཆེ་བ། །ཐམས་ཅད་
འདུས་པས་བརྒྱད་ཡིན་ཏེ། །མེ་རུ་འབར་བ་ཅན་ཞེས་བྱ། །དབང་པོའི་ཕྱོགས་སུ་ཀ་རཱ་ལཱ། །མ་ཧཱ་གྷོ་ར་དབང་ལྡན་དུ། །བཀྲ་ཤིས་བྱང་གི་ཕྱོགས་སུ་སྟེ། །མ་ཧཱ་ཛི་ཀ་རླུང་གི་ཕྱོགས། །ཆུ་བདག་ཕྱོགས་ན་བཱ་ཏ་བཱ། །མ་ཧཱ་མ་རི་སྲིན་པོའི་ཕྱོགས། །དུས་ཀྱི་ལྕེ་ནི་ལྷོ་ཕྱོགས་
སུ། །བིཥྚི་འདི་རྣམས་ཕྱོགས་མཚམས་གནས། །གཟུགས་དང་ཁ་དོག་སྣ་ཚོགས་པ། །གདོན་གྱི་སྒྲུབ་ཐབས་སྣ་ཚོགས་བསྒྱུར། །ཟླ་བ་ཉ་དང་དེ་བཞིན་གསུམ། །བདུན་དང་བཅུ་དང་འབྱུང་བོའི་ཉིན། །བཞི་དང་བརྒྱ་དང་བཅུ་གཅིག་ལ། །རིམ་པ་བཞིན་དུ་འཆར་བར་

དྲན། །དེ་ལྟར་ཟླ་བ་ཉ་བ་ལ། །མེ་ནས་བིཥྚི་འབར་བ་འཆར། །དབང་ཕྱུག་གིས་ཀྱང་མེ་མཚམས་སུ། །དེ་ཆོ་ཁ་བལྟ་རུང་མ་ཡིན། །དེ་ལྟར་གནས་པའི་གནས་སྐབས་ལ། །ལས་དང་བྱ་བའི་བྱེ་བྲག་ཀྱང་། །མེ་ནས་རླུང་དུ་འགྲོ་བ་དང་། །བརྡེག་བརྡུང་མ་སྤར་ལས་རྣམས་
བྱ། །ཀཱ་རཱ་ལ་ཡི་སྣ་ཚོགས་མཚོན། །རེངས་བའི་ལས་དགེ་ནུབ་ཏུ་དགེ །མ་ཧཱ་གྷོ་རས་རྨོངས་དང་སྲིན། །གནོད་བའི་ལས་རྣམས་བསྒྲུབ་པར་བྱ། །བཀྲ་ཤིས་དགྲ་དང་འཐབ་པ་དང་། །དགྲ་ཡུལ་བགྲོད་པའི་ལས་བསྒྲུབ་བྱ། །མ་ཧཱ་ཛི་ཀ་དྲུག་སྤྱོར་དང་། །སྣ་ཚོགས་མཐུ་ནི་
བསྒྲུབ་པར་བྱ། །བ་ཏ་བཱ་ལ་སྔགས་དང་དབང་། །གསོད་པའི་ལས་བསྒྲུབ་ཤར་དུ་དགེ །དགྲ་ཆེན་མ་ལ་འཁྲུལ་འཁོར་དང་། །སྒྱོགས་ཀྱི་ལས་རྣམས་བསྒྲུབ་པར་བྱ། །དུས་ཀྱི་ལྕེ་ལ་གཞན་སྡུད་བྱ། །སེམས་ཅན་ཐམས་ཅད་བསད་ལ་བསྒྲུབ། །ཅི་ལ་བབ་ཀྱང་བདག་
གིས་ནི། །བིཥྚིའི་གདོང་ནི་སྤང་བར་བྱ། །དེ་ནས་བེཥྚིའི་ལོངས་སྤྱོད་བཤད། །བིཥྚིའི་ཆུ་ཚོད་སུམ་ཅུ་སྟེ། །བིཥྚིའི་གདོང་ལ་ཆུ་ཚོད་ལྔ། །བར་གྱི་ཆ་ལ་བཅུ་བཞི་སྟེ། །ཐ་མ་ལ་ནི་བརྒྱད་དུ་བརྗོད། །གཞུག་མ་ལ་ཡང་གསུམ་དུ་དྲན། །མཚན་མོ་གདོང་གི་མཇུག་མ་ངན། །
མཇུག་དགེ་གདོང་གདུག་ཉིན་མོར་དྲན། །བར་གྱི་ཆ་ལ་ནོར་ཉམས་ཤིང་། །ཐ་མ་ལ་ནི་སྲོག་འཕྲོག་བྱེད། །བདུན་བརྒྱད་ཉ་དང་བཅུ་གཉིས་ལ། །ཉོན་མོའི་བིཥྚི་ཞེས་བྱ་སྟེ། །གསུམ་བཞི་བཅུ་དང་བཅུ་གཅིག་པ། །བིཥྚི་མཚན་མོར་ཤེས་པར་བྱ། །དེ་ལྟར་ཆོ་ག་དབང་
ཕྱུག་མ། །བིཥྚིའི་འཁོར་ལོར་ཡོངས་སུ་གྲགས། །གྷུ་ཛཱ་ཊེ་ཎ་དཀར་ཕྱོགས་ལ། །གུ་ཙྪེ་ཏེ་དྷ་ནག་ཕྱོགས་བརྗོད། །གསལ་བྱེད་ཚེས་སུ་ཤེས་བྱ་སྟེ། །དེ་བཞིན་དབྱངས་ནི་ཐུན་མཚམས་ཉིད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། །དེ་ལྟར་བྱས་ན་གཡུལ་ལས་བརྒྱལ། །
རིང་གི་ཡི་གེ་དང་པོ་ནི། །ཕྱོགས་ཀྱི་དུས་ལ་འཆར་བར་དྲན། །དབྱངས་སྡེ་མཐར་ནི་སྡེ་ཚན་ལྔ། །ཡར་ལ་ཝ་དེ་བཞིན་ཏེ། །ཤ་ཥ་མ་ཧའི་མཐར་ཐུག་པ། །ཕྱོགས་མཚམས་བརྒྱད་ལ་རིམ་བཞིན་དགོད། །མིང་གི་ཡི་གེ་དབྱངས་ལས་སོ། །གཅིག་དང་དགུ་ལ་རང་ཕྱོགས་དགེ །ཀ་སོགས་

རང་གི་ཕྱོགས་ལ་ནི། །གཉིས་དང་བཅུ་ལ་དགེ་བར་དྲན། །ཙ་སོགས་རང་གི་ཕྱོགས་ལ་ཡང་། །གསུམ་དང་བཅུ་གཅིག་དག་ལ་འཛོམ། །ཊ་སྡེ་རང་གི་ཕྱོགས་གནས་པ། །བཞི་དང་བཅུ་གཉིས་ཚེས་ལ་འཆར། །ཊ་སྡེ་རང་གི་ཕྱོགས་ལ་ཡང་། །ལྔ་དང་བཅུ་གསུམ་པ་ཡི་
ཚེ། །རང་གི་ཕྱོགས་སུ་པ་སྡེ་རྣམས། །ཚེ་ནི་དྲུག་དང་བཅུ་བཞི་ལ། །ཡ་ར་ལ་ཝ་རང་ཕྱོགས་ལ། །བདུན་དང་བཅོ་ལྔ་དག་ལ་འཆར། །དེ་ལྟར་ཤ་ཥ་ས་ཧ་རྣམས། །རང་ཕྱོགས་བརྒྱད་དང་གནམ་སྟོང་ངོ་། །ཨ་ནས་ཧ་ཡི་མཐར་ཐུག་པར། །དེ་ལྟར་བདག་ཉིད་ཅན་དུ་བརྗོད། །སྡེ་ཚན་བརྒྱད་
ཀྱི་རིམ་པ་བཞིན། །དང་པོ་ནས་བརྩམས་ཕྱོགས་མཚམས་དགོད། །དེ་ལྟར་རང་གི་དབྱངས་དང་ནི། །གསལ་བྱེད་ཕྱོགས་མཚམས་ཡང་དག་གནས། །དབང་པོར་ཚེས་དང་ཡི་གེའི་གདན། །ཚངས་མ་ཞེས་བྱར་ཡོངས་སུ་གྲགས། །དེ་བཞིན་མེ་རུ་ཡི་གེ་དང་། །ཆོས་ཀྱི་བདག་མོ་གཞོན་
ནུ་མ། །གཤིན་རྗེར་མིང་གི་ཡི་གེ་ལ། །དབང་ཕྱུག་མ་ནི་འཆར་བར་འགྱུར། །སྲིན་པོར་ཡི་གེ་ཆེས་ལ་ཡང་། །ཁྱབ་འཇུག་མ་ནི་འཆར་བར་འགྱུར། །ཆུ་བདག་ལྔ་དང་བཅུ་གསུམ་ལ། །ཉ་ཡི་བདག་མོ་ཕག་ཡིན་ནོ། །རླུང་དུ་དྲུག་དང་བཅུ་བཞི་ལ། །པ་སྡེའི་བདག་མོ་དབང་མོ་དབང་མོ་འཆར། །
བདུན་དང་ཉ་ལ་རྣམ་ཐོས་བུར། །ཡ་ཚན་རྒན་བྱེད་མ་ཡང་འཆར། །དབང་ལྡན་བརྒྱད་དང་གནམ་སྟོང་ལ། །ཤ་སྡེ་སྒེག་མོ་ཆེན་མོ་འཆར། །དེ་ལྟར་ཕྱོགས་མཚམས་ཐམས་ཅད་དུ། །དཀར་མོ་ཚེས་ནི་སོ་སོ་ལ། །མིང་གི་ཡི་གེ་དབང་བྱེད་པ། །རྣལ་འབྱོར་མ་བརྒྱད་འཆར་བར་
གྲགས། །རང་ཕྱོགས་ནས་སོང་རྒྱལ་བ་སྟེ། །དེར་འཇུག་རྣམས་ལ་ཞེ་སྡང་བྱེད། །སྟོབས་ཆེན་ནུས་མེད་ཆས་པ་ལ། །འཁོར་ལོ་བདེན་པར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་བཤད་པར་བྱ། །དུས་སྦྱོར་ཕྱེད་བའི་འཁོར་ལོ་མཆོག །གང་གིས་རྣམ་པར་ཤེས་ཙམ་གྱིས། །ལས་ཀུན་
ཐེ་ཚོམ་མེད་པར་འགྲུབ། །ལྷ་ཡི་གཙོ་མོ་ཞག་གཅིག་ལ། །དུས་སྦྱོར་ཕྱེད་པ་ཉི་ཤུ་བཞི། །ཆུ་སྲང་སུམ་ཅུ་ཆུ་ཚོད་གཉིས། །ལུག་གི་དུས་སྦྱོར་ཕྱེད་པར་འགྱུར། །ཉིན་མོའི་ཆུ་ཚོད་བཅུ་གཉིས་ཀྱིས། །བགོས་པས་ཐོབ་པ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་

ཐོབ་སྲང་། །མཚན་མོ་འང་དེ་བཞིན་ཤེས་པར་བྱ། །དེ་ལས་དུས་སྦྱོར་ཕྱེད་པ་ཡི། །ལོངས་སྦྱོད་རྟོགས་པར་འགྱུར་བ་ཡིན། །ཐོག་མར་དང་པོ་ནས་བརྩམས་ཏེ། གང་འདོད་ལྔས་བསྒྱུར་རེས་གཟའ་བསྣན། །བདུན་གྱིས་ཕྱེ་བའི་ལྷག་མ་རྣམས། །དུས་སྦྱོར་ཕྱེད་པའི་གཟའ་རུ་
འགྱུར། །དུས་སྦྱོར་ཕྱེད་པའི་བདག་པོ་ནི། །དང་བོ་ལ་སོགས་ངེས་པར་མཐོང་། །རངས་ནས་བགྲངས་དྲུག་པ་ལ། །བསྐོར་བ་དུས་སྦྱོར་ཆེ་བདག་གཟའ། །ཉི་མའི་པ་ངས་ཟླ་བའི་སྤེན། །ཕུར་བུའི་མིག་དམར་དེ་བཞིན་སྦྱར། །དྲུག་གི་གྲངས་ལ་བསྐོར་བ་ཡིས། །དུས་སྦྱོར་ཕྱེད་
པའི་བདག་པོ་འབྱུང་། །དྲག་པ་བསོད་ནམས་གཙིགས་པ་ཅན། །བརྟན་པ་སྤངས་པ་སྤོང་བྱེད་མ། །འཆི་བ་དགྲ་དང་དགེ་བ་དང་། །གདུག་པ་གཏུམ་མོ་སྨིན་དྲུག་དང་། །བདུད་རྩིའི་དུས་མཚན་དྲག་བྱེད་མ། །བི་ཀྲམ་དང་སྐྲག་བྱེད་མ། །གོའུ་ཧ་ར་ཞེས་གྲགས་དང་། །རྒྱུ་མའི་
འོད་ཟེར་ཆེན་མོ་དང་། །སྲོག་འཕྲོག་མྱ་ངན་འཆར་བ་མ། །ད་ཧ་ནི་དང་ཀུན་ཐོས་མ། །ཉི་ཤུ་རྩ་བཞི་རེམ་པ་བཞིན། །དུས་སྦྱོར་བྱེད་བའི་མིང་དུ་དྲན། །དྲག་པོ་དང་ནི་གཙིགས་པ་ཅན། །འཆི་བ་དེ་བཞིན་དགྲ་དང་ནི། །དུས་མཚན་སྒྱུ་མ་ཆེན་མོ་དང་། །སྐྲག་བྱེད་མ་དང་སྲོག་
འཕྲོག་མ། །མྱ་ངན་མ་དང་ད་ཧ་ནི། །བཅུ་བོ་རྩུབ་པར་ཡོངས་སུ་གྲགས། །དེ་རྣམས་ཀུན་ལ་དགེ་བ་ཡིན། །ལས་བྱས་འཇིག་པ་འབྱུང་ཞེས་སྨྲ། །ཁ་ནི་གྱེན་བལྟས་ཐུར་བལྟས་དང་། །འཕྲེད་ལ་ལྟ་བ་ཡོངས་པར་སྣང་། །ཉི་མ་སྤྱོད་པའི་རིམ་པ་ཡིན། །དུས་སྦྱོར་
ཕྱེད་པ་ཤེས་པར་བྱ། །དུས་སྦྱོར་ཕྱེད་ལ་གཅིག་ཡིན་ཏེ། །དེ་ལྟར་བྱས་པས་ཉི་ཤུ་བཞི། །གྱེན་ཐུར་འཕྲེད་ཀྱི་མཚན་ཉིད་ཀྱང་། །ངེས་པར་ཉོན་ཅིག་རི་སྲས་མོ། །ཉི་མ་གང་ལ་གནས་པ་ཡིས། །སྔོན་མའི་ཕྱེད་པ་གྱེན་བལྟས་དྲན། །ཉི་མ་དང་ནི་ལྷན་ཅག་པའི། །ཁྱིམ་ནི་
འཕྲེད་ལ་ལྟ་བ་ཡིན། །ཉི་མའི་ཕྱེ་ནས་འགྲོ་བ་ནི། །ཐུར་བལྟས་དུས་སྦྱོར་ཕྱེད་པ་ཡིན། །གྱེན་ཐུར་འཕྲེད་ཀྱི་རིམ་པ་ལྟ། །དགེ་བའི་ལས་ནི་རུང་མ་ཡིན། །དེ་རྣམས་སྤངས་པའི་ཕྱེད་པ་ལ། །དགེ་བའི་འབྲས་བུ་ངེས་པར་མཐོང་། །འདི་ལྟར་ལས་དང་བྱ་

བ་ལ། །ཉིན་མོངས་བྱེད་པའི་དུས་སྦྱོར་ནི། །འཕྲེད་ཐུར་བལྟས་པས་ཉོན་མོངས་པར། །བྱེད་འགྱུར་ལྷ་ཡི་དབང་ཕྱུག་མ། །ཁ་ནི་འཕྲེད་བལྟས་ཐུར་སྦྱོར་གྱི། །ཕྱེད་པས་འཁོར་རྣམས་ཟད་པར་བྱེད། །གྱེན་བལྟས་ཞེས་བྱར་གྲགས་པ་ཡིས། །སྡེ་བའི་དགྲ་
ཀུན་ཕམ་པར་བྱེད། །ཁ་ནི་འཕྲེད་བལྟས་དུས་སྦྱོར་གྱི། །ཕྱེད་པས་དགྲ་ཡང་ཕམ་པར་བྱེད། །རང་གི་དུས་སྦྱོར་བདག་པ་ཡིན། །ཕྱེད་པས་མཐོང་ན་ལས་ཀུན་འགྲུབ། །དེ་ལྟར་དུས་སྦྱོར་ཕྱེད་པའང་། །བཤད་ཟིན་དཔའ་བོའི་དབང་ཕྱུག་མ། །ཟ་བ་ཁྱིམ་ནི་གང་ལ་གནས། །
དེ་ཡི་ཆ་ཤས་ཤེས་པ་ཡིན། །ཐམས་ཅད་ལས་ནི་དེ་བཞིན་དུ། །འགྲུབ་ཅིང་འགྱུར་བར་བྱེད་པ་ཡིན། །པྲ་བྷ་སེ་དང་རང་ལུས་གནས། །འཆི་བ་དགོད་པར་སྐྱེ་བ་དང་། །འབར་བ་དགའ་སྤྱོད་པ་དང་། །མི་མཐུན་བྱེད་པ་སུ་པ་ཏ། །འབྱོར་པ་རྣམས་ནི་རིམ་པ་བཞིན། །
ཟླ་བ་གང་ལ་གནས་པ་ཡི། །ལུག་ལ་སོགས་པའི་ཁྱིམ་ཤེས་པས། །དེ་ཡི་འབྲས་བུ་འབྱུང་བར་འགྱུར། །བརླག་པ་བདེ་ལེགས་འཆི་བ་དང་། །ཏ་ཥྞའི་ནོར་ཐོབ་གསོད་པ་དང་། །དགའ་བ་ཉམས་པ་ངེས་བའི་དགྲ། །རྒྱལ་བ་འཆེ་བ་ལེགས་འོངས་སོ། །དེ་ལྟར་ཁྱིམ་གྱི་
ཆ་ཤས་ཀྱིས། །འབྲས་བུ་རིམ་བཞིན་ཤེས་པར་བྱ། །ཟླ་བའི་ལོངས་སྦྱོད་བཟང་ངན་ལས། །ལས་དང་བྱ་བ་ངེས་པར་མཐོང་། །ཆ་ཤས་བཟང་ངན་གནས་བལྟས་ཏེ། །དགེ་མི་དགེ་ལས་དོན་འགྲུབ་འགྱུར། །ཐུན་ཕྱེད་ཡོངས་སུ་ཤེས་པ་ལས། །རིགས་ལྡན་འཆར་བར་ཤེས་
པར་བྱ། །དགོས་འདོད་ཐམས་ཅད་འགྲུབ་པའི་ཕྱིར། །ཤིན་ཏུ་གཟབ་ལ་སྤང་བར་བྱ། །རཱ་ཧུ་དང་ནི་རིགས་ལྡན་གྱིས། །ཐུན་ཕྱེད་བྱ་བ་ཉམས་པར་བྱེད། །གང་གིས་རིགས་ལྡན་ལོངས་སྦྱོད་པའི། །ཐུན་མཚམས་གང་ཡིན་མི་ཤེས་པར། ཟས་ཞིམ་ཟོས་ཀྱང་ནད་འགྱུར་ཞིང་། །ནད་
པས་སྨན་འཐུངས་དུག་ཏུ་འགྱུར། །སྦྲུལ་སོས་བཏབ་ལ་ཁྱུང་གིས་མིན། །དེ་ཕྱིར་རིགས་ལྡན་སྦྱར་བ་སྤང་། །ཐུན་ཕྱེད་བརྒྱད་དུ་རབ་བརྗོད་པ། །ཉི་མའི་དུས་སུ་རཱ་ཧུ་དང་། །དེ་བཞིན་རིགས་ལྡན་འཆར་བ་དང་། །ཟླ་བ་མིག་དམར་གཟའ་ལྷག་དང་། །ཕུར་བུ་པ་སངས་སྤེན་པ་དང་། །རིམ་གཞིན་དེ་རྣམས་

བརྒྱད་དང་ནི། །བདུན་དང་དྲུག་དང་ལྔ་དང་ནི། །དེ་བཞིན་བཞི་དང་གསུམ་པ་དང་། །གཉིས་དང་གཅིག་ཅེས་བྱ་བ་རྣམས། །གཟའ་རྣམས་སོ་སོའི་ཐུན་བྱེད་མིན། །རིང་ཐུང་མཚན་ཉིད་ཤེས་བྱ་སྟེ། །མཉམ་དུས་ཆུ་ཚོད་གསུམ་དང་ནི། །ཆུ་སྲང་བཞི་བཅུ་རྩ་ལྔར་ལྡན། །དེ་ཡི་ཐུན་ཕྱེད་ཀུན་ལ་སྦྱར། །
གཟའ་རྣམས་ཀྱི་ནི་ཐུན་ཕྱེད་བརྒྱད། །དེ་ལ་འཆར་བ་ངེས་པར་མཐོང་། །ལྔ་དང་བཞི་སོགས་སྦྱར་ཞེས་བྱ། །ཐུན་ཕྱེད་ལོངས་སྦྱོད་བདུན་གྱིས་བསྒྱུར། །དེ་ལ་དྲུག་ཅུས་བགོས་ཐོབ་པ། །ཆུ་ཚོད་དུ་འགྱུར་ལྷག་ཆུ་སྲང་། །དེ་ལྟར་གཟའ་རྣམས་རེ་རེ་ཞིང་། རང་གི་ཐུན་མཚམས་ཕྱེད་དུ་དྲན། །ཟླ་བ་ལ་སོགས་དྲུག་ལ་
སོགས། །དེ་ལ་རིགས་ལྡན་འཆར་བར་འགྱུར། །དྲུག་ལ་སོགས་པའི་བྱེ་བྲག་གིས། །བྱ་བ་ཐམས་ཅད་སྔར་བཞིན་རིགས། །ཉི་མའི་ཆུ་ཚོད་ཉི་ཤུ་དྲུག །ཆུ་སྲང་བཅོ་ལྔའི་སྲས་མོ། །ཟླ་བའི་ཆུ་ཚོད་ཉི་ཤུ་གཉིས། །ལྷ་མོ་ཆུ་སྲང་སུམ་ཅུར་བཞེད། །ཆུ་ཚོད་བཅོ་ལྔ་མིག་དམར་ལ། །ཆུ་སྲང་བཞི་བཅུ་ཞེ་ལྔ་
ཡིན། །གཟའ་ལྷག་ཆུ་ཚོད་བཅོ་ལྔ་སྟེ། །ཆུ་སྲང་སྟོང་བར་ཡོངས་སུ་གྲགས། །ཕུར་བུའི་ཆུ་ཚོད་བཅུ་གཅིག་སྟེ། །ཆུ་སྲང་བཅོ་ལྔ་ཞེས་བྱར་གྲགས། །པ་སངས་ཆུ་ཚོད་བདུན་ཡིན་ཏེ། །ཆུ་སྲང་སུམ་ཅུ་སྤེན་པ་ལ། །གསུམ་དང་བཞི་བཅུ་རྩ་ལྔར་བརྗོད། །དེ་རྣམས་རིགས་ལྡན་ཐུན་མཚམས་ཏེ། །ལས་དང་བྱ་བ་
ཐམས་ཅད་ལ། །ཅི་ལ་བབ་ཀྱང་གཟའ་བར་བྱ། །འདི་ལྟར་དུས་སྦྱོར་ཕྱེད་པ་ནི། །མཉམ་ཚེ་དབྱུ་གུ་གཉིས་དང་ཕྱེད། །དེ་ལ་གཟའ་རྣམས་དབང་བྱེད་པ། །ཆུག་གི་གྲངས་ལ་བསྐོར་བར་དྲན། །ཉིན་མོ་དེ་ཡིན་ལྷང་ཚུན་མ། །མཚན་མོ་དབྱུ་གུ་གཉིས་དང་ཕྱེད། །དུས་སྦྱོར་ཕྱེད་པའི་བདག་པོ་རྣམས། །ལྔ་ལ་རིམ་པས་བསྐོར་
བ་ཡིན། །སྔོན་པའི་ལོངས་སྤྱོད་དུས་སུ་ནི། །རིགས་ལྡན་ཅེ་ནས་སྤང་བར་བྱ། །དགེ་འཇོམས་སྡིག་པ་ཅན་དེ་ནི། །སྤངས་བས་རང་གི་ལས་ཀུན་འགྲུབ། །ཉི་མ་ནས་ནི་པ་སངས་དང་། །ཉི་མ་ནས་ནི་ཕུར་བུ་སོགས། །ཉིན་དང་མཚན་གྱི་དུས་སྦྱོར་བྱེད། །དྲུག་དང་ལྔ་རུ་འགྱུར་བ་ཡི། །དེ་ལྟར་དུས་སྦྱོར་ཕྱེད་ཤེས་པ། །
ལེགས་པར་རྟོགས་སམ་གངས་རིའི་བདག །ཉི་མ་མཐའ་ཡས་ཟླ་བ་ལ། །ནོར་རྒྱས་མིག་དམར་འཇོག་པོར་དྲན། །གཟའ་ལྷག་སྟོབས་ཀྱི་རྒྱུ་ཞེས་བྱ། །ཕུར་བུ་པདྨ་པ་སངས་ནི། །པདྨ་ཆེན་པོར་ཤེས་པར་བྱ། །སྤེན་པ་དུང་སྐྱོང་ཤེས་པར་བྱ། །གླུ་དང་གཟའ་བདུན་རིམ་པ་བཞིན། །ཤེས་པར་བྱའོ་རི་སྲས་མོ། །བརྒྱད་

པ་རིགས་ལྡན་ཉིད་ཡིན་ཏེ། །རཱ་ཧུ་དྲག་པོའི་གཟའ་རུ་འགྱུར། །ཐུན་ཕྱེད་ལོངས་སྤྱོད་གཟའ་རྣམས་ལ། །ཀླུ་རྣམས་འཆར་བར་ཡོངས་སུ་གྲགས། །ཆུ་སྲང་བཅུ་དྲུག་ཉི་མའི་དབུས། །སྤང་བྱ་གཞན་ལ་སྐྱོན་མེད་དྲན། །པ་སངས་མཐའ་མའི་ཆུ་སྲང་བཞི། །གཟའ་ལྷག་སྔོན་མའི་ཆུ་སྲང་གཉིས། །
ཟླ་བའི་དབུས་སུ་ཆུ་སྲང་བརྒྱད། །སྤེན་པའི་མཐའ་མར་ཆུ་སྲང་བཞི། །སུམ་ཅུ་རྩ་གསུམ་ཕུར་བུའི་དབུས། །མིག་དམར་ཐོག་མའི་ཆུ་སྲང་དྲུག །བཟང་པོའི་གཏམ་ཡིན་རི་སྲས་མོ། །རིགས་ལྡན་འཆར་བྲ་ཐེ་ཚོམ་མེད། །ཆུ་ཚོད་ཕྱེད་དང་གསུམ་ལ་ནི། །དུས་སྦྱོར་ཕྱེད་པ་ངེས་བར་མཐོང་། །དྲུག་དང་ལྔ་ནི་རིམ་པ་བཞིན། །
ཉོན་མོངས་ལ་སོགས་ལས་ཤེས་བྱ། །སྤེན་པའི་མཐའ་མར་ཆུ་སྲང་བཞི། །གང་ཡིན་རིགས་ལྡན་འཆར་བར་འགྱུར། །བྱ་བ་ཐམས་ཅད་ཉམས་བྱེད་པས། །ཅི་ནས་འདི་ནི་སྤང་བར་བྱ། །གཟའ་ཡི་ཆ་ལ་ཅི་རིགས་མ། །ཀླུ་རྣམས་འཆར་བར་འགྱུར་བ་ཡིན། །རྒྱ་མཚོ་དྲང་སྲོང་མིག་དང་ནི། །འབྱུང་
བ་དང་ནི་ནོར་ལྷ་མོ། །རོ་སྟེ་ཉི་མ་སོགས་རིམ་བཞིན། །ཐུན་ཕྱེད་སྒྲ་གཅན་དྲག་པོ་དྲན། །འབྱུང་བ་མིག་དང་རོ་དང་མེ། །རི་དང་རྒྱ་མཚོ་ཟླ་བ་ནི། །མིག་དམར་རཱ་ཧུ་ཞེས་བྱ་བ། །གཞན་གསད་པ་དང་དུག་སྦྱོར་འགྲུབ། །དེ་ལྟར་ཐུན་མཚམས་བདུན་པ་དང་། །དྲུག་ལྔ་བཞི་གསུམ་གཉིས་
གཅིག་རྣམས། །ཉི་མ་ལ་སོགས་རིམ་པ་བཞིན། །ཀླུ་ཡི་དྲུག་དེ་ཅི་ནས་འཛེམ། །ཇི་ལྟར་ཉི་མ་ལ་སོགས་པ། །གང་ལ་ཁྱིམ་ནི་འཕོ་བ་ན། །མཐོ་རིས་ལ་སོགས་བདག་པོ་རྣམས། །རིམ་པ་བཞིན་དུ་ཤེས་བར་བྱ། །འཕོ་བ་བཅུ་གཉིས་བདག་པོ་ནི། །སྡིག་ཅན་གྱུར་ན་མི་དགེ་བྱེད། །
བསོད་ནམས་ཀྱིས་ནི་དགེ་བར་སྟོན། །འདྲེན་མས་འབྲིང་བོར་འགྱུར་བ་སྟེ། །མང་ཉུང་ལས་ནི་དགེ་མི་དགེ །འབྲས་བུ་མཐོང་བར་འགྱུར་བ་ཡིན། །ལྷ་མོ་དབྱངས་འཆར་ཞེས་བྱ་བ། །དགོས་དོན་མ་ཚང་མེད་པ་ཡི། །རྒྱུད་འདི་བླ་མའི་མན་ངག་ལས། །ཐེ་ཚོམ་མེད་པར་ཤེས་བར་འགྱུར། །
འཁོར་ལོའི་མཚན་ཉིད་མང་པོ་རྣམས། །གཞུང་གི་མཐར་ཐུག་འདི་ལས་ཤེས། །གང་ཚེ་བླ་མའི་མན་ངག་བྲལ། །དེ་ཚེ་བསྟན་བཅོས་གཞུང་འདི་སྤངས། །གང་ཞིག་ཐམས་ཅད་ལྟས་འདི་ལས། །འབྲས་བུ་མང་པོ་མཐོང་བར་འགྱུར། །ཐམས་ཅད་མཁྱེན་པའི་སྐྱེ་བོས་ཀྱང་། །

དོན་མེད་དགའ་བས་འདིར་ཞུགས་ན། །བཤད་པའི་འཁོར་ལོས་འདྲི་ཕྱེད་ལ། །འབྲས་བུ་ཕྲལ་དུ་མཐོང་བ་ཡིན། །སྐྱེས་པའི་གནས་སྐབས་འཁོར་ལོ་དང་། །དུས་ཀྱི་འཁོར་ལོ་རི་སྲས་མོ། །ཨ་བ་ཀ་ཧ་ཌ་ཉིད་དང་། །ཤ་ཏ་པ་ཏ་སེང་གེའི་གདན། །དེ་བཞིན་རྒྱན་གྱི་འཁོར་ལོ་དང་། །
མཛེས་མ་མཐོང་བའི་འཁོར་ལོ་སྟེ། །དེ་རྣམས་འབྲུ་ཡི་བྱེ་བྲག་ཀུན། །བཤད་དོ་དབའ་བོས་ཕྱག་བྱས་མ། །རཱ་ཧཱའི་འཁོར་ལོ་མང་པོ་ཡང་། །མདོར་བསྡུས་བརྒྱད་བཤད་རི་སྲས་མོ། །ཁྱད་པར་ཡུད་ཙམ་འཁོར་ལོ་འདིས། །འབྲས་བུ་ཆེན་པོ་སྦྱིན་པ་ཡིན། །བཟང་
མོ་དེ་སྙེད་བཤད་པ་འདིས། །ཀུན་ལ་དབྱངས་འཆར་ངེས་བ་ཡིན། །དབྱངས་འཆར་སྤོང་བའི་བླུན་པོ་ནི། །ནོར་བུ་ཕྱུགས་ལ་ཇི་ལྟར་བུར། །ཁ་ཡི་ནོར་བུ་དཔལ་མིན་བཞིན། །སྐྱེས་བུ་བླུན་པོས་མཆོག་འདི་སྨོད། །ཐེ་ཚོམ་མེད་ཅིང་འཇིགས་མེད་པ། །གཡུལ་ལས་
རྒྱལ་བ་སེད་གེ་འདྲ། །རྗེས་སུ་བསྔགས་པའི་སྟོང་གྲགས་ཅིག །འདི་ཡི་ཚད་མཛོད་ལྷས་མཆོག་མ། །ཐེ་ཚོམ་ཐམས་ཅད་གཅོད་པའི་རྒྱུད། །ལྷ་མོས་གསང་བ་ལས་ཀྱང་གསང་། །མཆོག་ཏུ་གསང་བས་རྣ་བཞི་བ། །ཤིན་ཏུ་སྤས་འགྲུབ་ལྷ་མོ་ཀྱེ། །སྡིག་པ་ལ་
བརྩོན་གཡོ་སྒྱུ་ཅན། །ཁྲོ་ཞིང་མ་རུངས་ལས་ལ་དགའ། །མེད་པ་པ་དང་རྒྱུད་འཚོང་བ། །གུས་མེད་རྣམས་ལ་སྦྱིན་མི་བྱ། །བླ་མ་ལ་གུས་སེམས་ཞི་བ། །བདེན་སྨྲ་རྟག་ཏུ་དགེ་ལ་བརྩོན། །བསྟན་བཅོས་དམ་པ་རྙེད་དཀའ་བ། །འདི་ལ་སྦྱིན་བྱ་ལས་མཆོག་མ། །དཔལ་ལྡན་ཁྱུ་
མཆོག་རྒྱལ་མཚན་ལས། །གྲུབ་ཐོབ་ཨུཏླ་ལ་དབྱུ་གུ་དེས། །དབྱངས་འཆར་བསྟན་བཅོས་འདི་ཉིད་ནི། །ས་སྟེང་འཇིག་རྟེན་གསལ་བར་མཛད། །འདི་ནི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ཀྱི་རྒྱལ་བོ་ལས་ལྷག་པའི་ལས་སྣ་ཚོགས་བསྟན་པ་ཆེན་པོ་སྟེ་ལེའུ་བཅུ་བའོ།། །།གཡུལ་ལས་རྣམ་པར་
རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་བོ་དབྱངས་འཆར་བ་ཞེས་བྱ་བའི་བསྟན་བཅོས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བ་ཎྜི་ཏ་དཔལ་ཛ་ཡ་ཨཱ་ནནྡ་ཆེན་པོ་དང་། །བོད་ཀྱི་ལོ་ཙཱ་བ་དགེ་སློང་རྨོངས་པའི་གཉེན་པོ་དགོས་འདོད་ཐམས་ཅད་འབྱུང་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

༄། །ཚེའི་གནས་སྐབས་ཀྱི་འབྲས་བུ་གནོད་པ་འབྱུང་བ་ཞེས་བྱ་བའི་ལས་བཞུགས་སོ།། ༄༅༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །གཟའི་གནོད་པ་སྤང་བའོ། །ཉི་མ་ལ་མེ་ལྟར་མཆོད་པར་བྱའོ། །ཟླ་བ་ལ་ཀླུ་མཆོད་པར་བྱའོ། །མིག་དམར་ལ་ཁྱབ་འཇིག་གི་ཚོགས་ཀྱི་བདག་པོ་
མཆོད་པར་བྱའོ། །ལག་ལ་དེ་བཞིན་གཤེགས་པ་མཆོད། ཕུར་བ་ལ་ལྷག་པའི་ལྷ་མཆོད། །པ་སངས་ལ་གཞོན་ནུ་མ་མཆོད། །སྤེན་པ་ལ་ལམ་མདོའི་ལྷ་མཆོད། རཱ་ཧུ་ལ་ལ་དུར་ཁྲོད་དུ་ཚོགས་བདག་མཆོད། ཀེ་ཏུ་མ་མཆོད་རྟེན་མཆོད་པར་བྱའོ། །ཉི་མ་ལ་ཟས། ཟླ་བ་ལ་ཟས་མི་ཏིག་སྦྱིན་པར་བྱའོ། །མིག་དམར་
ལ་གསེར་སྦྱིན་པར་བྱའོ། །གཟའ་ལྷག་དང་ཕུར་བུ་ལ་གསེར་སྦྱིན་པར་བྱ། པ་སངས་ལ་ལྔ་ཏུལ་པ། སྤེན་པ་ལ་ཉ། རཱ་ཧུ་ལ་ལ་འཆར་སྦྱིན་པར་བྱའོ། །ཀེ་ཏུ་ལ་རིན་ཆེན་སྣ་ཚོགས་སྦྱིན་པར་བྱ། །ཉི་མ་ལ་སྦྱིན་སྲེག་གི་ཆོ་ག་བྱ། སེམས་ཅན་ལ་ཕན་པའི་ཆོག་ཟླ་བ་ལ་བྱ། མིག་དམར་ལ་གཏོར་མའི་ཆོ་ག་བྱ། གཟའ་
ལག་ལ་འཆོས་པའི་ཆོ་ག་བྱ། ཕུར་བུ་ལ་འབྲི་བ་དང་ཀློག་པའི་ཆོ་ག་བྱ། པ་སངས་ལ་ཆུའི་ཆོ་ག་བྱ། སྤེན་པ་ལ་དབང་བསྐུར་བའི་ཆོ་ག་བྱ། རཱ་ཧུ་ལ་ལ་རབ་གནས་དང་ཞི་བའི་ཆོ་ག་བྱ། ཀེ་ཏུ་ལ་རྗེ་བཙུན་བཞེངས་བའི་ཆོ་ག་བྱ། ཀུན་ལ་རིག་བྱེད་ཀྱི་ཆོ་ག་རིམ་གྲོ་དང་། རྡོ་རྗེ་རྣམ་འཇོམས་དང་།
གདུགས་དཀར་པོ་ཅན་དང་། ལྷག་པའི་ལྷའི་བདེན་པ་དང་། དེ་རྣམས་ཀྱི་ཆོ་ག་བཅོམ་ལྡན་འདས་ལ་བསྙེན་བཀུར་བ་ལ་སོགས་པའོ། །ཚེའི་གནས་སྐབས་ཀྱི་འབྲས་བུ་འབྱུང་བའི་གནོན་པ་ཞེས་བྱ་བའི་ལས་རྫོགས་སོ།། །།རྒྱ་གར་ཀྱི་མཁན་པོ་དཔལ་ཚ་ཡ་ཨཱ་ན་ནྡ་དང་། །ལོ་ཙཱ་བ་དགེ་སློང་
རྨོངས་པའི་གཉེན་པོ་དགོས་འདོད་ཐམས་ཅད་འབྱུང་བས་ལམ་བུའི་གྲོང་ཁྱེར་སེ་ལོ་གང་བུའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དུས་སྦྱོར་བདུན་པའི་དུས་སུ་ཉི་མ་འཆར་བར་གྱུར་པ་དེའི་ཚེ་ནད་ཀྱིས་ཐེབས་པར་འགྱུར། མིག་དམར་འཆར་བ་དེའི་ཚེ་རྨ་འབྱུང་བར་འགྱུར་རོ། །
སྤེན་པ་ཤར་ན་དེའི་ནོར་ཉམས་པར་འགྱུར་རོ། །དེའི་ཕྱིར་དེ་རྣམས་སྤང་བར་བྱའོ། སྒྲ་གཅན་ཤར་བར་འགྱུར་པ་དེའི་ཚེ་དགྲ་བརླག་པར་འགྱུར་རོ། །ཟླ་བ་ཤར་བ་གྱུར་པ་དེའི་ཚེ་རྒྱས་པར་འགྱུར་རོ། །གཟའ་ལྷག་ཤར་བར་གྱུར་པ་དེའི་ཚེ་གཡུལ་ལས་རྒྱལ་བར་འགྱུར་རོ། །པ་སངས་ཤར་བར་གྱུར་

པ་དེའི་ཚེ་རྫེས་རྙེད་པ་དང་། །བདེ་བར་བཅས་ཏེ་བུད་མེད་དང་ལྷན་ཅིག་པར་འགྱུར་རོ། །གལ་ཏེ་ཡང་དག་པའི་དུས་ཐམས་ཅད་འཆར་བར་འགྱུར་བ་དེའི་ཚེ་འགྲུབ་