Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 6 / 16 (50.000 ký tự/trang)
ས་སྐུའི་གཟུགས་བརྙན་དུ་བྱས་པའོ། །མངོན་པར་འདུ་བྱས་པའོ་ཞེས་བྱ་
བ་ནི་ལག་གིས་ལས་སུ་བྱས་པའོ། །རང་གི་སྙིང་པོ་ཀུན་བཟླས་ཏེ། །དེ་ཚེ་དཀྱིལ་འཁོར་བལྟ་བར་བྱ། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་རང་གི་སྙིང་པོ་ནི་ཡི་གེ་ཧཱུྃ་སྟེ། དེ་བཟླས་ལ་དཀྱིལ་འཁོར་ཐིག་གདབ་པ་ལ་སོགས་པ་ཐམས་ཅད་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །ཞེས་
བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ཐམས་ཅད་ཧཱུྃ་ཉིད་ཀྱིས་ཡང་དག་པར་དགོད་པར་བྱ་ཞིང་གཞག་པར་བྱའོ། །དེ་ལ་ཇི་ལྟར་དགོད་པར་བྱ་ཞེ་ན། རྡོ་རྗེ་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་ཤུགས་ནི་འདི་
ཡིན་ཏེ། བདག་ཉིད་རྡོ་རྗེ་ཤུགས་ཀྱིས་ནི། །རྡོ་རྗེ་རྡོ་རྗེ་ཞེས་སྨྲས་པ། །རྡོ་རྗེ་ཤུགས་ཞེས་བཤད་པ་སྟེ། །ཀུན་དུ་འགྲོ་བ་གྲུབ་པའོ། །ཞེས་བྱ་བ་འདིས་ནང་གི་དཀྱིལ་འཁོར་ལ་སོགས་པ་ལས་བྱུང་སྟེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ལ་དཀྱིལ་འཁོར་ཐམས་ཅད་དུ་ཡང་དག་པར་བསྡུས་པ་སྟེ།
དཀྱིལ་འཁོར་པའི་ཚོགས་གཞག་པར་བྱའོ། །ཡང་ན་བྲི་བར་བྱ་ཞེས་བྱ་བ་ནི་ཚོན་རྩི་རྣམས་ཀྱིས་ལེགས་པར་བྲི་བར་བྱའོ། །གནས་གང་དག་ཏུ་བྲི་བར་བྱ་ཞེ་ན། ཕྱོགས་རྣམས་ཀུན་དུ་སྟོན་པའོ། །ཞེས་བྱ་བ་སྟེ་ཕྱོགས་བཞི་རྣམས་སུ་དཔལ་རྡོ་རྗེ་སེམས་དཔའི་སྟོན་པ་པོ་སྟེ། རྗེས་སུ་སྟོན་པ་ཞེས་བྱ་བའི་
དོན་ཏོ། །ཇི་ལྟར་གང་དུ་དགོད་ཅེས་རྟོག་པ་དག་གི་ཕྱིར། མདུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མདུན་གྱི་ངོས་ལ་རྡོ་རྗེ་ཡིད་ལས་བྱུང་བ་ཞེས་བྱ་བའི་རྡོ་རྗེ་སེམས་དཔའ་སངས་རྒྱས་ལྔའི་དབུ་རྒྱན་ཅན་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་གཞུ་བསྣམས་པ། ཕྱག་

གཡས་པས་མདའ་གསོར་བར་བརྩོན་པ་སྐུ་མདོག་དམར་སྐྱ་དགོད་པར་བྱའོ། །སངས་རྒྱས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་ལ་དཔལ་རྡོ་རྗེ་སེམས་དཔའི་གཡས་ལོགས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལ་སྐུ་ཐམས་ཅད་ལ་ཀུན་ནས་འཁྱུད་པ། ཕྱག་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་བཅིངས་པས་ཐུགས་ཀའི་ཕྱོགས་
སུ་འཁྱུད་པ། སྐུ་མདོག་དེ་ཉིད་དང་འདྲ་བར་དམར་སྐྱ་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གཟུགས་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པ་སྟེ་དང་པོའི་རྡོ་རྗེའོ། །སྐུ་མདོག་ཇི་ལྟ་བུ་ཞེ་ན། ཉི་མའི་འོད་ཅན་ཞེས་བྱ་བ་གསུངས་ཏེ། ཉི་མ་ནི་ཉི་མའི་དཀྱིལ་འཁོར་ཏེ། དེའི་འོད་ནི་མདངས་ཏེ་འོད་དམར་པོའོ། །དེས་ན་ཉི་མའི་
འོད་ལྟ་བུའི་འོད་ཡོད་པས་ན་དེ་སྐད་ཅེས་བྱའོ། །རྒྱབ་ཏུ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་རྒྱབ་ཏུ་རྡོ་རྗེ་འདོད་པ་ཕྱག་གཡས་པ་ན་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ། གཡོན་པ་གདན་ལ་བརྟེན་པ་དང་བཅས་པ་སྐུ་མདོག་སྔོ་སྐྱ་དགོད་པར་བྱའོ། །གཡོན་དུ་ཞེས་པ་ལ་སོགས་པ་ལ་དཔལ་
རྡོ་རྗེ་སེམས་དཔའི་གཡོན་དུ་རྡོ་རྗེ་སྙེམས་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས་རྐེད་པའི་ཕྱོགས་གཉིས་སུ་སྙེམས་པར་འཛིན་པ། གསེར་བཙོ་མའི་མདོག་འདྲ་བ་དགོད་པའམ་བྲི་བར་བྱའོ། །སངས་རྒྱས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའི་
དཀྱིལ་འཁོར་སྔ་མ་བཞིན་དུ་ཤར་ལྷོའི་མཚམས་སུ་རྡོ་རྗེ་སྦྲང་རྩི་ཐལ་མོ་ཁོང་སྟོང་ཁ་ཕྱེ་བས་སྤྱི་བོའི་ཕྱོགས་སུ་རྡོ་རྗེ་མེ་ཏོག་གི་ཚོགས་ཐོགས་པ་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་རྡོ་རྗེ་སྦྲེང་བའི་སྤྲིན་གྱི་བདུག་པའི་སྤོས་ཁང་ཐོགས་པའོ། །ནུབ་བྱང་མཚམས་སུ་རྡོ་རྗེ་སྟོན་པ་སྔ་མ་བཞིན་དུ་མེ་
མར་གྱི་སྡོང་བུ་འཛིན་པའོ། །བྱང་ཤར་གྱི་མཚམས་སུ་རྡོ་རྗེ་དགུན་དེ་བཞིན་དུ་དྲིའི་དུང་ཆོས་ཐོགས་པར་དགོད་པའམ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་མེའི་ཕྱོགས་མཚམས་སུ་རྡོ་རྗེ་སྒེག་མོ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་གཉིས་
ཐོགས་ནས་རྡོ་རྗེ་སྙེམས་པར་གནས་པའོ། །བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་བཞད་པ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སོའི་ཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས་ཐོགས་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཛུམ་ཞིང་ངོ་མཚར་དུ་གྱུར་པ་ལ་རབ་ཏུ་འཇོག་པའོ། །རླུང་གི་ཕྱོགས་སུ་རྡོ་རྗེ་གླུ་

ཆེན་པོ་རྡོ་རྗེ་པི་ཝང་བརྡུང་བའོ། །དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་གར་ལག་པ་གཉིས་ནི་རྡོ་རྗེ་རྩེ་གསུམ་པ་གཉིས་ཐོགས་ཏེ་གར་བྱེད་པའི་ཚུལ་གྱིས་གནས་པར་བྲི་བར་བྱའོ། །སྒོའི་དབུས་སུ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཤར་གྱི་སྒོར་རྡོ་རྗེ་གཟུགས། ལྷོར་རྡོ་རྗེ་སྒྲ། ནུབ་
ཏུ་རྡོ་རྗེ་དྲི། བྱང་དུ་རྡོ་རྗེ་རོ་ཀུན་དུ་བྲི་བར་བྱ་སྟེ། འདི་དག་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ་མེ་ལོང་དང་། པི་ཝང་དང་། དྲིའི་དུང་ཆོས་དང་། རོའི་སྣོད་དང་བཅས་པ་བྲི་བར་བྱའོ། །སངས་རྒྱས་དཀྱིལ་འཁོར་ཅན་བརྒྱད་ནི། །རྡོ་རྗེ་འཛིན་སོགས་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐིག་
གི་ནང་གི་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་གནོད་སྦྱིན་གྱི་མཐར་ཐུག་པའི་བར་དུ་གོ་རིམས་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཁོར་ལོ་ཐམས་ཅད་དུ། །སངས་རྒྱས་རྡོ་རྗེ་འཛིན་གྱིས་བསྐོར། །ཞེས་བྱ་བ་ནི་ཕྱོགས་བཞི་པོ་ཐམས་
ཅད་དུ་རྡོ་རྗེ་འཁོར་ལོའི་ནང་དུ་དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས་ཏེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་ཞེས་བྱ་བ་དང་། རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་བརྒྱད་ཀྱིས་བསྐོར་ཞིང་ཡོངས་སུ་འཁོར་བར་བྱའོ། །འདི་སྐད་
སྟོན་པར་འགྱུར་ཏེ། རྡོ་རྗེ་ཐིག་གི་ནང་དུ་ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ། དེའི་གཡས་ལོགས་སུ་རྡོ་རྗེ་སེམས་དཔའོ། །གཡོན་དུ་ནི་འཕགས་པ་འཇམ་དཔལ་ལོ། །ལྷོ་ཕྱོགས་སུ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཏེ། དེའི་གཡས་སུ་ནི་ནམ་མཁའི་སྙིང་པོའོ། །གཡོན་
དུ་ནི་ནམ་མཁའི་མཛོད་དོ། །ནུབ་ཕྱོགས་སུ་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་གཡས་ལོགས་སུ་ནི་རྡོ་རྗེ་ཆོས་སོ། །གཡོན་དུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བྱང་ཕྱོགས་སུ་ནི་དོན་ཡོད་གྲུབ་པ་སྟེ། དེའི་གཡས་ལོགས་སུ་རྡོ་རྗེ་ཁུ་ཚུར། གཡོན་དུ་རྡོ་རྗེ་གནོད་སྦྱིན་བྲི་བར་
བྱའོ། །དེ་ལྟར་ན། སངས་རྒྱས་དཀྱིལ་འཁོར་ཅན་བརྒྱད་ནི། །རྡོ་རྗེ་འཛིན་སོགས་བྲི་བར་བྱ། །རྡོ་རྗེ་འཁོར་ལོ་ཐམས་ཅད་དུ། །སངས་རྒྱས་རྡོ་རྗེ་འཛིན་གྱིས་བསྐོར། །ཞེས་བྱ་བ་ལེགས་པར་བྲི་བར་གྱུར་པ་ཡིན་ནོ། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །འདོད་པའི་དབང་ཕྱུག་བྲི་བྱ་སྟེ། །

ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་འདོད་པའི་དབང་ཕྱུག་ནས་བརྩམས་ཏེ། ཆུ་ལྷའི་མཐར་ཐུག་པའི་བར་དུ་ཆུང་མ་དང་བཅས་པ་ནི་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མདུན་དུ་འཇིག་རྟེན་གསུམ་རྒྱལ་པོ། །འདོད་པ་ཚངས་པ་ཞི་བྱེད་མཆོག །ཅེས་བྱ་བ་ནི་ཕྱིའི་ལྷའི་སྣམ་བུའི་ཤར་ཕྱོགས་
ནས་མདུན་དུའོ། །འཇིག་རྟེན་གསུམ་གྱི་ནི་རྒྱལ་པོ་སྟེ། འཇིག་རྟེན་བདག་པོར་འདོད་པའི་ལྷའོ། །ཚངས་པ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཞི་བྱེད་ཅེས་བྱ་བ་ནི་གྲགས་པར་ཟད་དོ། །མཆོག་ཅེས་བྱ་བའི་སྒྲས་ནི་ཁྱབ་འཇུག་དང་། སྐེམ་བྱེད་དང་། བརྒྱ་བྱིན་ལ་བྱ་སྟེ། དེ་དག་ཀྱང་བྲི་བར་བྱའོ། །
ཞེས་བྱ་བའི་དོན་ཏེ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ཕྱོགས་སུ་འདོད་པའི་ཁམས་ཀྱི་དབང་ཕྱུག་དང་། ཚངས་པ་དང་། ལྷ་ཆེན་པོ་དང་། ཁྱབ་འཇུག་དང་། ཀརྟི་ཀ་དང་། བརྒྱ་བྱིན་ཆུང་མ་དང་བཅས་པར་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་ཟླ་བ་
དང་། ཉི་མ་དང་། སྤེན་པ་དང་། མིག་དམར་རོ། །ནུབ་ཕྱོགས་སུ་སྟོབས་ཀྱི་ལྷ་དང་། དཔྱིད་ཀྱི་ལྷ་དང་། རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། ནོར་སྦྱིན་དང་། རླུང་ལྷ་དང་། མེ་ལྷ་དང་། ལུས་ངན་པོའོ། །བྱང་དུ་ཕག་དང་། གཤིན་རྗེ་དང་། ཚོགས་ཀྱི་བདག་པོ་དང་། ཆུ་ལྷ་ཆུང་མ་དང་བཅས་པར་བྲི་བར་
བྱའོ། །དེ་དག་ཐམས་ཅད་ཀྱང་ཡི་གེ་ཧཱུྃ་ཉིད་ཀྱིས་དགོད་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དཀྱིལ་འཁོར་ཆེན་པོ་འདིར་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུའོ། །འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ནི་དེར་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་དེ་ལ་
དེ་སྐད་ཅེས་བྱ་སྟེ་འཇུག་པ་དྲན་པར་བྱ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། སློབ་མ་གཞུག་པར་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ་ཞེས་བྱ་བའི་བར་དུ་འོག་ནས་འབྱུང་བ་གང་ཡིན་པ་དེ་རྣམས་རྩོམ་པ་སྟོན་པའོ། །དེ་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཉེ་བར་དགོད་པ་ཡིན་པར་ཤེས་པར་བྱའོ། །དང་པོ་ཉིད་དུ་
ཞེས་བྱ་བ་ནི་ཞུགས་ནས་ཡང་དག་པར་སྒེག་པར་འགྱུར་བ་དང་། ཕྱག་བྱའོ་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་ཆོ་ག་རྒྱས་པར་མ་བྱས་པར་ཞུགས་པ་ཙམ་གྱིས་སློབ་དཔོན་ཇི་ལྟ་བུའི་འབྲས་བུ་ཐོབ་པ་དེ་ནི་དཀྱིལ་འཁོར་དུ་ཞུགས་པའི་འབྲས་བུ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད་པའི་ཕྱིར། ཆོ་ག་ཇི་ལྟ་བུས་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ཆོ་ག་འདིས་ཞུགས་པའི་ཞེས་བྱ་བ་ནི་འོག་ནས་བཤད་པའི་འཇུག་པའི་ཆོ་གས་ཞུགས་པའི་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་ཆེན་པོ་སློབ་དཔོན་ཏེ། །ཞེས་བྱ་བ་
ལ་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དུ་རོ་གཅིག་པའི་སེམས་ཀྱང་རྡོ་རྗེ་སེམས་དཔའི་ཚུལ་དུ་ཉེ་བར་གདགས་པས་རྡོ་རྗེ་ཆེན་པོ་ཞེས་བྱ་སྟེ་རྡོ་རྗེ་ཆེན་པོ་དེས་རྡོ་རྗེ་སེམས་དཔའི་ཆ་ལུགས་དང་ལྡན་པའི་སློབ་དཔོན་ནི་རྡོ་རྗེ་ཆེན་པོ་སློབ་དཔོན་ཏེ། རྡོ་རྗེ་
སེམས་དཔའི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་དང་ཞེས་བྱ་བ་ལ་དཀྱིལ་འཁོར་ཐམས་ཅད་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། དེར་སློབ་དཔོན་དུ་གྱུར་པས་ན་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ནོ། །དམ་ཚིག་ཐམས་
ཅད་ཤེས་པ་དང་། །ཞེས་བྱ་བ་ནི། དམ་ཚིག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དམ་ཚིག་ཐམས་ཅད་དེ་གདུག་པ་རྣམས་འདུལ་བའི་ཕྱིར། དེ་བཞིན་གཤེགས་པའི་བཀའ་བསྒོ་བའི་ཚུལ་ལོ། །དེ་ལ་རྗེས་སུ་འཇུག་ཅིང་དེ་དག་ཤེས་པས་ན་དམ་ཚིག་ཐམས་ཅད་ཤེས་པ་སྟེ། རྡོ་རྗེ་ཧཱུྃ་མཛད་ཀྱི་
དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་རིག་པ་དང་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། པདྨའི་རིགས་ཀྱི་ཆོས་ཐམས་ཅད་དེ། དེ་དག་ཐམས་ཅད་རིག་ཅིང་ཁོང་དུ་ཆུད་པས་ན་ཆོས་ཐམས་ཅད་རིག་པ་སྟེ། པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་སློབ་
དཔོན་དུ་འགྱུར་རོ་ཞེས་སྟོན་པར་གྱུར་པ་ཡིན་ནོ། །ལས་ཐམས་ཅད་སྒྲུབ་པ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ལས་གང་དག་གསུངས་པའི་ལས་དེ་དག་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པས་ན། དེའི་ཕྱིར་ལས་ཐམས་ཅད་བསྒྲུབ་པ་ཞེས་བྱ་བ་སྟེ། རིན་པོ་ཆེའི་རིགས་ཀྱི་སློབ་
དཔོན་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་གྲུབ་པ་དང་། །ཞེས་བྱ་བ་ལ་དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཐམས་ཅད་དེ། དཀྱིལ་འཁོར་ལྷག་མ་གྲུབ་པ་གང་ཡིན་པ་དེ་ནི་དངོས་གྲུབ་ཐམས་ཅད་གྲུབ་པ་སྟེ། དཀྱིལ་འཁོར་ལྷག་མ་རྣམས་གྲུབ་པས་གྲུབ་པ་ཞེས་བྱ་

བའི་དོན་ཏོ། །དེ་བས་ན་དེ་ལྟ་བུའི་ངོ་བོ་ཉིད་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་ནི། རིགས་དང་དཀྱིལ་འཁོར་དང་ལྷ་ཐམས་ཅད་ཀྱིས་ནུས་པ་དང་ལྡན་པར་མཛད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་གྱུར་པ་ཉིད་ཀྱིས་ན། དབང་བསྐུར་བ་ཐམས་ཅད་འཐོབ་པ་ཞེས་བྱ་བ་སྟེ།
དེ་ལ་དབང་བསྐུར་བ་ཡང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་དབང་བསྐུར་བ་ཐམས་ཅད་དོ། །དེ་ཡང་ཕྱི་དང་གསང་བའི་དབང་བསྐུར་བ་གང་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་གསུངས་པ་དེ་དག་ཐམས་ཅད་ཐོབ་པའོ། །ཐམས་ཅད་ཤེས་པ་དང་ལྡན་པ་ཞེས་བྱ་བ་ནི། འདིས་དཀྱིལ་འཁོར་ལ་
སོགས་པ་ཐམས་ཅད་ཤེས་པ་དང་ལྡན་པའོ། །མཆོད་པ་ཐམས་ཅད་ནི་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་སྟེ། ཐམས་ཅད་ཀྱི་མཆོད་པ་དེ་ཉིད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དཀྱིལ་འཁོར་ཐམས་ཅད་འདིས་དབང་དུ་འགྱུར་ཞིང་། རང་ལ་རག་ལས་པར་འགྱུར་རོ། །དེ་བས་ན་རྒྱུ་དེ་
ལྟ་བུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །འདིའི་ཕྱག་རྒྱ་ཐམས་ཅད་ཀྱང་རང་ཉིད་བཅིངས་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་རང་ཉིད་ཀྱིས་རང་ཉིད་ལ་བཅིངས་ན་འདིའི་དངོས་གྲུབ་རྣམས་འགྲུབ་
པར་འགྱུར་རོ། །དམ་ཚིག་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་དམིགས་པ་ལ་སོགས་པ་དམ་ཚིག་ལས་འདའ་བར་བྱེད་པ་ནི་ཉེས་པ་དང་བཅས་པ་སྟེ། དེ་ཉེས་པ་དང་བཅས་སུ་ཟིན་ཀྱང་། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་བྱིན་གྱི་རླབས་ཀྱིས་དམ་ཚིག་ཐམས་ཅད་བྱིན་གྱིས་
བརླབས་པར་རྟོགས་པར་འགྱུར་ཏེ། དེ་ཡང་དམ་ཚིག་ཐམས་ཅད་ནི། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་སྒྲུབ་པ་པོའི་རྒྱུད་ལ་སོ་སོར་སྣང་བའི་སྦྱོར་བས་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་བསླབས་པར་ཡང་ཐམས་ཅད་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི། དེ་ནས་བསྟན་བཅོས་
ལ་སོགས་པ་མ་བསླབས་པར་ཡང་དེ་རྣམས་ཀྱིས་བྱིན་གྱིས་བརླབ་པར་མཛད་པའི་མཐུས་ཐམས་ཅད་ཤེས་པར་འགྱུར་རོ། །མཆོད་པ་ཐམས་ཅད་ནི་རྣམ་པ་བཅུ་གཉིས་ཏེ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་མཆོད་པ་རྣམས་སོ། །དེ་ལ་སོགས་པ་གང་ཡིན་པའོ། །བྱ་བ་ཐམས་ཅད་ནི་བྱ་བ་གང་

རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ལ་སོགས་པ་འགྲུབ་པའི་ངོ་བོ་ཉིད་དང་། དེ་ལྟ་བུའི་བྱ་བ་ཐམས་ཅད་ཀྱང་འདི་ལ་འགྲུབ་པར་འགྱུར་རོ། །མདོར་ན་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་ཆེར་བཤད་པ་བོར་ནས་ཐ་མལ་པའི་རྡོ་རྗེ་རིག་པ་འཛིན་པ་ལ་སོགས་པ་དངོས་གྲུབ་ཀྱི་མཆོག་སྟོན་པར་
མཛད་པ་ནི་མདོར་བསྡུས་པ་སྟེ། མདོར་བསྡུས་པ་དེས་མདོར་བསྡུས་པའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ཏེ། བདག་ཉིད་ཀྱི་དངོས་པོ་གང་གིས་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་དེ་ཉིད་ཀྱིས་རྡོ་རྗེ་རིག་པ་འཛིན་པ་ལ་སོགས་པ་དངོས་གྲུབ་ཀྱི་མཆོག་ཐོབ་པར་འགྱུར་རོ། །ཇི་
ལྟ་བུ་ཞེ་ན། ཇི་ལྟར་མངོན་པར་འདོད་པ་ཞེས་བྱ་བ་གསུངས་ཏེ། དེའི་འདོད་པ་ཇི་ལྟ་བུས་ཇི་ལྟ་བ་འདོད་པ་དེ་ལྟ་བུ་ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །མངོན་པར་འདོད་པའི་དངོས་གྲུབ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ།
དེ་ལ་སངས་རྒྱས་ཉིད་ནི་དེ་བཞིན་གཤེགས་པ་ལྔ་པོ་ཉིད་དོ། །རྡོ་རྗེ་འཛིན་པ་ཉིད་ནི་རིགས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ན། ཇི་སྐད་དུ་བཤད་པའི་འབྲས་བུ་དཀྱིལ་འཁོར་དུ་འཇུག་པ་ཙམ་གྱིས་སློབ་དཔོན་ལ་འབྱུང་བར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ་གང་གི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཧཱུྃ་གི་ངོ་བོ་ཉིད་དུ་འདིའི་སྙིང་ལ་ཞུགས་ཤིང་དོན་ཡོད་ལ་མི་སླུ་བའི་ཕྱིར། ལས་ཐམས་ཅད་ལ་འབྲས་བུ་དང་བཅས་པའི་རྒྱུས་ནི་བཀུག་ཅིང་སྤྱན་དྲངས་ཏེ། དེ་བས་ན་རྒྱུ་འདི་ཉིད་ཀྱིས་དཀྱིལ་འཁོར་དུ་ཞུགས་ཤིང་། རྡོ་རྗེ་
སེམས་དཔའ་ལ་སོགས་པའི་ཕྱག་རྒྱའི་ངོ་བོ་ཉིད་ཀྱིས་སེམས་ཅན་གྱི་དོན་ཏོ། སྒྲུབ་པ་པོའི་རང་དགར་དབང་དུ་བྱས་ལ། དེའི་རང་བཞིན་དུ་བསྒོམ་པའི་སྦྱོར་བ་དང་། རྗེས་སུ་མཉེས་པར་བྱས་ཏེ། དེའི་ཕྱིར་བདག་ཉིད་སློབ་དཔོན་དུ་གྱུར་ནས་སློབ་དཔོན་དུ་འཇུག་ཅིང་སྒོ་སྲུང་ནས་བརྩམས་ཏེ།
དཀྱིལ་འཁོར་ཐམས་ཅད་བསྟན་པར་བྱ་ཞིང་། དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པའི་རྣམ་པར་སེམས་རྩེ་གཅིག་པར་སློབ་དཔོན་བྱེད་པ་ལ་མཉེས་པར་བྱེད་པའོ། །དཀྱིལ་འཁོར་གྱི་དངོས་གྲུབ་ཀྱང་དེ་ཉིད་ཀྱིས་བསྒྲུབས་ན་འགྲུབ་པར་འགྱུར་ཞིང་རྫོགས་པར་འགྱུར་བས་བཅོམ་ལྡན་འདས་དེ་ཡང་དེ་ལ་

འགྲུབ་པར་འགྱུར་ཏེ། དེ་བས་ན་ཇི་སྐད་དུ་གསུངས་པའི་འབྲས་བུ་དཀྱིལ་འཁོར་དུ་འཇུག་པ་ཙམ་གྱིས་སློབ་དཔོན་གྱིས་འཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་པའི་རྗེས་ཐོགས་ཉིད་ལ་བསྡུ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་
དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ནས་བཅིངས་ལ་དབང་དུ་བྱས་ཏེ། དང་པོར་མཆོད་ཡོན་ཕུལ་ལ། རྡོ་རྗེ་ཕྱག་རྒྱ་དང་དང་པོའི་རྡོ་རྗེའི་མཚན་ཉིད་ཅན་བཅིངས་པ་དང་པོའི་སྟེ། ཐོག་མར་བྱས་ལ་ཕྱག་རྒྱ་གཞན་དག་བཅིང་བ་དང་། དཀྱིལ་འཁོར་དུ་འཇུག་པར་བྱས་ནས་ཧཱུྃ་ཟློས་ཤིང་།
རྡོ་རྗེ་ལྟ་བས་ལྟ་བཞིན་དུ་དཀྱིལ་འཁོར་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་ལྟ་བ་ཡང་། ཆགས་ཤིང་གདངས་པའི་མིག་དག་གིས། །བུད་མེད་དག་ལ་བལྟས་ན་ནི། །རྟག་ཏུ་དབང་དུ་གྱུར་པ་སྟེ། །རྡོ་རྗེ་ལྟ་བའི་མཚན་ཉིད་དོ། །རྡོ་རྗེ་བཅིང་བ་བསྟན་བྱས་ཏེ། །མཛུབ་མོ་མཐེ་བོའི་མངལ་དུ་ནི། །གཡས་པ་ཡི་ནི་མཐེ་
བོའི་མཚན། །བཅུག་ལ་བསྐྱོད་ཅིང་བསྡམ་པར་བྱ། །ཞེས་བྱ་བ་འདི་ནི་ལྔ་པོའི་བསྡུས་པ་ཞེས་བྱ་བའི་ཕྱག་རྒྱའོ། །ལྔ་པོ་བསྡུས་པ་བཅིངས་ནས་ནི། །གུང་བསྒྲེང་སྲིན་ལག་ནང་དུ་གཞུག །མཐེ་བོ་མཐེའུ་ཆུང་བསྙམས་རྡོ་རྗེ། །དེ་ནི་དང་པོའི་རྡོ་རྗེ་མཆོག །ཞེས་བྱ་བ་འདི་ནི་དང་པོའི་རྡོ་རྗེའི་མཚན་ཉིད་དོ། །
དེ་ནས་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱ་དང་། བཟླས་བརྗོད་ལན་ཅིག་བྱས་ལ་ཕྱག་བྱ་ཞིང་ཞེས་བྱ་བ་ནི་དེ་ལྟ་བུའི་རྡོ་རྗེའི་ཕྱག་རྒྱ་དང་ཡི་གེ་ཧཱུྃ་ཟློས་ཤིང་དཀྱིལ་འཁོར་ཐམས་ཅད་རབ་ཏུ་ཇི་ལྟ་བ་བཞིན་བསྒྲུབས་ལ། རང་གི་ལྕེ་ལ་ཡི་གེ་ཧཱུྃ་ལས་གནོད་མཛེས་ཀྱི་རྡོ་རྗེ་བསམས་ལ། བཛྲ་ཛི་ཧྭ་ཞེས་བྱིན་
གྱིས་བརླབས་ལ། དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུྃ་དང་བཅས་པར་བསམས་ལ་ལྷ་ཐམས་ཅད་ལས་ཀྱི་ཕྱག་རྒྱ་ཉེ་བར་བསྟན་ཏེ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་ཇི་སྐད་བཤད་པ་བཅིངས་ཤིང་བསྟན་ལ། ལྷག་མ་རྣམས་ཀྱིས་ཀྱང་ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་ཡི་གེ་ཧཱུྃ་
ཟློས་ཤིང་ཕྱག་རྒྱ་ཆེན་པོ་དེ་དག་ཉིད་ལ་ཉེ་བར་བསྟན་པར་བྱའོ། །དེ་ནས་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་ཐམས་ཅད་ཇི་ལྟ་བ་བཞིན་དུ་དབང་བསྐུར་ནས་བུམ་པ་རྣམས་དང་། ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ལ། དེའི་རྗེས་ཐོགས་ཉིད་དུ་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས།

བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། དེ་དག་ཀྱང་འདིའི་འོག་ནས་ཤེས་པར་བྱའོ། །གོས་དམར་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཕྱག་བྱས་ནས། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་ཆེན་པོ་དང་ལྡན་པ་ལ་གོས་དམར་པོ་ལ་ཧཱུྃ་ངམ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་
ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཟླས་པས་ཀྱང་དེ་སྟོད་གཡོགས་དང་སྨད་གཡོགས་དང་ཟེའུ་ཁ་དང་གདོང་གཡོགས་བྱས་ལ། ཕྱག་བཞི་སྔོན་དུ་འགྲོ་བ་ལ་སོགས་པས་སྡོམ་པ་གཟུང་བ་དང་། མེ་ཏོག་གི་ཕྲེང་བ་ཐོགས་ཤིང་གདོང་དྲི་ཞིམ་པོས་བྱུག་པ་དང་། རྡོ་རྗེ་ཐལ་མོས་རྡོ་རྗེ་གར་བྱེད་ཅིང་
བསྐོར་བས་སྙིང་གར་མེ་ཏོག་ཐོགས་ཏེ་བདག་ཉིད་འཇུག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་གར་ལས་ཧཱུྃ་བྱུང་བའི་རྡོ་རྗེ་ཐལ་མོས་མེ་ཏོག་བླངས་ལ། དེ་བསྐོར་ནས་སྙིང་གའི་ཕྱོགས་སུ་བཞག་སྟེ་བཛྲ་བཛྲ་ཧཱུྃ་ཞེས་འདོན་ཞིང་དཀྱིལ་འཁོར་དུ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏེ་དེ་ལ་རྡོ་རྗེ་གར་ནི་འདི་ཡིན་ཏེ། ལག་
པ་གཡས་པ་བ་དན་གསུམ་པ་བྱས་ལ། གཡོན་པ་ཡང་བ་དན་གསུམ་པ་ཡིད་དུ་བྱས་ལ་དེ་ལྟར་བ་དན་རྩེ་གསུམ་པའི་མཆོག་གི་བསྒྱིངས་པ་དང་བཅས་པས། ཐ་མ་ལ་སོགས་པ་ནས་དགྲོལ་བས་གློག་ལྟར་འདེགས་ཤིང་བསྐོར་བས་གར་བྱེད་པ་འདི་ནི་རྡོ་རྗེའི་གར་རོ། །ཞུགས་ནས་ཀྱང་ཡང་
རྣམ་པར་སྒེག་པས་བསྐོར་བས་བདུད་བཅིང་ཞེས་བྱ་བ་ནི་ཇི་ལྟར་སྔར་རྡོ་རྗེ་སྒེག་པས་ཕྱག་བྱ་བར་གསུངས་པ་བཞིན་དུ་འདིར་ཡང་བྱའོ་ཞེས་སྟོན་པ་ཡིན་ནོ། །སྙིང་པོ་ཡང་བཟླས་བརྗོད་བྱའོ་ཞེས་བྱ་བ་ནི་ཧཱུྃ་བཟླས་ལ་ཕྱག་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ལྟ་བས་བལྟས་
ཏེ་དེ་བཞིན་དུ་འདུག་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཕྱག་བྱས་ནས་བསྐོར་བ་ལན་གསུམ་བྱས་ལ་དེ་ཁོ་ན་ཉིད་བརྗོད་དེ་མེ་ཏོག་དོར་ནས་སླར་བླངས་ལ། རང་གི་མགོ་ལ་བཅིངས་ཏེ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་
ལ་རྡོ་རྗེའི་ལྟ་བས་བལྟས་ལ་ཡི་གེ་ཧཱུྃ་འདོན་ཅིང་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པས་བདག་ཉིད་སྟོན་པར་མཛད་པའམ། སྨིན་མ་བསྐྱོད་པའམ། ལུས་ཐམས་ཅད་དམ་ཡན་ལག་ཐམས་ཅད་ཅེས་བྱ་བ་ནི་གལ་ཏེ་ཞིག་ན་སྐུ་ཐམས་ཅད་བསྐྱོད་པར་འགྱུར་བའམ། སྐུའི་ཕྱོགས་གཅིག་

བསྐྱོད་པར་འགྱུར་བའོ། །ཁ་དོག་དམར་པོར་འགྱུར་རོ་ཞེས་བྱ་བ་ནི་སྐུ་ཐམས་ཅད་དམ། ཞལ་ཚོམ་དམར་པོར་འགྱུར་བའོ། །འོད་ཟེར་གྱི་རང་བཞིན་གྱི་ཞལ་ལམ་སྐུ་ཐམས་ཅད་སྟོན་པར་འགྱུར་རོ། །ཆོ་འཕྲུལ་དཔག་ཏུ་མེད་པ་ཡང་སྟོན་པར་འགྱུར་རོ་ཞེས་བྱ་བ་འདི་ནི་མཚན་མོའོ། །འདི་ཉིད་ནི་ཉིན་
མོའོ་ཞེས་བྱེ་བྲག་ཤེས་པར་མི་འགྱུར་བར་འོད་ཟེར་གྱིས་བཀུག་ནས་འཁྲིགས་པ་དང་། གང་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཆོ་འཕྲུལ་བརྒྱ་རྩ་བརྒྱད་ཀྱི་རྣམ་པ་གང་ཡིན་པ་དེ་དག་ཀྱང་སྟོན་པར་འགྱུར་རོ། །བདག་ཉིད་མཐོང་བ་སྩོལ་ཅིང་དངོས་གྲུབ་མཆོག་ཀྱང་སྩོལ་བར་འགྱུར་རོ་ཞེས་བྱ་བ་ནི། རང་རང་
གི་གཟུགས་ཉིད་མཐོང་བ་སྩོལ་བ་དང་། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཀྱི་དངོས་གྲུབ་མཆོག་སློབ་དཔོན་ལ་སྩོལ་བར་འགྱུར་རོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་དེ་ནས་བཟུང་ནས་སོ། །ཉིན་རེ་ཞིང་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་
དངོས་གྲུབ་རྣམས་དང་། འཇིག་རྟེན་པ་རྣམས་ཀྱང་ཉིན་རེ་ཞིང་སློབ་དཔོན་ལ་འབྱུང་བར་འགྱུར་བའོ། །གང་དུ་ཞུགས་པ་ཙམ་གྱིས་མི་ཚུགས་པ་དང་། མི་སོད་པར་འགྱུར་རོ་ཞེས་བྱ་བ་ནི་དེར་རང་ཉིད་ཞུགས་པའོ་ཞེས་སྔ་མ་བཞིན་དུ་རྒྱུད་དང་སྦྱར་ཏེ། གང་ཞིག་དཀྱིལ་འཁོར་འདི་ལ་ཞུགས་པ་ཙམ་གྱིས་མི་
ཚུགས་པར་འགྱུར་བ་འདི་ནི། གང་བདུད་ལ་སོགས་པས་ཟིལ་གྱིས་མི་གནོན་ཅིང་ཚུགས་པར་མི་འགྱུར་བ་དང་། དེ་ཉིད་ཀྱིས་ཀྱང་མི་སོད་པ་སྟེ། བསད་པར་མི་ནུས་པའོ། །དངོས་གྲུབ་ཐམས་ཅད་དང་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་རྫོགས་པའོ། །ཕུན་སུམ་ཚོགས་པ་
ཐམས་ཅད་ཅེས་བྱ་བ་ནི། དེ་དག་ཉིད་ཀྱི་འབྱོར་པའོ། །ཡེ་ཤེས་ཐམས་ཅད་དང་ཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་རྫོགས་པར་འགྱུར་བ་ལ་སོགས་པའོ། །བྱ་བ་ཐམས་ཅད་ནི་སངས་རྒྱས་ཀྱི་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཚུལ་ཏེ། དེ་
དག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སློབ་དཔོན་ལ་བསྒྲུབ་པར་མཛད་ཅིང་རྫོགས་པར་མཛད་དོ། །དེར་དེ་ལྟ་བུའི་འབྲས་བུ་ཐོབ་པར་འདོད་པའི་སློབ་དཔོན་གྱིས་རང་ཉིད་འཇུག་པར་བྱའོ། །དེ་ནས་ཡང་དག་པར་མཆོད་ལ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་རབ་ཏུ་བསྒྲུབ་པར་མཛད་པ། བཅོམ་ལྡན་

འདས་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ཅིང་། གླུ་དང་རོལ་མོས་ཀྱང་མཆོད་དེ། བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས། ཆུའི་དབང་བསྐུར་བ། བཅོམ་ལྡན་འདས་ལས་རྡོ་རྗེ་ཐལ་མོ་བསྐོར་བས། བཅོམ་ལྡན་འདས་ལ་ཕྱག་བྱས་ལ་བླང་བར་
བྱའོ། །རྡོ་རྗེ་མིང་གིས་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟ་བུའི་དབང་བསྐུར་བ་བླངས་ནས། ཡང་ཕྱག་རྒྱ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། དྲིལ་བུ་དང་བཅས་པའི་དང་པོའི་རྡོ་རྗེའི་དབང་བསྐུར་བ་བླངས་ལ། ཡི་གེ་ཧཱུཾ་ཉིད་ཟློས་ཤིང་མིང་གི་དབང་བསྐུར་བས་སློབ་
དཔོན་བདག་ཉིད་དབང་བསྐུར་བར་བྱའོ། །ལྷག་མ་རྣམས་ནི་གོ་བར་ཟད་དོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྒྲུབ་པ་པོ་རང་ཉིད་ལ་དབང་བསྐུར་བ་སྩོལ་བར་མཛད་པ་དེའི་ཚེ། སྐད་ཅིག་དེ་ཉིད་ལ་སྒྲུབ་པ་པོས། དཔལ་རྡོ་རྗེ་སེམས་དཔའ་ལ་
སོགས་པའི་དངོས་གྲུབ་མཆོག་རྣམས་མ་བསམས་བཞིན་དུ་འཐོབ་པར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདག་ཉིད་མཐོང་བ་མ་སྩལ་བ་དེའི་ཚེ་སྒྲུབ་པ་པོའི་ཇི་སྐད་བཤད་པའི་དབང་བསྐུར་བ་རང་ཉིད་ཀྱིས་བླང་བར་བྱ་སྟེ། དེའི་ཚེ་ལོ་ཕྱེད་ཀྱི་བར་དུ་རྒྱུན་མི་འཆད་
པར་བསྒྲུབ་པ་དང་ལྡན་པའི་སྒྲུབ་པ་པོས་ཡིད་ལ་འདོད་པའི་དངོས་གྲུབ་མཆོག་འགྲུབ་པར་འགྱུར་རོ། །དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དེ་ནས་གཟེངས་བསྟོད་པའོ། །དེ་ནས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གང་འོག་ནས་བཤད་པའི་མིང་གི་དབང་བསྐུར་བ་དེས་
དབང་བསྐུར་བ་དེ་ནི། འདིར་རྡོ་རྗེ་མིང་གི་དབང་བསྐུར་བ་གཉིས་པ་སྟེ། རྡོ་རྗེ་མིང་གི་དབང་བསྐུར་བ་དེ་འོག་ནས་བཤད་པའི་ཚུལ་གྱིས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ལུང་བསྟན་པའི་མཐར་ཐུག་པའི་བར་གྱི་འཇུག་པ་
ལ་སོགས་པའི་ཆོ་ག་བྱས་ལ། བདག་ལ་བྱིན་གྱིས་བརླབས་པ་བྱ་སྟེ། འོག་ནས་བཤད་པའི་མཚན་ཉིད་ཅན་གྱི་ཇི་ལྟར་མངོན་པར་འདོད་པའི་ཆོ་གས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བསྒྲུབ་པ་བྱས་ལ། དཀྱིལ་འཁོར་ཆེན་པོ་ལས་བྱུང་བར་བྱའོ། །དཀྱིལ་འཁོར་ཆེན་པོ་གསང་བ་སྒྲུབ་པ་ལན་

ཅིག་བྱའོ་ཞེས་བྱ་བ་ནི་གང་དཀྱིལ་འཁོར་ཆེན་པོ་འདི་བཤད་མ་ཐག་པའི་གསང་བ་སྒྲུབ་པའི་དེ་ཉིད་སློབ་དཔོན་གྱིས་ལན་ཅིག་སྟེ་ཐང་ཅིག་བྱའི་ཡང་ནས་ཡང་དུ་ངལ་བསོ་ཞིང་བྱ་བ་ཡང་མ་ཡིན་ལ། ཉིན་ཞག་བཞི་ལྔའམ། ཟླ་བ་ཙམ་གྱིས་བྱ་བ་ཡང་མ་ཡིན་གྱི། གཞན་དུ་སྟན་གཅིག་ལ་འདུག་པ་
ཉིད་ཀྱི་ཚེ། མཚན་མ་བྱུང་བའི་མཐར་ཐུག་པའི་བར་དུ་བྱའོ་ཞེས་སྟོན་ཏོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་སློབ་མ་གཞུག་པར་འདོད་ན་སྔ་མ་བཞིན་དུ་སྡོམ་པ་བཟུང་བའི་བར་གྱི་ཆོ་ག་བྱས་ལ། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་བསྡུས་པ་བཅིངས་ལ་སྔ་
མ་བཞིན་དུ་སློབ་དཔོན་ཞུགས་ནས་དེ་བཞིན་དུ་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས་ཕྱག་བྱས་ཏེ། ཧཱུྃ་གི་ངོ་བོ་ཉིད་ཀྱི་སྙིང་པོས་སྙིང་པོ་དེ་ཉིད་ཅི་འདོད་པ་ཟློས་པའི་སློབ་དཔོན་གྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབ་པར་བྱའོ། །ཇི་ལྟར་བཅོམ་ལྡན་འདས་སློབ་དཔོན་གྱི་བསྒྲུབ་
པར་བྱ་ཞེ་ན། ཕྱག་རྒྱ་ཆེན་པོས་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ལ་སྙིང་པོ་འདོན་ཅིང་བསྒྲུབ་པར་བྱའི། །དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ནི་མ་ཡིན་ནོ། །མཚན་མ་དེ་ཉིད་འབྱུང་སྟེ་ཞེས་བྱ་བ་ནི་གང་རྡོ་རྗེ་ཐལ་མོ་བསྐོར་བས་འཇུག་པ་ལ་བསྟན་པ་ནི་འདིར་ཡང་
འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་དངོས་གྲུབ་རྣམས་ལ་བཅོམ་ལྡན་འདས་མཚན་མའི་དངོས་པོ་སྐྱེད་པར་མཛད་པ་སྟེ། དེ་བས་ན་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་
བའོ། །བཞུགས་པ་འདིས་ཀྱང་ཞེས་བྱ་བ་ནི་ལྔ་པོ་བསྡུས་པའི་འཇུག་པས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་དང་པོའི་འཇུག་པས་དབང་བསྐུར་བ་ཐམས་ཅད་ཐོབ་པའམ། རྡོ་རྗེ་འཛིན་པ་ཉིད་ཀྱི་བར་དུ་ཐོབ་པ་སྟེ། དེ་ལྟར་ན་འདིས་ཀྱང་དབང་བསྐུར་བ་ཐམས་ཅད་ཐོབ་པའི་དངོས་གྲུབ་རྣམས་ཐོབ་
པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་བླང་བ་ལ་སོགས་པ་བྱས་ནས་ཞེས་བྱ་བ་ནི། ཇི་ལྟར་དང་པོའི་འཇུག་པ་ན། །བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཆུའི་དབང་བསྐུར་བ་དང་། ཕྱག་རྒྱ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་བདག་པོ་དང་མིང་དང་

ལུང་བསྟན་པ་རྣམས་བླངས་ལ། སློབ་མ་གཞུག་པའི་ཕྱིར་རྗེས་སུ་གནང་བ་མནོས་ལ་སློབ་མ་གཞུག་པར་བྱའོ། །རྡོ་རྗེ་སློབ་མ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་བྱས་པའི་སློབ་མ་དེ་རྣམས་ལ། འདི་ལྟར་རྡོ་རྗེ་སློབ་དཔོན་གྱིས་གཞུག་པ་ལ་སོགས་པའི་
ཆོ་ག་རྒྱས་པ་ཐམས་ཅད་སློབ་དཔོན་ཉིད་ཀྱིས་བྱའོ། །ཕྱག་རྒྱ་བཅིང་བ་ཡང་བསླབ་པར་བྱའོ་ཞེས་བྱ་བ་ནི་གང་གིས་ལྷ་གང་ཞིག་བཟུང་བ་དེ་ལ་ལྷའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་བསླབ་པར་བྱའོ། །སེམས་ཅན་
གང་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རིགས་ལ་མོས་པ་དེ་རྣམས་ལ་ཡང་དཀྱིལ་འཁོར་འདི་ཉིད་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཐམས་ཅད་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་དེ་བཞིན་
གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་དུ་ཁྱད་པར་གྱི་ཆོ་ག་རྒྱས་པར་འབྱུང་བ་དེ་བཞིན་དུ་འདིར་ཡང་བྱ་བ་སྟེ། གཞན་དག་གིས་ནི་དེ་རྣམས་ཀྱི་ཡིད་ལ་ཅི་འདོད་པའི་དངོས་གྲུབ་འགྲུབ་པར་མི་འགྱུར་ཏེ། ཁྱད་པར་གྱི་ཆོ་གའི་ནུས་པ་ལ་རག་ལས་པའི་ཕྱིར་རོ། །དེ་ནས་ལྷ་གཞན་དག་ལ་
དད་པ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཆེན་པོ་ལ་སོགས་པ་ལ་དད་པ་ཡང་དཀྱིལ་འཁོར་འདི་ཉིད་དུ་ཞི་བའི་མདུང་གིས་མཚན་པ་ལ་སོགས་པའི་དཀྱིལ་འཁོར་ཆོ་ག་རྒྱས་པར་བྱའོ། །དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་ཞི་བའི་མདུང་གིས་མཚན་པའི་དཀྱིལ་འཁོར་
དུ་འཇུག་པའི་མདུང་གིས་མཚན་པ་ལས་གསུངས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བ་དེ་བཞིན་དུ། འདིར་ཡང་དེ་ལས་གསུངས་པའི་འཇུག་པའི་ཆོ་གའི་སྟོབས་ཀྱིས་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སློབ་མ་གཞུག་པ་ལ་སོགས་པ་བྱས་ནས། རྡོ་རྗེ་
སེམས་དཔའ་ལ་སོགས་པའི་ཆོ་ག་གང་དང་གང་གིས་ཞུགས་པ་དེ་རྣམས་ནི་ཇི་ལྟར་ཞུགས་པ་རྣམས་སོ། །ཟས་དང་རོའི་བཅུད་དང་གནས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཡང་དག་པར་ཚིམ་པར་བྱས་ལ་ཞེས་བྱ་བ་ནི། ཟས་ཐམས་ཅད་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་ཇི་ལྟར་གྲགས་པ་

རྣམས་སོ། །རོ་ཐམས་ཅད་ཅེས་བྱ་བ་ནི། ཥཊ་ལ་སོགས་པ་དྲུག་གོ། །གནས་པ་ནི་གར་གྱི་བསྟན་བཅོས་ལས་བཤད་པ་དང་། གནས་པ་དང་། འདུག་པ་དང་། འཆག་པ་དང་། ཉལ་བ་དང་། རྒྱུད་ལས་བཤད་པའི་གནས་པ་རང་གི་ལྷའི་ངོ་བོ་ཉིད་དུ་གསལ་བའི་ཡིད་ཀྱིས་འདུག་པ་སྟེ། དེ་
ལྟར་ཟས་དང་རོ་དང་གནས་པ་ཐམས་ཅད་དེ། དེ་དག་ཐམས་ཅད་ཀྱིས་སློབ་མ་ཐམས་ཅད་ཅི་འདོད་པར་ཚིམ་པར་བྱས་ལ། རྡོ་རྗེ་གར་དང་། མཆོད་པ་ལ་སོགས་པ་སློབ་དཔོན་གྱིས་བྱ་སྟེ། སློབ་དཔོན་སློབ་མ་དང་བཅས་པས། དཀྱིལ་འཁོར་ཆེན་པོ་མཆོད་པར་བྱ་བའི་ཕྱིར། བྱ་བ་འདི་ནི་འདི་
ཉིད་ཀྱི་འོག་ནས་ཤེས་པར་བྱའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་གར་དང་མཆོད་པ་བྱས་ནས། ཅི་ནུས་པའི་ཚུལ་གྱིས་ཟས་དང་སྐོམ་ལ་སོགས་པའི་ལོངས་སྤྱོད་དང་ལྡན་པར་བྱའོ། །དེ་བཞིན་དུ་བཟླས་བརྗོད་ཀྱང་བྱས་ལ། ཇི་སྐད་ཅེས་པའི་གར་དང་གླུ་དང་དགོད་པ་ལ་སོགས་
པས་མཆོད་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ལ་འདིར་ནི་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་ནི། བྱ་བའི་རྒྱུད་ལ་སོགས་པ་གཞན་དག་ལ་བཤད་པ་ལྟར། སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་
པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ནི་གང་གི་ཕྱིར་ཕྱག་རྒྱ་རྣམས་ཀྱིས་རང་གི་གཟུགས་བརྙན་དུ་རྒྱས་བཏབ་པས། འདི་དག་ནི་བདེ་བ་ཆེན་པོའི་དམ་ཚིག་ཡིན་པའི་ཕྱིར་རོ། །འདིར་བདེ་བ་ཆེན་པོ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ལ་བྱ་སྟེ།
དེ་ཉིད་ནི་རྡོ་རྗེའོ། །དེ་ལས་བྱུང་བའི་དཀྱིལ་འཁོར་གྱི་ཚུལ་ལ་སོགས་པ་ནི་དམ་ཚིག་གོ། །ཇི་ལྟར་ན་ཡང་འདི་བདེ་བ་ཆེན་པོའི་དམ་ཚིག་གི་རྡོ་རྗེ་ཡིན་ཞིང་། ཕྱག་རྒྱ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ཡིན་ཞེ་ན། འདོད་པའི་བསམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་
བསམ་པ་ནི་གནས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངོན་སུམ་དུ་བྱ་བར་མངོན་པར་འདོད་པའི་བསམ་པ་ནི། དེ་ཡོངས་སུ་རྫོགས་པ་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་སུམ་དུ་བྱས་པའོ། །དེ་ཉིད་གྲུབ་ཅིང་རྫོགས་པ་ནི་རྡོ་རྗེའི་སྦྱོར་བའོ། །རྡོ་རྗེའི་སྦྱོར་བ་དེས་ནི། རྡོ་རྗེ་ཆོས་མཉམ་པ་

ཉིད་ཀྱི་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནི་རྡོ་རྗེ་ཆོས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ་རྡོ་རྗེ་ཆོས་ཀྱི་མཉམ་པ་ཉིད་དེ་རྒྱུར་གྱུར་པའི་ཕྱག་རྒྱས་སེམས་ཅན་གྱི་ཁམས་ཐམས་ཅད་རྒྱས་བཏབ་པ་འདི་ནི་བདེ་བ་ཆེན་པོའི་རྡོ་རྗེའི་སྦྱོར་བ་ཡིན་ཏེ། དེ་བས་
ན་དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཕྱིར་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པས་ནི་རང་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན་ཉིད་བཅུ་ཁོང་དུ་ཆུད་པར་འགྱུར་ལ། དེ་ཁོང་དུ་ཆུད་པས་ཇི་ལྟར་ཞུགས་པའི་
སེམས་ཅན་གྱི་ཁམས་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་ཏེ། དེ་བས་ན་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱའོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཆེན་
པོའོ་ཞེས་བྱ་བའི་བར་གྱི་བཤད་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།གཞན་ཡང་དེ་དག་ཉིད་གསལ་བར་བྱ་བའི་ཕྱིར། ཆོ་ག་ཐམས་ཅད་བཤད་པར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་སློབ་དཔོན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་
བྱིན་གྱིས་རློབ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་དེ་ལས་གསུངས་པའི་དམ་ཚིག་ཡོངས་སུ་སྐྱོང་བས། སེམས་ཅན་ཡོངས་སུ་དག་པ་གསང་བའི་ཆོ་ག་ཐམས་ཅད་ཀྱི་བྱ་བ་ཤེས་པ་དཔའ་བ། བརྟན་པ། སྤྲོ་བ་དང་ལྡན་པ། དུལ་བ་འདུལ་བའི་ཀུན་དུ་སྤྱོད་པ་དང་ལྡན་
པ་ལ་གནས་པ་དད་པ་དང་ལྡན་པ། ཆོས་ཟབ་མོ་ལ་ལྷག་པར་མོས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོང་བའི་བློ་དང་ལྡན་པ། ལུས་དང་སྲོག་ལ་ལྟོས་པ་མེད་པ་དང་། བཅོམ་ལྡན་འདས་ཡོངས་སུ་མཉེས་པར་བྱའོ། །དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ་ལ་ལྷག་པར་མོས་པས་ནང་གི་
ཁྲུས་བྱས་ལ། ཆུའི་ཁྲུས་དོན་དུ་གཉེར་བ་དང་ལྡན་པ་རྣམས་ཀྱིས་ཀྱང་ཁྲུས་ཀྱི་ཆོ་གའམ། རང་ཉིད་ཇི་ལྟར་དགའ་བས་ཆུའི་ཁྲུས་བྱའོ། །དེ་ནས་ལྷའི་ཁང་པ་དང་ཉེ་བར་ཕྱིན་པ་དང་། དེ་རྐང་པ་གཉིས་བཀྲུས་ལ་ཉེ་རེག་བྱས་ནས། ཧཱུྃ་ཕཊ་ཅེས་བྱ་བའི་ཁྲོ་བོའི་སྙིང་པོ་ལན་བརྒྱ་སྟོང་བཟླས་ཏེ། གཡོན་པའི་

ཁྲོ་བོའི་ཁུ་ཚུར་གཡོན་ཕྱོགས་སུ་བསྐོར་བས་བགེགས་ཐམས་ཅད་བསལ་ལ། ལྷའི་ཁང་པར་འཇུག་པར་བྱའོ། །དེ་ནས་རྡོ་རྗེ་རྩེ་མོའི་སྔགས་ཡོངས་སུ་བཟླས་པའི་སྤོས་ཆུས་རྟེན་དང་ལྷའི་ཁང་པ་བསང་གཏོར་བྱས་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་ལ་འདུག་པར་བྱའོ། །དེ་ནས་ཡང་ལྐོག་མའི་
ཕྱོགས་སུ་ཡི་གེ་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ་ལྕེའི་པདྨའི་འདབ་མ་ལ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ། བཛྲ་ཛི་ཧྭ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །ལག་པ་གཉིས་སུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་བསམས་ལ། དེའི་སྟེང་དུ་ཧཱུྃ་གཉིས་ལ་རྡོ་རྗེ་རྩེ་ལྔ་པ་གཉིས་
བསམ། ལག་པའི་རྩེ་མོ་ཡང་ཧཱུྃ་ཉིད་ལས་རྡོ་རྗེ་རྩེ་གཅིག་པའི་གཟུགས་སུ་རྣམ་པར་བསམས་ལ། ཧཱུྃ་ལས་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་སྤྲུལ་ཏེ། ཨོཾ་གྲྀཧྞ་བཛྲ་ས་མ་ཡ་ཧཱུྃ་བཾ་ཞེས་བརྗོད་ལ། ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་ནང་བཅིངས་ནས། །ཡིད་ཀྱིས་ཁྲོས་
ནས་དགག་བྱ་ལ། །རྡོ་རྗེ་མཐེ་བོ་དམ་པོ་སྟེ། །ཁྲོ་བོ་ཏི་རིནྟི་རིར་བཤད། །ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུཾ། ཨ་བྷི་ཥིཉྩ་མཾ་ཞེས་བྱ་བ་དང་། ཏི་རིནྟི་རིའི་ཕྱག་རྒྱས་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་སྙོམས་པའི་ཁུ་ཚུར་སྤྱི་བོར་བཞག་པ་འདི་ནི་རྡོ་རྗེ་ཏི་
རིནྟི་རི་སྟེ། འདིས་སྤྱི་བོ་ནས་བརྩམས་ཏེ། ཕྱོགས་བཞིར་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཚུལ་བྱས་ལ། ཡང་ཕྱག་རྒྱ་འདི་ཉིད་དཔྲལ་བའི་ཕྱོགས་སུ་བཞག་ནས་གཉིས་སུ་བྱས་ཏེ། དར་དཔྱངས་བཅིངས་པའི་ཚུལ་ཇི་ལྟ་བ་བཞིན་དུ་བྱས་ཏེ། མཉམ་པའི་ཐལ་མོས་ལྷ་རྣམས་མཉེས་པར་བྱའོ། །
བཛྲ་ཏུ་ཥྱ་ཧོ། །ཡང་ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ་ཞེས་བརྗོད་དེ། རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ལ། གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་གའི་ཕྱོགས་སུ་བཞག་ནས། གཡས་རྡོ་རྗེ་གསོར་ཞིང་བགེགས་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་ཧཱུྃ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་ཅེས་བྱ་
བ་དང་། རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བགེགས་ཐམས་ཅད་བསྐྲད་པ་དང་། བསྲེག་པ་དང་། འཚེད་པ་དང་། བཅིང་བ་ལ་སོགས་པ་བྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། སོར་མོ་རྣམས་ནང་དུ་འབར་བ་ལྟ་བུར་བྱས་ལ། མཐེ་བོ་རྡོ་རྗེ་བསྒྲེང་བ་འདི་ནི། ཁྲོ་བོ་

ཏི་རིནྟི་རི་ཞེས་བྱ་བ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་བརྐྱང་སྟེ། བསྡམས་པས་ལ་གཞག་སྟེ། བཛྲ་ནཻ་ཏྲི་བནྡྷ་སརྦ་བིགྷྣཱན་ཞེས་བྱ་བས་བགེགས་ཐམས་ཅད་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བརྐྱང་ལ་ས་ལ་
རེག་པར་བྱས་པ་དང་། ཨོཾ་བཛྲ་དྲྀ་ཌྷོ ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ་ཞེས་བྱ་བས་ས་འོག་བཅིང་བར་བྱའོ། །རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱིས་ནམ་མཁའ་བཅིང་བར་བྱ་སྟེ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དེ་ལ་འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ནས། མགོ་
བོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུ་ལྟར་བཞག་པ་འདི་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་སྟེང་དུ་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་ཐལ་མོ་ལས་མཐེ་བོ་གཉིས་བརྐྱང་སྟེ། མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱས་ཏེ། ཁར་བཞག་པ་
འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་ཏོར་ཕྱག་རྒྱ་དང་ལྡན་པས་ཤར་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་དྲུཾ་བནྡྷཾ་ཧཾ་ཞེས་བྱ་བའམ། ཏྲུཾ་ཞེས་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ཏེ། བཟློག་ནས་སྤྱི་བོར་བཞག་པ་ནི་རྡོ་རྗེ་གཙུག་
ཏོར་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་ཞགས་པས་དེ་ཉིད་བཅིང་བར་བྱ་སྟེ། ཧཱུྃ་བཛྲ་པཱ་ཤ་ཧྲི། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཁྲིག་མར་མདུད་པ་བྱ་བ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པཱ་ཏཾ་ཀེ་ནི་ར་ཊ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་སེམས་དཔའི་
སྐྱིལ་མོ་ཀྲུང་དུ་བྱས་ཏེ། མཛུབ་མོ་གཉིས་མཉམ་པོར་ཕྱེ་ལ། མཐེ་ཆུང་གཉིས་བ་དན་ལྟར་བྱ་བ་འདི་ནི་རྡོ་རྗེ་བ་དན་གྱི་ཕྱག་རྒྱའོ། །རྡོ་རྗེ་ནག་མོས་བྱང་ཕྱོགས་བཅིང་བར་བྱ་སྟེ། ཧྲི་བཛྲ་ཀཱ་ལི་རུ་ཊ་མ་ཊ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་ཁར་བརྟན་པར་བཞག་པ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །རྡོ་རྗེ་རྩེ་
མོས་ལྷོ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱིས་དཀྱིལ་འཁོར་བཅིང་བ་བྱས་ལ་ར་བ་བྱ་སྟེ། ཧཱུྃ་བཛྲ་ཀརྨ། ཡང་རྡོ་རྗེ་ཧཱུྃ་མཛད་ཀྱི་ནང་དུ་ར་བ་བྱས་ཏེ། ཧཱུྃ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་

ལ། མཁྲིག་མ་གཉིས་བསྣོལ་ཏེ། མཐེ་ཆུང་གཉིས་ལྕགས་ཀྱུར་སྦྲེལ་ལ། ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བསྒྲེང་བ་འདི་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱའོ། །འདི་ཉིད་ལས་གུང་མོ་དང་མཛུབ་མོ་གཉིས་རྡོ་རྗེར་བྱ་བ་ནི། རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་
བསྡམས་པ་དང་བཛྲ་བནྡྷ་བཾ་ཞེས་བྱ་བས་རྡོ་རྗེའི་དྲ་བ་བྱ་བའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྤོས་ཆུས་སྣོད་ལྷའི་ཁང་པའི་སྒོར་བསང་གཏོར་བྱ་བའི་ཕྱིར་གཞག་ལ། རྡོ་རྗེ་མེའི་སྔགས་བཟླས་པའི་སྤོས་ཆུས་མཆོད་པའི་ཡན་ལག་ཐམས་ཅད་བསང་གཏོར་བྱ་བ་དང་། རྡོ་རྗེ་མེ་ལྟར་
འབར་བ་ཕྱག་རྒྱ་དང་བཅས་པ་ཡང་བཟླས་པར་བྱའོ། །དེ་ནས་ཨོཾ་བཛྲ་པུཥྤེ་ཧཱུྃ་ཞེས་བྱ་བ་དང་། མེ་ཏོག་གི་ཕྱག་རྒྱས་མེ་ཏོག་བྱིན་གྱིས་རློབ། ཨོཾ་བཛྲ་གནྡྷ་ཞེས་བྱ་བ་དང་། དྲིའི་ཕྱག་རྒྱས་དྲི། ཨོཾ་བཛྲ་དྷཱུ་པེ་ཧཱུྃ་ཞེས་བྱ་བ་དང་། རྡོ་རྗེ་བདུག་པའི་ཕྱག་རྒྱས་བདུག་པ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་
ཨཱདྱ་ནུཏྤ་ནྣ་ཏྭཱཏ་ཞེས་བྱ་བ་དང་། རལ་གྲིའི་ཕྱག་རྒྱས་ལྷ་བཤོས་ཏེ། །རྡོ་རྗེ་བསྡམས་པས་རལ་གྲི་འདེབས་པ་ལྟར་བྱེད་པ་ནི་རལ་གྲིའི་ཕྱག་རྒྱའོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ་ཞེས་བྱ་བ་དང་། མར་མེའི་ཕྱག་རྒྱས་ནི་མར་མེ་ལའོ། །ཧཱུྃ་ཞེས་བྱ་བ་དང་། ཏིལ་དང་། ནས་དང་། ཀུ་ཤ་དང་། མེ་ཏོག་དཀར་པོ་
དང་། འབྲས་ཡོས་དང་། ཙནྡན་དཀར་པོའི་དུང་ཆོས་ལ་སོགས་པའི་སྣོད་གཙང་མའི་ནང་དུ་བཞག་སྟེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་རྒྱས་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ལ། དེ་དག་ཐམས་ཅད་གཞག་པར་བྱའོ། །མཆོད་རྟེན་ཐམས་
ཅད་དགུག་པ་དང་། །བདག་ལ་བྱིན་བརླབས་སོགས་བསྒྲུབས་པས། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ལུགས་མའམ་ཡང་ན་བརྐོས་པའམ། །བྱས་པའམ་ནི་བྲིས་པ་ཡི། །དང་པོའི་འཁོར་ལོའི་གཞག་ནས་ནི། །དེ་ནི་སླར་ཡང་རབ་ཏུ་བསྒྲུབ། །ཡི་གེ་
ཧཱུྃ་འདོན་ཅིང་དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། ཨ་ནུ་རཱ་ག་ཡཱ་མི་ཧཱུྃ་ཞེས་བརྗོད་དེ། ས་ལ་གཞག་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། དེ་ཉིད་ཁར་གཞག་ན་དཀྱིལ་འཁོར་དེར་རབ་ཏུ་གནས་པར་འགྱུར་རོ། །དེ་ནས་གལ་ཏེ་འབྱོར་ན་མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཆོད་

ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་བྱ་བ་དང་། ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་ལྔ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་ཕྱག་བྱའོ། །ཡང་ཤར་ཕྱོགས་ནས་ནུབ་ཏུ་བལྟས་ཏེ། སྔགས་འདི་དང་རྡོ་རྗེ་
ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ། ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྠ་སྭ་མཾ། དེ་ནས་དེ་བཞིན་དུ་གནས་པ་ལས། རྡོ་རྗེ་ཐལ་མོ་སྙིང་གའི་ཕྱོགས་སུ་གཞག་ལ། ལྷོ་ཕྱོགས་ནས་བྱང་དུ་ཁ་བལྟས་ཏེ།
སྔགས་འདི་དང་དཔྲལ་བ་ས་ལ་རེག་པས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། དེ་ནས་དེ་བཞིན་དུ་གནས་པ་ལས། རྡོ་རྗེ་ཁུ་ཚུར་སྤྱི་བོར་གཞག་ལ། ནུབ་ཕྱོགས་སུ་ཁ་ཤར་དུ་བལྟས་ཏེ། སྔགས་འདི་དང་ཁ་ས་ལ་རེག་པས་
ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ། ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཾ། དེ་ནས་དེ་བཞིན་དུ་གནས་པ་ལས། རྡོ་རྗེ་ཐལ་མོ་སྙིང་གར་གཞག་སྟེ། བྱང་ཕྱོགས་སུ་ལྷོར་ཁ་བལྟས་ཏེ། སྔགས་འདི་དང་སྤྱི་བོས་རེག་པས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་
ཀརྨ་ཎེ། ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། དེ་ནས་ཤར་ཕྱོགས་སུ་པུས་མོ་གཉིས་ས་ལ་བཙུགས་ཏེ་འདུག་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།
དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་དགོངས་སུ་གསོལ། བདག་རྡོ་རྗེ་མིང་འདི་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་དང་། ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་གྱི་ཚོགས་
ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་ཡང་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་མཛད་པར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་
བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ཐམས་ཅད་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བའམ། ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བདུག་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་
བརྗོད་པར་བྱ་སྟེ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདིའམ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་
ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་

དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མར་མེའི་ཕྱག་རྒྱ་བཅིངས་ཏེ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་སྣང་
བའི་བྱེ་བྲག་ཡིད་ལས་བྱུང་བའམ། རིན་པོ་ཆེའི་འོད་དམ། མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་
བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་སུ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲིའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་
རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ་ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་
མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་
ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རིན་པོ་ཆེའི་རི་བོའམ། རྒྱ་མཚོ་རིན་པོ་ཆེའི་ཚོགས་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ།
མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་

ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་རཏྣ་ཨཱ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་བཞད་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དགོད་པ་དང་།
སྒེག་པ་དང་། དགའ་བ་དང་། རྩེད་འཇོའི་བདེ་བའི་བྱེ་བྲག་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་
ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱ་ལཱ་སྱ་ར་ཏི་ཀྲཱི་ཌ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བཞད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་འདི་སྤྱི་བོར་བཞག་ལ།
ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་ངམ། གོས་ཀྱི་ཤིང་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་
གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་
ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨཱ་ལཾ་ཀཱ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་པར་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་རྗེ་ཆེན་པོའི་དབང་གིས་སེམས་
ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་དེ། མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང་། མ་གྲོལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་

བྱ་བའི་ཕྱིར་དང་། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་
བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོདྦྷ་བ་དཱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ།
འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག །དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷི་ཧ་ར་ཤཱི་ལ་
པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ལུས་ལ་ཡང་དག་པར་བརྒྱན་པར་བྱས་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ཞེ་འགྲས་པ་མེད་པར་
ཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང་། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷི་ཀྵཱནྟི་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་
ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་དགའ་བ་དང་ལྡན་པ་དང་། སངས་རྒྱས་ཉིད་ལ་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་སཱ་ར་པ་རི་ཏྱི་ཀ་ཨ་ནུཏྟ་ར་མ་ཧཱ་བཱིརྱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མེ་
ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་རྣམས་དང་། རིག་པ་ཐམས་

ཅད་དབང་དུ་གྱུར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་སཽ་ཁྱཱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་སྤོས་ཀྱི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་
རབ་དང་ཡེ་ཤེས་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་། སྒྱུ་རྩལ་དང་ལྡན་ལ། གསང་བའི་ཆོ་ག་ཤེས་པ་དང་། དེ་ཁོ་ན་ཉིད་མཐོང་སྟེ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡང་དག་པར་
གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤ་ཙྪེད་སརྦ་དྷརྨཿས་མནྟ། ཛྙཱ་ན་མ་ཧཱ་པྲཛྙཱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་དྲུང་དུ་བདག་ཉིད་ཀྱིས་ལྷག་པར་མོས་པར་བྱས་
ལ། ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་ཐམས་ཅད་དུ་ཁ་དང་ལྕེ་བརྒྱ་སྟོང་ཕྲག་སྙེད་ཀྱི་སྒོ་ནས་མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པས་མཆོད་པས་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་
བཱ་ག་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བསམ་པ་གཅིག་པའི་སྦྱོར་བས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཆོས་ཐམས་ཅད་ནི་
དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ་བདག་ཉིད་
དབུལ་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་གྱིས། དུས་ཐམས་ཅད་དང་། རྣམ་པ་ཐམས་ཅད་དུ་བདག་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ་

ཞེས་བརྗོད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་བདེ་བ་ཉིད་དང་། ཡིད་བདེ་བ་དང་བཅས་པ་ཉིད་ཀྱིས་མིའི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག །བདེ་གཤེགས་གསང་སྔགས་རྣམས་ལ་མཁས་པ་དང་། །རྟག་ཏུ་ཆོས་རྒྱལ་ལྷུན་གྱིས་གྲུབ་ཐོབ་ལ། །འགྲོ་བ་མ་ལུས་
དགོད་པར་གནས་བགྱིད་ཅིང་། །གལ་ཏེ་མ་ཐོབ་ན་ཡང་དུས་འདིར་སྨོན། །དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྔོས་ནས། སྡོམ་པ་གཟུང་བར་བྱ་སྟེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་བཞིན་
བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་ནི་བྱེད་པ་གསུམ། །བདག་གིས་བརྟན་པོར་གཟུང་བགྱི་ཞིང་། །སངས་རྒྱས་ཆོས་དང་འཕགས་དགེ་འདུན། །བླ་
ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ཡང་
ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །
མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་ནི་དགྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །

སེམས་ཅན་མྱ་ངན་འདས་ལ་འགོད། །དེ་ནས་གཟུགས་བརྙན་ལ་སོགས་པའི་སྦྱོར་བས་ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བས། ཆོ་ག་རྣམས་རྗེས་སུ་སྤྱད་པར་བྱ་སྟེ། ཐལ་མོ་དམ་དུ་བསྡམས་པ་ལས། །སོར་མོ་ཐམས་ཅད་བསྣོལ་ནས་ནི། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏེ། །རབ་ཏུ་བསྡམས་ཕྱིར་རྡོ་
རྗེ་བསྡམས། །བཛྲ་ཨཉྫ་ལི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་སྔགས་སོ། །བཛྲ་བནྡྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་སྟེ། བཛྲ་བནྡྷ་ཏྲཊ་ཅེས་བྱ་བ་དང་། རྡོ་རྗེ་བསྡམས་པ་སྙིང་གར་དགྲོལ་ལོ། །བཛྲ་ཨཱ་བེ་ཤ་ཞེས་བྱ་བ་དང་། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་བདག་
ཉིད་ལ་དབབ་པར་བྱ་སྟེ། དང་པོའི་རྡོ་རྗེ་སྐུ་མདོག་དམར་པོ་འོད་དམར་པོ་འབར་བས། བདག་ཉིད་ཀུན་དུ་གང་བར་གྱུར་པར་བསམ་པར་བྱའོ། །དབབ་པ་དེ་ཡང་འདིས་བརྟན་པར་བྱ་སྟེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤ་ཤྭ་ཏོ་མེ་བྷཱ་བ་ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛཱ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །དམ་ཚིག་གི་རྡོ་རྗེ་
ཁུ་ཚུར་གྱི་མཛུབ་མོ་སྦྱར་བ་ནི། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱའོ། །བཛྲ་མུཥྚི་ཞེས་བྱ་བ་དང་། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །ཨོཾ་བཛྲ་སནྡྷི་རྦྃ། རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་ཀྱི་བར་དུ་མཐེ་བོང་བཞག་ནས་བསྡམས་ལ་མཛུབ་མོ་
གཉིས་བཀུག་པ་ནི། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་རོའི་མཐར་ཐུག་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ་བཅིངས་ལ། ཡི་གེ་ཧཱུཾ་ལན་གསུམ་དུ་བརྗོད་ནས། འདིས་རང་གི་སྙིང་གར་གཞུག་པར་བྱ་སྟེ། ཨོཾ་
བཛྲ་མུཿཨོཾ་སརྦ་པཱ་པཾ་ཨཱ་ཀཪྵ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡེ་ཧཱུཾ་ཕཊ། ཅེས་བྱ་བ་ཕྱག་རྒྱ་དང་བཅས་པས་ངན་འགྲོ་ཐམས་ཅད་དགུག་པར་བྱའོ། །རྡོ་རྗེའི་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་སུ། །ལེགས་པར་གྱེན་དུ་འཕགས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ཨོཾ་
བཛྲ་པཱ་ཎི་བི་སྥོཊ་ཡ་སརྦ་ཨ་པཱ་ཡ་བནྡྷན་ནི་པྲ་མོ་ཀྵཱ་ཡ་སརྦ་ཨ་པཱ་ཡ་ག་ཏི་བྷྱཿསརྦ་ས་ཏྭཱན། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡཏྲཊ་ཅེས་བྱ་བ་ཕྱག་རྒྱ་དང་བཅས་པས་སྡིག་པ་ཐམས་ཅད་དྲལ་བར་བྱའོ། །རྡོ་རྗེ་བཅིངས་པ་བསྡམས་བྱས་ཏེ། །གུང་མོ་གཉིས་ཀ་སྦྱར་ནས་ནི། །ཐ་མ་བཞི་ནི་རྩེ་མོ་སྦྱར། །སྡིག་

པ་འཇོམས་པར་གྲགས་པ་ཡིན། །དེ་ནས་རང་གི་སྙིང་གར་རྡོ་རྗེ་ལ་ཧཱུྃ་ཡིད་ཀྱིས་མངོན་པར་བྲིས་ནས། དེ་ཉིད་ཡིད་ལ་གདོན་པར་བྱའོ། །དེ་ནས་ཡི་གེ་ཧཱུྃ་དེ་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས། རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་ཡོངས་སུ་གྱུར་པ་རྣམ་པར་བསམས་ལ།
དེའི་སྟེང་དུ་ཡང་ཡི་གེ་ཧཱུྃ་དང་ཀ་ལ་སོགས་པ་རྣམས་ཀྱིས་སྐར་མ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྐྱེད་པར་བྱའོ། །ཟླ་བའི་དཀྱིལ་འཁོར་གཉིས་པོ་དེ་ཉིད་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དང་པོའི་རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམས་ལ། རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་བསམས་ཏེ།
རྡོ་རྗེ་ནི་བདག་གོ་ཞེས་བསྒོམས་ནས། རྡོ་རྗེ་དེ་ལས་དེ་བཞིན་གཤེགས་པའི་རིགས་རྣམས་སྤྲུལ་ལ། དེས་སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་དུ་བསྐྱེད་ནས། དེ་རྣམས་རྡོ་རྗེ་དེར་བཅུག་ནས་རྡོ་རྗེ་ཆེན་པོ་དེ། བདག་ནི་སེམས་དཔའ་ཀུན་བདག་གྲགས། །བདག་
ཉིད་ཀྱང་ནི་བདག་ལ་གནས། །ཞེས་བྱ་བས་བྱིན་གྱིས་བརླབས་ལ། སེམས་དཔའ་ནི་བདག་གོ་ཞེས་བྱ་བའི་ང་རྒྱལ་དུ་བསྒོམ་པར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཛྲ་སཏྭ་ཧྃ་ཞེས་བརྗོད་ལ། བཟླས་མ་ཐག་ཏུ་བསྒོམས་པའི་རྡོ་རྗེ་ཆེན་པོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་
བསམ་མོ། །དེ་ནས་སྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ལ། ཡང་སྒྲུབ་པ་པོས་བཛྲ་སཏྭ་ཧྃ་ཞེས་བརྗོད་པར་བྱའོ། །དེ་ལྟར་སེམས་དཔར་བྱིན་གྱིས་རློབ་པའི་སྦྱོར་བས། རྡོ་རྗེ་སེམས་དཔའ་བདག་ཉིད་རྣམ་པར་བསམས་ལ། དེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སོ་སོར་སྣང་
ཞིང་། གཟུགས་བརྙན་དང་འདྲ་བར་བསམས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་ས་མ་ཡ་སཏྭ་ཧཾ། དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ས་མ་ཡོ་ཧྃ། དེ་ཉིད་ཀྱིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ས་མ་ཡ་སཏྭ་
ཨ་དྷི་ཏིཥྛ་སྭ་མཱཾ། དེ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་བླངས་ལ་སྙེམས་པར་བྱ་སྟེ། ལག་པ་གཡས་པས་དང་པོའི་རྡོ་རྗེ་བླངས་ནས་གསོར་ནས། རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཞག་པར་བྱ་ཞིང་། ཧཱུཾ་འདོན་པས་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་

ཆེན་པོ་སྟེ། དེ་ལྟ་བུའི་ཕྱག་རྒྱ་བཅིངས་ནས་འདུག་ལ། ཧཱུྃ་ཨཱཿཞེས་བརྗོད་དེ། མདུན་དུ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་བསམས་ནས། ཧཱུྃ་བརྗོད་དེ་རྡོ་རྗེར་བདག་ཉིད་བསྒོམས་ལ། བཛྲོ་ཧྃ་ཞེས་བརྗོད་དོ། །ཡང་ཧཱུྃ་དེ་ཉིད་ཟློས་ཤིང་བཛྲ་སཏྭ་ཧཾ་ཞེས་བརྗོད་ལ། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་
བསྒོམས་ལ། དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་སྙིང་པོ་དང་ཕྱག་རྒྱ་དང་བཅས་པ་འདི་དག་གིས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ཏེ་བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོཊ་བྃ། བཛྲ་ཨཱ་བེ་ཤ་ཨ། དེ་ནས་འདི་དག་གི་ཕྱག་རྒྱ་བཤད་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་
ལས་བྱུང་བའི་མཛུབ་མོ་ལྕགས་ཀྱུར་བཅིངས་ལ། མཐེའུ་ཆུང་ལྕགས་ཀྱུ་ཆེན་པོར་བྱ་བ་ནི། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །མཁྲིག་མ་མདུད་པ་ནི་ཞགས་པའིའོ། །མཐེའུ་ཆུང་དང་མཛུབ་མོ་མདུད་པ་ནི་ལྕགས་སྒྲོག་གིའོ། །རྒྱབ་གཉིས་བསྙམས་ཏེ་མནན་པ་ནི་རྡོ་རྗེ་འབེབས་པའི་ཕྱག་རྒྱའོ། །དེ་ནས་དང་
པོའི་རྡོ་རྗེ་བཅིངས་ལ་ཧཱུྃ་དྲྀ་ཤྱ་ཞེས་བྱ་བས། བཅོམ་ལྡན་འདས་ལ་བལྟ་བར་བྱ་སྟེ། ཡེ་ཤེས་སེམས་དཔའ་དེ་མཐོང་ནས། རང་གི་ལུས་ལ་བསྒོམ་པར་བྱ། །བཀུག་ཅིང་བཅུག་ལ་བཅིང་བ་དང་། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །ཧཱུྃ་དང་གསང་བའི་ལྕགས་ཀྱུ་དང་པོའི་རྡོ་རྗེས་གུང་མོ་རྡོ་རྗེ་ལྕགས་ཀྱུ་གཉིས་སུ་
བྱས་ལ། དེ་དང་དགུག་པའི་སྦྱོར་བས། རང་གི་སྙིང་གའི་ཕྱོགས་སུ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ལ། ཡང་དང་པོའི་རྡོ་རྗེ་བཅིངས་ནས། ས་མ་ཡ་སྟྭཾ་ཞེས་བརྗོད་དེ། རྒྱབ་ཏུ་འོད་ཀྱི་དཀྱིལ་འཁོར་བསྐྱེད་ནས། བཅོམ་ལྡན་འདས་བཞུགས་པར་གྱུར་པ་དང་། བདག་ཉིད་དང་ལྷན་
ཅིག་ཏུ་གྱུར་པར་བསམས་ལ། ས་མ་ཡ་སྟྭཾ་ཨ་ཧཾ། ཛཿཧཱུཾ་བཾ་ཧོཿཞེས་ལན་གསུམ་བརྗོད་པས། མཛུབ་བཅས་ཟླ་བའི་མདོག་ཅན་ལ། །རྡོ་རྗེ་སྙེམས་པ་འཛིན་པའི་མཆོག །རྡོ་རྗེ་ཕྲེང་སོགས་ཀྱིས་སྤྲས་ཤིང་། །སྣ་ཚོགས་འབར་བ་འཁྲིགས་པའི་འོད། །ཅེས་བྱ་བ་སྣ་ཚོགས་པདྨ་ལ་སེམས་དཔའི་སྐྱིལ་
མོ་ཀྲུང་གིས་བཞུགས་པ། དགའ་བ་ཆེན་པོས་གཟིགས་པ་ཞལ་འཛུམ་ཞིང་རྣམ་པར་གཡོ་བ་བསམས་ལ། མིག་གཉིས་སུ་ཧཱུྃ་གཉིས་བསམས་ནས། ལྕེ་ལ་ཡང་ཧཱུྃ་བཀོད་དེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་གར་ལས་བྱུང་བ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་

བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་ཚུལ་གྱིས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། རང་གི་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ་སྦྱོར་བ་འདི་དང་། ཕྱག་རྒྱ་འདིས་རྒྱས་གདབ་པར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་
ཕྱག་རྒྱ་བཅིངས་ལ། འདི་སྐད་བརྗོད་པར་བྱའོ། །བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཨ་ཧཾ་བཛྲ་དྷཱ་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ་ཞེས་ལན་གསུམ་བརྗོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་
དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། འདི་སྐད་བརྗོད་དོ། །ཨོཾ་བཛྲ་དྷཱ་ཏུ་དྲྀ་ཤྱ། ཛཿཧཱུྃ་བཾྃ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་བཛྲ་དྷཱ་ཏུ་ཞེས་ལན་གསུམ་བརྗོད་དོ། །ཡང་དེ་རྣམས་ཀྱི་གསང་སྔགས་ནི། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་རཏྣ་ཧཱུྃ། ཨོཾ་བཛྲ་དྷརྨ་ཧཱུྃ། ཨོཾ་བཛྲ་ཀརྨ་ཧཱུྃ་ཞེས་བྱ་བ་སྟེ། འདི་དག་ནི་རིམ་
པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་སྔགས་ཡིན་ནོ། །དེ་ནས་དེ་རྣམས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། དེ་ལ། རྡོ་རྗེ་བསྡམས་པ་ལས་བྱུང་བའི། །རྡོ་རྗེ་སེམས་མ་བརྟན་བྱས་ལ། །གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང་། །གུང་མོ་ནང་དུ་གཤིབས་པ་ནི། །སངས་རྒྱས་གཉིས་པ་ཡིན་པར་བཤད། །
གུང་མོ་རིན་ཆེན་འདྲ་བ་དང་། །གུང་མོ་པདྨ་འདྲ་བར་དགུག །སངས་རྒྱས་ལྔ་པའི་ཕྱག་རྒྱ་ནི། །དེ་བཞིན་མཛུབ་མོ་བཀུག་པའོ། །དེ་ནས་བཛྲ་ཛྙཱ་ན་ཞེས་བྱ་བའི་ཆོས་ཀྱི་ཕྱག་རྒྱ་དེ་བཞིན་གཤེགས་པ་ལྔའི་ལྗགས་ལ་བསམས་ནས། དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་འདི་དག་ནི་རྡོ་རྗེ་
ཁུ་ཚུར་ལས་བྱུང་བ་སྟེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡི་ས་ལ་རེག །རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་བར་མི་འཇིགས་སྦྱིན། །
ཞེས་བྱ་བ་སྟེ། དེ་བས་ན་གོ་རིམས་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ནས་དོན་ཡོད་གྲུབ་པའི་མཐར་ཐུག་པའི་བར་དུ། བཛྲ་དྷཱ་ཏུ་ཞེས་བྱ་བ་ཐུན་མོང་གི་སྙིང་པོས་བྱང་ཆུབ་མཆོག་དང་། ས་གནོན་པ་ལ་སོགས་པའི་ཕྱག་རྒྱ་དང་རབ་ཏུ་སྦྱར་རོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུན་

མོང་གི་སྙིང་པོས་སྔགས་པས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། མཚན་མ་རྣམས་དང་བཅས་པར་རབ་ཏུ་སྦྱར་ན། ཕྱག་རྒྱ་ཆེན་པོར་འགྱུར་རོ། །དེ་ནས་དང་པོའི་ཕྱག་རྒྱ་བཅིངས་ལ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཞེས་བྱ་བ་དང་། རང་གི་སྙིང་གའི་ཟླ་བ་ལ་དང་པོའི་རྡོ་རྗེ་བསྐྱེད་དོ། །བཛྲ་རཏྣ་ཨ་དྷི་ཏིཥྛ་
ཞེས་བྱ་བ་དང་། དཔྲལ་བའི་ཕྱོགས་སུ་རྡོ་རྗེ་རིན་ཆེན། བཛྲ་དྷརྨ་ཨ་དྷི་ཏིཥྛ་ཞེས་བྱ་བ་དང་། ལྐོག་མའི་ཕྱོགས་སུ་པདྨ། བཛྲ་ཀརྨ་ཨ་དྷི་ཏིཥྛ་ཞེས་བྱ་བ་དང་། སྤྱི་བོར་སྣ་ཚོགས་རྡོ་རྗེ་བསྐྱེད་པར་བྱའོ། །དེ་ནས་ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་
རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾཿཀུ་རུ་ཧཱུ་ཧ་ཧ་ཧ་ཧ་ཧོ། །བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་