Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 4 / 16 (50.000 ký tự/trang)
་རབ་ཏུ་སྦྱོར་བ་ནི་སོ་སོར་སྟོན་པ་སྟེ། སྤྲུལ་པ་སྐུ་ལ་རབ་ཏུ་འཇུག་པའོ། །དཀྱིལ་འཁོར་ནི་ཀུན་ནས་ཟླུམ་པོ་ལ་རིམ་པ་གསུམ་པ་སྟེ། རིམ་པ་གཉིས་པ་དབུས་མའི་ཉིས་འགྱུར་ནི་རིམ་པ་གཉིས་པའོ། །སུམ་འགྱུར་ནི་རིམ་པ་གསུམ་པ་
སྟེ་ཐམས་ཅད་ཀྱང་སྒོ་བཞི་པར་བྱའོ། །མཚམས་བཞིར་ནི་མདུང་རྩེ་གསུམ་གྱིས་མཚན་པ་བྲི་བར་བྱའོ། །དེ་ལ་དབུས་སུ་ནི་ལྷ་ཆེན་པོ་གདོང་བཞི་པ་དགོད་པར་བྱ་སྟེ། གདོང་དང་པོ་ཞི་བ་ལ་ཞལ་ཐམས་ཅད་དྲག་ཅིང་འཇིགས་སུ་རུང་བ་དེའི་སྤྱི་བོར་ཁྲོ་བོ་ཕྱག་བཞི་པ་བྱའོ། །ལག་པ་
བཞི་ཡོད་པ་བྱ་སྟེ། མདུང་དང་། ཁ་ཊྭཱཾ་ག་ནི་ལག་པ་གཡོན་ན་ཐོགས་པར་བྱའོ། །དེ་བཞིན་དུ་ལག་པ་གཡས་པ་གཉིས་སུ་ནི་ཕྲེང་བ་དང་། གཡུང་དྲུང་ཐོགས་པར་བྱའོ། །དེའི་ཤར་ཕྱོགས་སུ་ནག་པོ་ཆེན་པོ་མདུང་རྩེ་གསུམ་ཐོགས་པའོ། །ལྷོ་ཕྱོགས་སུ་ནི་དགའ་བྱེད་དབང་
ཕྱུག་རྫ་རྔ་བརྡུང་བར་བརྩོན་པའོ། །ནུབ་ཏུ་ནི་དྲིལ་ཆེན་ལག་ན་དྲིལ་བུ་ཐོགས་པའོ། །བྱང་དུ་ནི་གར་གྱི་དབང་ཕྱུག་ལག་ན་མདུང་རྩེ་གསུམ་པ་ཐོགས་པའོ། །ཤར་ལྷོའི་མཚམས་སུ་ནི་ཐོད་པ་བཟང་པོ་མདུང་རྩེ་གསུམ་དང་ཐོད་པ་ལག་ན་ཐོགས་པའོ། །ལྷོ་ནུབ་མཚམས་སུ་ནི་གཏུམ་
པོའི་དབང་ཕྱུག་དབྱིག་པ་ལ་དབང་བྱེད་པའི་ངོ་བོར་དབྱིག་པ་ལ་དབང་བྱེད་པའོ། །ནུབ་བྱང་མཚམས་སུ་ནི་ལག་ན་ཁ་ཊྭཱཾ་ག་དང་ཐོད་པ་ལག་ན་ཐོགས་པའོ། །བྱང་ཤར་མཚམས་སུ་ནི་བ་ལང་སྣའི་དབང་ཕྱུག་མདུང་རྩེ་གསུམ་པ་ལག་ན་ཐོགས་པའོ། །རིམ་པ་གཉིས་པའི་ཤར་ཕྱོགས་

སུ་དྲག་མོ་ལག་ན་མདུང་རྩེ་གསུམ་པ་ཐོགས་པའོ། །ལྷོ་ཕྱོགས་སུ་ཚངས་མ་ལག་ན་ཕྲེང་བ་ཐོགས་པའོ། །ནུབ་ཕྱོགས་སུ་ཁྱབ་འཇུག་མ་ལག་ན་འཁོར་ལོ་ཐོགས་པའོ། །བྱང་དུ་གཞོན་ནུ་མོ་ལག་ན་དྲིལ་བུ་ཐོགས་པའོ། །དེ་བཞིན་དུ་གཞན་
དག་ཀྱང་སྔར་བཤད་པ་བཞིན་དུ་བལྟ་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ནི་དབྱིག་པའི་དབང་ཕྱུག་ལག་ན་དབྱིག་པ་དང་ཐོད་པ་ཐོགས་པའོ། །ལྷོའི་སྒོར་ནི་མགོའི་དབང་ཕྱུག་མདུང་རྩེ་གསུམ་པ་དང་ཐོད་པ་ཐོགས་པའོ། །ནུབ་ཕྱོགས་ཀྱི་སྒོར་ནི་དྲིལ་རྣ་དྲིལ་བུ་ཐོགས་པའོ། །
བྱང་ཕྱོགས་ཀྱི་སྒོར་ནི་དྲག་པོ་ཆེན་པོ་མདུང་དང་ཐོད་པ་ལག་ན་ཐོགས་པ་བྲི་བར་བྱའོ། །འདིར་བྱ་བ་ཐམས་ཅད་ནི་ཏྲི་ཞེས་བྱ་བ་ཟློས་ཤིང་བྱའོ། །ལྷག་མ་རྣམས་ནི་སྔ་མ་དང་འདྲ་བའོ། །དེ་ནས་མདུང་རྩེ་གསུམ་པའི་ཕྱག་རྒྱ་བཅིངས་ལ། བཛྲ་བཛྲ་ཏྲི་ཞེས་བརྗོད་ལ་འཇུག་པར་བྱའོ། །
ལག་པ་གཉིས་ཀྱི་མཐེ་བོས་མཐེའུ་ཆུང་མནན་ལ། ལུ་གུ་རྒྱུད་དུ་སྦྲེལ་བ་ནི་མདུང་རྩེ་གསུམ་པའོ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།མ་མོའི་དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དེ། འདིར་བྱ་བ་ཐམས་ཅད་ལ་ཡི་གེ་བྷྱོ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་
ནས་ཅེ་སྤྱང་ཕོ་ཉ་མོའི་སྤྱོད་པས་བཛྲ་བཛྲ་བྷྱོ་ཞེས་བརྗོད་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ། །མཁྲིག་མ་བསྣོལ་བས་ལག་པ་གཉིས་བརྐྱང་ལ་ས་ལ་བཞག་སྟེ། ཙོག་པུས་མཆོངས་ལ། ཅེ་སྤྱང་གི་སྒྲ་སྒྲོགས་ཤིང་འཇུག་པར་བྱ་སྟེ། འདི་ནི་ཅེ་སྤྱང་ཕོ་ཉ་མོའི་ཕྱག་རྒྱའོ། །ལག་
པ་གཡོན་པའི་ལག་ངར་མདུན་དུ་བཀུག་པ་ནི་ཁ་ཊྭཱཾ་ག་འཛིན་པའི་ཕྱག་རྒྱའོ། །ལག་པ་གཡས་པ་གྱེན་དུ་བཏེག་ལ། བ་དན་གསུམ་པར་བྱས་པ་ལ་མཐེ་བོང་དང་སྲིན་ལག་གིས་ཐོད་པ་བཟུང་བ་ནི་བཏུང་བ་འཕྲོག་པའི་ཕྱག་རྒྱ་སྟེ། ནག་པོ་ཆེན་པོའི་དམ་ཚིག་གོ། །གཞན་
དག་ནི་གོ་སླའོ། །མ་མོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།མིང་པོ་གསུམ་གྱི་དཀྱིལ་འཁོར་ཡང་སྔར་བཤད་པ་ཉིད་དོ། །འདིར་སྭ་ཞེས་བྱ་བ་ཟློས་ཤིང་ཐམས་ཅད་བྱའོ། །དེ་ནས་བཛྲ་བཛྲ་སྭཾ་ཞེས་བརྗོད་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ། །མདུང་རྩེ་གསུམ་

པ་མཚན་པ་ཉིད་ནི་དམ་ཚིག་གི་ཕྱག་རྒྱའོ། །མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།སྲིང་མོ་བཞིའི་དཀྱིལ་འཁོར་ཡང་སྔར་བཤད་པ་ཉིད་དོ། །འདིར་བྱ་བ་ཐམས་ཅད་ནི་ཧཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་ལག་པ་གཡོན་ན་ཁ་ཊྭཱཾ་
ག་ཐོགས་པ་དང་བཅས་པས་བཛྲ་བཛྲ་ཧཾ་ཞེས་བརྗོད་དེ་འཇུག་པར་བྱའོ། །སྲིང་མོ་བཞིའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།མཐའ་ཡས་མུ་མེད་པས་མཐར་ཐུག་ཅིང་ཞེས་བྱ་བ་ལ། དེ་ལ་མཐའ་ཡས་པ་ནི་ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་རྣམས་སོ། །དེ་ཉིད་
དུ་མུ་མེད་པ་ཡིན་པས་ན་མཐའ་ཡས་མུ་མེད་པའོ། །དེ་ལྟར་ན་མཐའ་ཡས་པ་ཡང་ཡིན་ལ་མུ་མེད་པ་ཡང་ཡིན་པས་ན་མཐའ་ཡས་མུ་མེད་པའོ། །དེ་ཉིད་ནི་མཐར་ཐུག་པ་སྟེ། ཡོངས་སུ་རྫོགས་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ནམ་མཁའི་ཁམས་ཐམས་ཅད་
ཁྱབ་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་གསུངས་སོ། །དེའི་ཆོས་ཉིད་གང་ཡིན་ཞེ་ན། མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ནམ་མཁའི་ཁམས་ཐམས་ཅད་ལྟར་རྟག་ཏུ་གནས་པའི་སྐུ་དང་
གསུང་དང་ཐུགས་རྡོ་རྗེ་དང་ལྡན་པས་ན་མུ་མེད་པའོ། །དེ་ཉིད་ནི་མཐར་ཐུག་པ་མེད་པའི་ཆོས་ཏེ། ཡོངས་སུ་རྫོགས་པའི་ཆོས་སོ། །དེ་ལྟར་ན་མུ་མེད་པ་ཡིན་ལ། མཐར་ཐུག་པ་ཡང་ཡིན་པའོ། །ཆོས་གང་ཡིན་པ་དེ་ནི་མུ་མེད་ཅིང་མཐར་ཐུག་པའི་ཆོས་ཏེ། དེ་ལྟ་བུའི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། མཐར་ཐུག་པར་བྱིན་གྱིས་རློབ་པའི་ཕྱིར་ཞེས་པ་སྟེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །མིང་ཅི་སྐད་བྱ་ཞེ་ན། ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཆོས་ཐམས་ཅད་ནི་རིགས་
ལྔའི་ངོ་བོ་ཉིད་ཡིན་ལ། དེ་རྣམས་ཀྱི་མཉམ་པ་ཉིད་ཡིན་པས་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །དེ་ཐམས་ཅད་ཀྱང་མཐའ་ཡས་ཤིང་མཐར་ཐུག་པ་མེད་པར་མཉམ་པ་ཉིད་ཡིན་ལ། མཉམ་པ་ཉིད་དེས་མཐར་ཐུག་པར་བྱིན་གྱིས་བརླབས་པ་སྟེ། མདོར་བྱས་ནས་བསྡུས་ཏེ་

བཤད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ། དེ་ནི་ཚད་ཀྱིས་གཞལ་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་བཅུར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཚུལ་གྱིས་
ཐམས་ཅད་དུ་ཁྱབ་པའི་ཕྱིར་དང་། དེའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་ནི་མཐའ་ཡས་པ་ཉིད་དེ། འདིས་ནི་དེ་བཞིན་གཤེགས་པའི་རིགས་མཐའ་ཡས་པ་ཉིད་དུ་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔར་བཤད་པ་དང་འདྲའོ། །རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་
ནི་རིན་པོ་ཆེའི་རིགས་མུ་མེད་པ་ཉིད་དེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས། ཆོས་ཐམས་ཅད་དུ་མ་ཉིད་དོ། །པདྨའི་རིགས་ཚད་མེད་པ་
ཉིད་དོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ཇི་སྲིད་པར་རབ་ཏུ་འཇུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་དེ། ཡོངས་སུ་རྫོགས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་ཀྱིས་ན། བྱ་བ་གྲུབ་
པའི་ཡེ་ཤེས་ཡོངས་སུ་རྫོགས་པ་མེད་པ་ཉིད་དེ། སྐད་ཅིག་མ་རེ་རེ་ཞིང་སྤྲུལ་པའི་སྤྲིན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཏོ། །ཐུག་པ་མེད་པ་ཞེས་བྱ་བ་ནི་ཚད་མེད་པ་རྣམས་སོ། །མཐར་ཕྱིན་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་འགྱུར་བའོ། །སྒྲིབ་པ་ཐམས་ཅད་
ཟད་ནས་ཞེས་བྱ་བ་ནི་སྒྲིབ་པ་རྣམས་གཏུགས་པར་གྱུར་པས་སོ། །འདུས་ཏེ་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ། །བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བདེ་བ་ཆེན་པོ་སྟེ། དངོས་གྲུབ་ཀུན་གྱི་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་བཤད་དོ་ཞེས་འདི་ཉིད་ཀྱི་འོག་ནས་བཤད་པའི་
ཕྱིར། ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ནི། དེ་བཞིན་གཤེགས་པའི་བདེ་བ་ཆེན་པོའོ། །དེ་ཉིད་རྡོ་རྗེ་ཆེན་པོ་ཡིན་པས་ན། བདེ་བ་ཆེན་པོ་རྡོ་རྗེ་སྟེ། དེའི་དོན་ཡོད་པའི་དམ་ཚིག་ཏུ་གྱུར་པས་ན་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་སྟེ། རྡོ་རྗེ་སེམས་

དཔའ་ལ་སོགས་པའི་དཀྱིལ་འཁོར་དང་ཕྱག་རྒྱའི་ཚུལ་ལོ། །དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་འགྲེལ་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་
སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅། །རྒྱ་གར་སྐད་དུ། ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ། བོད་སྐད་དུ། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ། གསུང་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་
ལོ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ཏེ། །དཔལ་མཆོག་དང་པོ་བདེ་བ་ཆེ། །ཅི་ནུས་པར་ནི་རྣམ་པར་དབྱེ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདིའི་བརྗོད་པར་བྱ་བ་དང་། འབྲེལ་པ་ནི་གང་ཞིག་ཡིན། དགོས་
པ་དང་། དགོས་པའི་ཡང་དགོས་པ་ནི་ཅི་ཞིག་ཡོད་ཅེ་ན། དེ་བརྗོད་པར་བྱ་སྟེ། དཔལ་མཆོག་དང་པོ་ཞེས་བྱ་བ་ནི་རྒྱུད་འདི་ཉིད་ཡིན་ལ། འདི་ཉིད་ཀྱི་འདི་སྐད་བདག་གིས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་འཛིན་པ་ཉིད་ཅེས་བྱ་བ་ལ། དཔལ་མཆོག་དང་པོ་ནི་རྡོ་རྗེ་འཆང་ཆེན་པོའི་
མཚན་ཉིད་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་པར་བྱེད་པ་གླེང་གཞི་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་སྟོན་པ་ཡིན་ཏེ། དེ་ཡང་དཔལ་མཆོག་དང་པོ་རྡོ་རྗེ་འཆང་ཆེན་པོའི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆེན་པོས་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་
པ་བསྐྱེད་པར་བྱ་བའི་ཕྱིར། གསུངས་པའི་ཐབས་ཀྱི་ཕྱོགས་གཅིག་གིས་ངོ་བོ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་བསྒོམས་པས་མངོན་པར་འདོད་པ་སྐྱེས་པའི་གདུལ་བྱ་རྣམས་ཀྱིས། དཔལ་མཆོག་དང་པོ་སྟེ་རྡོ་རྗེ་འཛིན་པ་ཆེན་པོ་མངོན་དུ་བྱ་བའི་ཕྱིར་ཐབས་མ་ལུས་པར་བསྟན་པའི་དོན་
ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །དེ་ལ་ཐབས་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། དེ་ཡང་ཏིང་ངེ་འཛིན་ཉིད་ནི་རྡོ་རྗེ་འཛིན་པ་ཆེན་པོ་

མངོན་སུམ་དུ་བྱ་བའི་ཐབས་ཡིན་པས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་བརྩམས་ཏེ། གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ་ཞེས་བྱ་བའི་བར་གྱིས་དེའི་བཤད་པས་ནི་དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་
འཛིན་གསུམ་གསུངས་པ་ཡིན་ཏེ། དབང་བསྐུར་བ་དང་། དམ་ཚིག་ཐོབ་པས་ནི་ཐབས་དེ་ལ་འཇུག་པར་བྱའོ་ཞེས་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བའི་བར་འདིའི་བཤད་པས་ནི། སློབ་དཔོན་གྱི་ལས་དང་
འཇུག་པ་ལ་སོགས་པའི་ཆོ་ག་རྒྱ་ཆེར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱའོ་ཞེས་པ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཆོ་ག་བཤད་དེ་ཞེས་བྱ་བ་ནས། དམ་ཚིག་ཆེན་པོ་འདི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་
བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བ་འདིའི་བར་གྱི་བཤད་པས་ནི་དངོས་གྲུབ་ཀྱི་ཡེ་ཤེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་བ་ནི། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་བྱིན་གྱིས་རློབ་པའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བསྟན་པ་
ཡིན་ཏེ། འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར་འདི་ལྟར་དཀྱིལ་འཁོར་ཆེན་པོ་གསུངས་པ་ཡིན་ནོ། །ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་
གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་འདིར་དང་པོའི་སྦྱོར་བ་གསུངས་པ་
ཡིན་ནོ། །དེ་སྐད་ཅེས་བྱ་བ་ནས་བརྩམས་ཏེ། སེམས་དཔའ་ཆེན་པོ་བཞད་པ་ཆེན་པོ་ཞེས་པའི་བར་གྱི་བཤད་པས་ནི། དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འཕགས་པ་གསང་བའི་ཚོགས་མཐོན་པོ་ལས་གསུངས་པའི་ཚུལ་གྱིས་

ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་ཆེན་པོའི་
དཀྱིལ་འཁོར་རོ་ཞེས་བྱ་བའི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ལ་འདི་ལྟར་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱའོ་ཞེས་བྱ་བ་འདིའི་
དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པ་བརྗོད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་
གྱི་བསྡུས་པའི་དོན་རྫོགས་སོ།། །།ཁྲོས་པས་ཁྲོ་བ་སྤང་བར་བྱ་བའི་ཕྱིར་གདུག་ཅིང་གཏུམ་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེ་བྱིན་གྱིས་རློབ་པའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དེ་ནས་བཅོམ་
ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། གདུལ་བའི་དབང་དུ་ཉེ་བར་བཟུང་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་
ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། བཟའ་ལ་སོགས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པ་དེ་དག་ཀྱང་ཞེས་བྱ་བའི་བར་གྱི་བཤད་པས་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ན་བྱིན་གྱིས་བརླབས་
ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་ནོ། །ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་ཆེན་པོ་གསུངས་པའི་དངོས་གྲུབ་དེ་ལ་དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་དེས་བསྒྲུབ་པར་

བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ལ།
དཀྱིལ་འཁོར་འདི་ཉིད་དུ་དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་ཉེ་བར་བསྟན་པར་བྱའོ་ཞེས་བྱ་བ་འདིའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་བཤད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེ་
དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བའི་བར་གྱིས་བཤད་པར་མཛད་པ་ཡིན་ཏེ། ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་རྫོགས་སོ།། །།གཏི་མུག་གི་གཉེན་པོར་གྱུར་པ་འགྲོ་བ་ཐམས་ཅད་
འདུལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ངོ་བོ་ཉིད་ཀྱིས་དག་པ་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་
བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་དང་པོའི་སྦྱོར་བས་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་གྱི་རྒྱལ་པོ་
མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །འདི་ཉིད་དུ་དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་
བརྗོད་དང་། བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ནས་བརྩམས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་

པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །འདི་ཉིད་དུ་དབང་བསྐུར་བ་དང་དམ་ཚིག་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་རྒྱུད་ལས་གསུངས་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་བསྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་ཉོན་མོངས་
པ་ཐམས་ཅད་རྣམ་པར་དག་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བའི་བར་གྱིས་བཤད་པར་མཛད་པ་ཡིན་ཏེ། འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བསྟན་པ་རྫོགས་སོ།། །།སེར་སྣའི་གཉེན་པོར་གྱུར་པ་བསམ་པ་
ཐམས་ཅད་ཡོངས་སུ་རྫོགས་པ་ནོར་བུ་རིན་པོ་ཆེའི་དམ་ཚིག་གི་དཀྱིལ་འཁོར་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཁམས་གསུམ་གྱི་བདག་པོ་ཞེས་བྱ་བ་ནས་བརྩམས་ཏེ། ལུས་དང་ངག་དང་ཡིད་ཐམས་ཅད་ཀྱི་བདེ་བ་རབ་ཏུ་ཐོབ་པས་ཡང་དག་པར་
གནས་སོ་ཞེས་བྱ་བའི་བར་གྱིས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་གནས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ནོར་བུ་
རིན་པོ་ཆེའི་དམ་ཚིག་གི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དཀྱིལ་འཁོར་འདི་ཉིད་དུ་
དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་
ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་རྟོག་པའི་རྒྱལ་པོ་ཆེན་པོ་ཞེས་

པའི་བར་གྱིས་བཤད་པར་མཛད་དེ་རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་གཅིག་ཏུ་བྱས་ནས་རང་བཞིན་གྱིས་འོད་གསལ་བར་བསྟན་ཅིང་བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན། རྡོ་རྗེ་ཁུ་ཚུར་གྱི་བསྒོམ་པ་གཙོ་བོར་བྱས་པའི་ཕྱག་རྒྱ་དང་དམ་ཚིག་གི་རྣམ་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་རྫོགས་པར་
འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནས་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཕྱག་རྒྱ་དང་། རྡོ་རྗེའི་དམ་ཚིག་ཐམས་
ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་གྱི་མཆོག་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་
ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་ཞུགས་པ་ལ་སོགས་པའི་
ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་སྒྲུབ་པ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ནས་ཕྱག་རྒྱ་དཀྱིལ་འཁོར་ཐམས་ཅད་
ཀྱི་ཁུ་ཚུར་གྱི་དམ་ཚིག་ཅེས་པ་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱིས་བཤད་པར་མཛད་པ་ཡིན་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པ་རྫོགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པའི་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་གི་

དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་ཞེས་བྱ་
བ་ནས་གཅིག་ཏུ་འདུས་པར་གྱུར་པས་དང་པོའི་སྦྱོར་བའི་དཀྱིལ་འཁོར་གྱི་སྦྱོར་བས་གནས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་
གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་འཇམ་དཔལ་
གཞོན་ནུར་གྱུར་པ་ཞེས་བྱ་བ་ནས་ཆོས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་ཞུགས་པ་ལ་སོགས་པ་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་
བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། བསྒྲུབས་ནས་དེ་བཞིན་དུ་ཞེས་བྱ་བ་ནས་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱིས་བཤད་པ་མཛད་པ་ཡིན་ཏེ་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།
རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུར་གྱུར་པའི་རྡོ་རྗེའི་འཁོར་ལོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་ལོའི་ནང་དུ་རྟོགས་པ་ཞེས་བྱ་བ་ནས་རྡོ་རྗེ་ཐམས་ཅད་ལ་འཇུག་པ་ལ་
ཡང་དག་པར་གནས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནས། དང་པོའི་དཀྱིལ་འཁོར་གྱི་སྦྱོར་བས་གནས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དཀྱིལ་

འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ། ལས་བྱ་བ་ལ་སོགས་པས་ནི་ལས་ཀྱི་མཆོག་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་
བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བར་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། སློབ་མ་རྣམས་ཀྱི་ཞེས་བྱ་བའི་བར་གྱི་བཤད་པ་རྣམས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །
དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། བསྒྲུབས་ན་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱིས་
བཤད་པར་མཛད་པ་ཡིན་ཏེ། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུར་གྱུར་པ་ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་མཆོད་པ་ཐམས་ཅད་
ཀྱི་ཆོ་ག་རྒྱས་པར་ཞེས་བྱ་བ་ནས་བརྩམས་ཏེ། མཆོད་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་མཛོད་ཅེས་བྱ་བ་ནས་དཀྱིལ་འཁོར་ཆེན་པོའི་སྦྱོར་བས་གནས་སོ་ཞེས་བྱ་བའི་
བར་གྱི་བཤད་པས་མཆོད་པ་ཐམས་ཅད་ཀྱི་མཆོག་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་མཆོག་གསུངས་པ་ཡིན་ནོ། །འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་
བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་ཅེས་བྱ་བ་ནས་ལས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་

ཞུགས་པ་ལ་སོགས་པ་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སྣ་
ཚོགས་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བའི་བར་གྱིས་བསྟན་པར་མཛད་པ་ཡིན་ཏེ། ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།བསྲུང་བའི་ལས་ཀྱི་གཙོ་བོར་གྱུར་པ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་
པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བ་ལངས་ཏེ་ཞེས་བྱ་བ་ནས། ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ་ཞེས་བྱ་བའི་བར་གྱི་བཤད་པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་ནས་དང་
པོའི་དཀྱིལ་འཁོར་གྱི་སྦྱོར་བས་འདུག་གོ་ཞེས་བྱ་བའི་བར་གྱི་བཤད་པས་གདུག་པ་ཐམས་ཅད་འདུལ་བར་བྱིན་གྱིས་བརླབས་པ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ་
ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་སྟེ། དེ་ནས་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ནས་
བརྩམས་ཏེ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་
ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བསྒྲུབས་ན་ཞེས་བྱ་བ་ནས། རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ་ཞེས་བྱ་བའི་བར་གྱིས་བཤད་པ་མཛད་པ་ཡིན་ཏེ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།རིགས་ཐམས་

ཅད་ཀྱི་རང་གི་སྐུའི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་བྱེད་པའི་བསྡུས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཉམ་པ་ཉིད་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཆེན་པོར་རབ་ཏུ་ཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དམ་ཚིག་
ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུལ་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་
པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་ཆོ་ག་རྒྱས་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་བཤད་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་
དང་སློབ་མ་ཞུགས་པ་ལ་སོགས་པ་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །བསྡུས་པའི་དཀྱིལ་འཁོར་གྱི་དོན་རྫོགས་སོ།། །།འཇིག་རྟེན་པའི་ལྷ་རྣམས་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་ཞི་བ་རྩེ་གཅིག་པས་མཚན་པ་ལ་སོགས་པ་
དཀྱིལ་འཁོར་བཞིའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རབ་ཏུ་སྦྱོར་བའོ་ཞེས་བྱ་བའི་བར་གྱི་བཤད་པས་འཇིག་རྟེན་པའི་དཀྱིལ་འཁོར་བཞི་པོའི་ཐུན་མོང་གི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་ཕྱི་
རོལ་གྱི་རྡོ་རྗེ་རིགས་ཞེས་བྱ་བ་ནས་བརྩམས་ཏེ། སྔགས་ཀྱི་བར་གྱི་མིང་གིས་ནི་ཞི་བ་རྩེ་གཅིག་པས་མཚན་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ།

ཞི་བ་རྩེ་གཅིག་པའི་དཀྱིལ་འཁོར་གྱི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཞི་བ་རྩེ་གཅིག་པས་མཚན་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་
དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ཞུགས་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །མ་མོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་ཡི་གེ་བྷྱོ་
ཞེས་བྱ་བའི་བར་གྱི་བཤད་པས་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་
བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་རྒྱའི་དཀྱིལ་འཁོར་དངོས་གྲུབ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་རང་བཞིན་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་ཞུགས་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་
གསུངས་པ་ཡིན་ནོ། །མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཡང་དང་པོའི་སྦྱོར་བ་ནི་བཤད་ཟིན་ཏོ། །དེ་ནས་སྦྲང་རྩི་བྱེད་པ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། སྭ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་
ཡིན་ནོ། །གསུམ་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་གི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་
ནོ། །སྲིང་མོ་བཞིའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཡང་དང་པོའི་སྦྱོར་བ་ནི་སྔ་མ་དེ་ཉིད་དོ། །དེ་ནས་སྲིང་མོ་བཞིས་རང་གི་སྙིང་པོ་འདི་སྨྲས་སོ། །ཧཾ་ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པའང་སྔ་མ་བཞིན་དུ་ཤེས་པར་

བྱའོ། །དེ་ནས་འདིའི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱ་ཆེར་གསུངས་པ་ཡིན་ནོ། །ཕྱི་རོལ་
གྱི་རྡོ་རྗེ་རིགས་ཀྱི་རྟོག་པའི་བསྡུས་པའི་དོན་རྫོགས་སོ།། །།འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དང་གཞན་དག་འབྲི་བ་ནི། སློབ་དཔོན་གྱིས་ཇི་ལྟ་བ་དེ་བཞིན་དུ་གཤེགས་སུ་གསོལ་བ་དང་། སྤྲུལ་པ་རང་གི་ལུས་ལ་བཅུག་ནས། རང་གི་རྟོག་པ་ལས་
གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་འདོན་ཅིང་། དེའི་དོན་ལ་ལྷག་པར་མོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ། ཕྱག་ན་རྡོ་རྗེའི་སྐུར་ལྷག་པར་མོས་ནས་ལེགས་
སོ་ཞེས་བྱ་བས་ཡང་དག་པར་དགའ་བར་བྱས་ཤིང་བདག་ཉིད་བསྲུང་བ་བྱས་ལ་ལྡང་བར་བྱ་ཞེས་པ་ནི་གཞུང་ལྷག་མ་རྣམས་ཀྱིས་སྟོན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ཕྱག་རྒྱ་ཆེན་པོ་གཙོར་བྱས་པ་ཀུན་གཞིའི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པའི་བསྡུས་
པའི་དོན་རྫོགས་སོ།། །།ད་ནི་ནམ་མཁའ་ལྟ་བུར་མཉམ་པ་ཉིད་ཀྱི་ཡེ་ཤེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཉིད་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གཉེན་པོར་གྱུར་པ་དུམ་བུ་གཉིས་པ་རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་
ཞེས་བྱ་བ་ནས་བརྩམས་ཏེ། མིང་གི་དབང་བསྐུར་བས་དབང་བསྐུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་བ་ནས་བརྩམས་ཏེ། བྲན་དག་གོ་ཅེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་
འཛིན་གཉིས་པ་གསུངས་པ་ཡིན་ནོ། །ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་

ནས་བརྩམས་ཏེ། ཕྱག་རྒྱའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་
ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། གསང་བའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་མཛད་པ་ཡིན་ཏེ། རྩ་བའི་རྒྱུད་ལས་དུམ་བུ་གཉིས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་
བསྡུས་པའི་དོན་རྫོགས་སོ།། །།དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཡང་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་སྦྱོར་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པའི་བཤད་མ་ཐག་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་
བྱ་བ་ནས་བརྩམས་ཏེ། བཤད་པ་ཆེན་པོ་ཁྱོད་རབ་ཏུ་བཤད་ཅིང་ངོ་མཚར་ཆེན་པོར་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུངས་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་
བརྩམས་ཏེ། ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་
བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་བསྒྲུབས་ན་ཞེས་བྱ་བ་ནས་བརྩམས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།
ཁྲོ་བོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་སྔར་བཤད་པ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ཆེན་པོའི་དམ་ཚིག་གི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་

ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། གཞན་དག་གོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་
དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་དུ་ཞེས་
བྱ་བ་ནས་བརྩམས་ཏེ། རབ་ཏུ་དགའ་བ་འབྱུང་བ་གསང་བའི་རྡོ་རྗེ་དམ་ཚིག་གི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པར་མཛད་པ་ཡིན་ཏེ། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ནོ། །སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་གྱི་བསྡུས་པའི་
དོན་བཤད་པར་བྱ་སྟེ། ཏིང་ངེ་འཛིན་དང་པོ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་རྒྱལ་པོ་མཆོག་
གི་ཏིང་ངེ་འཛིན་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་རྒྱས་པ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་
ཡིན་ནོ། །དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་དེ་ནས་བསྒྲུབས་ན་ཞེས་བྱ་བ་ནས་བརྩམས་ཏེ། བདེ་བ་ཆེན་པོ་པདྨའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པར་མཛད་པ་ཡིན་ནོ།། །།
ནོར་བུ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད་དུ་གཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་དང་ལྡན་པའི་བདག་པོ་ཞེས་བྱ་བ་ནས་དཀྱིལ་འཁོར་ཆེན་

པོའི་ཚུལ་གྱིས་གནས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་རྒྱལ་པོའི་མཆོག་གི་ཏིང་ངེ་འཛིན་ཏེ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་
བཤད་པས་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་དེ་ནས་
ལས་བསྒྲུབས་ན་ཞེས་བྱ་བ་ནས་བརྩམས་ཏེ། ནོར་བུའི་རྒྱལ་མཚན་གྱི་ཆོ་ག་རྒྱས་པར་བཤད་པར་མཛད་པ་ཡིན་ནོ། །དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་གསུངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བ་དང་། དངོས་གྲུབ་ཐམས་
ཅད་སྡུད་པར་བྱེད་པའི་བསྡུས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་སྔར་གསུངས་པ་ཉིད་འདིར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་སྡུད་པ་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་དུ་གྱུར་ཏོ་ཞེས་
བྱ་བའི་བར་གྱི་བཤད་པས་ནི། ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པ་ནི་རྒྱ་ཆེན་པོས་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་ཐམས་ཅད་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་
ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར་དངོས་གྲུབ་ཐམས་ཅད་དང་ལས་ཐམས་ཅད་དོ་ཞེས་བཤད་པ་ཡིན་ནོ།། །།
མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་འདིར་དང་པོའི་སྦྱོར་བ་ནི་ལྷ་ལ་སོགས་པ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ཡིན་ནོ། །ལྷ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཧྲཱི། ཞེས་བྱ་བའི་བར་གྱི་བཤད་པས་འདིར་ཏིང་ངེ་

འཛིན་གཉིས་པ་གསུངས་པ་ཡིན་ནོ། །གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། འདོད་པའི་ཡོན་ཏན་དམ་པ་ལྔས་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་
གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།ད་ནི་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་ཏིང་ངེ་འཛིན་དང་པོ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་བཤད་པ་ཉིད་དོ། །དེ་ནས་གསང་བའི་ལྷ་མོ་རྣམས་ཀྱི་རང་གི་ཕྱག་རྒྱ་ཕུལ་
བ། ཧྲཱིཿཧཱུཾ་ཤྲཱི་བྷྱོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་པ་ནས་བརྩམས་ཏེ་གཉིས་པའི་བར་དུ་ཤེས་པར་བྱའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་
ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།ལྷ་མ་ཡིན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དང་པོའི་ཏིང་ངེ་འཛིན་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་ལྷ་མ་ཡིན་ཐམས་ཅད་ཅེས་བྱ་
བ་ནས་བརྩམས་ཏེ། ཇི་སྲིད་ཕཊ་ཅེས་བྱ་བའི་བར་གྱི་བཤད་པས་ནི་འདིར་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། གསུམ་པ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་
ཏེ་སློབ་མ་གཞུག་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་བར་གྱིས་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །ཀླུའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཡང་ཏིང་ངེ་འཛིན་དང་པོ་ནི་མིང་པོ་གསུམ་
གྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཀླུ་རིགས་བཞིའི་རང་གི་སྙིང་པོ་ཕུལ་བ། བླ་ཞེས་བྱ་བའི་བར་གྱི་བཤད་པས་ནི་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ལ་སོགས་པས་ནི་གསུམ་པ་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པས་འདིར་ཡང་བཟླས་བརྗོད་

དང་བསྒོམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། གལ་ཏེ་གྲུབ་པར་གྱུར་པ་དགའ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །
རྟོག་པ་དང་པོ་ལ་སོགས་པ་གསུངས་པའི་ཆོ་ག་ཐམས་ཅད་དང་། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་གསུངས་པའི་ཆོ་ག་ཐམས་ཅད་གདུལ་བྱ་རྣམས་ཀྱི་ཉེས་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་མི་འགྱུར་བ་རྣམས་ཀྱི་བསྒྲུབ་པའི་ཁྱད་པར་གྱིས་མྱུར་དུ་དངོས་གྲུབ་བསྒྲུབ་པའི་ལས་
དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་རྡོ་རྗེ་རི་རབ་ཆེན་པོའི་རིའི་རྩེ་མོ་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། བཙུན་མོའི་ཚོགས་སྣ་ཚོགས་པའི་རྡོ་རྗེ་ལྷ་མོ་དང་བཅས་པས་མདུན་དུ་བྱས་ཏེ། ཅེས་བྱ་བའི་བར་གྱི་བཤད་
པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །བདེ་བ་ཆེན་པོ་རབ་ཏུ་འགྲུབ་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། མངོན་དུ་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དབང་བསྐུར་བ་
དང་དམ་ཚིག་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བདེ་བར་གཤེགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་ཐམས་ཅད་ཤིན་ཏུ་དོན་ཡོད་པ་ཉིད་དོ། །ཅེས་བྱ་བའི་བར་གྱི་བཤད་པས་སློབ་དཔོན་གྱི་
ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། །།རྟོག་པ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་རྣམས་རང་གི་ལྷའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་བྱས་ལ་མདུན་དུ་ཡང་རང་གི་ལྷག་པའི་ལྷ་རང་གི་ཕྱག་རྒྱ་བཞིས་ཀུན་ནས་རྒྱས་
བཏབ་ནས། མངོན་པར་འདོད་པའི་ཕྱག་རྒྱ་བཅིངས་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དང་པོའི་དཀྱིལ་འཁོར་གྱི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་

བར་གྱི་བཤད་པས་རང་གི་ལྷའི་སྙིང་པོ་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། མདོར་བསྡུས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །
དེ་ལྟར་རང་གི་ལྷའི་སྙིང་པོ་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་བཅིངས་ལ། དེའི་འོག་ཏུ་རང་གི་ལྷའི་སྙིང་པོ་ཉེ་བའི་སྙིང་པོ་དང་བཅས་པ་བཟླས་པ་བྱས་ན་འགྲུབ་པར་འགྱུར་རོ་ཞེས་བཤད་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་སྒྲུབ་ན་ཞེས་བྱ་བ་ནས་བརྩམས་ཏེ། དངོས་
གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ཏེ། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།། །།དུམ་བུ་གཉིས་པ་འདི་ཉིད་ཀྱི་རྩ་བའི་རྒྱུད་ཀྱི་དྲིས་པ་ལ་སོགས་པ། གང་རྟོག་པ་ཐམས་ཅད་བསྡུས་པ་གང་ཡིན་པ་དང་། རྟོག་པ་ཐམས་ཅད་ཀྱིས་རྒྱུད་
ཕྱི་མའི་ཆོ་ག་རྒྱས་པར་གསུངས་པ་གང་ཡིན་པ་དེའི་ཡང་བསྡུས་པའི་དོན་བཤད་པར་བྱ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ངེས་པར་ཤེས་པས་དངོས་གྲུབ་འཐོབ་པར་འགྱུར་རོ། །དེ་བས་ན་དེ་གསུངས་པའི་སྙིང་པོ་རྒྱུད་ཤེས་པས་སོ། །དེས་ན་རྒྱུད་དེར་ཇི་ལྟར་སྤྲུལ་པའི་
དཀྱིལ་འཁོར་འདྲི་བ་སྟེ། དེ་བས་ན་དཀྱིལ་འཁོར་བཤད་པའི་རྒྱུད་དང་དཀྱིལ་འཁོར་ཡང་དག་པར་ཤེས་པ་དང་བཅས་པས་དཀྱིལ་འཁོར་ལ་ཡང་ཡེ་ཤེས་དམ་པ་དང་བཅས་པར་གསུངས་སོ། །རིགས་ཐམས་ཅད་ཀྱི་རྡོ་རྗེའི་བྱེ་བྲག་ཤེས་པས་ན་དེ་གསུངས་པ་ཡིན་ནོ། །དེ་བས་ན་དཀྱིལ་
འཁོར་ཐམས་ཅད་ཤེས་པས་དེ་བསྟན་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཐོག་མ་དང་ཐ་མ་མེད་པ་རབ་ཏུ་དགའ་བའི་སྙིང་པོ་དེ་ཁོ་ན་ཉིད་སྟོན་པ་ཧཱུྃ་ཞེས་བྱ་བས་གླུ་ལེན་ཅིང་ཧཱུྃ་གི་གླུའི་བཟླས་པའི་དོན་བཤད་པ་ཤེས་པས་དེའི་ཕྱིར་རྒྱུད་དེ་གསུངས་སོ། །དེ་ནས་སེམས་
ཀྱི་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱིས་དེ་སྐད་གསུངས་པ་ཡིན་ནོ། །ཡང་རྡོ་རྗེ་སེམས་དཔའ་འབྱུང་བ་དང་། དེ་བཞིན་གཤེགས་པ་འབྱུང་བ་དང་། རིགས་འབྱུང་བ་དང་། མངོན་པར་བྱང་ཆུབ་པ་འབྱུང་བའི་ཡེ་ཤེས་བསྒོམ་པས་དེ་གསུངས་པ་ཡིན་ནོ། །ཡང་བདུད་ཉིད་ཤེས་པ་དང་རྟོག་པ་ཐམས་ཅད་

བསྒྲུབ་པ་ཤེས་པ་ལ་སོགས་པའི་སྙིང་པོ་དང་། བསྒྲུབ་པ་དང་། སྙིང་པོ་དང་། ཕྱག་རྒྱ་དང་རིགས་པ་བསྒྲུབ་པའི་དངོས་གྲུབ་ཤེས་པ་དང་། བསོད་ནམས་གྲུབ་པ་ཤེས་པ་དང་སློབ་དཔོན་གྲུབ་པ་ཤེས་པ་དང་། མེ་ཏོག་ལ་སོགས་པ་མཆོད་པ་དབུལ་བ་དང་། གར་གྱི་མཆོད་པ་བསྒྲུབ་པ་ཤེས་
པ་དང་། གསང་བའི་མཆོད་པ་ཤེས་པ་སྟེ། དེ་བས་ན་དེ་བསྟན་པ་དང་། ཡང་ཕྱག་རྒྱ་ཆེན་པོ་ལ་གནས་པས་སྡིག་པ་མེད་པ་ཡང་འགྲུབ་པར་འགྱུར་བ་དང་། བདག་ལ་སྨད་པ་ཡོངས་སུ་སྤང་བའི་ཕྱིར་དེ་གསུངས་པ་དང་། བྱང་ཆུབ་ཀྱི་སེམས་སྨད་པས་དངོས་གྲུབ་ཏུ་མི་འགྱུར་བ་སྟེ། དེ་བས་
ན་བརྙས་པར་མི་བྱའོ་ཞེས་གསུངས་སོ། །དེ་རང་གི་ལྷའི་ཆ་ལུགས་འཆང་བའི་དཀྱིལ་འཁོར་ནི། གང་གི་ཕྱིར་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། དེ་བས་དངོས་གྲུབ་མཆོག་གི་བསྒྲུབ་པ་ཤེས་པའི་རྒྱུད་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས་
དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས། དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་བཤད་པའི་འབྲས་བུའི་ཁྱད་པར་དུ་བསྒྲུབ་པ་གསུངས་པ་ཡིན་ནོ། །རྟོག་པ་ཐམས་ཅད་ལ་སྒྲུབ་པ་པོས་དང་པོའི་རྡོ་རྗེའི་ཕྱག་རྒྱའི་ཡི་གེ་ཧཱུྃ་བརྗོད་ཅིང་བཅིངས་ལ་དེའི་འོག་ཏུ་
དེ་དག་རྒྱས་བཏབ་པ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཕྱིས་མ་བསྒྲུབས་པས་སོ་ཞེས་བྱ་བའི་བར་གྱིས་བཤད་པ་ལ་སྤྱོད་ལམ་རྣམ་པ་བཞིར་ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་
ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་ཐོབ་པའི་བར་གྱིས་བཤད་དོ། །ལས་ཀྱི་ཕྱག་རྒྱ་གྲུབ་པའི་སྒྲུབ་པ་པོས་ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་ལྷའི་སྙིང་པོ་བརྗོད་ཅིང་གར་གྱི་ཚུལ་གྱིས་རང་གི་ལྷ་བསྒོམ་པར་བྱ་
བའམ། ཕྱག་རྒྱའི་མཆོད་པ་བཅུ་གཉིས་འདི་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། ད་ནས་ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་མཆོག་གོ་ཞེས་བྱ་བའི་བར་གྱིས་བཤད་དོ། །རང་གི་སྙིང་པོ་བརྗོད་ཅིང་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་

ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བདག་པོ་བསྒྲུབ་པོ་ཞེས་བྱ་བའི་བར་གྱིས་བཤད་དོ། །དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་པོས་རཱི་བྷི་ཏྲི་ལ་སོགས་པ་བྱེད་པ་ལྔའི་ཁམས་ཀྱིས་རྒྱན་དང་བཅས་པས་ཡི་གེ་ཧཱུྃ་འདོན་ཅིང་བཅོམ་ལྡན་འདས་བསྒྲུབ་པར་བྱའོ་
ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། སྒྲུབ་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་སྒྲུབ་པ་པོས་ཡི་གེ་ཧཱུྃ་འདོན་ཅིང་ལས་ཀྱི་ཕྱག་རྒྱ་ཉི་ཤུ་རྩ་ལྔ་བཅིངས་ལ། ཨ་ནུ་རཱ་ག་
ཡཱ་མི་ཧཱུྃ་ཞེས་བྱ་བའི་སྙིང་པོ་དང་ཧཱུྃ་བཟླས་ལ་དཔལ་རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ་པར་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་རྒྱས་པ་རྫོགས་
སོ་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །གཞུང་ལྷག་མ་རྣམས་ཀྱིས་ནི་ཇི་ལྟར་བྲི་བའི་དཀྱིལ་འཁོར་གཤེགས་སུ་གསོལ་ལ། སྤྲུལ་པ་རྣམས་སློབ་དཔོན་གྱིས་རང་གི་ལུས་ལ་བཅུག་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟོག་པ་འདི་ལ་བྱིན་གྱིས་བརླབ་པར་
མཛད་པའི་ཕྱིར་བདག་ཉིད་གསོལ་བ་འདེབས་པར་གྱུར་པར་བསམས་ལ། མཐར་ཐུག་པར་བྱིན་གྱིས་རློབ་པའི་ཚིགས་སུ་བཅད་པ་བརྗོད་ལ། བདག་ཉིད་བསྲུང་བ་བྱས་ཏེ་ལྡང་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །རྒྱུད་ཀྱི་དུམ་བུ་གཉིས་པའི་བསྡུས་པའི་དོན་རྫོགས་སོ།། །།ད་ནི་དུམ་
བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་ཀྱི་ངོ་བོ་ཉིད་སྒྲུབ་པ་པོས་མྱུར་དུ་འགྲུབ་པའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་འདིའི་གནས་ཀྱི་དབང་ཕྱུག་གི་ཞེས་བྱ་བ་ནས་བརྩམས་ཏེ། བཙུན་མོའི་འཁོར་དང་བཅས་པའི་ཆོ་གས་སྣ་ཚོགས་པའི་རྡོ་རྗེ་ལྷ་མོས་
ཡོངས་སུ་བསྐོར་བས་ཞེས་བྱ་བའི་བར་གྱི་བཤད་པས་ནི། ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །བདེ་བ་ཆེན་པོ་རབ་ཏུ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། ཆོ་ག་ཇི་བཞིན་བསྒྲུབས་པས་སོ་ཞེས་བྱ་བའི་བར་གྱིས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་ནས་

བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་ཐོབ་པ་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ།
དཀྱིལ་འཁོར་ཆེན་པོ་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པས། སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ཡང་རྒྱས་པར་གསུངས་པ་ཡིན་ནོ། །དམ་ཚིག་ཐོབ་པ་ཉིད་དང་དབང་བསྐུར་བ་ཉིད་དག་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་
བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དེའི་ཕྱིར་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།
དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་
པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་གསུམ་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པས་ཞེས་བྱ་བ་ནས་བརྩམས་ཏེ། བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད། །ཅེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་
སོགས་པའི་ཆོ་ག་ཡང་སྔ་མ་བཞིན་དུ་རྒྱ་ཆེར་གསུངས་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་སྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་མཆོག་བསྒྲུབ་པ། །ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྡོ་རྗེའི་རྟོག་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །

དེ་ནས་རྡོ་རྗེ་འཛིན་པ་ཞེས་བྱ་བ་ནས་བརྩམས་ཏེ། བྱིན་གྱིས་བརླབས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་ནོ། །
དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་ནི་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་གསོལ་བ་བཏབ་ནས་ཞེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་ཆེན་པོའི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་
ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བསྒྲུབ་ན་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་
མེ་ལྟར་འབར་བའི་རྟོག་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བཤད་པ་བསྟན་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་
པ་ཉིད་དོ། །དེ་ནས་ཏིང་ངེ་འཛིན་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། དེར་ནི་པདྨ་བཟང་དེ་གནས། །ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་པར་ཤེས་པར་
བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། འགྲོ་བ་ཐམས་ཅད་ལེགས་པར་སྦྱངས་ཏེ་ཞེས་བྱ་བ་ནས་སྒྲུབ་པ་ཆེན་པོའི་ཆོ་གའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་བསྟན་པ་ཡིན་ནོ། །དམ་
ཚིག་དང་དབང་བསྐུར་བ་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ད་ནས་བསྒྲུབས་ནས་ཞེས་བྱ་བ་ནས་བརྩམས་ཏེ་ཡེ་ཤེས་རྡོ་རྗེ་རྟོག་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་བསྟན་པ་ཡིན་ནོ། །ནམ་

མཁའི་སྙིང་པོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཡང་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་ཡང་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་
ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གསུམ་པ་གསུངས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་བརྒྱད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། སྒྲུབ་པ་ཆེན་པོའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་
མ་བཞིན་དུ་སློབ་དཔོན་གྱི་ཆོ་ག་དང་། སློབ་མ་ཞུགས་པའི་ཆོ་ག་ཡང་རྒྱས་པར་གསུངས་པ་ཡིན་ནོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་ཉིད་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་རིན་
ཆེན་གྱི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་བསྟན་པ་ཡིན་ནོ། །ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོའི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་
ནས་བརྩམས་ཏེ། ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཞེས་བྱ་བ་ནས་བརྩམས་པ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །གྲུ་བཞི་ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་བསྐྱེད་པའི་རྒྱུད་དོ་
ཞེས་བྱ་བའི་བར་གྱི་བཤད་པས་ནི། སྔ་མ་བཞིན་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་ཡང་གསུངས་པ་ཡིན་ཏེ། མིང་པོ་གསུམ་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པ་ཡིན་ནོ། །སྲིང་མོ་བཞིའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་
བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་རྡོ་རྗེ་འཛིན་པ་ཞེས་བྱ་བ་ནས་བརྩམས་ཏེ། བྷྱོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་ནས་ཞེས་བྱ་བ་ལ་སོགས་པ་

ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །ཐིག་གསུམ་གྱི་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། སྲིང་མོ་བཞི་རྣམས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་
པར་གསུངས་པ་ཡིན་ནོ། །ཀླུའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བླ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་
ཡིན་ནོ། །དེ་ནས་འདུས་པ་མཛད་ནས་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །ཟུར་བཞི་ཞེས་བྱ་བ་ནས་བརྩམས་ཏེ། ཀླུའི་དཀྱིལ་འཁོར་གྱི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་
པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །གདོན་གྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོའི་ཏིང་ངེ་འཛིན་ནི་ཀླུའི་དཀྱིལ་འཁོར་དུ་བཤད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཧཱུྃ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་
ཡིན་ནོ། །དེ་ནས་འདུས་པར་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །ཟུར་བཞི་ཞེས་བྱ་བ་ནས་བརྩམས་ཏེ་སྡུག་བསྔལ་ཐམས་ཅད་ལས་འདོན་པའི་རྒྱུད་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱིས་གདོན་ཐམས་ཅད་
གཞིག་པའི་ལས་གསུངས་པ་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའི་བསྡུས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་
རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་ཅེས་བྱ་བ་ནས་བརྩམས་ཏེ། འགྲོ་བ་འདུལ་བའི་དམ་པ་ཡིན། །ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འཛུམ་པ་མཛད་ཅེས་བྱ་བ་ནས་བརྩམས་

ཏེ་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་དང་རྩ་བའི་རྒྱུད་རྫོགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཉིད་གསུངས་པ་
ཡིན་ནོ། །ལས་ཀྱི་སྒྲིབ་པའི་དབང་གིས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་སྦྱོར་བས་ཀྱང་གྲུབ་པར་མ་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གང་དག་གསུངས་པ་དེས་མྱུར་དུ་འགྲུབ་པར་བྱེད་པས་དེ་རྣམས་ཀྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། སངས་རྒྱས་
ཀུན་གྱི་གསང་བ་ཆེ། །ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སྙེམས་པ་བདག་པོའི་བདག །ཅེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །འདོད་ཆགས་ཆེན་པོ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ནས་བརྩམས་ཏེ། མཆོག་ཏུ་གསང་བའོ་ཞེས་བྱ་བའི་བར་གྱི་བཤད་
པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་ནས་ཞེས་བྱ་བ་ནས་བརྩམས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་འདིར་སྒྲུབ་པ་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་རྫོགས་སོ་ཞེས་བྱ་བའི་བར་གྱི་
བཤད་པས་ནི་སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་གྱི་
བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། ཨོཾ་བྷུ་ཁཾ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་
པར་མཛད་དེ་ཞེས་བྱ་བ་ནས་བརྩམས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །གནས་ཁང་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་འགྲུབ་པར་འགྱུར་ཞེས་བྱ་བའི་བར་གྱི་བཤད་པས་ནི། སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་

པར་གསུངས་པ་ཡིན་ནོ། །རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་ཏིང་ངེ་འཛིན་དང་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །དེ་ནས་ཁྲོ་བོའི་ཧཱུྃ་མཛད་ཀྱིས་རང་གི་རས་རིས་
ཀྱི་དཀྱིལ་འཁོར་གྱི་ཆོ་ག་སྤྲུལ་པར་བྱ་བའི་ཕྱིར། ལྷ་ཐམས་ཅད་ཀྱི་སྙིང་པོ་བརྗོད་ནས་གནས་ཇི་ལྟ་བ་བཞིན་དུ་བཀོད་དོ་ཞེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་འདུས་པར་མཛད་དེ་ཞེས་བྱ་བ་ནས་བརྩམས་ཏེ་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཁྲོ་བོའི་རྒྱལ་
པོ་ཆེན་པོའི་མཆོག་ཏུ་གསང་བའི་ཆོ་ག་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ་ཞེས་བྱའི་བར་གྱི་བཤད་པས་ནི། དེ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །ད་ནི་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་རིགས་
ཀྱི་དཀྱིལ་འཁོར་ཉིད་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱི་བསྒྲུབ་པར་བྱ་བའི་ཕྱིར། ཕྲ་མོའི་ཆོ་ག་གང་གསུངས་པ་དེ་ཉིད་བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །ཡི་གེ་ཧཱུྃ་གིས་དཀྱིལ་འཁོར་
སྤྲུལ་ནས་རང་གི་སྙིང་པོས་ལྷ་ཐམས་ཅད་གནས་ཇི་ལྟ་བ་བཞིན་བཀོད་དོ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པར་མཛད་ནས་ཞེས་བྱ་བ་ནས་བརྩམས་པ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཤིན་ཏུ་ཕྲ་བ་ཞེས་བྱ་བ་ནས་བརྩམས་ཏེ། ཚོགས་ཀྱི་
དཀྱིལ་འཁོར་གྱི་ཆོ་ག་མཆོག་ཏུ་རབ་ཏུ་གྲུབ་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་ཡང་གསུངས་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་
བྱ་སྟེ། འདིར་དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །སྔ་མ་བཞིན་དུ་སྔགས་ཇི་ལྟ་བས་དཀྱིལ་འཁོར་བྱིན་གྱིས་བརླབས་ནས། རང་གི་སྙིང་པོས་ལྷ་ཐམས་ཅད་གནས་ཇི་ལྟ་བ་བཞིན་བཀོད་དོ་ཞེས་བྱ་བ་འདིས་ནི་དཀྱིལ་འཁོར་གཉིས་

པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ནས་བརྩམས་ཏེ། འགྲོ་བ་འདུལ་བའི་ཆོ་གའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སྔ་མ་བཞིན་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་
ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །ནམ་མཁའི་སྙིང་པོའི་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། ཏིང་ངེ་འཛིན་དང་པོའི་དཔལ་རྡོ་རྗེ་སེམས་དཔའི་རིགས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །སྔ་མ་བཞིན་
དུ་རང་གི་སྙིང་པོས་རིགས་ཀྱི་དཀྱིལ་འཁོར་སྤྲུལ་ལ་རང་གི་སྙིང་པོས་ལྷ་ཐམས་ཅད་གནས་ཇི་ལྟ་བ་བཞིན་གཞག་པར་བྱའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་དེ་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་
དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོག་པ་ཐམས་ཅད་ཀྱི་ཆོ་གའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་
དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །ནམ་མཁའི་སྙིང་པོའི་རིགས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་རྫོགས་སོ།། །།བདག་ལ་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་ཕྱག་རྒྱའི་ཐབས་ཀྱི་ངོ་བོ་ཉིད་ཀྱིས་རྟོག་པ་ཐམས་ཅད་འགྲུབ་པར་འགྱུར་རོ་
ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་རྫོགས་སོ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་བཤད་པས་བསྟན་པ་ཡིན་ནོ། །འདི་དག་ཉིད་ཀྱི་དུམ་བུ་གཉིས་པ་ལས་གསུངས་པའི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་དང་རྩ་བའི་རྒྱུད་
དང་། རྟོག་པ་ཐམས་ཅད་བསྒྲུབ་པའི་ཆོ་ག་དང་། ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་དྲིས་པ་སྔོན་དུ་འགྲོ་བ་གང་རྟོག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་ལས་གསུངས་པའི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ངེས་པའི་ཡེ་ཤེས་

ཀྱིས་འགྲུབ་པར་འགྱུར་རོ། །དེ་བས་ན་དེ་དག་བཤད་པར་བྱ་སྟེ། རྒྱུད་ཕྱི་མའི་ཡེ་ཤེས་ལ་སོགས་པ་ལ་ཐོག་མ་དང་ཐ་མ་མེད་པ་དང་། རྡོ་རྗེ་སེམས་དཔའ་དང་། དགའ་བ་ཆེན་པོ་ཉིད་དང་། ཀུན་ཏུ་བཟང་པོ་ཉིད་དང་། རྡོ་རྗེ་སྙེམས་པའི་བདག་པོ་ཉིད་དང་། ཐུགས་ཀྱི་སེམས་
དཔའ་དང་། རྡོ་རྗེ་དང་། རྡོ་རྗེ་འཛིན་པ་དང་། རྡོ་རྗེ་འཛིན་པ་ཆེན་པོ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། བདུད་དང་བདུད་ལས་རྒྱལ་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀུན་འབྱུང་བ་དང་། འདོད་པ་དང་། ཐར་པ་དང་། རྣམ་པ་གསུམ་དང་། སེམས་
ཅན་ཐམས་ཅད་ལ་སོགས་པའི་ཀླུ་ལས་འབྱུང་བ་དང་། དང་པོའི་ཀླུའི་ངོ་བོ་ཉིད་དུ་སྟོན་པ་དང་། ཉེ་བའི་སྙིང་པོ་དང་། དེ་ཁོ་ན་ཉིད་དང་། བདེ་བ་ཆེན་པོ་དང་། རྡོ་རྗེ་དོན་ཡོད་པའི་དེ་ཁོ་ན་ཉིད་བཤད་པའི་དཀྱིལ་འཁོར་གྱི་དོན་དང་། རྒྱུད་དང་དཀྱིལ་འཁོར་གྱི་འབྲས་བུ་དང་། ཐིག་གདབ་པའི་
ཆོ་ག་དང་། དཀྱིལ་