Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 12 / 24 (50.000 ký tự/trang)
ཆོས་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ནི་ཁ་དོག་དཀར་པོ་གཟུགས་ཅན་མ་སྟེ། ནང་དུ་ནི་དཔྲལ་བའི་པདྨའི་དེ་ཁོ་ན་ཉིད་ཀྱི་གདན་ལའོ། །བཞི་པོ་འདི་རྣམས་ཞལ་གཅིག་པ་ཕྱག་བཞི་ པ་གཡོན་ཐོད་པ་དང་ཁ་ཊྭཱཾ་ག་དང་། ཌ་མ་རུ་དང་། གྲི་གུག་དང་ལྡན་པ། གཡས་པའི་ཕྱག་གོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐམས་ཅད་ཕྱག་རྒྱ་ལྔར་འཛིན་དང་། །རྣམ་པར་འཇིགས་བྱེད་དྲག་མོའོ། །དེ་ནས་ས་འོག་ཏུ་ རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་སུ་དུ་བ་མི་བཟད་པ་དམྱལ་བ་ཆེན་པོ་དུར་ཁྲོད་བརྒྱད་དེ་ཤར་ལ་སོགས་པར་ཕྱོགས་ལ་མདུང་གིས་འབིགས་པ་དང་། རོ་བསྲེགས་པ་དང་། རྣག་གི་དྲི་དང་། རུལ་པ་ཞེས་བྱ་བ་ལ་རྣ་ཆའི་རྣམ་པ་དང་འདྲ་བར་གཡས་སྐོར་དུ་ཕོ་རོག་ དང་། འུག་པ་དང་། ཁྱི་དང་། ཕག་པའི་གདོང་སྟེ། མཁའ་འགྲོ་མ་ལ་སོགས་པ་བཞི་ཁ་དོག་དང་ཕྱག་རྒྱ་དང་། མཚན་མ་དང་། དབྱིབས་ཀྱི་ཡང་དག་པའི་ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་དྲན་པའི་རང་བཞིན་དུ་ བསྒོམ་པར་བྱའོ། །མཚམས་རྣམས་ལ་རྣ་ཆའི་རྣམ་པ་བཞིན། གཡོན་སྐོར་གྱིས་ལྷ་མོ་བཞི་སྟེ། དབང་ལྡན་གྱི་བྱིས་པའི་རོ་ལ་ཕྱག་དང་ཞལ་དང་། སྐུ་མདོག་དང་། དབྱིབས་གཟུགས་ཅན་མ་བཞིན་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པར་བྱེད་ པ་ནི་གཤིན་རྗེ་བརྟན་མའོ། རླུང་གི་སྦྲུལ་གྱི་མཆེ་བས་བཏབ་པ་ལ་དུམ་སྐྱེས་མ་བཞིན་དགེ་བ་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེའི་ཕོ་ཉ་མའོ། །བདེན་བྲལ་གྱི་མི་བཟད་པའི་ཡུལ་དུ་མ་བཞིན། གཤིན་རྗེ་མཆེ་བ་མ་ནི་མི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རབ་ཏུ་ འཇོམས་པར་བྱེད་དོ། །མེའི་ལྷག་མའི་དུར་ཁྲོད་ལ་མཁའ་འགྲོ་མ་བཞིན་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་བ་ནི་གཤིན་རྗེ་འཇོམས་མའོ། །དུར་ཁྲོད་ཀྱི་ལྷ་མོ་བརྒྱད་པོ་འདི་རྣམས་ནི་ནང་དུ་ཁྭ་ལ་སོགས་པའི་སྒོ་བརྒྱད་ལའོ། །མཁའ་འགྲོ་མ་བཅུ་གཉིས་པོ་འདི་རྣམས་ སྟོང་པ་ཉིད་ཀྱི་ཆོས་ཅན་མ་སྟེ། དེ་བས་ན་དམིགས་པ་མེད་པའི་སྙིང་རྗེའི་གཟུགས་དང་ལྡན་པའི་བཅོམ་ལྡན་འདས་བདེ་མཆོག་ལ་སྤྱན་བཅུ་གཉིས་ཏེ། འདི་ནི་རྡོ་རྗེ་ཕག་མོ་དང་ལྷན་ཅིག་སྦྱོར་བའོ། །དཔའ་བོའི་དབང་ཕྱུག་མ་ཉི་ཤུ་རྩ་བཞི་ལ། དཔའ་བོ་ཉི་ཤུ་རྩ་བཞི་དང་ལྷན་ ཅིག་ཏུ་བརྗོད་པར་བྱས་ཏེ། ནམ་མཁའི་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ཀྱི་གང་བའི་རིར་ཐོད་པའི་དུམ་བུ་ཅན་དང་རབ་གཏུམ་མ་སྟེ། ནང་དུ་ནི་མགོ་བོ་ལ་མི་ཕྱེད་བ་ཞེས་བྱ་བའི་རྩ་སེན་མོ་དང་སོ་འབབ་པའོ། །གཡས་ཀྱི་རྩིབས་ཀྱི་ཛཱ་ལན་དྷ་རར་ཀེང་ རུས་ཆེན་པོ་དང་། གཏུམ་མིག་མ་སྟེ། སྤྱི་གཙུག་ཏུ་གཟུགས་ཕྲ་མ་སྐྲ་དང་བ་སྤུ་འབབ་པའོ། །ནུབ་ཕྱོགས་ཀྱི་ཨུ་ཌྱན་དུ་ཀེང་རུས་ཅན་དང་། འོད་ལྡན་མ་སྟེ། རྣ་བ་གཡས་པའི་སྟེང་དུ་མཛེས་མ་པགས་པ་དང་། དྲི་མ་འབབ་པའོ། །བྱང་གི་ཨརྦུ་དར་མཆེ་བ་གཙིགས་པ་དང་། སྣ་ཆེན་མ་སྟེ་ལྟག་པར་གཡོན་པ་མ་ཤ་འབབ་པའོ། །དཔའ་པོ་དང་དཔའ་མོ་འདི་རྣམས་ཀྱི་ལོངས་སྤྱོད་ནི་གནས་བཞི་སྟེ། རྣ་ཆའི་རྣམ་པ་བཞིན་གཡས་སྐོར་གྱི་སྔོན་པོ་དང་། དམར་པོ་དང་། སེར་པོ་དང་། ཁ་དོག་དཀར་པོ་དང་ལྡན་པ་སྟེ། འདུན་པ་དང་བརྩོན་འགྲུས་དང་དཔྱོད་པ་ བ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་མའོ་ཞེས་ནི་རབ་ཏུ་དགའ་བའི་སའོ། །དེ་དབང་ལྡན་གྱི་རྩིབས་གྱི་གོ་དཱ་ཝ་རིར་ལྷའི་དགྲ་དང་། དབང་པོའི་མགོ་ཅན་མ་སྟེ། རྣ་བ་གཡོན་པའི་སྟེང་དུ་མིའུ་ཐུང་མ་རྒྱུས་པ་འབབ་པའོ། །རླུང་མཚམས་ཀྱི་རྩིབས་ཀྱི་རཱ་མེ་ ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ་སྟེ། སྨིན་མའི་དབུས་སུ་རུས་སྦལ་ལས་སྐྱེས་མ་རུས་པ་འབབ་པའོ། །བདེན་བྲལ་གྱི་ལྷ་མོའི་རྫོང་ལ། རྡོ་རྗེ་འོད་དང་ལང་ཀའི་དབང་མོ་སྟེ། མིག་གཉིས་ལ་བསྒོམ་པ་མ་མཁལ་མ་འབབ་པའོ། །མེའི་རྩིབས་ཀྱི་མཱ་ལ་བར། རྡོ་རྗེ་ལུས་དང་ བརྩོན་གྲིབ་མ་སྟེ། དཔུང་པའི་རྩ་བར་དབང་མ་སྙིང་འབབ་པའོ། །ཞེས་ནི་དཔའ་བོ་དང་དཔའ་མོའི་ལོངས་སྤྱོད་ཉེ་བའི་གནས་བཞི་སྟེ། རྣ་ཆའི་རྣམ་པ་བཞིན་གཡོན་སྐོར་དུ། སྐུ་ནི་དཀར་པོ་དང་སེར་པོ་དང་། དམར་པོ་དང་ལྗང་གུའོ། །དད་པ་དང་བརྩོན་འགྲུས་དང་དྲན་པ་དང་། ཏིང་ ངེ་འཛིན་གྱི་རང་བཞིན་མ་སྟེ། དྲི་མ་མེད་པའི་སའོ། །དེ་ལྟར་གནས་དང་བཅས་པའི་དབང་པོའི་དབང་ཕྱུག་མའི་ཉེ་བའི་གནས་དང་། ལོངས་སྤྱོད་དང་ལྡན་པ་མཁའ་སྤྱོད་མ་སྟེ་ཐུགས་ཀྱི་འཁོར་ལོའོ། །དེ་ནས་སའི་དཀྱིལ་འཁོར་གྱི་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་ཤར་ཕྱོགས་ཀྱི་རྩིབས་ ཀཱ་མ་རུ་པར་མྱུ་གུ་ཅན་དང་། ས་སྲུངས་མ་སྟེ། མཆན་ཁུང་གཉིས་ལ་སྐྱོན་མ་དམིགས་འབབ་པའོ། །གཡས་ཕྱོགས་ཀྱི་ཨུ་ཏྲེར་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་སྟེ་ནུ་མ་གཉིས་ལ་མཇུག་མ་མཁྲིས་པ་འབབ་པའོ་ཞེས་ནི་དཔའ་བོ་དང་བཅས་པ་དཔའ་བོའི་དབང་ཕྱུག་མའི་ ལོངས་སྤྱོད་ཅིང་གཉིས་ཏེ་འོད་བྱེད་པའི་སའོ། །ནུབ་ཕྱོགས་ཀྱི་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་། རླུང་ཤུགས་མ་སྟེ་ལྟེ་བར་མ་མོ་གློ་བ་འབབ་པའོ། །བྱང་གི་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ། སྣའི་རྩེ་མོར་མཚན་མོར་རྒྱུ་མའི་ཕྲེང་བ་འབབ་མའོ་ཞེས་དཔའ་བོ་དང་ བཅས་པ་དཔའ་བོའི་དབང་ཕྱུག་མ་ཉེ་བའི་ཞིང་གི་ལོངས་སྤྱོད་དང་ལྡན་པ་སྟེ་འོད་འཕྲོ་བའི་སའོ། །དེ་ལྟར་ཞིང་དང་ཉེ་བའི་ཞིང་གི་ལོངས་སྤྱོད་དང་ལྡན་པ་རྣ་ཆའི་རྣམ་པ་བཞིན་གཡས་སྐོར་དུ་སྐུ་མདོག་ནག་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོའོ། །ཤེས་རབ་ཀྱི་དབང་པོ་ དང་དད་པ་དང་བརྩོན་འགྲུས་དང་དྲན་པའི་སྟོབས་ཀྱི་རང་བཞིན་མའོ། །དེ་ནས་དབང་ལྡན་གྱི་ཀ་ལིང་ཀར་ཤིན་ཏུ་བཟང་མོ་དང་། སྔོ་བསངས་ལྷ་མོ་སྟེ། ཁར་སིར་བྱིན་མ་གློའི་རྒྱུས་པ་འབབ་པའོ། །རླུང་ཕྱོགས་ཀྱི་ལམ་པཱ་ཀར་རྡོ་རྗེའི་འོད་དང་། ཤིན་ཏུ་བཟང་མོ་ སྟེ། མགྲིན་པར་ཚ་བ་མ་གསུས་པ་འབབ་པའོ་ཞེས་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མའི་ཚནྡོ་ཧའི་ལོངས་སྤྱོད་དང་ལྡན་པ་སྟེ། སྤྱང་དཀའ་བའི་སའོ། །བདེན་བྲལ་གྱི་ཀཱཉྩིར་འཇིགས་བྱེད་ཆེན་མོ་དང་། རྟ་རྣམ་སྟེ་སྙིང་གར་གཞོལ་མར་དྲི་ཆེན་འབབ་མའོ། །མེའི་ མཚམས་ཀྱི་ཧེ་མཱ་ལ་ཡར་མིག་མི་བཟང་དང་། ཁྭ་གདོང་མ་སྟེ། ཆུ་སོར་གཟུགས་ཅན་མ་ཐེར་ཐེར་འབབ་པའོ་ཞེས་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་ཉེ་བའི་ཚནྡོ་ཧའི་ལོངས་སྤྱོད་དང་ལྡན་པ་སྟེ་མངོན་དུ་གྱུར་པའི་སའོ། །ཚནྡོ་ཧ་དང་། ཉེ་བའི་ཚནྡོ་ཧའི་ལོངས་ སྤྱོད་དང་ལྡན་པ་རྣ་ཆ་བཞིན་གཡོན་སྐོར་དུ་སྐུ་མདོག་དཀར་པོ་དང་། སེར་པོ་དང་། དམར་པོ་དང་སྔོན་པོའོ། །ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་། ཏིང་ངེ་འཛིན་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་མའོ། །ཞིང་དང་ཉེ་བའི་ཞིང་དང་། འདུན་པ་དང་ཉེ་བའི་འདུན་པའི་ལོངས་སྤྱོད་དང་ལྡན་པ་ནི་ས་སྤྱོད་མ་སྟེ་གསུང་གི་འཁོར་ལོ་ལའོ། །དེས་འོག་གི་རྒྱ་མཚོའི་དཀྱིལ་འཁོར་གྱི་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་སྐུའི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་ཀྱི་ཡི་དགས་ཀྱི་གྲོང་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་མ་སྟེ། མཚན་མ་ལ་རངས་མ་མཆིལ་མ་འབབ་པ་རིང་དུ་སོང་བའི་སའོ། །ལྷོ་ཕྱོགས་ཀྱི་གྲྀ་ཧ་དེ་བ་ཏར་རིན་ཆེན་རྡོ་རྗེ་དང་། ཁཎྜ་རོ་ཧ་སྟེ་བཤང་ལམ་དུ་དཔྱི་མ་རྣག་འབབ་པའོ། །ནུབ་ཕྱོགས་ཀྱི་སཽ་རཱ་ཤྚར་རྟ་མགྲིན་དང་ཆང་འཚོང་མ་སྟེ། བརླ་གཉིས་ལ་རྒྱུ་སྦྱིན་མ་ཁྲག་ འབབ་པའོ། །བྱང་གི་གསེར་གྱི་གླིང་ལ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། བྱིན་པ་གཉིས་ལ་སྦྱོར་བྲལ་མ་རྡུལ་འབབ་མའོ་ཞེས་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་ཉེ་བའི་འདུས་པའི་ལོངས་སྤྱོད་དང་ལྡན་པ་སྟེ། ས་མི་གཡོ་བའོ། །དེ་ལྟར་ འདུས་པ་དང་། ཉེ་བའི་འདུས་པ་འདི་ལོངས་སྤྱོད་དང་ལྡན་པ་ཟླུམ་པོའི་རྣམ་པ་དང་འདྲ་བར་གཡོན་སྐོར་དུ་སྔོན་པོ་དང་དམར་པོ་དང་སེར་པོ་དང་། སྐུ་མདོག་དཀར་པོའོ། །དགའ་བ་ཤིན་ཏུ་སྦྱངས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་རང་ བཞིན་མའོ། །དེ་ནས་དཔལ་ལྡན་གྱི་གྲོང་ཁྱེར་དུ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་རྐང་པའི་སོར་མོ་རྣམས་ལ་བརྩེ་བ་ཅན་མ་ཚིལ་བུ་འབབ་མའོ། །རླུང་གི་སིན་དྷུའི་ཡུལ་དུ་པདྨ་གར་གྱི་དབང་ཕྱུག་མ་དང་། སྟོབས་ཆེན་མ་སྟེ། རྐང་པའི་བོལ་དག་ལ་གྲུབ་མ་མཆི་མ་འབབ་མའོ། ། ཞེས་ནི་དཔའ་བོ་དང་བཅས་པ་དཔའ་བོའི་དབང་ཕྱུག་མ་དུར་ཁྲོད་གཉིས་ཀྱི་ལོངས་སྤྱོད་དང་ལྡན་པ་སྟེ་ས་ལེགས་པའི་བློ་གྲོས་སོ། །བདེན་བྲལ་གྱི་མ་ངོར་རྣམ་པར་སྣང་མཛད་དང་འཁོར་ལོ་བསྐོར་མ་སྟེ། རྐང་པའི་མཐེ་བོང་དག་ལ་འཚེད་མ་ཁ་སྤུ་འབབ་མའོ། །མེའི་མཚམས་ ཀྱི་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་། བརྩོན་ཆེན་མ་སྟེ། པུས་མོ་དག་ལ་ཡིད་བཟངས་མ་སྣབས་འབབ་པའོ་ཞེས་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་ཉེ་བའི་དུར་ཁྲོད་དང་ལྡན་པའི་ལོངས་སྤྱོད་དང་ལྡན་པ་སྟེ། ས་ཆོས་ཀྱི་སྤྲིན་ནོ་ཞེས་ནི་དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་ཀྱི་ལོངས་སྤྱོད་དང་ལྡན་པ་ནི། ཟླུམ་པོ་བཞིན་གཡོན་སྐོར་དུ་སྐུ་མདོག་དཀར་པོ་དང་། སེར་པོ་དང་དམར་པོ་དང་སྔོན་པོའོ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་བའི་ རྩོལ་བའི་རང་བཞིན་མའོ། །དེ་ལྟར་འདུས་པ་དང་། ཉེ་བའི་འདུས་པ་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་ལོངས་སྤྱོད་དང་ལྡན་པས་ས་འོག་སྤྱོད་མའི་སྐུའི་འཁོར་ལོ་ལའོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་འདི་རྣམས་ཞལ་གཅིག་པ་ཕྱག་བཞི་པ་རོའི་གདན་ལ་གཡས་ བརྐྱང་པས་བཞུགས་པ་ཐོད་པའི་ཕྲེང་བ་དང་། དབུ་རྒྱན་ཅན་དབུ་སྐྲ་སེར་སྐྱ་ནི་འཇིགས་པར་བྱེད་པ་ཐམས་ཅད་ཕྱག་རྒྱ་ལྔ་འཛིན་པའོ། །སྦྲུལ་གྱི་ཚངས་སྐུད་དང་ལྡན་པ་སྒེག་པ་ལ་སོགས་ཉམས་དང་ལྡན་པ་མགོ་བོའི་ཕྲེང་བས་རྣམ་པར་མཛེས་པའོ། །རབ་གཏུམ་མ་ལ་སོགས་ པའི་སྐུ་ལ་འཁྱུད་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་ཐུགས་ཀྱི་འཁོར་ལོ་ལའོ། །གསུང་གི་འཁོར་ལོ་ལ་པདྨ་དང་པདྨའི་དྲིལ་བུ་འཛིན་པའོ། །སྐུའི་འཁོར་ལོ་ལ་འཁོར་ལོ་དང་། འཁོར་ལོའི་དྲིལ་བུ་འཛིན་པའོ། །ཐམས་ཅད་ཀྱི་ཕྱག་ན་ཁ་ཊྭཱཾ་ག་དང་ཐོད་པ་ དང་ཌ་མ་རུའོ། །ལྷ་མོ་རྣམས་ཞལ་གཅིག་ཕྱག་གཉིས་པ། གྲི་གུག་དང་ཐོད་པ་འཛིན་པ། དྲག་པོའི་གཟུགས་ཅན་ཞལ་གྱི་མཆེ་བ་གཙིགས་པ་རང་གི་འོད་ཀྱི་ཐབས་ཀྱི་སྐུ་ལ་འཁྱུད་པ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལ་འཁོར་ལོའི་གྲངས་ཇི་ལྟ་བས་བདུད་དང་། ལྷ་ དང་ལྷ་མ་ཡིན་དང་། མིའི་ཐོད་པ་རྣམས་ཁྲག་གིས་གང་བའོ། །ཡེ་ཤེས་ཀྱི་པདྨའི་ཤར་གྱི་འདབ་མ་དང་། ཐུགས་དང་གསུང་དང་། སྐུ་དང་ཡེ་ཤེས་ཀྱི་འཁོར་ལོའི་ཤར་དང་མེའི་དུར་ཁྲོད་ཆེན་པོ་ལོངས་སྤྱོད་དང་ལྡན་པ་ནི་ཐུགས་ཀྱི་འཁོར་ལོའི་རང་བཞིན་དང་། བྱ་བ་ནན་ཏན་གྱི་ཡེ་ ཤེས་ཀྱི་རང་བཞིན་ཏེ། གསང་བ་ལ་སོགས་པའི་ལས་རྗེས་སུ་མཐུན་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་འདབ་མ་དང་ལྷོ་དང་བདེན་བྲལ་གྱི་རྩིབས་དང་ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་ཆེན་པོའི་ལོངས་སྤྱོད་དང་ལྡན་པ་ནི་གསུང་གི་རྡོ་རྗེའི་རང་བཞིན་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དབང་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ལྟར་ནུབ་ཀྱི་འདབ་མ་དང་། ནུབ་དང་། རླུང་གི་རྩིབས་དང་ནུབ་དང་རླུང་གི་དུར་ཁྲོད་ཆེན་པོའི་ལོངས་སྤྱོད་དང་ལྡན་པ་ནི་ཡེ་ཤེས་ཀྱི་ཞལ་རང་བཞིན་དང་མཉམ་པ་ཉིད་ཀྱི་ཡེ་ ཤེས་ཀྱི་རང་བཞིན་ཏེ། རེངས་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་བཞིན་དུ་བྱང་གི་འདབ་མ་དང་བྱང་དང་དབང་ལྡན་གྱི་རྩིབས་དང་། བྱང་དང་དབང་ལྡན་གྱི་དུར་ཁྲོད་ཆེན་པོའི་ལོངས་སྤྱོད་དང་ལྡན་པའི་སྐུའི་ཞལ་ཀྱི་རང་བཞིན་དང་། མེ་ལོང་ལྟ་བུའི་ཡེ་ ཤེས་ཀྱི་རང་བཞིན་ཏེ། ཞི་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་འགྱུར་རོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཏེ། ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །རླུང་དང་མེ་དང་ས་དང་ཆུའི་དཀྱིལ་འཁོར་ནི་ ཇི་ལྟར་གྱུར་པའི་སྙིང་ག་དང་། མགྲིན་པ་དང་། ལྟེ་བ་དང་དཔྲལ་བའི་རང་རང་གི་རྩིབས་ཀྱི་སྟེང་དུ་རིམ་པ་ཇི་ལྟ་བས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཀུན་དུ་སྤྱོད་པ་ནི་ཞལ་བཞིའི་དབྱེ་བ་ཡིས་སོ། །ཕྱི་རོལ་གྱི་གདན་ལས་འགྲོ་བའི་དོན་དུ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་ པའི་རོའི་གདན་ཇི་ལྟ་བ་དེ་དེ་བཞིན་ནང་དུ་ཁམས་ཐམས་ཅད་ནི་སྲོག་གི་རླུང་ལའོ། །རང་རང་གྱི་འཁོར་ལོའི་རྩིབས་ལ་རོའི་གདན་ལ་ཇི་ལྟར་གནས་པ་དེ་བཞིན་དུ་རང་རང་གི་འཁོར་ལོའི་རྩ་ལ་བུམ་པའི་སྦྱོར་བས་གནས་པའོ། །དེ་ལྟར་བརྟན་པ་དང་། གཡོ་བའི་དངོས་པོ་ ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་གཅིག་པུ་བསྒོམ་པར་བྱས་ནས་ཕྱག་རྒྱ་བཞིའི་བྱིན་གྱིས་རློབ་པར་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ། མགོ་བོ་ལ་ཡི་གེ་ཨོཾ་ལས་བྱུང་བའི་སྐུའི་མཁའ་འགྲོ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བྲ་ཏི་སེ་ན་ བཞིན་བལྟ་བར་བྱའོ། །དེ་བཞིན་དུ་མགྲིན་པར་ཨཱཿལས་གསུང་གི་མཁའ་འགྲོ །དེ་བཞིན་དུ་སྙིང་གར་ཧཱུཾ་ལས་ཐུགས་ཀྱི་མཁའ་འགྲོ །དེ་ལྟར་ལྟེ་བའི་པདྨའི་སྟེང་དུ་ཡི་གེ་ཏྲཱིཿལས་བྱུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲ་ཏི་སེ་ན་བཞིན་བལྟ་ བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཐུགས་དང་གསུང་དང་སྐུའི་འཁོར་ལོ་བསྐུལ་ནས་རྐང་པ་ནས་བརྩམས་ནས་མགོ་བོའི་བར་དུ་ལུས་པོ་ཐམས་ཅད་འོད་གསལ་བར་བསྒོམ་བར་བྱ་སྟེ། འོད་ཟེར་གྱིས་བསྐུལ་བའི་རིམ་པས་ཡེ་ཤེས་ཀྱི་འཁོར་ ལོ་དགུག་པ་དང་། གཞུག་པ་དང་། བཅིངས་པ་དང་། དབང་དུ་གྱུར་པར་བྱའོ། །དེ་ནས་དཔའ་བོ་དང་། རྣལ་འབྱོར་མ་དང་ལྡན་པའི་བདག་ཉིད་གོ་ཆར་བྱས་ཏེ། བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་གྱི་དྲ་བ་དུ་མ་རྒྱས་པ་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པའི་ནམ་མཁའི་ ཁམས་གང་བར་བྱས་ཏེ། ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་རིགས་ལྔས་སོ་སོར་བཅིངས་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་བཀུག་ནས་རང་གི་སེམས་ཀྱི་སྣང་བའི་ཚུལ་མདུན་དུ་བསྒོམ་པར་བྱ་སྟེ། ཡིད་ཀྱི་འདོད་པའི་ཡོན་ཏན་ལྔ་ཡིས་མཆོད་པར་ བྱས་ནས། ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་བཀང་བའི་པདྨའི་སྣོད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་བདག་ཉིད་ལ་དབང་བསྐུར་བར་རྣལ་འབྱོར་དབང་ཕྱུག་གིས་བལྟ་བར་བྱའོ། །དེ་ནས་མཁའ་འགྲོ་དང་མཁའ་འགྲོ་མའི་དྲ་བའི་ཚོགས་དེ་ནི་ རང་གི་ལུས་ལ་ཞུགས་པར་བསྒོམ་པར་བྱའོ། །སླར་ཡང་བ་སྤུའི་བུ་ག་ལས་མཆོད་པའི་ལྷ་མོའི་བདག་ཉིད་དུ་སྤྲོས་ནས། ཆོས་ཀྱི་དབྱིངས་དང་མཉམ་པའི་མཆོད་པའི་སྤྲིན་གྱི་ཚོགས་དུ་མས་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བྱའོ། །རྣམ་པ་སྣ་ཚོགས་ དང་ཚད་མེད་པའི་བསྟོད་པ་རྣམས་ཀྱིས་བསྟོད་པར་བྱའོ། །དེ་ནས་སྔོན་དུ་བཤད་པའི་རིམ་པས་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་ཀ་ལས་སྐྱེས་པའི་རྫས་ཆེན་པོ་ལྔ་དང་ལྡན་པའི་སྟོབས་ལྔ་ནི་སྦྱང་བ་དང་། སྤེལ་བ་དང་འབར་བ་དང་། བདུད་རྩིར་བྱས་ཏེ། དེ་ཉིད་ཀྱིས་ དཀྱིལ་འཁོར་གྱི་འཁོར་ལོ་ཚིམ་པར་བྱས་ནས་སྲིད་པ་དང་མཉམ་པའི་བདེ་བ་ཆེན་པོའི་རང་བཞིན་རོ་གཅིག་ལ་གནས་པར་བྱའོ། །ཕྱི་ནས་སྔགས་བཟླས་པར་བརྩམ་པར་བྱས་ཏེ། སྲོག་དང་རྩོལ་བའི་རིམ་པས་དབང་པོ་རྣམས་འགགས་པར་གྱུར་ནས། ཇི་སྲིད་སྐྱོ་བར་མ་ གྱུར་གྱི་བར་དུ་ཡེ་ཤེས་ཀྱི་བཟླས་པ་བྱའོ། །དམ་ཚིག་གི་བཟླས་པ་བྱ་སྟེ། སྙིང་གའི་ས་བོན་དང་པདྨ་ཀ་རི་ཀའི་ལྟེ་བའི་དབུས་སུ་གནས་པའི་ཐིག་ལེ་ཕྲ་མོ་ལས་བྱུང་བའི་ཡི་གེ་རྣམས་འོད་ཟེར་ལྔའི་རང་བཞིན་ཉིད་དབུས་མའི་རྩ་འབབ་པས་ཇི་སྲིད་རྡོ་རྗེའི་ལ་མ་ནས་ལྷ་མོའི་ པདྨའི་ནང་དུ་ཞུགས་ཏེ། དེའི་ཞལ་ནས་རང་གི་ཁར་ཞུགས་པར་བྱས་ནས་དེ་ཉིད་དུ་ནུབ་པར་འགྱུར་བར་བསྒོམ་པར་བྱའོ། །དང་པོར་ཡི་གེ་ཨོཾ་དང་མཐར་སྭཱ་ཧཱ་འམ་ཡི་གེ་ཕཊ་ནི་ཡང་དང་ཡང་དུ་ཇི་སྲིད་སྐྱོ་བར་མ་གྱུར་བར་དུ་བསྒོམ་པར་བྱའོ། །ད་ནི་སྔགས་བསྒྲུབ་པའི་ཆོ་ག་ བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་དཔྱིད་ཟླ་འབྲིང་པོའི་ཉ་ལ་དུར་ཁྲོད་དུ་དཀྱིལ་འཁོར་བྲིས་ལ་རྩ་བའི་སྔགས་ལ་ཨརྒྷཾ་དབུལ་ཏེ་མིའི་སོའི་ཕྲེང་བས་ཟླ་བ་རེ་རེར་དཀར་པོའི་ཚེས་ལྔ་ནས་བརྩམས་ནས་ཟླ་བའི་བར་དུ་འབུམ་ཕྲག་གསུམ་བཟླས་པར་བྱས་ཏེ། བཟླས་པའི་བཅུ་ཆས་སྦྱིན་ སྲེག་བྱའོ། །དེ་ལྟར་ལོ་གཅིག་ལ་བཟླས་པ་ནི་འབུམ་ཕྲག་སུམ་ཅུ་རྩ་དྲུག་སྟེ། སྦྱིན་སྲེག་ནི་ཁྲི་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་བཛྲ་ཌཱ་ཀི་ནི་ཛཱ་ལ་སམྦྷ་ར་སྭཱ་ཧཱ། རྩ་བའི་སྔགས་ཡི་གེ་རྩ་གཉིས་པའོ། །དེ་ནས་ལོ་གཉིས་པ་ལ་ཆོ་ ག་དེ་ཉིད་ཀྱིས་སྙིང་པོའི་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧཱཾ་ཧཱཾ་ཧྲཾ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་དྲུག་ནི་སྙིང་པོའི་སྔགས་སོ། །སླར་ཡང་ལོ་གསུམ་པ་ལ་ཆོ་ག་དེ་ཉིད་ཀྱིས། ཉེ་བའི་སྙིང་པོའི་སྔགས་བཟླས་པ་དང་། སྦྱིན་སྲེག་བྱ་སྟེ། ཨོཾ་ཧྲིཾཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་ གེ་བདུན་ནི་ཉེ་བའི་སྙིང་པོའི་སྔགས་སོ། །དེ་ནས་ལོ་བཞི་པ་ལ་ཆོ་ག་དེ་ཉིད་ཀྱིས་གོ་ཆའི་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧེཾ་ཧེཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བརྒྱད་ནི་གོ་ཆའི་སྔགས་སོ། །དེ་ནས་ལོ་ལྔ་བལ་ཆོ་ག་དེ་ཉིད་ཀྱིས་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཅེས་བྱ་བའི་ཡི་གེ་བཅུ་པོ་འདི་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པའི་སྙིང་པོའི་སྔགས་སོ། །ཨོཾ་བཾ་ཡོཾ་མོཾ་ཧྲེཾ་ཧེཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བརྒྱད་ནི་གོ་ཆའི་སྔགས་སོ། །དེ་ལྟར་ལོ་དྲུག་གིས་སྔགས་ཀྱི་བཟླས་པ་འབུམ་ ཕྲག་གཉིས་དང་འབུམ་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་ལ། སྦྱིན་སྲེག་འབུམ་ཕྲག་ཉི་ཤུ་རྩ་གཅིག་དང་། ཁྲི་ཕྲག་དྲུག་བྱས་ཏེ། དེ་ནས་རྣལ་འབྱོར་པ་རྣམས་ཀྱི་ལུས་དག་པར་འགྱུར་རོ། །ད་ནི་གདོང་པ་སྦྱང་བའི་ཕྱིར་ཞལ་བཞི་པའི་སྔགས་བཟླས་པ་བརྗོད་པར་བྱས་ཏེ། ཆུ་སྲིན་ གྱི་འཕོ་བར་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། མཁའ་འགྲོ་མ་ལ་ཨརྒྷ་ཕུལ་ནས། ཟླ་བ་རེ་རེ་ཞིང་གསང་བའི་ལས་ཀྱི་དངོས་གྲུབ་ཀྱི་དོན་དུ་ལས་དང་རྗེས་སུ་མཐུན་པའི་ཕྲེང་བས། འབུམ་ཕྲག་གསུམ་བཟླས་པ་དང་། བཅུ་ཆས་སྦྱིན་སྲེག་བྱའོ། །ཨོཾ་སུམྦྷ་ནི་ སུམྦྷ་བཛྲ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བཅུ་བཞི་ནི་ཤར་གྱི་སྔགས་སོ། །ཟླ་བ་གསུམ་ལ་བཟླས་པ་འབུམ་ཕྲག་དགུ་དང་། སྦྱིན་སྲེག་ཁྲི་ཕྲག་དགུར་བྱའོ། །ཟླ་བ་དང་པོ་ལ་མིའི་རུས་པའི་ཕྲེང་བས་སོ། །གཉིས་པ་ལ་རྔ་མོའི་ཕྲེང་བས་སོ། །གསུམ་པ་ལ་བོང་བུའི་རུས་པའི་ ཕྲེང་བས་སོ། །སྦྱིན་སྲེག་ནི་ལས་ཀྱི་སྐབས་སུ་བསྟན་པའི་སྔགས་ཀྱིས་སོ། །དེ་ནས་ལུག་གི་འཕོ་བ་ལ་སྨན་ལྗོངས་སུ་དཀྱིལ་འཁོར་བྲིས་ཏེ་ལཱ་མ་ལ་ཨརྒྷ་ཕུལ་ལ་ཟླ་བ་རེ་རེ་ཞིང་འབུམ་ཕྲག་གསུམ་བཟླས་པ་བྱས་ཏེ། ཟླ་བ་གསུམ་ལ་དབང་གི་དོན་དུ་ བཟླས་པའི་འབུམ་ཕྲག་དགུ་དང་། ལས་ཀྱི་སྐབས་སུ་བསྟན་པའི་རྫས་ཀྱི་སྦྱིན་སྲེག་ཁྲི་ཕྲག་དགུ་བྱའོ། །ཨོཾ་གྲྀཧྞ་གྲྀཧྞ་བཛྲ་མཱ་ལེ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བཅུ་གཉིས་ནི་ལྷོ་ཕྱོགས་ཀྱི་ཞལ་གྱི་སྔགས་སོ། །ཟླ་བ་དང་པོ་ལ་པདྨའི་མིག་གི་ཕྲེང་བས་སོ། །གཉིས་ པ་ལ་ཙནྡན་དམར་པོའི་ས་བོན་གྱི་ཕྲེང་བས་སོ། །ཟླ་བ་གསུམ་པ་ལ་འོ་སེ་དམར་པོའི་ཕྲེང་བས་སོ། །དེ་ནས་ཀར་ཀ་ཊའི་འཕོ་བ་ན་རི་ལ་དཀྱིལ་འཁོར་བྲིས་ཏེ། དུམ་སྐྱེས་མ་ལ་ཨརྒྷ་ཕུལ་ལ་ནུབ་ཀྱི་ཞལ་གྱི་སྔགས་བཟླས་པ་འབུམ་ཕྲག་གསུམ་བྱའོ། །ཇི་ལྟར་ཟླ་བ་གསུམ་ གྱིས་བཟླས་པའི་འབུམ་ཕྲག་གསུམ་དང་། ལས་ཀྱི་སྐབས་སུ་བསྟན་པའི་རྫས་ཀྱི་སྦྱིན་སྲེག་ཁྲི་ཕྲག་དགུར་བྱའོ། །ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་བཛྲ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་ནུབ་ཀྱི་ཞལ་གྱི་སྔགས་སོ། །ཟླ་བ་དང་པོ་ལ་བོ་དེ་ཙིའི་ཕྲེང་བས་སོ། ། གཉིས་པ་རུ་རགྴའི་ཕྲེང་བས་སོ། །གསུམ་པ་ལ་ནི་ལུང་ཏང་གི་ཕྲེང་བས་སོ། །དེ་ནས་སེང་གེའི་འཕོ་བ་ལ་ནི་ཚང་ཚིང་གི་ཕུག་ཏུ་དཀྱིལ་འཁོར་བྲིས་ཏེ། གཟུགས་ཅན་མ་ལ་ཨརྒྷ་ཕུལ་ལ་ཟླ་བ་གཅིག་གིས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཟླ་བ་གསུམ་གྱིས་བཟླས་ པ་འབུམ་ཕྲག་དགུ་དང་སྦྱིན་སྲེག་ཁྲི་ཕྲག་དགུ་བྱའོ། །ཞི་བའི་དོན་དུ་བྱང་གི་ཞལ་གྱི་སྔགས་བཟླས་པ་དང་། ལས་དང་རྗེས་སུ་མཐུན་པའི་རྫས་ཀྱི་སྦྱིན་སྲེག་བྱའོ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་བཛྲ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་བྱང་གི་ཞལ་གྱི་སྔགས་སོ། ། ཟླ་བ་དང་པོ་ལ་ནི་ཤེལ་གྱི་ཕྲེང་བ་ཡིས་སོ། །གཉིས་པ་ལ་ནི་མུ་ཏིག་གི་ཕྲེང་བས་སོ། །གསུམ་པ་ལ་ནི་དུང་གི་ཕྲེང་བས་སོ། །དེ་ལྟར་ལོ་གཅིག་ལ་བཟླས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང་། སྦྱིན་སྲེག་ཁྲི་ཕྲག་སུམ་ཅུ་རྩ་དྲུག་བྱས་ཏེ། དེས་ནི་གདོང་རྣམ་པར་དག་པར་འགྱུར་ རོ། །ད་ནི་ཁ་ལ་སོགས་པའི་སྒོ་སྦྱང་བའི་ཕྱིར་སྔགས་བཟླས་པ་བརྗོད་པར་བྱ་སྟེ། ལོ་གཉིས་པའི་ཆུ་སྲིན་གྱི་འཕོ་བ་ནས་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ་ཁྭ་གདོང་མ་ལ་ཨརྒྷ་ཕུལ་ལ་ཕྱོགས་རེ་རེ་རྐང་པ་བརྒྱད་ཀྱི་སྔགས་འབུམ་ཕྲག་གཅིག་དང་། ཁྲི་ཕྲག་ལྔ་ བཟླས་པར་བྱས་ཏེ། དེ་ལྟར་ཤར་གྱི་ཞལ་ལས་བསྟན་པའི་ཕྲེང་བའི་ཆོ་གས་བསྐྲད་པའི་དོན་དུ་ཟླ་བ་ཕྱེད་དང་གཉིས་ལ་བཟླས་པ་དང་། བཟླས་པའི་འབུམ་ཕྲག་བཞི་དང་། ཤར་གྱི་ཞལ་གྱི་ལས་ཀྱི་སྐབས་སུ་བསྟན་པའི་རྫས་རྣམས་ཀྱིས་ཕྱེད་དང་བཅས་པའི་ཁྲི་ཕྲག་བཞི་ ཡིས་སྦྱིན་སྲེག་བྱའོ། །ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་བཛྲ་ཀ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་དང་པོའོ། །དེ་ནས་བུམ་པའི་འཕོ་བའི་ཕྱེད་ན་སྨན་ལྗོངས་སུ་དཀྱིལ་འཁོར་བྲིས་ཏེ། འུག་གདོང་མ་ལ་ཨརྒྷ་ཕུལ་ལ་ལཱ་མའི་སྐབས་སུ་བསྟན་པའི་ཕྲེང་ བའི་ཚོགས་དགུག་པའི་དོན་དུ་ཟླ་བ་ཕྱེད་དང་གཉིས་ལ་བཟླས་པ་འབུམ་ཕྲག་ཕྱེད་དང་བཅས་པ་བཞི་དང་། སྦྱིན་སྲེག་བཅུ་ཆས་བྱས་ཏེ། ཨོཾ་མ་ཧཱ་ཀལྤ་ག་ནི་སནྣི་བྷ་ཡ་བཛྲ་ཨཱུ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་གཉིས་པའོ། །དེ་ནས་ལུག་གི་འཕོ་བ་ལ་རི་ རྩེར་དཀྱིལ་འཁོར་བྲིས་ཏེ། ཁྱི་གདོང་མ་ལ་ཨརྒྷ་ཕུལ་ལ་དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་གས་ཕུར་བུ་གདབ་པའི་ཕྱིར་བཟླས་པ་ཕྱེད་དང་བཅས་པ་འབུམ་ཕྲག་ཕྱེད་པ་བཞི་ཆ་དང་། སྦྱིན་སྲེག་བཅུ་ཆས་བྱས་ཏེ། ཨོཾ་ཛ་ཌ་མ་ཀུ་ཊོ་ཏ་ཀ་ཊཱ་ཡ་བཛྲ་ཤྭཱ་ནཱ་སྱེ་ཧཱུཾ་ཧཱུཾ་ཕཊ་ ཅེས་བྱ་བའི་ཡི་གེ་བཅུ་བདུན་ནི་རྐང་པ་གསུམ་པའི་སྔགས་སོ། །དེ་ནས་ཁྱུ་མཆོག་གི་འཕོ་བའི་ཕྱེད་ན་ཚང་ཚིང་གི་ཕུག་ཏུ་དཀྱིལ་འཁོར་བྲིས་ཏེ། ཕག་གདོང་མ་ལ་ཨརྒྷ་ཕུལ་ལ་རྒྱས་པའི་ཕྱིར་གཟུགས་ཅན་མའི་ཕྲེང་བའི་ཆོ་གས་འབུམ་ཕྲག་ཕྱེད་དང་ལྔར་བཟླས་ནས། སྦྱིན་སྲེག་བཅུ་ ཆས་བྱས་ཏེ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་སཱུ་ཀ་རཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་ཉི་ཤུ་རྩ་གཉིས་ནི་སྔགས་ཀྱི་རྐང་པ་བཞི་པའོ། །དེ་ནས་ཀརྐའི་འཕོ་བ་པདྨའི་ཆུ་བོའམ། ཚང་ཚིང་གི་ཕུག་ཏུ་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་བརྟན་མ་ལ་ཨརྒྷ་ཕུལ་ཏེ། གཟུགས་ཅན་མའི་ཕྲེང་བའི་ཆོ་གས་དུག་མེད་པར་བྱ་བའི་ཕྱིར། འབུམ་ཕྲག་ཕྱེད་དང་ལྔར་བཟླས་ནས་སྦྱིན་སྲེག་བཅུ་ཆས་བྱས་ཏེ། ཨོཾ་ས་ཧཱ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་བཛྲ་ཡ་མ་དཱ་ཌྷཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་ལྔ་ པའོ། །དེ་ནས་སེང་གེའི་འཕོ་བ་ཕྱེད་ན་རི་རྩེར་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་ཕོ་ཉ་མོ་ལ་ཨརྒྷ་ཕུལ་ལ་རེངས་པར་བྱེད་པའི་ཕྱིར་དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་གས་ཟླ་བ་ཕྱེད་དང་བཅས་པ་གཉིས་ལ་འབུམ་ཕྲག་ཕྱེད་དང་ལྔར་བཟླས་ནས་སྦྱིན་སྲེག་བཅུ་ ཆས་བྱས་ལ་གཤེགས་སུ་གསོལ་ལོ། །ཨོཾ་བ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི་བཛྲ་ཡ་མ་དཱུ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་ལྔའི་སྔགས་ཀྱི་རྐང་པ་དྲུག་པའོ། །དེ་ནས་སྲང་གི་འཕོ་བ་ན་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་མཆེ་བ་མ་ལ་ཨརྒྷ་ཕུལ་ ལ། རེངས་པར་བྱ་བའི་ཕྱིར་ཟླ་བ་ཕྱེད་དང་། གཉིས་ཀྱིས་བཟླས་པ་ཕྱེད་དང་བཅས་པའི་འབུམ་ཕྲག་བཞི་དང་། སྦྱིན་སྲེག་ཕྱེད་དང་བཅས་པའི་ཁྲི་ཕྲག་ཕྱེད་དང་བཅས་པའི་བཞི་བྱས་ཏེ། ཨོཾ་བྱཱ་གྷྲཱ་ཛི་ནཱི་བ་ར་དྷ་རཱ་ཡ་བཛྲ་ཡ་མ་དཾཥྚྲི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་ནི་སྔགས་ཀྱི་ རྐང་པ་བདུན་པའོ། །དེ་ནས་སྡིག་པ་ཕྱེད་ཀྱི་འཕོ་བ་ན་མཚོ་འགྲམ་མམ། རྫིང་བུའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་འཇོམས་མ་ལ་ཨརྒྷ་ཕུལ་ལ་ཞེ་སྡང་བྱེད་པའི་དོན་དུ་ཕྱེད་དང་བཅས་པའི་ཟླ་བ་གཅིག་ལ་མཁའ་འགྲོ་མའི་སྐབས་སུ་ཕྲེང་བས་འབུམ་ཕྲག་ཕྱེད་དང་ལྔར་ བཟླས་ནས། སོ་སོའི་ཉ་ལ་སྦྱིན་སྲེག་བཅུ་ཆར་བྱས་ཏེ། ཨོཾ་མ་ཧཱ་དྷཱུ་བྲཱན་དྷ་ཀཱ་ར་ཝ་པུ་ཥཱ་ཡ་ཡ་མ་མ་ཐཱ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་གཅིག་ནི་རྐང་པ་བརྒྱད་པའི་སྔགས་སོ། །དེ་ལྟར་ན་ལོ་གཅིག་ལ་བཟླས་པ་ནི་འབུམ་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་ལ། སྦྱིན་ སྲེག་ནི་ཁྲི་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ། དེས་ཁ་དང་སྣ་དང་བཤང་བ་དང་མིག་དང་རྣ་བའི་རྩ་རྣམས་དག་པར་འགྱུར་རོ། །ད་ནི་རྐང་པ་ཉི་ཤུ་རྩ་བཞི་པའི་ཕྲེང་བའི་སྔགས་ཀྱི་བཟླས་པ་བརྗོད་པར་བྱ་སྟེ། དགུན་ཟླ་ར་བའི་གནམ་སྟོང་ལ། མཚོ་འགྲམ་དང་ལན་ཚྭ་ཅན་གྱི་ཆུ་འགྲམ་ མམ། རྫིང་བུའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། གསད་པའི་ཕྱིར་རབ་གཏུམ་མ་ལ་ཨརྒྷ་ཕུལ་ལ། ཉིན་མཚན་ལྔ་ཡིས་ཁྲི་ཕྲག་ལྔ་དང་། སྦྱིན་སྲེག་སྟོང་ཕྲག་ལྔར་བྱས་ཏེ། དེ་ལྟར་ཟླ་བ་ཕྱེད་ལ་མཁའ་འགྲོ་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་གས་བཟླས་པ་ ནི་འབུམ་ཕྲག་ཕྱེད་དང་གཉིས་སུ་འགྱུར་ལ། སྦྱིན་སྲེག་ནི་ཁྲི་ཕྲག་ཕྱེད་དང་གཉིས་སུ་འགྱུར་རོ། །ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎྜི་བཛྲ་ཁཎྜ་ཀ་པཱ་ལ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་ནི་སོ་སོའི་ཡན་ལག་སྔགས་ཀྱི་རྐང་པ་དང་པོའོ། །དེ་ནས་དགུན་ཟླ་ར་བའི་ཉ་ལ་ལྗོངས་སམ། སྐྱེད་མོས་ཚལ་དུ་དཀྱིལ་འཁོར་བྲིས་ཏེ། གཏུམ་མིག་མ་ལ་ཨརྒྷ་ཕུལ་ལ་དབང་དུ་བྱ་བའི་ཕྱིར་ལཱ་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་གས་ཟླ་བ་ཕྱེད་ལ་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ནས་ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་ཀུ་རུ་ཀུ་རུ་བཛྲ་ཙཎ་ཌཱ་ཀྵི་བཛྲ་ མ་ཧཱ་ཀཾ་ཀལ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་སྟེ་ཡི་གེ་ཉི་ཤུ་ནི་སྔགས་ཀྱི་རྐང་པ་གཉིས་སོ། །དེ་ནས་དགུན་ཟླ་འབྲིང་པོའི་གནམ་སྟོང་ལ་རི་རྩེ་ལ་དཀྱིལ་འཁོར་བྲིས་ཏེ། འོད་ལྡན་མལ་ཨརྒྷ་ཕུལ་ལ། རེངས་པར་བྱེད་པའི་དོན་དུ་དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ་ལ་ འབུམ་ཕྲག་ཕྱེད་དང་གཉིས་བཟླས་ནས་ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་བནྡྷ་བནྡྷ་བཛྲ་པྲ་བྷཱ་བ་ཏཱི་བཛྲ་ཀཾ་ཀ་ལ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་གསུམ་པའོ། །དེ་ནས་དགུན་ཟླ་འབྲིང་པོའི་ཉ་ལ་ཚང་ཚིང་གི་ཕུག་གམ། པདྨའི་རྫིང་བུའི་འགྲམ་ དུ་དཀྱིལ་འཁོར་བྲིས་ཏེ། རྒྱས་པར་བྱ་བའི་དོན་དུ་སྣ་ཆེན་མ་ལ་ཨརྒྷ་ཕུལ་ལ་གཟུགས་ཅན་མའི་སྐབས་སུ་བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ་ལ་འབུམ་ཕྲག་ཕྱེད་དང་གཉིས་སུ་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱས་ཏེ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་མ་ཧཱ་ནཱ་སི་བཛྲ་ ཝ་ཀ་ཌཾཥྚྲཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་བཞི་ནི་སྔགས་ཀྱི་རྐང་པ་བཞི་པའོ། །དགུན་ཟླ་ཐ་ཆུངས་ཀྱི་གནམ་སྟོང་ལ་ཚང་ཚིང་གི་ཕུག་གམ། པདྨའི་མཚོའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། ཞི་བར་བྱ་བའི་དོན་དུ་དཔའ་བོའི་བློ་མ་ལ་ཨརྒྷ་ཕུལ་ལ། གཟུགས་ཅན་མའི་སྐབས་སུ་ བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ་ལ་འབུམ་ཕྲག་ཕྱེད་དང་གཉིས་སུ་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཛྲ་པ་ཡི་ར་མ་སྟེ་བཛྲ་སུ་ར་ཝཱི་རེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་གཉིས་ནི་སྔགས་ཀྱི་རྐང་པ་ལྔ་ པའོ། །དེ་ནས་དགུན་ཟླ་ཐ་ཆུངས་ཀྱི་ཉ་ལ་རི་རྩེར་དཀྱིལ་འཁོར་བྲིས་ཏེ། རེངས་པར་བྱེད་པའི་དོན་དུ་མིའུ་ཐུང་མ་ལ་ཨརྒྷ་ཕུལ་ལ། དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བས། ཉིན་མཚན་བཅོ་ལྔ་ལ་འབུམ་ཕྲག་ཕྱེད་དང་གཉིས་སུ་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སྦྱིན་ སྲེག་བྱ་སྟེ། ཨོཾ་ཧཱུཾ་ཧཱུཾ་བཛྲ་ཁརྦ་རི་བཛྲ་ཨ་མི་ཏཱ་བྷཱ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དྲུག་ནི་སྔགས་ཀྱི་རྐང་པ་དྲུག་པའོ། །དེ་ནས་དཔྱིད་ཟླ་ར་བའི་གནམ་སྟོང་ལ་ལྗོངས་སུ་དཀྱིལ་འཁོར་བྲིས་ཏེ། དགུག་པ་བྱ་བའི་དོན་དུ་ལང་ཀའི་དཔའ་མོ་ལ་ཨརྒྷ་ཕུལ་ལ། ལཱ་མའི་སྐབས་སུ་ བསྟན་པའི་ཕྲེང་བས་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ནས་ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་ཧྲཿཧྲཿབཛྲ་ལཾ་ཀེ་ཤྭ་རི་བཛྲི་བྷཱ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དྲུག་ནི་སྔགས་ཀྱི་རྐང་པ་བདུན་པའོ། །དེ་ནས་དཔྱིད་ཟླ་ར་བའི་ཉ་ལ་མཚོ་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། ཞེ་སྡང་བྱ་བའི་དོན་དུ་བརྩོན་གྲིབ་མ་ལ་ཨརྒྷ་ཕུལ་ལ། མཁའ་འགྲོ་མའི་སྐབས་སུ་བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ་ལ་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱས་ཏེ། ཨོཾ་ཕེཾ་ཕེཾ་བཛྲ་དྲུ་མཙྪཱ་ཡེ་བཛྲ་དེ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ བཅུ་དྲུག་ནི་སྔགས་ཀྱི་རྐང་པ་བརྒྱད་པའོ། །དེ་ནས་དཔྱིད་ཟླ་འབྲིང་པོའི་ཉ་ལ་བསྐྲད་པར་བྱ་བའི་དོན་དུ་ས་སྲུངས་མ་ལ་ཨརྒྷ་ཕུལ་ལ། རབ་གཏུམ་མའི་སྐབས་སུ་བསྟན་པའི་ཕྲེང་བས་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ད་ཧ་ད་ཧ་བཛྲ་ཨཻ་ར་བ་ཏེ་བཛྲ་ཨཾ་གུ་རེ་ཀ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་དགུ་པའོ། །དེ་ནས་དཔྱིད་ཟླ་འབྲིང་པོའི་ཉ་ལ་ཚ་བར་བྱ་བའི་དོན་དུ་འཇིགས་བྱེད་ཆེན་པོ་ལ་ཨརྒྷ་ཕུལ་ལ། གཏུམ་མིག་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་པ་ཙ་པ་ཙ་བཛྲ་མ་ཧཱ་བྷཻ་རབེ་བཛྲ་ཛཊ་ལེ་ཧཱུཾ་ཧཱུཾ་ཕཊ་ཅེས་ བྱ་བའི་ཡི་གེ་ཉི་ཤུ་ནི་སྔགས་ཀྱི་རྐང་པ་བཅུ་པའོ། །དེ་ནས་དཔྱིད་ཟླ་ཐ་ཆུངས་ཀྱི་ཉ་ལ་སྡེ་རེངས་པར་བྱ་བའི་དོན་དུ་རླུང་ཤུགས་མ་ལ་ཨརྒྷ་ཕུལ་ལ། འོད་ལྡན་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་བྷཀྵ་བྷཀྵ་བཛྲ་བཱ་ཡུ་བེ་གེ་བཛྲ་མ་ཧཱ་ཝཱི་ར་ ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་ནི་སྔགས་ཀྱི་རྐང་པ་བཅུ་གཅིག་པའོ། །དེ་ནས་དཔྱིད་ཟླ་ཐ་ཆུངས་ཀྱི་ཉ་ལ་ཆར་དབབ་པའི་དོན་དུ་ཆང་འཐུང་མ་ལ་ཨརྒྷ་ཕུལ་ལ། སྣ་ཆེན་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་བ་ས་རུ་དྷི་ར་ཨནྟྲ་མཱ་ལ་ཨ་བ་ལཾ་བི་ནི་ གྲྀཧྞ་གྲྀཧྞ་བཛྲ་སུ་ར་བྷཀྵི་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་སུམ་ཅུ་རྩ་གཅིག་ནི་སྔགས་ཀྱི་རྐང་པ་བཅུ་གཉིས་པའོ། །དེ་ནས་དབྱར་ཟླ་ར་བའི་གནམ་སྟོང་ལ་རིམས་གཞིལ་བར་བྱ་བའི་དོན་དུ་སྔོ་བསངས་ལྷ་མོ་ལ་ཨརྒྷ་ཕུལ་ལ། དཔའ་བོ་བློ་མའི་ཆོ་ག་བཞིན་དུ་སྔགས་བཟླས་ པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ས་པ་ཏ་པཱ་ཏ་ལག་ཏ་བྷུ་ཛཾ་ག་སར་པཾ་བཱ་ཏརྫ་ཡ་ཏརྫ་ཡ་བརྫ་ཤྱཱ་མ་དེ་ཝི་བཛྲ་སུ་བྷ་དྲེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་སུམ་ཅུ་རྩ་བཞི་ནི་སྔགས་ཀྱི་རྐང་པ་བཅུ་གསུམ་པའོ། །དེ་ནས་དབྱར་ཟླ་ར་བའི་ཉ་ལ་ས་འོག་འབིགས་པར་བྱ་བའི་དོན་དུ་ཤིན་ཏུ་བཟང་མོ་ལ་ ཨརྒྷ་ཕུལ་ལ། མིའུ་ཐུང་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་བཛྲ་སུ་བྷ་དྲེ་བཛྲ་བྷ་དྲ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་བཅུ་བཞི་པའོ། །དེ་ནས་དབྱར་ཟླ་འབྲིང་པོའི་གནམ་སྟོང་ལ་འབེབས་པར་བྱ་བའི་དོན་དུ། ལང་ཀའི་དབང་ཕྱུག་མའི་ཆོ་ག་བཞིན་དུ་རྟ་རྣམ་ལ་ཨརྒྷ་ཕུལ་ནས། སྔགས་བཟླས་པ་དང་སྦྱིན་སྲེག་བྱས་ཏེ། ཨོཾ་ཧིཾ་ཧིཾ་བཛྲ་ཧ་ཡ་ཀརྞེ་བཛྲ་མ་ཧཱ་བྷཻ་ར་བ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་བཅོ་ལྔ་པའོ། །དེ་ནས་དབྱར་ཟླ་འབྲིང་པོའི་ཉ་ལ་སྤྲིན་ཆད་པར་བྱ་བའི་དོན་དུ། བྱ་གདོང་མ་ལ་ཨརྒྷ་ཕུལ་ལ་སྔགས་བཟླས་པ་དང་སྦྱིན་སྲེག་བྱས་ཏེ། ཨོཾ་ཧཱུཾ་ཧཱུཾ་བཛྲ་ཁ་ག་ན་ནེ་བཛྲ་བི་རཱུ་བཱཀྵ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཡི་གེ་བཅོ་བརྒྱད་པ་སྟེ་སྔགས་ཀྱི་རྐང་པ་བཅུ་དྲུག་པའོ། །དེ་ནས་དབྱར་ཟླ་ཐ་ཆུངས་ཀྱི་གནམ་སྟོང་ལ་རལ་གྲི་ཆེན་པོ་བསྒྲུབ་པར་བྱ་བའི་དོན་དུ། འཁོར་ ལོའི་ཤུགས་ཅན་མ་ལ་ཨརྒྷཾ་ཕུལ་ནས། རབ་གཏུམ་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱས་ཏེ། ཨོཾ་ཀྵྨཾ་ཀྵྨཾ་བཛྲ་ཙཀྲ་བེ་ག་བཛྲ་མ་ཧཱ་བ་ལ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་བཅུ་བདུན་པའོ། །དེ་ནས་དབྱར་ཟླ་ཐ་ཆུངས་ ཀྱི་ཉ་ལ་ཀླུའི་ན་ཆུང་མ་དབང་དུ་བྱ་བའི་དོན་དུ། དུམ་སྐྱེས་མ་ལ་ཨརྒྷ་ཕུལ་ནས་རབ་གཏུམ་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱས་ཏེ། ཨོཾ་ཧཾ་ཧཾ་བཛྲ་ཁཎྜ་རོ་ཧི་བཛྲ་རཏྣ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི། སྔགས་ཀྱི་རྐང་པ་བཅོ་བརྒྱད་པའོ། །སྟོན་ ཟླ་ར་བའི་གནམ་སྟོང་ལ་ཀླུའི་རྒྱལ་པོ་རེངས་པར་བྱ་བའི་དོན་དུ་ཆང་འཚོང་མ་ལ་ཨརྒྷ་ཕུལ་ནས་འོད་ལྡན་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧཾ་ཧཾ་བཛྲ་ཤཽཎྜི་ནཱི་ཡེ་བཛྲ་རཏྣ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་བདུན་ནི་སྔགས་ཀྱི་རྐང་པ་བཅུ་དགུ་པའོ། །དེ་ ནས་སྟོན་ཟླ་ར་བའི་ཉ་ལ་འཁོར་ལོའི་གོ་ཆ་མ་ལ་ཨརྒྷ་ཕུལ་ལ། རོ་ཆེན་པོ་བསྒྲུབ་པར་བྱ་བའི་དོན་དུ་སྣ་ཆེན་པོའི་ཆོ་གས་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧཱུཾ་ཧཱུཾ་བཛྲ་ཙཀྲ་ཝརྨི་ཎེ་བཛྲ་ཨཱ་ཀ་ཤ་གརྦྷ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་བདུན་ནི་སྔགས་ཀྱི་རྐང་པ་ཉི་ཤུ་པའོ། །སྟོན་ཟླ་ འབྲིང་བོའི་གནམ་སྟོང་ལ་བཟང་པོའི་དཔའ་མོ་ལ་ཨརྒྷ་ཕུལ་ནས་བདུད་རྩིའི་འབྲས་བུ་བསྒྲུབ་པར་བྱ་བའི་དོན་དུ། དཔའ་བོའི་བློ་མའི་ཆོ་ག་བཞིན་སྔགས་བཟླས་པ་དང་སྦྱིན་སྲེག་བྱས་ཏེ། ཨོ་ཀི་ལི་ཀི་ལི་བཛྲ་སུ་བཱི་རེ་བཛྲ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་ རྐང་པ་ཉི་ཤུ་རྩ་གཅིག་པའོ། །དེ་ནས་སྟོན་ཟླ་འབྲིང་པོའི་ཉ་ལ་རྫས་བསྒྲུབ་པར་བྱ་བའི་དོན་དུ་སྟོབས་ཆེན་མ་ལ་ཨརྒྷ་ཕུལ་ནས་མིའུ་ཐུང་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱས་ཏེ། ཨོཾ་སི་ལི་སི་ལི་བཛྲ་མ་ཧཱ་བ་ལ་བཛྲ་པདྨ་ན་ཏེ་ཤྭ་ར་ཧཱུཾ་ཧཱུཾ་ཕཊ་ཞེས་བྱ་བའི་ཡི་གེ་ཉི་ཤུ་རྩ་ གཉིས་ཀྱི་རྐང་པ་ཉི་ཤུ་རྩ་གཉིས་པའོ། །སྟོན་ཟླ་ཐ་ཆུངས་ཀྱི་གནམ་སྟོང་ལ་རིན་པོ་ཆེ་བསྒྲུབ་པར་བྱ་བའི་དོན་དུ་འཁོར་ལོ་སྒྱུར་མ་ལ་ཨརྒྷ་ཕུལ་ནས་དེ་ནས་ལང་ཀའི་དབང་ཕྱུག་མའི་ཆོ་ག་བཞིན་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧི་ལི་ཧི་ལི་བཛྲ་ཙཀྲ་བརྟི་ནཱི་ཡེ་བཛྲ་བཻ་རོ་ ཙ་ནཱི་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་གཅིག་ནི་སྔགས་ཀྱི་རྐང་པ་ཉི་ཤུ་གསུམ་པའོ། །སྟོན་ཟླ་ཐ་ཆུངས་ཀྱི་ཉ་ལ་དཀྱིལ་འཁོར་བྱས་ནས། འཇིག་རྟེན་གསུམ་པོ་འདར་བ་མེད་པར་བྱ་བའི་དོན་དུ་བརྩོན་ཆེན་མ་ལ་ཨརྒྷ་ཕུལ་ལ། བརྩོན་གྲིབ་མའི་ཆོ་ག་བཞིན་དུ་སྔགས་ བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་དྷི་ལི་དྷི་ལི་བཛྲ་མ་ཧཱ་ཝི་རྱ་བཛྲ་བཛྲ་སཏྭ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་ཉི་ཤུ་རྩ་བཞི་པའོ། །དེ་ལྟར་ལོ་གསུམ་པ་ལ་རྐང་པ་ཉི་ཤུ་རྩ་བཞི་པ་སོ་སོའི་ཡན་ལག་གི་སྔགས་འབུམ་ཕྲག་སུམ་ཅུ་རྩ་དྲུག་ཏུ་བཟླས་ ཤིང་། ཁྲི་ཕྲག་སུམ་ཅུ་རྩ་དྲུག་དུ་སྦྱིན་སྲེག་བྱའོ། །དེ་ལྟར་ལོ་གསུམ་ལ་བྱེ་བ་ཕྲག་གཅིག་དང་། འབུམ་ཕྲག་བརྒྱད་དུ་བཟླས་པ་དང་། ཁྲི་ཕྲག་གཅིག་གིས་ལྷག་པའི་འབུམ་ཕྲག་བཅུར་སྦྱིན་སྲེག་བྱ་སྟེ། དེས་རྣལ་འབྱོར་རྣམས་ལ་སོ་སོའི་སྔགས་ཀྱི་ཡན་ལག་རྣམ་ པར་དག་པར་འགྱུར་རོ་ཞེས་བྱ་བ་ནི་སྔགས་བཟླས་པའི་ཆོ་གའོ། །སྔོན་དུ་བསྟན་པའི་ལོག་པའི་ཆོ་གས་བྱིས་པའི་བློ་ཅན་རྣམས་ཀྱི་དངོས་གྲུབ་སྒྲུབ་པ་དོན་མེད་པར་འགྱུར་རོ། །དེ་བས་ན་བསྟན་པའི་ཆོ་གས་ལོ་བཅུ་གཉིས་ཀྱི་བར་དུ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་ཐམས་ཅད་དུ་བྱའོ། །ཕྱི་ ནས་ཟླ་བ་ཕྱེད་དང་གཉིས་སུ་ཚོགས་ཀྱི་འཁོར་ལོ་བྱས་ཏེ། ལྷའི་སྔགས་ཀྱི་སྟོབས་ཀྱིས་ཉ་ལ་ཚོགས་ཀྱི་གཙོ་བོར་གྱུར་ནས། ཚོགས་ཀྱི་འཁོར་ལོ་དང་ལྷན་ཅིག་ཏུ་གྲུབ་པར་འགྱུར་ཞིང་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། །རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས། ཡོན་ཏན་ལྷག་པ་དང་། བཅས་པའི་ན་ཆུང་མ་རྣམས་དེ་འགྱུར་རོ། །ད་ནི་ཁྲུས་དང་བཟའ་བ་དང་། བཏུང་བ་དང་། སྙོམས་པར་ཞུགས་པའི་ཆོ་ག་བརྗོད་པར་བྱ་སྟེ། དེར་ཁྲུས་ནི་ལྷའི་མངོན་པར་དབང་བསྐུར་བའི་ཆོ་ག་བཞིན་དུ་བྱའོ། །བཟའ་བ་ནི་དམ་ཚིག་གི་སྤྱོད་པ་བཞིན་དུ་ བྱའོ། །དེ་བཞིན་དུ་ཧ་རི་ཏེ་པྀཎྜ་ཀི་ཏཱིཙྪ་སྭཱ་ཧཱ་ཞེས་པ་ནི་གོང་བུའི་སྔགས་སོ། །ཨོཾ་ཀྵཾ་ཀྵེ་ཏྲ་པ་ལ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་ནི་ཞིང་སྐྱོང་གི་གཏོར་མའི་སྔགས་སོ། །རྒྱུད་ལས་གསུངས་པའི་འབྱུང་པོའི་གཏོར་མ་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ། དང་པོ་མདུན་དུ་དཀྱིལ་འཁོར་བྲིས། གཏོར་མ་རྒྱས་པ་ཆེན་པོ་དེའི་དབུས་སུ་བཞག་ལ་སྔགས་འདིས་སྦྱང་བར་བྱ་སྟེ། ཨོཾ་བཛྲ་ཀྲོ་དྷེ་ཤྭ་རེ་སརྦ་དྲ་བྱ་ནི་བི་ཤུདྡྷ་ཡ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཧེ་རུ་ཀ་ཨཱ་ཀདྡྷྱ་ཨཱ་ཀཌྜྷྱ་པྲ་ཝེ་ཤ་ཡ་པྲ་ཝེ་ཤེ་ཡ་བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་ཌཱ་ཀི་ནི་ནཱཾ་སྲིད་ཡ་ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཕཊ་ཅེས་བྱ་བ་དགུག་པའི་སྔགས་སོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡཧོ་བྷེ་ག་ཝཱན་བཛྲ་ཧཱུཾ་ཕཊ་ཞེས་བྱ་བ་ནི་གཏོར་མ་སྦྱིན་པའི་སྔགས་སོ། །ཨོཾ་དཱུ་ཏེ་ཀི་ཨ་གྲ་སམ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱ་བ་སྟེ། ཨོཾ་ ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་པོས་མངོན་པར་བསྔགས་ནས་ཟན་ཟོས་པར་འགྱུར་བའི་བར་དུ་ས་ལ་གཞག་པར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བྷཀྵ་ཀ་སྭཱ་ཧཱ་ཞེས་བྱ་བ་ནི་ལྷག་མའི་གཏོར་མའི་སྔགས་སོ། །ཇི་ལྟར་རྗེས་སུ་མཐུན་པའི་དུས་སུ་ཐམས་ཅད་རེ་རེར་བྱའོ། །ཆང་ བཏུང་བ་ནི་ཡི་གེ་ཨོཾ་ལག་པ་གཡོན་པས་སྦྱང་བ་དང་། ཡི་གེ་ཨཱཿལག་པ་གཡས་པས་སྤེལ་བ་དང་། ཐལ་མོས་བཀབ་ནས་ཡི་གེ་ཧཱུཾ་གི་འབར་བ་དང་། ཡི་གེ་ཧོ་ནམ་མཁའ་ལྡིང་གི་ཕྱག་རྒྱས་བདུད་རྩིར་བྱས་ཏེ། ཆང་གི་ཐིག་ལེས་བཟུང་ལ་ལག་པ་གཡོན་པའི་མིང་མེད་ ཀྱི་རྩེ་མོས་ས་ལ་ཆོས་ཀྱི་འབྱུང་གནས་སུ་བྱ་ཞིང་། དེའི་དབུས་སུ་ཐིག་ལེ་ཟླུམ་པོར་བྱ་ཞིང་། དེའི་དབུས་སུ་ལྷ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དང་། པྲ་ཏི་སེ་ན་དང་མཚུངས་པའི་ཡེ་ཤེས་ཀྱི་འཁོར་ལོ་བསྒོམ་པར་བྱས་ནས་དེ་ཚིམ་པར་བྱའོ། །ཕྱི་ནས་ཞིང་སྐྱོང་བ་ལ་སོགས་པ་ ལ་གཏོར་མ་སྦྱིན་པར་བྱའོ། །ཕྱི་ནས་ལས་ཀྱི་ཕྱག་རྒྱ་རིགས་ལྔ་དང་ལྡན་པར་བྱ་སྟེ། དེའི་པདྨའི་ལྟེ་བར་ཡི་གེ་དྱཱ་བསྒོམ་པར་བྱ་སྟེ། བདག་ཉིད་ཀྱི་ངོ་བོ་ལ་ནི་རྩེ་མོར་དཔའ་བོ་བསྒོམ་པར་བྱས་ལ་རང་གི་ཡི་དམ་གྱི་རྣལ་འབྱོར་གྱིས་སྙོམས་པར་ཞུགས་པར་བྱའོ། །ཨོཾ་སརྦ་ཏ་ ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ལྟར་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། །ཡེ་ཤེས་ཀྱི་བཟླས་པའི་སྟོབས་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་བསྒོམ་པའི་སྟོབས་ཀྱིས་གཟུགས་ལ་སྤྱོད་པའི་ལྷག་པར་བྱེད་པ་ཐོབ་པར་འགྱུར་རོ། ། དེ་ལྟར་ཕྱག་རྒྱ་གཉིས་ཀྱི་བསྒོམ་པས་སྒྲུབ་པ་པོ་ནི་འཇིག་རྟེན་གྱི་དངོས་གྲུབ་ཐམས་ཅད་ཀྱི་སྣོད་དུ་རུང་བར་འགྱུར་རོ། །དེ་ཡང་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ན་སྤྱོད་པའི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་ བྱ། །འོག་མིན་གྱི་ནི་མཐར་ཐུག་པར། །གཟུགས་ཤེས་ཡེ་ཤེས་ཕྱག་རྒྱས་སོ། །རྣལ་འབྱོར་ཆེན་པོས་ཐམས་ཅད་མཁྱེན། །ཕྱག་རྒྱ་ཆེན་པོའི་ཡན་ལག་བསྒོམ། །འགྱུར་མེད་བདེ་བ་བསྒྲུབས་ནས་ནི། །ཚེ་འདི་ཉིད་དུ་སངས་རྒྱས་འགྱུར། །དེ་བས་ན་ལས་ཀྱི་ཕྱག་ རྒྱ་དང་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། བླ་མ་ལས་ཀྱང་བླ་མ་སྟེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ། །ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་སྟེར་བར་མཛད་པ་བསྒོམ་པར་བྱའོ། །དབུགས་འབྱུང་བར་མ་མཆོག་དང་ནི། །དྲི་ཡི་ཆུ་དང་བཅས་པས་ ཀྱང་། །ཞེས་བྱ་བ་ལ་འདིར་དྲི་ནི་ཟླ་བའི་དབུགས་ཀྱི་རྒྱུ་བ་སྟེང་དང་འོག་ཏུ་ལ་ལ་ནཱའོ། །ཆུ་ནི་ལྕི་བ་སྟེ། ཉི་མའི་དབུགས་རྒྱུ་བ་སྟེང་དང་འོག་ཏུ་ར་ས་ནཱའོ། །བར་མ་ཞེས་ནི་ས་བོན་དང་རྡུལ་དང་། སྒྲ་གཅན་དང་། དུས་ཀྱི་མེའི་དབུགས་རྒྱུ་བ་སྟེ། སྟེང་དང་འོག་ཏུ་ཨ་བ་དྷཱུ་ཏཱིའོ། །འདི་ ལ་འགྱུར་བའི་དབུགས་རྣལ་འབྱོར་གྱི་སྟོབས་ཀྱིས་འབབ་པར་འགྱུར་ན་དབུགས་འབྱུང་བར་མ་མཆོག་ཞེས་བརྗོད་དོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ཉིད་དོ། །སྟེང་དང་འོག་གི་ཟླ་བ་དང་ཉི་མ་དང་། དྲི་ཆེན་དང་དྲི་ཆུའི་རྩ་རྣམས་ དང་ལྡན་པ་ཁུ་བ་དང་། རྡུལ་དང་སྒྲ་གཅན་དང་དུས་ཀྱི་མེའི་རྩ་རྣམས་དང་། རོ་མཉམ་པ་ཉིད་དུ་གྱུར་པ། བྱང་ཆུབ་ཀྱི་སེམས་ཐིག་ལེ་བཞི་འཛིན་པ། སྐུ་དང་གསུང་དང་ཐུགས་རྣམས་གཅིག་ཏུ་གྱུར་པ། སྟེང་དང་འོག་གི་རྡོ་རྗེ་རྩེ་ལྔ་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་རང་ བཞིན་གཟུང་བ་དང་འཛིན་བ་སྤངས་པ་དང་། རྡོ་རྗེ་འཛིན་པ་ཆེན་པོའི་དབུགས་འབྱུང་བ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་རྒྱུ་དང་བྲལ་བ། ཕྱག་རྒྱ་ཆེན་པོ་བསྒོམས་པ་ལས་བྱུང་བའི་རྣལ་འབྱོར་པས་རང་རིག་པའི་ཡེ་ཤེས་ཡུལ་དང་དབང་པོ་འདྲེས་པར་གྱུར་པ། ལྟེ་བར་གཏུམ་ མོ་འབར་བས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་བསྲེགས་ལ། དཔྲལ་བར་ཟླ་བ་ཞུ་བའི་བདུད་རྩི་འཛག་པ་འཕོ་བ་མེད་པ། སྟེང་དུ་སོང་བ། མཆོག་ཏུ་མི་འགྱུར་བ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ རྣམ་པར་རྟོག་པ་དང་བྲལ་བ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་དང་། བླ་མའི་བཀའི་ཀུན་དུ་འབྱུང་བ་ལ་དེ་ཉིད་ཀྱིས་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །ལས་དང་པོ་ལ་སྔོན་དུ་བསྒོམ་པ་ནི། ཇི་སྲིད་སྐྱེ་གནས་ བྱང་ཆུབ་སེམས། །རྣལ་འབྱོར་པས་ནི་གཏོང་མི་བྱེད། །དེ་སྲིད་མཆོག་གི་དགའ་བ་ནི། །རྒྱུན་མི་འཆད་པ་ཐོབ་པར་འགྱུར། །བདེ་བའི་གཟུགས་ནི་དེ་ཉིད་དང་། །སངས་རྒྱས་གཟུགས་དང་ལྡན་པ་ནི། །ཇི་སྲིད་ཁུ་བ་བརྟན་པར་འགྱུར། །བདག་ཉིད་དུ་ནི་བསྒོམ་པར་བྱའོ། ། ཞེས་བྱ་བའོ། །དེ་བཞིན་དུ། རྡོ་རྗེ་སྐྱིལ་ཀྲུང་དུ་ནི་སེམས། །ནོར་བུའི་ནང་གནས་བལྟ་བར་བྱ། །རྒྱུ་མཐུན་ལ་སོགས་བདེས་གང་བ། །དྲི་མེད་འགྱུར་བའི་བར་དུའོ། །བྷ་གར་ལིང་ག་བཞག་ནས་ནི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། ། སངས་རྒྱས་གཟུགས་སུ་བསྒོམ་པར་བྱའོ། །ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་ཡན་ལག་བསྒོམ། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་འགྱུར་འགྱུར་མེད་དེ་ཉིད་དོ། །གཙུག་ཏོར་སྟེང་གི་པདྨ་ལ། །སུ་ཀྲ་བྱུང་ན་དགའ་བ་ཡིན། །མགྲིན་ དང་སྙིང་གར་མཆོག་དགའ་དང་། །དེ་ནས་དགའ་བྲལ་དགའ་བར་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་ལ། །གལ་ཏེ་གསང་བའི་པདྨར་སོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །རབ་ཏུ་མི་གནས་མྱ་ངན་འདས། །ཆགས་ཆེན་ མི་འགྱུར་མངའ་བདག་གོ། །ཆུ་འབབ་བཞིན་དུ་དང་བ་ཡིས། །ཤེས་རབ་ཆེན་པོས་བསྒོམ་པར་བྱ། །ཞེས་བྱ་བའོ། །དེ་ལྟར་བཀུར་སྟིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོའོ། །རང་བཞིན་སྐྱེས་བུར་ཕན་གདགས་དོན་དུ་དེ་ཉིད་སྙིང་པོ་ཡི། །བསྒྲུབ་པ་གང་ནི་བླ་ མིའི་རིམ་པ་ཐོབ་པའི་ངག་བཅས་བྱ། །དེ་བཞིན་དུ་ཡང་སྐྱོན་ལྡན་མཁས་པས་བཟོད་པ་བཞེས། །འདི་དག་བརྩམས་ཞོ་ཟླ་བ་ཁ་བ་དང་འདྲ་བསོད་ནམས་ཚོགས། །གང་ཞིག་བདག་གིས་ཐོབ་པར་གྱུར་པ་དེ་ཡིས་ཆུ་གཏེར་འབྱིང་བ་ཡི། །འཇིག་རྟེན་རྣམས་ནི་ཉོན་མོངས་པ་དང་ སོགས་བཅོམ་པ། །ཡོན་ཏན་གང་བ་རྡོ་རྗེ་མཁའ་འགྲོའི་སྐུ་གཅིག་འགྱུར་བར་ཤོག །བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པའི་ཕྱག་ན་རྡོ་རྗེས་མཛད་པ། བཅོམ་ལྡན་འདས་རྣལ་འབྱོར་གྱི་བདེ་མཆོག་གི་བསྒྲུབ་པ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་སོ་མ་ནཱ་ཐས། གཉལ་མི་ཤེས་རབ་མཆོག་གི་དོན་དུ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བྷ་ག་ཝ་ཏི་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པའི་དབང་ཕྱུག་གིས་རེ་ཞིག་དང་པོར་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ། །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་ རྡོ་རྗེའོ། །སྣ་ལ་ནི་སེར་སྣ་རྡོ་རྗེའོ། །ཁ་ལ་ནི་འདོད་ཆགས་རྡོ་རྗེའོ། །རེག་ལ་ནི་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ནི་ལྟུང་བར་བྱེད་པའོ། །ཆུའི་ཁམས་ནི་གསོད་པར་བྱེད་པའོ། །མེའི་ཁམས་ནི་འགུགས་པར་བྱེད་པའོ། ། རླུང་གི་ཁམས་ནི་པདྨ་གར་གྱི་དབང་ཕྱུག་གོ། །ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་ཏེ། དེ་དག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ལྷའི་རྣམ་པར་དག་པའོ། །དེ་ནས་རྡོ་རྗེའི་གུར་བསམ་པར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཤར་ཕྱོགས་ལ་སོགས་པར་ངེས་པར་གཞག་པར་བྱའོ། །སྟེང་དུ་ནི་མདའི་དྲ་བའོ། །ས་གཞི་ནི་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ ནས་དེའི་འོད་ཀྱི་སྣང་བ་ལས་རྡོ་རྗེའི་ར་བ་དང་རྡོ་རྗེའི་བླ་རེ་སྟེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་པྲ་དུཥྚཾ་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་བི་ནཱ་ཡ་ཀ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུས་གདབ་པའི་སྔགས་སོ། ། ཨོཾ་བཛྲ་མུད་ག་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཕུར་བུ་བརྡུང་བའི་སྔགས་སོ། །དེ་ནས་རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བར་བསམ་པར་བྱས་ལ། དེའི་སྣང་བས་མདུན་དུ་ཡང་དག་པར་རྫོགས་པའི་ སངས་རྒྱས་དང་། བླ་མ་ལ་སོགས་པ་བལྟས་ལ་ཕྱག་བྱ་སྟེ། མཆོད་པར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བ་བརྗོད་ལ། ཡང་ནི་སྟོང་པར་རྣམ་བསམ་ཞིང་། །སེམས་ཙམ་དུ་ ཡང་དེས་གནས་བྱ། །བྱང་ཆུབ་སེམས་ནི་བསྒོམ་པ་ཡིས། །མིག་ཡོར་ཙམ་གྱི་ཤེས་པ་ལ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ལངས་ནས་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་བཻ་རཾ་བྷ་ལ་སོགས་པའི་གནས་ལ་གནས་པའི་ཡི་གེ་ཡཾ་ ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ་མདོག་སྔོན་པོའི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ་ཁ་དོག་དམར་པོའོ། །དེའི་སྟེང་དུ་ཡི་གེ་བཾ་ཡོངས་སུ་གྱུར་པ་ ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ལཾ་ཡོངས་སུ་གྱུར་པ་ལས། སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་ བཞིའི་རང་བཞིན་ཅན་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པ། དེའི་དབུས་སུ་ཨཱ་ལི་ཀཱ་ལིའི་སྦྱོར་བའོ། །དེའི་དབུས་སུ་ཡི་གེ་ ཧཱུཾ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་ཉི་མ་ལ་བཞུགས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །དེ་ནས་དུར་ཁྲོད་རྣམས་བཤད་པར་བྱ་སྟེ། རྡོ་རྗེ་ར་བའི་ནང་དུ་ གཡོན་སྐོར་གྱིས་ཕྱོགས་ཐམས་ཅད་དང་། དབང་ལྡན་ལ་སོགས་པའི་མཚམས་རྣམས་བཞི་བཞིར་བརྗོད་པར་བྱ་སྟེ། དྲག་ཏུ་གཏུམ་པ་དང་། ཚང་ཚིང་འཁྲིགས་པ་དང་། འུར་འུར་འབར་བས་ཁྱབ་པ་དང་། འཇིགས་སུ་རུང་བ་རྣམས་ཤར་ལ་སོགས་པའི་ཕྱོགས་སུ་གཡོན་སྐོར་ གྱིས་ལེགས་པར་གནས་སོ། །དབང་ལྡན་གྱི་མཚམས་སུ་ནི་ཧ་ཧར་དགོད་པའོ། །བྱིན་ཟའི་མཚམས་སུ་ནི་ནགས་ཚལ་ཕུན་སུམ་ཚོགས་པའོ། །སྲིན་པོའི་མཚམས་སུ་ནི་མུན་པ་མི་བཟད་པའོ། །རླུང་གི་མཚམས་སུ་ནི་ཀཱི་ལི་ཀཱི་ལིའི་སྒྲ་སྒྲོགས་པའོ། །རྡོ་རྗེ་ར་བའི་དུར་ཁྲོད་ དེ་རྣམས་ནི་འཇིགས་པའི་གཟུགས་ཀྱི་རོ་ལངས་དང་འབྱུང་པོ་འདུས་པ་ཅེ་སྤྱང་གི་སྒྲ་སྒྲོགས་པའོ། །རིམ་པ་དེ་ལྟར་གནས་པའི་དུར་ཁྲོད་བརྒྱད་པོ་དེར་ཤིང་དང་། ཕྱོགས་སྐྱོང་བ་དང་། ཀླུའི་དབང་པོ་དང་། སྤྲིན་གྱི་དབང་པོ་རྣམས་ལ་ཤཱི་རི་ཥ་དང་། ཨ་ཤྭདྠ་དང་། ཀཾ་ཀ་ལ་དང་། ཙཱུ་ཏའི་ཤིང་སྟེ་ཤར་ལ་སོགས་པའོ། །བ་ཏ་དང་། ཀ་རཉྫ་ཀ་དང་། ལ་ཏཱ་ཛ་ཏི་དང་། པརྟི་བའོ། །དེ་བཞིན་དུ་དབང་པོ་དང་། ནོར་བདག་དང་། ཀླུའི་དབང་པོ་དང་། གཤིན་རྗེ་དང་། དབང་ལྡན་དང་། བྱིན་ཟ་དང་། སྲིན་པོའི་དབང་པོ་དང་། རླུང་བདག་གོ། །དེ་བཞིན་དུ་ནོར་ རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། ཧུ་ལུན་ཏ་དང་། རིགས་ལྡན་དང་། དུང་སྐྱོང་ངོ་། །དེ་བཞིན་དུ་སྒྲ་སྒྲོགས་པ་དང་། རྨུགས་པ་དང་། མུན་པ་ཅན་དང་། ཀུན་དུ་འཁྱིལ་པ་དང་། འཁྲིགས་པ་དང་། དྲག་པོ་དང་། འབབ་པ་དང་། གང་བ་ སྤྲིན་གྱི་བདག་པོ་སྟེ། དེ་རྣམས་དེ་བཞིན་དུ་བསམས་ནས། བཅོམ་ལྡན་འདས་ཞལ་བཞི་པ། སྤྱན་གསུམ་པ་ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པ། གཡས་བརྐྱང་བས་བཞུགས་པས་འཇིགས་བྱེད་ཆེན་པོ་དང་། དུས་ མཚན་དག་ཞབས་ཀྱིས་མནན་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཕྱག་གཞན་གཉིས་ཀྱིས་གླང་པོ་ཆེའི་པགས་པ་ན་བཟར་བསྣམས་པ་གཡས་པའི་ཕྱག་གསུམ་པ་ལ་ཌ་མ་རུ། བཞི་པ་ལ་དགྲ་སྟ། ལྔ་པ་ལ་གྲི་གུག །དྲུག་ པ་ལ་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ལ་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ། བཞི་པ་ཁྲག་གིས་བཀང་པའི་ཐོད་པ། ལྔ་པ་ལ་རྡོ་རྗེའི་ཞགས་པ། དྲུག་པ་ལ་ཚངས་པའི་མགོ་བོ་བསྣམས་པ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཐོད་པའི་ཕྲེང་བའི་ཐོད་ ཅན། ཟླ་བ་ཕྱེད་པ་འཛིན་པ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་ཞལ་རྣམ་པར་འགྱུར་པ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། སྐུ་མདོག་མཐིང་ཀ་བཞུགས་པར་བསམ་པར་བྱའོ། །རྩ་བའི་ཞལ་མཐིང་ནག་ ཞལ་གཡས་པ་ཤིན་ཏུ་སེར་བ། རྒྱབ་པདྨ་རཱ་གའི་མདོག་ཅན། གཡོན་མ་ར་ཀ་ཏ་ལྟ་བུའི་མདོག་ཅན། སྟག་གི་པགས་པའི་ཤམ་ཐབས་བསྣམས་པའོ། །མིའི་མགོ་བོ་རློན་པའི་ཕྲེང་བ་འཆང་བ། རྣ་ཆ་དང་། གདུ་བུ་དང་། མགུལ་རྒྱན་དང་། སྐ་རགས་དང་། སྤྱི་གཙུག་ ནོར་བུས་བརྒྱན་པ། མཆོད་ཕྱིར་ཐོགས་པ་འཆང་བ། ཐལ་བ་དང་། ཕྱག་རྒྱ་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱིར་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ཞལ་གཅིག་མ། སྤྱན་གསུམ་པ། ཕྱག་གཉིས་ མ། སྐྲ་གྲོལ་བ། གཅེར་བུ་དུམ་བུའི་སྐ་རགས་ཀྱིས་བརྒྱན་པ། ཕྱག་གཡོན་པས་འཁྱུད་ནས་གདུག་པ་དང་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པ། གཡས་ཕྱོགས་ཐམས་ཅད་དུ་གདུག་པ་རྣམས་ལ་སྡིགས་མཛུབ་བྱེད་ཅིང་རྡོ་རྗེ་བསྣམས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཆེན་པོ་དང་ལྡན་པ་ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་འཁྱུད་པ། བདེ་བ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ནོ། །མཁའ་འགྲོ་མ་དང་ལཱ་མ་དང་། ཁཎྜ་རོ་ཧ་དང་། གཟུགས་ཅན་མ་རྣམས་ནི་དོན་ཐམས་ཅད་ གྲུབ་པར་བྱེད་པ་སྟེ། པདྨའི་ཕྱོགས་ཀྱིས་གནས་སུ་ནག་པོ་དང་། ལྗང་ཀུ་དང་དམར་པོ་དང་། སེར་པོ་ཞལ་གཅིག་པ། ཕྱག་བཞི་པ་སྟེ། ཕྱག་གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པ། གཡས་པ་ཌ་མ་རུ་དང་གྲི་གུག་བསྣམས་པ། སྤྱན་གསུམ་པ་སྐྲ་གྲོལ་བ། གཅེར་བུ་གཡས་ བརྐྱང་བས་བཞུགས་པ། ཞལ་མཆེ་བ་རྣམ་པར་གཙིགས་པ། ཕྱག་རྒྱ་ལྔས་བརྒྱན་པ་དགོད་པར་བྱའོ། །མཚམས་རྣམས་སུ་འདོད་ཆགས་དང་གཏི་མུག་ལ་སོགས་པ་རྣམ་པར་དག་པས་སེམས་ཚིམ་པར་བྱེད་པའི་མཆོད་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྣོད་བཞི་པོ་ དགོད་པར་བྱའོ། །དང་པོ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་སྟེ། མདོག་སྔོ་ནག་རྡོ་རྗེའི་ཕྲེང་བས་བརྒྱན་པ། དེའི་ཤར་གྱི་རྩིབས་ལ་པཱུལླི་ར་མ་ལ་ཡར། ཁཎྜ་ཀ་པཱ་ལ་དང་། རབ་ཏུ་གཏུམ་མའོ། །བྱང་ཛཱ་ལན་དྷ་རར། མ་ཧཱ་ཀང་ཀ་ལ་དང་། གཏུམ་པའི་མིག་ཅན་མའོ། །ནུབ་ ཨུ་ཌྱན་དུ་ཀང་ཀ་ལ་དང་། འོད་ལྡན་མའོ། །ལྷོ་ཨར་བུ་དར། མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མའོ། །མེ་གོ་དཱ་ཝ་རི་ར་སུ་ར་བཻ་ར་དང་། བརྟན་པའི་བློ་ཅན་མའོ། །བདེན་བྲལ་རཱ་མེ་ཤྭ་རར། འོད་དཔག་མེད་དང་། མིའུ་ཐུང་མའོ། །རླུང་དེ་བཱི་ཀོ་ཊར་རྡོ་རྗེ་འོད་དང་། ལང་ཀའི་ དབང་ཕྱུག་མའོ། །དབང་ལྡན་མ་ལཱ་བར། རྡོ་རྗེ་སྐུ་དང་། ཤིང་གྲིབ་མ་སྟེ། འདི་དག་ནི་ཐུགས་ཀྱི་འཁོར་ལོའོ། །གཉིས་པ་གསུང་གི་འཁོར་ལོའི་རྩིབས་བརྒྱད་པ་དམར་པོ་སྟེ། པདྨའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ཤར་གྱི་རྩིབས་ཀཱ་མ་རཱུ་པར། ཨཾ་གུ་རི་དང་། ཨེ་ར་ པ་ཏིའོ། །བྱང་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོའོ། །ནུབ་ཏྲི་ཤ་ཀུ་ནེར། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །ལྷོ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །ཤར་ལྷོར་ཀ་ལིང་གར་རབ་ཏུ་བཟང་པོ་དང་། ཤྱཱ་མ་དེ་བཱིའོ། །ལྷོ་ནུབ་ལཾ་པཱ་ཀར་ རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོའོ། །ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མའོ། །བྱང་ཤར་ཧི་མཱ་ལ་ཡར་མིག་མི་བཟང་དང་། ཁ་གཱ་ན་ནེ་སྟེ། དེ་དག་ནི་གསུང་གི་འཁོར་ལོའོ། །གསུམ་པ་སྐུའི་འཁོར་ལོ་ནི་དཀར་པོ་སྟེ། འཁོར་ལོའི་ཕྲེང་ བས་ཡོངས་སུ་བསྐོར་བའོ། །དེའི་ཤར་གྱི་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མའོ། །བྱང་གྲྀ་ཧ་དེ་བ་ཏཱར་རིན་ཆེན་རྡོ་རྗེ་དང་། ཁཎྜ་རོ་ཧའོ། །ནུབ་སཽ་རཱཥྚར། རྟ་མགྲིན་དང་། ཤཽཎྜི་ནཱིའོ། །ལྷོ་ཕྱོགས་སུ་བརྞ་དཱི་པར་ནམ་མཁའི་སྙིང་པོ་དང་། འཁོར་ ལོའི་གོ་ཆ་མའོ། །ཤར་ལྷོར་ན་ག་རར། དཔལ་ཧེ་རུ་ཀ་དང་། ཤིན་ཏུ་དཔའ་མོའོ། །ལྷོ་ནུབ་སིན་དྷུར། པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མོའོ། །ནུབ་བྱང་མ་རུར། རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མའོ། །བྱང་ཤར་ཀུ་ལ་ཏཱར་རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ ཆེན་མོ་སྟེ། དེ་དག་ནི་སྐུའི་འཁོར་ལོའོ། །ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་ལ་ཕྱག་བཞི་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ཕྱག་གཉིས་འཁྱུད་པས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཕྱག་གཡོན་ པ་ན་ཁ་ཊྭཱཾ་ག །གཡས་པ་ན་ཌ་མ་རུ། སྐུ་ལ་ཕྱག་རྒྱ་རྣམ་ལྔ་ལ་སོགས་པ་དང་ལྡན་པ། གཡས་བརྐྱང་བས་བཞུགས་པའོ། །རབ་གཏུམ་ལ་སོགས་པའི་ལྷ་མོ་རྣམས་ནི་ཕྱག་གཉིས་དང་། ཞལ་གཅིག་པ་ཐོད་པ་བསྣམས་པའི་ཕྱག་གིས་འཁྱུད་པ། གདུག་པ་རྣམས་ལ་སྡིགས་ མཛུབ་དང་གྲི་གུག་བསྣམས་པ། མིག་གསུམ་པ་དྲག་པོའི་གཟུགས་ཅན་སྐྲ་གྲོལ་བས་རྣམ་པར་མཛེས་པ། གཉིས་སུ་མེད་པའི་སྦྱོར་བ་ལ་བརྩོན་པ་གཅེར་བུའི་མཆོག །གདུ་བུ་དང་དབུའི་ནོར་བུ་དང་། རྣ་ཆ་དང་། མགུལ་རྒྱན་དང་། ཚངས་པའི་སྐུད་པ་ཐོགས་པ། མགོ་ བོའི་ཕྲེང་བས་མགུལ་པ་བརྒྱན་པ། སྐ་རགས་སིལ་སིལ་སྒྲ་སྒྲོགས་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་སུ་ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མའོ། །ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་མཚམས་ རྣམས་སུ་ཡ་མ་དཱ་ཌྷི་དང་། གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་ཅན་མ་དང་། གཤིན་རྗེ་འཇོམས་མ་སྟེ། ཇི་ལྟར་མཁའ་འགྲོ་མ་ལ་སོགས་པའི་ཚོགས་ཇི་ལྟ་བར་ཁྭ་གདོང་མ་ལ་སོགས་པའི་དབྱེ་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མཚམས་ ན་བཞུགས་པའི་ལྷ་མོ་རྣམས་ནི་ཡིད་འཕྲོག་པའི་གཟུགས་གཉིས་པ་སྟེ། ཐམས་ཅད་ཡི་དགས་ཀྱི་གདན་ལ་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་པའོ། །དཔའ་བོ་དང་རྣལ་འབྱོར་མ་འདི་དག་ཐམས་ཅད་ནི་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །དེ་ནས་གཞན་ཡང་བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་སྦྱོར་བས་སྦྱར་བར་བྱ་སྟེ། དེ་དག་ཀྱང་གང་ཞེ་ན། ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་པ་ནི་ཁཎྜ་རོ་ཧེའོ། །སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་ གྱི་རྐང་པ་ནི་རབ་གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨཻ་རཱ་བ་ཏིའོ། །དད་པའི་སྟོབས་ནི་འཇིགས་བྱེད་མའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་ མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་ཤྱཱ་མ་དེ་བཱིའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁ་གཱ་ན་ནེའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧེའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཥཽཎྜི་ནཱིའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་ དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་ བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་ནི་གཤིན་རྗེའི་མཆེ་བ་ཅན་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །དེ་ནས་གཞན་ཡང་སྐུའི་དཀྱིལ་འཁོར་མཆོག་གི་རིམ་པའི་སྦྱོར་བས་ས་བཅུ་ཡོངས་སུ་དག་པས་གནས་ལ་སོགས་ པ་ཡང་དག་པར་བཤད་པར་བྱ་སྟེ། པཱུ་ཛཱ་ཨོ་ཨ་གོ་རཱ། དེ་མཱ་ཀཱ་ཨོ་ཧྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། པཱུ་ཞེས་བྱ་བ་ནི་པཱུལླི་ར་མ་ལ་ཡ་སྟེ། མགོ་བོར་ནི་རབ་གཏུམ་མའོ། །ཛཱ་ཞེས་བྱ་བ་ནི་ཛཱ་ལན་དྷ་ར་སྟེ། སྤྱི་གཙུག་ཏུ་གཏུམ་པའི་མིག་ཅན་མའོ། །ཨོ་ཞེས་བྱ་བ་ནི་ཨོ་ཌྱན་ ཏེ། རྣ་བ་གཡས་པར་འོད་ལྡན་མའོ། །ཨ་ཞེས་བྱ་བ་ནི་ཨར་བུ་ད་སྟེ། མགོ་བོའི་རྒྱབ་ཏུ་སྣ་ཆེན་མ་སྟེ་གནས་སོ། །གོ་ཞེས་བྱ་བ་ནི་གོ་དཱ་བ་རི་སྟེ། རྣ་བ་གཡོན་པར་བརྟན་པའི་བློ་ཅན་མའོ། །རཱ་ཞེས་བྱ་བ་ནི་རཱ་མེ་ཤྭ་ར་སྟེ། སྨིན་མའི་དབུས་སུ་མི་ཐུང་མའོ། །དེ་ཞེས་བྱ་བ་ནི་དེ་ བཱི་ཀོ་ཊ་སྟེ། མིག་ཏུ་ལང་ཀའི་དབང་ཕྱུག་མའོ། །མཱ་ཞེས་བྱ་བ་ནི་མཱ་ལ་བ་སྟེ། ཕྲག་པར་ནི་ཤིང་གྲིབ་མ་སྟེ། ཉེ་བའི་གནས་སོ། །འདི་དག་ནི་ཐུགས་ཀྱི་འཁོར་ལོ་སྟེ། ནམ་མཁའ་ལ་སྤྱོད་པའོ། །ཀཱ་ཞེས་བྱ་བ་ནི་ཀཱ་མ་རུ་བ་སྟེ། མཆན་ཁུང་དག་ཏུ་ནི་ཨཻ་རཱ་བ་ཏཱིའོ། །ཨོ་ ཞེས་བྱ་བ་ནི་ཨོ་ཊེ་སྟེ། ནུབ་མ་གཉིས་སུ་ནི་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། །དྲི་ཞེས་བྱ་བ་ནི་ཏྲི་ཤ་ཀུ་ནི་སྟེ། ལྟེ་བར་ནི་རླུང་གི་ཤུགས་ཅན་མའོ། །ཀོ་ཞེས་བྱ་བ་ནི་ཀོ་ས་ལ་སྟེ། སྣའི་རྩེ་མོར་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། །ཀ་ཞེས་བྱ་བ་ནི་ཀ་ལིང་ག་སྟེ་ཁར་ནི་ཤྱཱ་མ་དེ་ བཱིའོ། །ལ་ཞེས་བྱ་བ་ནི་ལམ་པཱ་ག་སྟེ། མགྲིན་པར་ནི་ཤིན་ཏུ་བཟང་མོ་སྟེ། ཚནྡོ་ཧའོ། །ཀཱ་ཞེས་བྱ་བ་ནི་ཀཱཉྩི་ན་སྟེ། སྙིང་གར་ནི་རྟ་རྣ་མའོ། །ཧི་ཞེས་བྱ་བ་ནི་ཧི་མཱ་ལ་ཡ་སྟེ། འདོམས་སུ་ནི་ཁ་གཱ་ན་ནེ་སྟེ། ཉེ་བའི་ཚནྡོ་ཧའོ། །འདི་དག་ནི་གསུང་གི་འཁོར་ལོ་སྟེ། ས་ལ་ སྤྱོད་པའོ། །པྲེ་ཞེས་བྱ་བ་ནི་པྲེ་ཏ་པུ་རི་སྟེ། མཚན་མ་ལ་འཁོར་ལོའི་ཤུགས་ཅན་མའོ། །གྲྀ་ཞེས་བྱ་བ་ནི་གྲྀ་ཧ་དེ་བ་སྟེ། བཤང་བའི་ལམ་དུ་ཁཎྜ་རོ་ཧེ་སྟེ་འདུས་པ་ཅན་ནོ། །སཽ་ཞེས་བྱ་བ་ནི་སཽ་རཱཥྚ་སྟེ། བརླ་གཉིས་སུ་ཤཽཎྜ་ནཱིའོ། །སུ་ཞེས་བྱ་བ་ནི་སུ་བརྞ་དྭཱི་པ་སྟེ་བྱིན་པ་གཉིས་ལ་ འཁོར་ལོའི་གོ་ཆ་མ་སྟེ། ཉེ་བའི་འདུས་པ་ཅན་ནོ། །ན་ཞེས་བྱ་བ་ནི་ན་ག་ར་སྟེ། སོར་མོ་རྣམས་ལ་ནི་ཤིན་ཏུ་དཔའ་མོའོ། །སི་ཞེས་བྱ་བ་ནི་སིན་དྷུ་སྟེ། རྐང་པའི་བོལ་ལ་ནི་སྟོབས་ཆེན་མ་སྟེ། དུར་ཁྲོད་དོ། །མ་ཞེས་བྱ་བ་ནི་མ་རུ་སྟེ། མཐེ་བོང་དག་ལ་ནི་འཁོར་ལོས་སྒྱུར་མའོ། །ཀུ་ཞེས་བྱ་ བ་ནི་ཀུ་ལ་ཏཱ་སྟེ། པུས་མོ་གཉིས་ལ་ནི་བརྩོན་འགྲུས་ཆེན་མོ་སྟེ། ཉེ་བའི་དུར་ཁྲོད་དོ། །འདི་དག་ནི་སྐུའི་འཁོར་ལོ་སྟེ། ས་འོག་ན་གནས་སོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཡི་གེ་གསུམ་གྱི་ངོ་བོ་ལས། །མཐོ་རིས་མི་ཡུལ་ས་འོག་ཏུ། །སྐད་ཅིག་གཅིག་གིས་སྐུ་གཅིག་ འགྱུར། །སྐད་ཅིག་ཙམ་གྱི་རྣལ་འབྱོར་བདག །སྐད་ཅིག་གིས་ནི་ཕྱག་རྒྱ་ཅན། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་སྔགས་འདོན། །ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱི་ཀཱ་ཡ་བཱཀ་ཙིཏྟཾ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱའི་སྦྱོར་ཤེས་པས། །དམ་ཚིག་འཁོར་ལོ་ལ་མྱུར་གཞུག །དེ་ནས་གོ་ཆ་གཉིས་བཤད་པར་བྱ་སྟེ། སྙིང་ཀར་ཨོཾ་ཧའོ། །མགོ་བོར་ན་མ་ཧིའོ། །སྤྱི་གཙུག་ལ་སྭཱ་ཧཱ་ཧུ། ཕྲག་པ་གཉིས་ ལ་ནི་བཽ་ཥ་ཊ་ཧེ། མིག་གཉིས་ལ་ནི་ཧཱུཾ་ཧཱུཾ་ཧོ། །ཡན་ལག་ཐམས་ཅད་ལ་ནི་ཕཊ་ཕཊ་ཧཾ། དང་པོ་རྡོ་རྗེ་སེམས་དཔའ་སྟེ། །གཉིས་པ་རྣམ་པར་སྣང་མཛད་བཞུགས། །གསུམ་པ་པདྨ་གར་དབང་བཞུགས། །བཞི་པ་དཔལ་ལྡན་ཧེ་རུ་ཀ །རྡོ་རྗེ་ཉི་མ་རྟ་མཆོག་སྟེ། །གདུག་པ་གོ་ཆ་རྣམས་ ཀྱིས་བསྲུངས། །ཨོཾ་བཾ་རྡོ་རྗེ་ཕག་མོའོ། །ཧཾ་ཡོཾ་ཡ་མི་ནིའོ། །ཧྲིཾ་མོཾ་རྨོངས་བྱེད་མའོ། །ཧྲིཾ་ཧྲཱིཾ་སྐྱོད་བྱེད་མའོ། །ཧཱུཾ་ཧཱུཾ་སྐྲོད་བྱེད་མའོ། །ཕཊ་ཕཊ་ནི་ཙཎྜི་ཀ་སྟེ། ཡན་ལག་ཐམས་ཅད་ལ་མཚོན་ཆ་ཡིན་ཏེ། ལྟེ་བ་དང་སྙིང་ག་དང་དེ་བཞིན་དུ་ཁ་དང་། མགོ་བོ་ དང་། སྤྱི་གཙུག་དག་གི་མཚོན་ཆ་ཉིད་དོ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །འདི་ནི་དཔྲལ་བའི་དབྱིངས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ ཤིང་། ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨྨཱ་ཡོ་ག་ཤུདྡྷོ྅ཧཾ། དེ་ནས་སྙིང་པོའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ། ལག་པ་གཡས་པ་དང་གཡོན་པ་བསྐོར་ཞིང་མཁའ་འགྲོ་མའི་དམ་པ་བདེ་བར་གཞུག་པར་བྱའོ། ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ་སྙིང་པོའི་སྔགས་སོ། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་མའི་སྙིང་པོའོ། །ཨོཾ་བཛྲ་སརྦ་བུདྡྷ་ཌཱ་ཀི་ཎཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། བཅོམ་ལྡན་ འདས་མའི་ཉེ་བའི་སྙིང་པོའོ། །ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜ་ཨཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ བཱི་ར་མ་ཏཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཪྦ་རཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཿཧྲཿཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤྭ་རཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཻ་ར་བ་ཏཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བྷཻ་ར་བཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱན་ཏྲ་མཱ་ལ་ཨ་བ་ལམྦི་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ས་པ་ཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་ཝཱ། ཏརྫ་ཡ་ཏརྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་ག་ཨཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་དེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱིཾ་ཧཱིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཽཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ ཙཀྲ་བརྨྨི་ཎཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱི་ལི་ཀཱི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བཱི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྟི་ནཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཱིརྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ག་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་ མོ་བྷ་ག་བ་ཏེ་བཱ་རེ་ཤཱ་ཡ། མ་ཧཱ་ཀལྤ་ཨགྣི་སིནྣ་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏ་ཀ་ཊཱ་ཡ། དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི། བྱཱ་གྷྲ་ཛི་ནཱཾ་བ་ར་དྷ་རཱ་ཡ། མ་ཧཱ་དྷཱུཾ་བྲཱན་དྷ་ཀ་ར་བ་པུཥཱ་ཡ་ཧུཾ་ཧཱུཾ་ཕཊ། དེ་དག་ནི་མཆོད་ པའི་སྔགས་སོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དབང་བསྐུར་བའི་སྔགས་སོ། །རྡོ་རྗེའི་ཐལ་མོ་གྱེན་ དུ་ཁ་ཕྱེ་ལ་མཚན་ཕྱེད་ན་གཏོར་མ་སྦྱིན་པར་བྱའོ། །ཨོཾ་བཛྲ་ཨཱ་རལླི་ཧོཿཛ་ཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཨཱ་ཧཱུཾ་ཞེས་བྱ་བ་འདིས་ལན་ལྔའི་བར་དུ་མངོན་པར་བསྔགས་པར་བྱས་ལ་བཏབ་པར་བྱ་སྟེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ ཨུནྨ་ད་ཨ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་པ་ལིཾ་གྲྀཧྞན་དུ་ས་མ་ཡཾ་རཀྵན་ཏུ། མ་མ་སརྦྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཾ་ཛ་ཐ་པི་བ་ཐ་ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱ་ར་ཏ་ཡ་སད་སུ་ཁ་བི་བྲིདྡྷ་ཡེ་ས་ཧཱ་ཡ