Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 62
Văn bản gốc(Tây Tạng)
Trang 17 / 24 (50.000 ký tự/trang)
འི་ལྷ་མོ་སེར་མོ་རྣམ་པར་བསྒོམས་ལ་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་
ཕུལ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །ལྷ་མོ་ཁྱོད་ནི་ཞེས་པ་ལ་སོགས་པ་ནས། བདག་གིས་གཙུག་ལག་ཁང་བཞེངས་བྱ། །ཞེས་པའི་བར་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དེའི་ནང་གི་ཕྱོགས་གཅིག་ལ་ཐིམ་པར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་དེའི་ཕྱོགས་སུ་
ཡཾ་རཾ་བཾ་ལཾ་སུཾ་གྱི་ཡི་གེ་རྣམས་ལས་སྐྱེས་པའི་རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དེའི་འོད་ཟེར་གྱི་ཚོགས་ཀྱིས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། རྡོ་རྗེ་ར་བ་དང་། རྡོ་རྗེའི་གུར་དང་། བླ་རེ་ཡང་རྣམ་པར་བསྒོམ་པར་བྱའོ། །སྣ་ཚོགས་རྡོ་རྗེའི་
སྟེགས་བུ་ལ་བྷྲཱུཾ་ལས་སྐྱེས་པའི་འཁོར་ལོས་མཚན་པའི་རྣམ་པར་སྣང་མཛད་དེ་ཡོངས་སུ་གྱུར་པ་ལས་གཙུག་ལག་ཁང་གི་ཕྱོགས་རྣམ་པར་བསྒོམས་ནས་སོ་ཕག་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་ཀརྨ་ཀཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སནྡྷི་བཾ་ཞེས་པའི་སྔགས་ཀྱིས་སོ། །དེ་
ཐམས་ཅད་དུ་བ་ལང་གི་རྨིག་རྗེས་ཅན་དང་། ཡོན་པོ་དང་། ཟེགས་པོ་དང་། གྲོག་ཚངས་དང་། སྲིན་བུས་ཟོས་པ་དང་། ཆ་ཤས་ཉམས་པའི་སོ་ཕག་རྣམས་ཡོངས་སུ་སྤངས་ཏེ། ས་ཚོས་པ་དང་། བཟང་བ་དང་། མཁྲེགས་པ་དང་། ཟུར་དང་བཅས་པའི་སོ་ཕག་ཡང་དག་པར་བཟུང་
སྟེ་པདྨའི་སྟེང་དུ་གཞག་པར་བྱའོ། །བྷྲཱུཾ་ཡིག་ལས་རྡུལ་ཕྲ་རབ་ཚོགས་པའི་གཟུགས་སུ་བསྒོམས་ནས་བུམ་པའི་ཆུས་གཏོར་བར་བྱའོ། །ཉེར་སྤྱོད་ལྔ་དང་། དྲི་ལྔ་དང་། སིནྡྷུ་ར་དང་། མེ་ཏོག་དམར་པོ་དང་། པྲི་ཡང་ཀུའི་མེ་ཏོག་དང་། ཏིལ་དཀར་པོ་དང་། ཚངས་སྐུད་ལ་སོགས་པ་རྣམས་
ཀྱིས་མཆོད་པར་བྱའོ། །དེ་ནས་སའི་བདག་པོ་དང་། རྩིག་པའི་ལས་བྱེད་པ་དང་། ལྟད་མོ་པའི་མི་རྣམས་ལ་ཇི་ལྟར་འབྱོར་པའི་ལག་གདུབ་དང་། སོར་གདུབ་དང་། གོས་དང་། རིན་པོ་ཆེའི་ཕྲེང་བ་དང་། གོ་ཡུ་དང་། གོ་ལ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་
བྱའོ། །སྦྱིན་བདག་གི་ལག་པས་སོ་ཕག་གཏད་པར་བྱའོ། །དེ་ནས་བྱང་ཤར་དུ་ཁ་ཕྱོགས་པས་སའི་གནས་ནས་རླུང་རྒྱུ་བ་ན་དེ་བཞིན་གཤེགས་པ་དང་། ཟླ་བ་དང་ཉི་མའི་སྣང་བ་མཆོག་ལ་རྩིག་པ་ལ་སོགས་པ་གཡས་སྐོར་དུ་སོ་ཕག་རྣམས་དང་པོ་བྱང་ངམ་ཤར་ནས་བརྩམས་ཏེ་མེ་
དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་ཟུར་རྣམས་སུ་གཞག་པར་བྱའོ། །དེ་ནས་སློབ་དཔོན་དང་བཅས་པས་རྡོ་རྗེ་བསྲུང་བའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་རཀྵ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། ལན་བདུན་དུའོ། །ལག་པ་གཡས་པའི་
རྡོ་རྗེས་ཨོཾ་བྷྲཱུཾ་སརྦ་ཏ་ཐཱ་ག་ཏ་སརྦ་བུདྡྷ་ལ་ཡ་མཱ་དྷི་ཏིཥྛནྟུ་སྭཱ་ཧཱ། ཞེས་པའི་སྔགས་འདི་སོ་སོའི་ཟུར་ལ་ལན་བདུན་དུ་བྱིན་གྱིས་བརླབ་པར་བྱའོ། །ཡི་གེ་བརྒྱ་པས་བརྟན་པར་བྱས་ནས། བུམ་པའི་ཆུས་གཏོར་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དྲིལ་བུ་དཀྲོལ་
བར་བྱའོ། །དེའི་དུས་སུ་དམ་པའི་ཆོས་ཀློག་པ་དང་། བཀྲ་ཤིས་ཀྱི་གླུ་དང་། རྔ་ལ་སོགས་པ་རོལ་མོའི་སྒྲས་དགའ་བར་བྱའོ། །སྦྱིན་བདག་གི་ས་ཡང་དག་པར་སྤྲོ་བ་དང་བཅས་པས་ཆུའི་རྒྱུན་སྦྲེང་བར་བྱའོ། །དེ་ནས་རིག་མ་ལ་སོགས་པ་མཐའ་དག་རྗེས་སུ་ཆགས་པས་སྣ་ཚོགས་
པདྨའི་སྟེང་དུ་སྒེག་པ་དང་རོལ་པའི་ཚིག་དང་སྣ་ཚོགས་པའི་གོས་དང་ཚངས་སྐུད་ཀྱིས་བརྒྱན་པ། ཤིན་ཏུ་རྣམ་པར་དག་པའི་སྤྱན་ཡངས་ཤིང་དུལ་བ་མཛེས་པས་རྣམ་པར་བརྒྱན་པར་གྱུར་པ་ཞལ་མཛེས་པ་རལ་པའི་ཐོར་ཚུགས་ལ་རིན་པོ་ཆེའི་ཅོད་པན་བཅིང་བ་ཕྱག་བཞི་ན་མཆོག་སྦྱིན་དང་
བགྲང་ཕྲེང་དང་། དབྱུ་གུ་གསུམ་པ་དང་སྤྱི་བླུགས་ཀྱིས་རྣམ་པར་བརྒྱན་ཞིང་ཤིན་ཏུ་མཛེས་པ་གུར་གུམ་གྱི་མདོག་ལྟ་བུ་ཞི་བའི་གཟུགས་ཅན་མཐུ་དང་ལྡན་པའི་མེས་ཚིམ་པར་བྱའོ། །དྲི་བཟང་པོའི་ཤིང་གི་ཡམ་ཤིང་དང་། དྲི་བཟངས་ཀྱི་ལྡེ་གུ་དང་། ཏིལ་ལ་སོགས་པའི་འབྲུ་རྣམས་
ཀྱིས་སྦྱིན་སྲེག་བྱའོ། །སྔགས་ནི་ཨོཾ་པྲ་མོ་ཧ་ནཱགྣ་ཡེ་སྭཱ་ཧཱ། ཞེས་སོ། །པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་བཞི་པའོ།། །།ཤིང་གི་ལས་ཞེས་གསུངས་པས་དེ་བརྗོད་པར་བྱ་སྟེ། ནགས་བལྟས་དེ་ནས་བློ་
ལྡན་གྱིས། །སྒོ་ནི་ཡང་དག་གདོད་པར་བྱ། །གནས་པའི་ཤིང་གི་རྩེ་མོ་ཡིས། །བདུད་རྩིའི་མེ་ལ་སྦྱིན་སྲེག་བྱ། །དེ་ལ་ཚེས་དང་གཟའ་དང་རྒྱུ་སྐར་བཟང་པོ་ལ་མཆོད་རྟེན་ནམ། གཙུག་ལག་ཁང་ལ་སོགས་པ་རྣམས་ཀྱི་སྲོག་ཤིང་དང་སྒོ་དང་ཀ་བ་ལ་སོགས་པའི་ཤིང་གི་རྩེ་མོའི་མཐར་
ཐུག་པ་རྣམས་ཀྱི་སྲིད་དང་ཞེང་དུ་གནས་པ་དག་ཐིག་འཛིན་པ་རྣམས་ཀྱིས་ལེགས་པར་གྲོས་བྱས་ཏེ། ཤིང་མཁན་གྱི་འཁོར་དང་ཚོགས་པ་རྣམས་ཀྱི་སྦྱིན་བདག་དང་སློབ་དཔོན་དང་བཅས་པས་ནགས་ཚལ་ལྟར་འགྲོ་བར་བྱའོ། །རྙེད་པ་དང་ཚལ་གྱི་ཉེ་འཁོར་དུ་དུས་བརྟགས་ཏེ་བདག་ཉིད་ལས་
ཐམས་ཅད་པའི་སྐུར་བསྒོམས་ཏེ་རྐང་པ་གཡས་པ་མདུན་དུ་བྱས་ཏེ། བྱང་ཤར་གྱི་ཕྱོགས་སུ་ཞལ་བསྟན་ནས་སློབ་དཔོན་ནགས་ཀྱི་ཕྱོགས་སུ་རབ་ཏུ་འཇུག་པར་བྱའོ། །ལོ་ཉིས་བརྒྱ་མ་ལོན་པའི་ཤིང་སར་པའི་སྡོང་པོ་རྣམས་གཟུང་བར་བྱའོ། །དེ་ནས་ཡང་གེ་སར་གཉིས་པ་དང་། མ་དྷུ་ར་
དང་། ཏིཏྟའི་སྙིང་པོ་དང་། ཤུག་པ་དང་། སེང་ལྡེང་དང་། གནྡྷ་རི་དང་། སྦྲང་གི་ཤིང་དང་། མྱ་ངན་མེད་དང་། བ་ཀུ་ལ་དང་། རྣམ་པར་རྒྱལ་བྱེད་དང་། ཙནྡན་དང་། ཙམ་པ་ཀ་དང་། ཙུ་ཏ་དང་། ཀིཾ་ཤུ་ཀ་དང་པ་ལ་ཤ་དང་། པིཙྪི་ལ་དང་། བ་ལ་ད་དང་། ཐང་ཤིང་དང་། ས་ལ་དང་།
ཏཱ་ལ་དང་། གྲན་ཐི་ལ་ཛུ་ན་དང་། ཛམྦུ་དང་། བྷཎ་ཌི་ལ་དང་། རོ་ཧི་ཎི་ལ་སོགས་པ་དཔག་ཏུ་མེད་པའི་ཤིང་རྣམས་གང་ལ་གང་ཉེ་བར་འོས་པའི་ཤིང་དེ་རྣམས་ལེགས་པར་རྣམ་པར་བརྟགས་ནས་ཕྱི་དྲོའི་དུས་སུ་ལས་ཐམས་ཅད་པའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ཡང་དག་པའི་སྤྲོ་བ་དང་
ལྡན་པས་ཤིང་མཁན་དང་བཅས་པའི་བཟོ་བོ་རྣམས་ཡང་དག་པར་བསྲུང་བར་བྱའོ། །ཉེར་སྤྱོད་ལྔས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཕྱོགས་ཀྱི་བདག་པོ་དང་། ནགས་ཚལ་དང་ཤིང་གི་ལྷ་ལ་སོགས་པ་རྣམས་ཡང་དག་པར་མཆོད་ཅིང་ཕྱོགས་ཀྱི་གཏོར་མ་ཡང་
དབུལ་བར་བྱའོ། །ཤིང་མཁན་དང་བཅས་པའི་བཟོ་བོ་རྣམས་བཟའ་བ་དང་བཏུང་བའི་སྟོན་མོ་དང་། སོ་རྩི་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱའོ། །ཡི་དམ་གྱི་ལྷ་རྣམས་ཀྱང་བདག་ལ་དགོངས་སུ་གསོལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་
གདབ་པར་བྱའོ། །སེམས་རབ་ཏུ་དགའ་བས་ཤིང་མཁན་དང་བཅས་པའི་བཟོ་བོ་རྣམས་དང་ལྷན་ཅིག་ཡི་དམ་ལྷའི་རྣལ་འབྱོར་གྱིས་ཞི་བར་མཐུན་པས་ཉལ་བར་བྱའོ། །དེ་ནས་རྨི་ལམ་བཟང་པོ་བདེན་པའི་དབང་དུ་ངེས་ན་མཚམས་སྦྱར་བར་བྱའོ། །རྨི་ལམ་ངན་ན་ལས་ཐམས་ཅད་པའི་
བཟླས་པ་བྱའོ། །དེ་ནས་ནངས་པར་སྔ་བར་མཆོད་པ་ཐམས་ཅད་དང་ཡང་དག་པར་ལྡན་པས་སློབ་དཔོན་གྱིས་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་ལ་ཞུགས་ཏེ། ལྷ་རྣམས་ཀྱི་གཟུགས་ཀྱི་ཤིང་གི་རྒྱལ་པོ་རྣམས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་དེ་རྣམས་ཀྱང་ཤིང་གི་ལྷ་རྣམས་
དང་དེ་རྣམས་ཀྱི་ཞིང་སྐྱོང་རྣམས་སོ། །ཤུག་པ་དང་གེ་སར་གཉིས་པ་དང་ཙམ་པ་ཀ་དང་མྱ་ངན་མེད་ཀྱི་ཤིང་རྣམས་ལ་ཤིང་གི་ལྷ་གསང་བ་མ་དང་། ཞིང་སྐྱོང་ནག་པོ་ཆེན་པོའོ། །ནེ་མཱི་དང་སཱ་ལ་དང་ཐང་ཤིང་ལ་འཇིག་རྟེན་གྱི་མ་མོ་དང་། ཞིང་སྐྱོང་རི་རབ་ཆེན་པོའོ། །ཧ་རི་ཏ་དང་ཨ་རུ་
རའི་ཤིང་དང་ནྱ་གྲོ་དྷའི་ཤིང་རྣམས་ལ་ཀརྞ་མ་ཊི་ཀ་མ་དང་། ཞིང་སྐྱོང་ཤིན་ཏུ་སྟོབས་ཅན་ནོ། །ཙུ་ཏའི་ཤིང་ལ་ཨ་བི་ཀ་མ་དང་། ཞིང་སྐྱོང་སྟོབས་ཅན་ནོ། །ཏཱ་ལའི་ཤིང་ལ་ཤཾ་ཀ་རི་ཀ་དང་། ཞིང་སྐྱོང་སྐྲ་གྱེན་དུ་བརྫེས་པའོ། །ཀ་དམ་པའི་ཤིང་ལ་ཞལ་བཟང་མོ་དང་། ཞིང་སྐྱོང་དྲིལ་བུ་
ཆེན་པོའོ། །འཇམ་འབྲས་ཀྱི་ཤིང་ལ་འཇམ་འབྲས་ལ་གནས་མ་དང་། ཞིང་སྐྱོང་གཏུམ་པོའི་དྲིལ་བུའོ། །སྦྲང་གི་ཤིང་ལ་ཤེ་ཀ་དང་། ཞིང་སྐྱོང་སྐྱེས་བུའི་དབང་ཕྱུག་གོ། །གསེར་ཤིང་ལ་གཏུམ་མོ་དང་། ཞིང་སྐྱོང་བཟང་པོའོ། །ཤྲཱིཾགའི་ཤིང་ལ་བཀྲ་ཤིས་ཆེན་མོ་དང་།
ཞིང་སྐྱོང་མེའི་ཞལ་ལོ། །དེ་ནས་ལས་དང་མཐུན་པར་ཤིང་གི་ལྷ་རྣམས་དང་། །གང་གིས་ཞིང་སྐྱོང་གི་རྣམ་པར་བསྒོམས་ཏེ་རང་རང་གི་སྔགས་ཀྱིས་མཆོད་པར་བྱའོ། །དེ་ལ་ཨོཾ་མཾ་མ་ཧཱ་ཀཱ་ལཱ་ཡ་ན་མཿསྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་གཾ་གུ་ཧྱ་ཀཱ་ཡེ་ན་མཿསྭཱ་ཧཱ། དེ་བཞིན་དུའོ། །ཨོཾ་མཾ་
མ་ཧཱ་མེ་ར་བེ་ན་མཿསྭཱ་ཧཱ། ཨོཾ་ལཾ་ལོ་ཀ་མ་ཏྲི་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨཾ་ཨ་ཏི་བ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཀཾ་ཀརྞ་མ་ཊི་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བཾ་བ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨཾ་ཨ་བི་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨཱུ་ཨཱུརྡྷ་ཀོ་ཥཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཤཾ་ཤཾ་ཀ་རི་ཀཱ་ཡཻ་ན་མཿསྭཱ་ཧཱ།
ཨོཾ་གྷཾ་མ་ཧཱ་གྷཎྜཱ་ཡ་ན་མཿསྭཱ་ཧཱ། ཨོཾ་སུཾ་སུ་མུ་ཁཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཙཾ་ཙཎྜ་གྷཎྜཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཀཾ་ཀ་རཉྫ་བ་སི་ནྱཻ་ན་མཿསྭཱ་ཧཱ། ཨོཾ་པུཾ་པུཾ་སེ་ཤྭ་རཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཤཾ་ཤེ་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་སུཾ་སུ་ཛ་ནེ་ཏྲཻ་ན་མཿསྭཱ་ཧཱ། ཨོཾ་ཙཾ་ཙཎྜཱ་ལྱཻ་ན་མཿསྭཱ་ཧཱ། ཨོཾ་བཾ་བིཧྣ་མུ་ཁཱ་ཡ་ན་མཿསྭཱ་ཧཱ། ཨོཾ་མཾ་
མ་ཧཱ་ལ་ཀྵྨྱཻ་ན་མཿསྭཱ་ཧཱ། གཙུག་ལག་ཁང་གི་ཆེད་དུ་ནི། །དི་རིང་ཤིང་གཅོད་བདག་སྤྲོ་བས། །ད་ནི་ཁྱོད་རྣམས་བཟོད་མཛད་ནས། །ཤིང་གཞན་ལ་ནི་འདིར་གནས་མཛོད། །ཅེས་པའི་ཚིགས་སུ་བཅད་པ་བརྗོད་ནས་ཤིང་ལ་གནས་པའི་ལྷ་རྣམས་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་མེ་ཏོག་ལ་
སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཤིང་གཞན་ལ་སོང་བར་བསམ་པར་བྱའོ། །དེ་ནས་བསྲུང་བའི་ཆེད་དུ་རྨ་བྱ་ཆེན་མོ་བཀླག་པར་བྱའོ། །དེའི་རྗེས་ལ་ལས་ཐམས་ཅད་པའི་གཟུགས་ཀྱི་ཤིང་མཁན་ལ་གསེར་དང་གོས་དང་སོ་རྩི་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མཉེས་པར་བྱས་ནས།
སྟ་རེ་ལ་ཡང་སྦྲང་རྣམ་པར་བྱུགས་ཏེ། ཤིང་མཁན་དེས་ཀྱང་དགེ་བའི་སེམས་ཀྱིས་ལག་པ་གཡས་པ་བསྟོད་ནས་བྱང་ཤར་དུ་གདོང་ཕྱོགས་ཏེ་ཉི་མ་ལ་བལྟས་ནས་ཤིང་གཅད་པར་བྱའོ། །དེ་ལ་ཡང་དགེ་བ་དང་མི་དགེ་བའི་མཚན་མ་བལྟ་བར་བྱའོ། །མི་དགེ་བའི་མཚན་མ་རྣམས་ཡོངས་སུ་
སྤངས་ཤིང་དགེ་བའི་མཚན་མ་རྣམས་ཡང་དག་པར་གཟུང་བར་བྱའོ། །གང་གི་ཚེ་བྱང་ཕྱོགས་སུ་ཤིང་འགྱེལ་བ་དེའི་ཚེ་སྦྱིན་བདག་གི་ནོར་དང་འབྲུ་ལས་འགྲུབ་པར་འགྱུར་རོ། །དབང་ལྡན་གྱི་ཕྱོགས་སུ་འགྱེལ་ན་རིག་པ་དང་ཤེས་པ་དང་ལུང་དུ་འགྱུར་རོ། །གང་གི་ཚེ་དབང་པོའི་ཕྱོགས་
སུ་ཤིང་འགྱེལ་ན་དེའི་ཚེ་རྒྱལ་བ་དང་དཔལ་མོ་དང་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་བཞིན་དུ་ཤིང་གཞན་ལམ་བསྙེས་པར་བར་དུ་གང་གི་ཚེ་འགྱེལ་བ་དེའི་ཚེ་དགེ་བ་དང་བདེ་བ་དེ་བཞིན་དུ་འགྱུར་རོ། །གང་གི་ཚེ་ཤིང་གཞན་ལ་བསྙེས་ཤིང་འགྱེལ་ན་སྦྱིན་བདག་ལ་འཇིགས་པ་ཆེན་པོར་འགྱུར་རོ། །
མེ་དང་གཤིན་རྗེ་དང་། བདེན་བྲལ་དང་། ཆུ་བདག་དང་། རླུང་གི་ཕྱོགས་རྣམས་སུ་འགྱེལ་ན་མེའི་འཇིགས་པ་དང་འཆི་བ་དང་སྲིན་པོ་དང་ཆུ་དང་རླུང་གི་འཇིགས་པ་རྣམས་སུ་གྲངས་ཇི་ལྟ་བ་བཞིན་དུ་འགྱུར་རོ། །སྐད་འདར་ཞིང་རྒྱང་རིང་པོར་ལྷུང་ན་ཡང་སྦྱིན་བདག་ལ་སྡུག་བསྔལ་གྱི་མཚན་མར་འགྱུར་
རོ། །གཅོད་པའི་ཚེ་གལ་ཏེ་རྔ་མོ་དང་ཁྱི་དང་ཅེ་སྤྱང་དང་སྦྲུལ་དང་ཕག་དང་བྱ་རྒོད་དང་། བྱ་རོག་ལ་སོགས་པའི་གདུག་པ་ཅན་གྱི་བྱ་རྣམས་ལྟ་བར་བྱེད་ན་དེའི་ཚེ་ངེས་པར་གསོད་པ་དང་འཆི་བ་དཔག་ཏུ་མེད་པའི་བགེགས་རྣམས་སུ་འགྱུར་རོ། །ཤིང་ལས་གལ་ཏེ་ཁྲག་འཛག་ན་དེའི་ཚེ་སྦྱིན་བདག་
འཆི་བར་འགྱུར་རོ། །ཞོ་དང་མར་དང་སྦྲང་དང་འོ་མ་འབབ་ན་གསོད་པ་དང་འཆིང་བ་ལ་སོགས་པའི་འཇིགས་པ་རྣམས་སུ་འགྱུར་རོ། །འོན་ཀྱང་གང་གི་ཚེ་ཤིང་རྣམས་ཀྱི་རང་བཞིན་མངར་བ་དང་ཚ་བ་དང་ཁ་བ་དང་བསྐ་བ་ལ་སོགས་པའི་རོར་གྱུར་པ་དེའི་ཚེ་ཉེས་པ་མེད་དོ། །བཙོད་ཀྱི་མདོག་གིས་སྦལ་པར་
ཤེས་པར་བྱ་སྟེ་དེས་ཀྱང་ནང་དུ་འགྱུར་རོ། །དེ་བཞིན་དུ་ཁ་དོག་སྐྱ་བོས་བྱི་བར་ཤེས་པར་བྱ་སྟེ། ནད་དུ་འགྱུར་ཏེ་ཤིང་དེས་ཀྱང་ཆོམ་རྐུན་གྱི་འཇིགས་པར་འགྱུར་ཞིང་གློའི་ནད་སྐྱེ་བར་འགྱུར་རོ། །ཁ་དོག་སེར་པོས་ཤིང་གི་ནང་དུ་ཤེས་པར་བྱ་སྟེ། དེས་ཀྱང་ནོར་ཉམས་པར་འགྱུར་རོ། །
ཕུག་རོན་གྱི་ཁ་དོག་གིས་དེའི་ནང་དུ་ཁྱིམ་གྱི་ད་ཡིག་ཏུ་ཤེས་པར་བྱ་སྟེ། དེས་སྦྱིན་བདག་དབུལ་པོར་འགྱུར་རོ། །སྐྱ་{རིངས་ཀྱི་མདོག་གིས་རྩངས་པར་ཤེས་པར་བྱ་སྟེ། དེས་ནད་དཔག་ཏུ་མེད་པ་སྐྱེ་བར་འགྱུར་རོ། །ཁ་དོག་ལྗང་གུས་སྦྲུལ་འབྱུང་བར་འགྱུར་ཏེ། དེས་ཀྱང་དེ་བཞིན་དུ་ནོར་
ཟད་པར་བྱེད་དོ། །རལ་གྲིའི་ཁ་དོག་གིས་ཆུར་ཤེས་པར་བྱ་སྟེ། དེས་དེ་བཞིན་དུ་ཆུས་འཇིག་པར་འགྱུར་རོ། །གདུགས་དང་། རྒྱལ་མཚན་དང་། བཀྲ་ཤིས་དང་དཔལ་གྱི་བེའུ་དང་། བུམ་པ་དང་རྔ་ཡབ་དང་། འཁོར་ལོ་དང་། ཆུ་སྐྱེས་དང་། གཡུང་དྲུང་དང་། འཇུག་བཞིན་
པའི་ལྕགས་ཀྱུ་རྣམས་ནི་དགེ་བའི་མཚན་མའོ། །དེ་ལྟ་བུ་ལ་སོགས་པ་མ་ལུས་པའི་དགེ་བ་དང་མི་དགེ་བའི་མཚན་ཉིད་རྣམས་ཡོངས་སུ་ཤེས་ནས་ཤིང་གཅད་པར་བྱའོ། །དེ་ནས་རྣམ་པར་བཅད་པའི་ཤིང་རྣམས་ཀྱང་ཡང་དག་པར་གཞལ་བར་བྱ་སྟེ། རྩ་བ་དང་དབུས་དང་། རྩེ་མོའི་ཆའི་
འཛེར་པ་ཅན་རྣམས་སྤངས་ཏ་བཅུ་ཆའི་ཆ་གཅིག་གིས་ལྷག་པའི་ཚད་དུ་ཤེས་པར་བྱའོ། །ཇི་ལྟར་ཤིང་རྣམས་ཀྱི་ནགས་ཀྱི་ལྟད་མོ་བཞིན་དུ་མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པའི་དོན་དུ་རྡོ་རྣམས་ཀྱི་ཡང་རི་ལྟར་འགྲོ་བར་བྱའོ། །རྡོ་བ་ཡང་བཀྲ་ཤིས་པ་
རྣམས་གཟུང་ཞིང་བཀྲ་མི་ཤིས་པ་རྣམས་ཡོངས་སུ་སྤང་བར་བྱའོ། །དེ་ལ་རིའི་འགྲམ་དུ་གནས་ནས་ཕྱོགས་བཅུ་ན་གནས་པའི་རྡོ་རྣམས་མཐུག་པ་དང་སྲ་བ་དང་དྲི་ཞིམ་པ་དང་སྐད་སྙན་པ་དང་རེག་བྱ་བསིལ་བ་དང་ན་ཚོད་བར་མ་རྣམས་དང་། བརྟན་པ་དང་མཉེན་པ་དང་ཤིན་ཏུ་འཇམ་པ་དང་
སར་པ་རྣམས་ཏེ། དེ་གཉིས་ངེས་པར་བསྔགས་ཏེ། དཀར་བ་དང་སར་བ་དང་ལྗང་གུ་དང་དམར་པོ་དང་རྡོ་ནག་ཀྱང་གལ་ཏེ་རི་མོ་དཀར་པོ་ཕྲ་མོ་དང་ཐིག་ལེ་རྣམས་དང་ལྡན་པར་གྱུར་ན་དའི་ཚེ་བློ་དང་གཉེན་དང་། རུས་དང་རིགས་དང་རྒྱལ་པོའི་ཕུན་སུམ་ཚོགས་པ་དང་གཡོག་རྣམས་
དགེ་བར་འགྱུར་རོ། །སྟང་དང་བྱང་དང་དབང་ལྡན་དང་ཤར་ཕྱོགས་སུ་གདོང་ཕྱོགས་ན་གྲངས་ཇི་ལྟ་བ་བཞིན་དུ་མཁའ་ལ་སྤྱོད་པའི་དངོས་གྲུབ་དང་སྐྱེ་བ་དང་ནོར་དང་རིགས་འཕེལ་བ་དང་། ཐར་པ་དང་མངོན་པར་འདོད་པའི་དངོས་གྲུབ་སྟེར་བའི་རྡོ་རྣམས་གཟུང་ངོ་། ཤིན་ཏུ་
སྙི་བ་དང་བཟོད་བསྣུན་པ་མི་བཟོད་པ་དང་སྟོབས་མེད་པ་རྣམས་དང་། རྩུབ་པ་དང་མདོག་ངན་པ་དང་སྒྲ་ངན་པ་དང་རྡོ་རྒན་པ་རྣམས་དང་། དེ་གཉིས་ཡོངས་སུ་སྤངས་ཏེ། དེ་བཞིན་དུ་རྡོ་བཟང་བ་དང་། ངན་པ་ཤེས་ནས་བཀྲ་ཤིས་པའི་རྡོ་རྣམས་པའི་རྣམ་ལྔས་བྱུགས་ཏེ་དྲི་བཟངས་
ཀྱི་ཆུས་ཁྲུས་བྱས་ནས་དྲི་ལ་སོགས་པས་མཆོད་པར་བྱས་ཏེ། ཤིང་གི་སྐབས་སུ་གསུངས་པའི་ལས་ཐམས་ཅད་འདིར་ཡང་བྱའོ། །དེ་ནས་གྲོང་ཁྱེར་དུ་ཞུགས་པའི་དུས་སུ་ཤིང་རྣམས་དང་རྡོ་རྣམས་ལ་རྒྱལ་པོའམ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་གཏམ་སྨྲ་ཤིང་ཆང་གི་དགའ་བས་སྤྲོ་སེམས་རྒྱས་
པའི་སྐྱེ་བོ་རྣམས་ཀྱིས་དྲང་བར་བྱའོ། །བུམ་པ་གང་བ་དང་མར་མེ་དང་། སྣ་ཚོགས་པའི་རྔ་དང་རོལ་མོ་དང་ཅ་ཅོ་དང་སྐྱེ་བོ་རྣམས་དང་བདག་པོ་རྣམས་ཀྱིས་ཤིན་ཏུ་གུས་པ་དང་བཅས་པས་འཇུག་པར་བྱའོ། །ཡངས་ཤིང་མཉམ་པའི་ས་གཞི་ལ་འབྲས་ཕྱེའི་ཆུ་སྐྱེས་ཀྱི་དབུས་སུ་གཞག་པར་བྱའོ། །
འདིར་སྒོ་ལ་སོགས་པ་གཟུགས་པ་ནི་མཆུ་ཟླ་དང་། དབོ་ཟླ་དང་། ས་གའི་ཟླ་བ་དང་། སྣྲོན་ཟླ་དང་། ཆུ་སྟོད་ཟླ་བ་དང་། སྨིན་དྲུག་ཟླ་བ་རྣམས་ལ་ཚེས་གཉིས་དང་། གསུམ་དང་། ལྔ་དང་། བདུན་དང་། བཅུ་དང་། བཅུ་གསུམ་དང་། བཅུ་བཞི་རྣམས་ལ་གཟའ་ཟླ་བ་དང་། གཟའ་ལྷག་དང་། ཕུར་བུ་དང་པ་
པ་སངས་རྣམས་ལ། སྐར་མ་སྣར་མ་ལ་ནོར་རྙེད་པའི་ཕྱིར་རོ། །མགོ་ལ་ཞི་བའི་ཕྱིར་རོ། །སྐར་མ་ལག་ལ་སྐལ་བ་བཟང་པོའི་ཕྱིར་རོ། །རྒྱལ་ལ་རྒྱལ་བ་དང་ཕྱི་ནས་སྐྱེ་བོ་རྣམས་འཕེལ་བའི་ཕྱིར་རོ། །མེ་བཞི་ལ་དངོས་གྲུབ་ཀྱི་ཆེད་དུའོ། །སྣྲོན་ལ་བདེ་བའི་ཕྱིར་རོ། །སྣྲུབས་དང་གྲོ་བཞིན་ལ་ལུང་ཡོངས་
སུ་ཤེས་པའི་ཕྱིར་རོ། །ཆུ་སྟོད་ལ་བུ་ཡོངས་སུ་འཕེལ་བའི་ཕྱིར་རོ། །ཁྲུམས་ལ་ནོར་འཕེལ་བའི་ཕྱིར་རོ། །ཞི་བའི་གཟའ་ལ་བརྟེན་ཏེ་དུས་སྦྱོར་བཟང་པོ་དང་ཐང་ཅིག་བཟང་པོ་བརྟག་པར་བྱའོ། །ད་ནི་ཤིང་ལ་སོགས་པའི་ཚད་སྦྱར་བར་བྱའོ། །དེ་ལ་གོ་རིམས་བཞིན་དུ་བྲམ་ཟེ་དང་།
རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་ཀྱི་ཕལ་ཆེ་བས་ཞི་བ་དང་རྒྱས་པ་དང་དབང་དང་རྒྱས་པ་ལ་དག་བ་རྣམས་ཀྱི་རྒྱལ་མཚན་དང་། སེང་གེ་དང་གླང་པོ་ཆེ་དང་བ་ལང་ཀུན་ནས་གནོན་པར་ཤེས་པར་བྱའོ། །དེ་བས་ན་ནས་དང་། སོར་མོ་དང་། ཁྲུའི་ཚད་ཀྱིས་སོ། །
དེ་ལ་རྡུལ་ཕྲ་རབ་བདུན་གྱི་རྡུལ་ཕྲན་ནོ། །རྡུལ་ཕྲན་བདུན་གྱིས་རྡུལ་ཕྲ་མོའོ། །རྡུལ་ཕྲ་མོ་བདུན་གྱིས་རི་བོང་རྡུལ་ལོ། །རི་བོང་བདུན་གྱིས་ལུག་རྡུལ་ལོ། །ལུག་རྡུལ་བདུན་གྱིས་གླང་རྡུལ་ལོ། །གླང་རྡུལ་བདུན་གྱིས་སྲོ་མའོ། །སྲོ་མ་བདུན་གྱིས་ཤིག་གོ། །ཤིག་བདུན་གྱིས་
ནས་སོ། །ནས་དྲུག་གིས་མཐེབ་ཆུང་གི་སོར་རོ། །ནས་བདུན་གྱིས་གོང་མོའི་སོར་རོ། །ནས་བརྒྱད་ཀྱིས་མཐེབ་ཆེན་གྱི་སོར་རོ། །སོར་བཅུ་གཉིས་ཀྱིས་མཐོའོ། །མཐོ་གཉིས་ལ་ཁྲུ་གང་སྟེ་ཞེས་པ་ནི་རིགས་ཀྱི་དབྱེ་བ་དང་། སོར་གྱི་དབྱེ་བའོ། །དེ་ལ་ཁང་བཟངས་རྣམས་ཀྱི་བརྒྱད་ཆ་འམ་དགུ་
ཆ་འམ་བཅུ་ཆས་སྒོའི་ཞེང་ངོ་། །དེ་ཡང་ཆ་སུམ་ཅུ་སོ་གཉིས་སོ། །དེའི་ཉིས་འགྱུར་སྲིད་དོ། །ཆ་བཅུ་གཉིས་ཀྱིས་རེ་བཞི་སྟེ་ཐེམ་པ་ཡང་ངོ་། །ཡང་ན་ཕྱེད་དང་བཅས་པའི་ཆ་བརྒྱད་ཀྱིས་སོ། །ཕྱེད་དང་བཅས་པའི་ཆ་དྲུག་གིས་དཔུང་པའོ། །ཡང་ན་ཕྱེད་དང་བཅས་པའི་ཆ་བཞིས་སོ། །
དེའི་ཕྱིར་ཕྱེད་དང་བཅས་པའི་ཆ་གཉིས་ཀྱི་ཚད་ཀྱིས་ཉེ་བའི་དཔུང་པའོ། །ཡང་ན་ཕྱེད་དང་བཅས་པའི་ཆ་གཅིག་གིས་སོ། །དེའི་ཕྱི་རོལ་དུ་ཆ་ལྔའི་ལོ་མ་སྟེ་མཉམ་པར་བྱའོ། །ཐེམ་པ་དང་སྒོ་ཁྱུད་ནི་ཕྱེད་དང་བཅས་པའི་ཆ་བཅུ་བཞིས་སོ། །ཆ་ཉི་ཤུ་རྩ་གཅིག་
གི་ཡལ་གའོ། །དེའི་སྟེང་དང་འོག་ཏུ་རིམ་པ་ཇི་ལྟ་བ་བཞིན་ཕྱེད་དང་བཅས་པའི་ཆ་དྲུག་པ་ཅན་ནམ་ཆ་ལྔ་པ་ཅན་ནོ། །འདིར་ཤིང་གི་ལས་རྣམས་ལ་ཇི་ལྟར་རྗེས་སུ་མཐུན་པའོ། །རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་འཁོར་ལོ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། །རིག་འཛིན་ལ་
སོགས་པས་བརྒྱན་པའི་རྟ་བབས་ལ་སོགས་པས་ཇི་ལྟར་མཛེས་པ་བཞིན་དུ་བྱའོ། །ལྷའི་གནས་ལ་ནི་རེ་མིག་གཉིས་ཀྱི་སྒོའི་ཞེང་ངོ་། །ལྷག་མ་ནི་སྔོན་མ་བཞིན་ནོ། །ཀ་བ་རྣམས་ཀྱི་ཚོགས་པ་ཐམས་ཅད་ཟླུམ་དང་སྲིད་དུ་ལྡན་པ་མཆོག་ཏུ་མཛེས་ཤིང་སྙོམས་ལ་དབྱིབས་ལེགས་པ་ཤིན་ཏུ་
བརྟན་པའི་ཤིང་རྣམས་ལ་བྱའོ། །མ་ཡོ་ཞིང་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལ་ཕྱེད་དང་བཅས་པའི་ཆ་བརྒྱད་དམ་བདུན་གྱི་ཀ་བའི་ཞེང་ངོ་། །སྲིད་དུ་གནས་དང་རྗེས་སུ་མཐུན་པར་བྱའོ། །ཟླ་བའི་རི་མོའི་འོག་གི་ཕྱོགས་ཀ་བའི་སྲིད་ཀྱི་དབུས་སོ། །དེའི་སྟེང་
དུ་དྲུག་ཆ་ཡོངས་སུ་སྤངས་ནས་ཕྱེད་དང་བཅས་པའི་ཆ་གཉིས་ཀྱི་བརྒྱད་ཀྱི་ཆའོ། །དེའི་སྟེང་དུ་ཕྱེད་དང་བཅས་པའི་ཆ་གཅིག་གིས་ཆ་བཅུ་དྲུག་པའི་དོ་ཤལ་གྱི་སྣམ་བུ་སྟེ་ཡང་ན་པདྨའོ། །དེའི་སྟེང་དུ་ཆ་བརྒྱད་ཀྱི་ཀ་བ་ར་དང་བཅས་པའི་ནོར་བུའི་ཆའོ། །དེའི་སྟེང་དུ་ཕྱེད་དང་བཅས་པའི་
ཆ་གཉིས་ཀྱིས་ཆ་བརྒྱད་པའོ། །དེའི་སྟེང་དུ་ཆ་གཅིག་གིས་དོ་ཤལ་གྱི་སྣམ་བུའོ། །ཡང་ན་ཀླུ་ཤིང་གི་མེ་ཏོག་གི་ཕྲེང་བའོ། །དེའི་སྟེང་དུ་ཆ་གཉིས་པའི་བརྒྱད་ཀྱི་ཆའི་པདྨ་གཉིས་སོ། །དེའི་སྟེང་དུ་ཆ་གསུམ་གྱིས་གྲུ་བཞིའོ། །དེའི་སྟེང་དུ་ཆ་གཅིག་གིས་བརྒྱད་ཀྱི་ཆའོ། །དེའི་
སྟེང་དུ་ཆ་ཕྱེད་ཀྱིས་ཟླུམ་པོའོ། །དེའི་སྟེང་དུ་ཆ་དྲུག་གིས་ཙི་ར་ཀའོ། །དེའི་སྟེང་དུ་ཆ་དྲུག་གིས་ཟླུམ་པོའི་རྩེ་མོའོ། །དེའི་སྟེང་དུ་ཆ་གཅིག་གིས་བརྒྱད་པའི་པདྨའོ། །དེའི་སྟེང་དུ་ལྷག་མ་རྣམས་གྲུ་བཞིའོ། །དེའི་སྟེང་དུ་ཕྱམ་འཛིན་པའི་གདུང་བཞི་བཅུ་རྩ་ལྔའི་ཆས་མཐའ་གཉིས་སུའོ། །
དེའི་སྟེང་དུ་ཇི་ལྟ་བའི་ཚད་ཀྱིས་ཕྱམ་རྣམས་བསྒྲིག་པར་བྱའོ། །དེ་ལ་སྒོ་རྣམས་དང་ཀ་བ་རྣམས་ཀྱི་ཕྱིར་སྤོས་དཀར་དང་མར་ཁུས་རྣམ་པར་བྱུགས་ཏེ་ལི་ཁྲི་ལ་སོགས་པའི་རྒྱན་རྣམས་ཀྱིས་བརྒྱན་པར་བྱའོ། །སྣ་ཚོགས་པའི་གོས་ལ་སོགས་པ་འཕྱང་བ་དང་གདུགས་དང་པྲི་ཡང་ཀུ་དང་མེ་
ཏོག་དང་གུར་ཀུམ་དང་དཱུར་ཝ་དང་། ཀུནྡ་དང་བྱང་ཆུབ་ཀྱི་ཤིང་དང་མེ་ལོང་དང་མེ་ཏོག་གི་ཕྲེང་བ་དང་ཉེར་སྤྱོད་ལྔ་དང་། འབྲས་བུ་ལ་སོགས་པ་རྣམས་ཀྱང་བསྡོགས་བྱས་ཏེ། དེ་ནས་སྒོ་སོ་སོའི་ཕྱོགས་རྣམས་སུ་གཅིག་གམ་གསུམ་མམ་ལྔའམ་བདུན་ནམ་ཐམས་ཅད་ཀྱི་སྒོ་རྣམས་དང་ཀ་བ་རྣམས་
རང་རང་གི་ཕྱོགས་སུ་རྣམ་པར་གནས་པའི་ཁྲོ་བོའི་རྒྱལ་པོའི་སྔགས་རྣམས་ཀྱིས་ཡང་དག་པར་གནས་པར་བྱའོ། །དེ་ནས་སྒོ་གཅིག་པའི་ཕྱོགས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་སྒོ་བཞི་པ་རྣམས་ཀྱི་ས་བོན་ཧཱུཾ་གི་ཡི་གེའོ། །དེ་ལ་འདིའི་དོན་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པའི་རྣལ་
འབྱོར་པས་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་དང་། ཉི་མའི་སྟེང་དུ་སྐུ་མདོག་དཀར་པོ་ཕྱག་གཡས་ན་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། དཔལ་རྡོ་རྗེ་རྣམ་པར་རྒྱལ་བ་ཁྲོ་བོའི་རྒྱལ་པོ་ཆེན་པོ་གཡས་བརྒྱང་གིས་བཞུགས་པ་དྲི་མ་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཉི་མ་ལ་གནས་པ་
བསྒོམས་ནས། ཨོཾ་ཨཱཿབཛྲ་བི་ཛཱ་ཡ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབ་པར་བྱའོ། །དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་གདན་དྲངས་ཏེ། མཆོད་ཡོན་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ཅིང་བསྟོད་ནས་དམ་ཚིག་སེམས་དཔའ་དང་
ལྷན་ཅིག་ཏུ་གྱུར་པར་བལྟའོ། །དེ་ཡང་ཡོངས་སུ་གྱུར་པ་ལས་ཤར་གྱི་སྒོར་རྣམ་པར་བསམ་པར་བྱའོ། །དེ་ལ་གལ་ཏེ་ཡང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་དེས་རོ་གཅིག་པ་ཉིད་ཀྱང་བྱ་སྟེ། དབྱེར་མེད་པ་ལས་དབྱེ་བའོ། །དེ་ཇི་ལྟར་ཏིང་ངེ་འཛིན་གང་གིས་སེམས་ཅན་ཐམས་
ཅད་ཀྱི་དྲི་མ་མེད་པར་བྱེད་དེ་དྲི་མ་མེད་པའི་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེ་བཞིན་དུ་ལྷོའི་སྒོར་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞབས་གཡས་བརྐྱང་གིས་བཞུགས་པ་སྐུ་མདོག་ལྗང་གུ་ཕྱག་གཉིས་པ་རལ་གྲི་དང་པདྨས་ཕྱག་མཚན་པ་ནམ་མཁའ་མཛོད་ཀྱི་ཏིང་
ངེ་འཛིན་གྱི་རང་བཞིན་ཁྲོ་བོ་གཟེགས་མ་ཞེས་པ་ཁྲོ་བོའི་རྒྱལ་པོ་བསྒོམས་ནས་ཨོཾ་ཨཱཿབཛྲ་ཀ་ནི་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་ཞེས་པ་འདིས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་གདན་དྲངས་ཏེ་མཆོད་ཡོན་ལ་
སོགས་པ་ཕུལ་ཏེ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དམ་ཚིག་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་ནས་དེ་ཡོངས་སུ་གྱུར་པ་ལས་ལྷོའི་སྒོར་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་ནུབ་ཀྱི་སྒོར་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟེང་དུ་ཞབས་
གཡས་བརྐྱང་གིས་བཞུགས་པ་སྐུ་མདོག་དམར་པོ་པདྨ་དང་ལྕགས་ཀྱུ་བསྣམས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་རང་བཞིན་འཇིག་རྟེན་གསུམ་རབ་ཏུ་བསྒྲུབ་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམ་པར་བསྒོམས་ནས། ཨོཾ་ཨཱཿཏྲཻ་ལོཀྱ་པྲ་སཱ་དྷ་ཀ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་
ཀྱིས་བྱིན་གྱིས་བརླབ་པར་བྱའོ། །སྔོན་མ་བཞིན་དུ་བྱས་ནས་ནུབ་ཀྱི་སྒོར་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་བྱང་གི་སྒོར་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་དང་། ཉི་མའི་སྟེང་དུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་སྣ་ཚོགས་རྡོ་རྗེ་ཕྱག་ན་བསྣམས་པ་སེང་གེ་རྣམ་
པར་རོལ་པའི་ཏིང་ངེ་འཛིན་གྱི་རང་བཞིན་དཔའ་བོ་རྣམ་པར་གནོན་པའི་ཁྲོ་བོའི་རྒྱལ་པོ་རྣམ་པར་བསྒོམས་ནས། ཨོཾ་ཨཱཿབཱི་ར་བི་ཀྲཱནྟ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ནས་སྔོན་མ་བཞིན་དུ་བྱང་སྒོར་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་དབང་ལྡན་གྱི་དང་པོ་ནས་
དབང་ལྡན་གྱི་མཐར་ཐུག་པའི་སྒོ་ཉི་ཤུ་རྩ་བཞི་རྣམས་སུ་ཧཱུཾ་ལས་སྐྱེས་པའི་མི་གཡོ་བ་དང་། རྣམ་པར་འཇོམས་པ་དང་། རྡོ་རྗེ་ལྕགས་ཀྱུ་དང་། གཤིན་རྗེ་མཐར་བྱེད་དང་། གཤིན་རྗེ་གནམ་ལྕགས་དང་། བལྟ་བར་དཀའ་བ་དང་། འདོད་པའི་རྒྱལ་པོ་དང་། མཐར་སྤྱོད་པ་དང་། རྡོ་རྗེ་ཞགས་
པ་དང་། ཤེས་རབ་མཐར་བྱེད་དང་། པཱ་ལཱ་ལ་དང་། རིན་ཆེན་གཙུག་ཏོར་དང་། དབྱུག་སྔོན་ཅན་དང་། རྒྱལ་དཀའ་བ་དང་། རྡོ་རྗེ་རྒྱས་པ་དང་། པདྨ་མཐར་བྱེད་དང་། འཇིགས་བྱེད་དང་། རབ་གཏུམ་དང་། སྟོབས་པོ་ཆེ་དང་། རྐང་པ་བསྐྱོད་པ་དང་། རྡོ་རྗེ་འབེབས་པ་དང་། བདུད་
རྩི་འཁྱིལ་པ་དང་། རྡོ་རྗེ་བཞད་པ་དང་། རྡོ་རྗེ་རྣམ་པར་འཇོམས་པའི་གཟུགས་རྣམས་ཕྱག་གཉིས་པ་ཕྱག་གཡོན་པ་རྣམས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཕྱག་གཡས་པ་རྣམས་ན་རང་རང་གི་མཚན་མས་མཚན་པའོ། །སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། སྔོན་པོ་
དང་། སེར་པོ་དང་། དཀར་པོ་དང་། ནག་པོ་དང་། སྔོན་པོ་དང་། དཀར་པོ་དང་། ལྗང་གུ་དང་། སེར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། སྐྱ་རེངས་དང་། ལྗང་གུ་དང་། སྣ་ཚོགས་དང་། ནག་པོ་དང་། དཀར་པོ་དང་། ལྗང་གུའི་ཁ་དོག་རྣམས་སོ། །གསེར་དང་དངུལ་གྱི་
བུམ་པ་ཟུང་གི་སྟེང་དུ་དགོད་པར་བྱའོ། །དེ་ལ་མི་གཡོ་བ་ནི་སེམས་ཅན་ལ་བྱིན་གྱིས་བརླབ་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །ཕྱག་མཚན་ནི་རལ་གྲིའོ། །ཨོཾ་ཨཱཿཨ་ཙ་ལ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་རྡོ་རྗེ་རྣམ་པར་འཇོམས་པ་ནི་དམ་ཚིག་ཆེན་པོ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་
ཕྱག་མཚན་ནི་རྒྱལ་མཚན་ནོ། །ཨོཾ་ཨཱཿབི་དྲཱ་བ་ཀ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་ལྕགས་ཀྱུ་ནི་དམ་ཚིག་གི་ལྕགས་ཀྱུའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ལྕགས་ཀྱུའོ། །ཨོཾ་ཨཱཿབཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། གཤིན་རྗེ་མཐར་བྱེད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་
དག་པར་མཉེས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་སྣ་ཚོགས་རྡོ་རྗེའི་ཐོ་བའོ། །ཨོཾ་ཨཱཿཡ་མཱནྟ་ཀ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་གནམ་ལྕགས་ནི་རྡོ་རྗེ་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེའོ། །ཨོཾ་ཨཱཿབཛྲ་ཨ་ཤ་ནི་མ་ཧཱ་
ཀྲོ་དྷ་རཱ་ཛ་ཧཱུཾ། བལྟ་བར་དཀའ་བ་ནི་འོད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་འཁོར་ལོའོ། །ཨོཾ་ཨཱཿདུར་ནཱི་རིཀྵ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། འདོད་པའི་རྒྱལ་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པའི་དམ་ཚིག་གི་ཏིང་ངེ་
འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ལྕགས་ཀྱུའོ། །ཨོཾ་ཨཱཿཊཀྐི་རཱ་ཛ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། མཐར་སྤྱོད་པ་ནི་རིན་པོ་ཆེའི་བྱིན་གྱིས་བརླབ་པ། རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་སྟ་རེའོ། །ཨོཾ་ཨཱཿཨནྟ་ཙ་ར་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་ཞགས་པ་ནི་དམ་
ཚིག་འབེབ་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེ་ཞགས་པའོ། །ཨོཾ་ཨཱཿབཛྲ་པཱ་ཤ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། ཤེས་རབ་མཐར་བྱེད་ནི་ནོར་བུ་རིན་པོ་ཆེ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེས་མཚན་པའི་དབྱུག་པའོ། །ཨོཾ་ཨཱཿ
པྲཛྙཱནྟ་ཀ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། པཱ་ལཱ་ལ་ནི་མཐོན་པོའི་བྱིན་གྱི་རླབས་ཀྱིས་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ཐོ་བའོ། །ཨོཾ་ཨཱཿཔཱ་ལཱ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རིན་ཆེན་གཙུག་ཏོར་ནི་དགའ་བ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ལྕགས་ཀྱུའོ། །ཨོཾ་
ཨཱཿརཏྣ་ཤི་ཁ་ར་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། དབྱུག་པ་སྔོན་པོ་ཅན་ནི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་དབྱུག་པའོ། །ཨོཾ་ཨཱཿནཱི་ལ་དཎྜ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྒྱལ་དཀའ་བ་ནི་ཆོས་ཉིད་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་མདུང་ངོ་། །ཨོཾ་
ཨཱཿདུརྫ་ཡ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་རྒྱས་པ་ནི་ཡང་དག་པར་འཕྲོ་བའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ལྕགས་སྒྲོག་གོ། །ཨོཾ་ཨཱཿབཛྲ་སྥོ་ཊ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། པདྨ་མཐར་བྱེད་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་པདྨའོ། །
ཨོཾ་ཨཱཿཔདྨཱནྟ་ཀ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། འཇིགས་བྱེད་ནི་སྡུག་བསྔལ་གཅོད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རལ་གྲིའོ། །ཨོཾ་ཨཱཿབྷི་མ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རབ་གཏུམ་ནི་ལེགས་པར་རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེ་གྱེས་པའོ། །ཨོཾ་ཨཱཿཔྲ་
ཙཎྜ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ཧཱུཾ། སྟོབས་པོ་ཆེ་ནི་ལས་ཀྱི་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྩེ་གསུམ་མོ། །ཨོཾ་ཨཱཿམ་ཧཱ་བ་ལ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྐང་པ་བསྐྱོད་པ་ནི་གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་མདའ་དང་གཞུའོ། །ཨོཾ་
ཨཱཿཔཱ་ད་ནི་ཀྵེ་པ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་འབེབས་པ་ནི་དམ་ཚིག་འབེབས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེ་དྲིལ་བུའོ། །ཨོཾ་ཨཱཿབཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། བདུད་རྩི་འཁྱིལ་པ་ནི་དོན་ཡོད་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་
རྡོ་རྗེའོ། །ཨོཾ་ཨཱཿཨ་མྲྀ་ཏ་ཀུཎྜ་ལི་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་བཞད་པའི་རྡོ་རྗེ་བརྟན་པོའི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རལ་གྲིའོ། །ཨོཾ་ཨཱཿབཛྲ་ཨཊྚ་ཧ་ས་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་རྣམ་པར་འཇོམས་པ་ནི་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་
མཚན་ནི་རྡོ་རྗེ་རྩེ་ལྔ་པའོ། །ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། ལྷག་མ་རྣམས་སྔོན་མ་བཞིན་ནོ། །ཀ་བ་རྣམས་རིན་པོ་ཆེ་དང་བཅས་པའི་རྡོའི་སྟེང་དུ་གཟུགས་པར་བྱའོ། །དེ་ལ་ཤར་གྱི་ཕྱོགས་སུ་གསུམ་དང་ལྔ་དང་བདུན་གཞོན་ནུ་མ་རྣམས་ཀྱི་ཀ་བ་བཞི་ཟུང་དང་ལྡན་པ་ནི་ཡང་དག་
པར་སྤོང་བ་བཞི་པོ་རྣམས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ཀ་བ་ཟུང་དྲུག་རྣམས་སོ། །བསྡུ་བའི་དངོས་པོ་བཞི་དང་། ཚད་མེད་པའི་གནས་བཞིའི་ངོ་བོ་ཉིད་ནི་ཀ་བ་བརྒྱད་ཟུང་དང་ལྡན་པ་སྟེ། ལྷག་པར་མོས་ཤིང་རང་རང་གི་ཕྱོགས་སུ་གནས་པའི་ཁྲོ་བོའི་སྔགས་ཀྱིས་བྱིན་
གྱིས་བརླབས་ནས་ཧཱུཾ་ཡིག་གི་ས་བོན་ལས་བྱུང་བར་དགོད་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་དྲན་པ་ཉེ་བར་གཞག་པ་བཞིའི་རང་བཞིན་རྣམས་དང་། བྱེད་པ་དྲུག་གི་རང་བཞིན་རྣམས་དང་། བདེན་པ་བཞི་དང་བསམ་གཏན་བཞི་པོ་རྣམས་སོ། །དེ་བཞིན་དུ་ནུབ་ཕྱོགས་སུ་རྫུ་འཕྲུལ་གྱི་རྐང་པ་
རྣམས་དང་། མངོན་པར་ཤེས་པ་དྲུག་གི་རང་བཞིན་རྣམས་དང་། མི་འཇིགས་པ་བཞི་དང་སྟོན་པ་བཞི་རྣམས་སོ། །དེ་བཞིན་དུ་བྱང་ཕྱོགས་སུ་སོ་སོ་ཡང་དག་པར་རིག་པ་བཞི་དང་། རྗེས་སུ་དྲན་པ་དྲུག་གི་རང་བཞིན་དང་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་རྣམས་སོ། །དེ་ནས་
སྒོ་རྣམས་དང་ཀ་བ་རྣམས་ལ་མཉམ་དུ་སོ་ཕག་གི་ཕྲེང་བ་མཉམ་པར་དེ་བཞིན་དུ་གཞག་པར་བྱའོ། །ཀ་བའི་སྟེང་དུ་གདུང་འཛིན་བཀོད་ནས་དེའི་སྟེང་དུ་གདུང་དགོད་དོ། །གདུང་གི་སྟེང་དུ་གདུང་དང་མཉམ་པའི་རྩིག་པའི་སྟེང་དུ་ཀླུའི་སྟོབས་སམ་ཡང་ན་དོ་ཤལ་གྱི་སྣམ་བུའོ། །དེའི་སྟེང་དུ་སེང་གེ་
རྣམས་ཀྱི་ཁ་ནས་བྱས་པའམ་མ་བྱས་པའོ། །དེའི་སྟེང་དུ་རྗེས་སུ་དགུག་པ་རྣམས་སོ། །དེའི་སྟེང་དུ་སོ་ཕག་རྣམས་ཀྱིས་བྱས་པའི་གཞིའོ། །དེའི་སྟེང་དུ་མགྲིན་པའོ། །གང་གི་ཚེ་སོ་ཕག་གི་རང་བཞིན་ཡིན་ན་དེའི་ཚེ་གདུང་གི་སྟེང་དུ་གསེར་གྱི་སྣམ་བུ་བྱའོ། །དེའི་སྟེང་དུ་པདྨའི་
འདབ་མའོ། །དེའི་སྟེང་དུ་གཞིའོ། །དེའི་སྟེང་དུ་མགྲིན་པའོ། །ཕྱི་རོལ་དུ་འདོད་ཡོན་གྱི་སྟེགས་བུ་སྟེ་ཕྱེད་ཀྱི་ཚད་ཀྱི་ཐེམ་པའོ། །དེ་ནས་སྒོའི་གནས་དང་བར་དུ་མེའི་མཆོད་པ་གསུངས་སོ། །དེ་ལ་སྟེང་གི་ཕྱོགས་སུ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་ལྗང་
གུའི་ལུས་ལ་རི་དྭགས་ནག་པོའི་པགས་པའི་ན་བཟའ་ཅན་རྒྱན་དང་བྲལ་བ་ཐུགས་ཞི་བ་རལ་པའི་ཐོར་ཚུགས་ཅན་མཆོག་སྦྱིན་དང་། བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་དང་། དབྱིག་པ་ཕྱག་ན་བསྣམས་པ་ཚངས་སྐུད་དང་བཅས་པ་གོས་སྣ་ཚོགས་ལ་འཕྱང་བ་ཆུ་སྐྱེས་ལ་གནས་པའི་
ཉི་མའི་གདན་ལ་ཉི་མའི་འོད་ཅན་དཀའ་ཐུབ་ལ་གནས་པའི་དྲང་སྲོང་ཆེན་པོའི་མེ་ལ་སྦྱིན་སྲེག་བྱའོ། །ཨོཾ་ཏ་པ་སཱགྣ་ཡེ་སྭཱ་ཧཱ། དེ་ནས་གནས་ཇི་ལྟ་བར་སོ་ཕག་མཉམ་པོ་ལ་འཛིན་བྱེད་ཀྱི་ཤིང་ལ་མཉམ་དུ་གཞག་པར་བྱའོ། །དེ་ནས་དྲ་སྒོའི་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་སྒོའི་སུམ་ཆའི་ཆ་
གཅིག་གིས་དྲ་སྒོའོ། །དཀྱིལ་དུ་སྲོག་ཆགས་ཀཾ་པ་ཀ་ཌ་ཀ་ལྟ་བུའོ། །དགུའི་ཆས་མ་ཐེམ་འོག་གི་ཤིང་ངོ་། །ཉི་ཤུའི་ཆས་སྒོ་ཁྱུད་དོ། །ཉི་ཤུ་རྩ་བཞིའི་ཆས་ལོ་མའོ། །དེའི་སྟེང་དང་འོག་ཏུ་ཕྱེད་དང་བཅས་པའི་བཞི་ཆའོ། །བརྒྱད་ཀྱི་ཆས་འབེབས་སོ། །ཕྱེད་དང་བཅས་
པའི་བཞིའི་ཆས་སྟེང་གི་སྒོ་ཁྱུད་དོ། །ཉི་ཤུ་བརྒྱད་ཀྱི་ཆས་ལོ་མའོ། །དྲུག་གི་ཆས་སྟེང་དང་འོག་ཏུའོ། །ཕྱེད་དང་བཅས་པའི་བཞི་ཆས་དཔུང་པའོ། །ཕྱེད་དང་བཅས་པའི་ཆས་གཅིག་གིས་ཉེ་བའི་དཔུང་པའོ། །ཕྱེད་དང་སུམ་ཆ་ཀ་བའོ། །དེའི་སྟེང་དུ་སུམ་ཆས་འདེགས་པའི་
ཤིང་ངོ་། །ཕྱེད་དང་བཅས་པའི་ཆ་གཉིས་ཀྱིས་དཔུང་པའི་བར་དང་ཀ་བའི་བར་གྱི་ཤིང་ངོ་། །ཕྱེད་དང་བཅས་པའི་ཆ་བཞིས་ལོ་མའོ། །མ་ཐེམ་དང་བཅས་པས་ཡོངས་སུ་བརྒྱན་པ་བྱའོ། །དེའི་སྟེང་དུ་རྗེས་སུ་འདྲེན་པ་རྣམས་སོ། །རིག་འཛིན་མི་མོ་གདུང་འདེགས་པ་ལ་
སོགས་པ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པའམ་ཇི་ལྟར་མཛེས་པ་བཞིན་དུ་བྱའོ། །དེ་ལ་དེ་ལྟ་བུའི་ཚུལ་གྱིས་དྲ་སྒོ་གསུམ་པའམ་ལྔ་པའམ་བདུན་པ་བྱའོ། །སོ་ཕག་མཉམ་པ་དང་མི་མཉམ་པ་ཉིད་དགོད་པར་བྱའོ། །དེའི་སྟེང་དུ་ཇི་ལྟར་གནས་པའི་ཤིང་ཟུག་དང་སོ་ཕག་མི་མཉམ་
པར་དགོད་པར་བྱའོ། །གང་གི་ཚེ་དྲ་སྒོ་གསུམ་པ་རྣམས་ལ་ནི་དེའི་ཚེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ངོ་བོ་ཉིད་རྣམས་སོ། །གང་གི་ཚེ་ལྔ་ཡིན་པ་དེའི་ཚེ་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་།
སངས་རྒྱས་ཀྱི་སྤྱན་གྱི་ངོ་བོ་ཉིད་རྣམས་སོ། །གང་གི་ཚེ་བདུན་ཡིན་པ་དེའི་ཚེ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་ཉིད་རྣམས་སོ། །དེ་ནས་མེ་ལ་སོགས་པའི་ཟུར་རྣམས་སུ་ཁང་པ་རྣམས་ལ་གདུང་གྲུ་བཞི་པར་གྱུར་པའི་ཤིང་རྣམས་ཀྱི་ནང་གི་ཟུར་གྱི་སྟེང་དུ་ནོར་འཛིན་རྣམས་ཀྱི་འོག་ཏུ་དོ་ཤལ་གཉིས་པ་
དགོད་པར་བྱ་བ་ཡང་དགའ་བ་འཁྱིལ་པའི་རིམ་པས་སོ། །དེའི་སྟེང་དུ་གདུང་རྣམས་ཀྱི་སྟེང་དུ་ཕྱི་དང་ནང་དུ་རྩིག་པ་རྣམས་དང་མཉམ་པའི་མཐར་ཕུར་བུ་གཉིས་གདབ་པར་བྱའོ། །དེ་དག་གི་དབུས་སུ་དབུས་ཀྱི་ཕུར་བུ་གདབ་པར་བྱའོ། །མཐའི་ཕུར་བུ་དང་དབུས་ཀྱི་ཕུར་བུ་དག་གི་དབུས་སུ་
ལོགས་ལ་ཕུར་བུ་གཉིས་གདབ་པར་བྱའོ། །དབུས་ཀྱི་ཕུར་བུའི་སྟེང་དུ་ཇི་ལྟར་གནས་པའི་ཀ་བ་རྣམས་དགོད་པར་བྱའོ། །ལོགས་ཀྱི་ཕུར་བུ་རྣམས་ཀྱི་སྟེང་དུ་རང་རང་གི་གནས་ལ་སྟོབས་ཀྱི་ཕུང་པོ་རྣམས་དགོད་པར་བྱའོ། །སྟོབས་ཀྱི་དཔུང་པ་རྣམས་ཀྱི་སྟེང་དུ་ཤིང་དཀར་པོ་གཉིས་
གཞག་པར་བྱའོ། །དེ་ནས་ཁང་བཟངས་ཀྱི་རྩེ་མོའི་སྟེང་དུ་གཡས་དང་གཡོན་དུ་རྩེ་མོར་ནོར་དང་སྐྱེ་བོ་རྣམ་པར་འཕེལ་བ་དང་དུག་གཞོམ་པའི་ཕྱིར་ཡང་ཀུ་རུ་ཀུ་ལླེའི་གཟུངས་དང་། ཛཱཾ་གུ་ལིའི་གཟུངས་ཀྱང་མངོན་པར་བྲིས་ཏེ་གསེར་དང་དངུལ་ལས་བྱས་པའི་པདྨའི་སྟེང་དུ་ཡང་དག་པར་
བཞུགས་ལ། དེའི་སྟེང་དུ་དགེ་བའི་ཚེས་གྲངས་དང་ཡུད་ཙམ་ལ་སྐར་མ་མགོ་དང་མོན་གྲུ་དང་ནགས་ཀྱི་ཤིང་གི་ཡལ་ག་མ་རྙིང་པའི་དུས་སུ་ཁཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་གཟུགས་སྟེང་གི་ཤིང་ལ་རྣམ་པར་བསྒོམས་ལ། དཔལ་ལྡན་གཙུག་ཏོར་འཁོར་ལོས་སྒྱུར་བའི་
སྔགས་ལན་བརྒྱ་རྩ་བརྒྱད་ཡང་དག་པར་བཟླས་ལ་མཆོད་པ་བྱས་ནས་ཡང་དག་པར་དགོད་པར་བྱའོ། །ཕྱོགས་རྣམས་སུ་རང་རང་གི་དེ་བཞིན་གཤེགས་པའི་བུམ་པ་རྣམས་ཀྱི་ཆུས་མངོན་པར་དབང་བསྐུར་ཏེ། སྣ་ཚོགས་པའི་གདུགས་དང་གོས་དང་ལོ་མ་རྣམས་ཀྱིས་བརྒྱན་
པ། སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ། ཨཻ་རཎྜའི་ལོ་མའི་མེ་དང་ལྕགས་ཀྱིས་ཀྱང་ཡང་དག་པར་བསྲུང་བར་བྱའོ། །རྡོ་རྗེ་དང་དྲིལ་བུ་དང་བཅས་པས་རང་རང་གི་ཕྱོགས་ཀྱི་བདག་པོའི་དེ་བཞིན་གཤེགས་པའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཡི་གེ་
བརྒྱ་པས་བརྟན་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་མ་ཧཱ་པྲ་ཏྱཾ་གི་རོཥྞཱི་ཥ་ཙཀྲ་བརྟི་སརྦ་ཡནྟྲ་མནྟྲ་བནྡྷ་ཨིནྡྲ་བུ་བ་ན་བནྡྷཾ་བྲྀཀྵ་དེ་བཾ་བནྡྷཾ་དྷ་ར་ཡ་ཨི་ཧ་བ་སི་ནཱཾ་ཡེ་ན་ཀེ་ན་ཙིཏ་བྷ་ཡཱ་དི་ཀཾ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མི་རི་མི་རི། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་གཙུག་ཏོར་འཁོར་ལོས་
སྒྱུར་བའི་སྔགས་སོ། །དེ་ལ་ཀུ་རུ་ཀུལླེའི་གཟུངས་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ། ན་མོ་ཨཥྚ་མ་ཧཱ་ཡ་པུཾ་ག་ལཱ་ཡ་ན་མཿསཔྟེ་བྷྱཿ། སམྱཀྶཾ་བུདྡྷེ་བྷྱཿ། ཏདྱ་ཐཱ། ཨོཾ་ཧྲཱིཿཧྲཱིཿཧྲཱིཿསརྦ་ནཱ་གཱ་ནཱཾ། ཨ་ནནྟ་ཀུ་ལཱ་ནཱཾ། བཱ་སུ་ཀེ་ཀུ་ལཱ་ནཱཾ། ཤཾ་ཁ་པཱ་ལ་ཀུ་ལཱ་ནཱཾ། ཀརྐོ་
ཊ་ཀུ་ལཱ་ནཱཾ། པདྨ་ཀུ་ལཱ་ནཱཾ། མཧཱ་པདྨ་ཀུ་ལཱ་ནཱཾ། ཀུ་ལི་ཀ་ཀུ་ལཱ་ནཱཾ། པྲ་ལ་ཧ་ཀུ་ལཱ་ནཱཾ། པུཎྜ་རཱི་ཀ་ཀུ་ལཱ་ནཱཾ། ག་ཎ་ཀ་ཀུ་ལཱ་ནཱཾ། མེ་གྷ་ཀུ་ལཱ་ནཱཾ། ཛྭ་ལ་དྷ་ར་ཀུ་ལཱ་ནཱཾ། ཛི་མཱུ་ཏཾ་ཀུ་ལཱ་ནཱཾ། བ་སནྟ་ཀུ་ལཱ་ནཱཾ། ཨཻ་རཱ་བ་ཏི་ཀུ་ལཱ་ནཱཾ། ཀུ་མུ་ཏ་ཀུ་ལཱ་ནཱཾ། ཀཧྨཱར་ཀུ་ལཱ་ནཱཾ། སཽ་གནྡྷི་ཀ་ཀུ་
ལཱ་ནཱཾ། ཧ་ན་ཧ་ན་ཤ་རེ་ན། བནྡྷ་བནྡྷ་ཙ་བེ་ན། ཏཱ་ཌ་ཡ་ཏཱ་ཌ་ཡ། ཨུཏྤ་ལེ་ན། བྷི་ཏཱ་ནཱ་མ་བྷཱ་ཡཾ་དེ་ཧི་པྲ་ལ་ཡ་ཀཱ་ལ་ཨི་པ་ཛ་ལ་དྷ་ར་མ་བ་ཏཱ་ར་ཡ། བརྵན་ཏཾ། ནཱ་གཱ་བ་ཥཱ་ཀུ་རུ་ཕུཿཀུ་རུ་ཀུ་རུ་ཕུཿཀཱ་ར་ཡ་ཀཱ་ར་ཡ་ཕུཿཨོཾ་ཀུ་རུ་ཀུལླཻ་ཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཨི་
ལི་མིཏྟེ། ཏེ་ལི་མིཏྟེ། ཨི་ལི་ཏི་ལི་མིཏྟེ། དུམྦེ་དུམྦེ། ལི་ཡེ་དུམྦེ་དུ་མ་ལཱ་ཏརྐྐེ་ཏརྐྐ་ར་ཎེ། མརྨ་མརྨེ་ར་ཎེ། ཀསྨི་རེ་ཀསྨི་ར་མུཀྟེ། ཨ་གྷེ་ཨ་གྷ་ནེ། ཨ་གྷ་ནཱ་གྷ་ནེ། ཨི་ལེ་མི་ལེ་ཡེ། ཨི་ལེ་མི་ལེ་ཡེ། ཨ་ཨ་ཀ་སྱ་ཡི་ཡེ་ཤྭེ་ཏེ་ཏུཎྜེ། ཨ་ནནྟ་ཀྵེ་སྭཱ་ཧཱ། ཨོཾ་ཨ་ཥེ་ཛེ་ཏྲི་ཤཱུ་ལ་ཛི་ཧཱ་བཛྲ་
ཀཱ་ཡ། གྲ་ས་གྲ་ས། ཛྭ་ལ་ཛྭ་ལ། མ་ཧཱ་ཛྭ་ལེ། མ་ཧཱ་ཡོ་གི་ཤྭ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་ཛཾ་གུ་ལིའི་གཟུངས་སོ། །དེ་ནས་ཤིང་གི་འབྲས་བུ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་ལྷ་རྣམས་མཉེས་པར་བྱ་བའི་ཕྱིར་སྦྱིན་སྲེག་གི་བདུད་རྩིས་མེ་ལྷ་ཡང་དག་པར་ཚིམ་
པར་བྱའོ། །པདྨ་དང་ཉི་མའི་སྟེང་དུ་སྐུ་མདོག་པདྨ་དམར་པོ་ལྟ་བུ་ཕྱག་བཞིས་ཞགས་པ་དང་ལྕགས་ཀྱུ་དང་དབྱིག་པ་དང་སྤྱི་བླུགས་བསྣམས་པ། སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་པོ་ཨརྐའི་ཤིང་གི་ཡམ་ཤིང་གི་སྔོན་མ་བཞིན་དུ་འབྲུ་ལ་སོགས་པས་སྦྱིན་སྲེག་བྱའོ། །ཨོཾ་
ཨ་མྲྀ་ཏ་ཨགྣ་ཡེ་སྭཱ་ཧཱ། རྩ་གསུམ་རྣམ་པར་དག་པ་མགོ་བོའི་ཤིང་སྟོབས་འཛིན་པའི་ཤིང་རྣམས་སོ། །རྩ་ལྔའི་རྣམ་པར་དག་པ་ཕུར་བུ་ལྔའོ། །རྩ་དཔག་ཏུ་མེད་པའི་རང་བཞིན་ནི་ཤིང་ལྷག་མ་རྣམས་སུ་རིག་པར་བྱའོ། །དེ་ལ་མགོ་བོའི་ཤིང་རྣམས་ཀྱི་སྟེང་དུ་ཁ་དོག་གི་ཤིང་རྣམས་དགོད་པར་
བྱའོ། །ཁང་བཟངས་ཀྱི་སྟེང་དུ་བླང་བའི་ཕྱེད་ལྷག་པས་ཡོན་ཏན་སུམ་འགྱུར་གྱི་ཚད་དམ་ཡོན་ཏན་བཞི་འགྱུར་གྱི་ཁང་ཐོག་གི་ཤིང་རྣམས་ཀྱི་སྲིད་དོ། །རྡོ་རྗེའི་མདའི་དྲ་བའི་རང་བཞིན་རྣམས་ནི་ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲཾ། དེ་རྣམས་ཀྱི་སྟེང་དུ་ཐོག་གི་ཤིང་རྣམས་དགོད་པར་བྱའོ། །རྩ་
བའི་གཙོ་བོའི་རང་བཞིན་ལ་ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་པའི་སྔགས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ཤིང་གི་ལས་རྣམས་ནི་གཞུང་མངས་པས་འཇིགས་པས་མ་བཤད་དོ་ཞེས་པ་ནི་དཔལ་པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པས་མཛད་པའི་བྱ་བ་བསྡུས་པ་པཉྫི་ཀཱ་ལས་རབ་ཏུ་བྱེད་
པ་ལྔ་པའོ།། །།རྡོ་རྗེ་སློབ་དཔོན་རབ་ཞུགས་ནས། །འདིར་ནི་ཏིང་འཛིན་གསུམ་བསྒོམས་ཏེ། །གོ་རིམས་བཞིན་དུ་དེ་ནས་ནི། །ཐིག་གདབ་རྡུལ་ཚོན་དགྱེ་བ་དང་། །མེ་ཡི་བྱ་བ་རྣམ་པ་དང་། །སྟེགས་བུ་དགོད་བྱ་དེ་ནས་ནི། །དམ་པའི་མཚན་ཉིད་ཡོངས་རྫོགས་ནས། །སྐུ་གཟུགས་རྣམས་ནི་
གཞུག་པར་བྱ། །དེ་ལ་གཙུག་ལག་ཁང་དུ་སྐུ་གཟུགས་དང་། །གཎྜཱི་ཀ་དང་། སྟེགས་བུ་དང་། སྦྱིན་སྲེག་གི་ཐབ་ལ་སོགས་པ་ཡོངས་སུ་རྫོགས་པ་ལ་སྔོན་དུ་གསུངས་པའི་རིམ་པས་སློབ་དཔོན་ལ་གསོལ་བ་བཏབ་ལ་ཉེས་པ་ཞི་བར་བྱ་བའི་སྦྱིན་སྲེག་བྱ་སྟེ། དགེ་བའི་ཚེས་གྲངས་དང་རྒྱུ་
སྐར་ཡུད་ཙམ་རྣམས་ལ་དཀྱིལ་འཁོར་བྲི་བའི་དོན་དུ་བགེགས་ཞི་བར་བྱ་བ་ལ་ཁྱིམ་དུ་ལྷའི་རྣལ་འབྱོར་བྱས་ཏེ། དད་པས་སྦྱིན་བདག་གིས་ཕུལ་བའི་གོས་དང་རྒྱན་དང་སོ་རྩི་དང་ཡོན་ཏན་ལ་སོགས་པ་ཉེར་སྤྱོད་ལྔའི་མཆོད་པ་སྔོན་དུ་འགྲོ་བས་གོས་དང་དབུ་རྒྱན་དང་། རྒྱན་གྱི་ཁྱད་པར་གྱིས་
བརྒྱན་ཏེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་གྱིས་རང་གི་ཁང་པ་ནས་ཕྱིར་ཞུགས་ནས་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱས་ཏེ་ལས་རྣམས་སུ་གཏོར་མ་དབུལ་བར་བྱ་སྟེ། རང་རང་གི་གནས་ན་གནས་པའི་ལྷ་དང་ཀླུ་དང་།
གནོད་སྦྱིན་ལ་སོགས་པ་རྣམས་ཀྱི་མཆོད་པའི་དུས་སུ་དེའི་ཕྱག་རྒྱ་རབ་ཏུ་བསྟན་ནས་རང་རང་གི་སྔགས་ཀྱིས་མཆོད་པར་བྱ་ཞིང་། སྒེག་མོ་ལ་སོགས་པ་བརྒྱད་པོ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོའི་ཁང་པའི་དབང་ལྡན་གྱི་མཚམས་རྣམས་སུ་རབ་ཏུ་འཇུག་པར་བྱའོ་ཞེས་པ་ན། རྡོ་རྗེ་སློབ་དཔོན་རབ་
ཏུ་འཇུག་པའོ།། །།དེའི་རྗེས་ལ་ཏིང་ངེ་འཛིན་གསུམ་བསྒོམ་པའི་ཆེད་དུ་ལྷའི་རྣལ་འབྱོར་གྱི་ཆོ་ག་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། བདག་མེད་པ་ལ་ལྷག་པར་མོས་པས་ནང་གི་བདག་ཉིད་ཀྱི་ཁྲུས་བྱས་ནས་ཧཱུཾ་ཡིག་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་
མེ་དང་ཉི་མ་འབར་བར་བསྒོམ་པར་བྱའོ། །སྐུ་མདོག་མཐིང་ནག་ཕྱག་བརྒྱད་པ་ཞལ་བཞི་པའི་རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུས་ཤེས་རབ་ལ་འཁྱུད་པའི་ཚུལ་ཅན། ཕྱག་གཞན་གཉིས་ཀྱིས་རལ་གྲི་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཕྱག་གཉིས་ཀྱིས་འཁོར་ལོ་དང་
ཁ་ཊྭཱཾ་ག །ཕྱག་གཞན་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། རྩ་བའི་ཞལ་ནག་པོ་གཡས་དཀར་པོ། གཡོན་དམར་པོ། རྒྱབ་སེར་པོ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་པ། སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན་པ། གཡོན་བརྐྱང་གིས་ཁྱབ་འཇུག་དང་། དཔལ་མོ་ཀུན་
ནས་མནན་པ། ཁྲོ་བོའི་གཟུགས་ཀྱི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བསྒོམ་པར་བྱའོ། །དེ་ལ་ཧྲཱིཿཡིག་ལས་མགྲིན་པར་པདྨ་འདབ་མ་བརྒྱད་པ་ལྕེའི་པད་འདབ་ལ་ཧཱུཾ་ཡིག་ལས་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པས་མཚན་པ་བསྐྱེད་ལ་འདིས་བྱིན་གྱིས་བརླབས་ན་རྡོ་རྗེའི་ལྕེའོ། །ལག་པ་
གཉིས་ལ་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་གཉིས་སོ། །དེ་དག་གི་སྟེང་དུ་ཧཱུཾ་ཡིག་གཉིས་ལས་རྡོ་རྗེ་རྩེ་ལྔ་པ་གཉིས་བསམ་པར་བྱའོ། །ལག་པའི་སོར་མོ་རྣམས་ཀྱང་རྩེ་མོའི་རྣམ་པས་བགེགས་རྣམས་འཇོམས་པར་བྱའོ། །ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐྐ་ཧཱུཾ་བཾ། ཁྲོ་བོ་ཁྱོད་ཀྱིས་འདི་རྣམས་
བཅིང་བར་བྱའོ། །ཨོཾ་གྲྀཧྣ་བཛྲ་ས་མ་ཡ་ཧཱུཾ་བཾ། རྡོ་རྗེ་བཅིངས་པའི་མཐིལ་དུ་བྱས་ནས་གཡོག་པར་བྱའོ། །ཁྲོ་བོའི་སེམས་ཀྱིས་རྡོ་རྗེ་མཐེབ་ཆེན་གྱིས་བཅད་ཅིང་ཁྲོ་བོ་ཁྱོད་ཀྱིས་འདི་རྣམས་དྲན་པར་བྱའོ། །དེ་ནས་མེ་ཏོག་ཕྲེང་བ་ལ་སོགས་པའི་དབང་འཛིན་པས་ཨོཾ་བཛྲ་ཛྭ་ལཱ་
ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་ཏུ་མཱཾ། རྡོ་རྗེ་བཅིངས་པའི་མཐེབ་ཆེན་གཉིས་ཀྱི་ཚིགས་ཀྱིས་མཉེས་པས་མགོ་བོ་དང་དཔྲལ་བའི་སྟེང་དུ་རྣ་བ་གཡས་པའི་སྟེང་དང་རྒྱབ་དང་རྣ་བ་གཡོན་གྱི་སྟེང་དུ་གཟུང་བར་བྱའོ། །འདི་རྣམས་རྡོ་རྗེ་ཁྱོད་ཀྱིས་བྱའོ། །ཨོཾ་ཊུཾ་གི་གོ་ཆས་བགོ་བར་བྱའོ། །རྡོ་རྗེ་ཁུ་ཚུར་
གཉིས་ཀྱིས་སྙིང་གར་མདུད་པའི་ཚུལ་བྱའོ། །དེ་བཞིན་དུ་མགྲིན་པ་དང་རྒྱབ་དང་སླར་ཡང་སྙིང་ག་དང་ནུ་མའི་བར་དང་སླར་ཡང་སྙིང་ག་དང་མགྲིན་པ་དང་རྒྱབ་དང་དཔྲལ་བར་མདུད་པའི་ཚུལ་རྣམས་བྱས་ནས་མགོ་བོར་ཅོད་པན་གྱི་དབང་བསྐུར་སྦྱོར་བའི་མཐར་མཉམ་པ་ཉིད་ཀུན་
གཞི་དང་ལྡན་པ་རྡོ་རྗེ་དགྱེས་པ་ཞེས་སོ། །ཨོཾ་བཛྲ་ཛྭ་ལཱ་ནཱ་ལརྐཱ་ཧཱུཾ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཀོད་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་བགེགས་ཐམས་ཅད་ལ་འཕང་བར་བྱའོ། །དེ་ནས་རྡོ་རྗེ་མེ་འོད་ཀྱི་ང་རྒྱལ་གྱིས་བགེགས་སྲེག་པ་ལ་སོགས་པ་བྱའོ། །ཨོཾ་བཛྲཱ་ནཱ་ལ་
ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ནང་དུ་རྡོ་རྗེ་བཅིངས་ལ་མཐེབ་ཆེན་གྱིས་རྡོ་རྗེ་བསླངས་པ་སོར་མོ་རྣམས་འབར་བའི་སྙིང་པོའོ། །འདི་ནི་རྡོ་རྗེ་མེ་འོད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྗེས་སུ་རྡོ་རྗེའི་མིག་གིས་བགེགས་ཐམས་ཅད་བཅིང་བར་བྱ་བ་ནི་རྡོ་རྗེ་བཅིངས་ནས་གཡོན་པ་དང་ཅིག་ཤོས་
རབ་ཏུ་བརྐྱང་སྟེ་མིག་གཉིས་ལ་དགོད་པར་བྱ་བ་ནི་རྡོ་རྗེ་མིག་གི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྲུང་བའི་ང་རྒྱལ་གྱིས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་ར་ཀྵ་སརྦཾ་སྭཱ་ཧཱ། རབ་ཏུ་བརྐྱངས་པའི་རྡོ་རྗེ་བཅིངས་བས་གཞི་ལ་རབ་ཏུ་བཀོད་པ་ནི་རྡོ་རྗེ་བསྲུང་བའི་དམ་ཚིག་
གི་ཕྱག་རྒྱའོ། །དེའི་རྗེས་ལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་སྟེང་བཅིང་བར་བྱའོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཞིང་སྤྱི་བོར་སྡིགས་མཛུབ་ལྕགས་ཀྱུའི་རྣམ་པས་གཟུང་བར་བྱ་བ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་མིག་གི་ཕྱག་རྒྱའོ། །དེ་
བཞིན་དུ་སྟེང་བཅིང་བར་བྱ་ཞིང་རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་གྱིས། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་ཐལ་མོས་མཐེབ་ཆེན་གཉིས་རབ་ཏུ་བརྐྱང་སྟེ་སྡིགས་མཛུབ་གཉིས་མཆེ་བ་བཞིན་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་གཙུག་ཏོར་འཁོར་ལོས་
སྒྱུར་བའི་ང་རྒྱལ་གྱིས་ཤར་ལ་སོགས་པའི་ཕྱོགས་བཅིང་བར་བྱའོ། །ཨོཾ་དྲུཾ་བྷནྡྷ་ཧཱུཾ། ཡང་ན་དྲུཾ་ཞེས་སོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ལྕགས་སྒྲོག་བཅིངས་ཏེ་སྡིགས་མཛུབ་གཉིས་ཀྱི་རྩེ་མོ་གདོང་དུ་ཡོངས་སུ་འཁོར་བ། གཙུག་ཏོར་དུ་དགོད་པ་ནི་རྡོ་རྗེ་གཙུག་ཏོར་གྱི་དམ་ཚིག་
གི་ཕྱག་རྒྱའོ། །དེའི་རྗེས་ལ་རྡོ་རྗེ་ཞགས་པའི་ང་རྒྱལ་གྱིས་བགེགས་ཐམས་ཅད་བཅིང་བར་བྱའོ། །ཨོཾ་བཛྲ་པཱ་ཤ་ཧྲཱིཿརྡོ་རྗེ་ཁུ་ཚུར་གཉིས་རབ་ཏུ་བརྐྱང་སྟེ། དཔུང་པར་མདུད་པ་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་གྱིས་ནུབ་ཀྱི་ཕྱོགས་བཅིང་བར་བྱའོ། །ཨོཾ་བཛྲ་
བཱ་ཏ་ཀེ་པ་ཏཾ་ཀེ་ནི་རཊ། རྡོ་རྗེ་བཅིངས་པས་མཐེབ་ཆེན་གཉིས་སྐྱིལ་ཀྲུང་བྱས་ཏེ་རྩེ་མོར་བྱས་ལ་རྩེ་མོ་མཉམ་པའི་ཁ་བྱེ་བའི་གདོང་གི་རྩེ་མོ་ནི་བ་དན་གྱི་དམ་ཚིག་གི་ཕྱག་རྒྱའོ། །ཟ་བཞིན་པའི་མཐར་རྣམ་པར་དྲལ་བའི་བ་དན་ནི་རྡོ་རྗེ་བ་དན་གྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་དུས་ཅན་གྱི་ང་རྒྱལ་
གྱིས་བགེགས་རྣམས་ཟ་བར་བྱ་ཞིང་བྱང་ཕྱོགས་བཅིང་བར་བྱའོ། །ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཞིན་དུ་གདོང་དུ་བསྟན་པར་བྱ་བ་ནི་རྡོ་རྗེ་དུས་ཅན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་རྩེ་མོའི་ང་རྒྱལ་གྱིས་ལྷོ་ཕྱོགས་བཅིང་བར་བྱའོ། །ཨོཾ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ། རྡོ་རྗེ་
ཁུ་ཚུར་གཉིས་ཀྱིས་རི་བོ་འགུགས་པའི་ཚུལ་བྱས་ནས་ལྷོ་ཕྱོགས་ཀྱི་བགེགས་རྣམས་ལ་བསྣུན་པར་བྱའོ། །རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །དེ་ལ་རྡོ་རྗེ་ལས་ཀྱི་ང་རྒྱལ་གྱིས་རྡོ་རྗེའི་ར་བ་སྦྱིན་པར་བྱའོ། །ཧཱུཾ་བཛྲ་ཀརྨ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་ཕན་ཚུན་དུ་རྒྱབ་གཉིས་སྦྱར་ལ་མཐེའུ་ཆུང་གཉིས་ལྕགས་
སྒྲོག་ཏུ་བྱས་ལ་སྡིགས་མཛུབ་དང་གུང་མོ་དག་བསླང་ལ་མིང་མེད་སྦ་བར་བྱའོ། །རྡོ་རྗེ་ལས་ར་བའི་ཕྱག་རྒྱའོ། །དེའི་རྗེས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ནང་གི་ར་བ་བྱའོ། །བཛྲ་ཧཱུཾ་ཀ་རེ་ཎ་ཧཱུཾ། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ལས་དབུས་མ་གཉིས་བསྐུམ་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་
ཕྱག་རྒྱའོ། །དེ་ནས་རྡོ་རྗེ་མཚམས་ཀྱི་ང་རྒྱལ་གྱི་རྡོ་རྗེའི་གུར་སྦྱིན་པར་བྱའོ། །ཨོཾ་བཛྲ་བནྡྷ་བཾ། རྡོ་རྗེ་བཅིངས་ནས་སྟེང་དུ་འགྱིང་ཞིང་རབ་ཏུ་བརྐྱང་བ་ནི་གུར་གྱི་ཕྱག་རྒྱའོ། །སླར་ཡང་རྡོ་རྗེ་མེ་འོད་ཀྱི་ང་རྒྱལ་གྱིས་དེའི་ཕྱག་རྒྱ་དང་ལྡན་པས་མཆོད་པའི་ཡན་ལག་རྣམས་སྦྱང་བར་བྱའོ། །ཨོཾ་བཛྲཱ་ནཱ་
ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་དུང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ། སླར་ཡང་རྡོ་རྗེ་བསྲུང་བའི་ཕྱག་རྒྱས་དུང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་རཀྵ་ཨ། སླར་ཡང་རྡོ་རྗེ་རྩེ་མོའི་ཕྱག་རྒྱས་དུང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་
བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་ཞེས་བྱ་བ་ནི་དུང་གསུམ་མོ། །སླར་ཡང་དུང་གསུམ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་དང་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་དྷཱ་ཏུ་ཧཱུཾ། དེའི་དུང་གི་ཆུས་མཆོད་པ་ཐམས་ཅད་བསང་གཏོར་བྱའོ། །
ཨོཾ་བཛྲ་རཀྵ་ཧཱུཾ། ཞེས་པའི་སྔགས་ཀྱིས་སོ། །ཨོཾ་བཛྲ་པུཥྤེ་ཧཱུཾ། མེ་ཏོག་གོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། བདུག་སྤོས་སོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། མར་མེའོ། །ཨོཾ་བཛྲ་གནྡྷེ་ཧཱུཾ། དྲིའོ། །ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། ཞལ་ཟས་སོ། །རང་རང་གི་ཕྱག་རྒྱ་དང་ལྡན་པས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་
སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ། རལ་གྲིའི་ཕྱག་རྒྱས་གཏོར་མ་སྟེ། རྡོ་རྗེ་བཅིངས་ནས་རལ་གྲི་འདྲེན་པ་ནི་རལ་གྲིའི་ཚུལ་ལོ། །གཞན་མཆོད་པའི་ཡན་ལག་རྣམས་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲཱ་ས་ནེ་ཧཱུཾ་གདན་ནོ། །འདི་ནི་སྲུང་བའི་
འཁོར་ལོའོ།། །།དེའི་རྗེས་ལ་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་མདུན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་པར་བྱའོ། །ཨོཾ་བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་རྩེ་མོ་གཉིས་ཀྱི་མཐར་རྡོ་རྗེ་བཅིངས་པས་སོ། །རྡོ་རྗེ་འཁོར་ལོ་ཞེས་རྣམ་པར་གྲགས་པའི་དཀྱིལ་འཁོར་ཐམས་ཅད་
བསྒྲུབ་པའོ། །འདིས་ཕྱོགས་ཐམས་ཅད་དུ་གཡས་སུ་བསྐོར་བས་དཀྱིལ་འཁོར་ཐམས་ཅད་བསྲུང་བར་བྱའོ། །དེའི་ཕྱག་རྒྱས་གདོང་དུ་བལྟས་ནས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་ཞུགས་པར་བྱའོ། །དེ་ནས་མངོན་སུམ་དུ་དཀྱིལ་འཁོར་བལྟས་ནས་
རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་དགུག་པ་དང་གཞུག་པར་བྱའོ། །བཅིང་བ་དང་དབང་དུ་བྱ་བ་རྣམས་བྱས་ཏེ། མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །ཨོཾ་བཛྲཱཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། ཨོཾ་བཛྲཱ་བེ་ཤ་ཧོཿ། དེ་ནས་མཆོད་ཡོན་གྱི་ཕྱག་རྒྱས་
མཆོད་ཡོན་དབུལ་བར་བྱའོ། །ཨོཾ་བཛྲ་དྷཱ་ཏུ་པྲ་བཱ་ར་སཏྐཱ་རཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལན་གསུམ་དུའོ། །ཨོཾ་བཛྲ་དྷཱ་ཏུ་པྲ་བཱ་ར་སཏྐཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་བར་བྱའོ། །ཨོཾ་བཛྲ་དྷཱ་ཏུ་པྲ་བཱ་ར་སཏྐཱ་ར་ཨཉྩ་མན་པྲ་ཏཱིཙྪ་སྭཱ་ཧཱ། ཞལ་བསིལ་ལོ། །ཨོཾ་བཛྲ་རཀྵ་ཧཱུཾ། བསང་གཏོར་བྱའོ། །དེ་ནས་དཀྱིལ་
འཁོར་ལ་མེ་ཏོག་དགོད་པར་བྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ཧཱུཾ་དབུས་སོ། །ཨོཾ་དྷཱ་ཏུ་ཧཱུཾ་ཤར་དུའོ། །ཨོཾ་བཛྲ་རཏྣ་ཏྲཱཾ་ལྷོ་རུའོ། །ཨོཾ་བཛྲ་དྷརྨ་བཛྲ་ཧྲཱིཿནུབ་ཏུའོ། །ཨོཾ་ཀརྨྨ་བཛྲ་ཨཿབྱང་དུའོ། །ཨོཾ་བཛྲ་སཏྭ་ཧཱུཾ་མི་བསྐྱོད་པའི་མདུན་དུའོ། །ཨོཾ་བཛྲ་རཱ་ཛ་ཛཿམི་བསྐྱོད་པའི་གཡས་སོ། །ཨོཾ་བཛྲ་རཱ་ག་ཧོ་མི་
བསྐྱོད་པའི་གཡོན་ནོ། །ཨོཾ་བཛྲ་སཱ་དྷུ་སཿམི་བསྐྱོད་པའི་རྒྱབ། ཨོཾ་བཛྲ་རཏྣ་ཏྲཾ། ཨོཾ་བཛྲ་ཏེ་ཛ་ཨཾ། ཨོཾ་བཛྲ་ཀེ་ཏུ་ཏྲཾ། ཨོཾ་བཛྲ་ཧཱ་ས་ཧཱུཾ། མི་བསྐྱོད་པ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་ཡང་ངོ་། །ཨོཾ་བཛྲ་དྷརྨ་ཧྲཱིཿཨོཾ་བཛྲ་ཏཱིཀྵ་དྷཱཾ། ཨོཾ་བཛྲ་ཧེ་ཏུ་མཱཾ། ཨོཾ་བཛྲ་བྷཱ་ཥ་རཾ། སྔོན་མ་བཞིན་དུ་འོད་དཔག་མེད་ཀྱི་
ཡང་ངོ་། །ཨོཾ་བཛྲ་ཀརྨྨ་ཀཾ། ཨོཾ་བཛྲ་རཀྵ་ཧཱུཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སནྡྷི་བཾ། སྔོན་མ་བཞིན་དུ་དོན་ཡོད་གྲུབ་པའིའོ་ཞེས་པ་འདིའི་སྙིང་པོ་རེ་མིག་གོ། །ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿཨོཾ་བཛྲ་ཎྲྀ་ཏྱེ་ཨཱཿ། ཕྱིའི་མེ་ཏོག་ལ་སོགས་པའི་དཀྱིལ་འཁོར་གྱི་མཚམས་
བཞི་ལ་ཕྱིའི་དཀྱིལ་འཁོར་གྱི་ཟུར་བཞི་རྣམས་སུ་བདུག་སྤོས་མ་ལ་སོགས་པ་རྣམས་སོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿཨོཾ་བཛྲ་གནྡྷེ་ཨཿདེ་ནས་ཤར་ལ་སོགས་པའི་སྒོའི་ལོགས་དག་ཏུ། ཨོཾ་མཻ་ཏྲི་ཡ་ཧ་ར་ཎཱ་ཡ་སྭཱ་ཧཱ། ཨོཾ་ཨ་མོ་གྷཱ་དརྴི་ནི་ཧཱུཾ། ཨོཾ་སརྦ་པཱ་པཾ་ཛ་ཧ་
སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུཾ། ཨོཾ་བཛྲ་ཤོ་ཀ་ཏ་མོ་ན་རྒྷ་ཏ་ན་མ་ཏི་ཧཱུཾ། ཤར་དུ། ཨོཾ་བཛྲ་གནྡྷ་ཧ་སྟི་ནེ་ཧཱུཾ། ཨོཾ་སཱུ་རཾ་ག་མེ་ཧཱུཾ། ཨོཾ་ག་ག་ནེ་ག་ན་ལོ་ཙ་ནེ་ཧཱུཾ། ཨོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་བ་ཏི་ཧཱུཾ། ལྷོ་རུའོ། །ཨོཾ་ཨ་མྲི་ཏ་བྷཻ་ཨ་མྲྀ་ཏ་བ་ཏི་ཧཱུཾ། ཨོཾ་ཙནྡྲེ་ཙནྡྲ་སྠེ་ཙནྡྲ་བྱ་བ་ལོ་ཀ་ནི་སྭཱ་ཧཱ། ཨོཾ་བྷ་དྲ་བ་ཏི་བྷ་དྲ་པཱ་ལེ་སྭཱ་ཧཱ། ཨོཾ་
ཛཱ་ལི་ནི་མ་ཧཱ་ཛཱ་ལི་ནི་ཧཱུཾ་ནུབ་ཏུའོ། །ཨོཾ་བཛྲ་གརྦྷེ་ཧཱུཾ། ཨོཾ་བཛྲ་ཡཀྵ་ཡེ་ཧཱུཾ། ཡཀྵཱ་ཡ་ཀརྨཱ་བ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་པྲ་ཏི་བྷ་ཎ་ཀུ་ཊེ་སྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲ་ཧཱུཾ། བྱང་དུ་ཨོཾ་བཛྲཱཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲཱ་བེ་ཤ་ཧོཿ། ཤར་ལ་སོགས་པའི་སྒོ་རྣམས་ལ་སླར་ཡང་རྣམ་
པར་སྣང་མཛད་ཀྱི་མདུན་དུ། ཨོཾ་སཏྭ་བཛྲི་ཧཱུཾ། ལྷོ་རུ། ཨོཾ་རཏྣ་བཛྲི་ཏྲཱཾ། ནུབ་ཏུ། ཨོཾ་དྷརྨྨ་བཛྲི་ཧྲཱིཿབྱང་དུ། ཨོཾ་ཀརྨ་བཛྲི་ཨཱཿཞེས་པ་ནི་མེ་ཏོག་དགོད་པའི་རིམ་པ་ཇི་ལྟ་བ་བཞིན་ནོ། །དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་སྟེ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ། ཨོཾ་ཨཱཿབཛྲ་
དྷཱུ་པེ་ཧཱུཾ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ། ཨོཾ་ཨཱཿབཛྲ་ནེ་བི་དྱེ་ཧཱུཾ། དེ་ནས་སྒེག་མོ་ལ་སོགས་པ་བརྒྱད་ཀྱི་ཕྱག་རྒྱ་བཅིངས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོདྦྷ་བདཱ་ན་པཱ་ར་མི་ཏ་པཱུ་ཛྱེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་བ་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛྱེ་ཏྲཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་བཀྵཱནྟི་པཱ་ར་མི་ཏཱ་པཱུ་ཛྱོ་ཧྲཱིཿ། ཨོཾ་སརྦ་ཏ་
ཐཱ་ག་ཏོདྦྷ་བ་མ་ཧཱ་བཱིརྱ་པཱ་ར་མི་ཏ་པཱུ་ཛྱེ་ཨཿ། ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་པཱ་པ་བི་ཤོ་དྷ་ནི། དྷ་མ་དྷ་མ། དྷཱུ་པ་ཡ་དྷཱུ་པ་ཡ། དྷྱཱ་ན་པཱ་ར་མི་ཏ་པཱུ་ཛྱེ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་བ་སརྦ་དུརྒ་ཏི་ཤོ་དྷ་ནི་པུཥྤ་བྱཱ་ལོ་ཀེ་ནེ་པྲཛྙཱ་པ་ར་མི་ཏཱ་པཱུ་ཛྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་སརྦ་པཱ་པ་བི་ཤོ་དྷ་ནི་ཛྙཱ་ན་ལོ་ཀ་ཀ་རི་པྲ་ཎི་དྷི་པཱ་ར་མི་
ཏ་པུ་ཛྱེ་ཧྲཱིཿཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་པཱ་པ་གནྡྷ་ནཱ་ཤ་ནི་བཛྲ་གནྡྷོ་པ་ཡ་པཱ་ར་མི་ཏ་པཱུ་ཛྱེ་ཨཱཿཧཱུཾ་ཕཊ། འདིར་དེ་ནས་གསུངས་པའི་ལས་ཀྱི་ཕྱག་རྒྱས་ཡང་དག་པར་མཆོད་དེ། དེ་ནས་དྲིལ་བུ་དཀྲོལ་བར་བྱ་སྟེ། ཆོས་མེད་གཡོ་མེད་རང་བཞིན་སྙིང་པོའི་ཆོས་ཉིད་ཅན། །བརྩེ་བའི་བདག་ཅན་འགྲོ་བའི་
སྡུག་བསྔལ་འཕྲོག་བྱེད་པ། །ཀུན་ནས་ཡོན་ཏན་དངོས་གྲུབ་ཀུན་ནི་སྩོལ་མཛད་ཅིང་། །དྲི་མེད་གཡོ་མེད་མི་མཆོག་མཚུངས་མེད་ཆོས་ཅན་ཏེ། །ནམ་མཁའ་དང་མཚུངས་དཔེ་ནི་གཅིག་ཉིད་མེད་གྱུར་ཅིང་། །ཡོན་ཏན་ཆ་ཤས་ཕྱེ་མའི་ཟེགས་མའང་མཚམས་མེད་པ། །རྟག་ཏུ་སེམས་ཅན་
ཁམས་ལ་མཆོག་གི་དངོས་གྲུབ་སྩོལ། །དཔེ་དང་བྲལ་བ་འདི་ནི་སྔགས་ཀྱི་དངོས་གྲུབ་བོ། །རྟག་ཏུ་དྲི་མེད་སྙིང་རྗེའི་ཤུགས་ཀྱིས་བཞེངས་གྱུར་ཅིང་། །སྨོན་ལམ་གྲུབ་ཅིང་འགག་མེད་བདེ་བ་ཉིད་དུ་འཇུག །འགྲོ་བའི་དོན་གྲུབ་པ་ལ་མཆོག་ཏུ་ཉེ་བར་བསྙེན། །བརྩེ་བ་ཆེན་པོས་བདག་ཉིད་
རྟག་ཏུ་གསལ་བར་མཛོད། །འགག་མེད་སྙིང་རྗེའི་སྤྱོད་པ་གཡོ་མེད་རབ་འཇུག་པ། །འཇིག་རྟེན་གསུམ་དུ་མཆོག་གི་བདེ་བ་སྩོལ་མཛད་པ། །དཔག་མེད་དཔག་ཏུ་མེད་པར་ལེགས་པར་ཡོངས་རྫོགས་གྱུར། །བདེ་གཤེགས་འཇུག་པའང་ལེགས་པའི་ཆོས་ཉིད་ངོ་མཚར་ཅན། །
དམ་ཚིག་གསུམ་མཆོག་དངོས་གྲུབ་མཆོག་ཉིད་བདག་ལ་སྩོལ། །མཆོག་གི་སྦྱིན་པ་ཉིད་ནི་བརྩེར་འགྱུར་རྟག་ཏུ་བསྟེན། །མགོན་པོ་དུས་གསུམ་གཤེགས་རྣམས་སྒྲིབ་པ་མི་མངའ་བས། །འཇིག་རྟེན་གསུམ་པོ་ཀུན་ལ་དངོས་གྲུབ་མཆོག་སྩོལ་མཛོད། །ཅེས་པའི་བསྟོད་པ་ཉེ་བར་
བསྡུས་ནས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་ལྔ་ཡི་ཕྱག་བྱའོ། །ཤར་གྱི་ཕྱོགས་ནས་ལུས་ཀྱི་རྡོ་རྗེའི་ཐལ་མོ་སྦྱར་བ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མྱ་ན་བཛྲ་བནྡ་ནཾ་ཀ་རོ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པ་སྠཱ་ན་ཡཱདྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དྷི་
ཏིཥྛ་སྭ་མཱཾ། ལྷོ་ནས་རྡོ་རྗེའི་ཐལ་མོ་སྦྱར་བ་སྙིང་གར་བཟུང་སྟེ་དཔྲལ་བ་ས་ལ་རེག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཥེ་ཀ་ཡཱདྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ནུབ་ནས་རྡོ་རྗེའི་ཐལ་མོ་སྤྱི་བོར་སྦྱར་བ་གདོང་དུ་བཟུང་སྟེ་ས་ལ་རེག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་
ཛ་པྲ་བརྟ་ན་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱ། བྱང་ནས་མགོ་བོས་ཕྱག་འཚལ་བའི་ཐལ་མོ་སྦྱར་བ་སྙིང་གར་བཟུང་སྟེ་ས་གཞི་ལ་རེག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨཱ་ཎཱཾ་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ཀརྨྨ་ཀུ་རུ་སྭ་མཱཾ། དེ་ནས་པུས་མོའི་ལྷ་ང་ས་
ལ་རབ་ཏུ་བཙུགས་ཏེ། སྙིང་གར་ཐལ་མོ་སྦྱར་ནས་སྡིག་པ་རབ་ཏུ་བཤགས་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་ཕྱག་རྒྱ་
དང་གསང་སྔགས་དང་རིག་སྔགས་དང་ལྷ་རྣམས་ཐམས་ཅད་ཀྱི་བདག་མིང་འདི་ཞེས་བགྱི་བས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་བགྱིས་ཏེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་
གསང་སྔགས་དང་རིག་སྔགས་དང་ལྷ་རྣམས་ཐམས་ཅད་ཀྱི་མདུན་དུ་ཡང་སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས་སོ། །ཕྱོགས་བཅུ་རབ་འབྱམས་རྣམས་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རང་སངས་རྒྱས་
རྣམས་དང་འཕགས་པ་ཉན་ཐོས་རྣམས་དང་ཡང་དག་པར་སོང་བ་དང་ཡང་དག་པར་རྒྱུན་དུ་ཞུགས་པ་རྣམས་དང་། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་མི་བསྐོར་བ་ཐམས་ཅད་ལ་
ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་འདེབས་སོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ཐམས་ཅད་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་ཞེས་པ་ནི་སྡིག་པ་བཤགས་པ་ལ་སོགས་པའོ། །དེ་ནས་མཆོད་པ་རྣམ་པ་ཉི་ཤུ་
བྱ་སྟེ། སྔགས་དང་ཕྱག་རྒྱ་དང་བཅས་པས་དེ་ནས་མེ་ཏོག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་སྤོས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་
གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྣང་གསལ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ།
ཕྱག་འཚལ་ཞིང་ཐལ་མོ་སྦྱར་བས་རིན་པོ་ཆེའི་རྣམ་པར་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་རཏྣཱ་ལཾ་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཚུལ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱ་ལཱ་སྱ་ར་ཏི་ཀྲཱྀཌ་སཽ་ཁྱཱ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་
དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གོས་རབ་ཏུ་འབུལ་བའི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་བསྟྲཱ་ལཾ་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་
ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲོདྦྷ་བ་དཱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྲེང་བའི་ལས་ཀྱི་ཕྱག་རྒྱ་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་སཱ་རཱ་པ་རི་ཏྱཾ་གཱ་ནུཏྟ་ར་བཱིརྱཱ་པཱ་ར་མི་ཏ་བོ་དྷྱཾ་
ཧ་ར་ཤཱི་ལ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གླུ་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་དྷརྨ་བོ་དྷི་ཀྵཱནྟི་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གར་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་སཱ་ར་པ་རི་ཏྱཱཾ་གཱ་ནུཏྟ་ར་བཱིརྱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་
ཡེ་ཧཱུཾ། བདུག་སྤོས་མའི་ལས་ཀྱི་ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་སཽ་ཁྱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་ཀླེ་ཤ་ཙྪེ་དཱ་ནི་མ་ཧཱ་པྲཛྙཱ་པ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྣང་གསལ་མའི་
ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཎི་དྷི་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པཱ་ཡ་གནྡྷ་ན་ཤ་ནི་བཛྲ་གནྡྷོ་པ་ཡ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྤྱི་བོར་ཕྱག་འཚལ་བའི་ཐལ་མོ་སྦྱར་ནས་འདི་ཉིད་
བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གདོང་དུ་ཐལ་མོ་སྦྱར་བ་ཅུང་ཟད་དབྱེ་བས་འདི་ཉིད་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་ཙིཏྟ་ནཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྙིང་གར་ཐལ་མོ་ཡང་དག་པར་སྦྱར་བས་འདི་ཉིད་བརྗོད་པར་
བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནཱིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། འཁྱུད་པའི་ཚུལ་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ནཱི་རྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་མཆོད་པའི་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ནས་བདག་ཉིད་
དབུལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཕུལ་ནས་དུས་ཐམས་ཅད་རྒྱུན་དུ་བདག་ཡོངས་སུ་གཟུང་དུ་གསོལ། མགོན་པོ་བརྩེ་བ་ཆེན་པོ་རྣམས་ཀྱིས་དམ་ཚིག་ཆེན་པོ་རྣམས་ཀྱང་སྩལ་དུ་གསོལ། དེ་ནས་ཡང་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་
ཐུན་མོང་དུ་བྱས་ཏེ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ཡིན་པ་ཐམས་ཅད་དང་བྲལ་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་ཞིང་དགའ་བ་དང་བཅས་
ཤིང་ཡིད་བདེ་བ་དང་བཅས་པས་མིའི་མཆོག་སངས་རྒྱས་སུ་གྱུར་ཅིག །བདག་གི་དགེ་བའི་རྩ་བ་འདི་དང་བདག་གི་དགེ་བའི་ལས་ཀྱིས་ཡུན་མི་རིང་བར་སངས་རྒྱས་ནས་འཇིག་རྟེན་རྣམས་ལ་ཆོས་སྟོན་ཅིང་འགྲོ་ལ་ཕན་པ་དང་རྟག་ཏུ་སེམས་ཅན་སྡུག་བསྔལ་མང་པོས་མནར་བ་རྣམས་བསྒྲལ་བའི་
ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་མཆོག་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་
བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེ་ནས་བརྩམས་ཏེ་གཟུང་བར་
བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་སོ་སོར་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་
ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཅན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཀུན་ནས་སོ་སོར་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་
ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སྡོམ་པ་མ་ལུས་གཟུང་བགྱིས་ན། །མ་བསྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་
འདས་ལ་དགོད། །ཅེས་པས་སྡོམ་པ་གཟུང་བར་བྱའོ། །འདི་ནི་ཐོག་མ་མེད་པ་ནས་ཡང་དག་པར་འགྲུབ་པའི་རྣལ་འབྱོར་རོ། །དེའི་རྗེས་ལ་གཟུགས་བརྙན་ལ་སོགས་པའི་སྦྱོར་བས་ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བས་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། །པད་སྐོར་བྱས་ནས། ཨོཾ་
ཨ་ནྱོ྅ནྱ་ནུ་ག་ཏ། སརྦ་དྷརྨཱཿཐལ་མོ་ཡང་དག་པར་སྦྱར་ནས། ཨོཾ་སྥ་ར་སྥ་རཱ་ནུ་པྲ་བིཥྚཿསརྦ་དྷརྨཱཿརྡོ་རྗེ་ཐལ་མོ་སྦྱར་བས། ཨོཾ་ཨ་ཏྱ་ནྟཱ་ནུ་པྲ་བིཥྚཿསརྦ་དྷརྨཱཿརྡོ་རྗེ་བཅིངས་ནས། ཨོཾ་བཛྲ་བནྡྷ་ཏྲ་ཊ། ལན་གསུམ་རྡོ་རྗེ་བཅིངས་ནས་སྙིང་གར་སྤྲོ་བར་བྱའོ། །རྡོ་རྗེ་བཅིངས་པའི་གྲོལ་བའོ། །རྡོ་རྗེ་དབབ་
པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྙིང་གར་ཨ་ཡིག་ལས་རྡོ་རྗེ་བལྟ་བར་བྱའོ། །ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤཱ་ཤོ་ཏྭ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཨོཾ་བཛྲཱ་བེ་ཤ་ཨཿ། ཨོཾ་སྥ་ར་སྥ་རཱ་ནུ་ག་ཏ་སརྦ་དྷརྨྨཱཿཨོཾ་བཛྲ་མུཥྚི་བཾ། སོ་སོ་སོ་སོར་སྙིང་གར་རྡོ་རྗེའི་ཁུ་ཚུར་
གཟུང་བར་བྱའོ། །དེའི་རྗེས་ལ་རྡོ་རྗེ་བཅིང་བས་བཅིངས་ནས་རྡོ་རྗེའི་ཕྱག་རྒྱ་གཉིས་ཀྱི་བར་དུ་བསླངས་ནས་འཕང་བར་བྱའོ། །སྐད་ཅིག་ལས་སྟེང་དུ་འགྲོ་སྟེ་མཆོག་ཏུ་འདྲེན་པའོ། །ཨོཾ་སརྦཱ་པཱ་ཡཱ་ཀཪྵ་ན་བི་ཤོ་དྷ་ནི་ས་མ་ཡ་ཧཱུཾ་ཕཊ། སྡིག་པ་ལས་འདྲེན་པའོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦཱ་པཱ་ཡ་བནྡྷ་ན་
ནི་པྲ་མོ་ཀྵ་ཡ་སརྦཱ་པཱ་ཡ་ག་ཏི་བྷྱཿསརྦ་སཏྭ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུཾ་ཏྲཊ། ཞེས་བརྗོད་ནས་སྡིག་པ་ལན་གསུམ་དུ་དྲལ་བར་བྱའོ། །རྡོ་རྗེ་བཅིངས་ནས་བརྟན་པར་བྱས་ཏེ། གུང་མོ་ཁར་ལྡན་ཞིང་བཞི་པོ། །མཐར་བྱས་ནས་ཁའི་ནུས་པས་སྡིག་པ་སྐད་ཅིག་ལ་དྲལ་བར་བྱའོ། །རྣམ་པར་སྣང་
མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྔགས་ལན་གསུམ་བརྗོད་པར་བྱའོ། །ཨོཾ་བཛྲ་མུཿཔཱ་པ་བི་ས་ར་ཛ་ནཱཾ། དེ་བཞིན་དུ་ཕྱག་རྒྱ་ཐམས་ཅད་ཀྱིས་འཕེན་པར་བྱེད་པར་འགྱུར་རོ། །འདིས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་དུ་ངེས་པའི་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་པ་འདྲ་བར་འགྱུར་རོ། །
དེ་ནས་རང་གི་ཐུགས་ཀར་གྱུར་པའི་རྡོ་རྗེའི་དབུས་སུ་རྡོ་རྗེ་སེམས་དཔའི་ངོ་བོ་ཡིད་ཀྱིས་གསལ་བར་བྱས་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དབྱངས་ཡིག་བཅུ་དྲུག་དང་བཅས་པ་འདིས་ཟླ་བའི་དཀྱིལ་འཁོར་ལའོ། །སླར་ཡང་ཀ་ཡིག་ལ་སོགས་པའི་གསལ་བྱེད་གཉིས་ལ་
ཟླ་བའི་དཀྱིལ་འཁོར་ལའོ། །དེའི་སྟེང་དུ་སྙིང་གར་རྡོ་རྗེ་རྩེ་ལྔ་པ་དཀར་པོ་འོད་ཟེར་དང་བཅས་པའི་མཚན་མ་བལྟ་བར་བྱའོ། །གཞན་འདི་རྣམས་ཀྱང་རྡོ་རྗེ་ལས་བྱུང་བ་རང་རང་གི་ཕྱག་རྒྱ་དང་སྔགས་དང་མཚན་མ་དབུས་སུ་བཀོད་ནས་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱའོ། །རྡོ་རྗེ་
སེམས་དཔའ་རང་ཉིད་ཀྱི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །རྡོ་རྗེའི་ང་རྒྱལ་དང་འཁོར་ལོའི་ང་རྒྱལ་དང་། སྣ་ཚོགས་རྡོ་རྗེའི་ང་རྒྱལ་ལོ། །རྡོ་རྗེའི་ང་རྒྱལ་དང་། ལྕགས་ཀྱུའི་ང་རྒྱལ་དང་། མདའི་ང་རྒྱལ་དང་། མཉེས་པའི་ང་རྒྱལ་དང་། མེའི་ང་རྒྱལ་དང་། ཉི་མའི་ང་རྒྱལ་
དང་། ཏོག་གི་ང་རྒྱལ་དང་། འཛུམ་པའི་ང་རྒྱལ་དང་། པདྨའི་ང་རྒྱལ་དང་། རལ་གྲིའི་ང་རྒྱལ་དང་། འཁོར་ལོའི་ང་རྒྱལ་དང་། ལྕེའི