Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 62
Văn bản gốc(Tây Tạng)
Trang 4 / 24 (50.000 ký tự/trang)
ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་བུདྡྷ་ཤྲཱི་ཤཱནྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སཏྭ་ཨུ་ད་ཡ་ནཱ་མ་སཱ་དྷ་ནོ་པ་ཡི་ཀ །བོད་སྐད་ དུ། རྡོ་རྗེ་སེམས་དཔའ་འབྱུང་བ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་འགྲོ་བའི་མགོན། །ཡང་དང་ཡང་དུ་ཕྱག་བྱས་ནས། །རྡོ་རྗེ་སེམས་འབྱུང་དགེ་ བ་ཡི། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །དེ་ལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོའི་ཆོ་གས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་ལ་སོགས་པ་ཐོབ་པ་ཅན་གྱི་རྣལ་འབྱོར་པའི་ཕྱིར། འཕགས་པ་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་ག་བསྡུ་བར་ བྱའོ། །དང་པོར་རེ་ཞིག་བདག་མེད་པ་ལ་ལྷག་པར་མོས་པས་ནང་གི་ཁྲུས་བྱས་ནས། ལྐོག་མའི་ཕྱོགས་སུ་ཡི་གེ་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ་དང་། ལྕེའི་པདྨའི་འདབ་མ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ། བཛྲ་ཛི་ཧྭཱ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་ བྱའོ། །ལག་པ་དག་ལ་ཡི་གེ་ཨ་དག་ལས་ཟླ་བའི་དཀྱིལ་འཁོར་གཉིས་དང་། དེའི་སྟེང་དུ་ཡི་གེ་ཧཱུཾ་དག་ལས་རྡོ་རྗེ་རྩེ་ལྔ་པ་གཉིས་དང་། ལག་པའི་སོར་མོ་དག་རྩེ་མོར་བསམས་ནས། བགེགས་བསལ་བ་ལ་སོགས་པ་བྱའོ། །དེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་མེ་ལྟར་འབར་བར་ བདག་ཉིད་སྤྲུལ་ལ། ཨོཾ་གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ་ཞེས་བྱ་བ་བརྗོད་ནས། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །ཡིད་ཀྱིས་ཁྲོས་ནས་དགབ་བྱ་བའི། །རྡོ་རྗེ་མཐེ་བོང་དམ་པོ་སྟེ། །ཁྲོ་བོ་ཏི་རཱིནྟི་རིར་བཤད། །དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་ ཕྱེད་དུ་འདུག་ལ། རྡོ་རྗེ་ཏི་རཱིནྟི་རི་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷིཥིཉྩ་མཱཾ་ཞེས་བྱ་བས་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིང་བའི་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་པས་བླང་བར་བྱའོ། །རྡོ་རྗེ་བསྡམས་པ་སྟེང་ནས་ དགབ་པའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱའོ། །ཨོཾ་ཊུཾ་ཞེས་བྱ་བའི་ཡི་གེ་གཉིས་ཀྱི་གོ་ཆ་འདིས་གོ་བགོས་ནས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ནས། གཡས་པའི་རྡོ་རྗེ་ཁུ་ཚུར་བསོར་ཞིང་བགེགས་ཐམས་ ཅད་ལ་བསྣུན་པར་བྱའོ། །དེ་ནས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་བགེགས་བསྲེག་པ་ལ་སོགས་པ་ནི། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫར་ཎ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། སོར་མོ་འབར་བའི་སྙིང་པོ་ཅན་མཐེ་བོང་རྡོ་ རྗེར་བསྒྲེངས་པ་འདི་ནི་རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྗེས་ལ་བཛྲ་ནཻ་ཏྲི་བནྡྷ་སརྦྦ་བིགྷྣཱཾ་ཞེས་བྱ་བ་ཕྱག་རྒྱ་དང་ལྡན་པས་བགེགས་ཐམས་ཅད་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོང་གཉིས་བརྐྱང་སྟེ། མཉམ་ལ་གཞག་པ་ནི་རྡོ་རྗེ་སྤྱན་གྱི་ཕྱག་རྒྱའོ། ། རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་བཞག་སྟེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་རཀྵ་སརྦཾ་སྭཱ་ཧཱ་ཞེས་བྱ་བ་དང་བཅས་པས་འོག་བཅིང་བར་བྱའོ། །རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་དང་། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཅེས་བྱ་བ་དང་བཅས་པས་སྟེང་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ ལ་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི། རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བྱ་བ་དང་བཅས་པས་དེའི་འོག་ཏུ་ཡང་དེ་ཉིད་བཅིང་བར་ བྱའོ། །རྡོ་རྗེ་ཐལ་མོའི་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱས་ཨོཾ་དྲུཾ་བནྡྷ་ཧཾ་ཞེས་བྱ་བའམ། ཧཱུཾ་ཞེས་བྱ་བ་དང་བཅས་པས་ཤར་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ཏེ་བཟློག་ནས་སྤྱི་བོར་བཞག་སྟེ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཞགས་པ་དང་ཨོཾ་ཧཱུཾ་བཛྲ་པཱ་ཤ་ཧྲཱིཿཞེས་བྱ་བས་དེ་ཉིད་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མ་གཉིས་མདུད་པ་བྱས་པ་ནི་རྡོ་རྗེ་ ཞགས་པའི་ཕྱག་རྒྱའོ། །རྡོ་རྗེ་བ་དན་དང་ཨོཾ་བཛྲ་པཱ་ཏཾ་ཀེ་པཱ་ཏཾ་ཀེ་ནི་ར་ཏྲ་ཊ་ཞེས་བྱ་བས་ནུབ་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱས་ཏེ། མཛུབ་མོ་གཉིས་མཉམ་པོར་གཤིབས་ཏེ་ཕྱེ་ལ། མཐེའུ་ཆུང་གཉིས་བ་དན་ལྟར་བྱ་བ་ནི་རྡོ་རྗེ་བ་དན་ གྱི་ཕྱག་རྒྱའོ། །རྡོ་རྗེ་ནག་མོ་དང་ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ་ཞེས་བྱ་བས་བྱང་བཅིང་བར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྙིང་གར་བསྟན་པར་བྱས་པ་ནི་རྡོ་རྗེ་ནག་མོའིའོ། །རྡོ་རྗེ་རྩེ་མོ་དང་ཨོཾ་བཛྲ་ཤི་ཁ་རི་རུ་ཊ་མ་ཊ་ཞེས་བྱ་བས་ལྷོ་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ ཚུལ་དུ་བྱའོ། །རྡོ་རྗེ་ལས་དང་ཧཱུཾ་བཛྲ་ཀརྨྨ་ཞེས་བྱ་བས་དཀྱིལ་འཁོར་བཅིང་བར་བྱས་ལ་ར་བ་བྱའོ། །ཡང་ནང་དུ་རྡོ་རྗེ་ཧཱུཾ་མཛད་དང་ཧཱུཾ་ཞེས་བྱ་བས་ར་བ་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཁྲིག་མ་བསྣོལ་ཏེ་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ། ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་ བ་མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བྱས་པའོ། །རྡོ་རྗེ་ཧཱུཾ་མཛད་དེ་ཉིད་ལས་མཛུབ་མོ་དང་གུང་མོ་གཉིས་རྡོ་རྗེར་བྱས་པ་ནི་རྡོ་རྗེ་ལས་ཀྱིའོ། །རྡོ་རྗེ་བསྡམས་པ་དང་བཛྲ་བནྡྷ་བཾ་ཞེས་བྱ་བ་ནི་རྡོ་རྗེ་དྲ་བ་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲིའི་ཆུའི་སྣོད་ལས་ལྷའི་ཁང་པའི་ སྒོར་བསང་གཏོར་བྱ་ཞིང་། གཞན་ཡང་རྡོ་རྗེ་རྩེ་མོས་ཡོངས་སུ་བཟླས་པའི་དྲི་ཆུ་དང་། རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པ་བཟླས་པས་མཆོད་པའི་ཡན་ལག་ཐམས་ཅད་བསང་གཏོར་བྱའོ། །ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་བྱ་བ་དང་མེ་ཏོག་གི་ཕྱག་རྒྱས་མེ་ཏོག་གོ། །ཨོཾ་བཛྲ་གནྡྷེ་ཧཱུཾ་ཞེས་བྱ་བ་དང་། དྲིའི་ཕྱག་རྒྱས་དྲིའོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བ་དང་བདུག་པའི་ཕྱག་རྒྱས་བདུག་སྤོས་སོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ། ཨཱདྱ་ནུ་ཏྤནྣ་ཏྭཱཏ་ཅེས་བྱ་བས་རལ་གྲིའི་ཕྱག་རྒྱས་ནི་ལྷ་བཤོས་དང་གཏོར་མའོ། །རྡོ་རྗེ་བསྡམས་པ་ལས་རལ་གྲི་འདེབས་པའི་ཚུལ་དུ་བྱ་བ་ནི་རལ་གྲིའི་ ཕྱག་རྒྱའོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་ཞེས་བྱ་བ་དང་། མར་མེའི་ཕྱག་རྒྱས་མར་མེའོ། །ཏིལ་དང་སོ་བ་དང་ཀུ་ཤ་དང་། མེ་ཏོག་དཀར་པོ་དྲི་ཞིམ་པ་དང་། འབྲས་ཡོས་དང་། ཙནྡན་དང་། ཆུ་དག་དུང་ཆོས་ལ་སོགས་པའི་ནང་དུ་བཅུག་པ་ལ་རྡོ་རྗེ་སྙིམ་པའི་མེ་ཏོག་ཁ་ཕྱེ་བའི་མཆོད་ཡོན་ གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ། དེ་དག་ཐམས་ཅད་གཞག་པར་བྱའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་མདུན་དུ་སྤྲུལ་པར་ བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་མཐེའུ་ཆུང་རྡོ་རྗེ་མདུད། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །འདིས་ཕྱོགས་ཐམས་ཅད་དུ་གཡས་སུ་བསྐོར་བས་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་འགྱུར་རོ། །འདི་ཉིད་ཁར་བཞག་ ལ་བལྟ་བཞིན་དུ། རྡོ་རྗེ་འཁོར་ལོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་བློས་མངོན་སུམ་ལྟ་བུར་དམིགས་ནས། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ ལྔ་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེན་བཛྲ་བནྡ་ནཱཾ་ཀ་རོ་མི་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་སྤྱི་བོར་བརྐྱང་ལ་ལུས་ཐམས་ཅད་ས་ལ་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། དཔྲལ་བ་ས་ལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ། ཁ་ས་ལ་རེག་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་པྲ་བརྟ་ཡ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། ། དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་ཏེ་སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་བྱས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨྨ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨྨ་ཀུ་རུ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་པུས་མོ་གཉིས་ཀྱི་ལྷ་ང་ས་ལ་ བཙུགས་ཏེ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས་སྡིག་པ་ཐམས་ཅད་བཤགས་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་ཆེ་གེ་མོ་ཞེས་བགྱི་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་ དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་ པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་ བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ཐམས་ཅད་ལ། ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བའམ། ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་ བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ ཐམས་ཅད་ལ་དབུལ་བར་བགྱི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ། གང་ཡང་འཇིག་རྟེན་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་ བྲག་ཡིད་ལས་བྱུང་བའམ། རིན་པོ་ཆེའི་འོད་དམ། མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས། འདི་ལྟ་སྟེ་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་ བཅིངས་ལ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་ པར་ཅན་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་ན། རིན་པོ་ཆེའི་རི་བོའམ། རྒྱ་མཚོའི་རིན་པོ་ཆེ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་རཏྣ་ཨཱ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་བཅིངས་ལ། གང་ ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དགོད་པ་དང་། སྒེག་པ་དང་། དགའ་བ་དང་། རྩེད་འཇོའི་བདེ་བའི་བྱེ་བྲག་གང་དག་ཡོད་པ་དེ་རྣམས། འདི་ལྟ་སྟེ་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་ གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་ལ་དབུལ་ བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏོ་ཧཱ་སྱ་ལཱ་སྱ་རཱ་ཏི་ཀྲཱི་ཌ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་འདི་སྤྱི་བོར་བཞག་ལ། ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་ རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་ངམ། གོས་ཀྱི་ཤིང་གང་དག་ཡོད་པ་དེ་རྣམས། འདི་ལྟ་སྟེ་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨཱ་ལཾ་ཀ་ར་ ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་པར་བྱས་ནས། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བྱང་ཆུབ་ཏུ་ སེམས་བསྐྱེད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །སྒེག་མོའི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་འབྱོར་ཅིང་། ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ ཙམ་གྱིས་རག་ལུས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག །དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷྱ་ཧཱ་ར་ཤཱི་ལ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་ པར་བྱའོ། །གླུ་མའི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཀྱིས་ལུས་ལ་ཡང་དག་པར་བརྒྱན་པར་བྱས་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ཞེ་འགྲས་པ་མེད་པར་བཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང་། ཆོས་ ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་དྷརྨྨ་ཨ་བ་བོ་དྷི་ཀྵཱནྟི་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །གར་མའི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་ བརྩོན་པ་དང་ལྡན་པ་དང་། སངས་རྒྱས་ཉིད་དུ་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་ན་སཱ་ར་ཨ་པ་རི་ཏྱཾ་ག་ཨ་ནུཏྟ་ར་མ་ཧཱ་བཱིརྱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་ བྱའོ། །མེ་ཏོག་གི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིག །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་རྣམས་དང་། རིག་ པ་ཐམས་ཅད་དབང་དུ་གྱུར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མཧཱ་སཽ་ཁྱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །བདུག་སྤོས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་ཤེས་རབ་དང་། མངོན་པར་ཤེས་པ་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་། སྒྱུ་རྩལ་དང་ལྡན་ལ་གསང་བའི་ཆོ་ག་ཤེས་པ་དང་དེ་ཁོ་ན་ཉིད་མཐོང་སྟེ། ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨྨ་ས་མནྟ་ཛྙཱ་ན་མཧཱ་པྲཛྙཱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །ལུས་ཀྱིས་བསྙེན་བསྐུར་བྱ་བའི་ཕྱིར། བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་དུ་ཕྱིན་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཐམས་ཅད་དུ་ལྕེ་བརྒྱ་སྟོང་ཕྲག་སྙེད་ཀྱི་སྒོ་ནས། མཉམ་ ཉིད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་མཆོད་པས་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་གཅིག་པའི་སྦྱོར་བས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ལྷག་པར་མོས་ པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་ མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ།ཞེས་བརྗོད་པར་བྱའོ། །དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་མཆོད་ལ། བདག་ཉིད་དབུལ་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་གྱིས། བདག་ དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས། དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། ཞེས་བརྗོད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ ཏེ། དགེ་བའི་རྩ་བ་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ ཡང་དག་པར་ལྡན་པའི་བདེ་བ་ཉིད་དང་། ཡིད་བདེ་བ་ཉིད་ཀྱིས་མིའི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་ སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བའི་ཚོགས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །ད་འདིར་བདག་ནི་མཁའ་འདྲར་གནས་པར་བགྱི། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་སྡོམ་པ་གཟུང་བར་བྱའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། ། དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིག་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་ རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིག་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། ། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་ བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་རྒལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ནས་གཟུགས་བརྙན་ལ་ སོགས་པའི་སྦྱོར་བས་ཕྱག་རྒྱ་བཅིང་བ་ནི། ཇི་སྲིད་འཚོའི་བར་དུ་འདའ་བར་མི་མཛད་དོ་ཞེས་ངེས་པ་བསྐྱེད་ནས་ལས་སྟོན་པར་བྱེད་པའི་སྔགས་ཀྱི་ལས་གང་ཡིན་པ་སྟེ་ངེས་པ་ཉིད་དུ་སྒྲུབ་པར་བྱེད་དོ། །ཕྱག་རྒྱ་དང་སྔགས་ཐམས་ཅད་བརྗོད་པར་འདོད་པའི་སེམས་དང་ལྡན་ པས། མངོན་སུམ་དང་འདྲ་བར་རང་གི་ཕྱག་རྒྱ་དང་། ལྷའི་ང་རྒྱལ་འཆང་བས་ཕྱག་རྒྱ་ཐམས་ཅད་བཅིང་བ་དང་། ཆོ་ག་ཐམས་ཅད་ནན་ཏན་དུ་བྱའོ། །ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦྦ་དྷརྨྨཱཿཞེས་བྱ་བས་ཐལ་མོ་ཁ་སྦྱོར་བཅིང་བར་བྱའོ། །སྥ་ར་སྥ་ར་ཨ་ནུ་ག་ཏ་སརྦྦ་དྷརྨྨཱཿབཛྲ་ཨཉྫ་ལི་ཞེས་བྱ་ བས་རྡོ་རྗེ་ཐལ་མོ་བཅིང་བར་བྱའོ། །ཨ་ཏྱནྟ་ཨ་ནུ་པྲ་བིཥྚཱཿསརྦྦ་དྷརྨྨཱཿབཛྲ་བནྡྷ་ཞེས་བརྗོད་དེ་རྡོ་རྗེ་བསྡམས་པ་བཅིང་བར་བྱའོ། །བཛྲ་བནྡྷ་ཏྲ་ཊ་ཞེས་བྱ་བས། རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ཡི་གེ་ཨཿས་བདག་ཉིད་ལ་དབབ་པར་བྱའོ། །དེ་ཡང་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་བྱ་བ་འདིས་བརྟན་པར་བྱའོ། །བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་ བརྗོད་པར་བྱའོ། །དེ་ནས་རང་གི་སྙིང་གར་ཚུད་པའི་རྡོ་རྗེའི་ལྟེ་བར་བཛྲ་སཏྭ་ཞེས་བྱ་བ་རྣམ་པར་བསམས་ལ། དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་སྙིང་པོ་དེ་ཉིད་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ལས། རང་གི་སེམས་ ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དང་། དེའི་སྟེང་དུ་སྙིང་པོ་དེ་ཉིད་དང་ཡི་གེ་ཀ་ལ་སོགས་པ་སྐར་མའི་རྣམ་པ་ལྟ་བུ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་དང་། ཡང་དེའི་སྙིང་པོ་དང་བཅས་པ་ཡོངས་སུ་གྱུར་པ་ལས་དང་པོའི་རྡོ་རྗེ་དང་། དེའི་དབུས་སུ་སྙིང་པོ་རྣམ་ པར་བསམས་ལ། བཛྲོ་ཧཾ་ཞེས་བསྒོམ་པར་བྱའོ། །རྡོ་རྗེ་དེ་ལས་དེ་བཞིན་གཤེགས་པའི་རིགས་སུ་སྤྲུལ་ལ། དེས་སེམས་ཅན་གྱི་དོན་བྱས་ནས་བསྡུ་བའི་སྦྱོར་བས་དེ་ལ་གཞུག་པར་བྱའོ། །དེ་ནས་བཛྲ་སཏྭ་ཧཾ་ཞེས་བརྗོད་ཅིང་། སེམས་དཔར་བྱིན་གྱིས་ བརླབ་པའི་སྦྱོར་བས། བདག་ཉིད་རྡོ་རྗེ་སེམས་དཔར་ལྷག་པར་མོས་པར་བྱས་ནས། བསྙེམས་པ་དང་བཅས་པས་རྡོ་རྗེ་བསོར་ཞིང་ཡང་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ཡང་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་རྣམ་པར་བསྒོམས་ལ། མཧཱ་ས་མ་ཡ་སཏྭ་ཧཾ་ ཞེས་བརྗོད་པར་བྱའོ། །དེ་ལ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བ་ནི། ཀུན་བདག་སེམས་དཔའ་བདག་ཉིད་གྲགས། །བདག་ཉིད་ཀྱང་ནི་བདག་ལ་གནས། །ཞེས་བྱིན་གྱིས་བརླབས་ནས། བཛྲ་སཏྭ་ཧཾ་ཞེས་བྱ་བའི་ང་རྒྱལ་དུ་བསྒོམས་ནས། གྲུབ་པར་འགྱུར་རོ་ཞེས་བྱ་བ་ འདི། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ས་མ་ཡ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ཉིད་དང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་བོ་བྱིན་གྱིས་ བརླབ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། བཛྲ་སཏྭ་ཨཿཞེས་བརྗོད་དེ། མདུན་གྱི་ནམ་མཁའི་ཕྱོགས་སུ་ཕྱག་རྒྱ་དང་། བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཨཿ། ཞེས་བྱ་བའི་སྙིང་པོ་དེ་རྣམས་ཀྱིས། དགུག་པ་ དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དེ་ནས་དེ་དག་གི་ལས་ཀྱི་ཕྱག་རྒྱ་ནི། མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་མཉམ་དུ་མནན། །ཞེས་བྱ་བ་ཡིན་ནོ། །དེ་ ནས་བཛྲ་དྲྀཥྚི་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། བཛྲ་སཏྭ་དྲྀ་ཤྱ་ཞེས་བརྗོད་དེ། །ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་ལ་རབ་ཏུ་བསྒོམས། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དེ། བཀུག་ཅིང་བཅུག་ལ་བཅིང་ བ་དང་། །དབང་དུ་བྱས་ལ་བསྒྲུབ་པར་བྱ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས། །རྒྱབ་ཏུ་ཟླ་བ་བསྒྲུབས་ནས་ནི། །ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད། བཅོམ་ལྡན་འདས་བཅུག་ནས་ས་མ་ཡ་སྟྭཾ་ཨ་ཧཾ་བཛྲ་སཏྭ་ཞེས་བྱ་བ་ལན་གསུམ་བརྗོད་ཅིང་། བདག་ཉིད་དང་གཅིག་ཏུ་གྱུར་པར་བསམ་པར་བྱ་སྟེ། བཞད་པ་དང་བཅས་པ་ཟླ་བའི་མདོག་དང་། ཟླ་བའི་འོད་ཅན་སངས་རྒྱས་ལྔའི་ཅོད་པན་ཅན། རྡོ་རྗེ་དྲིལ་བུ་བསྣམས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རབ་ཏུ་དགྱེས་པས་སྤྱན་གདངས་པ། ཕྱག་རྒྱ་ཆེན་པོའི་ཚུལ་དུ་བཞུགས་པའོ། །དེ་ནས་ཆོས་ དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པ་བསྡུ་བའི་ཕྱག་རྒྱ་བཅིངས་ནས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དེ། ཡིད་ཀྱི་ལེགས་པའི་སྦྱོར་བས་རང་གི་ལུས་ལ། དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་བཅུག་ཅིང་། དམ་ཚིག་གི་ཕྱག་རྒྱ་དག་གིས་རབ་ཏུ་བསྒྲུབས་ལ། ཆོས་དང་ལས་དང་ ཕྱག་རྒྱ་ཆེན་པོ་དག་གིས་རྒྱས་གདབ་པར་བྱའོ། །སྦྱོར་བ་འདིས་རྣམ་པར་སྣང་མཛད་ལ་སོགས་པའི་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་དོ། །སྤྱིའི་སྙིང་པོ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྤྱིའི་སྙིང་པོ་བཛྲ་དྷཱ་ཏུ་ཞེས་བྱ་བ་དང་། རང་གིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་མཧཱ་ཡོ་གཱི་ཤྭ་རི་ཧཱུྃ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རང་གི་སྔགས་སོ། །ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་བྱ་བ་ནི་མི་བསྐྱོད་པའིའོ། །ཨོཾ་བཛྲ་རཏྣ་ཧཱུྃ་ཞེས་བྱ་བ་ནི་ རིན་ཆེན་འབྱུང་ལྡན་གྱིའོ། །ཨོཾ་བཛྲ་དྷརྨ་ཧཱུྃ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའིའོ། །ཨོཾ་བཛྲ་ཀརྨྨ་ཧཱུྃ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའིའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་དང་སྔགས་བརྗོད་པར་བྱ་སྟེ། ཐལ་མོ་དམ་དུ་བསྡམས་པ་ལས། ། སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོ་བཀའ་སྩལ་ཏེ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བསྡམས་ལས་བྱུང་བས་ན། །དེ་དག་བསྡམས་པ་རྡོ་རྗེ་ཡི། །བསྡམས་པ་བླ་མེད་བཤད་པར་བྱ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། ། གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང་། །གུང་མོ་ནང་དུ་གཤིབས་པ་ནི། །སངས་རྒྱས་གཉིས་པ་ཡིན་པར་བཤད། །གུང་མོ་རིན་ཆེན་འདྲ་བ་དང་། །གུང་མོ་པདྨ་འདྲ་བར་དགུག །སངས་རྒྱས་ལྔ་པའི་ཕྱག་རྒྱ་ནི། །དེ་བཞིན་མཛུབ་མོ་བཀུག་པའོ། །ཟླ་བ་ ལྟ་བུ་ལག་གཉིས་ཀྱིས། །གུང་མོ་བཏང་བར་གྱུར་པ་དང་། །མཐེ་བོང་མཐེའུ་ཆུང་སོ་སོར་བསྒྲེངས། །སེམས་དཔའི་རྡོ་རྗེ་བསྒྲེང་རྡོ་རྗེ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ཀྱང་། རང་གི་སྙིང་གར་རྡོ་རྗེ་རྣམ་པར་བསམས་ལ་སྦྱར་བར་བྱའོ། །དེ་ནས་རང་གི་ལྕེ་ལ་སྔ་མ་ བཞིན་དུ་རྡོ་རྗེའི་རྣམ་པར་བསམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་ལ། །བཛྲ་ཛྙཱ་ན་ཞེས་བྱ་བ་དང་། རང་གི་ལྕེ་ལ་ས་མ་ཡ་སྟྭཾ་ཞེས་བྱ་བའི་ཆོས་ཀྱི་ཕྱག་རྒྱ་བསམ་པར་བྱའོ། །ཡི་གེ་ཨཿལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། ལས་ཀྱི་ཕྱག་རྒྱ་ བཅིངས་ན། ལས་ཀྱི་ཕྱག་རྒྱ་བཅིང་བར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཉམ་པར་གཞག་པས་གཉིས་སུ་བྱ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །དེ་ནས་བཅིང་བ་རབ་ཏུ་བཤད། །གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་ བསྒྲེང་བར་བྱ། །ཕྱག་རྒྱ་བྱང་ཆུབ་མཆོག་ཡིན་ཏེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །རྣམ་པར་སྣང་མཛད་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ཆོས་གོས་ཀྱི་མཐའ་མ་འཛིན་པའི་སྦྱོར་བས་ཉིད་ཀྱི་ཐུགས་ཀར་འཇོག་ཅིང་། གཡས་པས་ས་གནོན་པའི་ སྦྱོར་བ་འདི་ནི་མི་བསྐྱོད་པའིའོ། །དེ་ཉིད་ལས་ཕྱག་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་འཇོག་པ་འདི་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཏིང་ངེ་འཛིན་མཆོག་ནི་འོད་དཔག་ཏུ་མེད་པའིའོ། །མི་བསྐྱོད་པའི་ཕྱག་རྒྱ་ཉིད་ལས། ཕྱག་གཡས་པ་མི་འཇིགས་པ་སྦྱིན་པའི་ ཚུལ་དུ་འཇོག་པ་འདི་ནི། དོན་ཡོད་གྲུབ་པའིའོ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའིའོ། །རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་རྣམ་པར་བསམས་ལ། ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཇི་སྐད་དུ་བཤད་པའི་བྱང་ ཆུབ་སེམས་མཆོག་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའོ། །མི་བསྐྱོད་པའི་ནི་ཕྱག་གཡོན་པ་བརླ་ལ་བཀན་ཏེ། ཏིང་ངེ་འཛིན་གྱི་སྦྱོར་བ་དང་། གཡས་པས་ས་གནོན་པར་བྱེད་པའོ། །རིན་ཆེན་འབྱུང་ལྡན་གྱི་ནི་དེ་ཉིད་ལས་ཕྱག་གཡས་པ་མཆོག་སྦྱིན་ལ་ མངོན་དུ་ཕྱོགས་པའོ། །འོད་དཔག་ཏུ་མེད་པའི་ནི་ཏིང་ངེ་འཛིན་ནོ། །མི་བསྐྱོད་པའི་ཕྱག་རྒྱ་དེ་ཉིད་ལས་ཕྱག་གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་འཛིན་པ་འདི་ནི་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོའོ། །རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དག་ནི་དེ་བཞིན་ གཤེགས་པའི་རྡོ་རྗེ་བསྣམས་པའོ། །ལྷག་མ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་བསྣམས་པའོ། །རྡོ་རྗེ་སེམས་དཔའ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་བསྒྱིངས་པ། ཕྱག་གཡས་པས་དང་པོའི་རྡོ་རྗེ་བསོར་ ཞིང་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་བསྣམས་པའོ། །དེ་ནས་དེ་བཞིན་དུ་སེམས་མ་རྡོ་རྗེ་མ་ལ་སོགས་པ་བཅིངས་ནས། བདག་ཉིད་ཀྱི་གནས་བཞིར་བྱིན་གྱིས་བརླབ་པར་བྱ་སྟེ། རང་གི་སྙིང་གར་སཏྭ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། རིན་ཆེན་རྡོ་རྗེ་མ་བཅིངས་ ལ། དཔྲལ་བའི་ཕྱོགས་སུ་རཏྣ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། ཆོས་ཀྱི་རྡོ་རྗེ་མ་བཅིངས་ལ་ལྐོག་མའི་ཕྱོགས་སུ་དྷརྨྨ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། ལས་ཀྱི་རྡོ་རྗེ་མ་བཅིངས་ལ་སྤྱི་བོར་ཀརྨྨ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ ས་མ་ཡ་སཏྭ་ཨཿཞེས་པའི་ཡི་གེ་བརྒྱ་པ་འདི་ལན་གསུམ་བཟླས་པས་བརྟན་པར་བྱས་ལ། ཕྱག་འཚལ་བའི་ཐལ་མོས་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱའོ། །དེ་ནས་དབང་བསྐུར་བ་བླང་བར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ། སྤྱི་གཙུག་ཏུ་ཡི་གེ་ ཨཱཿལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པ་བསྐྱེད་ལ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུྃ་བཛྲི་ཎི་ཧཱུྃ་ཨ་བྷིཥིཉྩ་མཱཾ་ཞེས་བྱ་བ་དང་། མི་བསྐྱོད་པའི་ཕྱག་རྒྱ་བཅིངས་ལ། དཔྲལ་བའི་དབུས་སུ་ཡི་གེ་ཧཱུྃ་ལས་མི་བསྐྱོད་པ་སྐུ་ མདོག་སྔོན་པོ་ས་གནོན་པའི་ཕྱག་རྒྱས་བཞུགས་པ་དང་། ཨོཾ་བཛྲ་བཛྲི་ཎི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བ་དང་། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་ལ། རྣ་བ་གཡས་པའི་སྟེང་དུ་ཡི་གེ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་གསེར་བཙོ་མའི་མདོག་ཅན། མཆོག་སྦྱིན་པའི་ཕྱག་རྒྱས་ བཞུགས་པ་དང་། ཨོཾ་རཏྣ་བཛྲི་ཎི་ཧཱུྃ་ཨ་བྷིཥིཉྩ་མཱཾ་ཞེས་བྱ་བ་དང་། འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བཅིངས་ལ། མགོ་བོའི་རྒྱབ་ཏུ་ཡི་གེ་ཧྲཱིཿལས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་བཞུགས་པ་དང་། ཨོཾ་དྷརྨྨ་བཛྲི་ཎི་ཧཱུྃ་ཨ་བྷིཥཉྩ་མཱཾ་ ཞེས་བྱ་བ་དང་། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅིངས་ལ། རྣ་བ་གཡོན་པའི་སྟེང་དུ་ཡི་གེ་ཨ་ལས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་བཞུགས་པ་བསྐྱེད། ཨོཾ་ཀརྨྨ་བཛྲི་ཎི་ཧཱུྃ་ཨ་བྷིཥིཉྩ་མཱཾ་ཞེས་བྱ་བ་བརྗོད་པར་བྱའོ། །རྡོ་རྗེ་ཐལ་མོ་བཅིངས་པ་ ལས། །མཐེ་བོ་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །དེ་ཉིད་ལས་དབུས་མ་རྡོ་རྗེར་བྱས་པ་དང་། གུང་མོ་གཉིས་བཀུག་སྟེ་རིན་པོ་ཆེ་འདྲ་བར་བྱས་པ་དང་། གུང་མོ་དང་ སྲིན་ལག་དང་མཐེའུ་ཆུང་པདྨ་འདྲ་བར་བྱས་པ་དང་། སོར་མོ་བརྐྱང་བའོ། །དེའི་རྗེས་ལ་ཨོཾ་ཊུཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པ་འདིས་གོ་ཆ་བཅིང་བར་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་མདུད་པ་བཅིང་བའི་ཚུལ་དུ་བྱ་ཞིང་། དེ་བཞིན་དུ་མགྲིན་པ་དང་ལྟག་པ་དང་། ཡང་སྙིང་ག་དང་ ནུ་མའི་བར་དང་ཡང་སྙིང་ག་དང་མགྲིན་པ་དང་རྒྱབ་དང་། དཔྲལ་བའི་ཕྱོགས་སུ་མདུད་པ་བཅིང་བའི་ཚུལ་དུ་བྱས་ལ། མགོ་བོ་ལ་ཕྲེང་བ་བཅིང་བའི་ཚུལ་དུ་བྱས་ཏེ། སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པའི་སོར་མོ་ཐམས་ཅད་བཀྲོལ་ཏེ། མཐར་མཉམ་པའི་ཐལ་མོ་དང་བཛྲ་ཏུ་ཥྱེ་ཧོཿཞེས་བྱ་ བས་མཉེས་པར་བྱའོ། །དེ་ནས་ལག་པ་གཡས་པས་དང་པོའི་རྡོ་རྗེ་དང་ལག་པ་གཡོན་པས་དང་པོའི་རྡོ་རྗེ་དང་བཅས་པའི་དྲིལ་བུ་བླངས་ཏེ། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷིཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས་རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་རང་གི་མགོར་བཞག་ལ། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ ཏ་ཀྱེ་རྡོ་རྗེ་ཀུན་དུ་བཟང་པོ་ཞེས་བྱ་བས་མིང་གི་དབང་བསྐུར་བ་བླངས་ལ། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ ཏྭཾ་དྷ་ར་ཡ་མཱི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བ་འདིས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བདག་ཉིད་ལ་ཡང་དག་པར་མཆོད་ནས། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཡི་གེ་ ཧཱུཾ་ལས་གྲུབ་པའི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱ་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བྱ་བ་ནི་ དེ་ཁོ་ན་ཉིད་དོ། །ཡི་གེ་ཨ་ལས་བྱུང་བའི་དྲིལ་བུ་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲིད་པའི་བདག་པོ། དམ་པ་ཀུན་གྱི་མཆོག །དབང་ཕྱུག་གི་དམ་པ་དེ་ཉིད་ཀྱིས་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པར་གསུངས་པ་དེ་ནི། སྲིད་པ་ངོ་ བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་མཛད་པ་ཡིན། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ནི་དྲིལ་བུའོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་ནས་སམ། ལྷ་རྣམས་ དགྱེས་པར་བྱས་ནས་དཀྲོལ་ན། ཆོས་ཐམས་ཅད་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་འབེབས་པས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་ཅིང་། རྡོ་རྗེ་ཐམས་ཅད་འབེབས་པ་དང་། འཕེལ་བར་བྱེད་པ་དང་། དབང་དུ་བྱེད་པ་དང་། སེམས་དང་བསྒྲུབ་པར་བྱེད་དེ། དེ་ནས་སྲིད་པ་རྣམ་པར་དག་པའི་ཐབས་ཀྱི་མཆོད་པས་ཐམས་ཅད་ཀྱི་གསང་བ་ཆེན་པོ་རྟག་ཏུ་བསྟེན་པར་བྱ་བ་ཡིན་ནོ། །དེ་ལ་ཁྱོད་ཀྱི། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་པའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་ པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བ་ཞེས་བྱ་བའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བ་ ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བསྟན་ཕྱིར་རོ། །ཞེས་བྱ་བ་ དང་། མཆོག་ཏུ་གསང་བ་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་དང་ བཅས་དམ་ཚིག་ཐབས། །བསོད་ནམས་བྱིན་རླབས་སྒྲུབ་བྱེད་ཅིང་། །རྟག་ཏུ་དངོས་གྲུབ་ཀུན་དབང་ཕྱུག །རྟག་ཏུ་འགྲོ་བའི་དོན་བྱེད་དོ། །དམ་ཚིག་འདི་ཡིས་ངེས་པར་ནི། །ཅི་བདེ་བར་ནི་མཆོག་སྒྲུབ་བྱེད། །སེམས་ཅན་སྐལ་ངན་སྤྱོད་ངན་པས། །ཐམས་ཅད་དུ་ནི་ འགྲུབ་མི་འགྱུར། །དམ་ཚིག་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །དམ་པའི་དབང་ཕྱུག་ཀུན་མཆོག་ཏུ། །འདོད་ཆགས་ཆེན་པོས་གྲུབ་པར་བྱེད། །ལས་ཀྱི་ཚོགས་རྣམས་འགྲུབ་པ་ཡིས། །དངོས་གྲུབ་མ་ལུས་འགྲུབ་པར་འགྱུར། །རང་ གཞན་ཕྱག་རྒྱའི་རྣལ་འབྱོར་དག །བསྒྲུབ་པར་བྱ་བ་ཐམས་ཅད་ནི། །དོན་ཡོད་པར་ནི་མཆོག་འགྲུབ་ཅན། །ཐམས་ཅད་རྣལ་འབྱོར་འགྲུབ་བྱེད་ཡིན། །དམ་ཚིག་སྡུག་བསྔལ་ཀུན་སེལ་ཞིང་། །དཔལ་ལྡན་འདའ་བར་དཀའ་བ་ཡིན། །ཞེས་མཆོག་ཏུ་གསང་བ་འདི་གསུངས་ སོ། །དེའི་རྗེས་ལ་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་བཀོད་ལ་རྡོ་རྗེའི་ཚིག་གིས་བརྗོད་དོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ཡིད་ཀྱིས་ནམ་མཁའི་ཕྱོགས་སུ་གནས་ཏེ། ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་ཡིད་ཀྱིས་ བརྗོད་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའ་ལྟ་བུར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་དེར་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་བཾ་ལས་ཆུ་དང་། དེའི་སྟེང་དུ་ལཾ་ལས་གསེར་དང་། དེའི་སྟེང་དུ་བཾ་ལས་རྒྱ་མཚོ་ཆེན་པོ་ དང་། རྒྱ་མཚོ་ཆེན་པོའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རི་རབ་ཆེན་པོ་སྣ་བཞིའི་རང་བཞིན་ཅན། ཟུར་བཞི་པ་རིན་པོ་ཆེ་ཐམས་ཅད་ཀྱིས་ཉེ་བར་སྤྲས་པ་བསྐྱེད་ལ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦྦཾ་སྭཱ་ཧཱ། ཞེས་བྱ་བས་སྔ་མ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་སྟེང་ དུ་སྔར་བཤད་པའི་རྡོ་རྗེ་འཁོར་ལོས་གཞལ་ཡས་ཁང་དུ་སྤྲུལ་ལ། དེའི་དབུས་སུ་ཡི་གེ་ཨ་ལས་སེང་གེའི་གདན། དེའི་སྟེང་དུ་ཡི་གེ་ཧྲཱིཿལས་པདྨ་རྣམ་པར་བསམས་ནས། ནམ་མཁའི་ཕྱོགས་ནས་བབས་ནས་སེང་གེའི་གདན་ལ་ཡིད་ཀྱིས་ནུབ་ཏུ་མངོན་པར་ཕྱོགས་ པར་འདུག་པར་བྱའོ། །མདུན་དུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་གནོན་པའི་སེང་གེའི་གདན་དེ་བཞིན་དུ་བསམས་ལ། བཛྲ་དྷཱ་ཏུ་ཞེས་བརྗོད་དེ། བྱང་ཆུབ་མཆོག་བཅིངས་ནས་བདག་ཉིད་རྣམ་པར་སྣང་མཛད་དུ་བསྐྱེད་ལ། བཛྲ་སཏྭ་ཞེས་བྱ་བ་བརྗོད་ ཅིང་རང་གི་སྙིང་ག་ལས་རྡོ་རྗེ་སེམས་དཔའ་སྤྲུལ་ལ་མདུན་ན་གནས་པའི་སེང་གེའི་གདན་ལ་གཞག་པར་བྱའོ། །བཛྲ་སཏྭ་ཞེས་བརྗོད་ཅིང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བདག་ཉིད་རྡོ་རྗེ་སེམས་དཔར་རྣམ་པར་བསམས་ལ། ཡི་གེ་ཧཱུཾ་ལས་བདག་ ཉིད་རྡོ་རྗེ་ཧཱུཾ་མཛད་དུ་སྤྲུལ་ཏེ། རྡོ་རྗེ་ལ་སོགས་པའི་སྒོ་བཞི་ཨོཾ་བཛྲ་ཨུཏྒ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་དང་ཡིད་ཀྱིས་དབྱེ་བར་བྱའོ། །ཕྱག་རྒྱ་ནི། རྡོ་རྗེ་མཛུབ་མོ་ཡང་དག་སྦྱོར། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །རབ་ཏུ་ ཁྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །ཞེས་བྱ་བ་འདི་ཡིན་ནོ། །དེ་ནས་ས་མནྟ་བྷ་ཌ་བཛྲོ་ཧཾ་ཞེས་བྱ་བ་རང་གི་མིང་བརྗོད་ཅིང་བདག་ཉིད་རྡོ་རྗེ་སེམས་དཔར་རྣམ་པར་བསམས་ནས། རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་ གོལ་མང་པོ་བརྡབ་བྱས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཨོཾ་བཛྲ་སཏྭ་ས་མཱ་ཡ་ཛཿཛཿཧཱུཾ་བཾ་ཧོཿཞེས་བརྗོད་བཞིན་དུའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མཚན་བརྒྱ་རྩ་བརྒྱད་དམ་པ་འདི། །ལན་གཅིག་རབ་ཏུ་བརྗོད་པར་བགྱི། །རྡོ་རྗེ་སེམས་ དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །ཀུན་བཟང་རྡོ་རྗེ་ཆེན་པོ་སྟེ། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལའོ། ། རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པའོ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལའོ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོའི་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ ལའོ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལའོ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལའོ། །རྡོ་རྗེ་ དཔལ་རབ་སེམས་ཅན་དོན། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལའོ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའི་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལའོ། ། རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨོ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལའོ། །རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལའོ། །རྡོ་རྗེ་རྒྱུ་དང་ སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལའོ། །རྡོ་རྗེ་སྲུང་བ་རང་རིག་མཆོག །རྡོ་རྗེ་བཟླས་པ་རབ་བསྒྲུབ་སྦྱིན། །མི་གསུངས་རྡོ་རྗེ་མཆོག་སྒྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུངས་ཁྱོད་ལའོ། །རྡོ་རྗེ་ལས་ རབ་རྡོ་རྗེ་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལའོ། །རྡོ་རྗེ་སྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་རབ་ཏུ་སྲ། །བརྩོན་འགྲུས་མཆོག་ནི་ཐུབ་པར་བཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལའོ། །རྡོ་རྗེ་གནོད་ སྦྱིན་ཐབས་པོ་ཆེ། །རྡོ་རྗེ་མཆེ་བ་གཙིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལའོ། །རྡོ་རྗེ་མཚམས་སྦྱོར་རབ་བཏུད་ཉིད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ ལའོ། །སུ་ཞིག་མི་རྣམས་འཆང་བ་ནི། །ཞི་བ་བརྒྱ་པོ་རྩ་བརྒྱད་འདིས། །རྡོ་རྗེ་མིང་དབང་བསྐུར་ལ་སོགས། །མཆོག་རྣམས་ཀུན་གྱིས་དེ་དབང་བསྐུར། །གང་ཞིག་ཡོན་ཏན་མིང་རྣམས་ཀྱིས། །རྡོ་རྗེ་འཆང་བ་ཆེན་པོ་ལ། །རྟག་ཏུ་དབྱངས་ཀྱིས་བསྟོད་པ་ནི། ། དེ་ཡང་རྡོ་རྗེ་འཆང་འདྲར་འགྱུར། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་སྔ་མ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསལ་བ་བྱས་ནས། དེ་ཉིད་ཀྱིས་རྡོ་རྗེའི་ར་བ་དང་དྲ་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་སྒོ་བཅད་ཅིང་། རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ནས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བས་མཆོད་ཡོན་ ཕུལ་ལ། སྔ་མ་བཞིན་དུ་རང་གི་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ཏེ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་དག་གིས་རྒྱས་བཏབ་ནས་དབང་བསྐུར་ལ་ཕྱག་བྱ་སྟེ། བཟླས་པར་བྱ་བ་བརྗོད་ཅིང་ཡང་མཆོད་ཡོན་ཕུལ་ལ་མེ་ཏོག་ལ་སོགས་པ་མཆོད་པའི་ ཡོ་བྱད་ལྔས་ཡང་དག་པར་མཆོད་ནས། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་རྡོ་རྗེའི་གླུ་བླངས་ཤིང་རེ་རེ་ཞིང་རྡོ་རྗེའི་གར་བྱས་ལ། སྒེག་མོ་ལ་སོགས་པ་རྣམ་པ་ བརྒྱད་ཀྱི་ལས་ཀྱི་ཕྱག་རྒྱ་དང་། བཛྲ་ལཱ་སྱ། བཛྲ་མཱ་ལེ། བཛྲ་གཱི་ཏི། བཛྲ་ནྲི་ཏྱ། བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ་ཞེས་བྱ་བའི་སྙིང་པོ་དག་གིས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ བསྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོ་བས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་དབྱུང་། །གར་ལས་ཐལ་སྦྱར་སྤྱི་བོར་གཞག །འོག་ཏུ་ལྡུག་དང་གྱེན་དུ་འཐོར། །མཐེ་བོ་གཤིབས་ཏེ་བསྒྲེང་བ་ཉིད། །དྲིས་བྱུག་པ་ཡི་ཚུལ་དུ་ནི། །མཆོད་པའི་ཕྱག་རྒྱར་ རབ་ཏུ་བརྟག །སློབ་དཔོན་གྱིས་དབང་བསྐུར་བ་ཐོབ་པ་གང་ཡིན་པ་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། མཆོད་པ་བརྒྱད་དང་། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱའི་མཆོད་པ་བཅུ་དྲུག་གིས་ཀྱང་མཆོད་པར་བྱའོ། །བདག་ཉིད་ ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །བདག་ཉིད་ཆེན་པོ་དེ་བསྒོམ་བྱ། །ཞེས་བྱ་བ་ནི། ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གོ། །དེ་ནས་ཆོས་ཉིད་ཀྱི་ངེས་པ་ནི། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ཀྱང་། །དངོས་གྲུབ་ ཐམས་ཅད་བསྒྲུབ་པར་བྱ། །འདི་ནི་དེ་བཞིན་གཤེགས་རིགས་ཀྱི། །ཆོས་ཉིད་དངོས་གྲུབ་དམ་པ་སྩོལ། །ཞེས་བྱ་བའོ། །དེའི་རྗེས་ལ་ཡི་གེ་ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང་དཔག་བསམ་གྱི་ཤིང་དང་། ཁ་ཟས་རོ་བརྒྱ་པའི་བཀོད་པ་སྤྲུལ་ནས། ཨོཾ་སརྦྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ ཡ་ཨ་བརྟ་ཡ་ཧོ། །ཞེས་བྱ་བ་བརྗོད་ཅིང་དེ་དག་གིས་ཡང་དག་པར་མཆོད་པར་བྱའོ། །ཕྱག་བཞི་བྱས་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བདག་ཉིད་རྡོ་རྗེའི་བདག་ཉིད་ཅན་དང་། ཨོཾ་སྭཱ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བས་ཆོས་ཐམས་ཅད་བདག་ མེད་པ་ཉིད་དང་། སརྦྦ་ས་མོ྅ཧཾ་ཞེས་བྱ་བ་བརྗོད་དོ། །བདག་མེད་པའི་མཉམ་པ་ཉིད་ཀྱིས་མདུན་ན་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གྱུར་པ་དང་། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔར་གྱུར་པ་དང་བཅས་པར་དེ་ཉིད་གཅིག་ཏུ་གྱུར་པར་བསམ་པར་ བྱའོ། །དེ་ནས་གལ་ཏེ་བཟླས་པ་བྱེད་པར་འདོད་ན། བཟླས་པའི་དོན་དུ་རང་གི་སྙིང་གར་ཆུད་པའི་ཟླ་བའི་དབུས་སུ་བཛྲ་སཏྭ་ཞེས་བྱ་བའི་མིང་བྲིས་ནས། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་བྱ་བ་རྡོ་རྗེའི་ཚིག་གམ་ཡིད་ཀྱིས་བརྗོད་ཅིང་ཐམས་ཅད་གཅིག་ཏུ་རྡོ་རྗེའི་རང་བཞིན་གཟུགས་ བརྙན་ལྟ་བུའམ། ཚིག་ཐམས་ཅད་ལ་སོ་སོའི་བདག་ཉིད་དུ་དམིགས་པར་བྱ་སྟེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བཟུང་ཞིང་། ལག་པ་གཡས་པས་ཕྲེང་བ་སྙིང་གར་ཡང་དག་པར་བཟུང་སྟེ། རང་གི་སྙིང་གའི་ཟླ་བའམ། ལྷའི་ཐུགས་ཀའི་ཟླ་བ་ལ་བཟླས་ པའི་དོན་དུ་མུ་ཏིག་གི་ཕྲེང་བ་ལྟ་བུ་དུས་མཐའི་མེ་དང་འདྲ་བའི་འོད་ཟེར་ཅན་བཀོད་ལ། བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་དུ་བཟླས་པར་བྱའོ། །དེ་ནས་གལ་ཏེ་སྦྱིན་སྲེག་བྱེད་པར་འདོད་ན། བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་པ་བྱས་ནས། སྦྱིན་སྲེག་གི་ཆོ་གས་སྦྱིན་སྲེག་ བྱའོ། །གལ་ཏེ་ཕྱག་རྒྱས་སྐྱོའམ་རང་ཉིད་སྟོང་པར་འདོད་ན། ཡི་གེ་བརྒྱ་པ་ཡང་ནས་ཡང་དུ་བཟླས་པར་བྱའོ། །དེ་དེ་ལྟར་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པ་དང་བཟླས་པ་བྱའོ། །སྐྱོ་བར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དང་། མཆོད་པ་དང་། ཕྱག་བཞི་བྱས་ནས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར། དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ། །བཛྲ་སཏྭ་ཞེས་བྱ་བ་བརྗོད་ཅིང་ཕྱག་རྒྱ་བཅིང་བ་དགྲོལ་བར་བྱས་ནས་མཆོད་ཡོན་ཕུལ་ཏེ། ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་ མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བསྐུལ་ནས། བཛྲ་སཏྭ་མུཿཞེས་བརྗོད་དེ། འདི་ལྟར་སེམས་དཔའ་རྡོ་རྗེ་མ་གྱེན་དུ་བཀྲོལ་ན་བཅོམ་ ལྡན་འདས་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟར་སྤྲུལ་པའི་བཅོམ་ལྡན་འདས་དམ་ཚིག་གི་ཕྱག་རྒྱ་དང་། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་རང་གི་ལུས་ལ་བཅུག་ནས། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དག་ གིས་བདག་ཉིད་བསྲུང་བ་བྱས་ལ། རྡོ་རྗེ་སེམས་དཔའ་དང་། ཡི་གེ་བརྒྱ་པ་བརྗོད་དེ་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིར་བྱའོ། །རྡོ་རྗེ་སེམས་དཔའ་འབྱུང་བྱས་ལ། །དགེ་བ་བདག་གིས་གང་བསགས་པ། །དེ་ཡིད་ཀུན་དགའ་སྙིང་པོ་ནི། །རིགས་མཆོག་རྡོ་རྗེ་འཆང་ གྱུར་ཅིག །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་སེམས་དཔའ་འབྱུང་བ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།འདི་གཞུང་ཚད་ནི་བརྒྱ་ཕྲག་གཉིས་དང་། རྐང་པ་གཅིག་དང་བཅས་པ་ཡིན་ ནོ། །རྒྱ་གར་གྱི་མཁན་པོ་སུ་བུདྡྷ་ཤྲཱི་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། ༄༅། །རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནོ་པ་ཡི་ཀ །བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། བཅོམ་ལྡན་འདས་ འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་འགྲོ་བའི་མགོན། །ཡང་དང་ཡང་དུ་ཕྱག་བྱས་ནས། །རྡོ་རྗེ་སེམས་དཔའ་སྩོལ་མཛད་པའི། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་དུ་ཞུགས་པའི་རྣལ་འབྱོར་པས། དེར་བསྲུང་བའི་དམ་ཚིག་ཡོངས་སུ་བསྲུངས་ལ། སེམས་དག་པ་དང་ལྡན་པས་ཁྲུས་བྱས་ཀྱང་རུང་། མ་བྱས་ཀྱང་རུང་། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཡོད་ན་དྲི་ལ་སོགས་པའི་དཀྱིལ་འཁོར་བྱས་ཤིང་། མེ་ཏོག་གིས་ གཏོར་ལ། རས་རིས་ལ་སོགས་པའི་རྣམ་པ་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་བཞུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཱཾ་ཀ་རོ་མི། ཞེས་བརྗོད་ཅིང་ཡན་ལག་ལྔས་ཕྱག་བྱའོ། །དེ་ནས་ཕྱག་བཞི་བྱས་ལ། པུས་མོ་གཉིས་ས་ལ་ བཙུགས་ཏེ། སྙིང་གར་རྡོ་རྗེ་ཐལ་མོ་ཡང་དག་པར་སྦྱར་ནས། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་གང་ཡིན་པ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཅན་གྱི། །སྤྱན་སྔར་མ་ལུས་ད་ལྟར་སོ་སོར་བཤགས། །བདེ་བར་ གཤེགས་པའི་སྲས་ཀྱི་ཚོགས་གཉིས་པོ། །ཟབ་པ་དང་ནི་རྒྱ་ཆེན་འགྲོ་ཀུན་གྱི། །དོན་ནི་སྒྲུབ་པར་བྱེད་པ་དེ་དག་ལ། །གཞན་པ་ལ་ཡང་བདག་ནི་རྗེས་ཡི་རང་། །ཐུགས་རྗེས་ཐུགས་ལྡན་བློ་གྲོས་སྡིག་བྲལ་བའི། །གཏི་མུག་བཅོམ་པའི་སྐུ་ནི་ཕུན་སུམ་ཚོགས། །མ་ ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་དང་། །དམན་པ་འཇིགས་བྱེད་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལའང་བདག་ནི་ སྐྱབས་སུ་མཆི། །སྲིད་པའི་འཆིང་བ་དག་དང་རྣམ་བྲལ་བ། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱལ་ཐུགས་རྗེར་ལྡན་པ་ཡི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་ བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་བའི། །སོ་སོར་རྟོགས་ནས་སྙིང་རྗེའི་རྩ་བ་ཅན། །མཉམ་མེད་སེམས་ནི་བྱང་ཆུབ་སེམས་བསྐྱེད་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་ ཕྱིར་རམ། །འདི་ཀུན་ཐམས་ཅད་རྩྭ་སོགས་བཞིན་དུ་གཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་འདི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེར་ཞིང་ཡང་བསྒོམ་པར་བགྱི། ། བདེ་བར་གཤེགས་པའི་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟགས་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བའི་ཚོགས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །འདིར་ནི་བདག་གིས་མཁའ་འདྲར་གནས་པར་བགྱི། །ཞེས་བརྗོད་པར་བྱའོ། །དེ་ནས་ང་རྒྱལ་གྱིས་འདུག་ སྟེ། ལག་པ་བསྐོར་ཞིང་། སརྦ་བི་ཤུདྡྷཿསརྦྦ་དྷརྨྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བ་དོར་ལ་མོས་ཤིང་བརྗོད་དོ། །དེའི་འོག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། བཛྲ་སཏྭ་བྷ་བ་ཡང་ཞེས་བྱ་བ་མངོན་དུ་བྱས་ནས། གཟུགས་བརྙན་གྱི་སྦྱོར་བས་ཕྱག་རྒྱ་བཅིང་བར་ བྱའོ། །དེ་ལ་ཐལ་མོ་དམ་དུ་བསྡམས་པ་ལས། སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོ་བཀའ་སྩལ་པ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །བཛྲ་ཨཉྫ་ལི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་སྔགས་སོ། །བཛྲ་བནྡྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ཡིན་ཏེ། བཛྲ་བནྡྷ་ ཏྲཊ་ཅེས་ལན་གསུམ་བརྗོད་ཅིང་། རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །ཨོཾ་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཨཿས་བདག་ཉིད་ལ་དབབ་པར་བྱའོ། །རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་ པ་མཛུབ་གཉིས་བསྡམས། །ཞེས་བྱའོ། །དེ་ནས་དབབ་པ་སྟེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་བྱ་བ་འདིས་བརྟན་པར་བྱའོ། །སྙིང་གར་ཟླ་བ་དང་རྡོ་རྗེ་བརྟན་པར་བྱས་ནས། བཛྲ་མུཥྚི་ཞེས་པས་ དམ་ཚིག་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་བྱ་བས་ཕྱག་རྒྱའི་དེ་ཁོ་ན་ཉིད་དང་ལྡན་པར་བསམ་མོ། །དེས་ན་དམ་ཚིག་གི་ཕྱག་རྒྱ་མིན་པ་གསུམ་པོ་ལ། སུ་ར་ཏ་སྟྭཾ་ཞེས་བརྗོད་དོ། །རྡོ་རྗེ་དེ་ལ་བཛྲ་སཏྭ་ཞེས་བྱ་བ་བཀོད་ལ། དེ་ཉིད་ཡིད་ཀྱིས་བརྗོད་དེ། བདག་ནི་ནམ་མཁའ་དང་མཚུངས་པའོ་ཞེས་བསམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དེའི་སྟེང་དུ། དེ་ཉིད་ལས་ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་བཛྲ་སཏྭ་ཞེས་བྱ་བ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པའི་འོད་ཟེར་གྱིས་ཁྱབ་པའི་སྙིང་པོ་དང་བཅས་པ་ ལ། དེའི་སྟེང་དུ་ང་རྒྱལ་དུ་བསྒོམ་པར་བྱ་ཞིང་། རྡོ་རྗེ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་བཞུགས་པར་བསམ་པར་བྱའོ། །དེ་ནས། ཀུན་བདག་སེམས་དཔའ་བདག་ཉིད་གྲགས། །བདག་ཉིད་ཀྱང་ནི་བདག་ལ་གནས། །ཞེས་བྱ་བས་བྱིན་གྱིས་བརླབས་ ནས། རྡོ་རྗེ་དེ་བཛྲ་སཏྭ་ཨ་ཧཾ་ཞེས་བརྗོད་ཅིང་། རྡོ་རྗེ་སེམས་དཔར་ངེས་པར་བསྐྱེད་ལ། སྒེག་པ་དང་བཅས་པས་རྡོ་རྗེ་བསོར་ཏེ། བཛྲ་སཏྭ་ཧཱུྃ་ཞེས་བརྗོད་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་དང་། ཡང་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་ བཅིངས་ནས་ས་མ་ཡོ་ཧཾ་ཞེས་བརྗོད་དོ། །དེ་ནས་དེ་ཉིད་དང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་བོ་དག་ཏུ་བྱིན་གྱིས་བརླབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་བཅིངས་ནས། བཛྲ་སཏྭ་ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་ བརྗོད་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་སེམས་དཔའ་བདག་ཉིད་གྲགས། །དེ་ནས་ཕྱག་རྒྱ་བཅིངས་བྱས་ནས་ས་མ་ཡ་ཨཿཞེས་བརྗོད་དེ། མདུན་དུ་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། དེའི་སྟེང་དུ་བཛྲ་སཏྭ་ཨཿཞེས་བྱ་བ་འདིས་རྡོ་རྗེའི་བདག་ཉིད་དབབ་ པར་བྱའོ། །དེ་ནས་བཛྲོ་ཧཾ་ཞེས་བྱ་བའི་ང་རྒྱལ་བསྐྱེད་ལ། དེ་ཉིད་བཛྲ་སཏྭ་ཧཾ་ཞེས་བརྗོད་དེ། རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ། བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བ་ ཕྱག་རྒྱ་དང་བཅས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དེ་ནས་དེ་དག་གི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ལས་བྱུང་བ། མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །དེ་ནི་རྡོ་རྗེ་ལྕགས་ཀྱུའོ། །མཁྲིག་མ་ མདུད་པ་ཞགས་པའོ། །མཛུབ་གཉིས་མདུད་པ་ལྕགས་སྒྲོག་གོ། །རྒྱབ་གཉིས་ཀྱང་ནི་མཉམ་སྟེ་མནན། །དེ་ནི་རྡོ་རྗེ་འབེབས་པའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཛྲ་སཏྭ་དྲྀ་ཤྱ་ཞེས་བྱ་བ་བརྗོད་དེ་བལྟས་ལ། ཡེ་ཤེས་སེམས་དཔའ་དེ་མཐོང་ནས། ། རང་གི་ལུས་ལ་རྣམ་ཤེས་བསྒོམས། །རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ཛཿཧཱུྃ་བཾ་ཧོཿཞེས་བྱ་བ་འདིས་དགུག་ཅིང་གཞུག་ལ་བཅིང་བ་དང་། དབང་དུ་བྱས་ཏེ་བསྒྲུབ་པར་བྱ། དེ་ཉིད་དང་ས་མ་ཡ་སྟྭཾ་ཞེས་བརྗོད་པས། རྒྱབ་ཏུ་ཟླ་བ་གྲུབ་ ནས་ནི། །ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད། དེར་བདག་སེམས་དཔའི་ལུས་སུ་བསྒོམ། །བཛྲ་སཏྭ་ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བརྗོད་དོ། །བཞད་པ་དང་བཅས་སྐུ་མདོག་དཀར། །ཟླ་བའི་གདན་དང་ཟླ་བའི་འོད། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་ བཞུགས། །རབ་ཏུ་དགྱེས་པས་སྤྱན་གདངས་པ། །མགོན་པོ་རྡོ་རྗེ་དྲིལ་བུ་བསྣམས། །ཕྱག་རྒྱ་ཆེན་པོ་རྣམ་པར་བཞུགས། །བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བ་མིག་ལ་བཀོད་དེ། ཡང་སེམས་མ་རྡོ་རྗེ་ལ་སོགས་པས། སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་ བོར་བྱིན་གྱིས་བརླབ་པར་བྱ་སྟེ། སཏྭ་བཛྲི་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བ་དང་། སེམས་མ་རྡོ་རྗེ་མས་སྙིང་གར། རཏྣ་བཛྲི་ཨ་དྷི་ཏིཥྛ་མཱཾ་ཞེས་པ་དང་། རིན་ཆེན་རྡོ་རྗེ་མས་དཔྲལ་བར། དྷརྨ་བཛྲི་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བ་དང་ཆོས་ཀྱི་རྡོ་རྗེ་མས་ལྐོག་མ་དང་། ཀརྨ་བཛྲི་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བ་ དང་། ལས་ཀྱི་རྡོ་རྗེ་མས་སྤྱི་བོར་རོ། །སེམས་མ་རྡོ་རྗེ་མ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་མྱུ་གུ་ལྟར་སྙོམས་ཏེ་བསྒྲེང་བའོ། །རིན་ཆེན་རྡོ་རྗེ་མའི་དེ་ཉིད་ལས་གུང་མོ་རིན་པོ་ཆེ་ལྟ་བུར་བཀུག་པའོ། །ཆོས་ཀྱི་རྡོ་རྗེ་མའི་དེ་ཉིད་ལས་གུང་མོ་དང་སྲིན་ལག་པདྨ་ལྟ་བུར་བཀུག་པའོ། །ལས་ ཀྱི་རྡོ་རྗེ་མ་ནི་དེ་ཉིད་ལས་མཛུབ་མོ་དགུག་པའོ། །དེ་དག་གིས་རང་གི་སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་བོ་དག་ཏུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བསྐྱེད་པར་བྱའོ། །ཡི་གེ་ཧཱུྃ་ལས་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་ དེ་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ལ་རབ་ཏུ་སྦྱོར་ཞིང་། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །ཡིད་ཀྱི་ལེགས་པའི་སྦྱོར་བས་རང་གི་ལུས་ལ་སངས་རྒྱས་ཐམས་ཅད་བཅུག་ལ། ཨོཾ་ བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ ཨཿཞེས་བྱ་བའི་ཡི་གེ་བརྒྱ་པ་འདིས་བརྟན་པར་བྱས་ནས། བདག་ཉིད་ལ་དབང་བསྐུར་བར་བྱ་སྟེ། རྡོ་རྗེ་ཐལ་མོ་བཅིངས་པ་ལས། མཐེ་བོ་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་བཀུག་ནས་ནི། །གུང་མོ་སྙོམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། ། ཅེས་བྱ་བ་འདི་དང་། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུྃ་བཛྲི་ཎི་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པས། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཉི་མའི་འོད་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས། གུང་མོ་གཉིས་ནི་རྡོ་རྗེར་བྱས། །ཞེས་བྱ་བ་འདི་ དང་། ཨོཾ་བཛྲ་བཛྲི་ཎི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བས། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཉི་མའི་འོད་ཅན་ས་གནོན་གྱི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས། གུང་མོ་གཉིས་ནི་ནོར་བུར་བྱ། །ཞེས་བྱ་བ་འདི་དང་ཨོཾ་རཏྣ་བཛྲི་ཎི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་ བས་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་གསེར་བཙོ་མའི་མདོག་ཅན་ཉི་མའི་འོད་དང་ལྡན་པ། མཆོག་སྦྱིན་པའི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་པདྨ་ལྟར་བྱས་པ་འདི་དང་། ཨོཾ་དྷརྨྨ་བཛྲི་ཎི་ཧཱུྃ་ ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བས། མགོ་བོའི་རྒྱབ་ཏུ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཉི་མའི་འོད་ཅན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས་ལག་པའི་སོར་མོ་བརྐྱང་པ་འདི་དང་། ཨོཾ་ཀརྨ་བཛྲི་ཎི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བ་འདིས་ རྣ་བ་གཡོན་པའི་སྟེང་དུ། དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ཉི་མའི་འོད་ཅན་མི་འཇིགས་པའི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས་ཞེས་བྱ་བ་ནི་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ཡིན་ནོ། །ཨོཾ་ཊུཾ་ཞེས་བྱ་བ་དང་། རྡོ་རྗེ་ ཁུ་ཚུར་གཉིས་ཀྱིས་བསྐོར་ཞིང་སྙིང་གར་མདུད་པ་བཅིང་བའི་ཚུལ་དུ་བྱས་ལ། དེ་བཞིན་དུ་མགྲིན་པ་དང་། ལྟག་པ་དང་། སྙིང་ག་དང་། ནུ་མའི་བར་དང་། ཡང་སྙིང་ག་དང་། མགྲིན་པ་དང་། རྒྱབ་དང་། དཔྲལ་བར་གོ་ཆ་བགོ་བར་བྱའོ། ། དེ་ནས་ཕྲེང་བ་བཅིང་བ་དང་། དར་དཔྱངས་པའི་ཚུལ་དུ་བྱས་ནས། སོར་མོ་ཐམས་ཅད་ཐ་མ་ལ་སོགས་པ་ནས་བཀྲོལ་ཏེ། མཐར་མཉམ་པའི་ཐལ་མོ་དང་། བཛྲ་ཏུ་ཥྱ་ཧོཿཞེས་བྱ་བ་འདིས་དགྱེས་པར་བྱའོ། །ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རྣམ་པར་ བསྒོམས་ལ། ས་མ་ཡ་སྟྭཾ་ཞེས་བྱ་བའི་ཆོས་ཀྱི་ཡི་གེ་བསམ་པར་བྱའོ། །སྙིང་གར་ཡི་གེ་ཨཿལས་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །བསྒྱིངས་བཅས་གཉི་ག་བསོར་བའོ། །ཞེས་བྱ་བ་ནི་བཅོམ་ ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱའོ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བརྗོད་ཅིང་རེ་རེ་ཞིང་རྡོ་རྗེའི་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བརྒྱད་ ཀྱིས་བདག་ཉིད་ལ་མཆོད་པར་བྱའོ། །དེ་ནས་བསྒྱིངས་པ་དང་བཅས་པས་རྡོ་རྗེ་བསོར་ཞིང་། རང་གི་སྙིང་གར་རྡོ་རྗེ་བསྟོད་པའི་ཚུལ་གྱིས་གཟུང་སྟེ། རང་གི་སྙིང་པོ་དང་སྔགས་བརྗོད་པ་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་བདག་ཉིད་བསྐྱེད་ནས་ཡིད་ཀྱིས་ བར་སྣང་ལ་འདུག་སྟེ། ཁམས་གསུམ་མ་ལུས་པ་ནམ་མཁའ་ལྟ་བུར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་དེར་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་གསེར་གྱི་དཀྱིལ་འཁོར་དང་། ཡང་དེའི་སྟེང་དུ་ཡི་ གེ་བཾ་ལས་རྒྱ་མཚོ་ཆེན་པོ་དང་། དེ་ནས་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ། གསེར་གྱི་རི་བོ་ལ་སོགས་པས་ཡོངས་སུ་བསྐོར་བ་བསྐྱེད་ལ། རྡོ་རྗེ་བསྡམས་པ་ཁ་སྦུབ་པ་ས་ལ་རེག་པ་དང་། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཱཾ་སྭཱ་ཧཱ། ཞེས་བྱ་བ་འདིས་རྡོ་རྗེ་དང་འདྲ་བར་བྱིན་གྱིས་བརླབ་པར་བྱའོ། །ཡི་གེ་ཧཱུྃ་ལས་རྩེ་མོ་རྡོ་རྗེ་དང་རིན་པོ་ཆེས་སྤྲས་པའི་གཞལ་ཡས་ཁང་བསྐྱེད་ལ། དེའི་དབུས་སུ་ཨོཾ་སིཾ་ཨཿཞེས་བྱ་བ་ལས་སེང་གེའི་གདན་ལ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ གྱི་རྣམ་པ་བསྐྱེད་ཅིང་། ནམ་མཁའི་ཕྱོགས་ནས་བབས་ཏེ། དེ་ཉིད་དུ་འདུག་ལ་མདུན་དུ་གདན་གཉིས་པ་དེ་བཞིན་དུ་བསམ་པར་བྱའོ། །གདན་དེ་ལ་བཛྲ་སཏྭ་ཞེས་བྱ་བ་འདིས་བཅོམ་ལྡན་འདས་སྤྲུལ་ལ། ཨོཾ་བཛྲ་ས་མཱ་ཡ་ཛཿཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །བསྡུ་བའི་ཕྱག་རྒྱས་སྤྱན་ དྲང་བར་བྱའོ། །ལག་ངར་རྡོ་རྗེ་བཅིངས་ནས་ནི། །རྡོ་རྗེ་སེ་གོལ་བརྡབ་བྱས་ནས། །སངས་རྒྱས་ཐམས་ཅད་ཡང་དག་བསྡུ། །གཞན་དག་ཇི་ལྟར་འཇུག་མི་འགྱུར། །གཡོན་པའི་སེ་གོལ་བརྡབས་པ་དང་། །གཡས་པ་ཡིས་ནི་འགྲུབ་པར་འགྱུར། །གཡས་པ་ཐལ་མོ་ཞེས་ བྱ་སྟེ། །འདུས་པ་ཡང་ནི་གཉིས་ཀ་ཡིན། །ཞེས་བྱ་བ་འདི་བསྡུ་བའི་ཕྱག་རྒྱའི་མཚན་ཉིད་དོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱི། །སུ་ཞིག་མིང་རྣམས་འཆང་བ་ནི། །ཞི་བའི་རྒྱལ་ པོ་རྩ་བརྒྱད་འདིས། །རྡོ་རྗེ་མིང་དབང་བསྐུར་ལ་སོགས། །མཆོག་རྣམས་ཀུན་གྱིས་དེ་དབང་བསྐུར། །གང་ཞིག་ཡོན་ཏན་མིང་རྣམས་ཀྱིས། །རྡོ་རྗེ་འཆང་བ་ཆེན་པོ་ལ། །རྟག་ཏུ་དབྱངས་ཀྱིས་བསྟོད་པ་ནི། །དེ་ཡང་རྡོ་རྗེ་འཆང་འདྲར་འགྱུར། །དེ་ནས་སྤྲུལ་པ་དེ་ལ། བཅོམ་ ལྡན་འདས་ཀྱི་རང་གི་དམ་ཚིག་གི་ཕྱག་རྒྱ་དང་། བཛྲ་སཏྭ་དྲི་ཤྱས་བལྟ་བར་བྱས་ལ། ཛཿཧཱུྃ་བཾ་ཧོཿཞེས་བྱ་བ་དང་། སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ་བསྒྲུབས་ནས། ས་མ་ཡ་སྟྭཾ། ས་མ་ ཡ་སྟྭཾ་ཨ་ཧཾ། བཛྲ་སཏྭ། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བྱ་བ་ཡང་བརྗོད་པར་བྱའོ། །དེ་ལ་ཟླ་བ་ལྟ་བུའི་ལག་གཉིས་ཀྱིས། །གུང་མོ་བཏང་བར་གྱུར་པ་དང་། །མཐེ་བོང་མཐེའུ་ཆུང་མཛུབ་མོ་བསྒྲེང་། །སེམས་དཔའི་རྡོ་རྗེ་བསྒྲེང་རྡོ་རྗེ། །ཞེས་བྱ་བ་འདི་ཡིན་ནོ། །དེ་ནས་ཆོས་ དང་ལས་དང་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་ལ་རྒྱས་བཏབ་ལ་དབང་བསྐུར་ཏེ། ཚོགས་པ་ཡོད་ན་བཟླ་བར་བྱ་བ་བརྗོད་ཅིང་། མཆོད་པའི་ཡོ་བྱད་ལྔ་པོ་དག་གིས་ཡང་དག་པར་མཆོད་ལ། གར་ལས་བྱུང་བའི་སྒེག་མོ་ལ་སོགས་པའི་ལས་ཀྱི་ཕྱག་རྒ