Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 62

Văn bản gốc(Tây Tạng)

Trang 1 / 24 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བཛྲ་དྷཱ་ཏུ་མ་ཧཱ་མཎྜ་ལོ་པི་ཀ་སརྦ་བཛྲོ་དཱ་ཡ་ནཱ་མ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བ། བཅོམ་
ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །རྡོ་རྗེ་
ཀུན་འབྱུང་དགེ་བ་ཡི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དེ་ལ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོའི་ཆོ་གས་དམ་ཚིག་ལ་སོགས་པ་ཐོབ། རྣལ་འབྱོར་པའི་དོན་དུ་དཀྱིལ་འཁོར་
གྱི་ཆོ་ག་བསྡུ་བར་བྱའོ། །དང་པོར་རེ་ཞིག་བདག་མེད་པ་ལ་ལྷག་པར་མོས་པས་ནང་གི་བདག་ཉིད་ཅན་གྱི་ཁྲུས་བྱས་ལ། ལྐོག་མའི་ཕྱོགས་སུ་ཡི་གེ་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ་བསམས་པའི་
ལྕེའི་པདྨའི་འདབ་མར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ། བཛྲ་ཛི་ཧྭཱ་ཞེས་བྱ་བ་འདིས་ལྕེ་བྱིན་གྱིས་བརླབ་པར་བྱའོ། །ལག་པ་གཉིས་སུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ཏེ།

དེ་གཉིས་ཀྱི་སྟེང་དུ་ཧཱུཾ་གཉིས་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོར་བསམས་ཤིང་། ལག་པའི་སོར་མོ་རྣམས་ཀྱང་རྡོ་རྗེའི་རྩེ་མོར་བསམས་ལ། བགེགས་བསལ་བ་ལ་སོགས་པ་བྱའོ། །དེ་ལ་ཡང་ཡི་གེ་ཧཱུཾ་
ལས་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ལ། ཨོཾ་གྲྀཧྞ་བཛྲ་ས་མ་ཡ་ཧཱུྃ་བཾ་ཞེས་བརྗོད་ལ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་ནང་བཅིང་ནས། །ཡིད་ཀྱིས་ཁྲོས་ནས་དགབ་བྱ་བའི། །
རྡོ་རྗེ་མཐེ་བོང་དམ་པོ་སྟེ། །ཁྲོ་བོ་ཏི་རཱིནྟི་རིར་བཤད། །དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་ཕྱེད་དུ་འདུག་ལ། རྡོ་རྗེ་ཏི་རཱིནྟི་རིར་བཅིང་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ། ཨ་བྷི་ཥིཉྩ་མཱཾ། ཞེས་བྱ་བ་དང་། རྡོ་རྗེ་བསྡམས་པ་ནང་དུ་
བཅིངས་པའི་མཐེ་བོང་གཉིས་གཞིབས་ཏེ་བསྒྲེང་བ་སོར་མོའི་སྟེང་ནས་དགབ་པའི་ཚུལ་དུ་གཞག་པ་འདི་ནི་ཏི་རཱིནྟི་རིའི་ཕྱག་རྒྱ་སྟེ། འདིས་སྤྱི་བོ་ནས་བརྩམས་ནས། ཕྱོགས་བཞིར་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བླངས་ལ།
ཨོཾ་ཊུཾ་ཞེས་བྱ་བའི་ཡི་གེ་གཉིས་ཀྱི་གོ་ཆས་གོ་བགོས་ལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ། ཞེས་བརྗོད་ཅིང་གཡོན་པའི་ཁུ་ཚུར་སྙིང་གར་བཞག་ནས། གཡས་པས་རྡོ་རྗེ་ཁུ་ཚུར་གསོར་ཞིང་། བགེགས་ཐམས་ཅད་ལ་བསྣུན་

པར་བྱའོ། །དེ་ནས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་བགེགས་སྲེག་པ་ལ་སོགས་པ་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ་ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། སོར་མོ་རྣམས་ནང་དུ་འབར་བ་ལྟ་བུར་བྱས་ཏེ། མཐེ་བོང་རྡོ་རྗེ་སྒྲེང་བ་འདི་ནི། རྡོ་རྗེ་མེའི་
ཕྱག་རྒྱའོ། །དེའི་རྗེས་ལ་བཛྲ་ཎེ་ཊི་བནྡྷ་སརྦ་བིགྷྣཱཾ་ཞེས་བྱ་བའི་ཕྱག་རྒྱ་དང་ལྡན་པས་བགེགས་ཐམས་ཅད་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོང་གཉིས་བརྐྱང་སྟེ། བསྙམས་ལ་བཞག་པ་ནི་རྡོ་རྗེ་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བརྐྱང་ལ་ས་ལ་བཞག་སྟེ། ཨོཾ་བཛྲ་ཌྲྀ་ཌྷོ་མེ་བྷ་
ཝ་རཀྵ་སརྦཱཾ་སྭཱ་ཧཱ་ཞེས་བྱ་བས་འོག་བཅིང་བར་བྱའོ། །རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཅེས་བྱ་བ་དང་བཅས་པས་སྟེང་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་གཞག་
པ་ནི་རྡོ་རྗེ་འཇིགས་བྱེད་ཅན་གྱི་ཕྱག་རྒྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བྱ་བ་དང་བཅས་པས་དེའི་འོག་ཏུ་ཡང་དེ་ཉིད་དུ་སྟེང་བཅིང་བར་བྱའོ། །རྡོ་རྗེ་ཐལ་མོའི་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་
ཏོར་གྱི་ཕྱག་རྒྱ་དང་བཅས་པས་ཤར་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་དྲུཾ་བནྡྷ་ཧཾ་ཞེས་བྱ་བའམ། དྲུཾ་ཞེས་བྱ་བ་ནི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ། མཛུབ་མོ་གཉིས་རྩེ་མོར་སྦྱར་ཏེ། བཟློག་ནས་སྤྱི་བོར་གཞག་པ་འདི་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཡང་
རྡོ་རྗེ་ཞགས་པས་དེ་ཉིད་བཅིང་བར་བྱ་སྟེ། ཨོཾ་ཧཱུཾ་བཛྲ་པཱ་ཤ་ཧྲཱིཿ རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མ་མདུད་པར་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པ་ཏཾ་ཀེ་པ་ཏཾ་ཀེ་ནི་ར་ཏ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱས་པ་
ལ། མཛུབ་མོ་གཉིས་མཉམ་པར་གཤིབས་ཏེ། ཕྱེ་ལ་མཐེའུ་ཆུང་གཉིས་བ་དན་ལྟར་བྱ་བ་ནི་རྡོ་རྗེ་བ་དན་གྱི་ཕྱག་རྒྱའོ། །ཕྱོགས་དང་མཚམས་དང་སྟེང་དང་འོག་གི་བགེགས་རྣམས་ཚར་བཅད་པར་བྱས་ནས། རྡོ་རྗེ་དུས་ཀྱི་བྱང་ཕྱོགས་བཅིང་བར་བྱ་སྟེ། ཧྲི་བཛྲ་ཀཱ་ལི་རུཊ་མཊ། རྡོ་རྗེ་གནོད་སྦྱིན་

གྱི་ཕྱག་རྒྱ་ཉིད་ཁར་བརྟན་པར་བྱས་པ་ནི་རྡོ་རྗེ་དུས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་རྩེ་མོས་ལྷོ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཤི་ཁ་ར་རུཊ་མཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བར་བྱས་ལ་ར་
བ་བྱའོ། །ཧཱུཾ་བཛྲ་ཀརྨ། ཡང་རྡོ་རྗེ་ཧཱུྃ་མཛད་ཀྱིས་ནང་དུ་ར་བ་བྱས་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཁྲིག་མ་གཉིས་བསྣོལ་ཏེ། མཐེའུ་ཆུང་གཉིས་ཀྱི་ལྕགས་ཀྱུ་སྤྲེལ་ལ། ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བསྒྲེང་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱའོ། །འདི་
ཉིད་ལས་མཛུབ་མོ་དང་གུང་མོ་གཉིས་རྡོ་རྗེར་བྱས་པ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དང་བཛྲ་བནྡྷ་བཾ་ཞེས་བྱ་བ་འདིས་རྡོ་རྗེའི་དྲ་བ་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཙཀྲ་ཧཱུྃ་ཞེས་བྱ་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་མདུན་དུ་སྤྲུལ་པར་བྱ་སྟེ། རྡོ་
རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་མཐེའུ་ཆུང་རྡོ་རྗེ་མདུད། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །འདིས་ཕྱོགས་ཐམས་ཅད་དུ་གཡས་ཕྱོགས་ནས་བསྐོར་བས། དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱའོ། །འདི་ཉིད་ཁར་གཞག་ལ་ལྟ་
བཞིན་དུ། རྡོ་རྗེ་འཁོར་ལོའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ལ་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་བློས་མངོན་སུམ་ལྟ་བུར་དམིགས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལྔ་པ་ལ་འདིས་
ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མཱི། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་ལ་ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་འདིས་
ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ་དཔྲལ་བ་ས་ལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་ཇི་སྐད་བཤད་

པའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ། ཁ་ས་ལ་རེག་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟན་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡཱ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས། རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། སྙིང་གར་བཞག་
ལ་སྤྱི་བོ་ས་ལ་རེག་པར་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ་རྡོ་རྗེ་ཐལ་མོ་སྙིང་གར་བཞག་ནས། སྡིག་པ་ཐམས་ཅད་བཤགས་པར་བྱ་སྟེ།
ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་
དགོངས་སུ་གསོལ་ལོ། །བདག་རྡོ་རྗེ་མིང་འདི་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་
གསང་སྔགས་དང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར། སྡིག་པ་ཐམས་ཅད་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་།
རང་སངས་རྒྱས་དང་འཕགས་པའི་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་ཚོགས་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་
བསྐོར་བར་མི་མཛད་པ་དེ་དག་ཐམས་ཅད་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །

དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བའམ། ཆུ་ལས་སྐྱེས་པའམ། ཐང་
ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་།
གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་
བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་
མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མར་མེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྱུང་བའམ། རིན་པོ་ཆེའི་འོད་དམ།
མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་།

སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ།
གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་
མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་
ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རིན་པོ་ཆེའི་རི་བོའམ། རྒྱ་མཚོའི་རིན་པོ་ཆེའི་ཚོགས་གང་དག་
ཡོད་པ་དེ་དག་ཐམས་ཅད་ཀྱང་། འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་
དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་ཨཱ་ལཾ་ཀ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཞད་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་
འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དགོད་པ་དང་། སྒེག་པ་དང་། དགའ་བ་དང་། རྩེ་འཇོའི་བདེ་བའི་བྱེ་བྲག་གང་དག་ཡོང་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་

ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་
བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱ་ལ་སྱ་ར་ཏི་ཀྲཱི་ཌ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་བཞད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་འདི་སྤྱི་བོར་གཞག་ལ། ཡང་ཐལ་མོ་ཁང་སྟོང་དུ་སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་
འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་ངམ། གོས་ཀྱི་ཤིང་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་
བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་
ནུཏྟ་ར་བོ་དྷི་ཨ་ལཾ་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ཏེ་སེམས་ཅན་ཐམས་ཅད་ཀྱི་ཚངས་པ་ཆེན་པོའི་གནས་བཞི་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་དེ་འབུལ་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཏུར་མ་ཧཱ་བྲཧྨ་བི་ཧཱ་ར་པཱུ་ཛ་མེ་གྷ་ས་མུ་
དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་དྲན་པར་བྱས་ནས། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། མ་བསྒལ་བ་རྣམས་
བསྒྲལ་བར་བྱ་བའི་ཕྱིར་དང་། མ་གྲོལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་དང་། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་

རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱིས་ཡང་
དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་
ཅད་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག །དགེ་བ་བཅུའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་མ་ཧཱ་བོ་དྷི་ཧཱ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་
མུ་དྲ་སྥ་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ལུས་ལ་ཡང་དག་པར་བརྒྱན་པར་བྱས་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ཞེ་འགྲས་པ་མེད་པར་ཞུགས་
ཤིང་། མིག་དང་ཡིད་མངོན་པར་དགའ་བ་དང་། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷི་ཀྵནྟི་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ།
སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་དང་། སངས་རྒྱས་ཉིད་དུ་ཡོངས་སུ་གཞོལ་ཞིང་། འཁོར་བ་ཡོངས་སུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སན་སཱ་ར་ཨ་པ་རི་ཏྱཾ་ཀཱ་ནུཏྟ་ར་མ་ཧཱ་བཱིརྱ་པཱ་ར་མི་
ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིག །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་

འཇུག་པ་དང་། མངོན་པར་ཤེས་པ་རྣམས་དང་། རིགས་པ་ཐམས་ཅད་དབང་དུ་གྱུར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་སཽ་ཀྵ་བི་ཧ་ར་དྷྱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བདུག་སྤོས་ཀྱི་ཕྱག་རྒྱ་བཅིངས་
ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་། ཡེ་ཤེས་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་
སྒྱུ་རྩལ་དང་ལྡན་ལ། གསང་བའི་ཆོ་ག་ཤེས་པ་དང་། དེ་ཁོ་ན་ཉིད་མཐོང་སྟེ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨཱཿ ས་མནྟ་ཛྙཱ་ན་མ་ཧཱ་པྲཛྙཱ་པཱ་
ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར། བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་དུ་ཕྱིན་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་
ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཐམས་ཅད་དུ་ལྕེ་བརྒྱ་སྟོང་ཕྲག་སྙེད་ཀྱི་སྒོ་ནས་མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པས་མཆོད་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་
ཐམས་ཅད་དང་བསམ་པ་གཅིག་པའི་སྦྱོར་བས། ཆོས་ཐམས་ཅད་མཉམ་པ་ཉིད་ལ་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིརྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་པར་བྱའོ། །དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་མཆོད་ལ།

བདག་ཉིད་དབུལ་བར་བྱ་སྟེ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་འབུལ་གྱིས། བདག་དུས་ཐམས་ཅད་དང་། རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་
ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ་ཞེས་བརྗོད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་
གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་བདེ་བ་ཉིད་དང་ཡིད་བདེ་བ་ཉིད་ཀྱིས་མིའི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་
མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། སྡོམ་པ་གཟུང་བར་བྱ་སྟེ། ཇི་ལྟར་དུས་གསུམ་མགོན་པོ་
རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །
བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་
གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་

པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་
བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་དབྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བརྗོད་དོ། །དེ་ནས་གཟུགས་
བརྙན་ལ་སོགས་པའི་སྦྱོར་བས། ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བ་དང་། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱ་སྟེ། །ཐལ་མོ་དམ་དུ་བསྡམས་པ་ལས། །སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏེ། །རབ་ཏུ་བསྡམ་ཕྱིར་རྡོ་རྗེ་བསྡམས། །བཛྲ་ཨཉྫ་ལི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་
མོའི་སྔགས་སོ། །བཛྲ་བནྡྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་སྟེ། བཛྲ་བནྡྷ་ཏྲཊ་ཅེས་བརྗོད་ཅིང་སྙིང་གར་ལན་གསུམ་དྲལ་བར་བྱའོ། །བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨཿཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །བབས་པ་དེ་ཡང་འདིས་
བརྟན་པར་བྱའོ། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །བཛྲ་མུཥྚི་ཞེས་བྱ་བ་དང་། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་བཛྲ་མུཥྚི་བཾ། དེའི་རྗེས་ལ། ཨོཾ་སརྦ་པཱ་པཾ་ཨཱ་ཀཪྵ་ཎ་
བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་དང་ཕྱག་རྒྱ་དང་བཅས་པས་ངན་འགྲོ་ཐམས་ཅད་དགུག་པར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་སུ། །ལེགས་པར་གྱེན་དུ་འཕངས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦ་
ཨ་པ་ཡ། བནྡྷ་ནི་པྲཱ་མོ་ཀྵ་ཡ། སརྦ་ཨ་པ་ཡ། ག་ཏེ་བྷྱཿ སརྦ་སཏྭཱཾ། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊྲ། ཅེས་བརྗོད་ཅིང་སྡིག་པ་དྲལ་བའི་ཕྱག་རྒྱ་བཅིངས་ལ། སྡིག་པ་ཐམས་ཅད་དྲལ་བར་བྱའོ། །རྡོ་རྗེ་བཅིངས་པ་བསྡམ་བྱས་ཏེ། །གུང་མོ་གཉིས་ཀ་སྦྱར་ནས་ནི། །

ཐ་མ་བཞི་ཡི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེ་རྣམས་ཀྱི་སྔགས་ལན་བདུན་བདུན་བརྗོད་དེ། འདིས་རང་གི་སྙིང་གར་དགྲོལ་བར་བྱའོ། །ཨོཾ་བཛྲ་མུཿ དེ་ལྟར་བྱས་པས་ཕྱག་རྒྱ་
ཐམས་ཅད་དབང་དུ་བྱས་པར་འགྱུར་བ་དང་། འདི་བྱས་པས་རྣལ་འབྱོར་པ་བསྐལ་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་འགྱུར་རོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་རང་གི་ལྷའི་སྙིང་པོ་དམ་ཚིག་གིས་བྲིས་ལ། ཆོས་ཐམས་
ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ཉིད་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསམས་ལ། ཡང་དེའི་སྟེང་དུ་དེ་ཉིད་དང་། ཡི་གེ་ཀ་ལ་སོགས་པ་སྐར་མའི་རྣམ་པ་ལྟ་བུ་ཡོངས་སུ་གྱུར་པ་ལས། ཟླ་བའི་
དཀྱིལ་འཁོར་ཆེན་པོའི་གཟུགས་ཅན་གཉིས་པ་ཉིད་དུ་བསམ་མོ། །དེ་ལས་བྱུང་བ་གང་ཡིན་པ་དེ་ལ་ནི། ཡང་དེའི་སྙིང་པོ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་གྱི་ཕྲེང་བ་དང་བཅས་པར་བསམ་མོ། །གཞན་དག་གི་ནི་རྡོ་རྗེ་ལས་བྱུང་བའི་རང་གི་ཕྱག་རྒྱའོ། །དེ་ནས་རང་
གི་ཕྱག་རྒྱའི་དབུས་སུ་རང་གི་སྙིང་པོ་བཀོད་ལ། རང་གི་ཕྱག་རྒྱའི་ང་རྒྱལ་དུ་བསྒོམ་པར་བྱ་སྟེ། གཎྜ྅ཧཾ་ཞེས་བྱ་བ་ནས། བཛྲོ྅ཧཾ་ཞེས་བྱ་བའི་བར་དུའོ། །རང་གི་སྙིང་པོ་ཡང་བཟླས་ཤིང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་རང་གི་
ཕྱག་རྒྱ་ལ་ཞུགས་པར་བསམ་མོ། །དེ་ནས་བཛྲ་དྷཱ་ཏུ་ཞེས་ཟློས་ཤིང་ཕྱག་རྒྱའི་གཟུགས་དེ་སེམས་དཔར་བྱིན་གྱིས་རློབ་པའི་སྦྱོར་བས། རྡོ་རྗེ་སེམས་དཔར་བསྒོམས་ལ། སྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་། བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་རང་གི་
སྔགས་ཀྱིས་རང་གི་ལྷའི་སྐུ་དེ་ཉིད་དུ་བསམས་ལ། འདི་སྐད་ཅེས་བརྗོད་དོ། །མ་ཧཱ་ས་མ་ཡ་སཏྭ་ཧཾ། རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ས་མ་ཡོ྅ཧཾ། དེ་ཉིད་ཀྱིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོ་རྣམས་བྱིན་གྱིས་

བརླབ་པར་བྱའོ། །ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། དེ་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་རང་གི་སྙིང་པོ་དང་། སྔགས་ཀྱང་བཟླས་པར་བྱའོ། །ཡང་རང་གི་སྙིང་གའི་ཟླ་བར་རྡོ་རྗེ་གླུའི་ལས་ཀྱི་ཕྱག་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ།
ས་མ་ཡ་སྟྭཾ་ཞེས་བརྗོད་དེ། རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། དེ་ཉིད་གུང་མོ་གཉིས་ཀྱིས་ཕྲེང་བ་བླང་སྟེ། ས་མ་ཡ་ཧཱུྃ་ཞེས་བྱ་བ་འདིས། རང་གི་སྙིང་གར་གནས་པའི་དཀྱིལ་འཁོར་དུ་འཇུག་པར་བྱ་ཞིང་། ཕྲེང་བ་དེ་ཡང་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱ་བ་འདིས་རང་གི་སྤྱི་བོར་དོར་
བར་བྱའོ། །དེ་ནས་ཕྲེང་བ་དེ་ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བ་འདིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཨོཾ་བཛྲ་སཏྭ་ས་ཡན་ཏེ་ཧ་ཙཀྵཱུད་གྷ་ཊ་ཏད་པ་ར། ཨུད་གྷ་ཊ་ཡ་ཏི་སརྦ་ཨཀྵོ། བཛྲ་ཙཀྵུར་ནུཏྟ་ར་ཧེ་བཛྲ་པཱ་ཤྱ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་
བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ། རང་གི་ལུས་ལ་གནས་པའི་དཀྱིལ་འཁོར་བལྟ་བར་བྱའོ། །ཡང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་ཟློས་ཞིང་སྙིང་གར་དགྲོལ་བར་བྱའོ། །
དེ་ནས་རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་འདིས་ཆུས་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པས་བླང་བར་
བྱ་སྟེ། རྡོ་རྗེ་ཐལ་མོ་ལས་བྱུང་བ། །མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་བྱ་བ་འདི་དང་། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུྃ་བཛྲི་ཎཱི་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བས་སྤྱི་བོར་རྣམ་པར་
སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས་དབུ་མ་རྡོ་རྗེར་བྱས་པ་འདི་དང་། ཨོཾ་བཛྲ་བཛྲི་ཎི་ཧཱུཾ་ཞེས་བྱ་བ་འདིས། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ས་གནོན་གྱི་ཕྱག་རྒྱས་བཞུགས་པར་བྱའོ། །

གུང་མོ་གཉིས་བཀུག་སྟེ་རིན་པོ་ཆེ་འདྲ་བར་བྱས་པ་འདི་དང་། ཨོཾ་རཏྣ་བཛྲི་ཎི་ཧཱུྃ་ཞེས་བྱ་བས་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་མཆོག་སྦྱིན་པའི་ཕྱག་རྒྱ་ཅན་བསམ་མོ། །གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་པདྨ་འདྲ་བར་བྱས་པ་འདི་དང་། ཨོཾ་དྷརྨ་བཛྲི་ཎི་ཧཱུྃ་
ཞེས་བྱ་བ་འདིས། ལྟག་པར་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱ་ཅན་བསམ་མོ། །སོར་མོ་བརྐྱང་བ་འདི་དང་། ཨོཾ་ཀརྨ་བཛྲི་ཎི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བ་འདིས། རྣ་བ་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་མི་འཇིགས་པ་སྦྱིན་པའི་ཕྱག་
རྒྱས་བཞུགས་པར་བསམ་པར་བྱའོ། །འདི་ཐམས་ཅད་ཀྱང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ལས་བྱུང་བ་ཡིན་ནོ། །དེའི་རྗེས་ལ་ཨོཾ་ཊུཾ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙིང་གར་མདུད་པ་བཅིང་བའི་ཚུལ་གྱིས་གོ་བགོ་བར་བྱ་ཞིང་། དེ་བཞིན་དུ་མགྲིན་པ་དང་། ལྟག་
པ་དང་། སྙིང་ག་དང་། ནུ་མའི་བར་དང་། ཡང་སྙིང་ག་དང་། མགྲིན་པ་དང་། རྒྱབ་དང་དཔྲལ་བའི་སྟེང་དུ་མདུད་ལ། དར་དཔྱངས་བཅིང་བའི་ཚུལ་དུ་བྱས་ཏེ། སྒེག་པ་དང་བཅས་པས་ཐ་མ་ལ་སོགས་པ་ནས་བཀྲོལ་ཏེ། མཐར་མཉམ་པའི་ཐལ་མོ་དང་། བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བས་མཉེས་པར་
བྱའོ། །དེ་ནས། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས་རང་གི་རྡོ་རྗེའི་དབང་བསྐུར་བ་བླང་བར་བྱའོ། །རང་གི་རྡོ་
རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྡོ་རྗེ་ནི་སོར་བཅུ་གཉིས་པ་རྩེ་མོ་ལྔ་པ་གསེར་ལ་སོགས་པ་ལས་བྱས་པའོ། །རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེ་ནི་ཚད་ངེས་པ་མེད་དེ། རྩེ་མོ་ལྔ་པ་ཅུང་ཟད་གྱེས་པ་འོད་ཟེར་དང་བཅས་པ། ཆ་གསུམ་པའི་ཆང་ཟུང་ཅན། པདྨ་རཱ་ག་ལ་སོགས་པ་ལས་བྱའོ། །
རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཡང་དེ་ཉིད་ཡིན་ནོ། །རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཧཱུྃ་མཛད་ཀྱི་ནི་གནམ་ལྕགས་ཤིན་ཏུ་སྦྱངས་པ་ལས་བྱས་པ། སོར་བཅུ་གཉིས་པའི་ཚད་ལ་རྩེ་མོ་ལྔ་པོ་རྣོ་བ། རྡོ་རྗེ་དེ་ཡང་ཆང་ཟུང་ཆ་གསུམ་པ་དང་ལྡན་པ་ཡིན་ནོ། །རྡོ་རྗེ་མིང་གི་དབང་བསྐུར་བ་ཡང་། རྡོ་རྗེ་

དེ་རང་གི་མགོ་བོར་གཞག་ལ། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་འདིས་བླང་བར་བྱ་སྟེ། རང་གི་མིང་གང་ཡིན་པ་དེ་ལ་ཀྱེ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཕྱག་ན་རྡོ་རྗེའི་
ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ། ཨེ་ཥ་ཏྭཾ། དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བ་འདིས། རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱའོ། །དེ་ལྟར་བདག་བྱིན་གྱིས་བརླབ་པ་ལ་
སོགས་པ་བྱས་ནས་བསྒྲུབ་པར་བྱའོ། །དེ་ལ་དང་པོར་རེ་ཞིག་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་དེ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་རང་གི་ལུས་ལ་ས་མ་ཡ་ཨ་ཞེས་ཟློས་ཤིང་། ལྷ་ཐམས་ཅད་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། རང་གི་གནས་ན་
གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྔགས་དེ་ཉིད་ཀྱིས་མདུན་གྱི་ནམ་མཁའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། བཛྲ་སཏྭ་ཨ་ཞེས་བྱ་བ་འདིས་རྡོ་རྗེའི་བདག་ཉིད་དུ་དབབ་པར་བྱས་ནས། བཛྲོ྅ཧཾ་ཞེས་བྱ་བ་འདིས་
དེའི་ང་རྒྱལ་ཡང་བསྒོམས་ལ། བཛྲ་སཏྭཱ་ཧཾ་ཞེས་བྱ་བས་དེ་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བསམ་མོ། །དེ་ལ་དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་
གི་ཕྱག་རྒྱ་དང་། བཛྲ་སཏྭ་དྲྀ་ཤྱ་ཞེས་བྱ་བ་འདིས་བལྟ་བར་བྱའོ། །ཡང་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས། རང་གི་སྙིང་གའི་ཟླ་བར། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱའོ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས། རྒྱབ་ཏུ་
ཟླ་བ་གྲུབ་ནས་ནི། །ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་པས། དེར་བདག་སེམས་དཔའི་ལུས་སུ་བསྒོམ། བཛྲ་སཏྭ་ཞེས་བྱ་བའི་སྙིང་པོ་དང་། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་བྱ་བའི་སྔགས་ཀྱང་བརྗོད་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་

ཕྱག་རྒྱའི་གཟུགས་ཀྱིས་བདག་ཉིད་དུ་སྙིང་པོ་འདིས་དབབ་པར་བྱའོ། །བཛྲ་རཱ་ཛ་ཨ། བཛྲ་རཱ་ག་ཨ། བཛྲ་སཱ་དྷུ་ཨ། བཛྲ་རཏྣ་ཨ། བཛྲ་ཏེ་ཛ་ཨ། བཛྲ་ཀེ་ཏུ་ཨ། བཛྲ་ཧཱ་སྱ་ཨ། བཛྲ་དྷརྨ་ཨ། བཛྲ་ཏཱིཀྵྞ་ཨ། བཛྲ་ཧེ་ཏུ་ཨ། བཛྲ་བྷཱ་ཥ་ཨ། བཛྲ་ཀརྨ་ཨ། བཛྲ་རཀྵ་ཨ། བཛྲ་ཡཀྵ་
ཨ། བཛྲ་སནྡྷི་ཨ། བཛྲ་ལཱ་སྱ་ཨ། བཛྲ་མཱ་ལེ་ཨ། བཛྲ་གཱི་ཏི་ཨ། བཛྲ་ནཱིརྟི་ཨ། བཛྲ་དྷཱུ་པེ་ཨ། བཛྲ་པུཥྤེ་ཨ། བཛྲ་ཨཱ་ལོ་ཀེ་ཨ། བཛྲ་གནྡྷེ་ཨ། བཛྲ་ཨཾ་ཀུ་ཤ་ཨ། བཛྲ་པཱ་ཤ་ཨ། བཛྲ་སྥོ་ཊ་ཨ། བཛྲ་ཨཱ་བེ་ཤ་ཨ། དེ་ནས་དེ་རྣམས་ཀྱི་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱ་སྟེ། ཨཾ་ཀུ་ཤོ་ཧཾ།
ཤ་རོ་ཧཾ། ཏུཥྚི་ར་ཧཾ། རཏྣ་མ་ཧཾ། བཛྲ་སཱུརྱོ་ཧཾ། ཀེ་ཏུ་ར་ཧཾ། སྨི་ཏ་མ་ཧཾ། པདྨོ་ཧཾ། ཁཌ་གོ་ཧཾ། ཙཀྲ་མ་ཧཾ། ཛི་ཧྭཱ་ཧཾ། ཀརྨ་བཛྲོ་ཧཾ། བ་ར་མོ་ཧཾ། དཾཥྚོ་ཧཾ། མུཥྚི་ར་ཧཾ། བཛྲ་དྭ་ཡ་མ་ཧཾ། རཏྣ་མཱ་ལ་ཧཾ། བཱི་ན་ཧཾ། བཛྲ་ནྲི་ཏྱ་ཀ་ར་པལླ་བོ་ཧཾ། དྷཱུ་པོ་ཧཾ། པུཥྤོ་ཧཾ། དཱི་པོ་ཧཾ། གྷནྡྷོ་ཧཾ། ཨཾ་ཀུ་ཤོ་
ཧཾ། པཱ་ཤོ་ཧཾ། སྥོ་ཊོ་ཧཾ། གྷཎྚོ་ཧཾ། ཕྱག་རྒྱའི་གཟུངས་དེ་ཡང་རང་རང་གི་ལྷའི་སྐུར་བསྒོམ་པར་བྱ་སྟེ། བཛྲ་རཱ་ཛོ་ཧཾ། བཛྲ་རཱ་གོ་ཧཾ། བཛྲ་སཱ་དྷུ་ར་ཧཾ། བཛྲ་གརྦྷོ་ཧཾ། བཛྲ་པྲ་བྷོ་ཧཾ། བཛྲ་ཡཥྚི་ར་ཧཾ། བཛྲ་པྲཱི་ཏི་ར་ཧཾ། བཛྲ་ཎེ་ཏྲོ་ཧཾ། བཛྲ་བུདྡྷི་ར་ཧཾ། བཛྲ་མཎྜོ་ཧཾ། བཛྲ་བཱ་ཙོ་ཧཾ། བཛྲ་
བི་ཤྭ་ཧཾ། བཛྲ་བཱི་རྱོ་ཧཾ། བཛྲ་ཙཎྜོ་ཧཾ། བཛྲ་མུཥྚི་ར་ཧཾ། བཛྲ་ལཱ་སྱེ་ཧཾ། བཛྲ་མཱ་ལེ་ཧཾ། བཛྲ་གཱི་ཏི་ཧཾ། བཛྲ་ནཱི་རྟི་ཧཾ། བཛྲ་དྷཱུ་པོ་ཧཾ། བཛྲ་པུཥྤོ་ཧཾ། བཛྲ་དཱི་པོ་ཧཾ། བཛྲ་གནྡྷོ་ཧཾ། བཛྲ་ཨཾ་ཀུ་ཤོ་ཧཾ། བཛྲ་པཱ་ཤཱོ་ཧཾ། བཛྲ་སྥོ་ཊོ་ཧཾ། བཛྲ་གྷཎྜོ་ཧཾ། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་
ཀྱི་ཕྱག་རྒྱ་དང་། སྙིང་པོ་འདི་རྣམས་ཀྱིས་འདི་ཉིད་དུ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བའོ། །བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གཎྜེ་ཨ། དེ་ནས་རང་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྙིང་པོ་འདི་རྣམས་ཀྱིས་བལྟ་བར་བྱ་
སྟེ། བཛྲ་རཱ་ཛེ་དྲྀ་ཤྱ། བཛྲ་རཱ་ག་དྲྀ་ཤྱ། བཛྲ་སཏྭ་དྲྀ་ཤྱ། བཛྲ་རཏྣ་དྲྀ་ཤྱ། བཛྲ་ཏེ་ཛ་དྲྀ་ཤྱ། བཛྲ་ཀེ་ཏུ་དྲྀ་ཤྱ། བཛྲ་ཧཱ་ས་དྲྀ་ཤྱ། བཛྲ་དྷརྨ་དྲྀ་ཤྱ། བཛྲ་ཏཱིཀྵྞ་དྲྀ་ཤྱ། བཛྲ་ཧེ་ཏུ་དྲྀ་ཤྱ། བཛྲ་བྷཱ་ཥ་དྲྀ་ཤྱ། བཛྲ་ཀརྨ་དྲྀ་ཤྱ། བཛྲ་རཀྵ་དྲྀ་ཤྱ། བཛྲ་ཡཀྵ་དྲྀ་ཤྱ། བཛྲ་སནྡྷི་དྲྀ་ཤྱ།

བཛྲ་ལཱ་སེ་དྲྀ་ཤྱ། བཛྲ་མཱ་ལེ་དྲྀ་ཤྱ། བཛྲ་གཱི་ཏི་དྲྀ་ཤྱ། བཛྲ་ནྲྀ་ཏི་དྲྀ་ཤྱ། བཛྲ་དྷཱུ་པེ་དྲྀ་ཤྱ། བཛྲ་པུཥྤེ་དྲྀ་ཤྱ། བཛྲ་ཨཱ་ལོ་ཀེ་དྲྀ་ཤྱ། བཛྲ་གནྡྷེ་དྲྀ་ཤྱ། བཛྲ་ཨཾ་ཀུ་ཤ་དྲྀ་ཤྱ། བཛྲ་པཱ་ཤ་དྲྀ་ཤྱ། བཛྲ་སྥོ་ཊ་དྲྀ་ཤྱ། བཛྲ་ཨཱ་བེ་ཤ་དྲྀ་ཤྱ། །དེ་ནས་རང་གི་དམ་ཚིག་གི་ཕྱག་
རྒྱ་དེ་རྣམས་ཉིད་དང་། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་ལ། གནས་ཇི་ལྟ་བར་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས། རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་དོ། །དེར་བདག་སེམས་དཔའི་ལུས་སུ་བསྒོམ། །
དེ་ལ་སྙིང་གའི་གཡས་སུ་ནི་རྡོ་རྗེ་རྒྱལ་པོ་གསེར་གྱི་མདོག་ཅན། གཡོན་ཕྱོགས་སུ་ནི་ཆགས་པ་སྐུ་མདོག་དམར་པོ། སྙིང་གའི་རྒྱབ་ཏུ་ནི་ལེགས་པ་སྐུ་མདོག་ལྗང་གུ། དཔྲལ་བར་ནི་རིན་ཆེན་སྐུ་མདོག་སེར་པོ། མགོ་བོའི་རྒྱབ་ཏུ་རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན། ཕྲག་པ་གཉིས་སུ་
ནི་རྡོ་རྗེ་དཔལ་ནམ་མཁའི་མདོག་ཅན། སོའི་ཕྲེང་བ་གཉིས་སུ་ནི་བཞད་པ་དུང་དང་པདྨའི་རྩ་བ་ལྟར་དཀར་བ། ལྐོག་མར་ནི་ཆོས་དཀར་དམར། ནུ་མ་གཉིས་ཀྱི་བར་དུ་ནི་རྣོན་པོ་ནམ་མཁའ་ལྟར་སྔོ་བསངས། ལྟེ་བར་ནི་རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན། ལྕེ་ལ་ནི་སྨྲ་བ་ཟངས་ཀྱི་མདོག་ཅན།
སྤྱི་བོར་ནི་རྡོ་རྗེ་ལས་སྣ་ཚོགས་པའི་མདོག་ཅན། ནམ་ཚོང་དུ་རྡོ་རྗེ་སྲུང་བ་གསེར་གྱི་མདོག་ཅན། ཁར་ནི་རྡོ་རྗེ་གནོད་སྦྱིན་ནག་པོ། དཀུ་གཉིས་སུ་ནི་ཁུ་ཚུར་སེར་པོ། རྡོ་རྗེ་སེམས་དཔའི་གཡོན་ཕྱོགས་སུ་ནི་སྒེག་མོ་དཀར་བ། རྡོ་རྗེ་རིན་ཆེན་གྱི་གཡོན་ཕྱོགས་སུ་ནི་ཕྲེང་བ་མ་སེར་པོ། རྡོ་རྗེ་ཆོས་
ཀྱི་གཡོན་ཕྱོགས་སུ་ནི་གླུ་མཁན་མ་དཀར་དམར། རྡོ་རྗེ་སྣ་ཚོགས་ཀྱི་གཡོན་ལོགས་སུ་ནི་གར་མཁན་མ་ལྗང་གུ། སྒྲུབ་པ་པོའི་གསང་བའི་གནས་ཀྱི་ཕྱོགས་སུ་ནི་བདུག་པ་མ་སྐུ་མདོག་དཀར་མོ། མགོ་བོར་ནི་མེ་ཏོག་མ་སེར་མོ། མིག་གཉིས་སུ་ནི་མར་མེ་མ་དམར་སྐྱ། །ནུ་མ་དང་བྲང་དང་སྙིང་གར་ནི་བྱུག་པ་མ་
ལྗང་གུ། ལག་པ་གཡས་སུ་ནི་ལྕགས་ཀྱུ་མ་དཀར་པོ། ལག་པ་གཡོན་པར་ནི་ཞགས་པ་མ་སེར་པོ། བྱིན་པ་གཡས་པར་ནི་ལྕགས་སྒྲོག་མ་དམར་སྐྱ། བྱིན་པ་གཡོན་པར་ནི་དྲིལ་བུ་མ་ལྗང་གུའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་དང་སྔགས་ནི་འདི་ཡིན་ཏེ། བཛྲ་

རཱ་ཛ། ཨོཾ་བཛྲ་རཱ་ཛ་ཛ། བཛྲ་རཱ་ག །ཨོཾ་བཛྲ་རཱ་ག་ཧོ། བཛྲ་སཱ་དྷུ། ཨོཾ་བཛྲ་སཱ་དྷུ་ས། བཛྲ་རཏྣ། ཨོཾ་བཛྲ་རཏྣ་ཨོཾ། བཛྲ་ཏེ་ཛ། ཨོཾ་བཛྲ་ཏེ་ཛ་ཨ། བཛྲ་ཀེ་ཏུ་ཨོཾ་བཛྲ་ཀེ་ཏུ་ཏྲཾ། བཛྲ་ཧཱ་སྱ། །ཨོཾ་བཛྲ་ཧཱ་སྱ་ཧ། བཛྲ་དྷརྨ། ཨོཾ་བཛྲ་དྷརྨ་ཧྲིཿ། བཛྲ་ཏཱིཀྵྞ། ཨོཾ་བཛྲ་ཏཱིཀྵྞ་དྷཾ། བཛྲ་
ཧེ་ཏུ། ཨོཾ་བཛྲ་ཧེ་ཏུ་མཾ། བཛྲ་བྷཱ་ཥ། ཨོཾ་བཛྲ་བྷཱ་ཥ་རཾ། བཛྲ་ཀརྨ། ཨོཾ་བཛྲ་ཀརྨ་ཀཾ། བཛྲ་རཀྵ། ཨོཾ་བཛྲ་རཀྵ་ཧཾ། བཛྲ་ཡཀྵ། ཨོཾ་བཛྲ་ཡཀྵ་ཧཱུཾ། བཛྲ་སནྡྷི། ཨོཾ་བཛྲ་སནྡྷི་བཾ། བཛྲ་ལཱ་སྱེ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། བཛྲ་མཱ་ལེ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། བཛྲ་གཱི་ཏི། ཨོཾ་བཛྲ་གཱི་ཏི་
ཧྲཱིཿ། བཛྲ་ནྲྀ་ཏི། ཨོཾ་བཛྲ་ནཱིརྟི་ཨ། བཛྲ་དྷཱུ་པེ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། བཛྲ་པུཥྤེ། ཨོཾ་བཛྲ་པུཥྤེ་ཏྲཱཾ། བཛྲ་ཨཱ་ལོ་ཀེ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། བཛྲ་གནྡྷེ། ཨོཾ་བཛྲ་གནྡྷེ་ཨཱ། བཛྲ་ཨཾ་ཀུ་ཤ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ ཨོཾ་བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ། ཨོཾ་བཛྲ་སྥོ་ཊ་བཾ།
བཛྲ་ཨཱ་བེ་ཤ ཨོཾ་བཛྲ་ཨཱ་བེ་ཤ་ཨ། དེ་ནས་རང་གི་ལུས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ཏེ། ཛཿཧཱུྃ་བཾ་ཧོཿ། ཞེས་བརྗོད་དེ། ཡིད་ཀྱིས་ལེགས་པར་སྦྱོར་བ་ཡིས། །སངས་རྒྱས་ཐམས་ཅད་གཞུག་པར་བྱ། །དེ་ནས་སྦྱོར་བ་འདིས་
དེ་རྣམས་རང་གི་དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་གདབ་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་དྷཱ་ཏུ་དྲྀ་ཤྱ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཞེས་བརྗོད་དོ། །དེ་ནས་བཛྲ་དྷཱ་ཏུ་ཞེས་ལན་གསུམ་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་
ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ་ཞེས་བྱ་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔགས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་བརྗོད་དེ། བཛྲ་དྷཱ་ཏུ་དྲྀ་
ཤྱ་ཛཿཧཱུཾ་བཾ་ཧོཿ། །ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཞེས་བྱ་བ་དང་། བཛྲ་དྷཱ་ཏུ་ཞེས་བྱ་བའི་སྤྱིའི་སྙིང་པོ་ལན་གསུམ་གསུམ་བརྗོད་པར་བྱ་ཞིང་། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་མི་བསྐྱོད་པའི་སྙིང་པོ་དང་། ཨོཾ་བཛྲ་རཏྣ་ཏྲཱཾ་ཞེས་བྱ་བ་རིན་ཆེན་འབྱུང་ལྡན་གྱི་སྙིང་པོ་དང་། ཨོཾ་བཛྲ་

དྷརྨ་ཧྲཱིཿཞེས་བྱ་བ་འོད་དཔག་ཏུ་མེད་པའི་སྙིང་པོ་དང་། ཨོཾ་བཛྲ་ཀརྨ་ཀཾ་ཞེས་བྱ་བ་དོན་ཡོད་གྲུབ་པའི་སྙིང་པོ་ཡང་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་ལ་སྦྱར་བར་བྱའོ། །དེའི་རྗེས་ལ་སཏྭ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ།
ཞེས་བྱ་བས་སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་བོ་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐུགས་ཀའི་ཟླ་བ་ལ། རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་བསམ་པར་བྱའོ། །རཏྣ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས། རྡོ་རྗེ་རིན་ཆེན་མ་ནི་དབང་བསྐུར་བའི་གནས་སུ་
རིན་པོ་ཆེའི་རྣམ་པར་རོ། །དྷརྨ་བཛྲ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་རྡོ་རྗེ་ཆོས་མ་ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨའོ། །ཀརྨ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་རྡོ་རྗེ་ལས་མ་སྤྱི་བོར་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་དང་ལྡན་པར་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པའི་ཟློས་པ་པོས་ནི། མངོན་པར་བྱང་ཆུབ་
པ་ལྔའི་རིམ་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྐྱེད་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ། སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་བོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་
རྣམས་འབྱུང་སྟེ། །དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བསྡམས་ལས་བྱུང་བས་ན། །དེ་དག་བསྡམས་པ་རྡོ་རྗེ་ཡི། །བསྡམས་པ་བླ་མེད་བཤད་པར་བྱ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །གུང་མོ་མྱུ་གུ་ལྟར་བསྙམས་བསྒྲེང་། །གུང་མོ་ནང་དུ་གཞིབས་པ་ནི། །སངས་རྒྱས་
གཉིས་པ་ཡིན་པར་བཤད། །གུང་མོ་རིན་ཆེན་འདྲ་བ་དང་། །གུང་མོ་པདྨོ་འདྲ་བར་དགུག །སངས་རྒྱས་ལྔ་པའི་ཕྱག་རྒྱ་ནི། །དེ་བཞིན་མཛུབ་མོ་བཀུག་པའོ། །དེ་ནས་དེ་བཞིན་གཤེགས་པ་ཡི། །རིགས་ཀྱི་དམ་ཚིག་འཛིན་པ་ཡིས། །ཕྱག་རྒྱ་བསྡམས་དང་དངོས་གྲུབ་དང་། །
ལས་རྣམས་ཡང་དག་བཤད་པར་བྱ། །ཟླ་བ་ལྟ་བུའི་ལག་གཉིས་ཀྱིས། །གུང་མོ་བཏང་བར་གྱུར་པ་ཡི། །མཐེ་བོང་མཐེའུ་ཆུང་སོ་སོར་བསྒྲེང་། །སེམས་དཔའི་རྡོ་རྗེ་བསྒྲེང་རྡོ་རྗེ། །མཛུབ་མོ་ལྕགས་ཀྱུ་མཛུབ་མོ་སྦྱར། །ལེགས་སོ་སྦྱིན་པ་འདྲ་བ་ནི། །རྡོ་རྗེ་སེམས་དཔའ་

བཞི་པོ་ཡི། །ཕྱག་རྒྱ་མང་པོའི་དངོས་གྲུབ་འདི། །མཐེ་བོང་གཞིབས་ཏེ་མཛུབ་གཉིས་བཅག །རྩེ་སྤྲད་རྡོ་རྗེ་རིན་ཆེན་ཡིན། །དེ་ཉིད་གུང་མོ་སྲིན་ལག་དང་། །མཐེའུ་ཆུང་རྣམས་ནི་བསྣོལ་བརྐྱང་པའོ། །དེ་ལས་སྲིན་ལག་མཐེའུ་ཆུང་གཉིས། །མཉམ་པར་གཞིབས་པ་རྒྱལ་མཚན་ནོ། །
དེ་ཉིད་ལས་ནི་བསྐོར་ནས་ཀྱང་། །ཁ་ཡི་ཕྱོགས་སུ་གཞག་པའོ། །མཐེ་བོང་གཉིས་ཀ་མཉམ་པར་གཞིབས། །མཛུབ་མོ་གཉིས་ཀ་བཀུག་པ་དང་། །གུང་མོ་བསྒྲེང་བའི་རྩེ་མོ་དགུག །དེ་ཉིད་རྡོ་རྗེ་རལ་གྲིའོ། །དེ་ནས་སྲིན་ལག་མཐེའུ་ཆུང་གཞིབས། །འཁོར་ལོ་ཡིན་པར་
བཤད་པ་ཡིན། །བསྡམས་པ་མཐེ་བོང་གཉིས་བཀྲོལ་བ། །བཀན་ཏེ་ཁ་ཕྱོགས་བཞག་པའོ། །མཐེ་བོང་མཐེའུ་ཆུང་རྩེ་སྤྲད་བསྐྱེད། །ལས་ཀྱི་རྡོ་རྗེ་ཡིན་པར་བཤད། །དེ་ལས་མཛུབ་མོ་གཉིས་གཞིབས་ལ། །སྙིང་གར་བཀན་ཏེ་བཞག་པའོ། །མཛུབ་མོ་རྩེ་མོ་གཉིས་བཀུག་
ལ། །མཐེའུ་ཆུང་བརྐྱང་བ་མཆེ་བའོ། །མཐེའུ་གཉིས་པར་མཐེ་བོང་གཉིས། །མཛུབ་མོ་གཉིས་ཀྱིས་བཙིར་བའོ། །སྙིང་གར་མཐེ་བོང་མཉམ་ལ་བཞག །རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་མོ་སྦྱར་རྩེ་ཁ་ནས་དབྱུང་། །གར་ལ་ཐལ་སྦྱར་སྤྱི་བོར་གཞག །རྡོ་རྗེ་བཅིངས་པ་ཐུར་
དུ་བླུགས། །ཐལ་མོ་སྦྱར་བ་གྱེན་དུ་གཏོར། །མཐེ་བོང་མཉམ་སྟེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུག་པའོ། །མཛུབ་མོ་གཅིག་པོ་བཀུག་པ་དང་། །མཐེ་བོང་གཉིས་ནི་མདུད་པ་བོར། །མཐེ་བོང་མཛུབ་མོ་གདུ་བུར་བཅིངས། རྡོ་རྗེ་བཅིང་བ་མཛུབ་མོར་བསྡམས། །
ཞེས་བྱ་བ་ཡིན་ཏེ། སེམས་དཔའ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་ཡང་། རང་གི་སྙིང་གར་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ་སྦྱར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པའི་ལྗགས་ལ། ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱ་སྟེ། བཛྲ་ཛྙཱ་ན་ཞེས་བྱ་བ་ནི་སངས་རྒྱས་
རྣམས་ཀྱི་ཡིན་ནོ། །ས་མ་ཡ་སྟྭཾ། ཨཱ་ན་ཡ་སྭ། ཨ་ཧོ་སུ་ཁ། སཱ་དྷུ་སཱ་དྷུ། སུ་མ་ཧཱད་ཏྲཾ། རཱུ་པོ་དྱོ་ཏ། ཨརྠ་པྲ་པ་ཏི། ཧ་ཧ་ཧཱུཾ་ཧེ། སརྦ་ཀཱ་རི། དུཿཁ་ཙྪེ་ད། བུདྡྷ་བོ་དྷི། པྲ་ཏི་ཤཔྡ། སུ་བ་ཤི་སྟྭཾ། ནིར་བྷ་ཡ་སྟྭཾ། ཤ་ཏྲུཾ་བཀྵ། སརྦ་སིདྡྷི། མ་ཧཱ་ར་ཏི། རུ་པ་ཤོ་བྷེ། ཤྲོ་ཏྲ་སཽ།

ཁྱེ། སརྦ་པཱ་ཛེ། པྲ་ཧཱ་ད་ནི་ཕ་ལ་གཱ་མི། སུ་ཏེ་ཛཱ་གྲི། སུ་གན་དྷཱཾ་གི། ཨ་ཡ་ཧི་ཛཿ། ཨ་ཡ་ཧི་ཧཱུྃ་ཧཱུྃ། ཧེ་སྥོ་ཊ་བཾ། གྷཎྚ་ཨ་ཨ། ཞེས་བྱ་བ་ཐམས་ཅད་ནི། ཆོས་ཀྱི་ཕྱག་རྒྱ་ཡིན་ཏེ། སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་བསམས་ལ་སྦྱར་བར་བྱའོ། །དེ་ནས་ལས་
ཀྱི་ཕྱག་རྒྱ་བཅིང་བ་འབྱུང་སྟེ། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། མཉམ་པར་གཞག་པ་གཉིས་སུ་བྱ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །དེ་ནས་བཅིངས་པ་རབ་ཏུ་བཤད། །གཡོན་པ་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །
སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡི་ས་རེག་པ། །རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་བའི་མི་འཇིགས་སྦྱིན། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །རྡོ་རྗེ་སེམས་
སོགས་སེམས་དཔའ་རྣམས། །རྡོ་རྗེ་ལས་རྣམས་བྱེད་པ་སྟེ། །བསྒྱིངས་བཅས་བསོར་བ་གཉིས་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །མདའ་འཕངས་པ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་གཞག །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །
སྙིང་གར་ཉི་མ་བརྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པར་དབྱེ། །སྙིང་གར་གཡོན་པ་རལ་གྲི་མདུང་། །མགལ་མེ་འཁོར་ལོ་བསྐོར་བ་དང་། །རྡོ་རྗེ་སྙིང་ག་ཁ་ནས་དབྱུང་། །རྡོ་རྗེ་གར་བསྐོར་
བཀྲོལ་བ་ཡིས། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །གོ་ཆ་མཐེའུ་ཆུང་ཕྱེ་བ་དང་། །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་བསྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིངས་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་
ཡིས། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །གདུག་པ་ལ་སོགས་དེ་བཞིན་སྦྱིན། །སངས་རྒྱས་ཀུན་ལ་མཆོད་པ་ཡི། །ཕྱག་རྒྱའི་མཆོད་པ་བྱེད་པའོ། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་ལ་མཛུབ་གཉིས་མདུད། །རྒྱབ་

གཉིས་ཀྱང་ནི་བསྙམས་ཏེ་མནན། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་འབྱུང་སྟེ། ཇི་སྐད་དུ་བཤད་པའི་བྱང་ཆུབ་མཆོག་ནི། རྣམ་པར་སྣང་མཛད་ཀྱིའོ། །ཏིང་ངེ་འཛིན་ཕྱོགས་བཅིངས་ལ། ལག་པ་གཡས་པ་ས་ལ་རེག་པའི་ཚུལ་དུ་བྱས་པ་ནི། མི་བསྐྱོད་པའིའོ། །
དེ་ཉིད་ཀྱི་ལག་པ་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱ་བ་ནི། རིན་ཆེན་འབྱུང་ལྡན་གྱིའོ། །ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱ་ནི། འོད་དཔག་ཏུ་མེད་པའིའོ། །དེ་ཉིད་ལས་ལག་པ་གཡས་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བཞག་པ་ནི། དོན་ཡོད་པར་གྲུབ་པའིའོ། །གཡོན་
པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་དང་བཅས་པ་བསྙེན་པའི་ཚུལ་དུ་དཀུར་བརྟེན་ལ། ལག་པ་གཡས་པས་རྡོ་རྗེ་བསོར་ཏེ། རང་གི་སྙིང་གར་བསྟོད་པའི་ཚུལ་དུ་འཛིན་པ་ནི། རྡོ་རྗེ་སེམས་དཔའིའོ། །རྡོ་རྗེ་ལྕགས་ཀྱུའི་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པའི་ཚུལ་དུ་གནས་པ་
ནི་རྡོ་རྗེ་རྒྱལ་པོའིའོ། །རྡོ་རྗེ་མདས་དེ་བཞིན་གཤེགས་པ་ཐམས་ཅད་འབིགས་པའི་ཚུལ་དུ་བྱེད་པ་ནི། རྡོ་རྗེ་ཆགས་པའིའོ། །རྡོ་རྗེ་ཁུ་ཚུར་དང་བཅས་པའི་ལག་པ་གཉིས་ལེགས་སོ་ཞེས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་ནི། རྡོ་རྗེ་ལེགས་པའིའོ། །
གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རིན་པོ་ཆེ་རང་གི་དབང་བསྐུར་བའི་གནས་སུ་འཇོག་ཅིང་། གཡོན་པའི་དྲིལ་བུ་དང་བཅས་པ་དཀུར་བརྟེན་པ་ནི་རྡོ་རྗེ་སྙིང་པོའིའོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་བྱེད་པ་ནི། རྡོ་རྗེ་ཉི་མའིའོ། །
ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བར་བྱེད་པ་ནི་རྡོ་རྗེ་རྒྱལ་མཚན་གྱིའོ། །རྡོ་རྗེ་འཛུམ་པས་རབ་ཏུ་དགའ་བར་བྱེད་པ་ནི། རྡོ་རྗེ་བཞད་པའིའོ། །གཡོན་པ་བསྙེམས་པ་དང་བཅས་པས་པདྨའི་སྡོང་བུ་འཛིན་ཅིང་། ཕྱག་གཡས་པས་རང་
གི་སྙིང་གར་པདྨ་འབྱེད་པ་ནི་རྡོ་རྗེ་ཅན་གྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་ཤིང་། ཕྱག་གཡས་པས་རྡོ་རྗེ་རལ་གྲི་བསྣམས་ཏེ། འདེབས་པའི་ཚུལ་དུ་འཇོག་པ་ནི་རྡོ་རྗེ་བློའིའོ། །ཕྱག་གཡས་པའི་གུང་མོ་

ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བའི་ཚུལ་དུ་འཇོག་པ་ནི། རྡོ་རྗེ་རྒྱུའིའོ། །རྡོ་རྗེ་ལྗགས་ཀྱིས་སྨྲ་བའི་ཚུལ་དུ་མཛད་པ་ནི། རྡོ་རྗེ་སྨྲ་བའིའོ། །གཡོན་པ་དཀུར་བརྟེན་པས་སྣ་ཚོགས་རྡོ་རྗེ་དང་བཅས་པའི་དྲིལ་བུ་བསྣམས་ཤིང་ཕྱག་གཡས་པས་སྣ་
ཚོགས་རྡོ་རྗེ་ཐུགས་ཀར་བསྟོད་པའི་ཚུལ་གྱིས་འཛིན་པ་ནི། རྡོ་རྗེ་སྣ་ཚོགས་ཀྱིའོ། །རྡོ་རྗེ་གོ་ཆ་འཛིན་པ་ནི་རྡོ་རྗེ་སྲུང་བའིའོ། །རྡོ་རྗེ་མཆེ་བའི་མཚོན་ཆ་རང་གི་ཞལ་དུ་བཞག་པས་བསྡིགས་པའི་ཚུལ་དུ་མཛད་པ་ནི། རྡོ་རྗེ་གནོད་སྦྱིན་གྱིའོ། །དམ་ཚིག་གི་རྡོ་རྗེ་ཁུ་
ཚུར་གྱིས་བཟུང་བའི་རྡོ་རྗེ་རྩེ་ལྔ་པ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱིས་བཙིར་བ་ནི། རྡོ་རྗེ་ཁུ་ཚུར་གྱིའོ། །རྡོ་རྗེ་བསྙེམས་པའི་ཚུལ་གཉིས་ཀྱིས་རྡོ་རྗེ་གཉིས་འཛིན་པ་རྡོ་རྗེ་སྒེག་མོའིའོ། །རིན་པོ་ཆེའི་ཕྲེང་བ་འཛིན་པ་ནི་ཕྲེང་བ་མའིའོ། །པི་ཝང་བརྡེབས་པ་ལྟར་བྱེད་པ་ནི་པི་ཝང་མའིའོ། །ཕྱག་
གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་བསྣམས་ཏེ་གར་མཛད་པ་ནི་གར་མཁན་མའིའོ། །ཕྱག་ན་སྤོས་སྣོད་བསྣམས་པ་ནི་བདུག་པ་མའིའོ། །ཕྱག་ན་མེ་ཏོག་གི་ཟ་མ་ཏོག་བསྣམས་པ་ནི་མེ་ཏོག་མའིའོ། །ཕྱག་ན་མར་མེའི་སྡོང་བུ་བསྣམས་པ་ནི་མར་མེ་མའིའོ། །ཕྱག་ན་དྲིའི་དུང་
ཕོར་བསྣམས་པ་ནི་བྱུག་པ་མའིའོ། །ཕྱག་ན་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་བསྣམས་པ་ནི། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིའོ། །དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་རོ། །ཕྱག་རྒྱ་
ཆེན་པོའི་སྦྱོར་བ་ཐམས་ཅད་ལ་ཡང་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་བསྒོམ་པར་བྱའོ། །བདག་ཉིད་ཆེན་པོ་གང་གང་གི། །ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །དམ་ཚིག་གི་ཕྱག་རྒྱ་ཐམས་
ཅད་ལ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ལ་ནི་ས་མ་ཡ་སྟྭཾ་ཞེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་བཅིངས་པ་ལ་ནི། སུ་ར་ཏ་སྟྭཾ་ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་པས་བརྟན་པར་བྱས་ནས། དབང་

བསྐུར་བ་ཐམས་ཅད་དང་། རྡོ་རྗེ་བརྟུལ་ཞུགས་ཀྱང་དེ་བཞིན་དུ་བླངས་ལ། བཛྲ་སཏྭ་སུ་སཾ་གྲ་ཧཱ་ཏ། བཛྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷརྨཱ་ཀཱ་ཡ་མེ། བཛྲ་ཀརྨ་ཀ་རོད་བྷ་བེ། ཞེས་བྱ་བ་རྡོ་རྗེ་གླུར་བླངས་ཤིང་། རེ་རེ་ཞིང་རྡོ་རྗེའི་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པས་མཆོད་
པ་བརྒྱད་ཀྱིས་ལས་ཀྱི་ཕྱག་རྒྱས་ཡང་དག་པར་མཆོད་དེ། ལག་པ་གཡོན་པས་རྡོ་རྗེ་དྲིལ་བུ་བླངས་ལ། གཡས་པས་རྡོ་རྗེ་བསོར་ཞིང་། རྡོ་རྗེའི་ཚིག་ཏུ་འདི་སྐད་བརྗོད་པར་བྱའོ། །ཊཀྐི་ཧཱུཾ་ཛཿཡང་རྡོ་རྗེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཇོག་ཅིང་། ཊཀྐི་ཛ་ཧོ་ཞེས་
བརྗོད་པར་བྱའོ། །དེ་ལྟར་བྱས་པས་ནི་ལུས་དང་ངག་དང་སེམས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་རོ། །ཡི་གེ་ཧཱུཾ་གི་རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་བསམས་ལ། དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་
དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲིད་པའི་བདག་པོ་
དམ་པ་ཀུན་གྱི་མཆོག །དབང་ཕྱུག་གི་དམ་པ་དེ་ཉིད་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པར་སྩོལ་བར་མཛད་པ་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་གྲུབ་པར་བྱེད། །དྷརྨཱ་
ཨ་ཞེས་བྱ་བ་ནི། །དྲིལ་བུའི་ས་བོན་ནོ། །དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་
ཐམས་ཅད་ནི། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བ་ནི། བཅོམ་ལྡན་འདས་

ཀྱི་དམ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །དེ་ནས་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གསུམ་གྱི་གླུའི་
མཆོད་པ་བྱ་བ་ནི་འདི་ཡིན་ཏེ། ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་དེང་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་
འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་
དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་ལ། རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག །དེ་ལྟར་བདག་
ཉིད་རྫོགས་པར་བྱས་ནས། ཕྱག་རྒྱ་ཆེན་པོས་ནམ་མཁའི་ཕྱོགས་སུ་གནས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བརྗོད་ལ་དེའི་དོན་ལ་ལྷག་པར་མོས་པས་འཇིག་རྟེན་གྱི་ཁམས་མཐའ་དག་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་
རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། རྒྱ་མཚོ་ཆེན་པོའི་བར་དུ་བསམས་ལ། དེའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས། རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་ཟུར་བཞི་པ། རིན་པོ་ཆེ་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བསྐྱེད་ལ། ཨོཾ་བཛྲ་དྲྀ་ཌྷོ་ཞེས་བྱ་བ་ལ་
སོགས་པ་དང་། རྡོ་རྗེ་བསྡམས་པས་སྔ་མ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་སྟེང་དུ་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་ཁང་པ་བརྩེགས་པ། རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པ་སྤྲུལ་ལ། རྣམ་པར་སྣང་མཛད་ཀྱི་གནས་སུ་ཨ་སིཾ་ཨ་ཞེས་བྱ་བས་སེང་གེའི་གདན།

མི་བསྐྱོད་པའི་གནས་སུ་ཧཱུཾ་གཾ་ཧཱུཾ་ཞེས་བྱ་བས་གླང་པོ་ཆེའི་གདན། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཏྲ་པཱ་ཏྲ་ཞེས་བྱ་བས་རྟའི་གདན། འོད་དཔག་ཏུ་མེད་པའི་གནས་སུ། ཧྲཱིཿམཾ་ཧྲཱིཿ ཞེས་བྱ་བས་རྨ་བྱའི་གདན། དོན་ཡོད་པར་གྲུབ་པའི་གནས་སུ། ཨ་གཾ་ཨ་ཞེས་བྱ་བ་ལས་
ནམ་མཁའ་ལྡིང་གི་གདན་བསམ་པར་བྱའོ། །སེང་གེའི་གདན་ལ་སོགས་པ་ལ་ཡང་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ནས། དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་པའི་
ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས། འོག་མིན་དུ་བསྐལ་པ་གྲངས་མེད་པ་གསུམ་ལས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བདག་ཉིད་བསྐྱེད་པར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་
ཀྱི་ཞིང་འདི་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བར་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་ཉིད་དང་ཆོས་ཉིད་དྲན་པར་བྱའོ། །དེ་ནས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཆོས་སོ། །དེའི་རྗེས་ལ་ཐེག་པ་ཆེན་པོའི་བྱང་ཆུབ་
སེམས་དཔའི་དགེ་འདུན་རྗེས་སུ་དྲན་པར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ལ་ལྷག་པར་བྱམས་པ་བསྐྱེད་པར་བྱ་བ་དང་། ངན་འགྲོ་ལ་སོགས་པའི་སྡུག་བསྔལ་གྱིས་གདུང་བ་ཐམས་ཅད་ལ་
སྙིང་རྗེ་བ་དང་། འཕགས་པ་ཐམས་ཅད་ལ་དགའ་བ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་བཏང་སྙོམས་སུ་བྱ་བ་དང་། ཆོས་ཐམས་ཅད་ལ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྒྱུ་མ་དང་མཚུངས་པ་ཉིད་དང་། མིག་ཡོར་དང་མཚུངས་པ་ཉིད་དུ་ལྷག་པར་མོས་པར་
བྱས་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་སྤྱོད་པ་དང་། རིགས་ལྔ་དང་རྡོ་རྗེ་དྲིལ་བུ་དང་། ཕྱག་རྒྱ་དང་སློབ་དཔོན་ཉིད་དང་། བྱམས་པ་དང་། མི་འཇིགས་པ་དང་། ཟང་ཟིང་དང་། ཆོས་ཀྱི་སྦྱིན་

པ་དང་། སྔགས་ཀྱི་ཚུལ་ཐམས་ཅད་སྟོན་པ་དང་། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་དང་། གསང་སྔགས་ཀྱི་སྒོའི་སྤྱོད་པ་རྣམས་མངོན་དུ་བྱས་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྒྲུབ་པར་བྱ་བའི་ཕྱིར། །སངས་རྒྱས་སུ་
འགྱུར་བར་བྱའོ་ཞེས་བསམས་ནས། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །དེ་ནས་རིམ་པ་འདིས་མངོན་པར་བྱང་ཆུབ་པ་སྔོན་དུ་བྱའོ། །དེ་ནི་འདི་ཡིན་ཏེ། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ། །དེའི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་བཞག་ལ། རང་གི་
སྙིང་གར་སེམས་དཔའི་རྡོ་རྗེ་རྣམ་པར་བསམས་ནས། འདི་ལྟར་བསྒོམ་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདིར་དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་
འདུས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སྙིང་པོར་འདུག་པ་གང་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་རྫོགས་ལོངས་སྤྱོད་པའི་སྐུ་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །
རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར། དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ། དེ་ནས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས། མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་ན་བསྒྲུབ་པར་བགྱི། བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་

ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ་རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགའ་བར་ཟློས་ཤིང་འགྲུབ་པར་གྱིས་ཤིག །ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི། དེ་ནས་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་གི་སྙིང་ག་ནས་ཟླ་བའི་དཀྱིལ་འཁོར་ལྟ་བུར་གདའ་བ་བདག་གིས་རྟོགས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་དེ་ནི་རང་བཞིན་གྱིས་འོད་གསལ་བས་
ན། དེ་ནི་ཇི་ལྟ་བུ་སྦྱངས་པ་དེ་ལྟ་བུར་འགྱུར་ཏེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་བཞིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་བཞིན་གྱི་འོད་གསལ་བའི་སེམས་ཤེས་པ་རྒྱས་པར་བྱ་བའི་ཕྱིར། ཨོཾ་བོ་དྷི་ཙིཏྟོཏྤ་དཱ་ཡཱ་མི་ཞེས་བྱ་བ་རང་
བཞིན་གྱིས་གྲུབ་པའི་སྔགས་འདིས་ཀྱང་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། འདི་སྐད་ཅེས་གསོལ་ཏོ། །ཟླ་བའི་དཀྱིལ་འཁོར་
ལྟ་བུར་མཐོང་བ་གང་ལགས་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སེམས་བསྐྱེད་པ་ཀུན་དུ་བཟང་པོ་ཁྱོད་ཀྱིས་མངོན་སུམ་དུ་གྱུར་གྱིས། དེ་ལེགས་པར་སྒྲུབས་
ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་དུ་བཟང་པོ་དེ་བརྟན་པར་བྱ་བའི་ཕྱིར། སྔགས་འདིས་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དབྱིངས་སུ་སོམས་ཤིག །ཨོཾ་ཏིཥྛ་བཛྲ། བྱང་ཆུབ་སེམས་དཔས་ཡང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས།
ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེར་བདག་གིས་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་བཟང་པོའི་སེམས་རྡོ་རྗེ་འདི་སྔགས་འདིས་བརྟན་པར་གྱིས་ཤིག །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་ནམ་མཁའི་དབྱིངས་

ཐམས་ཅད་དུ་མཉམ་པར་འཇུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི། སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །དེ་ནས་དེ་
བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་ལ། རྡོ་རྗེའི་དབྱིངས་རྡོ་རྗེའི་དབྱིངས་ཞེས་བྱ་བའི་རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དབྱིངས་ཀྱིས། དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་ལ་ལགས་པར་མཐོང་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་ལྟ་བས་ན་
སེམས་དཔའི་རྡོ་རྗེ་དེ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་རང་བཞིན་གྱིས་གྲུབ་པའི་སྔགས་འདི་དག་ཅི་དགར་ཟློས་ལ་སོམས་ཤིག །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྠཱ་ཨ་ཧཾ། དེ་ལྟར་བསྒོམས་པའི་རྗེས་ཐོགས་ལ་རྣམ་པར་སྣང་མཛད་དུ་གྱུར་
པར་བསམ་པར་བྱའོ། །སེམས་སོ་སོར་རྟོགས་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་དུས་སུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་དང་། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་
ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ལ། མངོན་པར་བྱང་ཆུབ་པ་འདི་བརྟན་པར་མཛོད་ཅིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལུས་
ཀྱི་ནང་དུ་ཞུགས་པར་གྱུར་པ་དང་། སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོར་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ། །སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་

པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་གསང་བའི་དམ་ཚིག་ཏུ་ཞུགས་སོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་ཏིང་ངེ་འཛིན་རྟོག་པའི་རིན་པོ་ཆེའི་དབང་བསྐུར་བ་ཐོབ་བོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཡེ་ཤེས་རྟོག་པ་རང་བཞིན་གྱིས་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལམ་མཉམ་པ་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་སུ་གྱུར་པར་བདག་ཉིད་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བས་རྡོ་རྗེ་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱིས་དབང་བསྐུར་བས་དབང་བསྐུར་བ་དང་། ཀུན་དུ་སྤྱན་རས་གཟིགས་དབང་པོའི་
ཆོས་ཀྱི་ཡེ་ཤེས་ནི་བསྐྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་རབ་ཏུ་བཞག་ནས་བབས་ཏེ། སྔར་བསྐྱེད་པའི་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ན་གནས་པའི་ཁང་པ་བརྩེགས་པ། རྩེ་མོ་རྡོ་རྗེ་དང་ནོར་བུ་དང་། རིན་པོ་ཆེ་ལས་བྱས་པའི་དབུས་ན། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བསོད་ནམས་ལས་ངེས་པར་བྱུང་བའི་སེང་གེའི་གདན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་བྱིན་གྱིས་བརླབས་ཏེ། ཞལ་བཞི་པའི་ཚུལ་དུ་བཞག་པར་གྱུར་པར་བསམ་པར་བྱ་ཞིང་། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་། ཕྱོགས་
བཞིར་རེ་རེ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་ལ་བཞུགས་པར་བསམ་པར་བྱའོ། །དེ་ལྟར་ན་འདི་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།དེའི་རྗེས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞིར་བྱིན་གྱིས་བརླབས་ལ། བྱང་
ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། ཐུགས་ཀ་ན་གནས་པའི་རྡོ་རྗེ་སེམས་དཔའ་བཛྲ་སཏྭ་ཞེས་བྱ་བས་བསྐུལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཟླ་བའི་དཀྱིལ་འཁོར་དུ་དེ་བྱུང་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་

ཅན་ཐམས་ཅད་བདག་མེད་པར་རྟོགས་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་གྱུར་ནས་ལྷར་ལོག་སྟེ། ལྷ་ཐམས་ཅད་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་ཉིད་དུ་གྱུར་ནས་གནས་པར་བསམ་པར་བྱའོ། །དེ་ནས་དེ་
རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་ནས། རང་གི་ཐུགས་ཀར་གནས་པའི་རྡོ་རྗེར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་གཅིག་ཏུ་འདྲེས་པར་གྱུར་ནས། ནམ་མཁའི་ཁམས་རབ་འབྱམས་ཙམ་གྱི་ཚད་དང་མཉམ་པའི་ཚད་ཙམ་གྱི་རྡོ་
རྗེ་རྩེ་ལྔ་པའི་གཟུགས་ཆེན་པོར་གྱུར་ནས། ཡང་སྔར་གྱི་ཐུགས་ཀར་གནས་པའི་ཐུགས་ཀའི་རྡོ་རྗེའི་ཚད་ཙམ་ཉིད་དུ་གྱུར་ཏོ། དེ་ལས་བྱུང་ནས་རང་གི་ཕྱག་གཉིས་སུ་གནས་པར་བསམ་པར་བྱའོ། །དེ་ལས་ཀྱང་ཡང་རྡོ་རྗེ་ལྟ་བུའི་འོད་ཟེར་གཟུགས་སྣ་ཚོགས་པ་དང་། ཁ་དོག་
སྣ་ཚོགས་པ་བྱུང་སྟེ། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས། དེ་རྣམས་ལས་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱི་སེམས་ཅན་གྱི་ཁམས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པའི་
བྱང་ཆུབ་པ་ལ་སོགས་པ་ལ། ངེས་པར་སྦྱར་ནས་སླར་ཡང་བསྡུ་བའི་སྦྱོར་བས་སེམས་དཔའི་སྐུ་གཅིག་ཏུ་གྱུར་ནས། རང་གི་ཐུགས་ཀར་གནས་པའི་རྡོ་རྗེར་ཞུགས་ཏེ། དེར་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པར་བསམ་པར་བྱའོ། །ཨེ་མའོ་བདག་ནི་རང་བྱུང་བའི། །ཀུན་
དུ་བཟང་པོའི་སེམས་དཔའ་བརྟན། །དེ་ནི་བརྟན་ཕྱིར་ལུས་མིན་ཡང་། །སེམས་དཔའི་ལུས་སུ་གྱུར་པ་ཡིན། །དེ་ནས་ཐུགས་ཀ་ནས་བྱུང་ནས་མི་བསྐྱོད་པའི་སྤྱན་སྔར་འདུག་སྟེ། བཀའ་ནོད་ཅིང་བཞུགས་པར་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་སངས་རྒྱས་ལྔའི་དབུ་རྒྱན་དང་། ཅོད་པན་གྱི་དབང་གིས་དབང་བསྐུར་ནས། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱིས་བླ་ན་མེད་པའི་ཚུལ་ཁྲིམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་

མངོན་པར་བྱང་ཆུབ་པའི་བར་དུ་རྫོགས་པར་བྱ་བའི་ཕྱིར། དེ་རྫོགས་པར་བྱེད་པའི་དང་པོའི་རྡོ་རྗེ་དང་། དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ་དང་བཅས་པར་ཀུན་དུ་བཟང་པོའི་ལག་ཏུ་བྱིན་ནོ། །དེ་ནས་མིང་གི་དབང་བསྐུར་བ་ལ་སོགས་པ་བྱིན་ནོ། །དེའི་རྗེས་ལ་ཕྱག་ན་རྡོ་རྗེའི་ང་
རྒྱལ་གྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །སངས་རྒྱས་ཀུན་གྱི་གྲུབ་པ་ཡི། །ར