Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 62
Văn bản gốc(Tây Tạng)
Trang 18 / 24 (50.000 ký tự/trang)
་ང་རྒྱལ་དང་། ལས་ཀྱི་ང་རྒྱལ་དང་། མཆོག་གི་ང་རྒྱལ་དང་། མཆེ་བའི་ང་རྒྱལ་དང་། ཁུ་ཚུར་གྱི་ང་རྒྱལ་ལོ། །རྡོ་རྗེ་གཉིས་ཀྱི་ང་རྒྱལ་དང་། རིན་པོ་ཆེའི་ ཕྲེང་བའི་ང་རྒྱལ་དང་། པི་ཝང་གི་ང་རྒྱལ་དང་། གར་གྱི་ལག་པའི་འདམ་པའི་ང་རྒྱལ་དང་། བདུག་སྤོས་ཀྱི་ང་རྒྱལ་དང་། མེ་ཏོག་གི་ང་རྒྱལ་དང་། སྣང་གསལ་གྱི་ང་རྒྱལ་དང་། དྲིའི་ང་རྒྱལ་ལོ། །ལྕགས་ཀྱུའི་ང་རྒྱལ་དང་། ཞགས་པའི་ང་རྒྱལ་དང་། རྒྱས་པའི་ང་རྒྱལ་དང་། དྲིལ་བུའི་ ང་རྒྱལ་དང་། རང་རང་གི་སྙིང་པོ་བཟླས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་སུ་རབ་ཏུ་ཞུགས་པའི་རང་རང་གི་ཕྱག་རྒྱ་བསམ་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདིའོ། །རྡོ་རྗེ་དབྱིངས་བདག་གོ། །རྡོ་རྗེ་སེམས་དཔའ་བདག་གོ། །རིན་ཆེན་རྡོ་རྗེ་བདག་གོ། །པདྨ་ རྡོ་རྗེ་བདག་གོ། །སྣ་ཚོགས་རྡོ་རྗེ་བདག་གོ། །རྡོ་རྗེ་སེམས་དཔའ་བདག་གོ། །རྡོ་རྗེ་རྒྱལ་པོ་བདག་གོ། །རྡོ་རྗེ་ཆགས་པ་བདག་གོ། །རྡོ་རྗེ་ལེགས་པ་བདག་གོ། །རྡོ་རྗེ་སྙེམས་པ་བདག་གོ། །རྡོ་རྗེ་ཁྱབ་བདག་བདག་གོ། །རྡོ་རྗེ་མཆོད་སྡོང་བདག་གོ། །རྡོ་རྗེ་དགྱེས་པ་བདག་གོ། །རྡོ་རྗེ་སྤྱན་བདག་གོ། ། རྡོ་རྗེ་བློ་བདག་གོ། །རྡོ་རྗེའི་རྒྱན་བདག་གོ། །རྡོ་རྗེ་གསུང་བ་བདག་གོ། །རྡོ་རྗེ་ལས་བདག་གོ། །རྡོ་རྗེ་བརྩོན་འགྲུས་བདག་གོ། །རྡོ་རྗེ་གཏུམ་པོ་བདག་གོ། །རྡོ་རྗེ་ཁུ་ཚུར་བདག་གོ། །རྡོ་རྗེ་སྒེག་མོ་བདག་གོ། །རྡོ་རྗེ་ཕྲེང་མ་བདག་གོ། །རྡོ་རྗེ་གླུ་མ་བདག་གོ། །རྡོ་རྗེ་གར་མ་བདག་གོ། །རྡོ་རྗེ་བདུག་ སྤོས་མ་བདག་གོ། །རྡོ་རྗེ་མེ་ཏོག་མ་བདག་གོ། །རྡོ་རྗེ་སྣང་གསལ་མ་བདག་གོ། །རྡོ་རྗེ་དྲི་མ་བདག་གོ། །རྡོ་རྗེ་ལྕགས་ཀྱུ་མ་བདག་གོ། །རྡོ་རྗེ་ཞགས་པ་མ་བདག་གོ། །རྡོ་རྗེ་རྒྱས་པ་མ་བདག་གོ། །རྡོ་རྗེ་འབེབས་པ་མ་བདག་གོ་ཞེས་གསུངས་པས་རང་གི་སྙིང་གར་རང་རང་གི་ ལྷ་རྣམས་ཀྱི་སྐུར་བསམ་པར་བྱའོ། །འདི་རྣམས་བྱས་ནས་རང་རང་གི་སྙིང་གར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པར་བྱའོ། །བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་རྣམ་པར་བསྒོམ་སྟེ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ས་མ་ ཡ་ཧོ། །ས་མ་ཡ་ཧཾ། ས་མ་ཡ་སཏྭ་ཧཾ། དེའི་དེ་བཞིན་དུ་ཕྱག་རྒྱས་སྙིང་ག་དང་མཛོད་སྤུ་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་བྱིན་གྱིས་བརླབ་པར་བྱའོ། །དམ་ཚིག་སེམས་དཔའ་བདག་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་བརྗོད་ནས་རྡོ་རྗེ་གསོར་བར་བྱའོ། །སླར་ཡང་རང་གི་སྙིང་ གར་ཟླ་བ་ལས་རྡོ་རྗེའི་འོད་ཟེར་ཡང་དག་པར་འཕྲོ་ཞིང་རྡོ་རྗེའི་རྒྱུའི་ལས་ཀྱི་ཕྱག་རྒྱས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་སྤྲུལ་པར་བལྟ་བར་བྱའོ། །རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་དམ་ཚིག་སེམས་དཔའི་དམ་ཚིག་དག་གོ། །རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྔོན་མ་བཞིན་ དུ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་ལན་གསུམ་དུ་བརྗོད་པར་བྱའོ། །དཀྱིལ་འཁོར་གཉིས་པོ་གཅིག་ཏུ་གྱུར་པར་བལྟའོ། །བདག་ཉིད་ནམ་མཁའ་ཤིན་ཏུ་ཕྲ་བའི་གཟུགས་སུ་བྱས་ནས་སེམས་རྡོ་རྗེ་ཅན་དུ་བཅིངས་ཏེ་མེ་ཏོག་གི་ཕྲེང་བ་བཟུང་ནས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཡང་དག་པ་ཡི་ དཀྱིལ་འཁོར་འདིར། །བདག་གི་སློབ་མ་ཞུགས་པ་འདིའོ། །ལྷ་རྣམས་ཀྱི་ནི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲར་འགྱུར། །དེ་ལྟར་དཀྱིལ་འཁོར་འགྱུར་བར་ཤོག ། པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་པས་མེ་ཏོག་དོར་རོ། །དེ་ནས་མེ་ཏོག་ཕྲེང་བའི་དབང་བླང་བར་བྱའོ། །ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་ཕྲེང་བའི་དབང་ངོ་། །སེམས་རྡོ་རྗེ་ཅན་དུ་བཅིངས་ནས་མིག་དབྱེ་བར་བྱ་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མི་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །རྡོ་རྗེའི་ མིག་ནི་འབྱེད་པར་མཛད། །དགྱེས་པའི་རྡོ་རྗེ་ལྟོས་ཤིག་ཅེས་མིག་དབྱེ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཐར་ཐུག་པའོ། །དེ་ནས་སྤྱི་བོར་རྡོ་རྗེ་བཟུང་སྟེ་སེམས་དཔའ་རྡོ་རྗེ་ལ་སོགས་པ་བླངས་ནས་བུམ་ པའི་ཆུས་དབང་བསྐུར་བར་བྱའོ། །ཨོཾ་བཛྲཱ་ཨ་བྷི་ཥིཉྩ་མཱཾ། ཆུའི་དབང་ངོ་། །དེ་ནས་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བླང་བར་བྱའོ། །ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། བཛྲི་ཎི་ཨ་བྷི་ཥིཉྩ་མཱཾ། གཙུག་ཏོར་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །རྡོ་རྗེར་ ཐལ་མོ་བཅིངས་ནས་མཐེབ་ཆེན་གཉིས་སྐྱིལ་མོ་ཀྲུང་བསྐུམ་པའི་རྩེ་མོར་མཉམ་དུ་གུང་མོ་བཟུང་ནས་ཡན་ལག་མཆོག་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བསམ་པར་བྱའོ། །ཨོཾ་བཛྲ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་མཐིང་ག་ས་གནོན་གྱི་ཕྱག་རྒྱ་མཛད་པ། དེ་ལ་དེ་བཞིན་དུ་དབུས་སུ་རྡོ་རྗེའི་མཐའ་དང་རྡོ་རྗེ་མ་བསམ་པར་བྱའོ། །ཨོཾ་རཏྣ་བཛྲི་ཎི་ཧཱུཾ། ཨ་བྷི་ཥིཉྩ་མཱཾ་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་སྟེ་གུང་མོ་དག་སྨད་པར་བྱས་ནས་རིན་ཆེན་རྡོ་རྗེ་མ་བསམ་པར་བྱའོ། །ཨོཾ་དྷརྨ་བཛྲི་ཎི་ཧཱུཾ། ཨ་བྷི་ཥིཉྩ་མཱཾ། མགོ་བོའི་རྒྱབ་ ཏུ་འོད་དཔག་མེད་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། གུང་མོ་དང་མིང་མེད་ཀྱི་མཐར་པདྨ་དང་འདིས་ཆོས་ཀྱི་རྡོ་རྗེ་མ་བསམ་པར་བྱའོ། །ཨོཾ་ཀརྨྨ་བཛྲི་ཎི་ཧཱུཾ། ཨ་བྷི་ཥིཉྩ་མཱཾ། རྣ་བ་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱ་རབ་ཏུ་བརྐྱང་བ་སོར་མོ་རྣམས་ ལས་ཀྱི་རྡོ་རྗེ་མ་བསམ་པར་བྱའོ་ཞེས་པ་ནི་དབུ་རྒྱན་གྱི་དབང་ངོ་། །དེའི་རྗེས་ལ་སྔོན་མ་བཞིན་དུ་གོ་ཆ་བྱ་སྟེ། ལག་མཐིལ་ཡང་མཉམ་དུ་བྱའོ། །དེ་ནས་རྡོ་རྗེའི་དབང་བླང་བར་བྱའོ། །སྙིང་གར་རྡོ་རྗེ་རབ་བཟུང་ནས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དི་རིང་ཁྱོད་དབང་བསྐུར། ། འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་བསྒྲུབ་ཕྱིར་ཟུང་། །ཞེས་པ་ནི་རྡོ་རྗེའི་དབང་ངོ་། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འགྱིང་བ་དང་བཅས་པས་གཟུང་བར་བྱའོ། །ཨོཾ་བཛྲཱ་དྷི་ཏིཥྛ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་པ་ནི་དྲིལ་བུའི་དབང་ངོ་། །རྡོ་རྗེ་དང་དྲིལ་བུ་མགོ་བོར་གཟུང་བར་བྱའོ། །ཨོཾ་ བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ་ཀྱེ་དཔལ་རྟག་པའི་རྡོ་རྗེའི་མིང་དེ་བཞིན་གཤེགས་པ་ས་འོག་ས་སྟེང་མཐོ་རིས་སུ་ཞེས་པ་ནི་མིང་གི་དབང་ངོ་། །དེ་ནས་རྡོ་རྗེ་བླངས་ཏེ་རྡོ་རྗེ་དྲིལ་བུ་གཟུང་བར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། འདི་ནི་སངས་རྒྱས་ ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་པ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་པ་ནི་དྲིལ་བུའི་དམ་ཚིག་གོ། །དེ་བཞིན་དུ་ རང་བྱིན་གྱིས་བརླབ་པར་བྱས་ནས་བསྒྲུབ་པར་བྱའོ། །དེ་ལ་དང་པོར་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་རང་གི་ལུས་ལ་ས་མ་ཡ་ཨཿཞེས་བཟླས་ལ་ཟླ་བའི་དཀྱིལ་འཁོར་བལྟ་བར་བྱའོ། །བཛྲ་སཏྭ་ཨཿཞེས་པས་སླར་ཡང་ཟླ་བ་ལ་ཧཱུཾ་ཡིག་ལས་རྡོ་རྗེ་སྟེ་ རྡོ་རྗེའི་ང་རྒྱལ་ལོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དེའི་ང་རྒྱལ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་བདག་གོ། །རྡོ་རྗེ་སེམས་དཔའི་སྐུ་ཆེན་པོར་བལྟས་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་སྐུའི་དཀྱིལ་འཁོར་བསྒོམ་པར་བྱའོ། །ཨོཾ་བཛྲ་ སཏྭ་ཧཱུཾ་ཞེས་བརྗོད་པར་བྱའོ། །གནས་ཉི་ཤུ་རྩ་བརྒྱད་དུ་ཟླ་བའི་དཀྱིལ་འཁོར་བལྟ་བར་བྱའོ། །དེ་ལ་འདི་རྣམས་ས་བོན་ནོ། །ཨོཾ་བཛྲ་སཏྭ་ཨཿ། བཛྲ་རཱ་ཛ་ཨཿ། བཛྲ་རཱ་ག་ཨཿ། བཛྲ་སཱ་དྷུ་ཨཿ། བཛྲ་རཏྣ་ཨཿ། བཛྲ་ཏེ་ཛ་ཨཿ། བཛྲ་ཀེ་ཏུ་ཨཿ། བཛྲ་ཧ་ས་ཨཿ། བཛྲ་དྷརྨ་ཨཿ། བཛྲ་ཏཱིཀྵྞ་ཨཿ། བཛྲ་ ཧེ་ཏུ་ཨཿ། བཛྲ་བྷཱ་ཥ་ཨཿ། བཛྲ་ཀརྨ་ཨཿ། བཛྲ་རཀྵ་ཨཿ། བཛྲ་ཡཀྵ་ཨཿ། བཛྲ་སནྡྷི་ཨཿ། བཛྲ་ལཱ་སྱེ་ཨཱཿ། བཛྲ་མཱ་ལེ་ཨཿ། བཛྲ་གཱི་ཏེ་ཨཿ། བཛྲ་ནྲྀ་ཏྱེ་ཨཿ། བཛྲ་དྷཱུཔྤེ་ཨཿ། བཛྲ་པུཥྤེ་ཨཿ། བཛྲ་ཨཱ་ལོ་ཀེ་ཨཿ། བཛྲ་གནྡྷེ་ཨཿ། བཛྲཱཾ་ཀུ་ཤ་ཨཿ། བཛྲ་པཱ་ཤ་ཨཿ། བཛྲ་སྥོ་ཊ་ཨཿ། བཛྲཱ་བེ་ཤ་ ཨཿདེའི་སྟེང་དུ་མཚན་མ་བལྟས་ནས་རྡོ་རྗེ་བདག་གོ་ཞེས་ཇི་སྲིད་དྲིལ་བུའི་ང་རྒྱལ་གྱི་མཐར་ཐུག་པ་བརྗོད་པར་བྱའོ། །ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་ལྷ་རྣམས་ཀྱི་ང་རྒྱལ་བྱེད་ཅིང་བསྒོམ་པར་བྱའོ། །ས་བོན་ལས་རྡོ་རྗེ་སེམས་དཔའ་བདག་གོ་ཞེས་པ་ནས་ཇི་སྲིད་དུ་རྡོ་རྗེ་འབེབས་པ་བདག་གོ་ཞེས་ པའི་བར་དུ་ང་རྒྱལ་བརྗོད་པར་བྱའོ། །དེ་ལ་འདིར་ལྷ་རྣམས་ཀྱི་གནས་སུ་རང་གི་སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོའོ། །རྡོ་རྗེ་སེམས་དཔའི་གཡས་སུ་རྡོ་རྗེ་རྒྱལ་པོ་སེར་པོའོ། །གཡོན་དུ་རྡོ་རྗེ་ཆགས་པ་དམར་པོའོ། །རྒྱབ་ཏུ་རྡོ་རྗེ་ལེགས་པ་མ་ར་ཀ་ཏའི་མདོག་གོ། །དཔྲལ་བར་རིན་ཆེན་ རྡོ་རྗེ་སེར་པོའོ། །མགོ་བོའི་རྒྱབ་ཏུ་རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ལྟ་བུའོ། །འཕགས་པ་དག་ལ་རྡོ་རྗེ་ཏོག་ནམ་མཁའི་མདོག་ལྟ་བུའོ། །སོའི་ཕྲེང་བ་རྣམས་ལ་རྡོ་རྗེ་བཞད་པ་པདྨའི་རྩ་བ་དཀར་པོ་ལྟ་བུའོ། །མགྲིན་པར་རྡོ་རྗེ་ཆོས་དཀར་དམར་རོ། །ནུ་མའི་བར་དུ་རྡོ་རྗེ་རྣོན་པོ་ནམ་མཁའི་མདོག་ ལྟ་བུའོ། །ལྟེ་བ་ལ་རྡོ་རྗེ་རྒྱུ་གསེར་གྱི་ཁ་དོག་ལྟ་བུའོ། །ལྕེ་ལ་རྡོ་རྗེ་སྨྲ་བ་ཟངས་ཀྱི་ཁ་དོག་ལྟ་བུའོ། །སྤྱི་བོར་རྡོ་རྗེ་ལས་ཁ་དོག་སྣ་ཚོགས་པའོ། །དཔུང་པ་དག་ལ་རྡོ་རྗེ་བསྲུང་བ་གསེར་གྱི་ཁ་དོག་ལྟ་བུའོ། །ཞལ་ལ་རྡོ་རྗེ་གནོད་སྦྱིན་གྱི་ནག་པོའོ། །རྐེད་པ་ལ་རྡོ་རྗེ་མཚམས་སེར་པོའོ། །རྡོ་རྗེ་ སེམས་དཔའི་གཡོན་ལོགས་སུ་སྒེག་མོ་དཀར་མོའོ། །རྡོ་རྗེ་རིན་ཆེན་གྱི་གཡོན་ལོགས་སུ་ཕྲེང་བ་མ་སེར་མོའོ། །རྡོ་རྗེ་ཆོས་ཀྱི་གཡོན་ལོགས་སུ་གླུ་མ་དམར་མོའོ། །རྡོ་རྗེ་ལས་ཀྱི་གཡོན་ལོགས་སུ་གར་མ་སྣ་ཚོགས་མདོག་གོ། །སྒྲུབ་པ་པོའི་གསང་གནས་སུ་བདུག་སྤོས་མ་དཀར་མོའོ། །སྤྱི་བོར་ མེ་ཏོག་མ་སེར་མོའོ། །སྤྱན་ལ་མར་མེ་མ་དམར་མོའོ། །ནུ་མའི་བར་དུ་དྲི་ཆབ་མ་ཁ་དོག་སྣ་ཚོགས་པའོ། །བརླ་གཡས་པ་ལ་རྡོ་རྗེ་ལྕགས་ཀྱུའོ། །བརླ་གཡོན་པ་ལ་རྡོ་རྗེ་ཞགས་པ་ནག་པོའོ། །བྱིན་པ་གཡས་པ་ལ་རྡོ་རྗེ་རྒྱས་པ་དཀར་པོའོ། །བྱིན་པ་གཡོན་པ་ལ་རྡོ་རྗེ་འབེབས་པ་སྣ་ཚོགས་ མདོག་གོ། །རང་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེ་ལྟ་བུའི་སྐུ་རང་གི་ལུས་ལ་སྐད་ཅིག་གིས་ལྷའི་རྣམ་པ་ཉི་ཤུ་རྩ་བརྒྱད་ཀྱི་གནས་སུ་རྣམ་པར་བསྒོམ་པར་བྱའོ་ཞེས་པ་ནི་ས་བོན་དང་མཚན་མས་ལྷའི་ང་རྒྱལ་བྱའོ། །དེའི་རྗེས་ལ་སྔོན་མ་བཞིན་དུ་སྙིང་གར་གྱུར་པའི་རྡོ་རྗེ་ལས་འོད་ཟེར་ངེས་ པར་འབྱུང་སྟེ། རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་ནམ་མཁའ་ལ་དཀྱིལ་འཁོར་སྤྲུལ་པར་བྱའོ། །ཨོཾ་བཛྲ་ཙཀྲ་ཧཱུཾ། རང་གི་ལུས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཡང་འདུས་པའི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཡིད་ཀྱིས་ལེགས་པར་རབ་ཏུ་སྦྱོར་བས་ སངས་རྒྱས་ཐམས་ཅད་ལ་རབ་ཏུ་གཞུག་པར་བྱའོ། །ལག་པ་དག་རྡོ་རྗེ་བཅིངས་ནས་རྡོ་རྗེའི་སེ་གོལ་གྱིས་རྣམ་པར་གྲོལ་བས་སོ། །དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་བདག་ཉིད་སངས་རྒྱས་འདུས་པར་བྱའོ། །གཡོན་པའི་ཐལ་མོའི་སྒྲ་དང་ཐལ་མོ་མཉམ་པས་ བསྒྲུབ་པར་བྱ་སྟེ། གཡས་པའི་ཐལ་མོར་གསུངས་པ་ནི་གདབ་པར་བྱ་བ་གཉིས་ཀས་ཀྱང་ངོ་ཞེས་པ་ནི་རྡོ་རྗེའི་སྒྲ་འདུས་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅང་བ་དང་། དབང་དུ་བྱ་བ་རྣམས་བྱས་ནས་མཆོད་ཡོན་ལ་སོགས་ པ་ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དམ་ཚིག་ཀྱང་བལྟ་བར་བྱའོ། །ཨོཾ་བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་སཏྭ་དྲྀ་ཤྱ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་རཏྣ་བཛྲ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་དྷརྨ་བཛྲ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ ས་མ་ཡ་ཧཾ། ཨོཾ་ཀརྨྨ་བཛྲ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་སཏྭ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་རཱ་ཛ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་རཱ་ག་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་སཱ་དྷཱུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་རཏྣ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཏེ་ཛ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཀེ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཧཱ་ས་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་དྷརྨྨ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཏཱིཀྵྞ་དྲྀ་ཤྱ་ཛཿ ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཧེ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་བྷཱ་ཥ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཀརྨྨ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་རཀྵ་དྲྀ་ཤ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཡཀྵ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ་ས་ མ་ཡ་ཧཾ། ཨོཾ་བཛྲ་སནྡྷི་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ལཱ་སྱེ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་མཱ་ལེ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་གཱི་ཏི་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ནྲྀ་ཏྱེ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་དྷཱུ་པེ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་པུཥྤེ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། །ས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཨཱ་ལོ་ཀེ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་གནྡྷེ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་སཾ་སྐཱ་ར་པཱ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ ན་ཡ་པཱ་རི་བཱ་ར་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲཱཾ་ཀུ་ཤ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་པཱ་ཤ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་སྥོ་ཊ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་བཛྲཱ་བེ་ཤ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ ཤྭ་རི་ཧཱུཾ་ཞེས་ལན་གསུམ་བརྗོད་པར་བྱའོ། །ཡང་ན་ལན་ཅིག་གོ། །ཐམས་ཅད་ཀྱིས་ཀྱང་དམ་ཚིག་གི་ཕྱག་རྒྱས་རང་གི་སྙིང་གར་ཧཱུཾ་ཡིག་གི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཕྱག་རྒྱ་རབ་ཏུ་སྦྱོར་བས་བསྐྱེད་པར་བྱའོ། །དེ་ལ་ཕྱག་རྒྱའི་མཚན་ཉིད་འདི་རྣམས་སོ། །དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། ། རྡོ་རྗེ་བཅིང་བས་ཡང་དག་འབྱུང་། །རྡོ་རྗེ་བཅིང་བ་བླ་ན་མེད། །དེ་རྣམས་བཅིང་བར་རབ་བཤད་བྱ། །སེམས་དཔའ་རྡོ་རྗེ་བསྟན་བྱས་ནས། །གུང་མོ་བདེ་བར་སྦྱར་བ་ཡིས། །གུང་མོའི་མཐའ་མ་ཡང་དག་བསྐུམ། །སངས་རྒྱས་གཉིས་པར་བཤད་པ་ཡིན། །གུང་མོའི་མཐེ་བོར་བཤད་པ་ ཡིས། །པདྨ་བསྐུམ་པ་དབུས་མའོ། །སངས་རྒྱས་ལྔ་པ་ཕྱག་རྒྱ་ནི། །དེ་ཉིད་བཞིན་དུ་རྩེ་མོ་བསྐུམ། །དེ་ནས་གཞན་ཡང་རབ་བཤད་བྱ། །དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །ལག་པ་གཉིས་ཀྱི་ཟླ་བ་ལ། །གུང་མོའི་སོར་མོ་སྤང་བྱ་སྟེ། །མཐའ་མའི་སོར་མོ་གདོང་གྱུར་པས། ། རྡོ་རྗེ་སེམས་དཔའ་རྡོ་རྗེ་བདག །རྩེ་མོའི་ལྕགས་ཀྱུས་རབ་སྦྱོར་བས། །ལེགས་པར་མཛད་པ་རབ་སྦྱིན་པ། །རྡོ་རྗེ་སེམས་དཔའ་བཞི་ཡིས་ནི། །གྲུབ་པའི་ཕྱག་རྒྱའི་ཚོགས་སུ་བཤད། །རིན་ཆེན་རྡོ་རྗེ་མཚུངས་འབྱུང་ལས། །སྡིགས་མཛུབ་གདོང་དུ་སྦྱར་བ་ལས། །དེ་ལ་དེ་བཞིན་ གུང་མོ་དང་། །མིང་མེད་མཐེའུ་ཆུང་རབ་ཏུ་བརྐྱང་། །བ་དན་གྱུར་པ་མཚུངས་པ་ལ། །མིང་མེད་མཐེའུ་ཆུང་དག་ནི་སྦྱར། །བཞད་པའི་གནས་སུ་གནས་ནས་ནི། །དེ་ཡང་དེ་བཞིན་ཡོངས་སུ་བསྐོར། །རབ་བརྐྱང་མཉམ་དུ་མཐེབ་ཆེན་གནས། །སྡིགས་མཛུབ་ཀུན་ནས་བསྐུམ་པར་བྱ། །དེ་ཉིད་རྡོ་རྗེ་ མཛོད་དུ་སྟེ། །གུང་མོ་གདོང་དུ་བསྙེན་པའོ། །དེ་ཉིད་མཚུངས་པ་སྣ་ཉིད་ལ། །མཐེའུ་ཆུང་འཁོར་ལོར་ཡང་དག་ཤེས། །སོར་མོ་བཅིངས་པ་གྲོལ་གྱུར་ནས། །གདོང་དུ་ལངས་ཤིང་རབ་ཏུ་བརྐྱང་། །མཐེའུ་ཆུང་མཐེབ་ཆེན་གདོང་དག་ཏུ། །དམ་ཚིག་ལས་བཅས་སྤང་ བའོ། །དེ་ཉིད་བཞིན་དུ་རྩེ་མོ་མཚུངས། །སྙིང་གའི་གནས་སུ་རབ་ཏུ་བརྐྱང་། །རྩེ་མོ་རྩེར་བཀུག་མཆེ་བ་ཡིས། །མཐེ་ཆུང་མཚམས་ནས་གྲོལ་བའོ། །མཐེའུ་ཆུང་བར་དག་མཐེབ་ཆེན་བཙིར། །རྩེ་མོ་དག་གིས་བཀུག་པའོ། །སྙིང་གར་མཐེབ་ཆེན་མཚུངས་པ་དང་། །ཕྲེང་བ་རབ་ཏུ་ བརྐྱང་བ་དང་། །ཐལ་མོ་རྩེ་མོ་གདོང་དུ་བཟུང་། །གར་ནི་སྤྱི་བོར་ཡང་དག་སྦྱར། །རྡོ་རྗེ་བཅིངས་ནས་སྟེར་བར་བྱེད། །རང་གི་ཐལ་སྦྱར་སྤྱི་བོར་སྟེར། །སོར་མོ་རྣམས་ནི་མཉམ་དུ་བཙིར། །མཐིལ་ནི་རབ་ཏུ་བརྐྱང་བའོ། །གཡོན་པ་དེ་བཞིན་གཤེགས་པའི་ཐལ་མོ་གན་རྐྱལ་དུ་བྱས་ ནས་ལག་པ་གཡས་པ་སྡིགས་མཛུབ་དང་མཐེབ་ཆེན་དག་མཐེའུ་ཆུང་ནས་བརྩམས་ཏེ་རྣམ་པར་རྒྱལ་བའི་ཐལ་མོ་ཡང་དག་པར་སྦྱར་བར་བྱའོ། །བྱམས་པ་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ནི། སྡིགས་མཛུབ་གཅིག་པ་ཡང་དག་བསྐུམ། །མཐེབ་ཆེན་གཉིས་པོ་འདུད་པ་ བཅིངས། །མཐེབ་ཆེན་རྩེ་མོ་སྐེད་པར་བཅིངས། །རྡོ་རྗེ་ཁུ་ཚུར་རྩེ་མོར་སྦྱར། །ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དོ། །དེའི་རྗེས་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཤར་སྦྱང་ཞིང་དེ་བཞིན་གཤེགས་པའི་ལྗགས་རྣམས་ལ་ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱའོ། །རྡོ་རྗེ་ ཡེ་ཤེས་དམ་ཚིག་ཁྱོད། །ཀུན་གཞི་ཉིད་ཀྱེ་མ་བདེ་བ་ལེགས་པའི་ལེགས་པ། ཤིན་ཏུ་ཆེན་པོ་ཉིད། གཟུགས་སྣང་བ། དོན་ཐོབ་པ། ཧ་ཧ་ཧཱུཾ་ཧཾ། ཐམས་ཅད་བྱེད་པ། སྡུག་བསྔལ་གཅོད་པ། སངས་རྒྱས་བྱང་ཆུབ། སྒྲ་སྙན། ཤིན་ཏུ་དབང་ཉིད། མི་འཇིགས་པ་ཉིད། སྒྲ་ཟབ་པ། ཐམས་ཅད་གྲུབ་པ། དགའ་བ་ཆེན་པོ། །གཟུགས་མཛེས་པ། རྣམ་པར་བདེ་བ། ཐམས་ཅད་མཆོད་པ། རབ་ཏུ་ཚིམ་པ། འབྲས་བུའི་འགྲོ་བ། ཤིན་ཏུ་གཟི་བརྗིད་མཆོག །དྲི་བཟངས་མཆོག །ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་ སྭཱ་ཧཱ། ཨ་ཡཱ་ཧི་ཛཿ། ཨ་ཧི་ཧཱུཾ་ཧཱུཾ། ཧེ་སྥོ་ཊ་བཾ། གྷཎྜ་ཨཿཨཿཞེས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅིངས། །རང་གི་སྙིང་གར་ཨ་ཡིག་ལས། །སྣ་ཚོགས་རྡོ་རྗེ་བསམ་པར་བྱ། །རྡོ་རྗེ་ཁུ་ཚུར་ལས་བྱུང་བ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །སྙོམས་འཇུག་གཉིས་པ་ གཉིས་སུ་བྱ། །རྡོ་རྗེའི་ཕྱག་རྒྱ་གཉིས་ལས་ཀྱང་། །དེ་ལས་བཅིང་བ་རབ་བཤད་བྱ། །རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ། །ཨོཾ་བཛྲ་དྷཱ་ཏུ་ཧཱུཾ། གཡོན་དུ་རྡོ་རྗེའི་ཐལ་བཟུང་ནས། །གཡས་པ་ཡང་དག་བླང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡིས། །སངས་རྒྱས་བྱང་ཆུབ་རབ་སྩོལ་མཛད། ། ཨོཾ་བཛྲ་སཏྭ་ཧཱུཾ། གཡོན་པའི་ཁུ་ཚུར་སྣམ་སྦྱར་གྱི། །ཟུང་ནས་འཛིན་པ་སྙིང་གར་སྦྱོར། །གཡས་པ་ཡི་ནི་ས་གནོན་བྱ། །ཨོཾ་རཏྣ་བཛྲ་ཏྲཱཾ། དེ་བཞིན་དུ། དེ་ནི་གཡས་ཀྱིས་མཆོག་སྦྱིན་ཚུལ། །ཨོཾ་དྷརྨ་བཛྲ་ཧྲཱིཿཏིང་འཛིན་མཆོག་གོ། །ཨོཾ་ཀརྨ་བཛྲ་ཨཿགཡོན་པ་སྣམ་སྦྱར་ཁུ་ཚུར་ཏེ། །གཡས་པ་ མི་འཇིགས་སྦྱིན་པར་མཛད། །ཨོཾ་བཛྲ་སཏྭ་ཧཱུཾ། སྙིང་པོ་དང་བཅས་པས་འགུགས་པ། །ཨོཾ་བཛྲ་རཱ་ཛ་ཛཿཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པས་གནས་པའོ། །ཨོཾ་བཛྲ་རཱ་ག་ཧོཿམདའ་འགེངས་པའི་སྦྱོར་བས་སོ། །ཨོཾ་བཛྲ་སཱ་དྷུ་སཿལེགས་པར་བྱེད་པ་ཐུགས་ཀར་གནས་པའོ། །ཨོཾ་བཛྲ་རཏྣ་ཨོཾ། །རྡོ་ རྗེ་གཉིས་ཀྱིས་དབང་བསྐུར་བའོ། །ཨོཾ་བཛྲ་ཏེ་ཛ་ཨཿསྙིང་གར་ཉི་མ་སྟོན་པའོ། །ཨོཾ་བཛྲ་ཀེ་ཏུ་ཏྲཱཾ་གཡོན་དུ་གནས་པའི་དཔུང་པའི་དབྱུག་པ་ཡང་ངོ་། །ཨོཾ་བཛྲ་ཧཱ་ས་ཧ། དེ་བཞིན་དུ་གདོང་ཡོངས་སུ་བསྐོར་བའོ། །ཨོཾ་བཛྲ་དྷརྨ་ཧྲཱིཿགཡས་པ་དང་གཡོན་པ་རྣམ་པར་གྱེད་པའོ། །ཨོཾ་བཛྲ་ཏཱིཀྵྞཱ དྷཾ། སྙིང་གཡོན་པས་རལ་གྲི་བསྣམས་པའོ། །ཨོཾ་བཛྲ་ཧེ་ཏུ་མཾ། མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་རོ། །ཨོཾ་བཛྲ་བྷཱ་ཥ་རཾ། རྡོ་རྗེ་གཉིས་གདུང་དུ་བླང་ངོ་། །ཨོཾ་བཛྲ་ཀརྨ་ཀཾ། རྡོ་རྗེའི་གར་གྱིས་བསྐོར་ཞིང་གྲོལ་བ་གཙུག་ཏོར་དུ་གནས་པའོ། །ཨོཾ་བཛྲ་རཀྵ་ཧཾ། གོ་ཆའོ། །ཨོཾ་བཛྲ་ཡཀྵ་ ཧཱུཾ། མཐེབ་ཆུང་མཆེ་བའི་རྩེ་མོའོ། །ཨོཾ་བཛྲ་མུཥྚི་བཾ། ཁུ་ཚུར་གཉིས་པོ་ངེས་པར་བཙིར་བའོ། །ཨོཾ་བཛྲ་ལཱ་སྱེ་ཧཱུཾ། རྡོ་རྗེའི་ལྟོ་རབ་ཏུ་སྦྱོར་བས་ཉལ་བ་བཞིན་སྨད་པར་བྱའོ། །ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཕྲེང་བ་འཆིང་བའོ། །ཨོཾ་བཛྲ་གཱི་ཏི་ཧྲཱིཿགདོང་འབྱེད་པའོ། །ཨོཾ་བཛྲ་ནྲྀ་ཏྱེ་ཨཿགར་གྱིས་ ཡོངས་སུ་བསྐོར་བའོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། རྡོ་རྗེ་ཁུ་ཚུར་གྱི་རབ་ཏུ་སྦྱོར་བས་སྤོས་ཕོར་རོ། །ཨོཾ་བཛྲ་པུཥྤེ་ཏྲཱཾ། ཐལ་མོ་གན་རྐྱལ་མེ་ཏོག་གི་སྙེམ་པའོ། །ཨོཾ་བཛྲ་ལོ་ཀེ་ཧྲཱིཿམར་མེའི་སྡོང་བུ་བཅིངས་པའོ། །ཨོཾ་བཛྲ་གནྡྷེ་ཨཿདྲིའི་དུང་ཆོས་ཀྱི་ཚུལ་ལོ། །ཨོཾ་བཛྲ་མཻ་ཏྲི་ཡ་ཧ་ར་ ཎཱ་ཡ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །ཕན་ཚུན་མཉམ་དུ་མཐུན་གྱུར་པ། །མཛུབ་མོ་གུང་མོ་ཀུན་ནས་བསྐུམ། །མེ་ཏོག་རྣམ་པར་གཟུང་བར་བྱ། །ཨོཾ་ཨ་མོ་གྷ་དཪྴི་ནི་ཧཱུཾ། གཡོན་པའི་ཁུ་ཚུར་སྐེད་པར་བཞག་ནས། གཡས་པའི་གུང་མོ་དང་མཛུབ་མོ་དག་མིག་གི་རྣམ་པར་ གཟུང་བར་བྱའོ། །ཨོཾ་བཛྲ་པཱ་པཾ་ཛ་ཧ་སརྦ་པཱ་པཾ་བི་ཤོ་ངྷ་ནི་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་ལྕགས་ཀྱུའི་རྣམ་པར་བྱའོ། །ཨོཾ་སརྦ་ཤོ་ཀ་ཏ་མོ་ནིརྒྷཱ་ཏ་ན་མ་ཏི་ཧཱུཾ། གཡོན་པའི་སྐེད་པར་བཞག་ནས་གཡས་པ་དབྱུག་པར་བྱའོ། །ཨོཾ་གནྡྷ་ཧ་སྟི་ནི་ཧཱུཾ། གཡོན་པ་ལྟེ་བར་གནས་ནས་ཁུ་ཚུར་གླང་ པོ་ཆེའི་རྫིང་བུར་བྱས་གཡས་པས་གཟུང་བར་བྱའོ། །ཨོཾ་སཱུ་རཾ་ག་མེ་ཧཱུཾཿགཡོན་པ་སྐེད་པར་བཞག་ནས། གཡས་པས་རལ་གྲི་གཟུང་བར་བྱའོ། །ཨོཾ་ག་ག་ནེ་ག་ག་ན་ལོ་ཙ་ནེ་ཧཱུཾ། ཁུ་ཚུར་གཡོན་པ་སྙིང་གར་བྱས་ནས་ཁུ་ཚུར་གཡས་པ་སྤྱི་བོར་བསྐོར་བར་བྱའོ། །ཨོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་པྲ་ཏྲི་ཧཱུཾ། ཁུ་ ཚུར་གཉིས་ཀྱི་གཡས་ཕྱོགས་སུ་རྒྱལ་མཚན་གཟུང་བར་བྱའོ། །ཨོཾ་ཨ་མི་ཏེ་ཨ་མི་ཏོདྦྷ་ཝ་ཧཱུཾ་ལག་པ་གཉིས་ཀྱིས་བུམ་པ་བཟུང་བར་བྱའོ། །ཨོཾ་ཙནྡྲེ་ཙནྡྲ་བྱཱ་བ་ལོ་ཀི་ནི་ཧཱུཾ་སྭཱ་ཧཱ། ཁུ་ཚུར་གཡོན་པ་བརླའི་སྟེང་དུ་བཞག་ནས་ལག་པ་གཡས་པས་གཡས་ཕྱོགས་སུ་མཐེའུ་ཆུང་དང་མཐེབ་ཆེན་ཟླ་བའི་རྣམ་པར་ བྱའོ། །ཨོཾ་བྷ་དྲ་བ་ཏི་བྷ་དྲ་པཱ་ལེ་ཧཱུཾ། ལག་པ་གཉིས་ཀྱིས་པདྨའི་རྣམ་པར་རྒྱས་པར་བྱའོ། །ཨོཾ་ཛཱ་ལ་ནི་མ་ཧཱ་ཛཱ་ལ་ནི་ཡེ་ཧཱུཾ། ལག་པ་གཉིས་ཀྱིས་ནུ་མ་གཉིས་གོ་ཆར་བཟུང་བར་བྱའོ། །ཨོཾ་བཛྲ་གརྦྷེ་ཧཱུཾ། གཡོན་པས་རྐེད་པར་བཞག་ནས་གཡས་པའི་སོར་མོ་གུང་མོ་སྙིང་གར་འཕང་བར་ བྱའོ། །ཨོཾ་ཨ་ཀྵ་ཡེ་མ་ཏི་ཡཀྵ་ཀརྨཱ་བ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཁུ་ཚུར་གཡོན་པ་སྙིང་གར་བཀོད་ནས་གཡས་པས་མཆོག་སྦྱིན་གྱི་རྣམ་པ་བྱའོ། །ཨོཾ་པྲ་ཏི་བྷཱ་ནི་པྲ་ཏི་བྷཱ་ན་ཀུ་ཊེ་ཧཱུཾ་སྭཱ་ཧཱ། གཡོན་པ་ལྟེ་བར་བཞག་ནས་ཁུ་ཚུར་གཡས་པས་ཐལ་ལྕག་འཕེན་པའོ། །ཨོཾ་ས་མནྟ་བྷ་དྲེ་ ཧཱུཾ། ལག་པ་གཡོན་པ་སྐེད་པར་བཀོད་ནས་གཡས་པ་རིན་པོ་ཆེའི་ཁུ་ཚུར་རོ། །ཨོཾ་བཛྲཱཾ་ཀུ་ཤ་ཛཿམཛུབ་མོ་ལྕགས་ཀྱུ་བཅིངས་ནས་མཐེབ་ཆུང་ལྕགས་ཀྱུ་ཆེན་པོའོ། །ཨོཾ་བཛྲ་པཱ་ཤ་ཧཱུཾ། ལག་པ་མདུད་པའོ། །ཨོཾ་བཛྲ་སྥོ་ཊ་བཾ། གྲི་གུག་རྩེ་མོ་དག་གིས་སོ། །ཨོཾ་བཛྲཱ་བེ་ཤ་ཧོཿརྒྱབ་དག་ ནས་ཀྱང་བསྡམ་པར་བྱའོ་ཞེས་པའི་ལས་ཀྱི་ཕྱག་རྒྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོ་རྗེ་བསྒོམས་ནས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་རྒྱ་ཆེན་པོས་བཅིང་བར་བྱའོ། །བཛྲ་དྷཱ་ཏུ་ར་ཧཾ། ཇི་ལྟར་གསུངས་པའི་བྱང་ཆུབ་མཆོག་གོ། །བཛྲ་སཏྭོ྅ཧཾ། ལག་པ་གཡོན་ པ་པང་དུ་བཞག་ནས་གཡས་པས་ས་གནོན་ནོ། །རཏྣ་བཛྲོ྅ཧཾ། དེ་ལྟ་བུ་ཉིད་ལ་གཡས་པས་མཆོག་སྦྱིན་ནོ། །དྷརྨྨ་བཛྲོ྅ཧཾ། ཏིང་ངེ་འཛིན་མཆོག་གོ། །ཀརྨྨ་བཛྲོ྅ཧཾ། དེ་ལྟ་བུ་ཉིད་ལ་གཡས་པས་མི་འཇིགས་པའོ། །བཛྲ་སཏྭ་ཧཾ། འགྱིང་བ་དང་བཅས་པས་རྡོ་རྗེ་འགུགས་ པའོ། །བཛྲ་རཱ་ཛོ྅ཧཾ། རྡོ་རྗེ་ལྕགས་ཀྱུས་འགུགས་པར་བྱེད་པའོ། །བཛྲ་རཱ་གོ྅ཧཾ། རྡོ་རྗེ་མདའ་ཡང་དག་པར་འཛིན་པའོ། །བཛྲ་སཱ་དྷུ་ར་ཧཾ། མཉེས་པ་དང་བཅས་པས་ལེགས་པར་བྱེད་པ་རབ་ཏུ་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའོ། །བཛྲ་གརྦྷོ྅ཧཾ། གཡས་ ཀྱི་རྡོ་རྗེ་ཁུ་ཚུར་དབང་བསྐུར་བའི་གནས་སུ་འཛིན་པའོ། །བཛྲ་པྲ་བྷོ྅ཧཾ། རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་གསལ་བར་མཛད་པའོ། །བཛྲ་ཡཥྚི་ར་ཧཾ། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྦྱོར་བར་བྱེད་པའོ། ། བཛྲ་པྲི་ཏིར་ཧཾ། རྡོ་རྗེའི་སྡིགས་མཛུབ་རབ་ཏུ་འགུགས་པར་བྱེད་པའོ། །བཛྲ་ནྲེ་ཏྲོ་ཧཾ། ལག་པ་གཡོན་པས་ལེན་ཞིང་གཡས་པས་འགྱིང་བ་དང་བཅས་པས་པདྨ་རྣམ་པར་རྒྱས་པར་བྱེད་པའོ། །བཛྲ་བུ་དྷ་ར་ཧཾ། ཤེས་རབ་ཀྱི་པུསྟི་དང་བཅས་པའི་ཁུ་ཚུར་གཡོན་པ་སྙིང་གར་བྱས་ནས་གཡས་ པས་རལ་གྲི་འཛིན་པར་བྱེད་པའོ། །བཛྲ་མཎྜོ྅ཧཾ། ལག་པ་གཡས་པའི་གུང་མོའི་སོར་མོས་འཁོར་ལོ་རྩིབས་བརྒྱད་པ་སྐོར་བར་བྱེད་པའོ། །བཛྲ་བཱ་ཙོ་ཧཾ། རྡོ་རྗེའི་ལྕེ་ཡང་དག་པའི་གནས་སུ་བྱེད་པའོ། །བཛྲ་བི་ཤྭ་ཧཾ། གཡོན་པ་དཀུར་བརྟེན་ནས་གཡས་པས་སྣ་ཚོགས་རྡོ་ རྗེའོ། །བཛྲ་བཱིརྱོ྅ཧཾ། །རྡོ་རྗེའི་གོ་ཆ་འཛིན་པའོ། །བཛྲ་ཙཎྜ་ཧཾ། རྡོ་རྗེ་མཆེ་བའི་མཚོན་ཆས་རང་གི་ཞལ་དུ་གནས་ཤིང་འཇིགས་པར་བྱེད་པའོ། །བཛྲ་མུཥྚི་ར་ཧཾ། དམ་ཚིག་རྡོ་རྗེའི་ཁུ་ཚུར་གྱི་རྡོ་རྗེ་རྩེ་ལྔ་པ་བསྡམས་པའོ། །བཛྲ་ལཱ་སྱེ་ཧཾ། དཀུ་གཉིས་སུ་རབ་ཏུ་སྦྱོར་ བས་གཡོན་དུ་མགོ་ཅུང་ཟད་སྨད་པའོ། །བཛྲ་མཱ་ལཱ་ཧཾ། རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །བཛྲ་གཱི་ཏི་ཧཾ། པི་ཝང་བདུང་བའོ། །བཛྲ་ནྲྀ་ཏྱ་ཧ། རྡོ་རྗེ་རྩེ་གསུམ་པས་ལག་པ་གཉིས་གར་བྱེད་པའོ། །བཛྲ་དྷཱུ་པཱ་ཧཾ། སྤོས་ཕོར་ལགན་བསྣམ་པའོ། །བཛྲ་པུཥྤཱ་ཧཾ། མེ་ཏོག་གི་ སྣོད་ཕྱག་ན་བསྣམས་པའོ། །བཛྲཱ་ལོ་ཀཱ་ཧཾ། མར་མེའི་སྡོང་བུ་ཕྱག་ན་བསྣམས་པའོ། །བཛྲ་གནྡྷཱ་ཧཾ། དྲིའི་དུང་ཕྱག་ན་བསྣམས་པའོ། །མཻ་ཏྲེ་ལོ྅ཧཾ། ཕྱག་གཡོན་པས་རིལ་བ་སྤྱི་བླུགས་དང་གཡས་པས་ཀླུ་ཤིང་གི་མེ་ཏོག་བཅས་པའོ། །ཨ་མོ་གྷཱ་དརྴྱ་ཧཾ། གཡོན་པ་དཀུར་ བརྟེན་ནས་གཡས་པས་པདྨའི་མིག་གོ། །སརྦ་པཱ་པཾ་ཛ་ཧོ྅ཧཾ། ལྕགས་ཀྱུ་ཕྱག་ན་བསྣམས་པའོ། །སརྦ་ཤོ་ཀ་ཏ་མོ་ནིརྒྷཱ་ཏ་ན་མ་ཏི་ར་ཧཾ། ལག་པ་གཡོན་པ་རྐེད་པར་བཞག་ནས་གཡས་པ་དབྱུག་པ་འཛིན་པའོ། །གནྡྷ་ཧསྟི་ར་ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པ་དྲིའི་དུང་ངོ་། ། ཤཱུ་རཾ་ག་མོ྅ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པས་རལ་གྲི་འཛིན་པའོ། །ག་ག་ན་གཾ་ཛོ྅ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པས་པདྨ་ལ་གནས་པའི་དམ་པའི་ཆོས་ཀྱི་སྒྲོམ་མོ། །ཛྙཱ་ན་ཀེ་ཏུ་ར་ཧཾ། གཡོན་པ་རྐེད་པར་བཀོད་ནས་གཡས་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་ མཚན་བསྣམས་པའོ། །ཨ་མི་ཏ་པྲ་བྷོ྅ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པས་བུམ་པ་བསྣམས་པའོ། །ཙནྡྲ་པྲ་བྷོ྅ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པ་ན་པདྨ་དང་ཟླ་བའོ། །བྷ་དྲ་པཱ་ལོ྅ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པས་རིན་པོ་ཆེ་བསྣམས་པའོ། ། ཛཱ་ལ་ནི་པྲ་བྷོ྅ཧཾ། ཕྱག་གཉིས་ཀྱིས་གུར་བཟུང་བའོ། །བཛྲ་གརྦྷོ྅ཧཾ། གཡོན་པ་རྐེད་པར་བཞག་པའི་ཨུཏྤ་ལའི་སྟེང་དུ་རྡོ་རྗེའོ། །གཡས་པས་ཐུགས་ཀར་རྡོ་རྗེ་འགུགས་པའོ། །ཨཀྵ་ཡ་མ་ཏི་ར་ཧཾ། ཕྱག་གཉིས་ཀྱིས་བུམ་པ་བསྣམས་པའོ། །པྲ་ཏི་བྷཱ་ན་ཀུ་ཊོ྅ཧཾ། གཡོན་པ་ རྐེད་པར་བཞག་ནས་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པའོ། །གཡས་པཙྪོ་ཊི་ཀའི་ཚུལ་ལོ། །ས་མནྟ་བྷ་དྲོ྅ཧཾ། གཡོན་པ་རྐེད་པར་བཞག་པ་ལ་གནས་པའི་རིན་པོ་ཆེའི་སྙེ་མའོ། །གཡས་པ་མི་འཇིགས་པའི་ཕྱག་རྒྱའོ། །བཛྲཱ་ཀུ་ཤོ྅ཧཾ། ལྕགས་ཀྱུ་འཛིན་པའོ། །བཛྲ་པཱ་ ཤོ྅ཧཾ། ཞགས་པ་བསྣམས་པའོ། །བཛྲ་སྥོ་ཊོ྅ཧཾ། རྡོ་རྗེ་རྒྱས་པའི་ཚུལ་ལོ། །བཛྲ་བེ་ཤོ྅ཧཾ། དྲིལ་བུ་རབ་ཏུ་སྦྱོར་བས་གཞུག་པའོ། །དེ་བཞིན་ཕྱག་རྒྱ་བཞི་ཡི་དགའ། །དངོས་གྲུབ་ཀུན་ནི་རབ་སྩོལ་མཛོད། །གང་གང་ཕྱག་རྒྱ་བཅིངས་གྱུར་པ། །དེ་དང་དེ་ཡི་བདག་ཉིད་ཆེ། ། སྙིང་པོའི་དོན་ནི་བཟླས་པ་དང་། །བསྒོམ་པར་གྱུར་པས་བདག་ཉིད་ཀུན། །ཞེས་སོ། །འདི་ནི་ཕྱག་རྒྱ་ཆེན་པོའོ། །དེ་ནས་དམ་ཚིག་ཉིད་བརྗོད་པས་རབ་ཏུ་དགྱེས་པ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱས་བཅིངས་ནས་དེའི་རྗེས་སུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་ བརྟན་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཾ་ཙ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ སཏྭ་ཨཿསྔོན་དུ་གསུངས་པའི་དབང་བསྐུར་བ་ཡིད་ཀྱིས་བླངས་ནས་གྲུབ་པའི་རྡོ་རྗེ་བརྟུལ་ཞུགས་ཀྱང་ངོ་། །དེ་ནས་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་སྒེག་མོ་ལ་སོགས་པ་བརྒྱད་བྱའོ། །རྡོ་རྗེ་དང་དྲིལ་བུ་བཟུང་ནས་ལག་པ་པད་སྐོར་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ལས། ། རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་ནི་ལེན། །རྡོ་རྗེའི་ལས་ནི་བྱེད་པར་འགྱུར། །ཨོཾ་ཨཱཿཧཱུཾ། དེ་བཞིན་དུ་རྡོ་རྗེ་གླུ་བླངས་ནས་སོ་སོའི་གར་བྱས་ཏེ་དྲིལ་བུ་དང་བཅས་པ་དཀུར་བཞག་ནས། དྷརྨྨ་ཨཿདྲིལ་བུའི་ས་བོན་ནོ། །ཨོཾ་ཊཀྐི་ཧཱུཾ་ཛཿཞེས་ལན་གསུམ་བརྗོད་ནས་རྡོ་རྗེ་གསོར་བར་ བྱའོ། །ཨོཾ་ཊཀྐི་ཛཿཧཱུཾ་བཾ་ཧོཿརང་གི་ཐུགས་ཀར་དགུག་པའོ། །ཧཱུཾ་བཛྲ་བི་ཛཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙིང་པོ་བདག་པོའི་བདག །དང་པོའི་མཆོག་གི་སྐྱེས་བུ་ནི། །བཅོམ་ལྡན་རྡོ་རྗེ་སེམས་ དཔའ་སྟེ། །འདི་ནི་བཅོམ་ལྡན་མཆོག་སྲིད་བདག །ཀུན་མཆོག་དབང་ཕྱུག་དམ་པ་སྟེ། །ཆོས་མཆོག་བཀའ་ནི་མཚུངས་བྱེད་པ། །རང་བཞིན་དག་ཕྱིར་དེ་བཞིན་གཤེགས། །སྲིད་པའི་རང་བཞིན་ཁྱབ་བདག་བྱེད། །སེམས་ཅན་དམ་པ་རང་བཞིན་དག ། བྱ་བ་ལ་ནི་མཆོག་གི་སྲིད། །དྲིལ་བུའི་དེ་ཉིད་དོ། །དེའི་རྗེས་ལ་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །ཨོཾ་ནམ་མཁའ་ལས་བྱུང་མཚན་མ་ནི། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་ཆེན་པོའི་རང་བཞིན་སེམས། །རྡོ་རྗེ་སེམས་བདག་རབ་སྒྲུབས་མཛོད། །ཀུན་གྱི་དངོས་གྲུབ་ཆེན་པོ་སྟེ། ། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །ཀུན་གྱི་རྡོ་རྗེ་འཛིན་རྒྱལ་པོ། །མི་འགྱུར་ཆོས་ཉིད་བདག་ལ་སྒྲུབས། །ཁྱོད་ནི་རྟག་པར་སྐྱོན་མེད་ལ། །ཀུན་ལ་ཆགས་པས་རྗེས་ཆགས་པ། །བཅོམ་ལྡན་བསྒྲུབ་བྱ་དེ་ཉིད་ཀྱིས། །ཆགས་པ་ཆེན་པོ་དགའ་ཆེན་པོ། །ཤིན་ཏུ་རྣམ་དག་ཀུན་གྱི་མཆོག །གདོད་ ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་ལ་སྒྲུབས། །ཀུན་གྱི་མཆོག་གྱུར་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོའི་ཕྱག་རྒྱ་མཆོག །རྡོ་རྗེའི་བསྒྲུབ་བྱ་འགུགས་པ་ཆེ། །རྡོ་རྗེ་སྙིང་པོ་བདག་གི་བདག །ཞེས་པ་ནི་འཕགས་པའི་དབང་ བསྐུར་བའོ། །དེ་བཞིན་དུ་བདག་ཉིད་བསྐྱེད་ནས། ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནམ་མཁའ་ལ་གནས་ནས་ཐམས་ཅད་སྟོང་པར་བསྒོམས་ནས། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤ་ནྣ་ཏྭཱཏ། དེའི་དོན་ལྷག་པར་གྲོལ་བའོ། །འཇིག་རྟེན་གྱི་ཁམས་མཐའ་དག་སྟོང་པ་ཉིད་དུ་ལྷག་པར་མོས་པར་ བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་ནམ་མཁའ་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ། ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར། བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར། ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་བསམ་པར་བྱའོ། །དེ་ལ་སྟེང་ དུ་བུམ་པ་ལས་ཆུ་ཆེན་པོའོ། །དེའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་ལས་ཡང་དག་པར་བྱུང་བའི་རི་རབ་ཆེན་པོ་བསྐྱེད་པར་བྱའོ། །སྒོ་བཞིའི་རང་བཞིན་ཅན་རྭ་བརྒྱད་ཀྱིས་ཉེ་བར་མཛེས་པ་བསམ་པར་བྱའོ། །སྔོན་མ་བཞིན་དུ་རྡོ་རྗེའི་རང་བཞིན་དུ་ས་གཞི་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་རཀྵ་ དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། ཨོཾ་བཛྲ་ཀརྨྨ། ཨོཾ་བཛྲ་ཧཱུཾ་བཛྲ་བནྡྷ་བཾ། ཨོཾ་བཛྲཱ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཾ་ཛ་ར་ཎ་ཧཱུཾ་ཕཊ། ཅེས་པ་འདིས་དང་པོར་སྔོན་དུ་གསུངས་པའི་ཕྱག་རྒྱས་བྱིན་གྱིས་རློབ་པར་མཛད་དོ། །བཛྲ་ཙཀྲ་ཧཱུཾ། རྡོ་རྗེའི་རྒྱུའི་ལས་ཀྱི་ཕྱག་རྒྱས་རྡོ་རྗེ་དང་ནོར་བུ་དང་པདྨ་དང་རིན་ པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་རྩེ་མོར་གཞལ་ཡས་ཁང་སྤྲུལ་ན་རྣམ་པར་སྣང་མཛད་ཀྱི་གནས་སུ། ཨཱཿཤཱཾི་ཨཱཿསེང་གེའི་གདན་ནོ། །མི་བསྐྱོད་པའི་གནས་སུ། ཧཱུཾ་གཾ་ཧཱུཾ་ལས་གླང་པོ་ཆེའི་གདན་ནོ། །ཏྲ་བཱ་ཏྲཿལས་རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྟའི་གདན་ནོ། །འོད་དཔག་མེད་ཀྱི་གནས་ སུ། ཧྲིཿམཱཾ་ཧྲཱིཿལས་རྨ་བྱའི་གདན་ནོ། །དོན་ཡོད་གྲུབ་པའི་གནས་སུ། ཨཿགཾ་ཨ་ལས་བྱ་ཁྱུང་གི་གདན་ནོ། །དེའི་སྟེང་དུ་པདྨ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། སྒེག་མོ་ལ་སོགས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་གནས་རྣམས་སུ་སྣ་ཚོགས་པདྨ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་ འཁོར་ལྔ་བཅུ་རྩ་བདུན་བསྐྱེད་ནས་དབུས་སུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་བསམ་གཏན་གྱི་ཚུལ་གྱིས་སྙོམས་པར་ཞུགས་པ་མངོན་དུ་བྱ་སྟེ། ཡིད་ཀྱི་རང་བཞིན་གྱི་སྐུས་འོག་མིན་གྱི་གནས་སུ་བསྐལ་པ་གྲངས་མེད་པ་གསུམ་དུ་ངེས་པར་འཁྲུངས་ནས། དོན་ཐམས་ཅད་གྲུབ་ པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུར་བདག་ཉིད་བསམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདིར་སངས་རྒྱས་ཀྱི་ཞིང་གི་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བ་ལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཆོས་ཀྱི་དབྱིངས་སུ་རྗེས་སུ་དྲན་པར་བྱའོ། ། དེ་ནས་ངེས་པ་ཆེན་པོ་ནི་ཆོས་སོ། །དེའི་རྗེས་སུ་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡང་དག་པར་འཛིན་པའི་ལྷག་པའི་བྱམས་པ་དང་། དན་མོང་ཐམས་ཅད་ལ་སོགས་པའི་སྡུག་བསྔལ་ལས་ཡང་དག་པར་འཛིན་པའི་ སྙིང་རྗེ་དང་། འཕགས་པ་ཐམས་ཅད་ལ་དགའ་བ་དང་། །འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་བཏང་སྙོམས་པ་དང་། ཆོས་ཐམས་ཅད་ལ་རང་བཞིན་མེད་པའི་ངོ་བོ་ཉིད་དང་། སྒྱུ་མ་ལྟ་བུ་དང་། གཟུགས་བརྙན་ལྟ་བུར་ལྷག་པར་མོས་པར་བྱའོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཏུ་ཕྱིན་པའི་ཐབས་ལ་མཁས་པ་སྤྱོད་པ་ཡང་མངོན་དུ་བྱས་ཏེ་སེམས་ཅན་ལ་ཕན་པ་དང་། མཆོག་གི་བདེ་བ་བསྒྲུབ་པའི་ཕྱིར་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བསམ་པར་བྱའོ། །མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིམ་པ་འདིས་མངོན་པར་རྫོགས་པར་བྱང་ ཆུབ་པ་མངོན་དུ་བྱའོ། །དེ་ནས་ངེས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྙོམས་པར་འཇུག་པར་འདུས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སོ། །དེའི་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས་ འདི་ཉིད་གསུངས་སོ། །རིགས་ཀྱི་བུ་ཁྱོད་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུལ་བར་མཛད་པ་གསན་ནས་ཏིང་ངེ་འཛིན་ལས་ བཞེངས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཅི་འདྲ་བ་ཞིག་ཇི་ལྟར་བདག་གིས་རྟོགས་པར་བགྱི། བཀའ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་ཉིད་གསུངས་སོ། །སེམས་དཔའ་ ཆེན་པོ་རང་གི་སེམས་ཉིད་རྟོགས་པར་བྱ་སྟེ་སོ་སོར་རྟོག་པའི་རང་བཞིན་སྔགས་ཀྱིས་བསྒྲུབ་པར་བྱའོ། །ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་ཏི། དེ་ནས་བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཀུན་ཤེས་པ་ནི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟ་བར་བྱེད་དོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཀྱི་རང་བཞིན་འདི་ནི་འོད་གསལ་བའོ། །ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པ་འདིས་རང་བཞིན་གྲུབ་པས་བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་སླར་ཡང་བྱང་ཆུབ་སེམས་དཔས་གསོལ་པ། གང་ཟླ་ བའི་དཀྱིལ་འཁོར་གྱི་རྣམ་པ་དེ་ལ་ཟླ་བའི་དཀྱིལ་འཁོར་དེ་ཉིད་བལྟ་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་དུ་བཟང་པོའི་སེམས་བསྐྱེད་པ་བརྟེན་པར་བྱེད་པའི་རྒྱུའོ། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་ གཟུགས་བརྙན་སེམས་པར་བྱེད་པའི་སྔགས་འདིས་སོ། །ཨོཾ་ཏིཥྛ་བཛྲ། བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་བདག་གི་ཟླ་བའི་དཀྱིལ་འཁོར་ལ་མཐོང་བ་ནི་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། ཀུན་དུ་བཟང་པོའི་ཐུགས་ཀྱི་རྡོ་རྗེ་བརྟན་པར་ མཛོད་ཅིག །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་ཇི་སྲིད་ནམ་མཁའི་ཁམས་སུ་ཡང་དག་པར་བརྐྱང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་རྣམས་སུ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་དེ་ལ་སེམས་དཔའ་རྡོ་རྗེ་ རབ་ཏུ་གནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་ལ་རྡོ་རྗེ་དབྱིངས་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་བསྐུར་བས་དབང་བསྐུར་བར་མཛད་དོ། །དེ་ནས་རྡོ་རྗེ་དབྱིངས་དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་ གཤེགས་པ་ཐམས་ཅད་ལ་འདི་ཉིད་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་བདག་གིས་མཐོང་ངོ་། །ཐམས་ཅད་དང་བདག་མཚུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེའི་ཕྱིར་སེམས་དཔའ་ཆེན་པོའི་སེམས་དཔའ་རྡོ་རྗེ་རྣམ་ པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་བརྙན་གྱི་བདག་ཉིད་བསྒོམ་པར་བྱ་བ་འདིས་ནི་རང་བཞིན་གྱིས་གྲུབ་པའི་སྔགས་ཀྱི་བཟླས་པར་འདོད་དོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཧཾ། དེ་བཞིན་དུ་བསྒོམ་པའི་མཐའ་ལ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ་པར་བྱ་སྟེ། སྐུ་མདོག་ དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། སེང་གེའི་གདན་ལ་བཞུགས་པར་བསམ་པར་བྱའོ། །དེ་ནས་སེམས་རབ་ཏུ་རིག་པར་བྱེད་པའི་ཕྱག་རྒྱ་བཅིངས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཨོཾ་བཛྲ་དྷཱ་ཏུ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། དེ་བཞིན་དུ་ གླང་པོ་ཆེ་ལ་སོགས་པའི་གདན་ལ་མི་བསྐྱོད་པ་ལ་སོགས་པ་རང་རང་གི་གདན་ལ་བཞུགས་པར་བསམ་པར་བྱའོ། །སྐུ་མདོག་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་རྣམས་སོ། །རང་རང་གི་ཕྱག་རྒྱ་བཅིངས་ནས་སེམས་བསྐྱེད་པར་བྱའོ། །ཨོཾ་བཛྲ་སཏྭ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་རཏྣ་བཛྲ་ བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་དྷརྨ་བཛྲ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་བཛྲ་ཀརྨ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། དེའི་རྗེས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་ཉིད་བརྗོད་པར་བྱ་སྟེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་ བརླབ་ཏུ་གསོལ་ཞེས་པ་འདིས་མངོན་པར་རྫོགས་པར་བྱང་ཆུབ་པ་བརྟན་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ནང་ནས་བྱུང་བས་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་སྤྱི་གཙུག་རྣམས་སུ་སེམས་དཔའ་རྡོ་རྗེ་ཅན་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་དེ་ཉིད་ ཀྱི་སྐད་ཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་བ་མཉམ་པ་ཉིད་ལ་རབ་ཏུ་ཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་ མཉམ་པ་ཉིད་ཁོང་དུ་ཆུད་པ་རིན་པོ་ཆེའི་དབང་བསྐུར་བ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཆོས་མཉམ་པ་ཉིད་རྟོག་པའི་རང་བཞིན་རྣམ་པར་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱིས་འོད་གསལ་བ་ཡེ་ཤེས་ཀྱི་རྣམ་པར་གྱུར་པའི་ངོ་བོ་ཉིད། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བདག་ཉིད་དུ་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་གཟུང་བའི་བུམ་པའི་ཆུས་དབང་བསྐུར་བར་རྣམ་པར་བསྒོམ་སྟེ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་ སོ། །དེ་ནས་སྔོན་བཞིན་དུ་རྡོ་རྗེ་རིན་པོ་ཆེ་དབུ་རྒྱན་དང་། ཅོད་པན་གྱིས་དབང་བསྐུར་བར་བལྟས་ཏེ་ཆོས་ཀྱི་དབང་ཕྱུག་གི་ཡེ་ཤེས་སུ་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཕྲིན་ལས་སྣ་ཚོགས་པས་འདིར་གནས་པར་འཇུག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ ལས་གྲུབ་པ་སེང་གེའི་གདན་ལ་ཞལ་བཞི་པའི་སྐུས་བཞུགས་པར་བསམ་པར་བྱའོ། །མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་སོ་སོའི་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་གླང་པོ་ཆེ་ལ་སོགས་པའི་གདན་རྣམས་ལ་བཞུགས་པར་བསམ་པར་བྱའོ་ཞེས་ བྱ་བ་ལ་སོགས་པ་ནི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།དེའི་རྗེས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་བཞིའི་གནས་རྣམས་སུ་བདག་ཉིད་ལ་བྱིན་གྱིས་བརླབས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་སྙིང་གར་གྱུར་པའི་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱའོ། །རྡོ་རྗེ་སེམས་ དཔའ་ཞེས་པས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་རྣམས་སུ་གྱུར་པ་ལས་རྣམ་པར་བྱུང་བ་ཇི་སྲིད་འཇིག་རྟེན་གྱི་ཁམས་རྣམས་སུ་སེམས་ཅན་ཐམས་ཅད་ཀྱིས་བདག་མེད་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལ་ སེམས་རྩེ་གཅིག་ཏུ་བསྐྱེད་ནས་ལྷ་ཐམས་ཅད་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་རྣམས་ལ་དེ་བཞིན་དུ་གྱུར་ནས་བཞུགས་པར་བསམ་པར་བྱའོ། །དེ་ནས་དེ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་ལས་བྱུང་བས་སྙིང་གར་གྱུར་པའི་རྡོ་རྗེ་ལ་རབ་ཏུ་ཞུགས་ཏེ་དེའི་ལྷན་ཅིག་ཏུ་གྱུར་ནས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ནམ་མཁའི་དབྱིངས་ཆེན་པོ་ཐམས་ཅད་ཡང་དག་པར་བརྐྱང་བའི་ཚད་ཀྱི་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གྱུར་པ་ཞེས་བརྗོད་པར་བྱའོ། །ཨོཾ་བཛྲཱ་ཨཱཏྨ་ཀོ྅ཧཾ། སླར་ཡང་སྙིང་གར་གྱུར་པའི་རྡོ་རྗེའི་ཚད་དེ་ཉིད་དུ་གྱུར་ནས་དེ་ལས་བྱུང་བས་རང་གི་ལག་མཐིལ་དུ་ གནས་པར་བསམ་པར་བྱའོ། །དེ་ལ་སླར་ཡང་རྡོ་རྗེའི་རྣམ་པའི་འོད་ཟེར་ལས་དཔག་ཏུ་མེད་པའི་སྐུ་མདོག་དང་། དཔག་ཏུ་མེད་པའི་དབྱིབས་རྣམས་རྣམ་པར་བྱུང་སྟེ། ཇི་སྲིད་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པ་དེ་ལས་སླར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུས་སེམས་ཅན་ གྱི་ཁམས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་ཡང་དག་པར་བྱང་ཆུབ་པ་ལ་ངེས་པར་སྦྱར་ནས། སླར་ཡང་བསྡུ་བའི་སྦྱོར་བས་དཔག་ཏུ་མེད་པའི་སེམས་ཅན་གྱི་ལུས་སུ་གྱུར་ནས། རང་གི་སྙིང་གར་གྱུར་པའི་རྡོ་རྗེ་ལས་རབ་ཏུ་ཞུགས་ཏེ་ དེ་ལ་གནས་པས་ཆེད་དུ་བརྗོད་པས་ཆེད་དུ་རྗོད་པ་མཛད་དོ། །ཨེ་མ་ཀུན་དུ་བཟང་པོ་ང་། །སེམས་དཔའ་རང་བྱུང་ཉིད་དུ་བརྟན། །གང་ཞིག་ལུས་མེད་ཀྱང་བརྟན་ཕྱིར། །སེམས་དཔའི་ལུས་ཉིད་ལ་གཤེགས་ཤིག །དེ་ནས་ཐུགས་ཀར་བྱོན་ནས་མི་བསྐྱོད་པའི་མདུན་དུ་འདུག་ནས་བཀའི་ལམ་ཞུ་བར་ བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་ལྔའི་དབུ་རྒྱན་དང་ཅོད་པན་གྱི་དབང་གིས་དབང་བསྐུར་ཏེ། བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པ་གང་གིས་ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་བྱང་ཆུབ་པ་བསྐྱེད་ནས་ལས་ལ་སོགས་པའི་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དྲིལ་བུ་དང་བཅས་པས་མ་ལུས་ཤིང་ལུས་པ་མེད་པའི་ཁམས་སུ་བསྐྱེད་པ་ཀུན་དུ་བཟང་པོའི་ཕྱིར་མིང་གི་དབང་བསྐུར་གྱི་དབང་བསྐུར་བ་སྦྱིན་པར་བྱའོ། །དེའི་རྗེས་ལ་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱི་ ཆེད་དུ་བརྗོད་པས་ཆེད་དུ་རྗོད་པར་མཛད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་རྡོ་རྗེ་བླ་ན་མེད། །བདག་ལ་བདག་གི་ལག་ཏུ་སྩོལ། །རྡོ་རྗེ་རྡོ་རྗེ་ལ་རབ་གནས། །དེ་བཞིན་དུ་བསྐྱེད་ཅིང་སྤྲོ་བ་དང་བསྡུ་བའི་སྦྱོར་བས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གྱུར་པ་དབུས་སུ་བཞུགས་པས་ ཆེད་དུ་བརྗོད་པས་ཆེད་དུ་རྗོད་པ་ལ། དབང་བསྐུར་བའི་མཐའ་ལ་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་ཇི་སྲིད་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པ་རང་རང་གི་མཚན་མ་ལས་སྔོན་མ་བཞིན་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་མཛད་དོ། །དེ་ལ་རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣམས་ ཀྱི་ཆེད་དུ་བརྗོད་པར་གྱུར་པ་ནི་རྡོ་རྗེ་རྒྱལ་པོ་ལྕགས་ཀྱུའི་བདག་ཉིད་ཀྱི་ང་རྒྱལ་གྱིས། ཨེ་མ་དོན་ཡོད་རྒྱལ་པོ་ང་། །རྡོ་རྗེ་ལས་བྱུང་ལྕགས་ཀྱུའོ། །གང་ཞིག་སངས་རྒྱས་ཀུན་ལ་ཁྱབ། །ཡང་དག་འགུགས་པས་བསྒྲུབ་པར་བྱ། །ཨོཾ་བཛྲ་རཱ་ཛོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་ཡེ་ ཤེས་བླ་ན་མེད། །གང་ཞིག་སངས་རྒྱས་དངོས་གྲུབ་དོན། །ཡང་དག་འགུགས་བྱེད་བླ་ན་མེད། །མི་བསྐྱོད་པའི་གཡས་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་ཆགས་པ་མདའི་ང་རྒྱལ་གྱིས། ཨེ་མ་རང་བཞིན་ཡང་དག་ང་། །རྗེས་སུ་ཆགས་པ་རང་ འབྱུང་ཉིད། །གང་ཞིག་དག་ཕྱིར་ཆགས་བྲལ་རྣམས། །ཆགས་པ་ཡིས་ནི་འདུལ་བར་བྱེད། །ཨོཾ་བཛྲ་རཱ་ག་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆགས་པའི་ཡེ་ཤེས་དྲི་མ་མེད། །ཆགས་བྲལ་ཆགས་པ་ཡིས་བཅོམ་ནས། །ཀུན་ལ་བདེ་བ་སྟེར་བར་མཛད། །མི་བསྐྱོད་ པའི་གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་ལེགས་པ་དགྱེས་པའི་ང་རྒྱལ་གྱིས། །ཨེ་མ་ལེགས་པར་བྱེད་པ་འདི། །སེམས་ཅན་ཀུན་གྱི་རིག་པ་མཆོག །གང་ཞིག་བསྐལ་པར་སྨོན་པ་ཡིས། །དགྱེས་པ་ངེས་པར་བསྐྱེད་པར་འགྱུར། །ཨོཾ་བཛྲ་སཱ་དྷུ་སྭ་བྷཱ་བཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ལེགས་པར་བྱེད་པ་རབ་ཏུ་བརྗོད། །ཐམས་ཅད་དགྱེས་མཛད་རྡོ་རྗེ་ལ། །ལྷ་ཡི་མཆོག་ཏུ་དགའ་བ་འཕེལ། །མི་བསྐྱོད་པའི་རྒྱབ་ཏུ་ཟླ་བ་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་རིན་ཆེན་ནི་རིན་པོ་ཆེའི་ང་རྒྱལ་གྱིས། ཨེ་མ་རང་ཉིད་དབང་བསྐུར་ ང་། །རྡོ་རྗེ་རིན་ཆེན་བླ་ན་མེད། །གང་ཞིག་ཟླ་བྲལ་རྒྱལ་བ་ཡང་། །ཁམས་གསུམ་བདག་པོ་ཉིད་དུ་ཤེས། །ཨོཾ་བཛྲ་གརྦྷ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སེམས་དཔའི་དབྱིངས་སུ་དབང་བསྐུར་བ། །བདག་ལ་བདག་གི་ལག་ཏུ་སྩལ། །རིན་ཆེན་རིན་ཆེན་ ངེས་སྦྱར་བྱ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་སྔོན་དུའོ། །རྡོ་རྗེ་གཟི་བརྗིད་ཉི་མའི་ང་རྒྱལ་གྱིས། །ཨེ་མ་གཟི་བརྗིད་དཔེ་མེད་ང་། །སེམས་ཅན་ཁམས་རྣམས་གསལ་བར་མཛད། །གང་ཞིག་དག་བྱེད་དག་རྣམས་ཀྱིས། །སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡང་། །ཨོཾ་བཛྲ་པྲ་བྷཱ་སྭ་བྷཱ་བ་ ཨཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །མི་ཤེས་འཇོམས་ཕྱིར་ཉམས་པར་བྱེད། །ཕྲ་རབ་རྡུལ་ཕྲན་གྲངས་ཀྱིས་ནི། །ཉི་མའི་འོད་པས་ཤིན་ཏུ་ལྷག །རིན་ཆེན་འབྱུང་ལྡན་གྱི་གཡས་སུའོ། །རྡོ་རྗེ་ཏོག་གི་མཆོད་སྡོང་གི་ང་རྒྱལ་གྱིས། །ཨེ་མ་མཚུངས་མེད་ཏོག་གི་ང་། ། དོན་རྣམས་ཐམས་ཅད་སྒྲུབ་པར་བྱེད། །གང་ཞིག་ཀུན་གྱི་བསམ་པ་གྲུབ། །དོན་ཀུན་ཡོངས་སུ་རྫོགས་པར་བྱེད། །ཨོཾ་བཛྲ་ཡཥྚི་སྭ་བྷཱ་བཱཏྨ་ཀོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས། །ཡིད་བཞིན་ནོར་བུའི་རྒྱལ་མཚན་ཞེས། །སྦྱིན་པའི་ ཕ་རོལ་ཕྱིན་པའི་ཚུལ། །རིན་ཆེན་འབྱུང་ལྡན་གྱི་གཡོན་དུའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ངོ་མཚར་རྨད་བྱུང་སྟོན་པར་མཛད། །དགའ་བ་ཆེར་མཛད་ཡེ་ཤེས་ཏེ། །མི་ཤེས་ཡོངས་སུ་སྤོང་བར་མཛད། །རིན་ཆེན་འབྱུང་ལྡན་གྱི་རྒྱབ་ཏུའོ། །རྡོ་རྗེ་ཆོས་ནི་པདྨའི་ང་རྒྱལ་གྱིས། ཨེ་མ་དོན་དམ་ང་ཉིད་དོ། །གདོད་ནས་དག་ཅིང་རང་བྱུང་ང་། །གང་ཞིག་འཇིག་རྟེན་མཆོད་མིན་འདི། །རྣམ་པར་དག་པ་ལ་དམིགས་ཏེ། །ཨོཾ་བཛྲ་ནེ་ཏྲ་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་དེ་ཉིད་ཁོང་དུ་ཆུད། །བདག་ལ་བདག་གི་ལག་ཏུ་ སྩལ། །ཆོས་ལ་ཆོས་ནི་རབ་ཏུ་གནས། །འོད་དཔག་མེད་ཀྱི་མདུན་དུའོ། །རྡོ་རྗེ་གནོན་པོ་རལ་གྲིའི་ང་རྒྱལ་གྱིས། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་པའི་དབྱངས་སུ་ང་ཉིད་ཤེས། །གང་ཞིག་ཤེས་རབ་གཟུགས་ཅན་གྱི། །དབྱངས་ཉིད་ལ་ནི་དམིགས་པ་སྟེ། །ཨོཾ་བཛྲ་ བོ་དྷི་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །དགྲ་རྣམས་མ་ལུས་མཆོག་ཏུ་གཅོད། །སྡིག་པ་ཐམས་ཅད་འཇོམ་པའི་མཆོག །འོད་དཔག་མེད་ཀྱི་གཡས་སུའོ། །རྡོ་རྗེ་རྒྱུ་ནི་འཁོར་ལོའི་ང་རྒྱལ་གྱིས། །ཨེ་མ་འཁོར་ལོ་རྡོ་རྗེ་ཡི་རང་བཞིན། ། རྡོ་རྗེ་མཆོག་གི་ཆོས་ཅན་ང་། །གང་ཞིག་སེམས་བསྐྱེད་ཙམ་གྱིས་ནི། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །ཨོཾ་བཛྲ་མཎྜ་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀུན་རྣམ་པར་དག་པ་སྟེ། །ཕྱིར་མི་ལྡོག་པའི་འཁོར་ལོ་ང་། །བྱང་ཆུབ་སྙིང་པོ་ཞེས་བྱར་ཤེས། ། འོད་དཔག་མེད་ཀྱི་གཡོན་དུའོ། །རྡོ་རྗེ་སྨྲ་བ་ནི། ཆོས་ཀྱི་དུང་གི་ང་རྒྱལ་གྱིས། །ཨེ་མ་རང་བྱུང་གསང་བ་སྟེ། །དགོངས་པའི་སྐད་ཀྱི་བདག་ཉིད་བརྟན། །གང་ཞིག་དམ་ཆོས་སྟོན་བྱེད་པ། །ཚིག་གི་སྤྲོས་པ་རྣམ་པར་སྤངས། །ཨོཾ་བཛྲ་བཱ་ཙ་སྭ་བྷཱ་ཧཾ། འདི་ནི་སངས་རྒྱས་ཐམས་ ཅད་ཀྱི། །རྡོ་རྗེའི་བཟླས་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་སྔགས་མྱུར་དུ་སྒྲུབ་པའི་ཐབས། །འོད་དཔག་མེད་ཀྱི་རྒྱབ་ཏུའོ། །རྡོ་རྗེ་ལས་ནི། སྣ་ཚོགས་རྡོ་རྗེའི་ང་རྒྱལ་གྱིས། །ཨེ་མ་སངས་རྒྱས་དོན་ཡོད་ཀྱིས། །ཀུན་གྱི་ལས་ལ་འཇུག་པ་བདག །གང་ ཞིག་ལྷུན་གྲུབ་སངས་རྒྱས་དོན། །རྡོ་རྗེ་ལས་ནི་སྐོར་བར་བྱེད། །ཨོཾ་བཛྲ་ས་ཀརྨ་སོ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །སྣ་ཚོགས་ལས་ནི་བྱེད་པའི་མཆོག །བདག་ལ་བདག་གི་ལག་ཏུ་སྩལ། །སྣ་ཚོགས་སྣ་ཚོགས་སྦྱོར་བར་བྱེད། །དོན་ཡོད་གྲུབ་པའི་མདུན་དུའོ། ། རྡོ་རྗེ་བསྲུང་བ་ནི་གོ་ཆའི་ང་རྒྱལ་གྱིས། ཨེ་མ་བརྩོན་འགྲུས་རང་བཞིན་ཆོས། །ཤིན་ཏུ་བརྟན་པ་བརྟན་ཉིད་བརྟན། །གང་ཞིག་བརྟན་ཕྱིར་ལུས་མེད་རྣམས། །རྡོ་རྗེའི་སྐུ་རུ་བྱེད་པའི་མཆོག །ཨོཾ་བཛྲ་བཱིརྱ་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱམས་པ་ཡི་ནི་གོ་ཆ་མཆོག །བརྩོན་ འགྲུས་ཆེན་པོས་བསྲུང་བར་བྱ། །གསང་སྔགས་ཆེན་པོར་རབ་ཏུ་བཤད། །དོན་ཡོད་གྲུབ་པའི་གཡས་སུའོ། །རྡོ་རྗེ་གནོད་སྦྱིན་ནི། ཨེ་མ་ཐབས་ཆེན་ང་ཉིད་དེ། །སངས་རྒྱས་རྣམས་ཀྱི་སྙིང་རྗེ་བདག །གང་ཞིག་སེམས་ཅན་དོན་དེ་ཡིས། །ཞི་བ་དྲག་པོ་ཉིད་ཀྱང་བྱ། །ཨོཾ་བཛྲ་ཙཎྜ་སྭ་བྷཱ་ བོ྅ཧཾ། འདི་ནི་གདུག་པ་ཐམས་ཅད་ཀྱི། །མཆོག་ཏུ་སྟེར་བ་རྡོ་རྗེ་ཡི། །མཆེ་བ་མཚོན་ཆ་རྣོན་པོ་སྟེ། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །དོན་ཡོད་གྲུབ་པའི་གཡོན་དུའོ། །རྡོ་རྗེ་མཚམས་ནི་ཁུ་ཚུར་གྱི་ང་རྒྱལ་གྱིས། ཨེ་མ་ཤིན་ཏུ་བརྟན་པར་བསྡམས། །དམ་ཚིག་ང་རྒྱལ་བརྟན་པ་ བདག །གང་ཞིག་ཀུན་གྱི་བསམ་དོན་སྒྲུབ། །གྲོལ་བ་རྣམས་ཀྱང་འཆིང་བར་བྱེད། །ཨོཾ་བཛྲ་མུཥྚི་སྭ་བྷཱ་བོ྅ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱས་འཆིང་བ་ང་ཉིད་བརྟན། །སངས་རྒྱས་ཀུན་གྱི་དོན་ལེགས་གྲུབ། །ཕྱག་རྒྱ་ཤིན་ཏུ་འདའ་དཀའ་བས། །དོན་ཡོད་གྲུབ་པའི་རྒྱབ་ཏུའོ། ། དེ་ནས་མི་བསྐྱོད་པའི་ང་རྒྱལ་གྱིས། །སེམས་མ་རྡོ་རྗེ་མ་བསྐྱེད་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས། །རིན་ཆེན་རྡོ་རྗེ་མའོ། །འོད་དཔག་མེད་ཀྱི་ང་རྒྱལ་གྱིས། །ཆོས་ཀྱི་རྡོ་རྗེ་མའོ། །དོན་ཡོད་གྲུབ་པའི་ང་རྒྱལ་གྱིས། །ལས་ཀྱི་རྡོ་རྗེ་མ་རྣམས་ཏེ། །རྣམ་པར་སྣང་མཛད་ཀྱི་མདུན་ལ་ སོགས་པའི་ཕྱོགས་བཞི་རྣམས་སུ་བཞུགས་པར་བསམ་པར་བྱའོ། །འདི་རྣམས་ཀྱི་ཆེད་དུ་བརྗོད་པར་བྱ་བ་ནི། ཨོཾ་སཏྭ་བཛྲི་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །སེམས་མ་རྡོ་རྗེ་བདག་ཉིད་བརྟན། །གང་ཞིག་བརྟན་ཕྱིར་ལུས་མེད་ལའང་། །རྡོ་རྗེའི་སྐུ་ཉིད་བྱོན་གྱུར་པ། །ཨོཾ་རཏྣ་བཛྲཱ་ སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་རྡོ་རྗེ་བདག་ཉིད་ཤེས། །གང་ཞིག་ཕྱག་རྒྱ་འདི་རྣམས་ཀྱིས། །དབང་བསྐུར་བ་ཡི་ཚུལ་ཉིད་བརྟན། །ཨོཾ་དྷརྨྨ་བཛྲི་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་རྡོ་རྗེ་གཙང་བདག་ཉིད། །གང་ཞིག་རང་བཞིན་རྣམ་ དག་པ། །འདོད་ཆགས་དང་བ་ལ་དྲི་མ་མེད། །ཨོཾ་ཀརྨྨ་བཛྲི་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །ལས་ཀྱི་རྡོ་རྗེ་བདག་ལ་མངའ། །གང་ཞིག་གཅིག་ཀྱང་མ་ལུས་པའི། །སེམས་ཅན་ཁམས་རྣམས་ལས་ལེགས་མཛད། །རྣམ་པར་སྣང་མཛད་ཀྱི་ང་རྒྱལ་ གྱིས། སྒེག་མོ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པ་མཛད་དོ། །ཨོཾ་བཛྲ་ལཱ་སྱེ་སྭ་བྷཱ་བོ྅ཧཾ། ཨེ་མ་མཚུངས་མེད་གྱུར་པ་ཡི། །མཆོད་པའི་དགའ་བ་རང་འབྱུང་ངོ་། །གང་ཞིག་འདོད་པའི་མཆོད་པ་ཡིས། །མཆོད་པ་ཀུན་ལ་རབ་ཏུ་འཇུག །ནང་གི་དཀྱིལ་འཁོར་དུ་མེའི་མཚམས་སུ་བཞུགས་པར་བསམ་ པར་བྱའོ། །དེ་བཞིན་དུ་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུའོ། །ཨོཾ་བཛྲ་མཱ་ལ་སྭ་བྷཱ་བོ྅ཧཾ། ཨེ་མ་བདག་དང་མཚུངས་པ་མེད། །ཤིན་ཏུ་རིན་ཆེན་མཆོད་ཅེས་གྲགས། །གང་ཞིག་ཁམས་གསུམ་རྒྱལ་པོ་མཆོག །བསྟོད་ཅིང་རབ་ཏུ་མཆོད་པར་བྱེད། ། ཨོཾ་བཛྲ་གཱི་ཏ་སྭ་བྷཱ་བོ྅ཧཾ། ཨེ་མ་གླུ་དབྱངས་རང་བཞིན་གྱིས། །མཆོད་པ་བདག་གི་ཐམས་ཅད་སྟོན། །གང་ཞིག་མཉེས་པར་བྱེད་པས་མཆོད། །སྒྲ་བརྙན་དཔེ་ཡི་རྣམ་པས་ཀྱང་། །ཨོཾ་བཛྲ་ནྲྀ་ཏྱ་སྭ་བྷཱ་བོ྅ཧཾ། ཨེ་མ་མཆོད་པ་རྒྱ་ཆེན་བདག །མཆོད་པའི་དོན་རྣམས་མ་ལུས་བྱེད། །གང་ ཞིག་སྒྲུབ་པ་རྡོ་རྗེའི་གར། །སངས་རྒྱས་མཆོད་པ་རབ་ཏུ་བརྟག །མི་བསྐྱོད་པའི་ང་རྒྱལ་གྱི་རྡོ་རྗེ་བདུག་སྤོས་མ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པས་ཆེད་དུ་རྗོད་པར་མཛད་དོ། །ཨོཾ་བཛྲ་དྷཱུ་པ་སྭ་བྷཱ་བོ྅ཧཾ། ཨེ་མ་བདག་གི་མཆོད་པ་ཆེ། །རབ་ཏུ་ཚིམ་བྱེད་མ་སྟེ་དགེ། །གང་ཞིག་སེམས་ ཅན་རབ་ཞུགས་སྦྱོར། །མྱུར་དུ་བྱང་ཆུབ་ཐོབ་པར་བྱ། །ཨོཾ་བཛྲ་པུཥྤ་སྭ་བྷཱ་བོ྅ཧཾ། ཨེ་མ་མེ་ཏོག་མཆོད་པ་དག །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྱེད། །གང་ཞིག་བདེ་གཤེགས་རིན་ཆེན་ཉིད། །མཆོད་པས་མྱུར་དུ་རབ་ཏུ་ཐོབ། །ཨོཾ་ཛྙཱ་ན་བཛྲཱ་ལོ་ཀ་སྭ་བྷཱ་བོ྅ཧཾ། ཨེ་མ་བདག་གི་ མཆོད་པ་ཆེ། །སྣང་གསལ་རང་བཞིན་དགེ་བའོ། །གང་ཞིག་སྣང་གསལ་ཅན་གྱིས་ནི། །སངས་རྒྱས་ཀུན་མཚུངས་མྱུར་དུ་ཐོབ། །ཨོཾ་བཛྲ་གནྡྷ་སྭ་བྷཱ་བོ྅ཧཾ། ཨེ་མ་དྲི་ཡི་རང་བཞིན་གྱི། །མཆོད་པས་ལྷ་མོ་བདག་ཡིད་དགའ། །གང་ཞིག་དེ་བཞིན་གཤེགས་རྣམས་དྲིས། །ཀུན་ལ་ སྐུ་ལ་དབུལ་པར་བགྱི། །ཞེས་པ་བཞི་པོ་འདི་རྣམས་ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་གཞན་རྣམས་སུ་བཞུགས་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་བསྐྱེད་པར་བྱའོ། །ཨོཾ་ སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་པས་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཤར་ལ་སོགས་པའི་སྒོ་བཞིའི་ལོགས་གཉིས་སུ་ཕྱིའི་དཀྱིལ་འཁོར་གྱི་སྟེགས་བུ་ལ་བཞུགས་པར་བསམ་པར་བྱའོ། །དེ་ལ་འདིར་སྐུ་མདོག་ནི་གོ་རིམས་ བཞིན་དུ་ཤེས་པར་བྱ་སྟེ། སེར་པོ་དང་། སེར་པོ་དང་། དཀར་པོ་དང་། དཀར་པོ་དང་། དཀར་པོ་དང་། ལྗང་གུ་དང་། དཀར་པོ་དང་། མཐིང་ག་དང་། དཀར་པོ་དང་། དཀར་པོ་དང་། དམར་པོ་དང་། དམར་པོ་དང་། མཐིང་ག་དང་། དཀར་པོ་དང་། དམར་པོ་དང་། སྐུ་མདོག་སེར་པོ་རྣམས་སོ། ། རང་རང་གི་མཚན་མ་ལས་གཞན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་པར་བྱའོ། །སླར་ཡང་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པ་ནི་ཨོཾ་བཛྲཱཾ་ཀུ་ཤ་ཀྲོ་དྷ་རཱ་ཛ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །ཡང་དག་འགུག་པར་བདག་ཉིད་ བརྟན། །གང་ཞིག་བདག་ནི་ཡང་དག་འགུགས། །དཀྱིལ་འཁོར་ཀུན་གྱི་སྣོད་ལའོ། །ཤར་གྱི་སྒོ་རུའོ། །ཨོཾ་བཛྲ་པཱ་ཤ་ཀྲོ་དྷ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་ཞགས་པར་བདག་ཉིད་བརྟན། །གང་ཞིག་བདག་གི་ཀུན་དུ་འཇུག །སླར་ཡང་བདག་གི་རྟག་ཏུ་འཇུག ། ལྷོའི་སྒོ་རུའོ། །ཨོཾ་བཛྲ་སྥོ་ཊ་ཀྲོ་དྷ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་རྒྱས་པར་བདག་ཉིད་བརྟན། །གང་ཞིག་འཆིང་བ་ཀུན་ལས་གྲོལ། །སེམས་ཅན་དོན་དུ་འཆིང་བར་བྱེད། །ནུབ་ཀྱི་སྒོ་རུའོ། །ཨོཾ་བཛྲཱ་བེ་ཤ་ཀྲོ་དྷ་སྭ་བྷཱ་བོ྅ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། ། རྡོ་རྗེ་འབེབས་པས་བདག་ཉིད་བརྟན། །གང་ཞིག་འཕགས་པ་ཀུན་དེས་འགྱུར། །བྲན་དུ་གྱུར་པ་ཉིད་ཀྱང་ངོ་། །བྱང་གི་སྒོ་རུའོ། །དེ་རྣམས་ཀྱིས་ཀྱང་ཆེད་དུ་བརྗོད་པའི་མཐར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་རྣམས་ཀྱིས་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ རྣམས་སུ་འགྲོ་བའི་དོན་བྱ་བ་མཛད་ནས་སླར་ལོག་སྟེ་རང་རང་གི་གནས་སུ་ཟླ་བའི་སྟེང་དུ་བཞུགས་པར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་འཕྲོས་པས་ཡེ་ཤེས་པའི་དཀྱིལ་འཁོར་རྣམས་གདན་དྲང་བར་བྱའོ། །ཨོཾ་བཛྲ་ཙཀྲ་ཧཱུཾ། ཞེས་ པའི་སྔགས་ཀྱིས་སྔོན་བཞིན་དུའོ། །དྲིལ་བུའི་སྒྲ་བྱའོ། །ཨོཾ་བཛྲ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿ། ཞེས་པའི་སྔགས་ཀྱིས་སོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱའོ། །སྒོ་རྣམས་ཀྱང་དབྱེ་བར་བྱའོ། །ཨོཾ་དཱ་རོཏྦྷ་ཊ་ཡ་ས་མ་ཡཾ་པྲ་བེ་ཤ་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཐེའུ་ཆུང་གཉིས་ལྕགས་སྒྲོག་ལ་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་བ་ནི་སྒོ་འབྱེད་པའི་ཕྱག་རྒྱའོ། །སྔོན་བཞིན་དུ་དབང་བསྐུར་བར་བྱའོ། །སྔོན་བཞིན་དུ་ཕྱིའི་མཆོད་པ་མཆོད་ཡོན་དང་སྒེག་མོ་ལ་སོགས་པ་བརྒྱད་བྱའོ། །དྲིལ་བུ་ཡང་དཀྲོལ་བར་བྱའོ། །ཀུན་དུ་ ཁྱབ་པ་སྲིད་རྩེའི་རྩེ། །བདེ་གཤེགས་རྒྱལ་པོ་རྒྱལ་བ་སྟེ། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྣམ་པར་སྣང་མཛད་ཁྱོད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ཁྱོད་ལ་འདུད། །རྡོ་རྗེ་རིན་ཆེན་ཁྱོད་ལ་འདུད། །རྡོ་རྗེ་ཆོས་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལས་ཉིད་ཁྱོད་ལ་འདུད། །ཅེས་བྱ་བ་འདི་ནི་དཀྱིལ་འཁོར་ རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྣམ་པར་སྣང་མཛད་དང་བཅས་པ་དབྱེར་མེད་པའི་བདག་ཉིད་དུ་བསམས་ནས་འདུས་པར་བྱའོ། །དེ་ནས་དེ་ལ་འགྲོ་བ་རྣམས་དང་མཚུངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལའོ་ཞེས་བརྗོད་པར་བྱའོ། །ཨེ་ མ་ཀུན་དུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །གང་ཞིག་དེ་བཞིན་གཤེགས་རྡོ་རྗེའི། །དབུས་སུ་དེ་བཞིན་གཤེགས་པས་གསུངས། །ཞེས་ཆེད་དུ་བརྗོད་པས་ཆེད་དུ་རྗོད་པ་མཛད་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་བྱོན་ཞིང་རབ་ཏུ་བཞུགས་ ཏེ་སེམས་དཔའི་རྡོ་རྗེ་ལ་སོགས་པ་གཅིག་ཏུ་གྱུར་ནས་སླར་ཡང་ཆེད་དུ་བརྗོད་པར་མཛད་པ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །ཆེད་བརྗོད་ཆེན་པོ་ལ་སོགས་པ། །གང་ཞིག་ཀུན་གྱིས་རྗེས་འབྲང་བའོ། །སངས་རྒྱས་ཀུན་གྱི་ཕྱིར་ཉིད་བྱོན། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་གནས་སུ་ གནས་པའི་རྣལ་འབྱོར་པ་མེ་ཏོག་གིས་དབང་བསྐུར་བ་ལ་སོགས་པ་བླངས་ནས་སྔོན་བཞིན་དུ་རྡོ་རྗེའི་སྒྲ་བྱས་ཏེ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་རྣམས་བྱས་ནས། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་བྱས་ནས། སྔོན་ དུ་གསུངས་པའི་ཕྱག་རྒྱ་བཞི་པོ་རྣམས་བཅིང་བར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཞི་པོའི་རྒྱས་བཏབ་པས་རྣམ་པར་སྣང་མཛད་ལ་སོགས་པར་མཛད་ནས་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ལ། རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ལའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་ བཞིན་གཤེགས་པ་ཐམས་ཅད་གདན་འདྲེན་པ་དང་། རྗེས་སུ་ཆགས་པ་དང་། མཉེས་པར་བྱ་བ་དང་། དབང་བསྐུར་བ་དང་། འོད་ཟེར་གྱིས་སྣང་བར་བྱ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། འཛུམ་པ་རྨད་དུ་བྱུང་བ་ལ་རབ་ཏུ་དགོད་པ་དང་། ཤིན་ཏུ་རྣམ་པར་དག་ པའི་ཏིང་ངེ་འཛིན་བསྐྱེད་པ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཅོད་པ་དང་། དཀྱིལ་འཁོར་ཆེན་པོར་རབ་ཏུ་འཇུག་པ་དང་། སྤྲོས་པ་མེད་པའི་ཆོས་ཉིད་ལ་སྦྱོར་བ་དང་། མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་། རྣམ་པ་ གཞན་དུ་མི་འདོད་པའི་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཇིག་པ་ལས་གཞན་རྣམས་ཀྱང་བསྲུང་བ་དང་། བསྲུང་བ་ཐམས་ཅད་ཡོངས་སུ་བསྐྱང་བ་དང་། ལུས་ངག་ཡིད་གསུམ་གཅིག་ཏུ་བྱེད་པ་ལ་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིང་བར་བྱའོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་དང་། བྱང་ཆུབ་ཀྱི་སེམས་ཀྱི་ལྕགས་ཀྱུས་ཐར་པའི་གྲོང་ཁྱེར་ཆེན་པོ་ལས་ སེམས་ཅན་ཐམས་ཅད་འདྲེན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ལ་རབ་ཏུ་འཇུག་པ་དང་། ཐེག་པ་གཞན་ལ་མི་འདོད་པའི་སེམས་རྒྱས་པ་དང་། རང་བཞིན་གྱིས་འོད་གསལ་སྐྱེ་བ་ལ་འཇུག་པ་ཆོས་ཐམས་ཅད་ཀྱི་གྲོང་ཁྱེར་ཡོངས་སུ་སྨིན་པ་ལ་སྦྱར་བར་བྱའོ་ཞེས་སོ། །དེ་ བཞིན་དུ་རབ་ཏུ་བྱེད་པའི་ལས་སྤྲོ་བ་དང་བསྡུ་བ་ལ་སྦྱོར་བས་སླར་ཡང་བསྒོམ་པར་བྱའོ་ཞེས་པས་བསྒོམས་པ་དང་ཇི་སྐད་གསུངས་པའི་སྔགས་བཟླས་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་དྷརྨྨ་ཧྲཱི། ཨོཾ་བཛྲ་ཀརྨྨ་ ཨཿརྡོ་རྗེ་སེམས་དཔའི། ཨོཾ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་རྒྱལ་པོའི། ཨོཾ་བཛྲ་རཱ་ཛ་ཛཿརྡོ་རྗེ་ཆགས་པའི། ཨོཾ་བཛྲ་རཱ་ག་ཧོ། རྡོ་རྗེ་ལེགས་པའི། ཨོཾ་བཛྲ་སཱ་དྷུ་སཿ། རྡོ་རྗེ་རིན་ཆེན་གྱི། ཨོཾ་བཛྲ་རཏྣ་ཨོཾ། རྡོ་རྗེ་གཟི་བརྗིད་ཀྱི། ཨོཾ་བཛྲ་ཏེ་ཛ་ཨཾ། རྡོ་རྗེ་ཏོག་གི། ཨོཾ་བཛྲ་ཀེ་ཏུ་ཏྲཾ། རྡོ་རྗེ་བཞད་ པའི། ཨོཾ་བཛྲ་ཧ་ས་ཧཱ། རྡོ་རྗེ་ཆོས་ཀྱི། ཨོཾ་བཛྲ་དྷརྨྨ་ཧྲཱིཿ། རྡོ་རྗེ་རྣོན་པོའི། ཨོཾ་བཛྲ་ཏཱིཀྵྞ་དྷཱཾ། རྡོ་རྗེ་རྒྱུའི། ཨོཾ་བཛྲ་ཧེ་ཏུ་མཾ། རྡོ་རྗེ་སྨྲ་བའི། ཨོཾ་བཛྲ་བྷཱ་ཥ་རཾ། རྡོ་རྗེ་ལས་ཀྱི། ཨོཾ་བཛྲ་ཀརྨྨ་ཀཾ། རྡོ་རྗེ་སྲུང་བའི། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་གནོད་སྦྱིན་གྱི། ཨོཾ་བཛྲ་ ཡཀྵ་ཧཱུཾ། རྡོ་རྗེ་མཚམས་ཀྱི། ཨོཾ་བཛྲ་སནྡྷི་ཨཿརྡོ་རྗེ་སྒེག་མོའི། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི། ཨོཾ་བཛྲ་མཱ་ལེ་ཏྲཾ། རྡོ་རྗེ་གླུ་མའི། ཨོཾ་བཛྲ་གཱི་ཏེ་ཧྲཱིཿ། རྡོ་རྗེ་གར་མའི། ཨོཾ་བཛྲ་ནྲྀ་ཏྱ་ཨཿརྡོ་རྗེ་བདུག་སྤོས་མའི། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། རྡོ་རྗེ་མེ་ཏོག་མའི། ཨོཾ་བཛྲ་པུཥྤེ་ ཏྲཾ། རྡོ་རྗེ་སྣང་གསལ་མའི། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། རྡོ་རྗེ་དྲི་མའི། ཨོཾ་གནྡྷེ་ཨཿ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུའི། ཨོཾ་བཛྲཱཾ་ཀུ་ཤ་ཛཿ རྡོ་རྗེ་ཞགས་པ་མའི། ཨོཾ་བཛྲ་པཱ་ཤ་ཧཱུཾ། རྡོ་རྗེ་རྒྱས་པའི། ཨོཾ་བཛྲ་སྥོ་ཊ་བཾ། རྡོ་རྗེ་འབེབས་པའི། ཨོཾ་བཛྲཱ་བེ་ཤ་ཧོཿ། ཞེས་པའི་སྔགས་ཀྱིས་ཀྱང་སོ་སོའི་ལན་བརྒྱ་རྩ་བརྒྱད་དམ་ཡང་ན་ལན་ཉི་ཤུ་རྩ་ལྔའམ་ལན་བདུན་ནམ་ལན་གཅིག་གམ་ཇི་ལྟར་ནུས་པ་བཞིན་བཟླས་པར་བྱའོ། །དེ་ནས་ཀྱང་ཐམས་ཅད་ཀྱི་དེ་བཞིན་ཉིད་ངའོ་ཞེས་བསྒོམ་ པར་བྱའོ། །ལྷའི་དེ་ཉིད་ཐམས་ཅད་མངོན་དུ་བྱས་ནས་སྔགས་ཀྱི་སྒྲ་ཡིས་མངོན་པར་ལེན་པ་ལ་བརྩོན་པར་བྱའོ། །དེ་ཉིད་ནི་ཐམས་ཅད་ཀྱིས་བཟླས་པར་འགྱུར་རོ། །དེ་ནས་ཀྱང་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡུལ་ཕྲ་རབ་ཀྱི་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་ཡིག་གི་སྒྲའི་ངོ་བོ་ལ་སེམས་ གནས་པར་བྱའོ། །ཇི་སྲིད་བསྒོམ་པས་ངལ་བར་མ་གྱུར་པ་དེ་ཉིད་དུ་བཟླས་པར་བྱའོ། །ངལ་བར་གྱུར་ན་བསྟོད་པ་བརྒྱ་རྩ་བརྒྱད་བྱས་ཏེ། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྒེག་མོ་ལ་སོགས་པ་བརྒྱད་དང་། ཕྱག་འཚལ་བ་བཞི་ཡང་བྱའོ། །དེ་ལ་བསྟོད་པ་ བརྒྱ་རྩ་བརྒྱད་པ་ནི་འདིའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་རྡོ་རྗེ་མཆོག །ཕྱག་ན་རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་ཆགས་པ་བློ་བཟང་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །རྡོ་རྗེ་ འགུགས་པ་ཁྱོད་ལ་འདུད། །རྡོ་རྗེ་ཆགས་པ་བདེ་བ་ཆེ། །རྡོ་རྗེ་མདའ་ནི་དབང་དུ་བྱེད། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །རྡོ་རྗེ་མདའ་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལེགས་པ་ལེགས་འཛིན་པ། །རྡོ་རྗེ་དགྱེས་པ་དགའ་བ་ཆེ། །དགའ་ཞིང་མགུ་བ་རྡོ་རྗེ་མཆོག །རྡོ་རྗེ་དགྱེས་པ་ཁྱོད་ལ་འདུད། ། རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་སོགས། །རྡོ་རྗེ་སྙིང་པོ་ཁྱོད་ལ་འདུད། །རྡོ་རྗེ་གཟི་བརྗིད་འབར་བ་ཆེ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །རྡོ་རྗེ་འོད་ཟེར་ཁྱོད་ལ་འདུད། །རྡོ་རྗེ་ཏོག་ནི་སེམས་ཅན་དོན། རྡོ་རྗེ་ རྒྱལ་མཚན་ལེགས་བརྙེས་པ། །རིན་ཆེན་ཏོག་ནི་རྡོ་རྗེ་ཆེ། །རྡོ་རྗེ་ཁུ་ཚུར་ཁྱོད་ལ་འདུད། །རྡོ་རྗེ་ཞགས་པ་གད་རྒྱངས་ཆེ། །རྡོ་རྗེ་འཛུམ་ནི་རྨད་བྱུང་ཆེ། །དགའ་ཞིང་མགུ་བ་རྡོ་རྗེའི་མཆོག །རྡོ་རྗེ་དགྱེས་པ་ཁྱོད་ལ་འདུད། །རྡོ་རྗེ་ཆོས་ནི་སེམས་ཅན་དོན། །རྡོ་རྗེ་པདྨ་ལེགས་སྦྱོང་བ། །འཇིག་ རྟེན་དབང་ཕྱུག་རྡོ་རྗེ་ལེགས། །རྡོ་རྗེ་སྤྱན་ཉིད་ཁྱོད་ལ་འདུད། །རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་མཛོད་ནི་མཚོན་ཆ་ཆེ། །འཇམ་པའི་དཔལ་ནི་རྡོ་རྗེ་ཟབ། །རྡོ་རྗེ་བློ་གྲོས་ཁྱོད་ལ་འདུད། །རྡོ་རྗེའི་རྒྱུ་ནི་རྒྱན་ཆེན་ཏེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རྡོ་རྗེ་མཆོག་ནི་རབ་ཏུ་བསྐོར། །རྡོ་རྗེ་རྒྱན་ཉིད་ཁྱོད་ ལ་འདུད། །རྡོ་རྗེ་སྨྲ་བ་རིགས་ལེགས་མཆོག །རྡོ་རྗེ་རྒྱལ་བ་རིགས་ལེགས་བསྒྲུབ། །མི་སྨྲ་རྡོ་རྗེ་བློ་གྲོས་མཆོག །རྡོ་རྗེ་གསུང་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལས་ནི་རྡོ་རྗེ་མཆོག །རྡོ་རྗེའི་ལས་ནི་ལེགས་ལྡན་པ། །དོན་ཡོད་རྡོ་རྗེ་རྒྱ་ཆེན་པོ། །སྣ་ཚོགས་རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་བསྲུང་བ་བརྩོན་འགྲུས་ཆེ། ། རྡོ་རྗེའི་ཆོས་ནི་བརྟན་པ་ཆེ། །ཐུབ་པར་དཀའ་བའི་བརྩོན་འགྲུས་མཆོག །རྡོ་རྗེ་བརྩོན་འགྲུས་ཁྱོད་ལ་འདུད། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེའི་མཆེ་བ་མཚོན་ཆ་ཆེ། །བདུད་རྣམས་འདུལ་བྱེད་རྡོ་རྗེ་མཆོག །རྡོ་རྗེ་གཏུམ་པོ་ཁྱོད་ལ་འདུད། །རྡོ་རྗེ་མཚམས་ནི་ཉེ་ བར་བསྙེན། །རྡོ་རྗེ་འཆིང་བ་རབ་སྒྲོལ་བ། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །རྡོ་རྗེ་ཁུ་ཚུར་ཁྱོད་ལ་འདུད། །ཅེས་པའི་བསྟོད་པ་ཉེ་བར་བསྡུས་པས་དྲིལ་བུ་དཀྲོལ་བར་བྱའོ་ཞེས་པ་ནི་ལས་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།དེ་ནས་འཆད་པར་གྱུར་པའི་རིམ་པས་གཏོར་མ་དང་ བདུད་རྩི་མྱང་བ་ཡང་བྱའོ། །ཡི་གེ་བརྒྱ་པ་ཡང་བརྗོད་པར་བྱའོ། །སྔོན་བཞིན་དུ་ཕྱིའི་མཆོད་པ་རྣམས་དང་། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་དྲིལ་བུ་དཀྲོལ་བར་བྱའོ། །ཕྱག་འཚལ་བ་བཞི་བྱས་ནས་བཟོད་པར་གསོལ་ཏོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། ཆོས་དང་རྡོ་རྗེ་ལས་རྣམས་ཀྱིས་གནས་ཉིད་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་གཙུག་ཏོར་གྱི་གནས་ལ། དེ་ལ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྙིང་གར་བཞེངས་ནས་ཕྱག་རྒྱ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱའོ། །ཨོཾ་བཛྲ་རཏྣཱ་བྷི་ཥིཉྩ་ཞེས་སོ། །དེའི་རྗེས་ལ་ སྔོན་མ་བཞིན་དུ་གོ་ཆ་བྱའོ། །ཨོཾ་སརྦ་མུ་དྲ་མཻ་ཏྲི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ། མཐའ་ལ་མཉམ་པ་ཉིད་ཀྱི་ཀུན་གཞི་མཉེས་པར་བྱའོ་ཞེས་པས་མངོན་པར་འདོད་པའི་དོན་བསྒྲུབས་ཏེ་ཡོངས་སུ་བསྡུ་བ་བྱ་སྟེ། གང་ཞིག་བདག་གི་ཆོ་ག་ཆད་པར་བྱས་པ་དེ་ཐམས་ཅད་བཟོད་པར་གསོལ་བར་བྱའོ། ། མཆོད་ཡོན་ཕུལ་ནས་བསྐུལ་ཞིང་གཤེགས་སུ་གསོལ་བར་བ