Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ

Văn bản gốc(Tây Tạng)

Trang 9 / 18 (50.000 ký tự/trang)
པར་འགྱུར། །ཞེས་བཅོམ་ལྡན་

འདས་ཆོས་རིན་ཆེན་གྱིས་གསུངས་སོ། །རིགས་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་
གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་ཀྱི་ནི་ཏིང་འཛིན་ལས། །སངས་རྒྱས་བྱང་ཆུབ་རབ་བསྒྲུབས་པ། །འདི་ནི་བསྒོམ་པར་བྱས་ནས་ཀྱང་། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་
བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །བླ་མེད་དང་ནི་ལས་མང་རྣམས། །སེམས་དཔའ་ཀུན་འགྱུར་ཐམས་ཅད་དང་། །ཤེས་ན་
ཡང་ནི་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། སྡིག་པ་དག་པ་རྒྱུ་བའི་ཕྱིར། །མཚམས་མེད་བྱེད་ལས་མི་ཟློགས་ན། །གསོད་པའི་ལས་ལ་དད་པ་ན། །
དེས་ནི་འགྲུབ་པར་འགྱུར་རོ་ཞེས། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། སྡིག་ཀུན་རྣམ་པར་དག་པའི་བདག །ཀུན་དག་པས་ན་དགོས་པ་ཀུན། །དེས་བྱེད་ལས་འདི་ཡིན་ནོ་བར། །ཤེས་
ན་ཡང་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་པདྨས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། སྲེད་ལྡན་དབུལ་པོ་ཐམས་ཅད་ཀྱི། །རྟག་ཏུ་བསམ་པ་ཀུན་བཀང་ལ། །དོན་ཀུན་གྲུབ་པས་ཀུན་བདག་ནི། །འགྲུབ་
འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བཅོམ་ལྡན་འདས་རིན་པོ་ཆེ་རྒྱལ་མཚན་གྱིས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་

ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རྟག་ཏུ་རྡོ་རྗེ་ཕྲ་མོའི་ཚུལ། །འབད་པ་ཀུན་གྱི་སྦྱོར་ན་ནི། །རྣམ་པའི་མཆོག་ཀུན་ལྡན་པ་ཡི། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །
ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། སློབ་དཔོན་མ་ཡིན་གཞན་དང་ནི། །སློབ་མ་མ་ཡིན་བུ་མིན་པའི། །མདུན་དུ་ཕྱག་རྒྱ་མི་བརྗོད་དེ། །དེ་དག་གསང་བས་ཕྱག་རྒྱ་འགྲུབ། །
ཅེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་དེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །སྣ་ནས་ཧཱུྃ་བྱུང་ལྡན་གྱུར་ལ། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། །དགོས་པ་ཐམས་ཅད་སྒྲུབ་པར་བྱེད། །ཅེས་བཅོམ་ལྡན་འདས་
རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། པདྨ་ཆེན་པོའི་ཏིང་འཛིན་གནས། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་རྗེ་བལྟ་བས་བལྟས་ན་ནི། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་པདྨ་བཞད་པས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་
རིགས་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཤིན་ཏུ་ཕྲ་བའི་ལྟ་འབར་བས། །དོན་ནི་ཐམས་ཅད་འདྲེན་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ནོར་བུས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་
དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མིག་གི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། གང་ཚེ་ཕྱག་རྒྱའམ་ཏིང་ངེ་འཛིན། །བསྒྲུབ་
ཕྱིར་སྩོལ་བར་གྱུར་པ་ན། །གང་ཚེ་མཁའ་ལ་སྐར་མ་འདྲ། །དཀར་པོ་རྒྱུག་པར་དེས་མཐོང་ན། །དེ་ཚེ་བློ་ལྡན་སངས་རྒྱས་ཀྱི། །སྤྱན་ནི་བདག་གིས་ཐོབ་འགྱུར་ཞེས། །ཕྱིན་ཅད་སངས་རྒྱས་རྣམས་ཀྱིས་ནི། །རྟོག་པ་ཀུན་ལས་བསྒྲུབ་པར་བྱ། །ཞེས་སངས་རྒྱས་བཅོམ་ལྡན་འདས་

ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། གནས་དང་འགྲོ་བ་དེ་བཞིན་ཏེ། །ཇི་སྙེད་དངོས་པོ་ཡོད་འགྱུར་བ། །དེ་སྙེད་ཀྱི་ནི་གཟུགས་བརྙན་རྣམས། །མཁའ་རྒྱུག་འགྲོ་བའམ་འོང་ཡང་རུང་། །མཐོང་
ན་རྡོ་རྗེ་སྤྱན་དག་པར། །ཤེས་པས་མཆོད་ན་དངོས་གྲུབ་ནི། །བླ་ན་མེད་པ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་མིག་གི་དངོས་གྲུབ་ཀྱི་རྒྱུད་དེ། གཡས་པའམ་ནི་གཡོན་ཕྱོགས་ཀྱི། །མཁའ་ལ་ནམ་མཁའི་
དབྱིངས་ཉིད་ནི། །སྤྲིན་འདྲར་མྱུར་དུ་འཁོར་བར་ཡང་། །མིག་གིས་མཐོང་བར་གྱུར་བས་ཀྱང་། །རྡོ་རྗེ་ལས་བྱུང་ཕྱག་རྒྱ་དེ། །མཐོང་ནས་འཇིགས་པར་མ་གྱུར་ལ། །ཕྱག་རྒྱ་དེ་ནི་བཟུང་ན་ནི། །རྡོ་རྗེ་སྤྱན་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེས་གསུངས་སོ། །དེ་ལ་འདི་
ནི་པདྨའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། གང་ཚེ་སྐྱའམ་དམར་བ་དང་། །དཀར་བའམ་སེར་བའམ་སྣ་ཚོགས་ཀྱི། །དཀྱིལ་འཁོར་མཐོང་བར་གྱུར་པའི་ཚེ། །དགོངས་འགྱུར་འཁོར་ལོའི་སྤྱན་འགྲུབ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་པདྨས་གསུངས་སོ། །
དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། མཁའ་ལ་རིན་ཆེན་འདྲ་བ་དང་། །གསེར་ལ་སོགས་པར་འདྲ་བར་ནི། །གང་ཚེ་མཁའ་མཐོང་མཁའ་ཡི་མིག །དེ་ནི་འགྲུབ་པར་འགྱུར་རོ་ཞེས། །བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ། །རིགས་ཐམས་
ཅད་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལས་དམ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་དམ་པའི་དངོས་གྲུབ་
ཀྱི་རྒྱུད་དེ། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །འདོད་ཆགས་བདེ་བ་རྣམ་སྨིན་ཕྱིར། །གཙོ་བོ་ཐམས་ཅད་མཆོད་བྱས་པ། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་

པའི་དངོས་གྲུབ་ཀྱི་རྒྱུད་དེ། འདོད་ཆགས་བདག་ཅེས་སྒོམ་བྱེད་ཅིང་། །གསང་བའི་མཆོད་པ་རབ་བྱས་ན། །རྡོ་རྗེ་འདོད་པའི་གཟི་ཅན་མཉམ། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་བཞད་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་
ལས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། ཁྲོ་བ་བདག་ཅེས་སྒོམ་བྱེད་ཅིང་། །གསང་བའི་མཆོད་པ་རབ་བྱས་པ། །ཁམས་གསུམ་རྣམ་རྒྱལ་འདྲ་བ་ཡི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ལ་འདི་
ནི་ཆོས་ཀྱི་རིགས་ཀྱི་ལས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། ནང་དུ་སོང་བའི་ཡིད་ཀྱིས་ནི། །འདོད་པ་དམ་པར་སྒོམ་བྱེད་ཅིང་། །དབྱངས་དང་ལྡན་པའི་ཡི་གེ་ཡིས། །སངས་རྒྱས་མངོན་པར་མཆོད་ན་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་
ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ལས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སྙིང་པོར་མཉམ་བཞག་ལ། །བསམ་པ་གཡོས་པས་བཏུད་ནས་ནི། །ཕྱག་ལ་རྟག་ཏུ་བརྩོན་བྱས་ན། །དབང་བསྐུར་བ་ནི་ཐོབ་པར་འགྱུར། །ཞེས་
བཅོམ་ལྡན་འདས་རྡོ་རྗེ་དབང་རིན་པོ་ཆེས་གསུངས་སོ། །རིགས་ཐམས་ཅད་ཀྱི་ལས་དམ་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་འདི་
གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། འདོད་ལ་སོགས་པའི་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས། །ཨེ་མའོ་སེམས་ཅན་དོན་རྣམས་ལ། །སྐྱོབ་པར་གྱུར་པ་གང་བཤད་རྨད། །འདི་ནི་ལས་ཀྱི་དམ་
ཚིག་སྟེ། །དེ་བཞིན་གཤེགས་པའི་ཏིང་འཛིན་དུ། །བསྒོམས་ནས་སངས་རྒྱས་མཆོད་ན་ནི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དམ་ཚིག་གསང་བའི་

དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །སེམས་ཅན་ཀུན་ལ་བདེ་སྦྱིན་པའི། །ཀུན་བཟང་འདོད་པ་བདག་ཡིན་ཏེ། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འདོད་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་
ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། སེམས་ཅན་ཀུན་ལ་ཕན་བྱེད་པའི། །ཀུན་བཟང་ཁྲོ་བོ་བདག་ཡིན་ཏེ། །རྡོ་རྗེ་ཧཱུྃ་གི་རྣལ་འབྱོར་གྱིས། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་
ལས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། བདེ་བ་ཐམས་ཅད་རབ་སྦྱིན་པའི། །ཀུན་བཟང་འདོད་པ་བདག་ཡིན་ཏེ། །བདག་ཉིད་འགྲོ་འདུལ་སྐུར་གནས་ལ། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་པདྨ་ཆགས་པས་གསུངས་སོ། །དེ་ལ་
འདི་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། སེམས་ཅན་ཀུན་ལ་དོན་ཆེན་སྦྱིན། །ཀུན་བཟང་རྒྱལ་པོ་བདག་ཡིན་ཏེ། །དོན་ཀུན་འགྲུབ་པའི་གཟུགས་ཀྱིས་ནི། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་
པས་གསུངས་སོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་
ལ་འདི་ནི་དེ་བཞིན་གཤེགས་པའི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རང་གི་ཏིང་ངེར་འཛིན་པ་ཡིས། །གཡས་པའི་མཛུབ་མོས་མདུད་ནས་ནི། །གོ་ཆར་བཅིངས་ཏེ་སྤྱི་བོར་བཞག །ཤིན་ཏུ་ཡང་ནི་བསྲུངས་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་
གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ལས་ཀྱི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རྩིག་པ་ལ་ནི་ལྡན་འདྲ་བ། །རི་མོར་བྲིས་ནས་མཚན་བསྒྲེང་སྟེ། །མཉེས་ན་བུད་མེད་གང་བསམས་པ། །དེ་ནི་འདི་ཡི་དབང་དུ་འགྱུར། །ཞེས་བཅོམ་ལྡན་འདས་

འཕགས་པ་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ས་ལ་གནོད་སྦྱིན་གདོང་བྲིས་ཏེ། །དེ་ཡི་མིག་གི་ཕྱོགས་སུ་ནི། །མཛུབ་མོའི་སེན་མོ་བཙུགས་ན་ཡང་། །བུད་མེད་མཆོག་ནི་འདྲེན་པར་འགྱུར། །ཞེས་བཅོམ་
ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ལག་པ་གཉིས་སུ་པདྨ་བླངས། །འདོད་ཆགས་དག་པ་ལྟ་བྱེད་ཅིང་། །རྡོ་རྗེ་ལྟ་བས་བུད་མེད་དེ། །བལྟས་ན་ཡང་ནི་དགའ་བར་འགྱུར། །ཞེས་བཅོམ་ལྡན་འདས་
པདྨ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གནས། །ལག་པ་གཉིས་ཀྱིས་ནོར་བུ་བཟུང་། །ཧཱུྃ་ཞེས་བྱ་བའི་ཚུལ་གྱིས་ནི། །བུད་མེད་ཀུན་ལ་འདུད་བྱེད་དོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་
གིས་གསུངས་སོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་
ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་དེ། མཆོད་པའི་ལས་ཀྱི་ཆོ་གར་སྦྱར། །གང་དང་གང་གི་དགོས་བསམས་པ། །དེ་དང་དེ་ནི་གསོལ་བཏབ་སྟེ། །མཁས་པས་ཕྱག་རྒྱ་བསྒྲུབ་པར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་
གཤེགས་པའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །གསང་བའི་མཆོད་པའི་ཆོ་གར་སྦྱར། །དགོས་པ་གང་ཞིག་སྨྲས་པ་དེ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །དེ་ལ་
འདི་ནི་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་དེ། ཁྲོ་བོའི་ཏིང་འཛིན་ཞུགས་ནས་ཀྱང་། །རིགས་ཀྱི་གསང་བའི་མཆོད་ཆེན་བྱས། །མཁས་པས་ཅུང་ཟད་གང་བསམས་པ། །དེ་ནི་མྱུར་དུ་དངོས་གྲུབ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོས་གསུངས་སོ། །དེ་ལ་

འདི་ནི་པདྨའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་དེ། འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །ཡིད་ཀྱིས་མཆོད་པ་བྱས་ནས་ཀྱང་། །མཁས་པས་དགོས་པ་གང་བསམས་པ། །དེ་ཡི་དངོས་གྲུབ་ཐམས་ཅད་ཐོབ། །ཅེས་བཅོམ་ལྡན་འདས་པདྨ་འཛིན་པས་
གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །བདུག་པ་ལ་སོགས་མཆོད་བྱས་ལ། །མཁས་པས་དགོས་པ་གང་བསམས་པ། །དེ་ཀུན་སྐད་ཅིག་ཉིད་འགྲུབ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་
སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒོམ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་
བྱིན་གྱིས་བརླབས་ཀྱི་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་རྣལ་འབྱོར་ཏིང་འཛིན་གྱིས། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །སངས་རྒྱས་ཕྱག་རྒྱ་རབ་བསྒྲུབས་པས། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་གསུངས་
སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའི་བྱིན་གྱིས་བརླབས་ཀྱི་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་རྒྱུད་དེ། ཀུན་གྱི་བདག་ཉིད་སེམས་དཔའ་ནི། །བདག་གི་ལུས་ལ་གནས་པ་སྟེ། །སེམས་དཔའ་བདག་ཅེས་བྱིན་བརླབས་ལ། །བདག་ཅེས་བྱ་བའི་ང་རྒྱལ་གྱིས། །
བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་འདུས་པའི་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་རྒྱུད་དེ། སེམས་དཔའ་ཇི་བཞིན་ཕྱག་རྒྱ་
བཞིན། །ཕྱག་རྒྱ་ཇི་བཞིན་བདག་དེ་བཞིན། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཆོས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་རྒྱུད་དེ། ཆོས་ཀྱི་ཕྱག་རྒྱའི་ཚུལ་

གྱིས་ནི། །རྡོ་རྗེ་ཕྲ་མོ་བསྒོམས་བྱས་ལ། །ངག་གི་ཕྱག་རྒྱས་དེ་དག་ཀུན། །སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན། །ཅེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ལས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་
གྱི་རྒྱུད་དེ། སངས་རྒྱས་ཀུན་ལ་དབང་བསྐུར་དང་། །མཆོད་དང་དམ་ཚིག་དངོས་གྲུབ་རྣམས། །བཅོམ་ལྡན་འདས་ཞེས་བསྒོམས་ནས་ཀྱང་། །རྡོ་རྗེའི་ལས་རྣམས་བསྒྲུབ་པར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱིས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཕྱག་རྒྱ་སྒོམ་པའི་
དངོས་གྲུབ་ཀྱི་རྒྱུད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །རྡོ་རྗེ་ཐེག་པ་
བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པའི། །མདོ་འདི་ལེགས་པར་བཤད་པས་ན། །ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་བརྟག་པ་ཐམས་ཅད་ཀྱི་གསང་བའི་རྒྱུད་ཕྱི་མའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།བམ་པོ་དགུ་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་འདི་གསུངས་སོ། །ལྟ་བ་ངན་
ཅིང་ཆགས་བྲལ་ལ། །གསང་བ་འདི་ནི་མི་རིགས་ཏེ། །སེམས་ཅན་ཀུན་ལ་ཕན་དོན་དུ། །དེ་བཞིན་ཆོ་ག་བཤད་པར་བྱ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ལ་འདི་ནི་སྙིང་པོའི་ཡོ་བྱད་དང་ཆོ་ག་རྒྱས་པའི་རྒྱུད་ཡིན་ཏེ། དཀྱིལ་འཁོར་ཆེན་པོ་མཐོང་ནས་བདུག་པ་དང་། མར་མེ་དང་། མེ་ཏོག་དང་། དྲིའི་ཕྱག་རྒྱ་རྣམས་ཀྱིས་མཆོད་པ་བྱས་ཏེ། དེ་ནས་རྡོ་རྗེ་ཚིག་

གིས་བཟླས་པ་བརྩམ་པར་བྱའོ། །དེ་ལ་འདི་ནི་བཟླས་པའི་ཆོ་ག་རྒྱས་པའི་རྒྱུད་དེ། ཟླ་བ་བཞིར་གནས་ཇི་བཞིན་པར་འདུག་སྟེ། དུས་བཞིར་བདུག་པ་ལ་སོགས་པས་ཆོ་ག་བཞིན་དུ་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་མཚན་
བརྒྱ་རྩ་བརྒྱད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་དེ། ཕྱག་རྒྱ་བཞིས་ཕྱག་བྱ་བའི་ཚུལ་གྱིས་ཕྱག་བྱས་ལ་སྔགས་འདི་བཞིས་བདག་གི་ལུས་དབུལ་ཞིང་མཆོད་པ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨྦ་ནཾ་ནིར་ཡཱ་ཏ་ཡཱ་མི། །སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭཱ་ཏིཥྛ་སྭ་མཱཾ། ཨོཾ་སརྦ་
ཏ་ཐཱ་ག་ཏ་པཱུ་ཛཱ་ཨ་བྷི་ཥེ་ཀཱ་ཡ་ཨཱ་ཏྨཱ་ནཾ་ནིར་ཡཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཕཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨཱ་ནཾ་ནི་ར་ཡཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ནཛྲ་ངྷརྨ་པྲ་བརྟ་ཡ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨ་ནེ་ཨཱཏྨཱ་ནཾ་ནིར་ཡཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ།
དེ་ནས་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་མ་བྲལ་ལ་ཁ་ཟས་ཀུན་དང་འདོད་པ་ཀུན་ལ་ཉེ་བར་སྤྱོད་ཅིང་། བདག་ཉིད་སྙིང་པོའི་དོན་དུ་སངས་རྒྱས་ཀྱི་གཟུགས་བརྙན་མདུན་དུ་ཚིག་ཙམ་གྱིས་ཀྱང་བསྒོམས་ལ་ཅི་དགའ་བར་བྱེད་ཅིང་རྡོ་རྗེ་ཚིག་གིས་ལན་བརྒྱ་རྩ་བཟླས་ན་མྱུར་བར་དངོས་གྲུབ་
ཏུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཅི་སྟེ་བླ་ན་མེད་པའི་དངོས་གྲུབ་འདོད་ན་དེ་ནི་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་དབུས་ན་བཞུགས། དེའི་སེམས་དཔའ་ཆེན་པོ་བཞི་དཀྱིལ་འཁོར་གྱི་ཚུལ་དུ་ཁ་དོག་དང་རྒྱན་རྣམས་ཅི་དགའ་བར་བྱ་སྟེ།
བྲི་ཞིང་སེམས་དཔའ་ཆེན་པོ་རྣམས་ཟླ་བའི་དཀྱིལ་འཁོར་ལ་བཞུགས་ལ་རིགས་ཀྱི་ལྷ་མོ་རྣམས་གྲྭ་རྣམས་སུ་བྲིའོ། །དེ་ནས་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེར་བྱས་ལ་འཛབ་བྱ་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཟླ་བ་བཞིའི་བར་དུ་བཟླས་པར་བྱའོ། །དེ་ནས་མཐར་མཆོད་པ་རྒྱ་ཆེར་བྱས་
ལ་མཚན་ཐོག་ཐག་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་སོགས་པའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཡང་ན་ཕྱག་རྒྱ་བསྒྲུབ་པར་འདོད་ན་ནི་དེས་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་རི་མོའི་སྐུ་གཟུགས་ཀྱི་ཕྱག་རྒྱའི་སྤྱན་སྔར་ཅི་དགའ་བ་བཞིན་དུ་ཇི་ལྟ་བ་བཞིན་བཅིངས་ཤིང་བཀྲོལ་ཏེ་རྡོ་རྗེའི་ཚིག་འབུམ་བཟླས་པར་བྱའོ། །དེ་ནས་མཐར་མཚན་ཐོག་ཐག་ངལ་མི་བསོ་བར་ཅུང་ཟད་ཙམ་ཞིག་ཕྱག་རྒྱ་བཀྲོལ་ཏེ། ཇི་ལྟ་བ་བཞིན་
བཅིངས་ནས་བཟླས་བརྗོད་བྱའོ། །དེ་ནས་ཕྱག་རྒྱ་འབར་ཞིང་འབབ་ལ་འཕར་ཞིང་ཉུང་བར་སྨྲ་བར་འགྱུར་རོ། །དེ་ནས་ཕྱག་རྒྱ་བཅིངས་བཞིན་དུ་ནམ་མཁའ་ལ་ལྡིང་བར་འགྱུར་རོ། །གཟུགས་ཅི་དགའ་བ་དང་། མི་སྣང་བ་དང་ལས་ཐམས་ཅད་ཀྱང་བྱེད་པར་འགྱུར་རོ། །བཅིངས་མ་
ཐག་ཏུ་ཕྱག་རྒྱ་ཐམས་ཅད་ཀྱིས་ཀྱང་ལས་ཐམས་ཅད་ཇི་ལྟ་བ་བཞིན་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཡང་ན་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན་ནི། དེས་རྡོ་རྗེ་ཕྲ་མོ་ནས་བརྩམས་ཏེ། ཏིང་ངེ་འཛིན་དེ་གང་ལ་དགའ་བའི་སྙིང་པོའི་རྣལ་འབྱོར་གྱི་ཚུལ་
དུ་ཟླ་བ་བཞིའི་བར་དུ་བསྒོམས་ལ། དེ་ནས་མཐར་མཚན་ཐོག་ཐག་སྐྱིལ་མོ་ཀྲུང་མི་ཞིག་པར་སྙོམས་པར་ཞུགས་ཏེ་འདུག་པར་བྱའོ། །དེ་ནས་ནམ་ལངས་པ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །དེ་ནས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཐོབ་
པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཅི་སྟེ་ལས་བསྒྲུབ་པར་འདོད་ན་ཡང་དེ་བཞིན་དུ་བཟླས་ཞིང་ཟླ་བ་གཅིག་གི་བར་དུ་བསྒྲུབས་ལ། དེ་ནས་མཐར་མཚན་གཅིག་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་འགྱུར་རོ་
ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་ལས་ཤིག་བྱ་བར་འདོད་ན་ཡང་ལན་ཅིག་བརྗོད་པ་ཙམ་གྱིས་བདག་དང་གཞན་དང་། གྲོང་དང་གྲོང་ཁྱེར་རྣམས་གོ་ཆ་བཅིང་བ་ལ་སོགས་པས་བསྲུངས་པར་འགྱུར་རོ། །དབབ་པ་ཡང་བྱ་སྟེ་ཙནྡན་དྲི་ཞིམ་པོས་གདོན་གྱིས་ཟིན་
པ་དང་། གདོན་གྱིས་མ་ཟིན་པ་རྣམས་རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། ལག་པ་དང་། རིན་པོ་ཆེ་དང་། ཉི་མ་དང་། རྒྱལ་མཚན་དང་། སོའི་ཕྲེང་བ་དང་། པདྨ་དང་། རལ་གྲི་དང་། འཁོར་ལོ་དང་། ལྕེ་དང་། རྡོ་རྗེ་རྒྱ་གྲམ་དང་། གོ་ཆ་དང་། མཆེ་བ་དང་། ཁུ་ཚུར་གྱི་

ཕྱག་རྒྱ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་ལན་ཅིག་བརྗོད་པས་འབེབས་པར་བྱེད་དོ། །སྒྱུ་མའི་ལས་ཀྱང་བྱེད་དེ། རྨ་བྱའི་མཇུག་སྒྲོའི་ནང་དུ་རྡོ་རྗེ་བཅུག་སྟེ་བཅིངས་ལ། དེ་ནས་རྨ་བྱའི་མཇུག་སྒྲོ་དེ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱས་མནན་ལ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བབས་ཀྱི་བར་དུ་བཟླས་པར་བྱའོ། །དེ་ནས་རྨ་བྱའི་མཇུག་སྒྲོ་ལས་གཟུགས་སྣ་ཚོགས་པ་ལ་སོགས་པར་སྣང་བར་འགྱུར་ཏེ། དེ་ཕྱིན་ཅད་རྨ་བྱའི་མཇུག་སྒྲོ་རང་གི་ལུས་ལ་ཆོ་ག་བཞིན་དུ་གཟུགས་ཐམས་ཅད་ཀྱང་སྟོན་ཏེ།
མཇུག་སྒྲོ་དེ་ཉིད་ལན་ཅིག་བཟླས་ཏེ། བསྐོར་བས་ཀྱང་བདག་ཉིད་ལས་གཟུགས་ཐམས་ཅད་སྣང་བར་འགྱུར་རོ། །མཇུག་སྒྲོ་དེ་ཉིད་ཀྱིས་འཇིག་རྟེན་པའི་སྒྱུ་མའི་ལས་རྣམས་ཀྱང་སྟོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་བརྙན་ཡང་སྟོན། ཕྱོགས་བཅུའི་
སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་རྣམས་ཀྱིས། བདུད་སྡེ་དང་བཅས་པ་རྣམས་འདུལ་བ་ལ་སོགས་པ་རྣམས་རྫུ་འཕྲུལ་གྱིས་རྣམ་པར་རོལ་བ་ལ་སོགས་པ་མཛད་པ་རྣམས་ཀྱང་སྟོན་པ་ནས། བདག་ཉིད་ལས་རྣམ་པའི་
མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་གཟུགས་ཀྱང་སྟོན་པའི་བར་དུའོ། །ཅི་སྟེ་དབང་དུ་བྱེད་པར་འདོད་ན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་མའི་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཕྱག་རྒྱ་དེ་འབར་བར་གྱུར་གྱི་བར་དུ་བཟླས་པར་བྱའོ། །དེ་ནས་དེ་ཕྱིན་ཆད་ཕྱག་རྒྱ་བཅིངས་བ་
ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་དབང་དུ་བྱེད་ན་སེམས་དཔའ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཅི་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་འདོད་ན་ཡང་དེས་དང་པོ་ཁོ་ནར་དེ་བཞིན་དུ། ཟློས་ཤིང་ཟླ་བ་གཅིག་ཏུ་བརྒྱད་སྟོང་བཟླས་ལ་
དེ་ནས་མཐར་ཕྱག་རྒྱ་བཅིངས་ཏེ་དེ་བཞིན་དུ་མཚན་ཐོག་ཐག་ཕྱག་རྒྱ་འབར་གྱི་བར་དུ་བཟླས་པར་བྱའོ། །དེ་ཕྱིན་ཅད་ཕྱག་རྒྱ་བཅིངས་པ་ཙམ་གྱིས་འཇིག་རྟེན་གྱི་དངོས་གྲུབ་གང་ཡང་རུང་བ་གཅིག་ཏུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་བཞིན་གཤེགས་པའི་

རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་རྡོ་རྗེའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་ནི་འདི་ཡིན་ཏེ། དེ་ལ་དང་པོར་ནི་སྔར་བསྙེན་པ་བྱ་སྟེ། དེ་ལྟར་ཅི་འདོད་པ་བཞིན་དུ་ཡི་གེ་འབྲུ་འབུམ་བཟླས་པར་བྱའོ། །དེའི་མཐར་མཚན་ཐོག་ཐག་ཏུ་བཟླས་པ་བྱས་ལ་དེ་ཕྱིན་
ཆད་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང་། ཆད་པས་གཅད་པར་ནུས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །འོན་ཏེ་བསྒྲུབ་པར་འདོད་ན་ཡང་། དེས་ཇི་ལྟ་བ་བཞིན་དུ་རི་མོའི་སྐུ་གཟུགས་བྲིས་ལ། དེས་དེ་བཞིན་དུ་མཆོད་པ་བྱས་ནས་ཟླ་
བ་གཅིག་ཏུ་འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་ཅི་དགའ་བ་བཞིན་དུ་བྱས་ནས་བརྒྱ་སྟོང་དུ་བཟླས་པར་དུས་བཞིར་རྡོ་རྗེའི་ཚིག་གིས་ཟློས་ཤིང་ཟླ་བའི་མཐར་ཕྱིན་པ་དང་། རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བྱས་ནས་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ལ་ཕྱག་རྒྱ་བཅིངས་པ་དེ་ལས་ཧཱུྃ་
ཞེས་བྱ་བའི་སྒྲ་བྱུང་གི་བར་དུ་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་ལྷ་རྣམས་ཀྱི་དབང་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་མདུན་དུ་གནས་ནས་བཀའ་ནོད་པར་འགྱུར་རོ། །དེ་ནས་རིག་འཛིན་གྱིས་འདི་སྐད་དུ་བསྒོ་བར་བྱའོ། །གང་གི་ཚེ་ངས་ཁྱོད་
ཚུར་ཤོག་འདི་བྱོས་ཤིག །ཅེས་བསྒོ་བ་དེའི་ཚེ་ན་ཁྱོད་འདིར་འོངས་ལ་ངའི་བཀའ་བཞིན་བྱོས་ཤིག །དེ་ཕྱིན་ཅད་འཇིག་རྟེན་གསུམ་པོ་མཐའ་དག་གི་བདག་པོར་འགྱུར་ཏེ། ཡུད་ཙམ་གྱིས་ཀྱང་ས་གསུམ་པ་ཐམས་ཅད་ལ་ཅི་དགར་བཀའ་སྩོལ་ཅིང་བསྐོར་ཏེ། སླར་འོངས་
ནས་ཀྱང་ཕན་གདགས་པ་དང་། ཆད་པས་གཅད་པ་རྣམས་བྱེད་ཅིང་ལྷ་རྫས་ཀྱི་འཇིག་རྟེན་གསུམ་ལོངས་སྤྱོད་ལ་ཉེ་བར་སྤྱད་ནས་ཇི་ལྟར་དགའ་བ་བཞིན་དུ་བྱེད་ཅིང་ལྷ་ཐམས་ཅད་ཀྱི་དབང་པོའི་བུད་མེད་ལ་སོགས་པ་བུད་མེད་ཐམས་ཅད་མགུ་བར་བྱས་ནས། ཉེ་བར་སྤྱད་ཀྱང་དེ་ལ་
སུ་གང་གིས་བྱས་ཀྱང་གནོད་པར་བྱེད་ནུས་པ་མེད་དེ་ཧཱུྃ་ཞེས་བྱ་བས་ལྷ་ལ་སོགས་པ་མ་རུངས་པ་ཐམས་ཅད་གནོན་ཅིང་དེ་ནས་བསྐལ་པ་ཆུང་ངུའི་སྟོང་གི་བར་དུ་འཚོ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་པ་ན་ཡང་ཇི་ལྟ་བ་བཞིན་དུ་

བཟླས་པ་བྱས་ལ་བཟླས་པའི་མཐར་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །དེ་ནས་ཧཱུྃ་ཞེས་བྱ་བ་དང་ལྡན་པར་ཇི་ལྟ་བའི་ཆོ་ག་བཞིན་དུ། ཕྱག་
རྒྱ་བཅིངས་ན་ནམ་མཁའ་ལ་འགྲོ་བ་དང་། གཟུགས་སྣ་ཚོགས་སྟོན་པ་དང་། མི་སྣང་བར་འགྱུར་བ་དང་། སྒྱུ་མ་རྣམས་སྟོན་པ་དང་། ཐམས་ཅད་ལ་དབབ་པ་དང་། དགུག་པ་དང་། དབང་དུ་བྱ་བ་དང་། ཐམས་ཅད་ཀྱི་དགའ་བ་བསྐྱེད་པར་བྱ་བ་དང་། རིན་པོ་ཆེ་ཐམས་ཅད་
འཕྲོག་པ་དང་། འོད་ཟེར་འབར་བ་ཆེན་པོ་བསྟན་པ་དང་། རིན་པོ་ཆེའི་ཆར་འབེབས་པར་བསྟན་པ་དང་། གད་མོ་ཆེར་བགད་པ་དང་། སེམས་ཅན་ཐམས་ཅད་སྦྱང་བ་དང་། གཅད་པ་དང་། དབྱེ་བ་དང་། དུས་ཀྱི་འཁོར་ལོས་སྒྱུར་བ་དང་། ཇི་ལྟ་བ་བཞིན་པའི་དེ་ཁོ་ན་ཉིད་
བརྗོད་པ་དང་། ལས་ཐམས་ཅད་ལ་འཇུག་པ་དང་། བསྲུང་བ་དང་། རྨོངས་པ་དང་། གནོན་པ་དང་། བསྡིགས་པ་དང་། བསད་པ་དང་། སེམས་ཅན་ཐམས་ཅད་ཕྱག་རྒྱ་གདབ་པ་དང་། འདོད་པའི་དགའ་བ་ལ་འཇུག་པ་དང་། དབང་བསྐུར་བ་དང་། དངོས་པོ་ཐམས་ཅད་གླུ་ལེན་དུ་
གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། དགུག་པ་དང་། གཞུག་པ་དང་། བཅིད་བ་དང་། དབབ་པ་ལ་སོགས་པ་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་རྡོ་རྗེ་ཕྲ་མོ་བསྒྲུབ་པར་འདོད་ན་ཡང་དེས་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་ཏིང་ངེ་
འཛིན་དུ་བསྒོམ་ཞིང་དེ་བཞིན་དུ་བཟླས་པའི་ཚུལ་གྱིས་ཟླ་བ་གཅིག་ཏུ་བསྒྲུབ་པར་བྱ་སྟེ་དེ་ནས་མཐར་ཏིང་ངེ་འཛིན་དེ་ཉིད་ཀྱིས་མཚན་གཅིག་ཐོག་ཐག་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་མངོན་པར་ཤེས་པ་ལྔར་གྱུར་ནས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང་། ཚར་
གཅད་པ་ནུས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་ལས་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཟློས་ཞིང་ཟླ་བ་གཅིག་ཏུ་བསྒྲུབ་ལ་དེ་ནས་མཐར་མཚན་གཅིག་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་

རྡོ་རྗེ་འཛིན་པས་གསུངས་སོ། །དེ་ནས་ལས་རྣམས་བྱེད་པར་འདོད་ན་ཡང་ལན་ཅིག་བརྗོད་དེ། ཡིད་ཀྱིས་བསམ་པས་བསྲུང་བ་ལ་སོགས་པ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྡོ་རྗེའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་པདྨའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་
རྒྱས་པ་ནི་འདི་ཡིན་ཏེ། དེ་ལ་དང་པོར་འབུམ་བཟླས་པ་བྱས་ན་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་བསྒྲུབ་པར་བྱ་སྟེ་རས་ལ་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་འདུལ་བ་ལ་སོགས་པ་བྲིས་ལ། དེའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་བཞིའི་ཚུལ་དུ་སེམས་དཔའ་ཆེན་པོ་བཞི་
བྲིས་ལ་གྲྭ་རྣམས་སུ་ལྷ་མོ་རྣམས་བྲིའོ། །དེ་ནས་བཟླས་པའི་ཆོ་ག་དེ་བཞིན་དུ་རྒྱས་པར་བྱས་ལ་ཟླ་བའི་མཐར་མཚན་གཅིག་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་འདུལ་བར་བྱོན་ཏེ། དུས་ཇི་བཞིན་པར་དམ་པའི་སྐབས་འབྱེད་པར་འགྱུར་རོ་ཞེས་
བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཡང་དེས་དེ་བཞིན་དུ་པདྨ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་སྟོང་ཕྲག་བརྒྱད་ཚང་བར་བརྗོད་པའི་བར་དུ་དུས་བཞིར་བཟླས་པར་བྱའོ། །དེ་ནས་མཐར་མཚན་གཅིག་ཐོག་ཐག་དུ་ཕྱག་རྒྱ་བཅིངས་ཏེ་བཟླས་པ་
བྱས་ལ་ནམ་ལངས་པ་དང་དངོས་གྲུབ་ཏུ་འགྱུར་རོ། །དེ་ནས་ཕྱག་རྒྱ་བཅིངས་པས་ཇི་ལྟ་བ་བཞིན་འགྲོ་བ་ཐམས་ཅད་འདུལ་བར་བྱེད་དོ་ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ཅི་སྟེ་ཏིང་ངེ་འཛིན་གྱི་ཚུལ་དུ་བསྒྲུབ་པར་འདོད་ན་ཡང་དེ་བཞིན་དུ་ཟླ་བའི་
མཐར་མཚན་གཅིག་ཐོག་ཐག་ཏུ་ཇི་ལྟར་དགའ་བའི་ཏིང་ངེ་འཛིན་གྱིས་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་ཏིང་ངེ་འཛིན་ཐམས་ཅད་མངོན་སུམ་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་ལས་བསྒྲུབ་པར་འདོད་ན་ཡང་དེ་བཞིན་དུ་བཟླས་ལ་ཟླ་བའི་
མཐར་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །པདྨའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ནོར་བུའི་རིགས་ཀྱི་ཉེ་བར་སྤྱོད་པའི་ཆོ་ག་རྒྱས་པ་ནི་འདི་ཡིན་

ཏེ། དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་རྣམ་བཞི་བྱས་ལ་འབུམ་བཟླས་པར་བྱའོ། །དེ་ནས་དེ་བཞིན་དུ་རས་ལ་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་བཞིའི་ཚུལ་དུ་བྲིས་ལ། དེ་ནས་དེ་བཞིན་དུ་བསྒྲུབ་ལ་ཟླ་བའི་མཐར་མཚན་
གཅིག་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བྱོན་ནས་དབང་བསྐུར་བ་སྦྱིན་པ་མཛད་དོ། །དབང་བསྐུར་བ་དེས་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་དེར་རིག་འཛིན་གྱི་འཁོར་ལོས་སྒྱུར་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཡང་དེ་བཞིན་དུ་ཆོས་ཀྱི་རྡོ་རྗེ་མའི་ཚུལ་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱ། ཇི་ལྟ་བ་བཞིན་དུ་བསྒྲུབས་ན་བསམ་པ་ཐམས་
ཅད་ཀྱི་ལས་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཅི་སྟེ་ནོར་བུ་ཡེ་ཤེས་བསྒྲུབ་པར་འདོད་ན་ཡང་དེ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་འབྱུང་བའི་ཏིང་ངེ་འཛིན། ཇི་ལྟ་བའི་རིམ་པ་བཞིན་དུ་བསྒོམ་པ་བྱས་ཏེ་དངོས་པོ་མེད་པའི་ནམ་མཁའ་ལས་རིན་ཆེན་ཇི་ལྟར་འབྱུང་
བ་རིན་པོ་ཆེ་ལས་བྱང་ཆུབ་སེམས་དཔའི་སྐུ་ཇི་ལྟར་འབྱུང་ཞེས་བྱ་བའི་ཏིང་ངེ་འཛིན་འདི་དུས་བཞིར་བསྒོམས་ལ་ཇི་ལྟར་གོང་དུ་སྨོས་པ་བཞིན་དུ་བཟླས་པར་བྱའོ། །དེ་ནས་ཟླ་བའི་མཐར་ཏིང་ངེ་འཛིན་དེ་ཉིད་ཀྱིས་མཚན་གཅིག་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་དེ་བཞིན་
གཤེགས་པ་ཐམས་ཅད་བྱོན་ནས། ཅི་དགའ་བ་བཞིན་དུ་དབང་བསྐུར་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །དེ་ནས་ལས་བསྒྲུབ་པ་བཤད་དེ། དེ་བཞིན་དུ་བཟླས་ལ་ཟླ་བའི་མཐར་མཚན་གཅིག་ཐོག་ཐག་བཟླས་པར་བྱའོ། །དེ་ནས་ནམ་ལངས་
པ་དང་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ནོར་བུའི་རིགས་ཀྱི་ཉེ་བར་སྦྱོང་བའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་རིགས་ཐམས་ཅད་ཀྱི་

ཐུན་མོང་དུ་བསྒྲུབ་པའི་ཡོ་བྱད་དང་ཆོ་ག་རྒྱས་པ་ནི་འདི་ཡིན་ཏེ། དེ་ལ་དང་པོར་སྙིང་པོ་ཐམས་ཅད་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པར་བཤད་དོ། །སྙིང་པོ་བསྒྲུབ་པར་འདོད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པར་གྱུར་ཅིག་ཅེས་བརྗོད་ལ་སྙིང་པོ་ཅི་དགའ་བར་བཟླས་ཤིང་བསྒྲུབ་
པའི་ཆོ་ག་བྱའོ། །དེ་ལ་འདི་ནི་ཕྱག་རྒྱའི་ཡོ་བྱད་དང་ཆོ་ག་སྟེ། ཕྱག་རྒྱ་ཐམས་ཅད་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲས་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཅི་དགའ་བར་ཅི་ནུས་ཀྱིས་བཟླས་པར་བྱའོ། །དེ་ནས་ཅི་ལྟ་བ་བཞིན་དུ་དངོས་གྲུབ་ཏུ་འགྱུར་རོ། །དེ་ལ་འདི་ནི་སྔགས་ཐམས་
ཅད་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་སྟེ། སྤྲོས་པ་མེད་པའི་ཚིག་གྲུབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བདག་ལ་སྐྱེ་བར་གྱུར་ཅིག་ཅེས་སྨྲས་ལ་སྔགས་ཅི་དགའ་བར་བཟླས་པ་བྱས་ཏེ་འདི་ནི་དངོས་གྲུབ་བོ། །དེ་ལ་འདི་ནི་རིག་པའི་ཡོ་བྱད་དང་ཆོ་ག་རྒྱས་པ་
སྟེ། ཀྱེ་སེམས་ཅན་འདི་དག་ཐམས་ཅད་ནི་མ་རིག་པས་ལྡོངས་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ནི་རིག་པ་རྟོགས་ཤིང་སྡོམ་པར་གྱུར་ཏོ་ཞེས་སྨྲས་ལ། རིག་པ་ཅི་དགའ་བར་བཟླས་ཤིང་བསྒྲུབ་པར་བྱའོ་ཞེས་བཅོམ་ལྡན་འདས་འཕགས་པ་རྡོ་རྗེ་འཛིན་པས་གསུངས་སོ། །
དེ་ནས་སྙིང་པོ་དང་། སྔགས་དང་། ཕྱག་རྒྱ་དང་། རིག་པ་ཐམས་ཅད་ཇི་ལྟར་བསྒོམ་པ་ཉིད་དུ་རྡོ་རྗེ་བཟླས་པའི་ཆོ་ག་རྒྱས་པ་ནི་འདི་ཡིན་ཏེ། སེམས་པ་གང་གི་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པ་རྣམས་བཟླས་པའི་དོན་དུ་བསྒྲུབ་པར་བྱ་བ་དེ་ནི་བདག་གམ་
སེམས་དཔའ་བསྒོམས་ན་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཐུན་མོང་དུ་བཟླས་པའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་རིགས་ཐམས་ཅད་ཀྱི་ཐུན་མོང་དུ་བསྒྲུབ་པའི་ཆོ་ག་རྒྱས་པ་ནི་འདི་ལྟ་
སྟེ། དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཀྱི་དངོས་གྲུབ་ནི་འདི་ལྟ་སྟེ། ནོར་འགྲུབ་པའི་དངོས་གྲུབ་དང་། རྫུ་འཕྲུལ་གྱི་དངོས་གྲུབ་དང་། རིག་འཛིན་ཉིད་དུ་འགྲུབ་པ་དང་། དངོས་གྲུབ་ཆེན་པོ་རྣམས་སོ། །དེ་ལ་ནོར་འགྲུབ་པ་ནི་འདི་ཡིན་ཏེ། གང་ན་

གཏེར་ཡོད་པར་དོགས་པ་དེར་ཕྱག་རྒྱ་བཅིངས་ལ་རང་གི་ཏིང་ངེ་འཛིན་གྱིས་གཏེར་གྱི་གནས་དེར། རྡོ་རྗེ་བལྟ་བས་བལྟ་བ་ན། ཅི་སྟེ་རྡོ་རྗེ་ལྟ་བུ་ཡར་བར་མཐོང་ན། དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་སྒྲོག་གི་དམ་
ཚིག་གི་ཕྱག་རྒྱ་བཅིངས་ཏེ་ས་བརྐོས་ལ་ཇི་ལྟར་དགའ་བ་བཞིན་དུ་བླངས་ན་རྩོད་པ་མེད་པར་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྫུ་འཕྲུལ་གྱི་དངོས་གྲུབ་འགྲུབ་པ་ཡིན་ཏེ། ཕྱག་རྒྱ་གང་སྒྲུབ་པར་བྱེད་ན་བཛྲ་སིདྡྷི་ཞེས་བརྗོད་པར་བྱའོ། །
རྫུ་འཕྲུལ་གྱི་དངོས་གྲུབ་ནི་རྣམ་པ་བཞི་ཡོད་དེ། དེ་ནི་འདི་ལྟར་ཆུའི་སྟེང་ནས་ཕར་འགྲོ་ཞིང་འདུག་པ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་སྟོན་པ་དང་། ཇི་སྲིད་དུ་དགའ་བ་དེ་སྲིད་དུ་མི་སྣང་བར་འགྱུར་བ་དང་། ནམ་མཁའ་ལ་འགྲོ་བ་
དང་། དཔག་ཚད་སྟོང་གི་སྟེང་དུ་ལྡིང་བ་དང་། འོག་ཏུ་འགྲོ་ཞིང་འོང་བ་དང་། ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་དུ་ཅི་དགའ་བར་སོང་ལ་བསྐོར་ཏེ་སླར་འོང་བ་དང་། དཔག་ཚད་སྟོང་ཁོར་ཁོར་ཡུག་གི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པ་དང་། དངོས་པོ་ཐམས་
ཅད་མིག་གིས་མཐོང་ཞིང་རྣ་བས་ཐོས་པ་དང་། ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་ཁོར་ཡུག་ན་གནས་པའི་བུད་མེད་ཐམས་ཅད་ཅི་དགའ་བར་འཕང་དུ་བླངས་ཏེ་འདུག་པ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་ལ་སོགས་པའི་དབྱིག་ཐམས་ཅད་དང་། ནོར་ཐམས་ཅད་
ཕྲོགས་ནས་ཀྱང་སུས་ཀྱང་ཅུང་ཟད་ཀྱང་བརྒལ་མི་ནུས་ཏེ། བདག་གི་རྡོ་རྗེས་ཀྱང་མི་ཐུབ་པར་འགྱུར་ན། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། སྐྱེས་བུ་སྟོང་ཕྲག་བཅུ་བསྡམས་པའི་སྟོབས་དང་ལྡན་པ་དང་། རྟག་ཏུ་ནད་མེད་པ་དང་ལྡན་པ་དང་། རྟག་ཏུ་འདོད་པ་ཐམས་ཅད་ལོངས་
སྤྱོད་པ་དང་ལྡན་པ་དང་། རྟག་ཏུ་དར་ལ་བབ་ཅིང་ལྷའི་གཟུགས་དང་ལྡན་པ་དང་། རྡོ་རྗེ་སེམས་དཔའ་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ཞིང་རྡོ་རྗེའི་དངོས་གྲུབ་བླ་ན་མེད་པས་མཆོད་པ་བྱེད་ཅིང་ལོ་སྟོང་ཕྲག་བཅུ་བཞིའི་བར་འཚོ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དངོས་གྲུབ་ཀྱིས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེ་རིག་འཛིན་གྱི་དངོས་གྲུབ་འགྲུབ་པ་ཡིན་ཏེ། ཕྱག་རྒྱ་སྒྲུབ་པ་ན་རྡོ་རྗེ་རིག་འཛིན་ཅེས་བརྗོད་ལ་འགྲུབ་པ་དང་། རྡོ་རྗེ་རིག་འཛིན་གྱིས་འཁོར་ལོས་སྒྱུར་བར་འགྱུར་ཏེ། འདོད་པ་ཐམས་
ཅད་ལ་ལོངས་སྤྱོད་པ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐད་ཅིག་གིས་བསྐོར་ཏེ། སླར་འོང་ཞིང་བདེ་བ་ཐམས་ཅད་ལ་ཡོངས་སུ་སྤྱོད་པ་དང་། ལོ་བཅྭོ་བརྒྱད་པའི་ན་ཚོད་དང་ལྡན་པ་དང་། སྐྲ་འཁྱིལ་བ་དང་ལྡན་པ་དང་། རྡོ་རྗེ་ཆེན་པོའི་རིག་འཛིན་དུ་གྱུར་ནས་
དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་སེམས་དཔའ་ཐམས་ཅད་མཐོང་ཞིང་བསྐལ་པ་ཆེན་པོའི་བར་དུ་གནས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་འཛིན་གྱིས་གསུངས་སོ། །དེ་ལ་འདི་ནི་དངོས་གྲུབ་ཆེན་པོ་འགྲུབ་པ་ཡིན་ཏེ།
བདག་ཉིད་ཕྱག་རྒྱའི་སྙིང་པོ་དོན་དུ་བདག་ཉིད་ཀྱིས་ཕྱག་རྒྱ་བསྒྲུབས་ན་སེམས་དཔའི་གཟུགས་སུ་གྱུར་ནས་སྐད་ཅིག་གཅིག་གིས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཟུགས་སྣ་ཚོགས་ཀྱིས་བྱ་བ་སྣ་ཚོགས་བྱེད་པ་དང་། །དེ་བཞིན་གཤེགས་པ་རྡོ་རྗེ་སེམས་
དཔར་བཅས་པ་ཐམས་ཅད་མཐོང་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་དེ་བཞིན་གཤེགས་པའི་མཆོད་པས་ཡང་དག་པར་མཆོད་ནས་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་དོན་བྱས་ནས་སླར་འོངས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པའི་མཆོག་ཐམས་
ཅད་དང་ལྡན་པའི་འདོད་པ་ཐམས་ཅད་དང་། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ལ་སྤྱོད་ཅིང་རྡོ་རྗེ་སེམས་དཔའ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་ནས་ཚེའི་ཚད་མ་ལུས་ཤིང་ལུས་པ་མེད་པའི་བསྐལ་བ་ཆེན་པོའི་ཚད་དུ་འགྱུར་རོ་ཞེས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པའི་ཐབས་ཀྱི་དངོས་གྲུབ་ཆེན་པོས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་སྟེ། དེ་ཡང་འདི་ལྟར་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་དང་། དབང་ཐམས་ཅད་ཀྱི་དངོས་གྲུབ་དང་། བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་

གྲུབ་དང་། དངོས་གྲུབ་དམ་པ་རྣམས་སོ། །དེ་ལ་འདི་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཡིན་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་དབང་ཕྱུག་ཆེན་པོ་རྐང་པ་གཡོན་པས་མནན་ཏེ་བསྒྲུབ་པར་བྱའོ། །དེ་
ནས་གཟུགས་དེ་སྐད་འབྱིན་པ་དང་ཧཱུྃ་ཞེས་བྱ་བར་བརྗོད་པར་བྱའོ། །ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་འཁོར་དང་བཅས་པ་རྣམས་སྒྲུབ་པའི་མདུན་དུ་བཀའ་ཉན་ཅིང་དབང་དུ་འགྱུར་རོ། །ད་ཕྱིན་ཅད་འཇིག་
རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པར་འགྱུར་ཏེ། ནམ་མཁའ་ལ་འགྲོ་ཞིང་འཇིག་རྟེན་གསུམ་པོ་འཁོར་ལོ་ཐམས་ཅད་ཀུན་དུ་བསྐོར་ཏེ། སླར་འོངས་ནས་ལྷ་མ་རུངས་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ཧཱུྃ་ཞེས་བྱ་བས་འདུལ་བར་བྱེད་དོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་གཟུགས་དང་ལྡན་པས་འཇིག་རྟེན་གསུམ་པོ་ཐམས་ཅད་ལ་བཀའ་སྩོལ་ཅིང་རྡོ་རྗེ་སེམས་དཔར་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ནས་མཉེས་པར་བྱེད་ཅིང་ལོ་སྟོང་དུ་འཚོ་བར་བྱེད་པར་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་ཞེས་བྱེད་པས་གསུངས་
སོ། །དེ་ལ་འདི་ནི་དབང་ཐམས་ཅད་ཀྱི་དངོས་གྲུབ་སྟེ། ཕྱག་རྒྱ་བསྒྲུབ་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱས་དང་པོར་བདག་ཉིད་དབང་བསྐུར་ལ་བསྒྲུབ་པར་བྱ་སྟེ། དེ་ནས་གྲུབ་པ་དང་དབང་རྣམ་པ་བཞིར་འགྱུར་ཏེ། རྡོ་རྗེའི་
དབང་དང་། རིན་པོ་ཆེའི་དབང་དང་། ཆོས་ཀྱི་དབང་དང་། ལས་ཀྱི་དབང་རྣམས་སོ། །དེ་ལ་རྡོ་རྗེའི་དབང་ཐོབ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པར་འགྱུར་རོ། །རིན་པོ་ཆེའི་དབང་ཐོབ་ན་རིན་པོ་ཆེ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །ཆོས་ཀྱི་དབང་གིས་
ནི་ཆོས་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །ལས་ཀྱི་དབང་གིས་ནི་འཇིག་རྟེན་ལས་འདས་པའི་ལས་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གིས་གསུངས་སོ། །དེ་ལ་འདི་ནི་བདེ་བ་དང་ཡིད་བདེ་བ་ཐམས་

ཅད་ཀྱི་དངོས་གྲུབ་སྟེ། །དེ་ཡང་འདི་ལྟར་རྟག་ཏུ་གསང་བའི་མཆོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱིས་གསུངས་སོ། །དེ་ལ་འདི་ནི་དངོས་གྲུབ་དམ་པ་སྟེ། དེ་ཡང་ཇི་ལྟར་རྡོ་རྗེ་འཛིན་པ་དང་བདག་མཉམ་མོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་དག་ནི་པདྨའི་རིགས་ཀྱི་དངོས་གྲུབ་རྣམས་
ཏེ། དེ་ནི་འདི་ལྟར་མཉེས་པར་བྱ་བ་དང་། དབང་དུ་བྱ་བ་དང་། བསྲུང་བ་དང་། པདྨའི་དངོས་གྲུབ་རྣམས་སོ། །དེ་ལ་མཉེས་པར་བྱ་བའི་དངོས་གྲུབ་ནི་འདི་ཡིན་ཏེ། ཇི་ལྟར་པདྨ་འདོད་པ་བསྒོམས་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་སེམས་ཅན་ཐམས་ཅད་
མཉེས་པར་བྱེད་ནུས་པར་འགྱུར་རོ། །བདག་ཉིད་འཇིག་རྟེན་དབང་ཕྱུག་རྗེས་སུ་དྲན་པར་བྱས་ན་སེམས་ཅན་ཐམས་ཅད་དབང་དུ་བྱེད་ནུས་པར་འགྱུར་རོ། །བྱམས་པས་འགེངས་པའི་ཏིང་ངེ་འཛིན་གྱིས་འགྲོ་བ་ཐམས་ཅད་བསྲུང་བ་དང་། སྦ་བ་དང་། བསྐྱབ་ནུས་པར་འགྱུར་རོ། །
བདག་ཉིད་པདྨའི་ཏིང་ངེ་འཛིན་དུ་ཞུགས་ལ་པདྨ་ལག་པར་བླངས་ཏེ་བསྒྲུབས་ན་འཇིག་རྟེན་དབང་ཕྱུག་གི་གཟུགས་དང་ལྡན་པ་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་ཞིང་ལོ་སྟོང་ཕྲག་བཞིར་འཚོ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པདྨས་
གསུངས་སོ། །དེ་ལ་འདི་དག་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་རྣམས་ཏེ། དེ་ཡང་འདི་ལྟར་རིགས་ཐམས་ཅད་ཀྱི་དབང་གི་དངོས་གྲུབ་དང་། གཟི་བརྗིད་ཆེན་པོ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། རིན་པོ་ཆེའི་དངོས་གྲུབ་རྣམས་སོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་དབང་གི་དངོས་གྲུབ་ནི་འདི་ལྟ་སྟེ། ཉིད་ཀྱིས་དབང་དབུལ་བ་དང་། མར་མེ་དབུལ་བ་དང་། ཅི་ནུས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། རིན་པོ་ཆེ་བསྒྲུབ་པའི་དངོས་གྲུབ་འདི་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་

ན་རིང་པོ་མི་ཐོགས་པར་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཐུན་མོང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་རྟོག་པ་ཐམས་ཅད་
ཀྱི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་སེམས་དཔས་གསུངས་སོ། །དེ་ལ་དང་པོ་ཁོ་ནར་ནི་སྙིང་པོ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། འཇིག་རྟེན་འདུལ་བ་ཇི་ལྟ་བར། །དེ་འདྲ་བར་ནི་དངོས་གྲུབ་འདོད། །དེ་ཡི་
ཐབས་ནི་ཕྱག་རྒྱ་སྟེ། །དངོས་གྲུབ་ཆེན་པོ་ཀུན་སྦྱིན་ནོ། །དེ་ལ་འདི་ནི་ཕྱག་རྒྱའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། འཇིག་རྟེན་འདུལ་བ་ཆགས་བྲལ་མིན། །ཕྱག་རྒྱའི་དངོས་གྲུབ་ཆགས་ལས་སྐྱེས། །དེ་ཡི་ཐབས་ནི་བསྒོམ་པ་སྟེ། །དངོས་གྲུབ་ཀུན་གྱི་མཆོག་
ཏུ་འགྱུར། །དེ་ལ་འདི་ནི་སྔགས་ཀྱི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། བདེན་ལས་འཇིག་རྟེན་འདི་ཉམས་པས། །སྔགས་ཀྱི་དངོས་གྲུབ་ཐོབ་མི་འགྱུར། །སྤྲོས་པ་མེད་པའི་ཐབས་ཀྱིས་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །དེ་ལ་འདི་ནི་རིག་པ་ཐམས་ཅད་ཀྱི་དངོས་
གྲུབ་ཀྱི་རྒྱུད་དེ། མ་རིག་མུན་ཆགས་འདི་ལ་ནི། །རིག་པའི་དངོས་གྲུབ་ཡོད་མིན་ཏེ། །དེ་ཡི་ཐབས་ནི་རྒྱ་ཆེ་བ། །དངོས་གྲུབ་ཀུན་གྱི་མཆོག་ཐོབ་བོ། །རྟོག་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ནས་རྟོག་པ་ཐམས་ཅད་ཀྱི་ཡི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་
པར་བྱའོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །དེ་ལ་དང་པོ་ཁོ་ནར་ནི་སྙིང་པོ་ཐམས་ཅད་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། མཆོད་པ་རྣམ་བཞི་བྱས་ནས་ནི། །བསོད་ནམས་ཆེན་པོ་ཐོབ་འགྱུར་ཏེ། །བསོད་ནམས་མེད་ཀྱང་
སངས་རྒྱས་མཆོད། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ལ་འདི་ནི་ཕྱག་རྒྱའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། དམ་ཚིག་གསང་བ་བསྲུངས་ན་ནི། །བསོད་ནམས་ཆེན་པོ་ཐོབ་འགྱུར་ཏེ། །བསོད་ནམས་མེད་ཀྱང་མྱུར་བར་ནི། །དམ་ཚིག་བསྲུངས་ན་མྱུར་

དུ་འགྲུབ། །དེ་ལ་འདི་ནི་སྔགས་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་མཚན་ལ་སོགས་བརྗོད་ན། །བསོད་ནམས་ཆེན་པོ་ཐོབ་འགྱུར་ཏེ། །བསོད་ནམས་མེད་ཀྱང་མྱུར་བར་ནི། །ཆོས་སྦྱིན་པས་ནི་དངོས་གྲུབ་འཐོབ། །དེ་ལ་འདི་ནི་རིག་པའི་
བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། བསོད་ནམས་ནང་ན་སྦྱིན་པ་མཆོག །བྱིན་ན་བསོད་ནམས་ཐོབ་འགྱུར་ཏེ། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ན། །མྱུར་དུ་སངས་རྒྱས་ཉིད་དུ་འགྲུབ། །རྟོག་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ནས་རྟོག་པ་
ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །དེ་ལ་དང་པོ་ཁོ་ནར་སྙིང་པོ་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཡི་གེ་ཨ་ལ་འཇུག་བྱེད་ཅིང་། །ཡི་གེ་ཐམས་ཅད་རྣམ་བསྒོམས་ལ། །
རང་གི་ཁ་ནས་གཞན་ཞལ་དུ། །བསྒོམས་ན་བསོད་ནམས་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་པའི་དཔལ་གྱིས་གསུངས་སོ། །དེ་ལ་འདི་ནི་ཕྱག་རྒྱའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཤེས་རབ་ངེས་འབིགས་ཞེས་བྱ་བ། །
ཏིང་ངེ་འཛིན་ཅེས་གྲགས་པ་སྟེ། །དེས་ནི་ཕྱག་རྒྱ་མྱུར་འགྲུབ་པར། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཤེས་རབ་མཆོག་གིས་གསུངས་སོ། །དེ་ལ་འདི་ནི་སྔགས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཤེས་རབ་སྒྲ་ཡི་རྗེས་འབྲང་བ། །
ཏིང་འཛིན་ཚིག་ནི་རབ་སྤྲོས་པ། །དེ་བསྒོམས་ན་ནི་མྱུར་བ་ཡང་། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་བློས་གསུངས་སོ། །དེ་ལ་འདི་ནི་རིག་པའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རིག་དང་སྔགས་དང་ཁྱད་པར་དུ། །ཁྱད་པར་ཡོད་པ་མ་
ཡིན་ཏེ། །ཤེས་རབ་བསྒོམས་ན་མྱུར་བར་ནི། །ངེས་པར་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་གསུངས་སོ། །རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་

ནས་རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ལ་དང་པོ་ཁོ་ནར་སྙིང་པོ་ཐམས་ཅད་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། མཆོད་པ་ཐམས་ཅད་རབ་བྱས་ན། །དགེ་བ་ཡི་ནི་ཆོས་
རྣམས་ཀྱི། །ཚོགས་ནི་རྣམ་པར་འཕེལ་འགྱུར་ཏེ། །དེ་ནས་ཚོགས་ནི་འགྲུབ་པར་འགྱུར། །དེ་ལ་འདི་ནི་ཕྱག་རྒྱའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། འཁོར་ལོ་མང་པོར་ཞུགས་པ་དང་། །དཀྱིལ་འཁོར་མང་པོར་བྲིས་པའི་ཕྱིར། །ཚོགས་རྫོགས་པས་ན་ཕྱག་རྒྱ་རྣམས། །
དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །དེ་ལ་འདི་ནི་སྔགས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རྗེས་སུ་ཡི་རངས་ལ་སོགས་ཚུལ། །དེ་བཞིན་དམ་པའི་ཆོས་བཀླགས་དང་། །བཟླས་པ་མང་པོ་བྱས་ནས་ནི། །ངེས་པར་སྔགས་ཀྱི་དངོས་གྲུབ་འཐོབ། །དེ་ལ་འདི་ནི་རིག་
པའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། མ་རིག་རབ་ཏུ་སྤངས་པ་དང་། །སྦྱིན་པའི་ཕ་རོལ་ཕྱིན་ཚུལ་ཕྱིར། །ཚོགས་ནི་ཡོངས་སུ་རྫོགས་ནས་ཀྱང་། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་རྫོགས་སྟོ།། །།དེ་ནས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རིགས་ཐམས་ཅད་ཀྱི་མཚན་མ་བྱུང་བའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་ཇི་ལྟར་རྡོ་རྗེ་འབྱུང་ཞེ་ན། །དེ་ཉིད་བཅོམ་ལྡན་སེམས་དཔའ་སྟེ། །ཐམས་ཅད་སེམས་དེ་ཉིད་བདག་པོ། །སྐུ་དང་གསུང་དང་
ཐུགས་རྡོ་རྗེ། །སེམས་དཔའ་རང་བྱུང་བརྟན་པ་སྟེ། །སེམས་དཔའ་ཀུན་གྱི་མཆོག་སེམས་དཔའ། །རྡོ་རྗེ་སྙིང་གར་རབ་བསྒོམས་ན། །རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། །འདི་ལ་རྡོ་རྗེ་རབ་ཏུ་གནས། །དེ་ཉིད་སངས་རྒྱས་རྣམས་ཀྱི་ནི། །ཡེ་ཤེས་ཚུལ་ཏེ་མཉམ་པ་
མེད། །སྙིང་ལས་སྣ་ཚོགས་བྱུང་ནས་ནི། །སྣ་ཚོགས་པ་ཡི་གཟུགས་འགྱུར་ཏེ། །ཁམས་ཀུན་གྱི་ནི་རྡུལ་གྲངས་སུ། །དེ་དག་ཉིད་ནི་རྒྱལ་བ་ཡིན། །རྡོ་རྗེའི་སྐུ་ནི་དེ་དག་ལས། །རྡོ་རྗེ་སེམས་དཔར་ཡང་དག་འགྱུར། །སེམས་དཔའ་དང་པོ་ལས་དེ་ཉིད། །མཚན་མ་ཐམས་

ཅད་ཡང་དག་འབྱུང་། །མཚན་མ་ལས་ནི་སེམས་དཔའ་ཆེ། །དེ་ལས་ཚུལ་འདི་ཐམས་ཅད་འབྱུང་། །གང་གིས་འདི་ནི་ཐོས་འགྱུར་ལ། །དད་ཅིང་འཛིན་བྱེད་སྙིང་གར་ཡང་། །རྟག་ཏུ་དགའ་བས་བསྒོམས་ནས་ནི། །དེ་དག་མྱུར་དུ་དངོས་གྲུབ་ཐོབ། །ཅེས་བཅོམ་ལྡན་
འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་འདི་གསུངས་སོ། །དེ་ལ་
དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་འདི་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །རྟག་ཏུ་རྣམ་སྨིན་རྟོག་ལས་བྱུང་། །མི་རྟོག་པ་ཡི་ཡེ་ཤེས་ལས། །དེ་ཕྱིར་རྟག་པ་ཞེས་བརྗོད་དོ། །དེ་ལ་འདི་ནི་དེ་བཞིན་
གཤེགས་པའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། །མི་རྟོག་གང་ལ་རྟོག་ཉིད་དུ། །བརྟགས་པས་རྟོག་ལས་བྱུང་བ་ནི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་ཕྱིར་རྟོག་པ་ཞེས་བརྗོད་དོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། །
ཆོ་ག་བཞིན་དུ་རི་མོར་བྲིས། །རྟོག་པ་གྲུབ་སྦྱིན་ཞེས་བརྟགས་པ། །རྟོག་དང་བྲལ་བའི་བདག་ཉིད་ཀྱིས། །དེ་ཕྱིར་རྟོག་པ་ཞེས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། རྟོག་པ་ལས་ནི་འདོད་ཆགས་འབྱུང་། །པདྨ་ལ་ནི་དེ་
གནས་ཏེ། །དེ་ཕྱིར་རྟོག་ལ་གནས་པ་ནི། །གྲུབ་པ་ཉིད་དུ་དེ་འགྱུར་རོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། རྟོག་པ་མེད་པའི་ནོར་བུ་ནི། །མཐུ་ཡིས་ཤིན་ཏུ་མཆོག་ཏུ་འགྱུར། །དེ་ལྟར་རྣམ་པར་མི་རྟོག་པས། །ལྷ་རྫས་དངོས་གྲུབ་
འབྱུང་བར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རིགས་ཐམས་ཅད་ཀྱི་རྟོག་པ་འབྱུང་བའི་རྒྱུད་དོ། །དེ་ནས་རྟོག་པ་ཐམས་ཅད་ཀྱི་སྙིང་པོ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། ཡིད་ཀྱིས་འདོད་པའི་ཆོ་ག་ཡིས། །ཡིད་ཀྱིས་འདོད་པ་འགྲུབ་

འགྱུར་ཏེ། །ཏིང་འཛིན་བསྒྲུབ་པ་སྙིང་ལ་གནས། །དེ་ཕྱིར་སྙིང་པོ་ཞེས་བརྗོད་དོ། །དེ་ནས་རྟོག་པ་ཐམས་ཅད་ཀྱི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། ཇི་ལྟར་རྒྱལ་པོའི་ཕྱག་རྒྱ་མཆོག །ཁྲིམས་ནི་འདའ་ཀ་མི་ཕྱེད་བཞིན། །བདག་ཉིད་ཆེན་པོ་གཟུགས་
བརྙན་གྱིས། །མཚན་མ་ཕྱག་རྒྱ་ཞེས་པར་གྲགས། །དེ་ནས་རྟོག་པ་ཐམས་ཅད་ཀྱི་སྔགས་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། འདའ་བར་བྱ་བ་མ་ཡིན་ཞིང་། །དབྱེ་བར་དཀའ་ལ་གསང་བ་ཉིད། །གསང་བ་གྲུབ་ཕྱིར་བརྗོད་པས་ན། །དེ་ཡི་ཕྱིར་ནི་སྔགས་ཞེས་བརྗོད། །དེ་ནས་རིག་པ་
འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ། མ་རིག་པ་ནི་གཞོམ་པ་དང་། །ངག་གི་རིག་མཆོག་འགྲུབ་པའི་ཕྱིར། །རྟོགས་ཤིང་རིག་པ་དངོས་གྲུབ་སྟེ། །དེ་ཕྱིར་རྟོག་པ་ཞེས་བརྗོད་དོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །རྟོག་པ་ཐམས་ཅད་ཀྱི་སྙིང་པོ་ལ་སོགས་
པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དོ། །དེ་ནས་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུད་དེ། དེ་ལ་དང་པོ་ཁོ་ནར་སྙིང་པོའི་ཡེ་ཤེས་སྐྱེ་བའི་རྒྱུད་ཡིན་ཏེ། སྙིང་པོ་བཟླས་ཏེ་བདག་གམ་ནི། །གཞན་ཡང་རུང་སྟེ་བྱུང་བ་ན། །བྱུང་དང་འབྱུང་འགྱུར་གང་གིས་ནི། །མཐོང་ཞིང་ཐོས་
འགྱུར་ཤེས་པར་བྱ། །དེ་ལ་འདི་ནི་ཕྱག་རྒྱའི་ཡེ་ཤེས་འབྱུང་བའི་རྒྱུད་ཡིན་ཏེ། བདག་གི་ཆོ་ག་ཇི་བཞིན་དུ། །གང་ཡང་རུང་བའི་ཕྱག་རྒྱ་བཅིངས། །འཇིག་རྟེན་པ་ལ་བལྟས་ནས་ནི། །གོང་མ་བཞིན་དུ་ཀུན་ཤེས་འགྱུར། །དེ་ལ་འདི་ནི་སྔགས་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་
ཡིན་ཏེ། ལན་ཅིག་ཙམ་ཡང་སྔགས་བརྗོད་ན། །འདས་དང་འབྱུང་དང་བྱུང་གང་ཡིན། །རང་གི་ལྕེ་ལ་སྨྲ་འགྱུར་བ། །དེ་དག་ཐམས་ཅད་བདེན་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་རིག་པའི་
ཡེ་ཤེས་སྐྱེ་བའི་རྒྱུད་དེ། རིག་པ་ལན་ཅིག་བརྗོད་ན་ནི། །བྱུང་དང་འབྱུང་དང་འབྱུང་འགྱུར་རྣམས། །ཇི་ལྟར་རྡོ་རྗེའི་བཀའ་བཞིན་དུ། །ཡིད་ཀྱིས་དེ་ནི་ཤེས་པར་འགྱུར། །རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་སྐྱེ་བའི་ཆོ་ག་རྒྱས་པའི་རྒྱུད་རྫོགས་སྷོ།། །།དེ་ནས་རིགས་

ཐམས་ཅད་ཀྱི་ཐུན་མོང་གི་གསང་བའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་ཡིན་ནོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུའི་ཕྱག་རྒྱ་བསྒྲུབ་པ་ཡིན་ཏེ། ཇི་ལྟར་དེ་ལྟར་འདུག་ནས་ཀྱང་། །སྐྱིལ་མོ་ཀྲུང་བཅས་བསྒྲུབ་བྱ་སྟེ། །ཇི་ལྟར་རི་མོའི་ཚུལ་བྱས་
ནས། །སེམས་དཔའ་ཆེན་པོ་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་གསང་བའི་སྐུའི་ཕྱག་རྒྱ་སྒྲུབ་པ་ཡིན་ཏེ། ཇི་ལྟར་རི་མོའི་ཚུལ་དུ་ནི། །བརྒྱད་བསྒྲུབ་ཚུལ་དུ་རབ་ཏུ་གནས། །ཤིན་ཏུ་ཁྲོས་ནས་
བསྒྲུབ་བྱས་ན། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་ཞེས་བྱ་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་གསང་བའི་སྐུའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་ཡིན་ཏེ། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ། །ལག་གཉིས་རྡོ་རྗེ་བཅིངས་ནས་ཀྱང་། །
ཏིང་ངེ་འཛིན་གྱི་སྐུ་གྱུར་ལ། །པདྨ་འབྱུང་བ་བསྒྲུབ་པར་བྱ། །ཞེས་བཅོམ་ལྡན་འདས་པདྨའི་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་གསང་བའི་སྐུའི་ཕྱག་རྒྱ་བསྒྲུབ་པ་ཡིན་ཏེ། ཇི་ལྟར་འདུག་གམ་ཉལ་བའམ། །འཆག་ཀྱང་རུང་སྟེ་དེ་ལྟར་ནི། །རྡོ་རྗེ་
རིན་ཆེན་དབང་བསྐུར་ན། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། ལྕེ་རྩེ་ཤིན་ཏུ་མི་བསྒུལ་ཞིང་། །སོ་དང་མཆུ་གཉིས་སྦྱར་
ནས་ནི། །རྟོག་པ་ཐམས་ཅད་བསྒྲུབ་བྱ་ཞིང་། །སྒྲ་བྲལ་རྡོ་རྗེའི་ཚིག་ཡིན་ནོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་གསུང་གིས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། །ཧཱུྃ་ཞེས་བྱ་བ་འབྲུག་སྒྲར་བསྒྲགས། །ཁྲོ་བོའི་ངག་ནི་
ཟབ་ཅིང་བསྟན། །རྡོ་རྗེ་ཆེན་པོ་ཁྲོ་བོའི་གསལ། །རྡོ་རྗེ་ཁྲོ་བོའི་གསུང་འགྲུབ་བོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་ཞེས་བྱ་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། དབུགས་མི་འབྱིན་ལྟར་དབུགས་འབྱིན་ཅིང་། །

ཕྲ་བའི་ཚིག་ནི་ཤིན་ཏུ་གསལ། །ཏིང་འཛིན་ཡེ་ཤེས་སྙིང་པོ་ཡིས། །ཟློས་པ་པོ་རྣམས་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་གསང་བའི་གསུང་
གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། ཤིན་ཏུ་ཡོངས་སུ་གསལ་ཚིག་གིས། །རྟག་ཏུ་འདུད་ལ་བརྩོན་བྱེད་ཅིང་། །ཚུལ་འདི་བཟླས་པར་གྱུར་ན་ནི། །མྱུར་དུ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་དེ་
བཞིན་གཤེགས་པའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། རྟག་ཏུ་འདོད་པ་བཅོམ་ལྡན་འདས། །སེམས་ཅན་ཐམས་ཅད་བདེ་སྦྱིན་པས། །རྡོ་རྗེ་སེམས་དཔའ་བདག་ཉིད་དུ། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འདོད་པས་གསུངས་
སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། སེམས་ཅན་ཀུན་ལ་ཕན་པ་དང་། །མ་རུངས་པ་རྣམས་གདུལ་བ་དང་། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཁྲོ་བོ་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རྡོ་རྗེ་ཧཱུྃ་ཞེས་བྱ་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། ཇི་ལྟར་པདྨ་རབ་ཆགས་ལ། །བསྒོས་པའི་སྐྱོན་གྱིས་མི་གོས་པ། །དེ་ལྟར་བདག་གིས་ཆགས་སྐྱོན་ཡང་། །སྲིད་ན་ཆགས་པ་དེ་འགྲུབ་འགྱུར། །ཞེས་
བཅོམ་ལྡན་འདས་པདྨ་བཞད་པས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི། །དགོས་པའི་དོན་ནི་ཀུན་སྒྲུབ་ཅིང་། །རིན་ཆེན་ཆར་ནི་འབེབས་འགྱུར་ཞེས། །གྲུབ་ན་མྱུར་བར་དེ་འགྲུབ་བོ། །
ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། ཇི་ལྟར་ལངས་སམ་འདུག་པའམ། །འཆག་ཀྱང་རུང་སྟེ་དེ་ལྟར་ནི། །ལག་པ་གཡོན་པས་ཕྱག་རྒྱ་མཆོག །ཐམས་

ཅད་བྱེད་ན་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཕྱག་རྒྱ་རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་གསང་བའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། དེ་ལྟ་དེ་ལྟར་གནས་ནས་ཀྱང་། །ཇི་ལྟ་ཇི་ལྟར་བྱེད་ཀྱང་
རུང་། །རྡོ་རྗེ་ཁྲོ་བོ་མཛུབ་མོ་བཅིངས། །གོས་ཀྱིས་གཡོགས་ན་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་གསང་བའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། ལག་ནི་གཡོན་
པས་པདྨ་ཡི། །ཁུ་ཚུར་བཅིངས་ཏེ་སྦས་ནས་ནི། །ཇི་དགར་མྱུར་དུ་པདྨ་ཡི། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་གསང་བའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ།
གཡོན་པའི་རིན་ཆེན་ཁུ་ཚུར་ནི། །བཅིངས་ཏེ་དམ་པའི་ལག་གཡོགས་ལ། །ཅི་དགའ་བར་ནི་རིམ་གྲོར་བྱེད། །རིན་ཆེན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །དེ་ལ་འདི་ནི་རིགས་ཐམས་ཅད་ཀྱི་གསང་བའི་ཐུན་མོང་གི་
ཕྱག་རྒྱ་བསྒྲུབ་པའི་རྒྱུད་དེ། རང་གི་སེམས་དཔའི་ཏིང་འཛིན་གྱིས། །ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི། །རྡོ་རྗེ་དག་དང་རྡོ་རྗེའི་ལྟ། །རིང་པོར་མི་ཐོགས་མཆོག་འགྲུབ་བོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་གསུངས་སོ། །རིགས་
ཐམས་ཅད་ཀྱི་གསང་བའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་རྫོགས་སྟོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་བོས་ནས་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྟོག་པ་འདི་ནི་
བྱིན་གྱིས་བརླབ་པར་མཁྱེན་པར་མཛད་དུ་གསོལ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་ཡང་ལེགས་སོ་ཞེས་བྱ་བ་འདི་བྱིན་ནོ། །རྡོ་རྗེའི་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པའི། །མདོ་

འདི་ལེགས་པར་བཤད་པས་ན། །ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་རྒྱུད་ཐམས་ཅད་ཀྱི་ཕྱི་མའི་ཕྱི་
མའི་རྒྱུད་རྫོགས་སྷོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་བོ། །རྡོ་རྗེ་དབྱིངས་ཀྱི་སེམས་དཔའ་ཆེ། །སེམས་ཅན་དོན་མཆོག་བདག་ཉིད་ཅན། །
ཤཱཀྱའི་རྒྱལ་པོ་ཡེ་ཤེས་ཆེ། །རྡོ་རྗེ་བདག་ཉིད་ཁྱོད་ཕྱག་འཚལ། །སེམས་དཔའ་འབྱུང་བ་དེ་ཉིད་དོན། །སེམས་ཅན་རྒྱུ་སྟེ་ཚུལ་ཆེན་པོ། །སེམས་ཅན་དོན་ཆེན་དགོས་པའི་དོན། །སེམས་དཔའ་སེམས་དཔའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཆོས་ནི་ཆོས་ཆེན་པོ། །
ཆོས་ཀྱི་འཁོར་ལོ་རབ་སྐོར་བ། །སྨྲ་བ་ཆེན་པོ་རབ་རིག་མཆོག །སེམས་དཔའ་ཆེན་པོ་ཁྱོད་ཕྱག་འཚལ། །ལས་ཆེན་བསྲུང་བ་ཆེན་པོ་སྟེ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །བདག་ཉིད་ཆེན་པོ་འགྲོ་སྤྱོད་མཆོག །སེམས་དཔའ་རྒྱུ་ཁྱོད་ཕྱག་འཚལ་ལོ། །ཕ་
རོལ་ཕྱིན་པ་ཀུན་བརྙེས་པ། །ཀུན་མཁྱེན་ཡེ་ཤེས་མཁྱེན་པ་པོ། །སེམས་དཔའ་ཀུན་ཏེ་ཐབས་ཆེན་པོ། །ཤེས་རབ་ཆེན་པོ་ཁྱོད་ཕྱག་འཚལ། །ཐུགས་རྗེ་ཆེན་པོ་མཆོག་གི་མཆོག །ཐུགས་རྗེ་ཐུགས་རྗེའི་བདག་ཉིད་ཅན། །ཐམས་ཅད་གཏོང་བ་བྱམས་པ་ཆེ། །ཀུན་
མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་ཤཱཀྱ་ཆེ། །ཤཱཀྱ་ཤཱཀྱ་ཐུབ་པ་ཆེ། །འདུལ་བ་ཆེན་པོ་ཁྱབ་པ་པོ། །འགྲོ་དོན་འདུལ་མཆོག་ཁྱོད་ཕྱག་འཚལ། །ཆོས་ཀྱི་དབྱིངས་དང་མཉམ་བརྙེས་པ། །ཆོས་དབྱིངས་དེ་བཞིན་གཤེགས་པ་སྟེ། །རྡོ་རྗེ་མགོན་པོ་མགོན་
ཆེན་པོ། །སེམས་ཅན་ཚོགས་ནི་ཁྱོད་ཕྱག་འཚལ། །འོད་ཆེན་སྣང་བ་ཆེན་པོ་སྟེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །དཔའ་བོ་ཆེན་པོ་རབ་དཔའ་མཆོག །བདེ་སྤྱོད་དཔའ་བོ་ཁྱོད་ཕྱག་འཚལ། །ཚངས་པ་རང་འབྱུང་བཅོམ་ལྡན་འདས། །ཤཱཀྱ་དཔའ་བོ་ཐུབ་པ་

ཆེ། །ཀུན་བདག་ཐུབ་པ་དག་པ་ཡི། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ནམ་མཁའི་སྐུ་སྟེ་སྐུ་ཡི་མཆོག །སྐུ་གསུམ་སྐུ་མིན་སྒོམ་པ་པོ། །ཀུན་གྱི་སྐུ་སྟེ་སྐུ་ཆེ་བ། །རྡོ་རྗེའི་སྐུ་ཁྱོད་ཕྱག་འཚལ་ལོ། །གསུང་མིན་གསུང་སྟེ་གསུང་གི་མཆོག །གསུང་གསུམ་
གསུང་མིན་སྟོན་པ་པ་པོ། །གསུང་ཀུན་ཤིན་ཏུ་གསུང་ཆེ་བ། །རྡོ་རྗེའི་གསུང་ཁྱོད་ཕྱག་འཚལ་ལོ། །སེམས་མིན་སེམས་ཏེ་སེམས་ཀྱི་མཆོག །སེམས་གསུམ་སེམས་མིན་སྟོན་པ་པོ། །ཐམས་ཅད་སེམས་ཏེ་སེམས་ཆེ་བ། །རྡོ་རྗེ་སེམས་ཁྱོད་ཕྱག་འཚལ་ལོ། །རྡོར་མིན་
རྡོ་རྗེ་རྡོ་རྗེའི་མཆོག །རྡོ་རྗེ་གསུམ་པ་རྡོར་མིན་སྦྱོང་། །རྡོ་རྗེ་ཐམས་ཅད་རྡོ་རྗེ་ཆེ། །རྡོ་རྗེ་རྡོ་རྗེ་ཁྱོད་ཕྱག་འཚལ། །ཀུན་ཁྱབ་སྲིད་པའི་རྩེ་མོ་མཆོག །བདེ་གཤེགས་བདག་པོ་རྒྱལ་བ་ནི། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །
མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །གང་གིས་སྐད་ཅིག་ཉན་བྱེད་དམ། །ཀློག་གམ་ཡང་ན་སྒོམ་པའང་རུང་། །ཀུན་གྱིས་སངས་རྒྱས་ཉིད་ཐོབ་འགྱུར། །མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཀྱང་། །ཆོས་
ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་རྣམས་ཡང་གཅིག་ཏུ་འདུ་བར་མཛད་པར་གསོལ། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །རྟག་པར་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་
པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་འདི་གསུངས་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མདུན་དུ་རྡུལ་ཕྲ་མོ་ཐམས་ཅད་ཇི་སྙེད་པའི་དཀྱིལ་འཁོར་ཀུན་དུ་ཁྱབ་པར་བྱས་ནས། བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་འདི་གསུངས་སོ། །རྟག་པར་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །
ཇི་ལྟར་འདུལ་བའི་སྣ་ཚོགས་པའི། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་འདི་གསུངས་མ་ཐག་ཏུ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་མོ་ཐམས་ཅད་ཇི་སྙེད་པའི་དཀྱིལ་འཁོར་རྣམས་སུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཀྱིས་རྡོ་རྗེ་དབྱིངས་
ལ་སོགས་པའི་རྡོ་རྗེའི་འཁོར་ལོ་ཐམས་ཅད་རབ་ཏུ་བསྐོར་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་དེའི་ཚེ་ཚིགས་སུ་བཅད་པ་འདི་གསུངས་སོ། །རྟག་པར་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་
སྣ་ཚོགས་པའི། །ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་འདི་གསུངས་མ་ཐག་ཏུ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་ཐམས་ཅད་ཇི་སྙེད་པའི་དཀྱིལ་འཁོར་རྣམས་སུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་ཚིགས་སུ་བཅད་པ་འདི་གསུངས་སོ། །རྟག་པར་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བར་སྣ་
ཚོགས་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་འདི་གསུངས་མ་ཐག་ཏུ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་ཇི་སྙེད་པའི་དཀྱིལ་འཁོར་རྣམས་སུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་པོས་པདྨའི་འཁོར་ལོ་རབ་ཏུ་བསྐོར་བར་
གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོས་ཚིགས་སུ་བཅད་པ་འདི་གསུངས་སོ། །རྟག་པར་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བར་སྣ་ཚོགས་པའི། །ནོར་བུའི་འཁོར་ལོ་རབ་ཏུ་

བསྐོར། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཕྲ་བའམ། སྦོམ་པ་ཡང་རུང་། དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་རི་རབ་རིའི་རྒྱལ་པོ་རྩེ་མོ་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་
པར་དེ་བཞིན་གཤེགས་པ་ཐམས་ཅད་གདན་ལ་བཞུགས་ནས། རྡོ་རྗེ་དབྱིངས་ལ་སོགས་པའི་འཁོར་ལོ་ཐམས་ཅད་རབ་ཏུ་བསྐོར་བར་ཕྱོགས་ཀུན་ནས་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེའི་ཚེ་ཚིགས་སུ་བཅད་པ་འདི་གསུངས་སོ། །མི་ཡི་ནང་དུ་
བབས་ནས་ཀྱང་། །དགོས་ཕྱིར་སེམས་ཅན་ཀུན་གྱི་དོན། །རྡོ་རྗེའི་འཁོར་ལོ་མཆོག་བསྐོར་ཞིང་། །མགོན་པོ་རབ་ཏུ་བསྒྲུབ་པར་མཛོད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ལ་བོས་ནས་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་