Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ

Văn bản gốc(Tây Tạng)

Trang 8 / 18 (50.000 ký tự/trang)
ས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཆོས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཆོས་ཀྱི་ཕྱག་རྒྱ་རྗོད་བྱེད་ཅིང་། །རྡོ་རྗེ་ཆོས་ནི་ཆོས་རྣམས་ཀྱི། །ཆོས་ཉིད་དུ་ནི་འདིས་བསྒྲུབས་པའོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ལས་ཀྱི་ཕྱག་རྒྱའི་ཚུལ་
གྱིས་ནི། །ལས་ཀྱི་རྡོ་རྗེ་སྙིང་གར་གཞག །ཆོས་ཉིད་འདི་དག་བསྒོམས་ན་ནི། །ལས་ཀྱི་ཆོས་ཉིད་ཐོབ་པར་འགྱུར། །རིགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་རིགས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཟླ་བའི་རྡོ་རྗེ་ཚུལ་གྱིས་ནི། །ཇི་ལྟར་དེ་གཉིས་ཁ་དོག་ཤེས། །དེ་ལྟར་འཇིག་རྟེན་དེ་ཤེས་
ཏེ། །དག་ལ་དག་དང་དཀར་འོད་གསལ། །ཆགས་ལ་དམར་དང་དམར་སེར་འཕྲོ། །ཤེས་ནས་ཁ་དོག་ཇི་བཞིན་པའི། །དེ་ཡི་བདག་ཉིད་ཉིད་དུ་འགྱུར། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཟླ་བའི་དཀྱིལ་འཁོར་འོད་བཅས་པའི། །ཕྱག་རྒྱ་ཆེན་

པོ་བཅིངས་ནས་ནི། །རང་གི་ལུས་ལ་ཇི་ལྟར་ཤེས། །དེ་ལྟར་འགྲོ་བའི་ཡིད་ཤེས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །འཕྲོས་པར་གྱུར་ནས་དཀྱིལ་འཁོར་ནི། །ཇི་ལྟ་བུར་ཡང་མཐོང་
འགྱུར་བ། །དེ་ལྟ་བུར་ནི་ཡིད་ཤེས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ནམ་མཁའ་འམ་ས་ཕྱོགས་ཕྲ་མོའམ། །ཡི་གེ་ཕྲེང་བ་མཐོང་གྱུར་ན། །མདོར་ན་ཁ་དོག་ཅི་འདྲ་བར། །ཤེས་པ་དེ་འདྲར་དེས་སེམས་ཤེས། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་
ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། འཇིག་རྟེན་ཀུན་ལ་བལྟས་ནས་ཀྱང་། །ཇི་ལྟ་བུར་ནི་སྣང་གྱུར་ཅིང་། །མཐོང་བར་གྱུར་ན་དེ་འདྲ་བར། །འགྲོ་བའི་སེམས་ནི་ཤེས་པར་བྱ། །དེ་གཉིས་སྙོམས་པར་ཞུགས་ནས་ནི། །འགྲོ་བ་དང་ནི་འོང་བ་དང་། །བྱེད་པ་དང་ནི་འཆགས་པའང་རུང་། །
ཇི་ལྟར་མཐོང་བ་དེ་ལྟར་རྟོགས། །སྙོམས་པར་ཞུགས་ནས་བསམས་ན་ནི། །སེམས་ཅན་གང་དང་གང་ཡིན་པའི། །དེ་དང་དེ་ནི་དེ་བཞིན་དུ། །སེམས་ཅན་ཐམས་ཅད་རྟོགས་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་
རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་དེ། སེམས་དཔའ་བྱིན་གྱིས་བརླབས་ཚུལ་གྱིས། །
སངས་རྒྱས་གཟུགས་སུ་བདག་བསྒོམས་ན། །ཡེ་ཤེས་ཀྱི་ནི་ཚུལ་དེ་ཡིས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་དེ། ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །དཀྱིལ་འཁོར་འདི་ནི་སེར་སྐྱ་མཐོང་། །
སེམས་དཔའ་ཉིད་ནི་ཕྱག་རྒྱ་ཉིད། །མངོན་སུམ་དུ་ནི་མཐོང་འགྱུར་ནའོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་དོ། །དེ་ལྟ་བུའི་དབྱིབས་གྱུར་པ་ཡི། །དབུས་ན་སྔོ་བསངས་སྣང་ན་ནི། །རྡོ་རྗེ་རིགས་མཆོག་དངོས་གྲུབ་འཐོབ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དངོས་གྲུབ་

ཀྱི་ཡེ་ཤེས་ཀྱི་རྒྱུད་དེ། དེ་ཉིད་ལ་ནི་མཁའ་འདྲ་བའི། །པདྨ་སྔོན་པོ་ལྟ་བུར་མཐོང་། །པདྨ་ཆེན་པོའི་རིགས་རིག་པའི། །དངོས་གྲུབ་དེ་ནི་ལེགས་པར་འགྱུར། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །དེ་ཉིད་
མཁའ་བཞིན་དྲི་མེད་ལས། །འོད་ཟེར་དཀྱིལ་འཁོར་འཕྲོ་བར་ནི། །མཐོང་ན་དངོས་གྲུབ་མྱུར་དུ་འཐོབ། །རྡོ་རྗེ་སེམས་སོགས་སེམས་དཔའི་རྣམས། །ཟླ་བའི་དཀྱིལ་འཁོར་འོད་བཅས་པར། །དངོས་གྲུབ་དུས་སུ་རང་བཞིན་དུ། །བདག་ཉིད་ཀྱི་ནི་མདུན་མཐོང་ནའོ། །རིགས་ཐམས་
ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་
རྣམས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ལུས་ཀུན་དེ་བཞིན་གཤེགས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་བསྒོམས་ལ། །དེ་བཞིན་ལུས་ལས་བྱུང་མཐོང་ནའོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་
རིགས་ཀྱི་མངོན་པར་ཤེས་པ་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །རབ་མཉམ་བཞག་པས་བཅིངས་ན་ནི། །སྒྲུབ་པས་ཆོ་ག་འདི་ཡིས་ནི། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །དེ་ལ་འདི་ནི་འཕྲུལ་གྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཡིན་ནོ། །ཕྱག་རྒྱ་ཆེན་
པོར་ཞུགས་ནས་ནི། །མིག་གི་རྣམ་ཤེས་བསྐྱེད་ནས་ཀྱང་། །གང་ཡང་རུང་བ་དེས་བསམས་ན། །ཤིན་ཏུ་རིང་བའང་མཐོང་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །ཕྱག་རྒྱ་ཆེན་པོར་ཞུགས་ནས་ནི། །རྣ་བའི་རྣམ་ཤེས་བསྐྱེད་ནས་ཀྱང་། །དེ་ནི་དགོས་པ་གང་
བསམས་ཀྱང་། །ཤིན་ཏུ་རིང་ན་གནས་ཐོབ་ཞེས། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །ཕྱག་རྒྱ་ཆེན་པོར་ཞུགས་ནས་ནི། །ཡིད་ཀྱི་རྣམ་ཤེས་བསྐྱེད་ནས་ཀྱང་། །སེམས་ཅན་གང་ལ་དེས་བརྟགས་ན། །དེ་ཡི་སེམས་ནི་དེས་ཤེས་འགྱུར། །ཕྱག་རྒྱ་ཆེན་པོར་ཞུགས་

ནས་ནི། །བདག་གམ་སེམས་ཅན་གང་ཡང་རུང་། །ཡིད་ཀྱིས་བལྟས་ནས་གར་སྐྱེས་པ། །གཟུགས་ནི་དེ་ཡིས་ཤེས་པར་འགྱུར། །ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ནས་རྫུ་འཕྲུལ་གྱི་ཆོ་ག་ཤེས་པའི་དངོས་གྲུབ་ནི་འདི་ཡིན་ནོ། །ཕྱག་རྒྱ་
ཆེན་པོ་བཅིངས་ནས་ཀྱང་། །རྫུ་འཕྲུལ་གང་དང་གང་འདོད་པ། །དེ་ནས་གང་ཡང་རུང་བར་ནི། །ཏིང་འཛིན་གྱིས་ནི་མཐོང་བར་འགྱུར། །ཞེས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཆེན་པོས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་དོ། །ཁམས་
གསུམ་རྣམ་རྒྱལ་མཆོག་ཏུ་ནི། །རབ་མཉམ་བཞག་པས་བཅིངས་ནས་ཀྱང་། །ཆོ་ག་འདིས་ནི་སྒྲུབ་པ་པོས། །མངོན་པར་ཤེས་པ་ལྔ་འཐོབ་བོ། །ཁྲོས་ནས་དགོས་པ་ཐམས་ཅད་ནི། །ལྟག་འོག་རིམ་པ་ཇི་བཞིན་བྱ། །རྫུ་འཕྲུལ་མིག་ལ་སོགས་ཚུལ་གྱིས། །མངོན་ཤེས་ཀུན་བདག་
ཉིད་དུ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་དོ། །འགྲོ་བོ་འདུལ་བའི་ཕྱག་རྒྱའི་མཆོག །རབ་མཉམ་བཞག་པས་བཅིངས་ན་ནི། །ཆོ་ག་འདིས་ནི་སྒྲུབ་པ་པོས། །མངོན་པར་ཤེས་
པ་ལྔ་འཐོབ་བོ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཆོ་ག་བཞིན་དུ་འདོད་པས་ཆགས། །འཕྲུལ་གྱི་མིག་ལ་སོགས་ཚུལ་གྱིས། །མངོན་ཤེས་ཐམས་ཅད་ཐོབ་འགྱུར་ཞེས། །བཅོམ་ལྡན་འཇིག་རྟེན་དབང་པོས་གསུངས། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་མངོན་པར་ཤེས་པའི་
དངོས་གྲུབ་ཀྱི་རྒྱུད་དོ། །དོན་ཀུན་གྲུབ་པའི་ཕྱག་རྒྱ་ནི། །རབ་མཉམ་བཞག་པས་བཅིངས་ན་ནི། །ཆོ་ག་འདིས་ནི་སྒྲུབ་པ་པོས། །མངོན་པར་ཤེས་པ་ལྔ་འཐོབ་བོ། །ལྟག་འོག་རིམ་པ་ཇི་བཞིན་དུ། །འཕྲུལ་གྱི་མིག་ལ་སོགས་ཚུལ་གྱིས། །སངས་རྒྱས་རྣམས་ལ་མཆོད་བྱས་
ལ། །མངོན་ཤེས་ལྔ་ནི་དེས་འཐོབ་བོ། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །བདེན་པའི་རྗེས་སུ་འཇུག་པ་ཡི། །ཚིག་གིས་མནའ་ནི་འདོར་བྱེད་ཅིང་། །བདེན་པ་ཆེན་པོ་བསྲུངས་ན་ནི། །མྱུར་
དུ་སངས་རྒྱས་ཉིད་ཐོབ་བོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་བཞིན་གཤེགས་པའི་རིགས་འབྱུང་བའི། །དམ་ཚིག་ལ་ནི་མནའ་བོར་ལ། །རྡོ་རྗེའི་བདེན་པ་བསྲུངས་
ན་ནི། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་དོ། །ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །ཤིན་ཏུ་འདི་ལས་འདའ་བར་དཀའ། །རྡོ་རྗེ་འཛིན་ལ་མནའ་འདོར་ཅིང་། །བདེན་པ་
འདི་ལ་བསྲུང་བར་བྱ། །ཞེས་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་དོ། །ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །པདྨ་ཆེན་པོའི་རིགས་མཆོག་གི། །པདྨ་ཆོས་ལ་མནའ་འདོར་ཞིང་། །བདེན་པའི་དམ་ཚིག་བསྲུང་
བར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་དོ། །འདི་ལས་ཤིན་ཏུ་འདའ་དཀའ་བར། །སངས་རྒྱས་ཆོས་ལ་མནའ་འདོར་ཞིང་། །བདེན་པ་མཆོག་འདི་གསུངས་ན་ནི། །དབང་བསྐུར་བ་ནི་ཐོབ་པར་འགྱུར། །
ཞེས་བཅོམ་ལྡན་འདས་སངས་རྒྱས་མཆོད་པས་གསུངས་སོ། །རིགས་ཐམས་ཅད་ཀྱི་མནའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་
སོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ས་མ་ཡ་སྟཱཾ་ཞེས་བརྗོད་ནས། །དེ་ཡི་འོག་ཏུ་མ་བསྒྲུབས་པས། །རིགས་ཀུན་གྱི་ནི་ཕྱག་རྒྱ་རྣམས། །ཉིད་ཀྱིས་བཅིངས་ནས་དམ་ཚིག་འགྱུར། །ཞེས་བཅོམ་ལྡན་འདས་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་

ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །སུར་ཏ་སྟྭཾ་ཞེས་བརྗོད་ན། །དེ་ཉིད་བསྐུལ་བའི་བདག་ཉིད་ཆེ། །མ་བསྒྲུབས་པར་ཡང་ཕྱག་རྒྱ་ཀུན། །ཉིད་ཀྱིས་བཅིངས་ན་འགྲུབ་པར་འགྱུར། །ཞེས་བཅོམ་
ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱིས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཧཱུྃ་ཞེས་བྱ་བ་གཅིག་ཙམ་གྱིས། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །བདག་གམ་ཡང་ན་གཞན་ཡང་རུང་། །ཉིད་བཅིངས་འཆིང་དུ་བཅུག་ཀྱང་རུང་། །དེ་ལ་འདི་
ནི་པདྨའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །སརྦ་ཤུད་དྷཱ་ཞེས་བརྗོད་ན། །བདག་གམ་ཡང་ན་གཞན་དག་གིས། །བུད་མེད་ཆགས་ལ་སོགས་ལྡན་ན། །ཐམས་ཅད་དུ་ནི་གྲོལ་མི་འགྱུར། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་
རྒྱུད་དོ། །ཨོཾ་ཞེས་བྱ་བས་མདོར་བསྡུས་ན། །ཕྱག་རྒྱ་ཐམས་ཅད་འགྲུབ་འགྱུར་ཏེ། །འཇིག་རྟེན་ཀུན་གྱི་མཆོག་ཉིད་ཀྱི། །རང་འབྱུང་ཉིད་ལ་མཆོད་པར་འགྱུར། །རིགས་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྒྱུད་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དྲན་བྱེད་ཅིང་། །སངས་རྒྱས་ཕྱག་རྒྱ་བཅིངས་ནས་ནི། །སངས་
རྒྱས་བྱང་ཆུབ་བརྟན་པར་ཡང་། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །བཅིངས་ནས་དེ་ཡི་མདུན་དུ་ཡང་། །རྡོ་རྗེ་སེམས་དཔའ་བསྒོམས་ན་ནི། །ཤིན་ཏུ་མྱུར་བར་དངོས་
གྲུབ་འགྱུར། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །དམ་ཚིག་གི་ནི་མཆོག་བཅིངས་ན། །རྡོ་རྗེ་སེམས་དཔའ་བསྒོམས་ན་ནི། །ཉི་རིམ་དུ་ནི་དངོས་གྲུབ་འགྱུར། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །འཇིག་རྟེན་དབང་

པོའི་ཏིང་འཛིན་གྱིས། །ཆོས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང་། །འཇིག་རྟེན་མགོན་པོ་བསྒོམས་ན་ནི། །ཉི་རིམ་དུ་ནི་དངོས་གྲུབ་ཐོབ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །རྡོ་རྗེ་སྙིང་པོ་བསྒོམས་
ན་ནི། །ཉི་རིམ་དུ་ནི་དངོས་གྲུབ་ཐོབ། །རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྒྲུབ་པའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་
པའི་རིགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་རྒྱུད་དོ། །ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི། །བདག་ཉིད་དང་ནི་མདུན་དུ་ཡང་། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །དེ་ནས་དེ་མ་ཐག་ཏུ་འགྲུབ། །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་
འདི་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་རྒྱུད་དོ། །རྡོ་རྗེ་བཟླས་པའི་ཚུལ་གྱིས་ནི། །འདོད་པ་བདག་ཅེས་བསྒོམས་ནས་ཀྱང་། །ཕྱག་རྒྱ་ཐམས་ཅད་བསྒྲུབས་ན་ནི། །གྲུབ་པའི་མཆོག་ནི་ཀུན་བསྒྲུབས་པའོ། །ཞེས་བཅོམ་ལྡན་འདས་
རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་རྒྱུད་དོ། །བདག་ཉིད་ཉིད་ཀྱིས་རྡོ་རྗེ་དབྱིབས། །རབ་མཉམ་བཞག་པས་སྒོམ་བྱེད་ཅིང་། །ཕྱག་རྒྱ་ཐམས་ཅད་བཅིངས་ན་ནི། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཡེ་ཤེས་ཀུན་འབྱུང་དངོས་གྲུབ་ཀྱི། །པདྨ་ཆེན་པོའི་རིགས་ལ་གནས། །བདག་ཉིད་ཀྱིས་ནི་བདག་ཉིད་ཉིད། །པདྨའི་དབྱིབས་སུ་བསྒོམ་པར་བྱ། །ཞེས་བཅོམ་ལྡན་འདས་
ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པའི་རྒྱུད་དོ། །ནོར་བུ་རིན་ཆེན་འོད་ཟེར་འབར། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། །ནོར་བུ་ཆེན་པོའི་རིགས་མཆོད་ན། །ཀུན་ལས་འབྱུང་བའི་དངོས་གྲུབ་འཐོབ། །

ཅེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་ཕྱག་རྒྱའི་དངོས་གྲུབ་
ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་དབྱིངས་དབང་ཕྱག་རྒྱ་ནི། །རབ་མཉམ་བཞག་པས་བཅིངས་ནས་ཀྱང་། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བཞག་ནས་སངས་རྒྱས་བྱིན་རློབ་བོ། །ཞེས་སངས་རྒྱས་བཅོམ་
ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བྱིན་གྱིས་བརླབས་ཀྱི་རྒྱུད་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སེམས་དཔའི་རྡོ་རྗེ་དམ་བྱས་ལ། །སྙིང་ག་མཛོད་སྤུ་མགྲིན་པ་དང་། །སྤྱི་བོར་བཞག་ན་བྱིན་གྱིས་རློབ། །ཅེས་བཅོམ་ལྡན་འདས་
རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་བྱིན་གྱིས་བརླབ་པའི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ནི། །རབ་མཉམ་བཞག་པས་བཅིངས་ནས་ཀྱང་། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བཞག་ན་ཉིད་དུ་བྱིན་གྱིས་རློབ། །ཅེས་བཅོམ་ལྡན་འདས་རྡོ་རྗེ་གཙོ་
བོས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་བྱིན་གྱིས་བརླབ་པའི་དངོས་གྲུབ་ཀྱི་རྒྱུད་དེ། འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །རྡོ་རྗེ་པདྨ་དམ་བྱས་ལ། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བྱིན་གྱིས་བརླབ་ཕྱིར་གཞག་པར་བྱ། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་
དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་བྱིན་གྱིས་བརླབས་ཀྱི་རྒྱུད་དོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བྱིན་གྱིས་བརླབ་ཕྱིར་གཞག་པར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ། །
རིགས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་དབང་བསྐུར་

བའི་དངོས་གྲུབ་ཀྱི་རྒྱུད་དོ། །རིན་ཆེན་རྡོ་རྗེ་བཅིངས་ནས་ནི། །དཔྲལ་བར་རབ་ཏུ་གཞག་བྱས་ན། །རྒྱལ་བ་རྡོ་རྗེ་རིན་ཆེན་གྱིས། །དབང་བསྐུར་བར་ནི་དེ་འགྱུར་རོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་བསྐུར་
བའི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་དབྱིངས་དབང་ལ་སོགས་པ། །སངས་རྒྱས་ཕྱག་རྒྱ་མདུན་ནས་ནི། །བརྩམ་པ་བྱས་ནས་ངོས་བཞིར་ཡང་། །ཕྲེང་བ་ཉིད་ཀྱིས་དབང་བསྐུར་འགྱུར། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བའི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་དབང་གི་ཕྲེང་བ་ནི། །
བཅིངས་ནས་དཔྲལ་བར་བཞག་ན་ཡང་། །ཕྲེང་བའི་དབང་ནི་དེ་ཡིན་ཏེ། །རྡོ་རྗེ་རྣམས་ནི་དེ་དབང་འགྱུར། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དབང་བསྐུར་བའི་དངོས་གྲུབ་ཀྱི་རྒྱུད་དེ། ཆོས་ཀྱི་རྡོ་རྗེ་བཅིངས་ནས་ཀྱང་། །མགོ་བོར་བཞག་སྟེ་དེ་དབང་བསྐུར། །སངས་རྒྱས་ཀྱིས་ནི་འཇིག་
རྟེན་གྱི། །དབང་ཕྱུག་གིས་ནི་དབང་བསྐུར་རོ། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་དབང་བསྐུར་བའི་རྒྱུད་དེ། རྡོ་རྗེ་རིན་ཆེན་མྱུ་གུ་བཅིངས། །དཔྲལ་བར་བཞག་སྟེ་དེས་དབང་བསྐུར། །སངས་རྒྱས་ཀྱིས་ནི་མཆོད་པ་
ཡི། །དབང་ཕྱུག་ཏུ་ནི་དབང་བསྐུར་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་དབང་བསྐུར་བའི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་
ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དེ། རྒྱལ་བ་ཀུན་གྱི་རྣམ་པར་ནི། །ཕྱག་རྒྱ་མཉམ་པར་བཞག་པར་བཅིངས། །ཟློས་ཤིང་སྔགས་ཀྱི་རིག་པ་ནི། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སངས་
རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དེ། སེམས་དཔའི་བྱིན་བརླབས་ཚུལ་གྱིས་ནི། །ཏིང་འཛིན་རྡོ་རྗེ་ཆོས་ཀྱིས་ཀྱང་། །སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཟློས་པས་མྱུར་དུ་འགྲུབ་པར་

འགྱུར། །ཞེས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དོ། །འདོད་ཆགས་ལས་ནི་ཁྱོད་ཕྱུང་སྟེ། །བདག་ནི་ཁྲོ་བོ་ཡིན་བསྒོམས་ནས། །སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །
མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དེ། འཇིག་རྟེན་དབང་པོ་རིག་ཟློས་པས། །བྱམས་པས་འགེངས་པའི་ཚུལ་གྱིས་ནི། །སྙིང་པོ་ལ་སོགས་བསྒྲུབས་ན་ཡང་། །དངོས་གྲུབ་
མྱུར་དུ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དེ། ནམ་མཁའ་ཀུན་གྱི་ཏིང་འཛིན་ནི། །རབ་མཉམ་བཞག་པར་བསྒོམས་ན་ཡང་། །སྙིང་པོ་ཕྱག་རྒྱ་སྔགས་རིག་
རྣམས། །བསྒྲུབས་ན་ཀུན་དུ་འགྲོ་བར་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཕྱག་
རྒྱའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དེ། རབ་མཉམ་བཞག་པས་དང་པོར་ནི། །བདུག་པ་ལ་སོགས་མཆོད་བྱས་ལ། །དེ་ནས་དངོས་གྲུབ་འདོད་པ་ཡིས། །བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར། །
ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དེ། གསང་བའི་མཆོད་པ་རྣམ་བཞི་ཡིས། །གསང་བའི་མཆོད་པ་རྗོད་བྱེད་ཅིང་། །བདག་དབུལ་བ་ལ་སོགས་པ་ཡི། །མཆོད་པ་བྱས་ན་འགྲུབ་
པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དེ། ཁྲོ་བོ་རྡོ་རྗེ་མཆོད་ཆེན་པོ། །ཁྲོ་བོ་གསང་བ་རྗོད་བྱེད་ཅིང་། །ཁྲོ་བོའི་ཁུ་ཚུར་རབ་སྦྱར་ན། །མྱུར་དུ་བདག་གི་རིགས་འགྲུབ་བོ། །ཞེས་བཅོམ་ལྡན་

འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དེ། མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི། །ཚུལ་རྣམས་ལེགས་པར་བརྗོད་ནས་ཀྱང་། །ཡིད་དང་ངག་གིས་ཕུལ་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་
སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དོ། །གདུགས་དང་འཕན་དང་རྒྱལ་མཚན་གྱིས། །རྒྱལ་པོའི་མཆོད་པས་མཆོད་བྱེད་ཅིང་། །སྦྱིན་པ་ཐམས་ཅད་བྱིན་ན་ནི། །ནོར་བུའི་རིགས་ནི་ཐོབ་པར་འགྱུར། །ཞེས་
བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ། །ཉིད་ལ་བྱིན་གྱིས་བརླབས་སོགས་ལྡན། །རྡོ་རྗེ་སེམས་དང་འདྲ་བར་འགྱུར། །ཆོ་འཕྲུལ་རྣམ་པ་བཞི་ཡིས་ནི། །རྡོ་རྗེ་སྣ་ཚོགས་ཏིང་འཛིན་གྱིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་
གསུངས་སོ། །རིགས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་རྣམས་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་
ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ཡིན་ནོ། །ལུས་ལ་སངས་རྒྱས་ཏིང་འཛིན་ནི། །འདི་ནི་བདེ་གཤེགས་ཉིད་མངོན་ཤེས། །དེ་ནི་རབ་ཏུ་རྟོགས་ནས་ནི། །སངས་རྒྱས་པ་ཡི་དངོས་གྲུབ་འཐོབ། །
ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །འཕྲུལ་གྱི་མིག་སོགས་མངོན་ཤེས་ནི། །རབ་མཉམ་བཞག་པས་བསྒོམས་ནས་ཀྱང་། །མངོན་ཤེས་ལྔ་ནི་བདག་གྱུར་ན། །
དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཁྲོ་བོ་མངོན་ཤེས་བསྐྱེད་ནས་ནི། །རབ་མཉམ་བཞག་པས་བསྒོམས་ན་ཡང་། །མངོན་ཤེས་ལྔ་ནི་བདག་

གྱུར་ནས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། འདོད་ཆགས་མངོན་ཤེས་བསྐྱེད་ནས་ཀྱང་། །རབ་མཉམ་བཞག་པས་བསྒོམས་
ན་ནི། །མངོན་ཤེས་ལྔ་ནི་བདག་འགྱུར་ནས། །དག་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སྤྱན་གྱིས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། །མཆོད་པའི་མངོན་ཤེས་བསྐྱེད་ནས་ཀྱང་། །རབ་མཉམ་
བཞག་པས་བསྒོམས་ན་ནི། །མངོན་ཤེས་ལྔ་ཡང་བདག་གྱུར་ནས། །དངོས་གྲུབ་ཀུན་གྱི་མཆོག་ཏུ་གྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །རིགས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་
པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །བདག་གིས་སངས་རྒྱས་དྲན་
བྱེད་ཅིང་། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་
གནས། །ཕྱག་རྒྱ་ཆེན་པོར་སྒོམ་བྱེད་ཅིང་། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཁྲོ་
བོའི་རྒྱལ་པོའི་ཏིང་འཛིན་གནས། །ལག་པས་དམ་ཚིག་མཆོག་བཅིངས་ལ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ།

འཇིག་རྟེན་དབང་ཕྱུག་ཏིང་འཛིན་གནས། །དེ་བཞིན་ཆོས་ཀྱི་ཕྱག་རྒྱ་བཟླས། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་
ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གནས། །ལས་ཀྱི་ཕྱག་རྒྱ་ལས་ལེགས་བྱེད། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །བསྒོམས་ན་དངོས་གྲུབ་ཐོབ་བར་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་བྱང་ཆུབ་ཆེན་
པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་
དོ། །ཉིད་ཀྱི་སངས་རྒྱས་བྱང་ཆུབ་ཕྱིར། །སེམས་ཅན་དོན་རྣམས་རབ་བྱེད་ཅིང་། །སངས་རྒྱས་རྗེས་སུ་དྲན་གྱུར་ནས། །སངས་རྒྱས་ཐམས་ཅད་མཉེས་པར་བྱེད། །ཅེས་བཅོམ་ལྡན་འདས་རྡོ་རྗེ་ཆགས་པས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཉེས་པར་བྱ་བ་
གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། ཇི་ལྟར་ཡུལ་དང་ལྡན་འགྱུར་ནས། །སངས་རྒྱས་ཐམས་ཅད་མཉེས་བྱེད་ཅེས། །རྡོ་རྗེ་སེམས་དཔའ་སྒོམ་བྱེད་ཅིང་། །དེ་ཉིད་བསྐུལ་ན་མྱུར་བར་ནི། །མཉེས་པར་འགྱུར་བ་དེས་འགྲུབ་བོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་
འདི་ནི་རྡོ་རྗེའི་རིགས་ཀྱི་མཉེས་པར་བྱེད་པའི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་བཀའ་ནི་བསྲུང་བ་དང་། །སེམས་ཅན་དོན་ནི་སྤྱད་པའི་ཕྱིར། །རྔམ་པས་མངོན་སྤྱོད་བྱས་ན་ནི། །རྡོ་རྗེ་རྣམས་ནི་མཉེས་པར་འགྱུར། །ཞེས་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་གསུངས་
སོ། །དེ་ལ་འདི་ནི་པདྨའི་རིགས་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་དོ། །ཆགས་པ་ཀུན་དུ་བལྟ་བ་དང་། །བྱམས་དང་སྙིང་རྗེས་ཆོས་སྨྲ་དང་། །མི་འཇིགས་ཀུན་སྦྱིན་བྱེད་པ་རྣམས། །སངས་རྒྱས་ཀུན་གྱིས་མཉེས་པར་བྱེད། །ཅེས་བཅོམ་ལྡན་འདས་རྡོ་རྗེ་སྤྱན་གྱིས་གསུངས་སོ། །དེ་ལ་འདི་ནི་ནོར་

བུའི་རིགས་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་དེ། དབང་བསྐུར་བ་ནི་རབ་སྦྱིན་དང་། །ནོར་བསགས་རབ་ཏུ་སྦྱིན་བྱེད་ཅིང་། །དེ་ཡང་སངས་རྒྱས་དོན་དུ་སྦྱོར། །འདི་ནི་སངས་རྒྱས་མཉེས་པར་བྱེད། །ཅེས་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོས་གསུངས་
སོ། །རིགས་ཐམས་ཅད་ཀྱི་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་
རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་དེ། དེ་ལྟར་རྣམ་དག་བདེ་སྦྱིན་པ། །འདོད་ཆགས་ལ་ནི་བརྙས་མི་བྱ། །སེམས་ཅན་ཀུན་གྱི་དོན་དུ་བརྩོན། །འདི་ནི་སངས་རྒྱས་དབང་དུ་བྱེད། །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་
རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་དེ། །འདོད་སྟེན་བདེ་བའི་བདག་ཉིད་ཀྱིས། །སུ་ར་ཏ་སྟྭཾ་ཞེས་སྨྲ་ཞིང་། །རྡོ་རྗེ་སེམས་དཔའ་བསྒྲུབས་ན་ནི། །དེ་ཉིད་བསྐུལ་ན་དབང་དུ་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་བཟང་པོས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དབང་
དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་དོ། །སངས་རྒྱས་བཀའ་ནི་སེམས་ཅན་རྣམས། །དག་བྱ་ལུས་ཅན་སྐྱབས་སྦྱིན་དང་། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བསད་ན་ཡང་ནི་དབང་དུ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་ཞེས་བྱ་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དབང་དུ་
བྱ་བའི་དངོས་གྲུབ་ཀྱི་རྒྱུད་དེ། པདྨ་འདབ་མ་ཁ་འབྱེད་ཅིང་། །འདོད་ཆགས་དག་ལ་ཀུན་རྟོག་ལ། །གདུལ་བའི་ཕྱིར་ནི་ཆགས་བྱེད་ཅིང་། །འདོད་པར་བྱེད་པ་དབང་དུ་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་
རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་ཐམས་ཅད་དབང་བསྐུར་ཕྱིར། །རྡོ་རྗེ་རིན་ཆེན་ཉིན་རེ་རེར། །སྤྱི་བོར་བཞག་སྟེ་དབང་བསྐུར་ན། །སངས་རྒྱས་ཐམས་ཅད་དབང་དུ་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་དབང་དུ་

བྱ་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། སེམས་ཅན་ཀུན་
དོན་མ་མཐོང་ཞིང་། །སངས་རྒྱས་དེ་ཉིད་མ་སྦྱངས་ལ། །ཡིད་དང་ངག་དང་ལུས་ཀྱིས་ནི། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་པའི་དངོས་གྲུབ་ཀྱི་རྒྱུད་དེ། དངོས་
གྲུབ་ཐམས་ཅད་མ་ཐོབ་ལ། །རིགས་རྣམས་ཀྱང་ནི་མི་བརྩོན་ཞིང་། །རྡོ་རྗེ་ཀུན་དུ་བརྟགས་ནས་ནི། །བསད་ན་དངོས་གྲུབ་མྱུར་དུ་ཐོབ། །ཅེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེ་རིགས་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། མ་རུངས་མི་བརྟུལ་ཁྲོ་མེད་
ཅིང་། །དེ་བཞིན་སེམས་ཅན་མི་འདུལ་ལ། །བདག་ཉིད་སྡུག་བསྔལ་འཐོབ་བྱེད་ན། །ཧཱུྃ་ཞེས་བྱ་བས་གསང་བར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་གསང་པའི་དངོས་གྲུབ་ཀྱི་རྒྱུད་དེ། སྙིང་རྗེ་མེད་ཅིང་བྱམས་མེད་ལ། །སེམས་ཅན་
མ་རུངས་མི་སྦྱོང་ཞིང་། །བདག་ཉིད་ཀྱིས་ནི་བསླུས་ན་ཡང་། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་གསང་པའི་དངོས་གྲུབ་ཀྱི་རྒྱུད་དེ། མི་གཏོང་བདག་ལ་ནོར་མེད་
ཅིང་། །ནོར་སྟོར་བ་དང་གནོད་བྱེད་ལ། །དབུལ་པོར་གྱུར་ལ་སེམས་ཅན་རྣམས། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རེ་བ་ཐམས་ཅད་སྐོང་བས་གསུངས་སོ། །ཁ་ཅིག་གིས་ནི་སངས་རྒྱས་ཀྱི། །རྣལ་འབྱོར་མ་ཐོབ་གསོད་བཅུག་ན། །དེ་དག་དྲང་བར་བྱ་བའི་ཕྱིར། །
བདག་གི་དངོས་གྲུབ་སྦྱིན་པར་བྱ། །ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་བཟང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་

བའི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་དེ། སེམས་ཅན་ཐམས་ཅད་མི་གཏོང་ཞིང་། །རྟག་ཏུ་སངས་རྒྱས་མཆོད་བདག་ཉིད། །རྟག་པར་སངས་རྒྱས་ཡིད་ལ་བྱེད། །འདི་ནི་བསྲུང་བ་རྨད་ཀྱི་
མཆོག །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་ཅིག་ཙམ་ཡང་བརྗོད་གྱུར་ན། །འདི་ནི་བསྲུང་བ་རྟག་ཆེན་པོ། །སྐད་ཅིག་དངོས་གྲུབ་ཐོབ་པར་
འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་དེ། རིགས་དང་རྒྱུད་ཀྱིས་ཆོག་མི་ཤེས། །འཇིག་རྟེན་གསུམ་རྒྱལ་བདག་ཉིད་ཀྱི། །རྡོ་རྗེ་ཧཱུྃ་ལ་མོས་བྱེད་པ། །འདི་ནི་བདག་དང་གཞན་ལ་བསྲུང་། །ཞེས་བཅོམ་ལྡན་
འདས་རྡོ་རྗེ་ཧཱུྃ་ཞེས་བྱ་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་དེ། འདོད་ཆགས་དག་ཅིང་བྱམས་པ་ཆེ། །ཐམས་ཅད་ལ་ནི་མི་འཇིགས་སྦྱིན། །འཇིག་རྟེན་དབང་གི་མཚན་ཟློས་པ། །བསྲུང་བ་འདི་ནི་རྨད་དུ་ཆེ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་
གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་སེམས་ཅན་གཏོང་བྱེད་པར། །ཅི་ནུས་པར་ནི་སྦྱོར་བྱེད་ཅིང་། །ཉི་མ་སྟོང་པར་མི་བྱ་བར། །བསྲུང་བ་འདི་ནི་རྨད་ཀྱི་མཆོག །ཅེས་བཅོམ་ལྡན་འདས་རྡོ་རྗེ་བསྲུང་བས་གསུངས་སོ། །རིགས་
ཐམས་ཅད་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྒྱུད་འདི་བཞེས་པར་གསོལ། གང་གིས་སེམས་ཅན་
ཐམས་ཅད་བརྟག་པ་ཐམས་ཅད་ཀྱི་དབང་ཕྱུག་ཏུ་གྱུར་ནས་རྟོགས་པར་བགྱི་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕྱག་

ན་རྡོ་རྗེ་ལ་ལེགས་པར་བཤད་པས་ངེད་ཀྱིས་བླངས་ཤིང་བྱིན་གྱིས་བརླབས་ཀྱིས་ལེགས་སོ་ལེགས་སོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་
པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པའི། །མདོ་སྡེ་འདི་ནི་ལེགས་བཤད་པ། །ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ནི་ཁྱོད་ལེགས་ཏེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་
བསྡུས་པ་ལས་བརྟག་པ་ཐམས་ཅད་ཀྱི་ཐབས་ཀྱི་ཆོ་ག་རྒྱས་པའི་རྒྱུད་རྫོགས་སྷོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་དང་པོ་འདིར་ནི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་དེ། སངས་རྒྱས་བྱང་ཆུབ་ཏིང་ངེ་འཛིན། །རབ་མཉམ་བཞག་པས་བསྒོམས་ན་ནི། །བྱང་ཆུབ་བདེ་བས་ཐོབ་པར་འགྱུར། །བསམས་ནས་དེ་ནི་རྟོགས་པར་བྱ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །
དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དམ་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། སེམས་དཔའ་རྡོ་རྗེ་སྙིང་གར་བཅིངས། །ང་ཡི་ཆུང་མ་ཁྱོད་སྡུག་པ། །བརྟན་པར་གྱུར་ཅིག་ཅེས་སྨྲས་ནས། །ཕྱག་རྒྱ་ཐམས་ཅད་བསྒྲུབ་བྱ་སྟེ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །རང་
གི་ལས་རྣམས་མ་གྲུབ་ཀྱང་། །གསང་བའི་ཆུང་མ་ཞེས་སྨྲས་ན། །ཤིན་ཏུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་དམ་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། ཇི་ལྟ་བ་བཞིན་བསྒྲུབས་ན་ཡང་། །དངོས་གྲུབ་
ཐོབ་པར་མ་གྱུར་ན། །ཧཱུྃ་གི་ཕྱག་རྒྱས་བསད་ན་ནི། །སྐྲག་སྟེ་དངོས་གྲུབ་སྦྱིན་པར་བྱེད། །ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཧཱུྃ་ཞེས་བྱ་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་དེ། ཏིང་འཛིན་ཕྱག་རྒྱ་བཅིངས་

ནས་ཀྱང་། །རྡོ་རྗེ་བལྟ་བས་བལྟས་ནས་ཀྱང་། །བདག་གི་ཆུང་མའམ་གཞན་ཆུང་མ། །སྡུག་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་པདྨའི་འདོད་པས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་དམ་པའི་དངོས་གྲུབ་གསང་བའི་རྒྱུད་དེ། དབང་
པོ་གཉིས་ནི་མཉམ་སྦྱར་ལ། །བདེ་བའི་མཆོག་ཅེས་སྨྲ་བྱེད་ཅིང་། །སངས་རྒྱས་ཀུན་ལ་ཉིད་དབང་པོ། །ཕུལ་ན་མྱུར་དུ་དངོས་གྲུབ་འགྱུར། །ཅེས་བཅོམ་ལྡན་འདས་ནོར་བུ་བཞེད་པས་གསུངས་སོ། །རིགས་དམ་པ་ཐམས་ཅད་ཀྱི་དངོས་གྲུབ་གསང་བའི་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ནས་བྱང་
ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་གསང་བའི་རྒྱུད་དེ། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་། །བུད་མེད་ཀུན་ལ་ཆགས་
བྱས་ལ། །སེམས་ཅན་དོན་གྱིས་མི་སྐྱོ་ན། །ངེས་པར་སངས་རྒྱས་དེས་མཉེས་སོ། །ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་གསང་བའི་རྒྱུད་དེ། འདོད་ཆགས་ལ་ནི་བརྙས་མི་བྱ། །བུད་
མེད་ཀུན་དང་རྩེ་བྱེད་པ། །རྡོ་རྗེ་རྣམས་ཀྱི་གསང་དམ་ཚིག །འདི་ནི་བསྲུང་ན་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་གསང་བའི་རྒྱུད་དེ། གསོད་པ་འཇིག་རྟེན་ཐམས་ཅད་གསོད། །
ལུས་དང་ངག་ལ་དམ་དགྱེས་པ། །འཇིག་རྟེན་རྣམ་པར་སྦྱངས་ནས་ནི། །དམ་པའི་དངོས་གྲུབ་སྦྱིན་པའོ། །ཞེས་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་གསང་བའི་རྒྱུད་དེ། དག་པའི་བདག་
ཉིད་འདོད་ཆགས་དག །མུ་སྟེགས་རྣལ་འབྱོར་མ་དག་ལ། །དག་པའི་བདག་ཉིད་དམ་ཚིག་ནི། །བསྲུང་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་གསང་བའི་རྒྱུད་

དེ། རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །རྡོ་རྗེ་ནོར་བུ་སྔར་བཅིངས་ལ། །མ་རུངས་རྣམས་ཀྱི་ནོར་ཕྲོགས་ན། །དམ་ཚིག་དངོས་གྲུབ་སྦྱིན་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་རིན་པོ་ཆེས་གསུངས་སོ། །རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ནས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དངོས་གྲུབ་གསང་བའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། ཆོས་རྣམས་རང་བཞིན་དག་པར་ནི། །རབ་མཉམ་བཞག་
པས་བསྒོམས་ནས་ཀྱང་། །དགོས་པ་ཐམས་ཅད་བྱས་ནས་ཀྱང་། །སངས་རྒྱས་པ་ཡི་དངོས་གྲུབ་འཐོབ། །ཅེས་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། སེམས་ཅན་ཀུན་ལ་ཆགས་བྱེད་ཅིང་། །
ཡུལ་ལ་སྐྱོ་བར་མ་གྱུར་ལ། །བུད་མེད་དགའ་བའི་དག་པ་ནི། །གསང་ཆོས་དངོས་གྲུབ་རབ་སྦྱིན་ནོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། རྣ་ཡི་ཧཱུྃ་གི་སྦྱོར་བ་ཡིས། །ཕྲ་བའི་རྡོ་རྗེ་ཏིང་འཛིན་གནས། །
མི་འགྲུངས་རྣལ་འབྱོར་འདི་བསད་ཅེས། །རབ་ཏུ་འབར་བའི་རྡོ་རྗེས་བསྒྱེལ། །དམ་པའི་དངོས་གྲུབ་སྦྱིན་པའོ། །ཞེས་བཅོམ་ལྡན་འདས་དམ་ཚིག་དམ་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་རྗེ་ཆོས་ཀྱི་ཏིང་
འཛིན་གྱིས། །བུད་མེད་ཀུན་དང་རྩེ་བྱེད་ཅིང་། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། དབང་པོ་གཉིས་ནི་མཉམ་སྦྱར་ལ། །རེ་བ་ཐམས་
ཅད་ཡོངས་བཀང་ནས། །བུད་མེད་དམ་ནི་སྡུག་པ་ཡི། །དངོས་གྲུབ་བླ་མེད་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་རིན་པོ་ཆེས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཆོས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་གསང་བའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ལས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སངས་རྒྱས་རྗེས་སུ་དྲན་བསྒོམས་ལ། །བུད་མེད་ལུགས་ཀྱི་བུ་གར་བླུགས། །
བུད་མེད་རྣམས་ནི་དབང་དུ་འགྱུར། །ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །བུ་གནས་ནི་དེ་བཞིན་ཞུགས། །བུད་མེད་ལུས་སུ་ལེགས་
ཁྱབ་བྱས། །སེམས་མེད་པ་ཡང་མགུ་བར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་དགྱེས་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ནི། །རབ་མཉམ་བཞག་པས་བཅིངས་ནས་ཀྱང་། །ཁྲོས་ནས་བུ་གར་ཞུགས་ན་
ནི། །ཡིད་ཀྱིས་དེ་ནི་དབབ་པར་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། ཆོས་ཀྱི་ལས་ཀྱི་ཕྱག་རྒྱ་ནི། །བཅིངས་ནས་པདྨའི་ཏིང་འཛིན་གྱིས། །བུ་གར་བཅུག་ན་བུད་མེད་རྣམས། །ཐམས་ཅད་
ཀྱང་ནི་བསྲུང་བར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་པདྨས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །ལས་ཀྱི་རྡོ་རྗེ་ནོར་བུར་བཅིངས། །བུ་གར་བཅུག་ན་བུད་མེད་རྣམས། །ཉིད་དུ་ཕབ་ནས་གར་བྱེད་
འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་རིན་པོ་ཆེས་གསུངས་སོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་གསང་བའི་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དག་པའི་དངོས་གྲུབ་གསང་བའི་རྒྱུད་འདི་
གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་དག་པའི་དངོས་གྲུབ་གསང་བའི་རྒྱུད་དེ། ཆོས་ཀྱི་འཁོར་ལོ་འདྲ་བར་ནི། །གསང་བའི་དཀྱིལ་འཁོར་བྲི་བྱ་ཞིང་། །ཕྱག་རྒྱ་བུད་མེད་རྣམས་ཀྱིས་བསྐོར། །དེས་ནི་སངས་རྒྱས་གཞག་པར་བྱ། །གསང་

བ་དེར་ནི་ཞུགས་ནས་ཀྱང་། །སངས་རྒྱས་ལ་ནི་ཉིད་དུ་སྨྲ། །འདི་ཁྱབ་པ་ཡི་བཙུན་མོ་སྟེ། །ཀུན་གཏོང་བས་ནི་བདག་སོགས་ཞེས། །རིགས་རྣམས་ཀུན་གྱི་ཕྱག་རྒྱ་ནི། །ཚུལ་རྣམས་ལ་ཡང་དེ་སྐད་བརྗོད། །སངས་རྒྱས་རྣམས་ནི་མཉམ་མེད་པའི། །གསང་བའི་དངོས་གྲུབ་
ཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་དེ། རྡོ་རྗེ་དབྱིངས་དང་འདྲ་བར་ནི། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། །དེ་བཞིན་གཤེགས་
པའི་རིགས་རྣམས་ནི། །ཐམས་ཅད་ཀྱི་ནི་མཆོག་འཚལ་ཏེ། །དཀྱིལ་འཁོར་དུ་ནི་ཞུགས་ནས་ཀྱང་། །དངོས་གྲུབ་འདོད་པས་མྱུར་བར་ནི། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། །བཛྲ་ས་ཏྭ་ཨཱདྱ་སིད་དྷྱ་མཱཾ། ཞེས་བརྗོད་སྙིང་པོ་འདི་བཟླས་ཏེ། །བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར། །
དེ་ཉིད་བསྐུལ་བའི་ཚུལ་གྱིས་ནི། །མགུ་ནས་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། ཁམས་གསུམ་རྣམ་རྒྱལ་འདྲ་བར་ནི། །རྡོ་རྗེ་རིགས་
ཀུན་རྣམས་ཀྱི་ནི། །དཀྱིལ་འཁོར་ཐམས་ཅད་འཇུག་པར་ཡང་། །མཁས་པས་ལེགས་པར་བྲི་བར་བྱ། །དེར་ཞུགས་ནས་ནི་མྱུར་བར་ཡང་། །དངོས་གྲུབ་གསོལ་བ་འདེབས་བྱེད་ཅིང་། །འདོད་ཆགས་ལས་ནི་ཁྱོད་འབྱུང་ཞེས། །ཞེས་སྨྲས་ཀུན་དུ་འགྲུབ་པར་འགྱུར། །ཞེས་བཅོམ་
ལྡན་འདས་རྡོ་རྗེ་ཧཱུྃ་གིས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་གསང་བའི་རྒྱུད་དེ། པདྨའི་རིགས་ནི་ཐམས་ཅད་ཀྱི། །འགྲོ་བ་འདུལ་བའི་ཚུལ་དུ་ནི། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །དེར་ཞུགས་ནས་ནི་བརྗོད་བྱ་བ། །
འདོད་ཆགས་ཆོས་ཏེ་པདྨ་ཆེ། །ཁྱབ་པས་བདག་ནི་མྱུར་དངོས་གྲུབ། །དེ་སྐད་སྨྲས་ནས་དཀྱིལ་འཁོར་ནི། །ཀུན་གྱི་དེས་ནི་དངོས་གྲུབ་ཐོབ། །ཅེས་བཅོམ་ལྡན་འདས་འཇིག་རྟེན་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་གསང་

བའི་རྒྱུད་དེ། ནོར་བུ་ཆེན་པོའི་རིགས་རྣམས་ནི། །དོན་ཀུན་འགྲུབ་པའི་ཚུལ་དུ་ཡང་། །དཀྱིལ་འཁོར་ལེགས་པར་བྲིས་ན་ནི། །ཞུགས་ནས་འདི་སྐད་སྨྲ་བར་བྱ། །བསམ་པ་ཀུན་གྱི་དངོས་གྲུབ་ལས། །འདོད་ཆགས་བསམ་པ་དངོས་གྲུབ་མཆོག །
གྲུབ་ཤིག་གྲུབ་ཤིག་སེམས་དཔའ་ཆེ། །བཅོམ་ལྡན་ཐམས་ཅད་གྲུབ་བ་པོ། །དེ་སྐད་སྨྲས་ནས་དཀྱིལ་འཁོར་ཀུན། །ཞུགས་ནས་མཆོད་གསང་བླ་མེད་པའི། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཕྱིན་ཆད་དངོས་གྲུབ་བདག་ཉིད་ཀྱིས། །བསྒྲུབས་ན་དངོས་གྲུབ་
འགྲུབ་པར་འགྱུར། །གང་ཚེ་མྱུར་དུ་མི་འགྲུབ་ན། །དེ་ཉིད་བསྐུལ་ན་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་གསང་བའི་རྒྱུད་དངོས་གྲུབ་ཀྱི་རྒྱུད་དེ། དེ་བཞིན་གཤེགས་པའི་ལྷ་མོ་ཆེ། །སྡུག་ཅིང་བདེ་བ་ཀུན་སྦྱིན་
པ། །བདེན་ལས་བྱུང་བའི་ཚིག་བདེན་པས། །བསྒྲུབས་ཀྱང་དེ་ནི་མ་གྲུབ་ནའོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། ལྟག་འོག་གོ་རིམས་ཇི་བཞིན་དུ། །ཕྱག་
རྒྱ་ཆེན་པོ་བཅིངས་ནས་ནི། །འདི་ནི་དེ་ཉིད་གསང་བ་ཡི། །རྡོ་རྗེ་ཚུལ་གྱིས་འདི་སྨྲོས་ཤིག །བདག་ནི་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ངའི་ཆུང་མ་སྙིང་ལ་གནས། །ལུས་ཀུན་ལ་ནི་འཁྱུད་ནས་ཀྱང་། །རྡོ་རྗེ་འགྱིང་བས་འགྱིང་བར་མཛོད། །རྡོ་རྗེ་འགྱིང་བའི་ལྷ་མོ་ཆེ། །དེ་ཉིད་བསྐུལ་
བས་ཆགས་འགྱུར་བས། །ལུས་ཀུན་ལ་ནི་བརྟན་འགྱུར་ནས། །ཇི་བཞིན་མྱུར་དུ་དངོས་གྲུབ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འགྱིང་བའི་བདག་པོས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། དངོས་གྲུབ་དམ་ཚིག་གྲུབ་པ་ནི། །

ཁྱོད་དགྱེས་དམ་ཚིག་བདག་ཡིན་ནོ། །ཞེས་བསྐུལ་མྱུར་དུ་ཆགས་གྱུར་ན། །རབ་ཏུ་ཡང་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། རྟོགས་པ་སེམས་དཔའ་རྟོགས་
ཆེན་ཁྱོད། །བདག་གི་ཆུང་མ་ཤིན་དགྱེས་མཛོད། །ཞེས་ནི་བསྐུལ་ན་མྱུར་བར་ཡང་། །རྗེས་སུ་ཆགས་ནས་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། ལས་ཀུན་བྱེད་
པའི་ཆུང་མ་ཁྱོད། །བདག་ལ་འགྲུབ་མཛོད་རྡོ་རྗེ་མ། །རྡོ་རྗེ་ཅན་གྱིས་བསྐུལ་མྱུར་བར། །རྗེས་སུ་ཆགས་ནས་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །རིག་པ་ཐམས་ཅད་ཀྱི་ཕྱག་རྒྱའི་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་
ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། མུ་སྟེགས་ཅན་རྣམས་ཕན་གདགས་
ཕྱིར། །རི་མོའི་ཕྱག་རྒྱའི་ཚུལ་དུ་ནི། །སངས་རྒྱས་བཙུན་མོ་རབ་སྦ་བར། །ཤེས་ན་རབ་ཏུ་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གསང་བའི་དངོས་
གྲུབ་ཀྱི་རྒྱུད་དེ། སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ། །སེམས་ཅན་ཀུན་ལ་བདེ་སྦྱིན་ཞིང་། །སེམས་ཅན་ཀུན་གྱི་ཡབ་ཉིད་ནི། །དམ་ཚིག་མཆོག་གི་འདོད་པའི་མཆོག །ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །འདི་ནི་སངས་རྒྱས་ཐམས་
ཅད་ཀྱི། །གསང་བའི་མཆོག་སྟེ་རྨད་ཆེ་བར། །དད་ལྡན་ཤེས་ནས་དད་བྱས་ནས། །བསྒྲུབ་དཀའ་བ་ཡང་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། ཆགས་པ་དག་པའི་

ཆགས་བྲལ་གྱི། །སེམས་ཅན་དོན་གྱི་ཡིད་བྱུང་ནས། །མུ་སྟེགས་ལྟ་བར་བྱས་པ་སྟེ། །ལྟ་བ་ངན་པའི་གཅོང་རོང་ལྟུང་། །ཐེག་པ་ཆེ་ལ་དགོད་པའི་ཕྱིར། །གསོད་པའི་ཐ་ཚིག་མཆོག་ཡིན་ཏེ། །དེ་ལྟར་ཤེས་ན་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་
རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། མུ་སྟེགས་ཅན་རྣམས་གཞོམ་པའི་ཕྱིར། །འབྱུང་བ་ཆེ་ལས་ཐམས་ཅད་འབྱུང་། །མི་གཙང་ཞེས་ནི་ཅི་ཕྱིར་བརྗོད། །ངེས་པར་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་
འདས་རྡོ་རྗེ་སྤྱན་གྱིས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། བུད་མེད་ཆགས་ཕྱིར་རིན་ཆེན་རྣམས། །རྟག་ཏུ་ལེགས་པར་བསག་པར་བྱ། །བུད་མེད་བླ་མེད་རིན་ཆེན་ཞེས། །བསམས་ནས་དེ་ནི་གྲུབ་པར་འགྱུར། །ཞེས་
བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་མཛད་པས་གསུངས་སོ། །རིགས་ཐམས་ཅད་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་གསང་
བའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། བུད་མེད་ཆགས་རྣམས་ཡོངས་བསྐོར་ལ། །ཀུན་ནས་གཙེས་པའི་བདེ་བ་ནི། །སངས་རྒྱས་མཆོད་ཕྱིར་ཕུལ་ན་ཡང་། །མཆོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། རབ་དགས་ངལ་ཏེ་སྐྱོ་བ་ན། །རབ་དགའ་ལས་བྱུང་བདེ་བ་དེ། །ཕྱག་བཞི་པོས་ནི་མཆོད་པའི་ཕྱིར། །ཕུལ་ན་མྱུར་དུ་གྲུབ་པར་འགྱུར། །ཞེས་
བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། ཧཱུྃ་གི་དམ་ཚིག་བཅིངས་ནས་ནི། །སྐྱེ་བོ་བུད་མེད་འཁྱུད་ནས་ནི། །འཁྱུད་པར་འགྱུར་བའི་སྐྱེ་བོ་དེ། །ཕུལ་ན་དེ་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་གིས་

གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། འཇིག་རྟེན་དབང་པོར་བདག་བསྒོམས་ལ། །སྡུག་པའི་གདོང་དུ་བལྟས་ནས་ནི། །བལྟས་པར་གྱུར་པའི་བདེ་བ་དེ། །ཕུལ་ན་དེ་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་པདྨའི་སྤྱན་གྱིས་
གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། ལས་ཀྱི་ཕྱག་རྒྱ་བཅིངས་འགྱུར་ལ། །རྒྱན་རྣམས་ཀུན་གྱིས་བརྒྱན་ནས་ཀྱང་། །བུད་མེད་འཁྱུད་པའི་ལོངས་སྤྱོད་ནི། །མཆོད་ཕྱིར་ཕུལ་ན་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་
རིན་ཆེན་གྱིས་གསུངས་སོ། །རིགས་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་
གཤེགས་པའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་སུ་ནི་བདག་བསྒོམས་ལ། །ཅི་ནས་སུས་ཀྱང་མི་ཚོར་བར། །གཞན་གྱི་བུད་མེད་རྩེ་བྱེད་ན། །མཆོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །
དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསང་བའི་མཆོད་པའི་རྒྱུད་དེ། རྡོ་རྗེ་འཇོ་མ་བྱས་ནས་ཀྱང་། །རྡོ་རྗེ་ཕྲེང་བ་འཆིང་བྱེད་ཅིང་། །དེ་ནས་རྡོ་རྗེ་གླུ་བླངས་ལ། །རྡོ་རྗེ་གར་གྱིས་མཆོད་བྱས་ལ། །འདོད་པའི་དགའ་བས་དབང་བསྐུར་མཆོག །གླུ་དང་གར་གྱི་བདེ་བ་ལས། །བདེ་བ་
གཞན་གྱིས་མྱོང་མིན་ཏེ། །དེ་ཕྱིར་གསང་མཆོག་འདི་བླ་མེད། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དེ། འཇིག་རྟེན་གསུམ་ལས་རྣམ་རྒྱལ་བསྒོམ། །ཆོ་ག་ཇི་བཞིན་ཚུལ་དུ་ཡང་། །གསང་བའི་མཆོད་པས་མཆོད་ན་ནི། །མཆོད་པའི་དངོས་གྲུབ་
ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་མཆོད་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། འགྲོ་བ་འདུལ་བའི་ཕྱག་རྒྱར་གནས། །གསང་བའི་ཚུལ་ནི་ཅི་བཞིན་པར། །ལས་ཀྱི་ཕྱག་རྒྱས་རབ་མཆོད་ན། །མཆོད་པའི་

དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་དེ། དོན་ཀུན་གྲུབ་པའི་རྣལ་འབྱོར་གྱིས། །གསང་བའི་ཚུལ་
ནི་ཇི་བཞིན་པར། །ལས་ཀྱི་ཕྱག་རྒྱས་རབ་མཆོད་ན། །མཆོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ། །རིགས་ཐམས་ཅད་ཀྱི་གསང་བའི་མཆོད་པའི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་
རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་བསྐྱེད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། མདོར་ན་ཏིང་འཛིན་ཡེ་ཤེས་ལས། །སེམས་ཅན་རྣམས་ལ་ཆགས་
ཚུལ་གྱིས། །སངས་རྒྱས་ཉིད་དུ་འགྲུབ་འགྱུར་ན། །མྱུར་དུ་བླ་མེད་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བསྐྱེད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། སེམས་ཅན་
ཐོག་མ་ཐ་མ་མེད། །ནམ་མཁའ་འབྱུང་བའི་མཚན་ཉིད་དེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །འདོད་པའི་འགྲོ་བ་ཀུན་བདག་པོ། །སེམས་ཅན་ཀུན་གྱི་སེམས་གང་ནི། །བསྟན་ཕྱིར་སེམས་དཔའ་ཞེས་བྱའོ། །རྡོ་རྗེ་མཉམ་པར་མཉམ་གཞག་ན། །ངེས་པར་རྡོ་རྗེ་ཉིད་གྱུར་
བ། །སེམས་དཔའི་བྱིན་བརླབས་ཚུལ་གྱིས་ནི། །རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར། །བཅོམ་ལྡན་སེམས་དཔའ་དེ་ཉིད་དེ། །རྡོ་རྗེ་བཞད་པ་དེ་བཞིན་གཤེགས། །ཉིད་སེམས་རབ་ཏུ་རྟོགས་ལ་སོགས། །སངས་རྒྱས་བྱང་ཆུབ་ཆོ་ག་བཞིན། །དེ་ཉིད་བཅོམ་ལྡན་དེ་བཞིན་
གཤེགས། །ཐམས་ཅད་ཀྱི་ནི་རིགས་སུ་འགྱུར། །ཞེས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་སེམས་དཔས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཉིད་དེ། །དེ་ཉིད་རྡོ་རྗེའི་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་ཀྱི་མཆོག །

ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་གསུངས་སོ། །རིགས་ཐམས་ཅད་བསྐྱེད་པའི་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་རིགས་ཀྱི་ཕྱག་རྒྱ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་མངོན་པར་བརྗོད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །རྡོ་རྗེ་སེམས་དཔའ་ཐུགས་ལ་གནས། །མཉམ་
པར་བཞག་ལས་ཏིང་འཛིན་ཏེ། །སངས་རྒྱས་བྱང་ཆུབ་རབ་ཏུ་བསྒྲུབ། །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མའི་མངོན་པར་བརྗོད་པའི་དངོས་གྲུབ་གསང་བའི་རྒྱུད་དེ། རབ་ཏུ་རྟོགས་ཕྱིར་རྡོ་རྗེ་སྟེ། །
གཟུང་བའི་ཚུལ་གྱིས་ལྕགས་ཀྱུ་ཡིན། །ཕྲ་མོ་རྟོགས་ཕྱིར་མདའ་ཡིན་ལ། །མགུ་བར་གྱུར་ཕྱིར་ལེགས་ཞེས་བྱ། །སྤྲས་པའི་ཕྱིར་ཡང་རིན་ཆེན་གསུངས། །གཟི་བརྗིད་ཚུལ་གྱིས་ཉི་མ་སྟེ། །རྒྱལ་མཚན་ལེགས་པར་སྒྲེང་བར་གསུངས། །འཛུམ་ཕྱིར་བཞད་པར་གྲགས་
པ་ལ། །འདོད་ཆགས་དག་ཕྱིར་པདྨ་ཡིན། །རལ་གྲིས་ཉོན་མོངས་དགྲ་གཅོད་ཡིན། །དཀྱིལ་འཁོར་ཚུལ་དུ་འཁོར་ལོ་སྟེ། །ཚིག་གིས་བརྗོད་པས་སྨྲ་ཞེས་བྱ། །རྒྱ་གྲམ་ཚུལ་དུ་ཀུན་རྡོ་རྗེ། །མི་ཚུགས་ཚུལ་གྱིས་གོ་ཆ་ཡིན། །འཇིགས་བྱེད་ཚུལ་གྱིས་མཆེ་བ་སྟེ། །ཕྱག་
རྒྱའི་ཚུལ་གྱིས་བསྡམས་པའོ། །ཇི་ལྟར་བཅོམ་ལྡན་སེམས་རྟག་པ། །རྡོ་རྗེ་སེམས་དཔའ་ཀུན་འགྲོ་བ། །དེ་བཞིན་རྡོ་རྗེ་མཚན་ལ་སོགས། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་མས་གསུངས་སོ། །
རིགས་ཐམས་ཅད་ཀྱི་མཚན་མ་མངོན་པར་བརྗོད་པའི་དངོས་གྲུབ་གསང་བའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བའི་དངོས་གྲུབ་གསང་བའི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་

པའི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་གསང་བའི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅིངས་ལ། །ལག་གཉིས་རྡོ་རྗེར་བསྡམས་པ་ལས། །མྱུར་དུ་སངས་རྒྱས་ཉིད་འགྲུབ་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་
འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་གསང་བའི་རྒྱུད་དེ། ཇི་ལྟར་རྒྱལ་པོ་ཉིད་ཕྱག་རྒྱ། །རྒྱལ་པོ་ཁྲིམས་ལ་འདེབས་པ་ལྟར། །བདག་ཉིད་ཆེན་པོ་སྐྱེ་བོ་རྣམས། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །
གཟུགས་བརྙན་གྱི་ནི་ཚུལ་དུ་ཡང་། །ཉིད་ཀྱི་ཕྱག་རྒྱ་བཏབ་པ་ནི། །བདག་ཉིད་ཆེ་བའི་ཕྱག་རྒྱ་ཆེར། །ཤེས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་གསང་
བའི་རྒྱུད་དེ། ཇི་ལྟར་དམ་ཚིག་དམ་པ་ནི། །སྐྱེ་བོ་འགས་ནི་བཅིང་གྱུར་ན། །ཤིན་ཏུ་འདའ་བར་མི་བྱ་བ། །དེ་ལྟར་དེ་བཞིན་གཤེགས་ཀུན་གྱི། །དམ་ཚིག་ཕྱག་རྒྱ་བཅིངས་པ་ཡིས། །རྡོ་རྗེ་བཅིང་བའི་མཆོག་བཅིངས་ན། །མ་ཤི་བར་དུ་མི་འདའ་བར། །ཤེས་ནས་དངོས་གྲུབ་ཐོབ་
པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་གསུངས་སོ། །དེ་ལ་འདི་ནི་ཆོས་ཀྱི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་གསང་བའི་རྒྱུད་དེ། མདོར་ན་རྒྱལ་བས་རྡོ་རྗེ་བཀའ། །འདའ་བར་བྱ་བ་མ་ཡིན་ཏེ། །འདི་ནི་བཅིངས་པར་ཤེས་ནས་ཀྱང་། །དེས་
ནི་ཆོས་ཀྱི་དངོས་གྲུབ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེ་ལས་ཀྱི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་གསང་བའི་རྒྱུད་དེ། རྡོ་རྗེ་བཀའ་དང་ལས་མང་རྣམས། །འདའ་བར་བྱ་བ་མ་ཡིན་ཞིང་། །བཀའ་ཉན་པ་ཡི་ལས་
དེ་ནི། །ཤེས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་གསང་བའི་རྒྱུད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ཡང་བདག་གིས་ཡོངས་སུ་གཟུང་ཞིང་བྱིན་གྱིས་བརླབས་སོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་
བྱ་བ་བྱིན་ནོ། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པའི། །མདོ་འདི་ལེགས་པར་བཤད་པས་ན། །ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་
ཁྱོད་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་རིགས་ཐམས་ཅད་ཀྱི་རྟོག་པ་གསང་བའི་ཆོ་ག་རྒྱས་པའི་རྒྱུད་རྫོགས་སྷོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་དམ་པའི་
དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་རྗེས་སུ་དྲན་ཚུལ་གྱིས། །སངས་རྒྱས་ཆོས་ཀྱི་ཏིང་འཛིན་ནི། །མཉམ་པར་བཞག་པས་བསྒོམས་ན་ཡང་། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །
ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། ཆགས་པས་རྗེས་སུ་དྲན་ཚུལ་གྱིས། །སེམས་དཔའ་ཐམས་ཅད་ཏིང་འཛིན་གནས། །རབ་མཉམ་བཞག་པས་བསྒོམས་ན་ནི། །
དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། ཁམས་གསུམ་རྣམ་རྒྱལ་ཆ་ལུགས་སུ། །བསྒོམས་ནས་མདུན་དང་དེ་བཞིན་
ཏེ། །ཕྱག་ན་རྡོ་རྗེའི་མཐུར་གྱུར་ནས། །ཁམས་གསུམ་རྣམ་པར་རྒྱལ་བར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། འགྲོ་བ་འདུལ་བའི་ཆོས་སུ་ནི། །བསྒོམས་ནས་མདུན་དུ་དེ་བཞིན་ཏེ། །

རྣམ་པ་ཀུན་གྱི་མཆོག་ལྡན་པར། །འདུལ་བར་དེ་ནི་རབ་བྱེད་ཅེས། །བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་དེ། དོན་ཀུན་གྲུབ་པའི་སྐུར་ཡང་ནི། །བསྒོམས་ནས་མདུན་དུ་དེ་བཞིན་ཏེ།
རྣམ་པའི་མཆོག་ཀུན་ལྡན་པ་ཡི། །ཕུན་སུམ་ཚོགས་དོན་དེས་འཐོབ་བོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ནོར་བུས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་དེ། སངས་རྒྱས་རྗེས་སུ་དྲན་འགྱུར་ལ། །རྡོ་རྗེ་ཕྲ་མོ་ཚུལ་གྱིས་ནི། །བཛྲ་བཛྲ་ཞེས་བརྗོད་ན། །སངས་རྒྱས་
དངོས་གྲུབ་ཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་དེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་དུ། །རྡོ་རྗེ་ཕྲ་མོ་སྒོམ་བྱེད་ཅིང་། །བཛྲ་སཏྭ་ཞེས་བརྗོད་ན། །རྡོ་རྗེ་
སེམས་དཔའ་ཉིད་འགྲུབ་བོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་དེ། ཁམས་གསུམ་རྣམ་རྒྱལ་ཆ་ལུགས་སུ། །དྲན་བྱེད་མདུན་དུ་དེ་བཞིན་ཏེ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་ན། །དངོས་གྲུབ་བླ་
མེད་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་གིས་གསུངས་སོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་དེ། །འགྲོ་བ་འདུལ་བའི་གཟུགས་ཀྱིས་ནི། །རྡོ་རྗེ་ཕྲ་མོ་སྒོ་མ་བྱེད་ཅིང་། །སིད་དྷྱ་སིད་དྷྱ་ཞེས་བརྗོད་ན། །དངོས་གྲུབ་དམ་པ་ཐོབ་པར་
འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་དེ། དོན་གྲུབ་པ་ཡི་གཟུགས་ཀྱིས་ནི། །རྡོ་རྗེ་ཕྲ་མོ་བསྒོམས་ནས་ཀྱང་། །སིད་དྷྱ་སིད་དྷྱ་ཞེས་བརྗོད་ན། །དོན་གྱི་དངོས་གྲུབ་མཆོག་ཐོབ་འགྱུར། །

ཞེས་བཅོམ་ལྡན་འདས་ནོར་བུའི་ཆོས་ཀྱིས་གསུངས་སོ། །རིགས་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་
གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། དམ་པའི་ཆོས་ནི་ཡི་གེ་མེད། །ཏིང་འཛིན་ཡེ་ཤེས་འབྱུང་བ་སྟེ། །ཨ་ཞེས་བྱ་བས་ཆོས་རྣམས་ནི། །སྐྱེ་བ་མེད་པར་དགོངས་པ་སྟེ། །ཕྱག་རྒྱ་འདི་ཡི་ཚུལ་གྱིས་ནི། །
ཤེས་པས་བསྒོམས་ཏེ་དེ་ནས་ཀྱང་། །ཡི་གེ་ཀུན་གྱི་ཡེ་ཤེས་ནི། །བདེ་གཤེགས་སྐད་ཅིག་གིས་འགྱུར་ཞེས། །བཅོམ་ལྡན་འདས་འཕགས་པ་འཇམ་པའི་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་པའི་ཆོས་ཀྱི་
ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། དེ་བཞིན་གཤེགས་ཀུན་དེ་ཉིད་ཀྱི། །མདོ་སྡེ་འདི་ནི་དད་པ་ཡིས། །དད་ནས་བཅངས་སམ་བཀླགས་གྱུར་ན། །དངོས་གྲུབ་བླ་མེད་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་དམ་
པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། སྡིག་པའི་སེམས་ཅན་ཕན་དོན་དུ། །སྡིག་ཅན་སྡིག་སྤྱོད་བཟློག་པ་དང་། །སངས་རྒྱས་བཀའ་ནི་བསྲུང་བའི་ཕྱིར། །བསད་པ་བྱས་ན་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་གསུངས་སོ། །དེ་ལ་འདི་ནི་པདྨའི་
རིགས་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །འདོད་ཆགས་རང་བཞིན་དག་པར་ཤེས། །དམ་པའི་དོན་དུ་དགོངས་ནས་ཀྱང་། །ཐོག་མ་ཐ་མར་འདི་བསྒོམས་ན། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་
ཀྱི་དབང་པོས་གསུངས་སོ། །དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་ཆོས་མཁྱེན་པའི་དངོས་གྲུབ་ཀྱི་རྒྱུད་དེ། སེམས་ཅན་ཀུན་གྱི་དོན་ཕྱིར་སྦྱིན། །བསམ་པ་ཐམས་ཅད་རྫོགས་བྱེད་ཅིང་། །ཆོས་བསྒོམས་འདི་ནི་ནོར་བུ་ཡི། །རིགས་ཀྱི་དངོས་གྲུབ་ཐོབ་