Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ

Văn bản gốc(Tây Tạng)

Trang 7 / 18 (50.000 ký tự/trang)
ས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱག་
རྒྱའི་སྙིང་པོ་འདི་གསུངས་སོ། །ཨོཾ་བཛྲི་དྷརྨ་པདྨ་ཧཱུྃ། དེ་ནས་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཛྷི། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་བཛྲ་རཏྣ་མུ་ཀུ་ཊི་ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྤྱན་གྱིས་རང་གི་
ཕྱག་རྒྱ་འདི་གསུངས་སོ། །ཨོཾ་དྷརྨ་པདྨ་དྷི། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་སརྦ་མུ་ཁེ་ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་འདི་

གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་རྒྱ་བཞི་མཆོག་དཀྱིལ་འཁོར་ཏེ། །རྡོ་རྗེ་དབྱིངས་དང་འདྲ་བ་དང་། །དཀྱིལ་འཁོར་ཆེན་པོར་འདྲ་བར་བྱ། །ཕྱག་རྒྱའི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་གཟུགས་ནི་གཞག་པར་བྱ། །དེ་ཡི་ཕྱོགས་རྣམས་
ཐམས་ཅད་དུ། །རྡོ་རྗེ་པདྨ་ལ་སོགས་བྲི། །དེ་ནས་དཀྱིལ་འཁོར་འདིར་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས། ཇི་ལྟ་བ་བཞིན་དུ་བཅུག་སྟེ། འདི་སྐད་དུ་འདི་ཁྱོད་ཀྱིས་སུ་ལ་ཡང་མ་བརྗོད་ཅིག །ཁྱོད་རྟག་ཏུ་སྡུག་བསྔལ་བར་འགྱུར་བ་དང་། མི་བདེ་བ་མ་སྤངས་པས་
དུས་བྱས་ནས་སེམས་ཅན་དམྱལ་བར་ལྷུང་ང་རེ་ཞེས་བསྒོ་ཞིག །དེ་ནས་དེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ལག་པས་པདྨ་བཟུང་ནས་ཀྱང་། །བསྒྲིམས་ཏེ་ལེགས་པར་བསྡམ་པར་བྱ། །དྲི་དེ་སངས་རྒྱས་རྣམས་མཆོད་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །མཉམ་པར་བཞག་
པས་གཙུག་ཕུད་དབུས། །སངས་རྒྱས་གཟུགས་ནི་རབ་བཞག་ལ། །འགྲོ་ཞིང་རྡོ་རྗེ་འགྱིང་བསྟན་ན། །འཇིག་རྟེན་ཐམས་ཅད་དབང་དུ་བྱེད། །པདྨ་པདྨ་ཆེན་པོའི་གཟུགས། །ཏིང་ངེ་འཛིན་འདུག་ཇི་ལྟ་བཞིན། །ཡིད་ཀྱིས་སུ་ནི་དེ་བསད་དོ། །གང་དུ་ཕོག་པ་དེ་རྒྱས་པའི། །ས་
སོགས་པ་ཡི་ལས་བྱེད་དོ། །པདྨ་པདྨ་ཆེན་པོའི་གཟུགས། །པདྨ་རྒྱ་གྲམ་ཉིད་དུ་ནི། །བྱས་ཏེ་ལག་པས་བཟུང་ནས་ཀྱང་། །བསྐོར་ནས་དབབ་ལ་སོགས་དེ་བྱེད། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་བཛྲ་རཏྣ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཤ་པ་རི་པཱུ་ར་ཎ་མ་ཧཱ་རཏྣ་ཧཱུཾ། ཨོཾ་བཛྲ་
ཧཱུྃ་ཏྲ། ཨོཾ་གན་དྷ་པཱུ་ཛཱ་གྲི་སཱ་དྷ་ཡ་ཧྲཱིཿ། ཨོཾ་པདྨ་མུ་ཀུ་ཊ་ཏ་ཐཱ་ག་ཏ་བ་ཤཾ་ཀུ་རུ་སརྦཱ་ན་ལོ་ཀེ་ཤྭ་ར་ཨ་བྷི་ཥེ་ཀ་ས་མ་ཡ་ཧོ། ཨོཾ་པདྨ་པདྨ་མཱ་ར་ཡ་སརྦ་དྲ་ཏྱརྠི་ཀན་ས་མཱ་དྷི་ཛྙཱ་ན་དྷྲྀཀ །ཨོཾ་བི་ཤྭ་པདྨ་སརྦ་ཀརྨ་ཀཱ་རོ་བྷཱ་བ་ལ་ལི་ལུ་ལ་ལ་ལི་ཧཱུཾ་ཕཊ། དེ་ནས་ཕྱག་རྒྱ་གསང་བའི་ཡེ་ཤེས་བསླབ་བོ། །
ཆགས་ནས་དགོས་པ་ཐམས་ཅད་ནི། །བསྒྲུབ་པར་བྱ་སྟེ་དམ་ཚིག་འདི། །བསྒྲུབ་པར་དཀའ་བའི་ཕྱག་རྒྱ་ཡང་། །རྣལ་འབྱོར་གྱིས་ནི་མྱུར་དུ་འགྲུབ། །དེ་ལ་འདིའི་དམ་ཚིག་གི་སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་སཱ་དྷ་ཡ་པདྨ་རཱ་ག་སམ་ཡ་ཨ། དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་

ཆེན་པོ་ཐམས་ཅད་བསླབ་པར་བྱའོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྟོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཨོཾ་སརྦ་
ཛ་གཏྤི་ནཱ་ཡ་མ་ཧཱ་སཏྭ་ཨ། ཨཱ་གཙྪ་ཤཱི་གྷྲཾ་བི་ཤྭ་རཱུ་པཾ་སན་དྷཱ་རཱ་ཡ་མ་མེ་ཙ་སརྦ་སིདྷཱ་ཡ་པྲ་ཡཙྪ་ཧྲཱིཿ། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །
འགྲོ་བ་འདུལ་བའི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་དུ་པདྨ་ཡང་། །དེ་བཞིན་དུ་ནི་བྲི་བར་བྱ། །དེར་ནི་འདབ་མ་ཀུན་ཁྱབ་པའི། །སྣ་ཚོགས་གཟུགས་ནི་བྲི་བར་བྱ། །དེ་ནས་དཀྱིལ་འཁོར་འདིར་ཆོ་ག་རྒྱས་པ་ཇི་ལྟ་
བ་བཞིན་དུ་བཙུད་ནས། དེ་བཞིན་དུ་བསྒོ་སྟེ་འགྲོ་བ་ཐམས་ཅད་འདུལ་བའི་ཡེ་ཤེས་བསླབ་བོ། །འགྲོ་བ་འདུལ་བ་ཞེས་བྱ་བའི། །དཀྱིལ་འཁོར་ལེགས་པར་བྲིས་ནས་ཀྱང་། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །སྣ་ཚོགས་འཆང་དང་འདྲ་བར་འགྱུར། །དེ་ནས་འགྲོ་བ་འདུལ་བའི་
གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །སྣ་ཚོགས་གཟུགས་ཀྱི་ཏིང་འཛིན་དུ། །མཉམ་པར་བཞག་པས་བསྒོམས་ནས་ཀྱང་། །དབང་པོ་གཉིས་ནི་སྦྱར་བར་བྱ། །དཀྱིལ་འཁོར་དེ་ནི་དེ་གྲུབ་བོ། །དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཅིང་བ་རྣམས་བསླབ་པར་བྱའོ། །དངོས་གྲུབ་རྣམས་ཀྱང་
དེ་བཞིན་ནོ། །དེ་བཞིན་དུ་རས་ལ་སོགས་པ་ལ་ཡང་བྱའོ་ཕྱག་རྒྱ་གཞན་རྣམས་ཀྱང་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་དུ་ཕྱག་རྒྱ་ལ་སོགས་པ་ཡང་འགྲུབ་པར་འགྱུར་རོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་
ལེགས་སོ་ཞེས་བྱ་བ་བྱིན་པ། དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པ། །རྡོ་རྗེ་ཐེག་པ་བླ་མེད་ཀྱི། མདོ་སྡེ་འདི་ནི་ལེགས་བཤད་པ། །ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ལས་རྟོག་པའི་རྒྱལ་པོ་ཆེན་པོ་དུམ་བུ་གསུམ་པ་རྫོགས་སྷོ།། །།བམ་པོ་བདུན་པ། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་
ཏུ་འདུས་ནས་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་རིན་པོ་ཆེ་རྡོ་རྗེ་འཛིན་པ་དེ་ཉིད་དེ། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ལ་མིང་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་བོ། །ནམ་མཁའི་སྙིང་པོ་སེམས་ཅན་དོན། །སེམས་དཔའ་ཆེན་པོ་གཟི་ཆེན་པོ། །
རིན་ཆེན་ཆེ་བའི་རིན་ཆེན་མཆོག །རྡོ་རྗེ་རིན་ཆེན་ཁྱོད་ཕྱག་འཚལ། །དབང་བསྐུར་སྦྱིན་པ་རིན་ཆེན་ཆེ། །དག་པ་ཆེ་ཞིང་དགེ་བ་ཆེ། །སངས་རྒྱས་རིན་ཆེན་རྣམ་དག་སྐུ། །རིན་ཆེན་རིན་ཆེན་ཁྱོད་ཕྱག་འཚལ། །ནམ་མཁའ་ནམ་མཁའ་ལས་བྱུང་བ། །ནམ་མཁའ་ཀུན་གྱི་འོད་ཆེ་བ། །
ནམ་མཁའི་དབྱིངས་ཀྱི་ཕྱོགས་ཀུན་གྱི། །རེ་ཀུན་མཆོག་ནི་ཁྱོད་ཕྱག་འཚལ། །རིན་ཆེན་མཛོད་སྤུ་རིན་ཆེན་འབྱུང་། །སངས་རྒྱས་མཛོད་སྤུ་བདེ་གཤེགས་རབ། །རིན་ཆེན་ཐམས་ཅད་རབ་ཀུན་མཆོག །རིན་ཆེན་དགོས་པ་ཁྱོད་ཕྱག་འཚལ། །རིན་ཆེན་རིན་མཆོག་རིན་ཆེན་དྲག །
དེ་བཞིན་གཤེགས་པ་ཀུན་རིན་ཆེན། །རིན་ཆེན་དམ་པ་ནམ་མཁའ་ཆེ། །མཁའ་མཉམ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱན་ཡིན་པས་ནི་མཛེས་པ་ཆེ། །མཛེས་པར་སྣང་ཞིང་རབ་མཛེས་མཛད། །དོན་ཀུན་དག་ཅིང་དག་པའི་དོན། །སྦྱིན་སྤྱོད་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་རིན་ཆེན་
ནི་རྣམ་དགེ་མཆོག །དགེ་འདུན་རིན་ཆེན་དེ་བཞིན་གཤེགས། །དབང་བསྐུར་ཆེན་པོ་འཇིག་རྟེན་དོན། །དོན་སྦྱིན་ཁྱོད་ལ་ཕྱག་འཚལ་ལོ། །སྦྱིན་པར་རབ་སྦྱིན་སྦྱིན་པའི་མཆོག །གཏོང་ཞིང་གཏོང་མཆོག་སྦྱིན་མཛད་པ། །སེམས་ཅན་ཀུན་དོན་དེ་ཉིད་དོན། །དོན་ཆེན་དོན་ནི་ཁྱོད་
ཕྱག་འཚལ། །བསམ་པའི་རྒྱལ་པོ་གཟི་བརྗིད་ཆེ། །སྦྱིན་པའི་ཕ་རོལ་ཕྱིན་པའི་ཚུལ། །དེ་བཞིན་གཤེགས་པ་སེམས་དཔའ་ཆེ། །སངས་རྒྱས་ཀུན་ཏེ་ཁྱོད་ཕྱག་འཚལ། །དེ་བཞིན་གཤེགས་པ་རིན་ཆེན་ཆེ། །དེ་བཞིན་གཤེགས་པ་འོད་ཆེ་སྟེ། །དེ་བཞིན་གཤེགས་པ་དཔལ་

ཆེན་པོ། །བཞད་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དབང་བསྐུར་མཆོག །དབང་ཆེན་ཁྱབ་པ་ཆེན་པོ་སྟེ། །འཇིག་རྟེན་མགོན་རབ་འཇིག་རྟེན་མཆོག །འཇིག་རྟེན་ཉི་མ་ཁྱོད་ཕྱག་འཚལ། །རིན་ཆེན་ཕུལ་ཏེ་རབ་ཀྱི་མཆོག །རིན་ཆེན་རྒྱན་ཏེ་རིན་ཆེན་
མཛོད། །རིན་ཆེན་སྣང་བས་སྣང་བ་ཆེ། །རིན་ཆེན་གྲགས་པ་ཁྱོད་ཕྱག་འཚལ། །རིན་ཆེན་ཕུང་པོ་རིན་ཆེན་འབྱུང་། །ནོར་བུ་རྡོ་རྗེ་ནོར་ཡོན་ཏན། །རིན་ཆེན་འབྱུང་བསྐུར་བ་འབར། །རིན་ཆེན་སྐུ་སྟེ་ཁྱོད་ཕྱག་འཚལ། །ཆེ་ཉིད་ཤིང་སྟེ་རིན་ཆེན་དབང་། །རེ་བ་ཐམས་ཅད་སྐོང་མཛད་
པ། །བསམ་པ་ཐམས་ཅད་ལེགས་པར་མཉེས། །རིན་ཆེན་ཕུང་པོ་ཁྱོད་ཕྱག་འཚལ། །འོད་མཆོག་ཁྱབ་པའི་བདག་ཉིད་ཀུན། །མཆོག་རབ་སྦྱིན་ཞིང་མཆོག་ཆེ་བ། །ཕུན་སུམ་ཐམས་ཅད་འབྱོར་པའོ། །རྡོ་རྗེ་སྙིང་པོ་བདག་ཕྱག་འཚལ། །མིང་བརྒྱ་རྩ་བརྒྱད་ཞི་བ་འདི། །
སུ་ཡང་རུང་བས་འཆང་བྱེད་ན། །སངས་རྒྱས་ཀུན་གྱིས་དབང་བསྐུར་བ། །སྐད་ཅིག་ཏུ་ནི་སྡིག་མེད་འཐོབ། །རིན་ཆེན་ཁྱོད་ལ་གསོལ་བ་ནི། །ནོར་འདུས་བ་ནི་བཤད་པར་མཛོད། །སངས་རྒྱས་ཀུན་གྱི་དབང་གི་མཆོག །ངེས་པའི་རིགས་ནི་བསྐྱེད་པར་མཛོད། །དེ་ནས་བྱང་
ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་འདི་ཐོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གི་དམ་ཚིག་ཅེས་བྱ་བ་རང་གི་སྙིང་པོ་འདི་གསུངས་སོ། །ཨོཾ་བཛྲ་རཏྣ་ཧཱུྃ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ནོར་བུའི་དམ་ཚིག་ཅེས་བྱ་བའི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཤ་པ་རི་པཱུ་ར་ཎ་མ་ཧཱ་ར་ཏྣ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིགས་འབྱུང་བའི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཧཱུྃ་ཏྲ། དེ་ནས་བྱང་ཆུབ་སེམས་དཔའ་
ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་མ་ཎི་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིགས་འབྱུང་བའི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་པདྨ་ཧྲཱིཿ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་

གསུངས་སོ། །ཨོཾ་བི་ཤྭ་རཏྣ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གི་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་སྙོམས་པར་ཞུགས་མ་ཐག་ཏུ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལྟ་བུ་འོད་ཟེར་རྣམས་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གིས་དབང་བསྐུར་ནས་ཡང་གཅིག་ཏུ་གྱུར་ཏེ་བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་ཐུགས་ཀར་ཞུགས་སོ། །དེ་ནས་ནམ་མཁའི་སྙིང་པོའི་ཐུགས་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཀུན་ནས་འོད་ཟེར་འབར་བའི་སྙིང་པོ་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་དབང་བསྐུར་ལ་སོགས་པའི་བཀོད་པ་དང་། རྒྱན་གྱིས་
བརྒྱན་པའི་སྐུ་རྡོ་རྗེའི་ནོར་བུའི་རིན་པོ་ཆེའི་ཕྱག་རྒྱའི་མཚན་མ་ཕྱག་ན་བསྣམས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུ་རྣམས་སུ་གྱུར་ཏེ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རིན་པོ་ཆེ་ཆེན་པོའི་ཆར་འབབ་པ་ལ་སོགས་པ་ནོར་བསྐྱང་བ་རྣམས་ཀྱིས་སེམས་ཅན་རྣམས་མགུ་བར་བྱས་ནས་
ཡང་སླར་བྱོན་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་ཐམས་ཅད་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་ཐམས་ཅད་བསྡུས་པ་ནི། །
རྡོ་རྗེ་རིན་ཆེན་རིགས་ཉིད་དུ། །འགྲོ་བའི་དོན་དུ་འདི་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་རང་གི་རིགས་བསྐྱེད་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་ཕུལ་ཏེ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་
བའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བ་ལ། །ཐམས་ཅད་གྲུབ་པ་ཞེས་བཤད་པ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་བརྒྱན་པ་སྟེ། །སྲད་བུ་བཞི་དང་ལྡན་པ་ལ། །དར་དང་ཕྲེང་བ་

ལྡ་ལྡིས་བརྒྱན། །དཀྱིལ་འཁོར་ཆེན་པོ་གྲྭ་རྣམས་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །ཕྱི་ཡི་དཀྱིལ་འཁོར་སྲད་བུས་བྲེ། །དེ་ཡི་ནང་དུ་རྡོ་རྗེ་ཡི། །རིན་ཆེན་ལས་བྱུང་གནས་བྱ་ཞིང་། །ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །རིན་ཆེན་སྣ་ཚོགས་འོད་འབར་
བའི། །དཀྱིལ་འཁོར་ལྔར་ནི་བརྒྱན་གྱུར་པར། །དེར་ནི་སྲད་བུ་བྲེ་བར་བྱ། །རང་གི་ཕྱག་རྒྱས་བསྐོར་བ་ཡི། །དེར་ནི་སངས་རྒྱས་གཞག་པར་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་བུདྡྷ་རཏྣ་ཧཱུྃ། ཨོཾ་བཛྲ་མ་ཎི་ཧཱུྃ། ཨོཾ་བཛྲ་རཏྣ་ཨཾ་ཀུ་རུ་ཧཱུྃ། ཨོཾ་བཛྲ་རཏྣ་པདྨ་ཧཱུྃ།
ཨོཾ་བཛྲ་རཏྣ་པརྵ་ཧཱུྃ། རེ་བ་ཀུན་གྲུབ་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་། །རྡོ་རྗེ་སྙིང་པོ་དེར་གནས་ཤིང་། །རིན་ཆེན་མཆོག་ནི་སྦྱིན་པར་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །རིན་ཆེན་ཕྱག་རྒྱར་ལྡན་པ་ཡི། །སེམས་དཔའ་
ཆེན་པོ་རྣམས་བྲིའོ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་སརྦ་ཨརྠ་སིདྡྷི་པྲ་ད་ཧཱུྃ། ཨོཾ་བཛྲ་མ་ཎི་ཙིནྡྷྱ་ཧ་ན་ཨཱ་ཀཱ་ཤ་གརྦྷ་བྷ་ག་བཱ་ན་སིང་དྷྱ་སིད་དྷྱ་ཧཱུྃ། ཨོཾ་རཏྣ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ་སརྦ་ཨརྠཱ་ན་ས་མ་ཡ་ཤཱི་གྷྲཾ། སརྦ་ཏ་ཐཱ་ག་ཏ་སཏྭ་མ་ནུ་སྨ་ར་ཧཱུྃ། ཨོཾ་ཏི་རཱ་ག་བ་ཤི་ཀུ་རུ་སརྦ་ན་ཀྵ་ཤགརྦྷ་ཧཱུྃ།
ཨོཾ་རཏྣ་དུཥྚི་ཧཱུྃ། རིན་ཆེན་ཕྲེང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །རིན་ཆེན་ཕྲེང་བ་འཛིན་པའི་མཆོག །ངེས་པའི་དབུས་སུ་ལེགས་པར་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་པར། །ནོར་བུའི་མཚན་རྣམས་ལག་ཐོགས་པའི། །སེམས་
དཔའ་ཆེན་པོ་རྣམས་བྲིའོ། །དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་རཏྣ་ཏིཥྛ་ཏྲ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་རཏྣ་མཱ་ལེ་ཧཱུཾ། ཨོཾ་ར་ཏྣ་མ་ཎི་སཱུརྱེ་ཧཱུྃ། ཨོཾ་ཙནྡྲ་མ་ཎི་དྷྭ་ཛ་སརྦཱ་ཤཱ་པ་རི་པཱུ་ར་ཨཱ་ཀཱ་ཤ་གརྦྷ་ཧཱུྃ། ཨོཾ་རཏྣཱཊྚ་ཧཱ་ས་ཧཱ་ས་ཧཱུྃ། རིན་ཆེན་པདྨའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །
རིན་ཆེན་པདྨ་འཛིན་ཁྱབ་པ། །དེ་དབུས་གནས་པར་བྲི་བར་བྱ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་པར། །ནོར་བུ་མཚན་མ་འཆང་བ་ཡི། །སེམས་དཔའ་ཆེན་པོ་རྣམས་བྲིའོ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་རཏྣ་པདྨ་ཧཱུྃ། ཨོཾ་ཧེ་གས་

མཱ་དྷི་ཛྙཱ་ན་གརྦྷ་ཧཱུྃ། ཨོཾ་རཏྣ་ཀོ་ཥ་གྲ་ཧཱུྃ། ཨོཾ་མ་ཎི་ཙ་ཀྲ་པྲ་རྟྟཱ་ཡ་ཧཱུྃ། ཨོཾ་རཏྣ་བ་ཤཱི་ཧཱུྃ། རིན་ཆེན་ཆར་འབེབས་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །རིན་ཆེན་ཆར་ནི་རབ་འབེབས་པའི། །སེམས་དཔའ་ཆེན་པོ་དེར་ཡང་བྲི། །དེ་ཡི་ཕྱོགས་
རྣམས་ཐམས་ཅད་དུ། །མདོར་ན་ལག་ན་ཕྱག་རྒྱ་ཡང་། །རིན་ཆེན་མཚན་མར་ལྡན་པ་ཡི། །སེམས་དཔའ་ཆེ་རྣམས་ཆོ་ག་བཞིན། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་རཏྣ་བྲྀཥྚི་བརྵ་ཡ་སརྦ་བརྟ་སམྦྷ་དྷ་བྷ་ག་བཱན་མ་ཎི་ཧསྟ་ཧཱུྃ། ཨོཾ་མ་ཎི་པཱུ་ཛ་ས་མ་ཡ་ཧཱུྃ། ཨོཾ་མ་ཎི་བན་དྷ་ཀ་བ་
ཙ་ཧཱུྃ། ཨོཾ་མ་ཎི་དཾཥྚ་ཀ་རཱ་ལ་མ་ཧཱ་ཡཀྵ་ཧ་ར་ཧ་ར་སརྦཱ་རྠཱན་ཏི་ཤ་ཡ་ཧཱུཾ། ཨོཾ་མ་ཎི་རཏྣ་བན་དྷ་ས་མ་ཡ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་པར། །རིན་ཆེན་ལཱ་སྱེ་ལ་སོགས་བྲི། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་
སོ། །ཨོཾ་རཏྣ་ར་ཏི་ཧཱུྃ། ཨོཾ་རཏྣ་མཱ་ལེ་ཧཱུྃ། ཨོཾ་རཏྣ་གཱི་ཏི་ཧཱུྃ། ཨོཾ་རཏྣ་ནྲྀ་ཏྱེ་ཧཱུྃ། ཕྱི་ཡི་དཀྱིལ་འཁོར་དམ་པ་ནི། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཕྱི་ཡི་དཀྱིལ་འཁོར་གྲྭ་རྣམས་སུ། །བདུག་པའི་མཆོད་པ་ལ་སོགས་བྲི། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་རཏྣ་དྷཱུ་པེ་རཏྣེ།
ཨོཾ་པུཥྤེ་མ་ཎི། ཨོཾ་རཏྣ་ཨཱ་ལོ་ཀེ། ཨོཾ་མ་ཎི་གན་དྷེ། སྒོ་རྣམས་བཞི་ཡི་དབུས་སུ་ནི། །སྒོ་བ་རྣམས་ནི་གཞག་པར་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་སརྦ་རཏྣ་ཨཱ་ཀརྵ་ཨ་རུ་ཎ་མ་ཧཱ་ས་ཧཱ་བྷ་ག་བཱ་ན་ཏྭཾ་ཨཱ་ཀཱ་ཤ་གརྦྷཾ་ཙོ་དཱ་ཡ་ཨཱ་ཀརྵ་ཡ་ཤཱི་གྷྲཾ་ཧོ་ཛ། ཨོཾ་སརྦ་རཏྣ་པྲ་བེ་ཤ་ཡ།
ས་མ་ཡ་པྲ་བེ་ཤ་ཡ་ས་མ་ཡ་མ་ཧཱ་མ་ཎི་རཱ་ཛཱ་ཀུ་ལཾ་རཏྣ་པཱ་ཤ་ཧཱུྃ། ཨོཾ་མ་ཎི་བ་ན་དྷ་ཧཱུྃ་བཾ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨ། དེ་ནས་དཀྱིལ་འཁོར་ཆེན་པོ་འདིར་ནོར་བུ་རིན་པོ་ཆེའི་སློབ་དཔོན་ཉིད་ཇི་ལྟ་བ་བཞིན་ཞུགས་ཏེ་ཆོ་ག་རྒྱས་པ་བདག་ཉིད་ཀྱིས་བྱས་ལ། དེ་ནས་རིན་པོ་ཆེ་ས་བྱིན་གྱིས་བརླབས་པའི་བུམ་
པ་གང་བའི་ཆུས་ནོར་བུའི་སློབ་མ་དབང་བསྐུར་ཏེ། རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྙིང་པོ་འདི་བརྗོད་དོ། །ཨོཾ་བཛྲ་མ་ཎི་རཏ་ས་མ་ཡ་བཾ། དེ་ནས་ཁ་དོག་ཇི་ལྟ་བུ་རྙེད་པའི་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་དེ་དང་འདྲ་བས་མིག་གཡོགས་ལ་སྙིང་པོ་འདི་བརྗོད་དུ་བཅུག་སྟེ་གཞུག་

པར་བྱའོ། །ཨོཾ་ཧཱུྃ་མ་ཎི་རཱ་ཛ་ཀུ་ལཾ། དེ་ནས་ད་ལྟར་བཅུག་ནས་འདི་སྐད་དུ་ཁྱོད་ཀྱིས་འདི་སུ་ལ་ཡང་མ་བརྗོད་ཅིག །ཁྱོད་ཚེ་རབས་ཐམས་ཅད་དབུལ་པོར་གྱུར་ཏ་རེ། སྡུག་བསྔལ་ལས་མི་ཐར་བར་གྱུར་ཏ་རེ། སེམས་ཅན་དམྱལ་བར་ཡུན་རིང་པོར་གནས་པར་གྱུར་ཏ་རེ་ཞེས་བསྒོ་ལ་
དམ་ཚིག་གཉིས་སུ་བྱའོ། །ཐེག་པ་ཆེན་པོ་མངོན་པར་འདུས་པ་ཡང་བརྗོད་པར་བྱའོ། །དེ་ནས་བསམ་པ་དང་གཏེར་ཆེན་པོ་གང་ན་ཡོད། ཇི་ལྟར་ཐོབ་པར་འགྱུར་ཞེས་རྡོ་རྗེའི་ཚིག་གིས་དྲི་བར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་
སྙིང་པོས་ཐམས་ཅད་སྨྲར་སྩོལ་ཅིག་ཅེས་སྨྲས་མ་ཐག་ཏུ་གདོང་གཡོགས་པ་བཀྲོལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གི་དམ་ཚིག་ཀྱང་བསྟན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །དེ་ནས་ཅི་འབྱོར་པས་
མཆོད་པ་བྱས་ནས་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེ། །ཤིན་ཏུ་མཉམ་པར་བཞག་པས་བཅིངས། །གཏེར་བརྐོས་ནས་ནི་གང་དག་ན། །གཏེར་ཡོད་པ་ནི་དེ་མཐོང་འགྱུར། །དམ་ཚིག་གི་ནི་མཆོག་བཅིངས་ལ། །གང་
ན་གཏེར་རྣམས་ཡོད་གྱུར་པ། །དེར་ནི་ཕྱག་རྒྱ་བཙིར་ན་ནི། །དེ་ཚེ་བདག་ཉིད་འབྱུང་བར་འགྱུར། །རྡོ་རྗེ་སྙིང་པོའི་ཏིང་འཛིན་དུ། །ཤིན་ཏུ་མཉམ་བཞག་བསྒོམས་ན་ནི། །གང་ན་གཏེར་རྣམས་ཡོད་པ་ཡང་། །ཡིད་ཀྱིས་ཤེས་པ་ཉིད་དུ་འགྱུར། །རྡོ་རྗེའི་སྙིང་པོའི་ཏིང་འཛིན་གྱིས། །ལས་
ཀྱི་ཕྱག་རྒྱ་བཅིངས་ནས་ནི། །གང་དུ་ཕྱག་རྒྱ་བབས་གྱུར་ན། །དེ་ན་གཏེར་ཡོད་ཤེས་པར་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་མ་ཧཱ་མ་ཎི་རཏྣ་ཨཱ་བི་ཤ་ཧཱུྃ། ཨོཾ་མ་ཎི་པིཎྜ་པ་རི་ཤ་ཡ་ཧཱུྃ། ཨོཾ་རཏྣ་ས་མཱ་དྷི་བྲཱུ་ཧི། ཨོཾ་རཏྣ་ཨཱ་བི་ཤ་དརྵ་ཡ་ཧཱུྃ། ཕྱག་རྒྱ་ཆེན་པོར་བསྒོམས་ན་
ནི། །གང་དུ་ལུས་ནི་ཁོར་གྱུར་པ། །དེ་ན་རིན་ཆེན་གཏེར་ཡོད་པར། །དམ་ཚིག་ཉིད་ཀྱིས་ཤེས་པར་བྱ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །གང་དུ་བབས་ནས་གཉིས་གྱུར་པ། །དེ་ནི་རིན་ཆེན་ཆེན་པོ་ཡི། །གཏེར་ཡོད་པར་ནི་ཤེས་པར་བྱ། །ཏིང་འཛིན་ཕྱག་རྒྱ་བཅིངས་ནས་

ནི། །གང་ལ་བབས་པ་བདག་ཉིད་ཀྱིས། །རིན་ཆེན་ཆེན་པོ་བདག་ཉིད་ཀྱིས། །གཏེར་ནི་གང་ན་ཡོད་པར་སྨྲ། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང་། །གང་ཚེ་ལག་གཉིས་ཕན་ཚུན་དུ། །བབས་ནས་དམ་ཚིག་བཅིངས་གྱུར་པ། །དེ་ནི་གཏེར་ནི་ཡོད་པར་བཤད། །
དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་མ་ཧཱ་རཏྣ་ཀཱ་ཡ་དརྴ་ཡ་རཏྣ། ཨོཾ་ཨཱ་ཀཱ་ཤ་གརྦྷ་མ་ཎི་རཏྣ། ཨོཾ་སྥོ་ཊ་སྥོ་ཊ་ཡ་ཏྲ་ནི་དྷི། ཨོཾ་མ་ཎི་རཏྣ་ཛྙཱ་ན་སྭ་ཡཾ་བྲཱུ་ཧི། ཨོཾ་བུ་ན་ས་མ་ཡ་བན་དྷ་དརྵ་ཡ་སྭཱ་ཧཱ། ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི། །དེ་བཞིན་གང་དུ་དོགས་གྱུར་པ། །དེ་ནི་རིན་
ཆེན་འབྱུང་བ་ཡི། །གཏེར་ཡོད་ཡེ་ཤེས་ཤེས་པར་བྱ། །གང་དུ་དོགས་ཡོད་དེར་ཡང་ནི། །དམ་ཚིག་མཆོག་ནི་མཆོག་བཅིངས་ལ། །གང་ཚེ་ཉིད་ནི་གྲོལ་གྱུར་པ། །དེ་ན་གཏེར་ནི་ཡོད་པར་བཤད། །ཏིང་འཛིན་ཕྱག་རྒྱ་བཅིངས་ནས་ནི། །གང་དུ་ངེས་པར་དོགས་གྱུར་པ། །དེ་ན་ངེས་པར་གཏེར་
ཡོད་པར། །ཡེ་ཤེས་བསྐྱེད་དེ་ཤེས་པར་བྱ། །གང་ན་ཡང་དང་ཡང་དོགས་པ། །ལས་ཀྱི་ཕྱག་རྒྱ་ཆོ་ག་བཞིན། །དེར་བཅིངས་དེ་ནི་གཉིས་གྱུར་པ། །གཏེར་ཡོད་པར་ནི་ཤེས་པར་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་ནི་དྷི་ཛྙཱ་ན་ཨཱ་བི་ཤ། ཨོཾ་རཏྣ་ས་མ་ཡ་མུཉྩ་ནི་དྷི་བནྡྷཾ།
ཨོཾ་དྷརྨ་རཏྣ་བྲུ་ཧེ་ནི་དྷི་ནཾ། ཨོཾ་སརྦ་ཀརྨ་ནི་སྥོ་ཊ་ཡ་དརྴ་ཡ་ནི་དྷིཿབན་དྷོ་དཱ་ཀྵི་པ། ཕྱག་རྒྱ་ཆེན་པོར་བསྒོམས་ནས་ནི། །གཏེར་རྣམས་ཀུན་དུ་བཙལ་ནས་ཀྱང་། །གང་ན་གནས་པ་དེར་བབས་ན། །དེ་ན་གཏེར་ནི་ཡོད་པར་བཤད། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །གཏེར་རྣམས་
ཀུན་དུ་བཙལ་ནས་ནི། །གང་ན་གནས་པ་བརྟག་གྱུར་པ། །དེ་ན་གཏེར་ནི་ཡོད་པར་བཤད། །ཏིང་འཛིན་ཕྱག་རྒྱ་བཅིངས་ནས་ནི། །གཏེར་རྣམས་ཀུན་དུ་བཙལ་ནས་ཀྱང་། །གང་ན་ཡོད་པར་རྟག་ཏུ་ཤེས། །དེ་ན་གཏེར་ནི་ཡོད་པར་བཤད། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །གཏེར་
རྣམས་ཀུན་དུ་བཙལ་ནས་ཀྱང་། །གང་ན་ཡོད་པར་ལས་ཕྱག་རྒྱ། །བསྐོར་བ་དེ་ན་ཡོད་པར་བཤད། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་རཏྣ་པ་རཀྵི་ཨཱ་བེ་ཤ །ཨོཾ་རཏྣ་ས་མ་ཡ་ཧྲྀ་ད་དརྵ་ཡ། །ཨོཾ་རཏྣ་པར་ཀྵི་ཛྙཱ་ན་ཨཱ་བེ་ཤ །ཨོཾ་མ་ཎི་ཀརྨ་བྲཧྨཱ་ཡ། དེ་ནས་གསང་བའི་ཕྱག་རྒྱའི་

ཡེ་ཤེས་བསླབ་པར་བྱའོ། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །གཏེར་རྣམས་ཀུན་དུ་ཚོལ་བྱེད་ཅིང་། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །བབས་པར་གྱུར་ན་གཏེར་རྙེད་དོ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །བུད་མེད་དང་ནི་རྩེ་བྱེད་ཅིང་། །གང་དུ་ཕྱག་རྒྱ་དམ་གྱུར་པ། །དེ་ན་གཏེར་
ནི་ཡོད་པར་བཤད། །དབང་པོ་གཉིས་ནི་མཉམ་སྦྱར་ན། །གཏེར་རྣམས་ཀུན་དུ་ཚོལ་བྱེད་ཅིང་། །ཡེ་ཤེས་ཕྱག་རྒྱ་བསྒོམས་ནས་ནི། །གཏེར་གྱི་ཡེ་ཤེས་འཇུག་པར་འགྱུར། །དབང་པོ་གཉིས་ཀྱི་ཏིང་འཛིན་གྱིས། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །གང་དུ་ཕྱག་རྒྱ་གཉིས་གྱུར་པ། །
དེ་ན་གཏེར་ནི་ཡོད་པར་བཤད། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་མ་ཧཱ་མ་ཎི་སཾ་ཡོ་ག་བེ་ཤ། ཨོཾ་ས་མ་ཡ་སཾ་ཡོ་ག །དྲྀ་ཌྷོ་མེ་བྷ་བ། ཨོཾ་དི་ནི་ཛྙ་ན་ཨཱ་བེ་ཤ་སཾ་ཡོ་ག །ཨོཾ་སརྦ་ཀརྨ་སཾ་སྥོ་ཊ་སཾ་ཡོ་ག །དེ་ནས་ནོར་བུའི་རིགས་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་ཐམས་ཅད་བསླབ་བོ། །
དེ་ནས་ཕྱག་རྒྱ་ཆེན་པོ་འདི་ཡིན་ཏེ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཇི་ལྟ་བ་ཡི་རི་མོ་བཞིན། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །དོན་གྱི་མཆོག་ཀུན་འགྲུབ་པར་འགྱུར། །དེ་ནས་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ལས་ནི་འདི་རྣམས་ཡིན་ནོ། །སངས་རྒྱས་ཕྱག་རྒྱ་སངས་རྒྱས་ཉིད། །
རྡོ་རྗེ་སྙིང་པོས་གཉིས་རབ་འགྲུབ། །རིན་ཆེན་ལྕགས་ཀྱུས་ཀུན་སྤྱན་འདྲེན། །ནོར་བུ་དགའ་བས་རྗེས་དགར་བྱེད། །ནོར་བུ་མགུ་བས་དགྱེས་པར་བྱེད། །ནོར་བུ་ལྟ་བས་ནོར་ཐོབ་བོ། །ནོར་བུ་ཕྲེང་བས་དབང་བསྐུར་ཞིང་། །ནོར་བུ་ཉི་མས་གཟི་བརྗིད་མཆོག །ཡིད་བཞིན་ནོར་བུས་ཇི་དགར་
སྦྱིན། །རིན་ཆེན་བཞད་པས་ནོར་ཐོབ་འགྱུར། །རིན་ཆེན་ཆོས་ཀྱིས་ཆོས་ཀྱང་ཐོབ། །གཏོང་བའི་དཔལ་གྱིས་དམ་པ་རྙེད། །རིན་ཆེན་རལ་གྲིས་མཚོན་ཆེན་པོ། །རིན་ཆེན་འཁོར་ལོས་དབང་པོར་འགྱུར། །སྨྲ་བས་བཙལ་བའི་དངོས་གྲུབ་འཐོབ། །རིན་ཆེན་ཆར་གྱིས་ནོར་ཆེན་པོ། །ནོར་
བུའི་མཆོད་པས་རབ་མཆོད་ཉིད། །རིན་ཆེན་ཆོས་ཀྱིས་བརྟན་པར་བྱེད། །རིན་ཆེན་མཆེ་བས་ནོར་ཐོབ་བོ། །ཁུ་ཚུར་ནོར་བུས་དངོས་གྲུབ་འཐོབ། །དེ་ནས་དཀྱིལ་འཁོར་ཆེན་པོ་འདིའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ། །རྡོ་རྗེ་རིན་ཆེན་ཕྱག་རྒྱས་ནི། །སངས་རྒྱས་ཀུན་གྱིས་དབང་

བསྐུར་འཐོབ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ནས། །རྡོ་རྗེ་རིན་ཆེན་གྲུབ་པར་འགྱུར། །རྡོ་རྗེ་གཉིས་ལས་ནོར་བུར་བྱས། །རྡོ་རྗེ་འཛིན་ལས་ནོར་འཐོབ་བོ། །དེ་ཉིད་མཐེ་བོ་རྡོ་རྗེ་ཡིས། །ནོར་བུ་སྦྱར་ཏེ་སྙིང་གར་གཞག །མཛུབ་གཉིས་པདྨའི་ནོར་བུར་བཅིངས། །འཇིག་རྟེན་དབང་
གིས་ནོར་བྱིན་འགྱུར། །རྡོ་རྗེ་ལས་ནོར་སྣ་ཚོགས་ཀྱི། །ནོར་བུ་ཆེན་པོའི་རྒྱལ་མཚན་སྦྱིན། །རྡོ་རྗེ་དབྱིངས་མཛུབ་ནོར་བུ་ཡིས། །སངས་རྒྱས་རིན་ཆེན་ཉིད་འཐོབ་བོ། །མཛུབ་མོ་བསྙམས་ཏེ་ཕྱིར་བཀུག་ལ། །མཐེ་བོ་རྡོ་རྗེར་བཅིངས་པ་ཡི། །རྡོ་རྗེ་སྙིང་པོའི་ཕྱག་ལས་བྱུང་། །འདི་ནི་
རྡོ་རྗེའི་ནོར་བུར་གསུངས། །འདི་ནི་བཅིངས་མ་ཐག་ཏུ་ཡང་། །རྡོ་རྗེའི་ནོར་བུ་ཆེན་པོ་འཐོབ། །མཛུབ་གཉིས་རིན་ཆེན་འདྲར་བཅིངས་ལ། །གུང་མོ་མྱུ་གུར་བསྒྲེང་བ་སྟེ། །འདི་ནི་བཅིངས་མ་ཐག་ཏུ་ཡང་། །རང་གི་དབང་བསྐུར་ཐོབ་པར་འགྱུར། །དེ་ནས་གུང་མོ་སྲིན་ལག་དང་། །
མཐེའུ་ཆུང་རྣམས་ནི་པདྨར་བྱ། །འདིས་ནི་ཀུན་དུ་སྤྱན་རས་གཟིགས། །མཚན་འཛིན་པས་ནི་ནོར་སྦྱིན་འགྱུར། །མཛུབ་མོ་མཐེ་བོ་མཐེའུ་ཆུང་རྣམས། །རྡོ་རྗེ་རིན་ཆེན་ཚུལ་དུ་བྱ། །གུང་མོ་གཉིས་ཀྱི་སེན་མོ་སྦྱར། །སྲིན་ལག་མྱུ་གུ་འདྲ་བར་བསྒྲེང་། །རྡོ་རྗེ་བསྡམ་པ་དམ་བྱས་
ལ། །མཛུབ་གཉིས་ནོར་བུར་བྱས་ནས་ཀྱང་། །མཐེབ་གཉིས་བརྐྱང་བའི་ངོས་སྙིང་གི། །དོན་ཀུན་གྲུབ་པ་སྦྱིན་པར་བྱེད། །རྡོ་རྗེ་བསྡམ་པ་བསྡམས་ནས་ཀྱང་། །གུང་མོ་གཉིས་ནི་ནོར་བུར་བྱ། །ནོར་བུ་མཚན་གྱི་ཕྱག་རྒྱ་འདི། །ནོར་བུ་ཆེན་པོ་རབ་སྦྱིན་ནོ། །དེ་ཉིད་ལས་ནི་མཛུབ་
མོ་གཉིས། །ལྕགས་ཀྱུའི་ཚུལ་དུ་བྱས་པ་ནི། །དོན་ཀུན་དགུག་པའི་ཕྱག་རྒྱ་སྟེ། །ནོར་བུ་རིན་ཆེན་ལྕགས་ཀྱུར་བཤད། །དེ་ཉིད་ལས་ནི་བསྒྱུར་ནས་ཀྱང་། །མཛུབ་མོས་མཛུབ་མོ་བཟུང་ནས་ནི། །མདའ་འཕང་བ་ཡི་ཚུལ་བྱས་ལ། །དྲངས་ནས་འགྲོ་བ་དགའ་བར་བྱེད། །དེ་ཉིད་ལས་ནི་
མཛུབ་མཐེ་བ་གཉིས། །སྦྱར་བ་ལེགས་སོ་ཞེས་བྱ་བའོ། །དེ་ནས་མཐེབ་གཉིས་སྦྱར་བ་ཡིས། །མཛུབ་གཉིས་རྩེ་མོ་སྦྱར་བ་དང་། །མཐེ་བོ་གཉིས་ནི་དབུས་སྦྱར་ལ། །མཛུབ་གཉིས་ངོས་དང་སྦྱར་བ་ནི། །ནོར་བུ་ལྟ་བར་བཤད་པ་སྟེ། །ལྟ་བའི་དོན་རྣམས་འཕྲོག་བྱེད་པའོ། །དོན་ཀུན་གྲུབ་

བའི་ཕྲེང་བ་ནི། །རང་གི་དབང་ནི་རབ་སྦྱིན་འགྱུར། །དེ་ཉིད་སྙིང་གར་མཐེ་བོ་གཉིས། །བསྒྲེང་སྟེ་ངོས་ཀྱིས་སྦྱར་བ་ནི། །ནོར་བུ་ཉི་མའི་སྙིང་གར་གཞག །གཟི་བརྗིད་ཆེན་པོ་རབ་སྦྱིན་འགྱུར། །སྲིན་ལག་བསྙམས་ཏེ་བསྒྲེང་ནས་ནི། །ཕྱེ་སྟེ་སྤྱི་བོར་གཞག་པར་བྱ། །རྡོ་རྗེ་ནོར་བུ་
ཆེན་པོ་གཙོ། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །དེ་ཉིད་ལས་ནི་འགྱིང་བྱེད་ཅིང་། །ཁ་འགྲམ་རྒོད་པར་བསྐོར་བ་སྟེ། །རིན་ཆེན་ཆར་རྒོད་ཞེས་བྱ་བ། །བཞད་པས་དོན་རྣམས་ཐམས་ཅད་འགྲུབ། །ཏིང་ངེ་འཛིན་དུ་སོར་མོ་བསྒོམ། །ནོར་བུ་པདྨ་ནོར་འཆང་བའི། །དེ་ནས་མཐའ་ནས་
གྲོལ་བ་ནི། །སྦྱིན་པ་ཆེན་པོ་རབ་སྦྱིན་བྱེད། །མཐེ་བོ་གཉིས་ནི་ནང་དུ་དགུག །མཛུབ་གཉིས་ནོར་བུར་བྱས་པ་ནི། །ནོར་བུ་རལ་གྲི་ཡིན་ཏེ་མཐུས། །འགྲོ་བ་རྣམས་ཀྱི་ནོར་འཕྲོག་པའོ། །རྡོ་རྗེ་བསྡམས་ལས་འཁོར་ལོར་བྱ། །མཐེབ་གཉིས་ནང་དུ་བཅུག་ནས་ཀྱང་། །མཛུབ་གཉིས་ནོར་
བུ་འདྲར་བྱས་པ། །འཁོར་ལོས་སྒྱུར་བ་ཐོབ་པར་བྱེད། །དེ་ཉིད་ཐལ་མོའི་ཚུལ་དུ་བྱས། །ཁ་ནས་འདྲེན་པར་བྱས་པ་ནི། །དེ་བཅིངས་ནས་ནི་ངག་གིས་ཀྱང་། །རང་གི་བཀས་ནི་ནོར་འཕྲོག་འགྱུར། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །རིན་ཆེན་ཆར་ནི་རབ་འབེབས་ཏེ། །སོར་མོ་ཐམས་ཅད་
བསྒྲེང་བ་ནི། །ཕྱོགས་བཞི་ནས་ནི་ནོར་ཆར་འབེབས། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །གར་བྱས་གཙུག་ཕུད་དབུས་བཞག་ནས། །ཀུན་ལ་ཆོ་ག་བཞིན་མཆོད་ན། །རིན་ཆེན་ཀུན་གྱིས་དེ་མཆོད་འགྱུར། །དོན་ཀུན་གྲུབ་པའི་ཕྱག་རྒྱས་ནི། །མགྲིན་པའི་ཕྱོགས་སུ་འཁྱུད་པར་བྱ། །
ནོར་བུ་བཅིངས་པ་ཞེས་བྱ་སྟེ། །བསྲུང་བ་ཡི་ནི་ཆོ་གར་གྲགས། །དོན་ཀུན་གྲུབ་པ་དེ་ཉིད་ལས། །གནོད་སྦྱིན་ཚུལ་དུ་ཁར་བཞག་པ། །ནོར་བུ་མཆེ་བ་ཞེས་བྱ་སྟེ། །འཇིག་བྱེད་དོན་ཀུན་འཕྲོག་བྱེད་པའི། །རྡོ་རྗེ་བསྡམ་པ་དམ་བྱས་ལ། །མཛུབ་བཀུག་མཐེ་བོ་གཉིས་ཀྱིས་ནི། །ལེགས་
པར་མནན་ཏེ་བཙིར་བ་ནི། །ནོར་བུའི་ཁུ་ཚུར་དངོས་གྲུབ་འཐོབ། །དམ་ཚིག་རྣམས་ཀྱི་མཆོད་མཆོག་རྣམས། །རྡོ་རྗེ་དབྱིངས་ཀྱི་ཚུལ་དུ་ནི། །ཇི་བཞིན་ནོར་བུ་ལྡན་པ་ལ། །འདི་ནི་དམ་ཚིག་མཆོག་ཏུ་བརྟགས། །གུང་མོ་ནོར་བུའི་ཚུལ་དུ་བྱ། །དེ་དག་ཉིད་ལ་རྣམ་པར་བརྟགས། །ལྕགས་

ཀྱུ་གཅིག་སོགས་ཚུལ་གྱིས་ནི། །ལས་རྣམས་ཐམས་ཅད་རབ་འགྲུབ་བྱེད། །དེ་ནས་ནོར་བུ་ཆེན་པོའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ། །ཧྲཿགྲཿཏྲིཿཧྲཱིཿཤྲཱིཿཨིཿརིཿདྷྲིཿདིཿདྷཱིཿགྲིཿབིཿརིཿཌཿཡཿཨཿ། རིན་ཆེན་ཕྱག་རྒྱ་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱ་
བྲི་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ལས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་
གཟུངས་ཀྱི་དམ་ཚིག་འབྱུང་བའི་རིན་པོ་ཆེའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་བཛྲ་རཏྣ་དྷཱུ་པེ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིགས་འབྱུང་བའི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་
བཛྲ་ཨབྷི་ཥེ་ཀ་མཱ་ལེ་ཨ་བྷི་ཥི་ཉྩ་ས་མ་ཡེ་ཧཱུྃ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་རཏྣ་ཨ་བྷི་ཥེ་ཀ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་བཛྲ་དྷ་རྨ་ཨ་
དྷིཥེ་ཀ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་པཱུ་ཛ་ས་མ་ཡེ་ཧཱུྃ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོས་རང་གི་རིགས་ཀྱི་
དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་རྒྱའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བ་ལ། །རིན་ཆེན་གསང་བ་ཞེས་བཤད་དེ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དེ་ཡི་དབུས་
སུ་ཚུལ་བཞིན་དུ། །སངས་རྒྱས་ཕྱག་རྒྱ་བྲི་བྱ་སྟེ། །ཁྲི་ལ་གནས་པའི་ནོར་བུའི་གཙོ། །རྡོ་རྗེ་དབྱིངས་ཀྱི་མདུན་དུ་ནི། །ནོར་བུའི་ཕྲེང་བ་པདྨའི་ནོར། །ནོར་བུས་བསྐོར་བའི་ནོར་བུའི་རྣམས། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་ཏྲ། ཨོཾ་མ་ཎི་ས་མ་ཡེ་ཧཱུྃ། ཨོཾ་མ་ཎི་རཏྣ་ཨ་བྷི་ཥེ་

ཀམཱ་ལེ་ཧཱུྃ། ཨོཾ་མ་ཎི་རཏྣ་པདྨ་ཧཱུྃ། ཨོཾ་མ་ཎི་རཏྣ་པྲྀ་ཏི་ས་མ་ཡེ་ཧཱུྃ། ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །རྡོ་རྗེ་རིན་ཆེན་དབུས་སུ་ནི། །རྡོ་རྗེ་ནོར་བུ་ཆེན་པོ་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་པར། །རང་
གི་ཕྱག་རྒྱ་ནོར་བུར་ལྡན། །རིན་ཆེན་སློབ་དཔོན་ཉིད་ཀྱིས་བྲི། །དེ་ལ་དེ་དག་གི་ཕྱག་རྒྱ་ནི་འདི་རྣམས་སོ། །ཨོཾ་སརྦ་ཨརྠ་སིདྡྷི་པྲ་བེ་ཤ་མ་ཧཱ་བཛྲི་རཏྣ་ས་མ་ཡེ་མ་ཎི་སརྦ་ཨརྠཱ་ན་མེ་སཱ་དྷ་ཡ་དྷཱ་ར་ཎཱི་ཧཱུྃ། ཨོཾ་མ་ཎི་རཏྣ་ཨཱ་ཀཪྵ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་རཏྣ་ས་མ་ཡེ་ཨཾ་ཀུ་ཤ་མ་ཎི་ཀུ་ལཉྫ། ཨོཾ་མ་ཎི་རཱ་
ག་ས་མ་ཡེ་ཧཱུྃ། ཨོཾ་མ་ཎི་སཱ་དྷུ་ཧཱུྃ། དེ་བཞིན་དཀྱིལ་འཁོར་གཉིས་པར་ཡང་། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །སྤྱན་གཉིས་དང་ནི་ལྡན་པ་ཡིན། །ནོར་བུ་དེ་ཡི་དབུས་སུ་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་པར། །ནོར་བུའི་མཚན་མར་ལྡན་
པ་ཡི། །རང་གི་ཕྱག་རྒྱ་རྣམས་བྲིའོ། །དེ་ལ་དེ་དག་གི་ཕྱག་རྒྱ་ནི་འདི་དག་གོ །ཨོཾ་བཛྲ་མ་ཎི་རཏྣ་ནེ་ཏྲ་ཨཱ་ན་ཡ་བ་ཤི་ཀུ་རུ་སརྦ་ཨརྠ་སམྦྷ་བ་དཱ་ན་ཤཱི་གྷྲཾ་ཏིཥྛ་ཨཾ་ཀུ་ཤི་ཧཱུྃ། ཨོཾ་མ་ཎི་རཏྣ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་མ་ཎི་རཏྣ་སཱུརྱེ་ཛྭཱ་ལ་ཡ་སརྦ་མ་ཧཱ་རཱ་ཛི་ནི་ཧཱུྃ། ཨོཾ་མ་ཎི་ཙནྡྲ་དྷྭ་ཛཱ་གྲི་ཧཱུྃ། ཨོཾ་
མ་ཎི་ཧཱ་སེ་ཧཱ་ས་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ནོར་བུ་པདྨ་བྲི་བར་བྱ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་མ་ཎི་ས་མཱ་དྷི་པདྨེ་ནི་ཧཱུྃ། ཨོཾ་མ་ཎི་རཏྣཱ་དྱ་གྲ་ས་མ་ཡ་ཧཱུྃ། ཨོཾ་མ་ཎི་ས་མ་ཡ་ཀོ་ཥེ་ཧཱུྃ།
ཨོཾ་མ་ཎི་ས་མ་ཡ་ཙཀྲ་ཧཱུྃ། ཨོཾ་མ་ཎི་བྷཱ་ཥཱ་གྲི་ཧཱུྃ། དཀྱིལ་འཁོར་བཞི་པ་དམ་པར་ནི། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་། །རྡོ་རྗེ་རིན་ཆེན་ལྡན་པ་ཡི། །རིན་ཆེན་ཆར་འབེབས་དེར་གནས་ཤིང་། །ལས་ཀྱི་ཕྱག་རྒྱ་ཇི་བཞིན་པས། །ཡོངས་སུ་བསྐོར་བར་བྲི་བར་བྱ། །ནོར་བུའི་མཚན་
མར་ལྡན་པ་རྣམས། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །དེ་ནས་དེ་དག་གི་ཕྱག་རྒྱ་ནི་འདི་རྣམས་སོ། །ཨོཾ་རཏྣ་བྲྀཥྚི་སཱ་དྷ་ཡ་མ་ཧཱ་མ་ཎི་ཧཱུྃ། ཨོཾ་མ་ཧཱ་པཱུ་ཛཱ་ས་མ་ཡེ་ནེ་ཏྲ་ཨཱ། ཨོཾ་མ་ཧཱ་པཱུ་ཛཱ་ས་མ་ན་ས་མ་ཡེ་རཀྵ། ཨོཾ་བཛྲ་མ་ཎི་རཏྣ་དཥྚྲ་ཀཱ་རཱ་ལེ་ཧ་ར་ཧ་ར་ཧཱུྃ། ཨོཾ་མ་ཎི་ས་མ་ཡ་མུཥྚི་ཧཱུྃ།

དེ་ནས་ནོར་བུ་གསང་བའི་དཀྱིལ་འཁོར་འདིར་ལས་རྣམས་ཇི་ལྟ་བ་བཞིན་དུ་བྱས་ནས་རང་གི་སློབ་མ་རྣམས་བཙུད་དེ་འདི་སྐད་དུ་བསྒོ་བར་བྱའོ། །ཁྱོད་ཀྱིས་ཚུལ་འདི་སུ་ལ་ཡང་མ་སྨྲ་ཤིག །ཁྱོད་རབ་ཏུ་དབུལ་བ་དང་དུས་བྱས་ནས་སེམས་ཅན་དམྱལ་བར་ལྷུང་ཏ་རེ་ཞེས་བསྒོ་
ལ་རང་གི་ནོར་བུའི་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱའོ། །རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །མཁའ་ལ་རྡོ་རྗེ་རིན་ཆེན་བྲི། །བདག་ཉིད་ཀྱི་ནི་དཔྲལ་བར་ཡང་། །བཞག་ན་རྒྱལ་པོར་ངེས་པར་འགྱུར། །རིན་ཆེན་རྡོ་རྗེ་བཅིངས་ནས་ནི། །རྡོ་རྗེ་རིན་ཆེན་མཁའ་ལ་བྲི། །དབང་གི་གནས་སུ་བཞག་
ན་ནི། །ངེས་པར་རྒྱལ་པོ་ཉིད་དུ་འགྱུར། །རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །རྡོ་རྗེ་རིན་ཆེན་མཁའ་ལ་བྲི། །ཡེ་ཤེས་རྡོ་རྗེ་དེ་བཞག་ན། །ཉིད་ཀྱིས་གྲུབ་པའི་རྒྱལ་པོར་འགྱུར། །ལས་ཀྱིས་ཕྱག་རྒྱ་བཅིངས་ནས་ནི། །མཁའ་ལ་རྡོ་རྗེ་རིན་ཆེན་བྲིས། །རང་གི་གནས་སུ་དེ་བཞག་ན། །ཉིད་ཀྱི་གྲུབ་
བའི་རྒྱལ་པོར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །མ་ཧཱ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ས་མ་ཡ་རཏྣ་ཨ་བྷི་ཥིཉྩ་མཱཾ། དྷརྨ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཀརྨ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཕྱག་རྒྱ་ཆེན་པོའི་སྙིང་གར་ནི། །རྡོ་རྗེ་རིན་ཆེན་བསྒོམ་པར་བྱ། །བསྒོམས་ནས་མངོན་པར་དབང་དུ་བསྐུར། །
མཆོག་ཏུ་རྨད་དུ་བྱུང་བ་འཐོབ། །མཉམ་པར་བཞག་པས་རྡོ་རྗེ་ཡི། །རིན་ཆེན་དཔྲལ་བར་བསྒོམས་ནས་ནི། །རིན་ཆེན་རྡོ་རྗེ་བཅིངས་གྱུར་ན། །ཐམས་ཅད་ཀྱི་ནི་རྒྱལ་པོར་འགྱུར། །རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །ལྕེ་ལ་རྡོ་རྗེ་རིན་ཆེན་བསྒོམ། །ཆོས་ཀྱི་རྒྱལ་པོ་ཉིད་དུ་ནི། །དབང་བསྐུར་
བ་ནི་ཐོབ་པར་འགྱུར། །རབ་མཉམ་བཞག་པས་རྡོ་རྗེ་ཡི། །རིན་ཆེན་གཙུག་ཏོར་བསྒོམས་ནས་ཀྱང་། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །ལས་ལེགས་བྱེད་པའི་རྒྱལ་པོར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་བཛྲ་རཏྣ་ཧྲྀ་ད་ཡ་ཨ་བྷི་ཥིཉྩ་ཧོ། ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀ་
དྲ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་བཾ། ཨོཾ་བཛྲ་རཏྣ་ཨུཥྞཱི་ཥ་ཨ་དྷིཥྛ་ན་སྭ་མཱ་ན། ཕྱག་རྒྱ་ཆེན་པོ་བདག་ཉིད་ཀྱིས། །བསྒོམས་ན་རྡོ་རྗེ་རིན་ཆེན་ཡང་། །རས་ལ་སོགས་ལ་བྲིས་ནས་ནི། །རྒྱལ་པོ་ཆེན་པོར་དེ་འགྱུར་རོ། །རྡོ་རྗེ་རིན་ཆེན་བླ་ན་མེད། །རས་ལ་སོགས་ལ་བྲིས་ནས་ཀྱང་། །སེམས་

དཔའ་རྡོ་རྗེ་བསྒོམས་ན་ནི། །དམ་ཚིག་རྣམས་ཀྱི་བདག་པོར་འགྱུར། །རིན་ཆེན་རྡོ་རྗེ་བདག་ཉིད་ཀྱིས། །རས་ལ་སོགས་ལ་བྲིས་ནས་ཀྱང་། །བསམ་གཏན་ཕྱག་རྒྱ་བསྒོམས་ན་ནི། །ངེས་པར་ཆོས་ཀྱི་བདག་པོར་འགྱུར། །རས་ལ་སོགས་ལ་རྡོ་རྗེ་ཡི། །རིན་ཆེན་བྲིས་ནས་ལས་
རྣམས་ཀྱི། །ཕྱག་རྒྱ་བསྒོམས་པར་གྱུར་ན་ནི། །བདག་ཉིད་ལས་ཀྱི་བདག་པོར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །བཛྲ་རཏྣ་བིཾ་བྷ་ཨ་དྷི་ཏིཥྛི། ཨོཾ་བཛྲ་རཏྣ་བི་བྷ་པྲ་ཏི་ཏིཥྛ། ཨོཾ་བཛྲ་རཏྣ་བིཾ་བྷ་ཨ་བྷི་ཥེ་ཀ །བཛྲ་རཏྣ་བིཾ་བྷ་ཀུ་རུ། གསེར་རམ་ཡང་ན་དངུལ་ཡང་རུང་། །རྡོ་རྗེ་
རིན་ཆེན་བཅིངས་གྱུར་ཏམ། །ཡང་ན་རིན་ཆེན་གཞན་ཡང་རུང་། །སྙིང་གར་བསྒོམས་ནས་དབང་བསྐུར་འགྱུར། །རྡོ་རྗེ་རིན་ཆེན་བླ་ན་མེད། །གསེར་རམ་རིན་ཆེན་གཞན་ལས་བྱས། །རྟག་ཏུ་དཔྲལ་བར་བཞག་ན་ནི། །ནོར་ཆེ་བ་ཡི་རྒྱལ་པོར་འགྱུར། །གསེར་རམ་རིན་ཆེན་གཞན་དག་
གི །རྡོ་རྗེ་རིན་ཆེན་བསྒོམས་ནས་ཀྱང་། །རང་གི་ཁར་ཡང་བཅུག་ན་ནི། །ཚིག་ལ་དབང་བར་དེ་འགྱུར་རེ། །གསེར་རམ་རིན་ཆེན་གཞན་དག་གི། །རྡོ་རྗེ་རིན་ཆེན་བསྒོམས་ན་ནི། །གཙུག་ཏོར་དུ་ནི་ཡང་བསྒོམས་ན། །ལས་རྣམས་ཀུན་གྱི་བདག་པོར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་
ནི་འདི་རྣམས་སོ། །ཨོཾ་བཛྲ་རཏྣ་ཧྲྀ་ད་ཡ་ཨཱ་བར་ཎ་ཧཱུྃ། ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀ་མ་ཧཱ་ཨརྠ་པཱ་ད། ཨོཾ་བཛྲ་རཏྣ་པཱ་ཙ་པཱ་དེ། ཨོཾ་བཛྲ་རཏྣ་མ་ཧཱ་ཀརྨ་པཱ་དེ། དེ་ནས་ནོར་བུའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་གསང་བའི་ཡེ་ཤེས་བསླབ་བོ། །ཕྱག་རྒྱ་ཆེན་པོར་བསྒོམས་ན་ནི། །རྡོ་རྗེ་ནོར་བུ་ཆེ་བཅིངས་
ལ། །ནོར་བུ་བུད་མེད་བུ་གར་བཅུག །དེ་ལྟར་དངོས་གྲུབ་ཐོབ་པར་འགྱུར། །དམ་ཚིག་མཆོག་གི་ནོར་བུ་ནི། །བུད་མེད་བུ་གར་བཅུག་ནས་ཀྱང་། །དམ་ཚིག་མཆོག་བཅིངས་ཐམས་ཅད་ཀྱི། དབང་བསྐུར་བ་ཡི་དངོས་གྲུབ་འགྱུར། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཆོས་ཀྱི་ཕྱག་རྒྱ་བསྒོམས་
ནོར་བུ། །དེ་ནི་བུད་མེད་བུ་གར་བཅུག །བླ་ན་མེད་པའི་དངོས་གྲུབ་འགྱུར། །ལས་ཀྱི་ཕྱག་རྒྱ་ནོར་བུ་བཅིངས། །བུད་མེད་བུ་གར་ལས་ཕྱག་རྒྱ། །བཅིངས་པར་གྱུར་ན་ལས་ཀུན་གྱི། །དངོས་གྲུབ་བླ་ན་མེད་པར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་མ་ཧཱ་མ་ཎི་སིདྡྷི། ཨོཾ་ས་

མ་ཡ་ཨ་བྷི་ཥེ་ཀ་སིདྡྷི། ཨོཾ་དྷརྨ་སིདྡྷི། ཨོཾ་ཀརྨ་སིདྡྷི། དེ་ནས་དཀྱིལ་འཁོར་འདིའི་ཕྱག་རྒྱ་ཆེན་པོ་བཅིང་བ་བཤད་དེ། རིན་ཆེན་རྡོ་རྗེ་མྱུ་གུར་བཅིང་། །གུང་མོ་སྲིན་ལག་མཐེའུ་ཆུང་རྣམས། །སོར་མོ་བརྐྱང་བ་བྱས་ནས་ནི། །སྤྱི་བོར་བཞག་པ་གྲུབ་མཆོག་འཐོབ། །རྡོ་རྗེ་བསྡམ་པ་
བྱས་ནས་ཀྱང་། །མཛུབ་མོ་གཉིས་མདུད་མཐེབ་གཉིས་དང་། །སྲིན་ལག་རྡོ་རྗེ་བསྒྱུར་ནས་ནི། །མཛོད་སྤུར་བཞག་པ་དབང་ཐོབ་བོ། །རྡོ་རྗེ་རིན་ཆེན་ཚུལ་བྱས་ལ། །མཛུབ་གཉིས་ངོས་དང་མ་ཐེབ་ངོས་སྤྲད། །དེ་ཉིད་བསྒྱུར་ནས་དེ་དབང་འཐོབ། །དེ་ཉིད་མཐེབ་གཉིས་མཛུབ་གཉིས་ནི། །ཆོས་ཀྱི་རྡོ་
རྗེ་ཚུལ་དུ་ནི། །བཅིངས་ནས་དཔྲལ་བར་བཞག་པ་ནི། །ཆོས་ཆེན་གྱི་ནི་དབང་བསྐུར་འགྱུར། །ལས་ཀྱི་རྡོ་རྗེ་བཅིངས་ནས་ཀྱང་། །དབང་རྣམས་ཀུན་གྱི་ཕྲེང་བ་སྟེ། །བསྒྱུར་ནས་དཔྲལ་བ་ཉིད་དུ་ཡང་། །བཞག་ན་དབང་ནི་བསྐུར་བར་འགྱུར། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ནི། །རྡོ་རྗེ་དབྱིངས་སྐྱེས་
དམ་ཚིག་ཀྱང་། །བཅིངས་ནས་རིན་ཆེན་དཔྲལ་བར་ནི། །བཞག་ན་དབང་ནི་བསྐུར་བར་འགྱུར། །མཐེབ་གཉིས་ཕན་ཚུན་བསྣོལ་ནས་ནི། །མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་། །ནོར་བུ་འདྲ་བར་བཀུག་པ་ནི། །རྡོ་རྗེ་ནོར་བུ་ཆེན་པོ་འཐོབ། །རྡོ་རྗེ་བསྡམ་པ་བྱས་ནས་ཀྱང་། །རྡོ་རྗེ་ཁུ་ཚུར་
གུང་མོ་གཉིས། །ནོར་བུ་འདྲ་བར་བྱས་ནས་ནི། །ནོར་བུ་ཕྲེང་བའི་དབང་བསྐུར་འགྱུར། །རྡོ་རྗེ་བསྡམ་པ་བྱས་ནས་ནི། །གུང་མོ་ནོར་བུ་འདྲར་བྱས་ལ། །མཛུབ་མོ་སྲིན་ལག་གཉིས་པདྨ། །ཁ་བྱེ་འདྲ་བར་བྱས་པས་འགྲུབ། །གུང་མོ་གཉིས་ནི་ནོར་བུར་བཅིངས། །སོར་མོ་ཐམས་ཅད་བསྒྲེང་བ་
རྣམས། །ནོར་བུ་ཉིད་དུ་བསྒོམས་ན་ནི། །འཁོར་རྣམས་མཆོག་དང་ལྡན་པར་འགྱུར། །གུང་མོ་མཐེ་བོ་རྡོ་རྗེ་ཡི། །རིན་ཆེན་ཚུལ་དུ་བྱས་ནས་ཀྱང་། །སྲིན་ལག་མཐེའུ་ཆུང་བསྙམས་པ་ཡི། །ཁར་བཞག་ལྕེ་སྟེ་ནོར་བུ་སྦྱིན། །དེ་ལ་མཛུབ་གཉིས་རྡོ་རྗེར་བྱ། །དེ་ལྟར་དེ་གཉིས་ལྕགས་ཀྱུར་བྱ། །
མཛུབ་མོས་མཛུབ་མོ་དྲང་བ་དང་། །དེ་ཉིད་དགའ་བར་རབ་སྦྱིན་པའོ། །གུང་མོ་གཉིས་ནི་ནོར་བུར་བཅིང་། །མཛུབ་གཉིས་ངོས་ལ་དགུག་པ་སྟེ། །སྲིན་ལག་ངོས་གཉིས་མདུད་པ་ལ། །མཐེ་བོ་གཉིས་ཀྱིས་བཀབ་པ་སྟེ། །དེ་ཉིད་རྡོ་རྗེ་ཉི་མར་བསྐོར། །དཔུང་པའི་སྤྱི་བོར་བརྐྱང་བར་བྱ། །ནོར་བུའི་

རྒྱལ་མཚན་སྤྱི་བོའི་རྒྱན། །བཞད་པའི་ཚུལ་དུ་བྱས་པའོ། །རྡོ་རྗེ་བསྡམ་པ་བྱས་ན་ནི། །མཛུབ་མོ་སྲིན་ལག་གྱེན་དུ་བསྒྲེང་། །དེ་དག་པདྨ་འདྲ་བར་བྱ། །གུང་མོ་གཉིས་ནི་ནོར་བུར་བྱ། །དེ་ལས་མཐའ་མར་རབ་སྦྱིན་བྱ། །རྡོ་རྗེ་རལ་གྲི་སྦྱར་བ་དང་། །རྡོ་རྗེ་འཁོར་ལོ་ཚུལ་དུ་བྱ། །དེ་ཉིད་
ཁ་ནས་དབྱུང་བར་བྱ། །མཛུབ་གཉིས་རིན་ཆེན་མྱུ་གུར་བྱ། །སོར་མོ་ཐམས་ཅད་བརྐྱང་བ་དང་། །དེ་དག་སྤྱི་བོར་བཞག་པ་ནི། །རིན་ཆེན་ཆར་གྱིས་ཆར་འབེབས་སོ། །དེ་ཉིད་གོ་ཆའི་ཚུལ་དུ་ནི། །སྙིང་གར་རིན་ཆེན་གཉིས་བྱས་པ། །མཛུབ་གཉིས་ནོར་བུ་འཛིན་མཆེ་བ། །དབུས་སུ་བསྙམས་
པ་ཁུ་ཚུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ཕྱག་རྒྱ་ཆེན་པོ་དེ་དག་ཉིད། །སྙིམ་པ་སྦྱར་བ་བཅིངས་ན་ནི། །མདོར་ན་གསང་བ་གསང་བ་ཡི། །དངོས་གྲུབ་བཞི་འགྱུར་སྦྱིན་པར་བྱེད། །ཇི་ལྟར་རྡོ་རྗེའི་གསང་བའི་སྦྱིན། །དུས་རྣམས་ཀུན་དུ་བཅིང་མི་བྱ། །དེ་ནས་ཆོས་
ཀྱི་ཕྱག་རྒྱའི་མདོ་བཤད་པར་བྱའོ། །ཏྲཻཿ། གྲཻཿ། ཏྲཻཿ། ཀྲཿ། ཁཿ། དྷཻཿ། ཀྲཻཿ། བཻཿ། ཀྲཿ། རཻཿ། ཡཿ། མཻཿ། གསང་བ་གསང་བའི་ཁུ་ཚུར་མཆོག །གཉིས་སུ་བྱས་ན་ལས་ཀུན་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་བརྟག་པའི་རྒྱལ་པོ་ཆེན་པོ་ལས་
རིན་པོ་ཆེའི་ཕྱག་རྒྱའི་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་མཁྱེན་པའི་དམ་ཚིག་འབྱུང་བའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་
གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཛྙཱ་ནོཏྟ་མ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཛྙཱ་ན་ཨ་བྷི་ཥེ་ཀ་ས་མ་ཡ་ཧཱུཾྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་
རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥེ་ཀ་ཛྙཱ་ན་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་དྷརྨ་ཨ་བྷི་ཥེ་ཀ་ཛྙཱ་ན་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་

རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཨ་བྷི་ཥེ་ཀ་ཛྙཱན་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་རང་གི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཡེ་ཤེས་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་
དབྱིངས་དང་འདྲ་བ་ལ། །རིན་ཆེན་ཡེ་ཤེས་ཞེས་བཤད་དེ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །སྙིང་གའི་མཚན་མ་བྲི་བར་བྱ། །དེ་ནས་དཀྱིལ་འཁོར་འདིའི་ཡེ་ཤེས་ཀྱི་སྙིང་པོ་ནི་འདི་རྣམས་གསུངས་སོ། །
ཨོཾ་ཛྙཱ་ན་སརྦ་སིདྡྷི་ཛྙཱ་ན་ཧཱུྃ། ཨོཾ་མ་ཎི་ཛྙཱ་ན་ཧཱུྃ། ཨོཾ་མ་ཎི་ཛྙཱ་ན་ཨཾ་ཀུ་ཤ་ཛ། ཨོཾ་མ་ཎི་ཛྙཱ་ན་རཱ་ག །ཨོཾ་མ་ཎི་ཛྙཱ་ན་དུཥྚེ། ཨོཾ་མ་ཎི་ཛྙཱ་ན་དུཥྚི་མ་ཎི་ཧཱུྃ། ཨོཾ་མ་ཎི་ཛྙཱ་ན་ཨ་བྷི་ཥེ་ཀ །ཨོཾ་མ་ཎི་ཛྙཱ་ན་སཱུརྱ། ཨོཾ་མ་ཎི་ཛྙཱ་ན་དྷྭ་ཛ། ཨོཾ་མ་ཎི་ཛྙཱ་ན་ཨཊྚཱཊྚ་ཧཱ་ས། ཨོཾ་མ་ཎི་ཛྙཱ་ན་པདྨ་ཧཱུྃ། ཨོཾ་མ་ཎི་ཛྙཱ་ན་ཏྱེ་ག །ཨོཾ་
མ་ཎི་ཛྙཱ་ན་ཀོ་ཥ། ཨོཾ་ཛྙཱ་ནམ་ཎི་ཙཀྲ། ཨོཾ་ཛྙཱ་ན་མ་ཎི་བྷཱ་ཥ། ཨོཾ་ཛྙཱ་ན་མ་ཎི་རཏྣ་བཪྵ་ཧཱུཾ། ཨོཾ་མ་ཎི་ཛྙཱ་ན་ནྲེ་དྱེ་པཱུ་ཛ་ས་མ་ཡེ་ཧཱུྃ། ཨོཾ་མ་ཎི་ཛྙཱ་ན་རཀྵ། ཨོཾ་མ་ཎི་ཛྙཱ་ན་མུཥྚི། །དེ་ནས་ཡང་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱས་ནས་སློབ་མ་ལ་འདི་སྐད་བསྒོ་
བར་བྱའོ། །ཁྱོད་ཀྱིས་ཆོས་མ་མཐོང་བ་སུ་ལ་ཡང་མ་བརྗོད་ཅིག །ཁྱོད་དངོས་གྲུབ་མ་ཐོབ་པར་མྱུར་བར་ཤི་བར་གྱུར་ཏ་རེ་ཞེས་བསྒོ་ལ་ནོར་བུའི་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་བསྐྱེད་པར་བྱའོ། །ཏིང་ངེ་འཛིན་གྱིས་རས་སོགས་ལ། །རྡོ་རྗེ་སྙིང་པོ་བྲིས་ནས་ནི། །བསྒོམས་ནས་རིན་ཆེན་དོན་བྱིན་ཅེས། །
སྨྲ་ཞིང་གསོལ་བ་གདབ་པར་བྱ། །ཏིང་ངེ་འཛིན་གྱིས་རས་སོགས་ལ། །རྡོ་རྗེ་སྙིང་པོ་བྲིས་ནས་ནི། །བསྒོམས་ནས་རིན་ཆེན་བྱིན་ཅིག་ཅེས། །ཚིག་ཏུ་སྨྲ་ཞིང་གསོལ་བ་གདབ། །རྡོ་རྗེ་སྙིང་པོ་རས་སོགས་ལ། །བྲིས་ཏེ་མཉམ་པར་བཞག་ནས་ཀྱང་། །རྣམ་པར་བསྒོམས་ཏེ་ཡེ་ཤེས་ལ། །དམ་
ཆོས་སྦྱིན་ཞེས་གསོལ་བ་གདབ། །རྡོ་རྗེ་སྙིང་པོ་རས་སོགས་ལ། །མཉམ་པར་བཞག་པས་བྲིས་ནས་ཀྱང་། །བསྒོམས་ནས་དམ་པའི་ལས་བྱིན་ཞེས། །ལས་ལ་གསོལ་བ་གདབ་པར་བྱ། །དེ་ནས་དེ་དག་གི་སྒྲུབ་པའི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་དེ་ཧི་སརྦ་ཨརྠ་བྷ་ག་བཱན་བཛྲ་གརྦྷ། །ཨོཾ་དེ་ཧི་

སརྦ་རཏྣ་བྷ་ག་བཱ་ན་བཛྲ་གརྦྷ། ཨོཾ་དེ་ཧི་སཱ་དྷ་དྷ་རྨཱ་མི་བྷ་ག་བཱན་བཛྲ་གརྦྷ་སཏྭ། ཨོཾ་དེ་ཧི་སཱདྷ་ཀརྨ་བྷ་ག་བཱ་ན་བཛྲ་གརྦྷ། ནམ་མཁའི་ཕྱོགས་སམ་ཕྱོགས་གཞན་དུ། །ནམ་མཁའི་སྙིང་པོ་ལེགས་སེམས་པ། །མཉམ་པར་བཞག་པས་བསྒོམས་ནས་སུ། །ཕུན་སུམ་ཚོགས་དོན་གསོལ་བར་
བྱ། །ནམ་མཁའི་ཕྱོགས་སམ་ཕྱོགས་གཞན་དུ། །ནམ་མཁའི་སྙིང་པོ་ལེགས་སེམས་པ། །མཉམ་པར་བཞག་པས་བསྒོམས་ནས་ཀྱང་། །ནོར་བསགས་པ་ནི་གསོལ་བར་བྱ། །ནམ་མཁའི་ཕྱོགས་སམ་ཕྱོགས་གཞན་དུ། །ནམ་མཁའི་སྙིང་པོ་ལེགས་སེམས་པའི། །མཉམ་པར་
བཞག་པས་བསྒོམས་ནས་ཀྱང་། །ཕུན་སུམ་ཚོགས་ནི་གསོལ་བ་གདབ། །ནམ་མཁའི་ཕྱོགས་སམ་ཕྱོགས་གཞན་དུ། །ནམ་མཁའི་སྙིང་པོ་ལེགས་སེམས་པ། །མཉམ་པར་བཞག་པས་བསྒོམས་ནས་ཀྱང་། །ལས་སོགས་པ་ནི་གསོལ་བ་གདབ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་
རྣམས་སོ། །ཨོཾ་ཛྙཱ་ན་གརྦྷ་དེ་ཧི་སརྦ་ཨརྠ་ན། ཨོཾ་ཛྙཱ་ན་གརྦྷ་དེ་ཧི་སརྦ་རཏྣ། ཨོཾ་ཛྙཱ་ན་གརྦྷ་དེ་ཧི་སརྦ་དྷ་རྨཾ། ཨོཾ་ཛྙཱ་ན་གརྦྷ་དེ་ཧི་སརྦ་ཀརྨ་མཱཾ། རྡོ་རྗེ་སྙིང་པོ་བྲིས་ནས་ཀྱང་། །སྙིང་གར་ཡོངས་སུ་བསྒོམ་བྱས་ལ། །གང་གི་ཚེ་ན་སྙིང་འཕར་བ། །དེ་ཚེ་གྲུབ་པས་ནོར་སྟེར་རོ། །རྡོ་རྗེ་སྙིང་པོ་དཔྲལ་
བར་ནི། །བྲིས་ཏེ་རྣམ་པར་བསྒོམས་ནས་ཀྱང་། །གང་ཚེ་མགོ་བོ་འདར་གྱུར་པ། །དེས་ནི་མངོན་པར་དབང་ཐོབ་བོ། །རྡོ་རྗེ་སྙིང་པོ་ཁར་བཅུག་ལ། །དེ་ཉིད་དུ་ནི་བསྒོམས་ནས་ཀྱང་། །གང་ཚེ་དེ་ནི་བྱེད་གྱུར་པ། །དེ་ཚེ་དེས་ནི་ངག་འགྲུབ་བོ། །རྡོ་རྗེ་སྙིང་པོ་བདག་སྤྱི་བོར། །རབ་ཏུ་བཞག་
སྟེ་བསྒོམས་ནས་ཀྱང་། །གང་ཚེ་དེ་ནི་འབར་གྱུར་པ། །དེ་ཚེ་འཕང་དུ་ལྡིང་བར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་ཧྲྀ་ད་ཡ་གརྦྷེ་དེ་ཧི་ད་ནཾ། ཨོཾ་རཏྣ་ཨ་བྷི་ཥེ་ཀ་གརྦྷ་ཨ་བྷི་ཥི་ཉྩཱ་མི། ཨོཾ་བྷ་ག་གརྦྷ་སིད་དྷཱུ། ཨོཾ་རཏྣ་གརྦྷོ་ཥྞཱི་ཥ་ཨཱ་ཀཱ་ཤཱ་གཙྪ། རྡོ་རྗེ་སྙིང་པོ་ཕྱག་རྒྱ་ཆེ། །
རབ་མཉམ་བཞག་པས་བསྒོམས་ནས་ནི། །བདག་ལ་དངོས་གྲུབ་སྩོལ་ཞེས་གསོལ། །ཨི་ལི་རཏྣ་ཞེས་བརྗོད་འགྲུབ། །ནམ་མཁའི་སྙིང་པོའི་དམ་ཚིག་ནི། །རབ་མཉམ་བཞག་པས་བཅིངས་ནས་ཀྱང་། །དབང་བསྐུར་བ་ནི་གསོལ་བཏབ་ལ། །མི་ལི་རཏྣ་ཞེས་བརྗོད་འཐོབ། །རྡོ་རྗེ་སྙིང་པོ་

ཏིང་འཛིན་དུ། །རབ་མཉམ་བཞག་པས་བསྒོམས་ནས་ནི། །ཚེས་བདག་སྩོལ་ཞེས་གསོལ་བཏབ་ལ། །ཙི་ལི་རཏྣ་ཞེས་བརྗོད་འཐོབ། །ནམ་མཁའི་སྙིང་པོ་ལས་ཀྱི་མཆོག །རབ་མཉམ་བཞག་པས་བཅིངས་ནས་ནི། །རིན་ཆེན་ཐམས་ཅད་གསོལ་བཏབ་ལ། །
ཀི་ལི་རཏྣ་ཞེས་བརྗོད་འཐོབ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་ཨི་ལི། ཨོཾ་མི་ལི། ཨོཾ་ཙི་ལི། ཨོཾ་ཀི་ལི། དེ་ནས་ནོར་བུ་ཡེ་ཤེས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ནམ་མཁའི་ཕྱོགས་སམ་ཕྱོགས་གཞན་དུ། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དབང་པོ་གཉིས་
ནི་མཉམ་སྤྲད་ན། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །གཞི་ལ་རི་མོ་བྲིས་པ་བཞིན། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །དབང་བསྐུར་བ་ཡང་ཐོབ་པར་འགྱུར། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །སྡུག་པ་
དེ་དང་གར་རྩེས་པ། །འཇིག་རྟེན་ཀུན་གྱིས་དེ་དགར་བྱེད། །ནམ་མཁའ་ཀུན་གྱི་རྡུལ་དབྱིབས་ཀྱིས། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །ཐམས་ཅད་འགྲུབ་པར་ངེས་པར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨཱ་ཀཱ་ཤ་གུ་ཧྱ་
ཛྙཱ་ན་ས་མ་ཡ་ཧཱུྃ། བི་ཅི་ཏྲ་གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། པྲི་ཡཱ་ནུ་སྨྲྀ་ཏི་ཛྙཱ་ན་གུ་ཧྱ་སརྦ་ལོ་ཀེ་རཱ་ག་ཡ་ཧཱུྃ། སརྦ་གུ་ཧྱ་ཛྙཱ་ན་སརྦ་སིད་དྷི་མྨེ་པྲ་ཡཙྪ་ཧཱུྃ། དེ་ནས་ཕྱག་རྒྱ་ཆེན་པོ་འདི་ཇི་ལྟ་བ་བཞིན་བཅིང་བར་བྱའོ། །དངོས་གྲུབ་ཀྱང་དེ་དང་འདྲའོ། །ད་ནས་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་
བསླབ་བོ། །རྡོ་རྗེ་ནོར་བུ་ནི་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་གཞག་པར་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི་འདི་ཡིན་ནོ། །སཱ་བཱ་རཱ་སཱ་ར་ཏེ་ཀ་ཧཱ་དཾ་ཏི་ཧེ་བཱ་ཀན་ཀ་ར་ཡ་མ། དེ་ནས་མདོར་ན་ལས་ཀྱི་ཕྱག་རྒྱ་ནི་གནས་ཅི་བཞིན་པར་གཞག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ལས་ཀྱི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་ལས་ཀྱི་དམ་ཚིག་འབྱུང་བའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥེ་ཀ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་ལས་འབྱུང་བའི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ཧཱུྃ་ཀཱ་ར་ཨ་བྷི་ཥེ་ཀ །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨ་བྷི་ཥེ་ཀ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་དྷ་རྨ་ཨ་བྷིཥེ་ཀ་རཏྣ། དེ་ནས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བི་ཤྭ་ཨ་བྷི་ཥེ་ཀ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོས་རང་གི་རིགས་ཀྱི་དམ་ཚིག་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་
བྱ་བ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བ་ལ། །རིན་ཆེན་དགོས་པ་ཞེས་བཤད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །དེ་ཡི་དབུས་སུ་ཚུལ་བཞིན་དུ། །སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །སེམས་དཔའ་ཆེན་པོ་
ཚུལ་གྱིས་ནི། །རིན་ཆེན་མཆོད་པ་རྣམས་བྲིའོ། །དེ་ལ་དེ་དག་གི་ཕྱག་རྒྱ་ནི་འདི་རྣམས་སོ། །ཨོཾ་མ་ཎི་རཏྣ་པཱུ་ཛཱ་གྲ། ཨོཾ་སརྦ་ཨརྠ་སིདྡྷ་བཛྲ་རཏྣ་ཨ་བྷི་ཥེ་ཀ་ཧཱུྃ། ཨོཾ་བཛྲ་མ་ཎི་དྷ་རྨ་ས་མ་ཡེ་ཧཱུྃ། ཨོཾ་མ་ཎི་རཏྣ་ཨཱ་ཀརྵ་ཀརྨ་ས་མ་ཡེ་ཧཱུྃ། ཨོཾ་མ་ཎི་རཏྣ་རཱ་ག་ར་ཏི་ཀརྨ་པཱུ་ཛེ་པྲ་བརྟ། ཨོཾ་མ་
ཎི་རཏྣེ་སཱ་དྷུ་ཀཱ་ར་པཱུ་ཛ་ས་མ་ཡེ་ཧཱུྃ། ཨོཾ་མ་ཧཱ་མ་ཎི་རཏྣ་དྲྀཥྚ་ཨཱ་ཀརྵ། ཨོཾ་མ་ཎི་རཏྣ་མཱ་ལ་པཱུ་ཛེ། །ཨོཾ་མ་ཎི་རཏྣ་སཱུ་རྱཱ་ལོ་ཀ་པཱུ་ཛེ། ཨོཾ་མ་ཎི་རཏྣ་དྷཱ་ཛ་པཱ་ཏ་ཀ་པཱུ་ཛེ། ཨོཾ་མ་ཎི་རཏྣ་ཨཊྚཱཊྚཱ་ཧཱ་ས་བཱུ་ཛེ། ཨོཾ་པདྨ་མ་ཎི་ས་མཱ་དྷི་ས་མཱ་ཡེ་ཧཱུྃ། ཨོཾ་སརྦ་དྱཱ་གཱ་ནུ་སྨྲྀ་ཏི་ས་མཱ་དྷི་ཀརྨྨ་ཀ་རི་ཧཱུྃ། ཨོཾ་མ་ཎི་ཏྣ་
ཏཱིཀྵྞ་ས་མ་ཡེ་ཙྪིནྡ་ཧཱུྃ། ཨོཾ་མ་ཎི་རཏྣ་ཙ་ཀྲ་ས་མ་ཡེ་ཧཱུྃ། ཨོཾ་མ་ཎི་རཏྣ་བྷཱ་ཥེ་བྷད་བྷད་ཧཱུྃ། ཨོཾ་མ་ཎི་རཏྣ་བརྴ་ནི་ཧཱུྃ། ཨོཾ་མ་ཎི་རཏྣ་ཀརྨི་ཎི་ཧཱུྃ། ཨོཾ་མ་ཎི་རཏྣ་ཀ་བ་ཙེ་རཀྵ་མཱཾ། ཨོཾ་མ་ཎི་རཏྣ་དཾཥྚ་ཁཱ་ད་ཁཱ་ད་ཧཱུྃ། ཨོཾ་མ་ཎི་རཏྣ་ཀརྨཱ་མུཥྚི་ཧཱུྃ། ཨོཾ་མ་ཎི་རཏྣ་ལཱ་སྱེ་པཱུ་ཛ་ཡ་ཧོ། ཨོཾ་མ་ཎི་རཏྣ་མཱ་ལེ་ཨ་བྷིཥ་

ཀ་པཱུ་ཛཱ་ཡ། ཨོཾ་མ་ཎི་རཏྣ་གཱི་དྱེ་པཱུ་ཛཱ་ཡ། ཨོཾ་མ་ཎི་རཏྣ་ནྲྀ་ཏྱེ་པཱུ་ཛཱ་ཡ། ཨོཾ་མ་ཎི་རཏྣ་དྷཱུ་པེ་པཱུ་ཛཱ་ཡ། ཨོཾ་མ་ཎི་རཏྣ་པུཥྤེ་པཱུ་ཛཱ་ཡ། ཨོཾ་མ་ཎི་རཏྣ་ཨཱ་ལོ་ཀེ་པཱུ་ཛཱ་ཡ། ཨོཾ་མ་ཎི་རཏྣ་གནྡྷེ་པཱུ་ཛཱ་ཡ། ཨོཾ་མ་ཎི་རཏྣ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ་ཛཿ། ཨོཾ་མ་ཎི་རཏྣ་པཱ་ཤེ་ཧཱུྃ། ཨོཾ་མ་ཎི་རཏྣ་སྥོ་ཊ་བཾ།
ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨཿ། དེ་ནས་ལས་ཀྱི་དཀྱིལ་འཁོར་འདིར་ཆོ་ག་ཇི་ལྟ་བ་བཞིན་དུ་རྒྱས་པར་བྱས་ནས་བཅུག་སྟེ་འདི་སྐད་དུ་བསྒོ་བར་བྱའོ། །འདི་ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཤིག །ཁྱོད་ལས་ཀྱི་སྒྲིབ་པས་ནོན་ནས་ཤི་བར་གྱུར་ཏ་རེ་ཞེས་བསྒོ་ལ། ལས་ཀྱི་ཡེ་ཤེས་བསླབ་པར་བྱའོ། །
རྡོ་རྗེ་སྙིང་པོ་ཕྱག་རྒྱ་ཆེ། །རབ་མཉམ་བཞག་པས་བསྒོམས་ནས་ཀྱང་། །མཆོད་པ་ཀུན་གྱིས་མཆོད་ན་ནི། །སངས་རྒྱས་ཐམས་ཅད་དབང་དུ་འགྱུར། །ཏིང་ངེ་འཛིན་གྱི་དམ་ཚིག་མཆོག །ཕྱག་རྒྱ་གང་ཡང་རུང་བཅིངས་ལ། །སངས་རྒྱས་ཐམས་ཅད་མཆོད་ན་ནི། །དབང་བསྐུར་བ་
ནི་དེས་འཐོབ་བོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་དུ། །རབ་མཉམ་བཞག་པས་བསྒོམས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་ན། །འགྲོ་བའི་དམ་པ་འདུལ་བར་འགྱུར། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །སངས་རྒྱས་ཐམས་ཅད་མཆོད་
གྱུར་ན། །སྐད་ཅིག་ཏུ་ནི་དོན་ཀུན་འཐོབ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་རཏྣ་པཱུ་ཛ་བ་ཤི་ཀུ་རུ། ཨོཾ་རཏྣ་པཱུ་ཛ་ས་མ་ཡ་ཨ་བྷི་ཥིཉྩ། ཨོཾ་རཏྣ་པཱུ་ཛཱ་ཡ་དྷ་རྨ་ནཱ་ཤ་ཡ་པཱ་དི། ཨོཾ་རཏྣ་པཱུ་ཛཱི་ཀརྨ་སརྦ་ཨརྠཱ་ན་མེ་སཱ་དྷ། དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ཏེ།
རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །དབང་པོ་གཉིས་ནི་མཉམ་སྦྱར་ནས། །སངས་རྒྱས་ཐམས་ཅད་མཆོད་ན་ནི། །འཇིག་རྟེན་ཐམས་ཅད་དེས་མགུར་འགྱུར། །དེ་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱིས་དངོས་གྲུབ་དམ་པ་འགྲུབ་པར་འགྱུར། དེ་ནས་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་
པར་བྱའོ། །རྡོ་རྗེ་རིན་ཆེན་བཅིངས་ནས་ནི། །གནས་རྣམས་ཀུན་དུ་གཞག་པར་བྱ། །རྡོ་རྗེ་དགོས་པའི་ཚུལ་དུ་ནི། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །དེ་ནས་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ཏེ། ཏྭ་ཛ་ག་དྷ། ཏྣ་ཛ་ཏུ་ས། རྨྨ་ཀྵྞ་ཏུ་ཥ། རྨྨ་ཀྵ་ཀྵ་དྷི། རྡོ་རྗེ་རིན་ཆེན་གཉིས་བྱས་ལ། །

ལས་ཀྱི་ཕྱག་རྒྱ་དེ་བསྒྲུབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ལས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་པོ་ཆེའི་ཕྱག་རྒྱ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་རཏྣ་ཏྲཱཾ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་བཛྲ་མཱ་ལེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྡོ་རྗེ་སྙིང་པོས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་མ་ཎི་རཏྣེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་ཕྱག་རྒྱ་འདི་གསུངས་སོ། །ཨོཾ་བཛྲ་དྷརྨ་རཏྣ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ཕྱག་རྒྱ་འདི་གསུངས་སོ།།
ཨོཾ་བི་ཤྭ་དྲྀཥྚི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་རང་གི་ནོར་བུའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་རྒྱའི་དཀྱིལ་འཁོར་དམ་པ་སྟེ། །ཕྱག་རྒྱ་བཞི་པའི་ཚུལ་དུ་ནི། །དཀྱིལ་འཁོར་ཡོངས་
སུ་བརྟག་པར་བྱ། །དེ་ནས་ཇི་ལྟ་བ་བཞིན་དུ་བཅུག་ནས་བསླབ་པར་བྱ་སྟེ། ཁྱོད་ཀྱིས་འདི་སུ་ལ་ཡང་མ་སྨྲ་ཤིག་ཅེས་བསྒོ་བར་བྱའོ། །དེ་ནས་ཡེ་ཤེས་བསྐྱེད་བྱ་སྟེ། །རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །རྡོ་རྗེ་རིན་ཆེན་བཅིངས་ནས་ནི། །དཔྲལ་བར་རབ་ཏུ་གཞག་ན་ནི། །དངོས་གྲུབ་ཐམས་ཅད་
འཐོབ་པར་འགྱུར། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་གསུངས་སོ། །ཨོཾ་བཛྲ་རཏྣ་སརྦ་ཨ་བྷི་ཥེ་ཀ་སརྦ་སིདྡྷི་མེ་པྲ་ཡཙྪ་ར་ལ་ར་ལ་ཧཱུྃ་ཏྲ། དེ་ནས་གསང་བའི་ཕྱག་རྒྱ་བསླབ་པར་བྱ་སྟེ། །ཁྱོའམ་ཡང་ན་སྡུག་པའམ། །བུད་མེད་དང་ནི་སྐྱེས་བའང་རུང་། །དཔྲལ་བ་གཉིས་ནི་སྤྲད་ནས་ཀྱང་། །
གཏུགས་ན་དངོས་གྲུབ་ཐོབ་པར་འགྱུར། །དེ་ལ་དེ་བསྒྲུབ་པའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་རཏྣ་ས་ཁི་བིདྱཱ་དྷཱ་ར་སྟྭཾ། པྲ་ཡཙྪ་ཤཱི་གྷྲཾ་ཨ་བྷི་ཥིཉྩ་ཡ་ཧི་ཧ་ཧ་ཧ་ཏྭ། དེ་ནས་ཕྱག་རྒྱ་བཞི་བསླབ་བོ། །དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་

མཁའི་སྙིང་པོས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཨོཾ་བཛྲ་མ་ཎི་དྷཱ་ར་སརྦ་ཨརྠ་སིདྡྷི་མྨེ་པྲ་ཡཙྪ་ཧོ། བྷ་ག་བཱ་ན་བཛྲ་རཏྣ་ཧཱུྃ། དེ་ནས་དཀྱིལ་འཁོར་འདི་ཡིན་ཏེ། དེ་ནས་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །དངོས་གྲུབ་ཀྱི་ནི་
དཀྱིལ་འཁོར་ནི། །ཇི་བཞིན་པར་ནི་བྲི་བར་བྱ། །དེ་ནས་འདིར་ཡེ་ཤེས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །གཟུགས་ལ་སོགས་པའི་འདོད་པའི་རྣམས། །ཆགས་པར་གྱུར་པའི་བདེ་བ་ནི། །སངས་རྒྱས་ལ་ཡང་ཕུལ་གྱུར་ན། །ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །
དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །རས་ལ་སོགས་པ་ལ་ཡང་སེམས་དཔའ་འམ་ཕྱག་རྒྱའི་དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་
ལེགས་སོ་ཞེས་བྱ་བ་བྱིན་པ་འདིས་བསྟོད་དོ། །ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་
པ། །རྡོ་རྗེ་ཐེག་པ་བླ་ན་མེད། །མདོ་སྡེ་འདི་ནི་ལེགས་པར་བཤད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་དུམ་བུ་བཞི་པ་རྫོགས་སྷོ།། །།
བམ་པོ་བརྒྱད་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོ་ག་རྒྱས་པའི་རྒྱུད་འདི་གསུངས་སོ། །དེ་ལ་རེ་ཞིག་དང་པོར་ནི་ཕྱག་རྒྱ་ཆེན་པོ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། དེ་བཞིན་གཤེགས་
པ་ཕྱག་རྒྱ་ཆེ། །བཅིངས་ནས་མཁའ་དབྱིངས་ཐམས་ཅད་དུ། །སངས་རྒྱས་སྐུ་གཟུགས་བྱིན་བརླབས་ལ། །རང་གི་སྙིང་དུ་བཅུག་ནས་ནི། །ཅི་སྟེ་འདོད་ན་ཚེ་འདི་ལ། །ཞི་བ་དམ་པ་མཆོག་གྱུར་པ། །སངས་རྒྱས་ཉིད་འཐོབ་ངེས་འདི་བསྒྲུབ། །ཅི་སྟེ་མི་འདོད་དངོས་གྲུབ་བཞིན། །

ཕྱག་རྒྱ་ཆེན་པོ་བཅིངས་ནས་ཀྱང་། །དེ་ཉིད་ཆེན་པོ་ཚིག་རེ་རེར། །བརྗོད་ནས་ཀུན་དང་ལྡན་པར་ཡང་། །ཐམས་ཅད་བདག་ནི་ཡིན་བསྒོམས་ན། །ཅི་སྟེ་འདོད་ན་བདག་ཉིད་དེས། །དེ་བྱ་གཟི་ཅན་དགེ་བ་ཡི། །གོ་འཕང་ཚེ་འདི་ཉིད་ལ་འཐོབ། །མི་འདོད་དངོས་གྲུབ་གོང་མ་བཞིན། །
དེ་ནས་དམ་ཚིག་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། ཇི་ལྟར་རྡོ་རྗེ་འཛིན་འགྲུབ་པ། །དེ་ལྟར་བདག་ཅེས་བསྒོམས་ན་ནི། །སངས་རྒྱས་དང་ནི་གཟི་ཆེན་འཐོབ། །མི་འདོད་དངོས་གྲུབ་གོང་མ་བཞིན། །དེ་ནས་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། ཆོས་
རྣམས་ཐམས་ཅད་རང་བཞིན་གྱིས། །དག་ཅེས་བརྗོད་ན་ངེས་པར་ཡང་། །སངས་རྒྱས་དང་ནི་གཟི་ཅན་འགྱུར། །མི་འདོད་དངོས་གྲུབ་གོང་མ་བཞིན། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། ཐམས་ཅད་ཀྱི་ནི་ཀུན་དག་པར། །ལས་རྣམས་ཐམས་
ཅད་སྦྱངས་ན་ནི། །སངས་རྒྱས་གཟི་ཅན་ཐོབ་ཅི་སྟེ། །མི་འདོད་དངོས་གྲུབ་གོང་མ་བཞིན། །དེ་བཞིན་གཤེགས་པའི་རིགས་དམ་པའི་དངོས་གྲུབ་རྣམས་སོ། །དེ་ནས་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པའི་དངོས་གྲུབ་ཀུན་གྱི་རྒྱུད་འདི་གསུངས་སོ། །དངོས་གྲུབ་ཀུན་སྦྱོར་སངས་རྒྱས་ཀྱི། །
བཀས་ནི་སེམས་ཅན་ཀུན་དོན་དུ། །ཕྱག་རྒྱ་ཆེན་པོར་བསྒྲུབ་ན་ནི། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དོ། །ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི། །ཇི་ལྟར་རྡོ་རྗེ་འཛིན་གྲུབ་པ། །དེ་བཞིན་བདག་ཅེས་བསྒོམས་ན་ནི། །སྐད་ཅིག་
གིས་ནི་གཟི་ཆེན་འཐོབ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། ཡི་གེ་མེད་པའི་ཆོས་རྣམས་ལ། །རབ་ཏུ་སྤྲོས་པ་ཡོད་མིན་ཏེ། །ཆོས་མཆོག་འདི་ནི་རྗོད་བྱེད་ཅིང་། །བསྒོམས་ན་གཟི་ཅན་ཉིད་དུ་འགྱུར། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་
དེ། དགེ་བའམ་ཡང་ན་མི་དགེ་བའི། །གང་གི་ལས་རྣམས་བྱས་པ་ནི། །རྒྱལ་བ་རྣམས་ལ་ཕུལ་བྱས་ན། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་པདྨའི་རིགས་དམ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་དང་པོར་ནི་

ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། འདོད་ཆགས་ངོ་བོ་ཉིད་ཀྱིས་དག །མུ་སྟེགས་ཅན་གྱིས་མི་གྱུར་ལ། །དེ་ལ་ཆགས་པའི་ཆོས་འདི་ནི། །ཐེག་པ་ཆེ་ལ་འགྲུབ་པར་འགྱུར། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དམ་པའི་དངོས་གྲུབ་ནི་འདི་ཡིན་ཏེ། ཏིང་
འཛིན་བརྟན་པའི་ཚུལ་གྱིས་ནི། །བྱམས་པ་ཆེན་པོ་བསྒོམས་ནས་ཀྱང་། །ཆོ་ག་བཞིན་ལྡན་ཁྱབ་བྱས་ན། །སྐད་ཅིག་གཅིག་གིས་གཟི་ཅན་འཐོབ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། འདོད་ཆགས་ངོ་བོ་ཉིད་དག་ཅེས། །སྨྲ་བར་གྱུར་བའི་ཚུལ་འདི་ནི། །
འདོད་ཆགས་ཕ་རོལ་ཕྱིན་རྙེད་དེ། །སྐད་ཅིག་གིས་ནི་གཟི་ཅན་འཐོབ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། བདག་གི་ལྟ་དང་རེག་པ་དང་། །མཉན་པ་དང་ནི་དྲན་པའང་རུང་། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྡུག་བསྔལ་ཀུན་གྱི་མཐར་ཕྱིན་
འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ནོར་བུའི་རིགས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་ཕྱག་རྒྱ་ཆེན་པོ་དམ་པའི་དངོས་གྲུབ་ཀྱི་རྒྱུད་འདི་ཡིན་ཏེ། རྡོ་རྗེ་སྙིང་པོ་ཇི་བཞིན་དུ། །སངས་རྒྱས་ཀུན་དབང་བདག་གྱུར་ཅེས། །བསྒོམ་པར་
བྱ་བ་རྣམས་བསྒོམས་ནས། །སྐད་ཅིག་གིས་ནི་གཟི་ཅན་འཐོབ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། ནམ་མཁའི་སྙིང་པོ་འདྲ་བར་ནི། །སེམས་ཅན་ཀུན་གྱི་རེ་བ་ཀུན། །ཡོངས་སུ་རྫོགས་པར་བྱེད་གྱུར་ཅིག །སྐད་ཅིག་གིས་ནི་གཟི་ཅན་འཐོབ། །དེ་ནས་
ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། །བདག་ཉིད་ཀྱང་ནི་སྤངས་ནས་སུ། །ནོར་བྱིན་རབ་ཏུ་དགའ་བྱེད་ཅིང་། །ཆོས་བྱུང་ཕྱག་རྒྱ་སྨྲ་ན་ནི། །གཟི་ཅན་ཚེ་འདི་ཉིད་ལ་འཐོབ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། དབུལ་པོ་རྣམས་ལ་ཕན་པའི་
ཕྱིར། །ནོར་བསྒྲུབ་པ་ལ་བརྩོན་ལྡན་ན། །གཟི་ཅན་འགྱུར་རོ་ཅི་སྟེ་ཡང་། །མི་འདོད་དངོས་གྲུབ་གོང་མ་བཞིན། །རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་པ་རྣམས་ཀྱི་དངོས་གྲུབ་ཐོབ་པའི་ཆོ་ག་རྒྱས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་འདི་ཡིན་ཏེ། གང་གིས་འདོད་ལ་སྙོམས་ཞུགས་པ། །དེ་ལ་འདོད་པས་སྤྱོད་པར་བྱེད། །སངས་
རྒྱས་ཕྱག་རྒྱ་ཆེན་པོ་ཡི། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། འདོད་པ་རྣམས་ལ་ཆགས་བྲལ་མིན། །དམ་ཚིག་མཛེས་པ་ཆེན་པོ་འདི། །དེ་བཞིན་གཤེགས་པའི་རིགས་དག་པ། །རྒྱལ་བས་
ཀྱང་ནི་འདའ་མི་མཛད། །དེ་ནས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ཏེ། སེམས་ཅན་དོན་དུ་ཁྲོ་མིན་ཡང་། །ཁྲོ་བོ་ཆེན་པོར་རབ་ཏུ་སྟོན། །རྡོ་རྗེའི་རིགས་ནི་ཆེན་པོ་ཡི། །དམ་ཚིག་འདི་ནི་འདའ་དཀའོ། །དེ་ལ་པདྨའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་
ནི་འདི་ཡིན་ཏེ། རང་བཞིན་དག་པར་ཤེས་ནས་ཀྱང་། །དེ་ཡི་དགོས་པ་དེ་བྱེད་དེ། །པདྨའི་རིགས་ནི་ཆེན་པོ་ཡི། །དམ་ཚིག་འདའ་བར་དཀའ་བའོ། །དེ་ནས་ནོར་བུའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ཏེ། ཉུང་ངམ་ཡང་ན་མང་ཡང་རུང་། །ཅི་ཙམ་ནུས་པ་ཉིད་དུ་ནི། །
སྦྱིན་པས་ཉི་མ་སྟོངས་པར་ནི། །བྱ་མིན་དམ་ཚིག་འདི་ཡིན་ནོ། །རིགས་ཐམས་ཅད་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་
གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ཏེ། སངས་རྒྱས་ཆོས་ཞེས་གྲགས་སོ་ཞེས། །བརྗོད་ན་ཆོས་ཉིད་ཡི་གེ་ནི། །སངས་རྒྱས་ཆོས་ཀྱི་ཕྱག་རྒྱ་ཆེ། །ཡེ་ཤེས་མཆོག་གི་ཚུལ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་
དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །འདོད་ཆགས་ལས་ནི་དག་པའི་ཆོས། །བདེ་བ་ཐམས་ཅད་རབ་སྦྱིན་བྱེད། །དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །དངོས་གྲུབ་བྱེད་པའི་མཆོག་འདིའོ། །དེ་ལ་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །སངས་རྒྱས་བཀའ་ནི་སྦྱང་བ་དང་། །

སེམས་ཅན་དྲང་བར་བྱ་བའི་ཕྱིར། །དེ་ལ་ཁྲོ་བར་མ་གྱུར་ཡང་། །མ་རུངས་བདུད་བྱས་དངོས་གྲུབ་འཐོབ། །དེ་ལ་པདྨའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །པདྨ་ཆུ་ཡིས་མི་ཆགས་པ། །དེ་བཞིན་འདོད་པས་མི་ཆགས་ཞེས། །སྨྲ་ཞིང་དགོས་མིན་
བྱེད་ཀྱང་ནི། །སྡིག་པས་གོས་པར་མི་འགྱུར་རོ། །དེ་ལ་ནོར་བུའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །སྦྱིན་དང་མཉམ་པའི་ཆོས་མེད་དེ། །སྒྲུབ་པར་བྱེད་ཅིང་སྨྲ་བ་ནི། །ནོར་བུའི་རིགས་ནི་ཆེན་པོའི་ཆོས། །མི་འདོད་དངོས་གྲུབ་གོང་མ་བཞིན། །རིགས་ཐམས་ཅད་ཀྱི་ཆོས་
ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པའི་ལས་ཀྱི་དངོས་གྲུབ་རྒྱུད་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་སངས་
རྒྱས་དང་། །བྱང་ཆུབ་སེམས་དཔའ་ཉིད་རྣམས་སུ། །ཇི་བཞིན་དུ་ནི་བཏུལ་ནས་སུ། །ལས་ཀྱི་ཕྱག་རྒྱའི་མཆོག་འགྲུབ་སྦྱིན། །དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །དུས་བཞི་ཡི་ནི་ཚུལ་དག་ཏུ། །མཆོད་པ་རྣམ་པ་བཞི་ཡིས་ནི། །རྟག་ཏུ་ལྡན་
པ་རྣམ་བཞིར་ཡང་། །བྱས་ནས་ལས་རྣམས་བསྒྲུབ་པར་བྱ། །དེ་ལ་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །མ་རུངས་སེམས་ཅན་གནོད་བྱའི་ཕྱིར། །དགོས་པ་གང་དང་གང་དེ་བྱེད། །ལས་ཀྱི་རྡོ་རྗེ་རིགས་ཀྱིས་འདིས། །དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད། །དེ་ལ་པདྨའི་
རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །འཇིགས་པས་གཟིར་ལ་མི་འཇིགས་སྦྱིན། །ཇི་བཞིན་པར་ནི་འདུལ་དེ་བཞིན། །འདི་ནི་པདྨའི་རིགས་ཀྱི་ལས། །སངས་རྒྱས་དངོས་གྲུབ་སྦྱིན་པའོ། །དེ་ལ་ནོར་བུའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །སངས་རྒྱས་དབང་
བསྐུར་དེ་བཞིན་དུ། །ལུས་ཅན་རྣམས་ལ་སྦྱིན་པ་དང་། །རེ་བ་ཐམས་ཅད་རྫོགས་བྱེད་པའི། །ལས་ཀྱི་དོན་དུ་བསྒྲུབ་པའོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་རྒྱུད་འདི་གསུངས་སོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ནོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་དགོངས། །འདི་ནི་སངས་རྒྱས་སངས་
རྒྱས་ཉིད། །གཞན་ལ་སངས་རྒྱས་འགྱུར་བ་མེད། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །འདི་ནི་དེ་བཞིན་གཤེགས་རིགས་ཀྱི། །ཆོས་ཉིད་
དངོས་གྲུབ་དམ་པ་འཐོབ། །དེ་ལ་འདི་ནི་རྡོ་རྗེའི་རིགས་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ། ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །ལས་རྣམས་ཐམས་ཅད་བསྒྲུབས་ན་ནི། །རྡོ་རྗེས་དངོས་གྲུབ་ཐོབ་པར་འགྱུར། །དེ་ལ་འདི་ནི་པདྨའི་རིགས་
ཀྱི་ཆོས་ཉིད་ཀྱི་ཡེ་ཤེ