Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ
Văn bản gốc(Tây Tạng)
Trang 6 / 18 (50.000 ký tự/trang)
་ཥིཉྩ་ཧཱུྃ། དེ་ནས་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་གཱི་ཏེ་གཱ་ཧི་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ལས་ཀྱི་རིག་པ་འདི་གསུངས་པ། །ཨོཾ་ བཛྲ་ནྲྀ་ཏྱ་ནྲྀ་ཏྱ་ཧཱུྃ། དེ་ནས་རྡོ་རྗེ་རིག་པ་དམ་པས་རང་གི་ལས་ཀྱི་དམ་ཚིག་འདི་གསུངས་སོ། །ཨོཾ་བཛྲ་བ་དྱོཏྟ་མནེ་ཏྲ་བི་ཀུ་རབ་བི་ཀུར་བ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཁྲོ་བོ་རྡོ་རྗེ་མེའི་ལྷ་མོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་བཛྲ་ཨ་གྣེ་ཛྭཱ་ལ་ཏྲི་ཤཱུ་ལནྦི་ན་ཧྲྀ་ད་ཡ་བཛྲི་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་གསེར་ལྷ་ མོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཧེ་མ་ཙྪིནྡ་ཙཀྲེ་ཎ་བཛྲི་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་གཞོན་ནུ་མས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཀུ་མཱ་རི་ཤཱི་གྷྲཾ་ཨཱ་བེ་ཤ་ཡ་གྷཎྚཱ་ཤཔྡེ་ན་བཛྲ་བཱ་ཎི་པྲི་ཡེ་བཛྲ་ས་མ་ཡེ་མ་ནུ་སྨར་ཎ་ཧཱུྃ་ཕཊ། དེ་ནས་ལྷ་མོ་ཆེན་མོ་རྡོ་ རྗེ་ཞི་བས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཤཱནྟི་ཛ་པ་ཛ་པ་ཨ་གྷ་མཱ་ལ་ཡ་སརྦཱ་ན་མར་ཡ་ཤཱནྟ་ཏྲི་ཧྱ་ཧཱུྃ་ཕཊ། དེ་ནས་ལྷ་མོ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱིས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་མུཥྚི་ཧ་ན་ཧ་ན་བཛྲ་བྷིན་དྷ་བྷིན་དྷ་བི་ཌ་ཡ་བི་ཌ་ཡ་སརྦ་དུཥྚ་ཧྲྀ་ད་ཡཱ་ནི་ཨོཾ་སམྦྷ་ནི་སུམྦྷ་ ཧཱུྃ་ཧཱུྃ་ཕཊ། རིག་པའི་རྒྱལ་མོ་རྣམས་ཀྱིའོ། །དེ་ནས་རྡོ་རྗེ་མི་འཆིང་བ་ཁྲོ་བོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཨ་མྲྀ་ཏེ་སརྦ་དུཥྚ་གྲྀ་ཧྞ་བནྡྷ་ཧ་ན་སརྦ་བི་དྷྭཾ་ས་ཡེ། བི་ནཱ་ཤ་ཡ་ཙྪིནྡ་བ་བི་ཀུ་རུ་མུཏྟ་ནི། ཏ་ཡ་བཛྲེ་ཎ་ཡེ་ཀེ་ཙིཏྨ་མ་མུ་ཀ་ར་བིན་ཡཱ་ཀ་ཏནྟ་མ་དཱིཔྟ་ཀྲོ་དྷ་བཛྲི་ཧཱུྃ་ཕཊ། དེ་ནས་ རྡོ་རྗེ་མདངས་ཅན་གྱིས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་ཀནྟི་མཱ་ར་ཡ་སཽ་མེ་རུ་པེ་པྲ་ཏི་བ་ཏ་རཱ་གེ་ན་ཤཱི་གྷྲཾ་སྥོ་ཊ་ཡ་བཛྲ་དྷ་ར་ཏྱེ་ན་མ་ཧཱ་ཛྱོ་སྣ་ཀཱ་ར་ལེ་ཤི་ཏ་ར་སྨི་བཛྲི་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དབྱུག་པའི་མཆོག་མས་རང་གི་ལས་ཀྱི་སྙིང་པོ་འདི་སྨྲས་པ། ཨོཾ་བཛྲ་དཎྜཱ་གྲི་གྷཱ་ཏ་ཡ་ཧཱུྃ་ཕཊ། དེ་ནས་ རྡོ་རྗེ་ཙོང་ཙོང་ཁྲོ་བོ་ཆེན་མོས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་མཱ་ལེ་མེ་ཁ་ལེ་ཁ་ན་ཁ་ན་ཤ་པ་བ་དེ་ནི་བ་ཤིཾ་ཀུ་རུ་ཏྲཾ་དཾཥྚྲཱ་མཱ་ར་ཡ་བི་ཤ་ནེ་ཧཱུྃ་ཕཊ། ཁྲོ་བོའི་རིག་པ་རྣམས་སོ། །དེ་ནས་རྡོ་རྗེ་འཇུམས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་བ་ལ་ཡེ་མེ་ཙྪིནྡ་སི་ནི་བྷིནྡ་བཛྲི་ཎི་མཱ་ར་ཡ་ ཨུ་མ་ད་ཡ་པི་བ་པི་བ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཟས་ཀྱིས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་ཨ་ཤ་ནེ་བ་ཀྲཱ་ཡ་སརྦ་དུཥྚ་བཛྲ་ད་ཤ་ནེ་ཤ་ག་ཏི་དྷ་ར་ཎི་མ་ནུ་ཤ་མ་ན་སེ་ཨཱ་ཧ་རེ་ཎ་ར་རུ་ཏི་ས་ཤུད་ཙི་པྲི་ཡ་མ་ཛ་བ་སཱ་ནུ་ལེ་བ་ན་བི་ལེ་པ་ཏ་གྲ་ཏྲེ། ཨ་ན་ཡ་སརྦ་དནྟྱ་ནྱ་ཡ་ཧི་ར་ཎྱ་སུ་བརྞ་ཨཱ་དི་ནི་གྲ་མ་ཡ་དེ་ བརཀྵ་ཎི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་བགོ་བས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་བཱ་ས་ནེ་ཨཱ་ན་ཡ་སརྦ་སྲ་ཨནྣ་བ་ཎ་དི་ནྱུ་བ་ཀ་ར་ཎ་ནི་ཤཱི་གྷྲཾ་བ་ཤིཾ་ཀུ་རུ་དཱི་པ་དེ་མེ་པྲ་ཡཙྪ་ཨཱ་བི་ཤ་ས་དྱཾ་ཀ་ཏ་ཡ་བཛྲ་ཀོ་ཥ་དྷ་ར་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དབང་གིས་རང་གི་ལས་ཀྱི་དམ་ཚིག་སྨྲས་སོ། །ཨོཾ་བཛྲ་ བ་ཤི་ཨཱ་ན་ཡ་བ་ཤཾ་ཀུ་རུ་སརྦ་བྲི་ཡ་སརྦ་པུ་རུ་ཥ་ན་ད་སི་ཀུ་རུ་ཀྲུ་དྡཾ་པྲ་སེ་ད་ཡ་སརྦ་བྷྱཿབ་ཧ་རེ་བྷྱོ་ཧ་ར་ཡ་བི་ཙ་ར་ཡ་ཀ་རི་བཛྲ་པ་ཏ་ཀ་དྷཱ་ར་ཎཱི་ཧཱུྃ་ཕཊ། རྡོ་རྗེ་ཚོགས་ཀྱིའོ། །དེ་ནས་རྡོ་རྗེ་ཕོ་ཉ་མོས་རང་གི་ལས་ཀྱི་དམ་ཚིག་སྨྲས་སོ། །ཨོཾ་བཛྲ་དུཥྚེ་ཨཱ་ན་ཡ་སརྦ་མཎྜ་ལཾ་པྲ་བེ་ཤ་ཡ་ཨཱ་བེ་ཤ་ཡ་བནྡྷ་ཡ་སརྦ་ ཀརྨ་ཎ་མེ་ཀུ་རུ་ཤཱི་གྷྲཾ་ཤཱི་གྷྲཾ་ལ་གུ་ལ་གུ་ཏྲ་ས་ཡ་མཱ་ར་ཡ། ད་བྱ་བ་རེ་བྷོ་དྷ་ར་ཡ་བི་ཛ་ཡཾ་ཀ་རི་བཛྲ་བ་ཏ་ཀདྷྲ་ར་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཤུགས་ཀྱིས་རང་གི་དམ་ཚིག་སྨྲས་པ། ཨོཾ་བེ་གྷ་བཛྲི་ཎ་གྷུ་གྷུ་གྷུ་གྷུ་ཤ་བ་དེ་མཱ་ར་ཡ་བི་གྷི་ར་བི་དྷཾ་ས་ཡ་བཛྲ་བཱ་ཤ་དྷཱ་ར་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་འབར་བས་རང་གི་ལས་ཀྱི་ དམ་ཚིག་སྨྲས་པ། ཨོཾ་བཛྲ་ཛྭཱ་ལ་ཛྭཱ་ལ་ཡ་སརྦ་བཛྲ་ཛྭཱ་ལ་ཡ་ཛྭཱ་ལ་ཡ་ད་ཧ་ད་ཧ་བ་སྨིཾ་ཀུ་རུ་ཧཱུཾ་ཕཊ། དེ་ནས་རྡོ་རྗེ་འཇིགས་པས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་བི་ག་ཏེ་པྲ་བེ་ཀ་དཾཥྚཱ་ཀརཱ་ལི་ཀ་རཱ་ལ་བི་ཤ་ན་བཱ་ཀ་ཏྲེ་ཤཱི་གྷྲཾ་ཤཱི་གྷྲཾ་ཨཱ་བེ་ཤ་ཡ་བྷ་ཀྵ་ཡ་རུ་དྷི་རཾ་པི་པ་མ་ཧཱ་ཡཀྵི་ཎི་བཛྲ་པཱ་ཤ་དྷཱ་ར་ཎཱི་ཧཱུྃ་ ཕཊ། རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱིའོ། །དེ་ནས་རྡོ་རྗེའི་བཞིན་རྡོ་རྗེ་བྲན་མོས་རང་གི་ལས་ཀྱི་དམ་ཚིག་སྨྲས་སོ། །ཨོཾ་བཛྲ་མུཥྚི་ཨཱ་ན་ཡ་བཛྲ་དིཥྚི་བ་ཡ་ནི་ཀེ་བ་ཏཱ་ལ་ནི་བསི་ནི་ཁ་ན་ཁ་ན་ཁཱ་ཧི་ཁཱ་ཧི་སརྦ་མུ་ཁེ་པྲ་བེ་ཤ་ཡ་སྥོ་ཊ་ཡ་མཱ་ར་མཱ་ར་ཎི་སརྦ་དུཥྚ་ནཱཾ་བཛྲི་ཎི་ཤི་ཏ་སི་དྷཱ་རི་ཎཱི་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་དུ་སེམས་རང་ གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་ཀཱ་ལི་མ་ཧཱ་པྲེ་ཏ་རཱུ་པི་ཎི་མ་ནུ་ཥ་མཱཾ་ས་རུ་དྷི་ར་པྲི་ཡེ་ཨི་ཧྱེ་ཧི་གྲྀཧྞ་གྲྀཧྞ། བྷ་ཀྵ་ཡ་བཛྲ་དཱ་ཀི་ནཱི་བཛྲ་ཤྲྀཾ་ཁ་ལེ་སརྦ་དེ་བ་གཎ་མཱ་ཏྲི་བྷུ་ཏེ་ཧ་ར་ཧ་ར་པྲཱ་ཎཱཾ། ཨ་མུ་ཀ་སྱ་ཀ་པཱ་ལ་མཱ་ལཱ་ལཾ་ཀྲྀ་ཏ་སརྦ་ཀ་ཡེ་ཀིཉྩི་རཱ་ཡ་སི་བཛྲ་ཁ་ཊྭཱཾ་གཎྷཱ་རི་ཎཱི་པྲེ་ཏ་མ་ནུཥ་ཤ་རཱི་རེ་ཤཱི་གྷྲཾ་ཨཱ་བེ་ ཤ་ཡ་པྲ་བེ་ཤ་ཡ་བནྡྷ་ཡ་བ་ཤི་ཀུ་རུ་མཱ་ར་ཡ་བཛྲ་རཀྵ་སི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་རལ་མས་རང་གི་ལས་ཀྱི་དམ་ཚིག་འདི་སྨྲས་སོ། །ཨོཾ་བཛྲ་པཱུ་ཏ་མེ་མ་ནུ་ཥ་ཡ་མན་ས་སརྦ་རུ་དྷི་ར་མུ་ཏྲ་པུ་རཱི་ཥ་ཤ་ལེ་སྨྲཱ་ཤཱི་གྷྲཾ་ན་རེ་ཀ་ཏོ་གརྦྟ་ཧིར་ཎྱཡཱ་ཧཱི་ཤྲཱི་གྷྲཾ་ཨི་དམ་མུ་ཀ་སྱ་ཀུ་རུ་བཛྲ་ཤོ་དྷ་ནི་ཀདྷཱ་ར་ཎཱི་སརྦ་ཀརྨ་ཎི་མེ་ཀུ་ རུ་སྭཱ་ཧཱ། ཧཱུྃ། དེ་ནས་རྡོ་རྗེ་མ་ཀ་རས་རང་གི་ལས་ཀྱི་དམ་ཚིག་སྨྲས་པ། ཨོཾ་བཛྲ་མ་ཀ་རེ་གྲ་ས་གྲ་ས་ཤཱི་གྷྲཾ་པྲ་བེ་ཤ་ཡ་པཱ་ཏཱ་ལཾ་བྷ་ཀྵ་ཡ་བཛྲ་མ་ཀ་ར་དྷཱ་ར་ཎཱི་ཧཱུྃ་ཕཊ། རྡོ་རྗེ་བྲན་མོ་རྣམས་ཀྱིའོ། །དེ་ནས་ཕྱག་ན་རྡོ་རྗེས་ཡང་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ ཏུ་བཤད་བྱ་བ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ །རྡོ་རྗེའི་དཀྱིལ་འཁོར་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དཀྱིལ་འཁོར་མཆོག་ནི་ཐམས་ཅད་དུ། །སངས་རྒྱས་དབུས་ན་བཞུགས་པར་བྱ། །དེ་དག་ཕྱོགས་སུ་རིམ་པར་ཡང་། །སེམས་དཔའ་ ཆེན་པོ་རྣམས་བཞག་གོ། །དེ་ཡི་དབུས་སུ་ཆུང་མར་བཅས། །རྡོ་རྗེ་རིག་པ་དམ་པ་ཉིད། །རྡོ་རྗེ་ལཱ་སྱེ་ལ་སོགས་གསང་། །གར་གྱི་མཆོད་ཁ་སོགས་པས་མཆོད། །དེ་ལ་ལྷ་མོའི་གོ་རིམས་བཞིན། །འཁོར་ལོའི་དཀྱིལ་འཁོར་ཚུལ་བཞིན་དུ། །རང་གི་ཕྱག་རྒྱ་ཕྱག་རྒྱ་འདྲ། །གང་ བྱེད་པར་ཡང་བྲི་བར་བྱ། །སངས་རྒྱས་རྡོ་རྗེ་ཅན་མཆོད་ཕྱིར། །རྡོ་རྗེ་གར་གྱི་ཚུལ་གྱིས་སོ། །གྲྭ་དང་སྒོ་ཡི་ཕྱོགས་རྣམས་སུ། །བདུག་པ་ལ་སོགས་རིམ་པ་བཞིན། །དེ་ནས་ལས་ཀྱི་དཀྱིལ་འཁོར་འདིར་དགུག་པ་ལ་སོགས་པའི་ལས་བྱས་ནས་རྡོ་རྗེ་འཆང་བའི་ལས་ཀྱི་དམ་ཚིག་གི་ཕྱག་ རྒྱ་ཇི་ལྟ་བ་བཞིན་བཅིངས་ཏེ་འདི་སྐད་སྨྲོས་ཤིག །ཁྱོད་ཀྱིས་ལྷའི་རིམ་པ་མ་མཐོང་བ་དང་ལས་མི་ཤེས་པ་སུ་ལ་ཡང་གསང་བའི་ལས་འདི་མ་སྨྲ་ཤིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་སྨྲོས་ཤིག །རྡོ་རྗེ་སློབ་དཔོན་རང་གི་ལས་ཀྱི་རྡོ་རྗེ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཁྲོ་ བོའི་ལྟ་བས་བལྟ་ཞིང་འདི་སྐད་བརྗོད་དོ། །ཨོཾ་བཛྲ་ཏྭ་རྱ་ཨཱ་བེ་ཤ་ཡ་པྲ་བེ་ཤ་ཡ་ནྲྀ་ཏེ་བ་ཡ་སརྦ་ཀརྨ་སིདྡྷི་མི་པྲ་ཡཙྪ་ཧཱུཾ་ཨཱཿཧཱུཾ་ཨ་ལ་ལ་ལ་ལ་བཛྲི། དེ་ནས་ཡང་བདག་ལ་བབས་ནས་བདག་ཉིད་ཀྱིས་འཇུག་སྟེ་ཕྱག་རྒྱ་དང་འདྲ་བའི་ཕྱག་རྒྱ་རྣམས་ཀྱི་གར་གྱི་མཆོད་པས་མཆོད་པར་བྱའོ། །ཕྱིན་ ཆད་ལུས་དང་། ངག་དང་། ལྟ་བ་དང་། ཡིད་དང་། རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་ལས་ཐམས་ཅད་འདོད་པ་བཞིན་བྱེད་པའོ། །དེ་ནས་གདོང་གཡོགས་པ་བཀྲོལ་ཏེ། གར་གྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་སློབས་ཤིག །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱི། །དམ་ཚིག་མཆོག་ནི་གཉིས་བྱས་ ཏེ། །རྡོ་རྗེ་རིག་པ་དམ་པ་ལ། །རྡོ་རྗེ་ལཱ་སྱེ་ལ་སོགས་མཆོད། །རིག་པ་འདི་རྣམས་ཐམས་ཅད་ཀྱང་། །ལྟག་འོག་གོ་རིམས་ཇི་བཞིན་དུ། །གར་གྱི་མཆོད་པའི་ཕྱག་རྒྱ་ཡིས། །ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །རྡོ་རྗེ་གར་གྱི་ཚུལ་གྱིས་ནི། །ཕྱག་རྒྱ་ཆེན་པོ་མདོར་བསྡུས་ སོ། །དམ་ཚིག་མཆོག་ནི་གཉིས་བྱས་ནས། །ལས་ཀྱི་ཕྱག་རྒྱ་བཀྲོལ་བར་བྱ། །གར་གྱི་མཆོད་པ་འདི་ཡིས་ནི། །གཙོ་བོ་ཐམས་ཅད་མཆོད་ན་ནི། །རྡོ་རྗེ་འཛིན་པ་ཆེ་སོགས་ཀྱི། །ལས་གྲུབ་པར་ཡང་ངེས་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་རྒྱས་པ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རིགས་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐོས་ནས་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་བཞག་སྟེ་མཁྱེན་བཞིན་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གསང་བ་ཐམས་ཅད་འཛིན་པར་དབང་བསྐུར་ན་དེ་བཞིན་གཤེགས་པའི་གསང་བ་དེ་གང་ལགས། བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདི་གསུངས་སོ། །སེམས་ཅན་རྣམས་ཀྱི་རང་བཞིན་ནི། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་གཙང་བས་བྱ། །དེ་ནས་ཕྱག་ན་རྡོ་རྗེས་རང་གི་རྡོ་རྗེ་གསང་བ་འདི་གསུངས་ སོ། །སེམས་ཅན་ཐམས་ཅད་ཕན་ཕྱིར་དང་། །སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར། །སེམས་ཅན་ཐམས་ཅད་བསད་ཀྱང་ནི། །སྡིག་གིས་གོས་བར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་རང་གི་ནོར་བུ་གསང་བ་འདི་གསུངས་སོ། །སེམས་ཅན་ཐམས་ཅད་ ཕན་ཕྱིར་དང་། །སངས་རྒྱས་དོན་དུ་སྦྱོར་བ་ཡིས། །ཕ་རོལ་ནོར་རྣམས་ཕྲོགས་ཀྱང་ནི། །སྡིག་པས་གོས་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྤྱན་གྱིས་རང་གི་པདྨའི་གསང་བ་འདི་གསུངས་སོ། །འདོད་ཆགས་འདྲ་བའི་བདེ་བ་མེད། །རྒྱལ་བ་ལ་ནི་དེ་ཕུལ་ལ། །གཞན་གྱི་ཆུང་ མ་སེམས་ཅན་ཕྱིར། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའི་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ལས་ཀྱི་གསང་བ་འདི་གསུངས་སོ། །སེམས་ཅན་ཐམས་ཅད་ཕན་ཕྱིར་དང་། །སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར། །ལས་རྣམས་ཐམས་ཅད་བྱས་པ་ཡིས། ། བསོད་ནམས་ཤིན་ཏུ་མང་པོ་རྙེད། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་བཅོམ་ལྡན་འདས་གསང་བ་འཛིན་པའི་རྡོ་རྗེ་འཆང་བ་ལ་ལེགས་སོ་ཞེས་བསྟོད་པ། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །མདོ་འདི་ལེགས་པར་སྨྲས་པ་སྟེ། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སྟོ།། །།བམ་པོ་དྲུག་པ། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཏེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་བདག་པོ་སྤྱན་རས་གཟིགས་ཀྱི་དབང་ པོ་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་པ། པདྨོའི་སེམས་དཔའ་པདྨོ་ཆེ། །འཇིག་རྟེན་དབང་ཕྱུག་དབང་ཕྱུག་ཆེ། །སྤྱན་རས་གཟིགས་དབང་བསྟན་པའི་མཆོག །རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་དག་པ་ཆེ། །སེམས་ཀྱི་རྒྱལ་པོ་བློ་གྲོས་ཆེ། །པདྨའི་ བདག་ཉིད་པདྨ་ཆེ། །པདྨའི་མགོན་ཁྱོད་ཕྱག་འཚལ་ལོ། །པདྨ་ལས་བྱུང་པད་བཟང་འོད། །པདྨོ་དག་པར་རབ་དག་བྱེད། །རྡོ་རྗེ་པདྨ་པད་མཆོག་ལུས། །པདྨ་པདྨ་ཁྱོད་ཕྱག་འཚལ། །སྣ་ཚོགས་ཆེན་པོ་སྣང་བ་ཆེ། །དོགས་པ་ཆེན་པོ་ཆེ་དང་མཚུངས། །བརྟན་པ་ཆེན་པོ་དཔའ་བ་ཆེ། ། དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་བསམ་པ་ཐེག་པ་ཆེ། །རྣལ་འབྱོར་ཆེན་པོ་མེས་པོ་ཆེ། །བདེ་ཟ་བདེ་བྱེད་དག་པའི་དོན། །སངས་རྒྱས་པདྨ་ཁྱོད་ཕྱག་འཚལ། །ཆོས་དེ་ཉིད་དོན་དམ་པའི་ཆོས། །དག་པའི་ཆོས་ནི་ཆོས་རབ་འཛིན། །ཆོས་ཆེན་པོ་དང་ཆོས་བཟང་མཆོག ། ཆོས་ཀྱི་འཁོར་ལོ་ཁྱོད་ཕྱག་འཚལ། །སངས་རྒྱས་སེམས་དཔའ་སེམས་བཟང་མཆོག །ཆོས་ཀྱི་སེམས་དཔའ་ཆོས་མཆོག་འཛིན། །སེམས་དཔའ་དམ་པ་སེམས་མཆོག་འཛིན། །སེམས་དཔའ་སེམས་དཔའ་ཁྱོད་ཕྱག་འཚལ། །སྤྱན་རས་གཟིགས་དབང་མགོན་པོ་མཆོག ། མགོན་པོ་ཆེན་པོ་རྣམ་གཟིགས་པ། །འཇིག་རྟེན་སྣང་བ་འཇིག་རྟེན་དོན། །འཇིག་རྟེན་མགོན་པོ་ཁྱོད་ཕྱག་འཚལ། །འཇིག་རྟེན་ཡི་གེ་ཡི་གེ་ཆེ། །ཡི་གེ་མཆོག་ནི་ཡི་གེ་འདྲ། །ཡི་གེ་ཡི་གེ་ཐམས་ཅད་གཟིགས། །འཁོར་ལོའི་ཡི་གེ་ཁྱོད་ཕྱག་འཚལ། །ཕྱག་ན་པདྨ་ཕྱག་ ཆེན་པོ། །དབུགས་འབྱིན་པ་ནི་སྦྱིན་པ་པོ། །སངས་རྒྱས་ཆོས་ནི་སངས་རྒྱས་ཆེ། །སངས་རྒྱས་བདག་ཉིད་ཁྱོད་ཕྱག་འཚལ། །སངས་རྒྱས་གཟུགས་ནི་གཟུགས་ཆེན་པོ། །རྡོ་རྗེའི་གཟུགས་ནི་གཟུགས་བཟང་འཆང་། །ཆོས་ཀྱི་སྣང་བ་གཟི་བརྗིད་མཆོག །འཇིག་རྟེན་སྣང་ཁྱོད་ ཕྱག་འཚལ་ལོ། །པདྨའི་དཔལ་ནི་མགོན་པོ་མཆོག །ཆོས་དཔལ་མགོན་པོ་མགོན་ལྡན་པ། །ཚངས་པའི་མགོན་པོ་ཚངས་ཆེན་པོ། །ཚངས་སྲས་ཁྱོད་ལ་ཕྱག་འཚལ་ལོ། །སྣང་བའི་སྣང་མཆོག་སྣང་བའི་གཙོ། །སྣང་གསལ་ཤིན་ཏུ་སྣང་བ་བོ། །སྣང་བའི་མགོན་པོ་སྣང་བ་ ཆེ། །སངས་རྒྱས་སྣང་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་དབང་བསྐུར་སངས་རྒྱས་མཆོག །སངས་རྒྱས་སྲས་པོ་མཁས་ཆེན་པོ། །སངས་རྒྱས་དབང་བསྐུར་གཙུག་གི་མཆོག །སངས་རྒྱས་སངས་རྒྱས་ཁྱོད་ཕྱག་འཚལ། །སངས་རྒྱས་སྤྱན་ནི་སྤྱན་ཆེན་པོ། །ཆོས་སྤྱན་གཟིགས་ པ་ཆེན་པོ་ཡི། །ཏིང་འཛིན་ཡེ་ཤེས་ཐམས་ཅད་པ། །རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ། །བདག་ཉིད་ཀུན་གྱི་ཡོན་ཏན་འདི། །ཁྱོད་ནི་མཚན་བརྒྱ་རྩ་བརྒྱད་རྣམས། །བསྟོད་ནས་གོམས་པར་བྱེད་པ་ན། །འཇིག་རྟེན་དབང་པོ་ཐོབ་པར་འགྱུར། །དཔའ་བོ་ཁྱོད་ལ་གསོལ་བཏབ་པ། །རང་ གི་རིགས་རྣམས་བསྐྱེད་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་དམ་པ་ནི། །ཐུབ་པ་ཆེན་པོས་བཤད་པར་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་ཐོས་ནས། བཅོམ་ལྡན་ འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ག་ལ་བ་དེར་མངོན་དུ་ཕྱོགས་ཏེ་འདུག་ནས་རྡོ་རྗེ་པདྨ་དེ་རང་གི་ཐུགས་ཀར་བཞག་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ། །རབ་ཏུ་དག་པ་བདག་གི་རྡོ་རྗེ་པདྨ་འདི། །ཕ་ཡིན་འདི་ནི་བདག་གི་བུ། །རིགས་འདི་བྱིན་གྱིས་བརླབ་པར་མཛོད། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་ལས་བྱུང་བའི་བྱིན་གྱི་བརླབས་པདྨོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། ཧྲཱིཿ། དེ་ནས་དེ་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་པདྨ་ལྟ་བུའི་འོད་ཟེར་ཁ་དོག་དང་གཟུགས་དང་རྟགས་དང་། སྤྱོད་ལམ་དང་། འོད་རྣམ་པ་དུ་མ་བྱུང་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོད་ཆགས་ལ་ སོགས་པ་རྣམ་པར་དག་པ་དང་། ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས་ནས་ཡང་སླར་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ཀར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བས་རང་གི་རིག་པ་དམ་པ་འདི་གསུངས་ སོ། །ཨོཾ་བཛྲ་པདྨོ་དྟ་མ་ཧྲཱིཿ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བིདྱཱ་ཧཱུཾ་ཕཊ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་རཏྣོཏྟ་མ་ཏཱི། དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བི་དྱོཏྟ་མ་ཧྲཱིཿ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་བིདྱོཏྟ་མ་ཨཿ། དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འགྲོ་བ་ཐམས་ཅད་འདུལ་བའི་དམ་ཚིག་ཅེས་བྱ་བའི་རང་གི་སྙིང་པོ་འདི་གསུངས་སོ། །ཨོཾ་བཛྲ་ཧཱུཾ་ཧྲཱིཿཧོ། དེ་ནས་སྨྲས་མ་ཐག་ཏུ་ འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ལས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་པོའི་གཟུགས་འཛིན་པ་པདྨ་ལ་ཞུགས་ཏེ། །ཕྱག་རྒྱའི་མཚན་མ་པདྨོ་འཛིན་པའི་ཁ་དོག་དང་། །གཟུགས་དང་། ཆ་ལུགས་དང་། །རྒྱན་སྣ་ཚོགས་པ་དེ་བཞིན་ དེ་གཤེགས་པ་ལ་སོགས་པ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་འཛིན་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་གྱུར་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཇི་ལྟར་འདུལ་བ་ར་སོ་སོའི་གཟུགས་སུ་བསྟན་ནས་མ་ལུས་པ་ལུས་པ་མེད་པའི་སེམས་ ཅན་གྱི་ཁམས་གདུལ་བར་བྱས་ཏེ། ཡང་སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཕྱོགས་ཐམས་ཅད་ཀྱི་ཟླ་བའི་དཀྱིལ་འཁོར་རྣམས་ལ་འཁོད་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ ཐམས་ཅད་ཀྱི། །ཐབས་ནི་སྙིང་རྗེ་བདག་ཉིད་དེ། །གང་དུ་ཐབས་ཀྱིས་འདུལ་མཛད་ན། །ལྷ་རྣམས་སུ་ཡང་འགྱུར་བ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་རང་གི་རིགས་བསྐྱེད་ནས་དེ་བཞིན་གཤེགས་ པ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། དོན་དང་། གྲུབ་པ་དམ་པ་དང་། རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པའི་འབྲས་བུའི་རྒྱུ་རྙེད་པའི་ཕྱིར་ཕུལ་ནས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ། །དེ་ནས་རབ་ ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །འགྲོ་བ་འདུལ་བ་ཞེས་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞེས་ནི་བརྒྱན་པ་དང་། །སྲད་བུ་བཞི་དང་ལྡན་པ་སྟེ། །དར་དང་ཕྲེང་བས་བརྒྱན་པ་དང་། །དཀྱིལ་འཁོར་གྲྭ་ནི་ཐམས་ཅད་ དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པར། །ཕྱི་རོལ་དཀྱིལ་འཁོར་སྲད་བུ་བྲེ། །དེ་ཡི་ནང་དུ་སྲད་བུ་ནི། །གྲུ་བཞི་པར་ནི་བྲི་བར་བྱ། །གཉིས་པའི་གྲྭ་ནི་སྒོ་གདོད་ཅིང་། །པདྨ་འདྲ་བར་བྱ་བ་ཡིན། །ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །པདྨ་འདབ་མ་བརྒྱད་པ་ བྲི། །དེ་ཡི་གེ་སར་དབུས་སུ་ནི། །སངས་རྒྱས་ཀྱི་ནི་སྐུ་གཟུགས་བཞག །དེ་ལ་སངས་རྒྱས་གཞག་པའི་སྙིང་པོ་ནི་འདི་ཡིན་ནོ། །བུདྡྷ་ཧཱུྃ། སངས་རྒྱས་ཕྱོགས་ཀུན་བྲི་བ་ནི། །པདྨའི་དབུས་སུ་གནས་པ་ཡི། །རྡོ་རྗེ་རིན་ཆེན་པདྨ་དང་། །སྣ་ཚོགས་པདྨ་འང་དེ་བཞིན་ནོ། །དེ་ལ་དེ་རྣམས་ཀྱི་ སྙིང་པོ་ནི་འདི་ཡིན་ནོ། །ཨོཾ་ཧཱུཾ་ཧྲཱིཿཀྲྀ། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དེར་ནི་སྤྱན་རས་གཟིགས་དབང་བྲི། །གཟུགས་རྣམས་ཐམས་ཅད་འབྱིན་པ་སྟེ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །རྡོ་རྗེ་འགྱིང་ལ་སོགས་ ཚུལ་དུ། །སངས་རྒྱས་ལ་སོགས་སེམས་དཔའ་ཆེ། །མཚན་མ་པདྨ་འཆང་བ་བྲི། །དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཨཱཿཨོཾ་ཏ་ཐཱ་ག་ཏ་དྷརྨ་ཧཱུྃ། ཨོཾ་བཛྲ་པདྨ་ཨཾ་ཀུ་ཤ་ཀོ་ཥ་དྷཱ་ར་བཛྲ་སཏྭ་ཧཱུྃ་ཕཊ། ཨོཾ་མཱ་ར་ཡ་མཱ་ར་ཡ་པདྨ་ཀུ་སུ་མ་ཨཱ་ཡུ་དྷ་དྷ་ར་ཨ་མོ་གྷ་ཤ་ར་ཧོ། ཨོཾ་པདྨ་སམྦྷ་པདྨ་ ཧསྟ་སཱ་དྷུ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་གཉིས་པ་དེ་བཞིན་ཏེ། །དེ་ཡི་དབུས་སུ་བྲི་བ་ནི། །ཐོར་ཚུགས་དབུས་ནའང་དེ་བཞིན་གཤེགས། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ཁྲོ་གཉེར་ལ་སོགས་ཚུལ་དུ་ནི། །མཚན་མར་པདྨ་འཆང་བྲི་བ། །ལྟག་འོག་གོ་ རིམས་ཇི་བཞིན་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། ཧཱུྃ། ཨོཾ་པདྨ་བྷྲྀ་ཀུ་ཊཱི་ཊི་ཊི་ཏྲ། ཨོཾ་པདྨ་སཱུརྱ་ཛྲཱ་ལ་ཧཱུྃ། ཨོཾ་པདྨ་མ་ཎི་ཀེ་ཏུ་དྷ་ར། ཙནྡྲ་པྲ་ཧ་ད་ལ་ཨ་བ་ལོ་ཀི་ཏེ་ཤྭ་ར་དེ་ཧི་མེ་སརྦ་ཨརྟ་ན་ཤྲཱི་གྷྲཾ་ས་མ་ཡ་ཧཱུྃ། ཨོཾ་པདྨ་ཨཊྚ་ཧཱ་ས་ཨེ་ཀ་དརྴ་མུ་ཀ་ཧ་ཧ་ཧ་ཧ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་ བརྒལ་ནས་ནི། །དཀྱིལ་འཁོར་གསུམ་པའང་དེ་བཞིན་ཏེ། །སེམས་དཔའ་ཆེན་པོ་སྙོམས་ཞུགས་པར། །པདྨའི་སྟེང་དུ་བཞུགས་པར་བྲི། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །པདྨ་ལ་སོགས་ཚུལ་དུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་ བཞག །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། ཧྲཱིཿ། ཨོཾ་ཏཱ་རཱ་པདྨ་ཨ་བ་ལོ་ཀ་ཡ་མཱ་མ་ས་མ་ཡསཏཱ་ཧཱུྃ། ཨོཾ་པདྨ་ཀུ་མཱ་ར་པདྨ་ཤཀྟི་དྷ་ར་ཁཌ་གེ་ན་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོཾ་པདྨ་ནཱི་ལ་ཀཎྠ་ཤ་རཀ་ཙ་ཀྲ་ག་ཏ་པདྨ་པཱ་ཎི་བྱཱ་གྷྲ་ཙརྨྨ་ནི་བ་ས་ནི་ཀྲྀཥྞ་སརྦ་ཀྲྀ་ཏ་ཡ་ཛྙོ་བ་བཱ་ཏི་ཨ་ཛི་ན་རྨྨ་པ་ཙ་ཙ་ནྟོཏ། དྷ་ རི་ཡ་ནཱ་རཱ་ཡ་ཎ་རཱུ་པ་དྷ་རེ་ཏྲྀ་ནི་མུ་ཁ་ཨཊྚཱ་ཊྚ་ཧཱ་ས་ན་པྲ་བེ་ཤ་ཡ་ས་མ་ཡ་ན། དེ་ཧི་མེ་སིདྡྷི་ཨ་བ་ལོ་ཀི་ཏེ་ཤྭ་ར་ཧཱུྃ། ཨོཾ་བྲ་ཧྨ་པདྨ་སཾ་བྷ་བ་ཛ་པ་ཛ་བ་པདྨ་པྟ་ཤ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་བཞི་པའང་དེ་བཞིན་ཏེ། །དེར་ནི་པདྨ་ཞལ་བཞི་པ། །པདྨ་མདུང་རྩེ་ ཐོགས་པར་བྲི། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །རྡོ་རྗེ་གར་ལ་སོགས་ཚུལ་དུ། །མཚན་མ་པདྨ་འཛིན་བྲི་བ། །སེམས་དཔའ་ཆེན་པོའི་ཆོ་ག་བཞིན། །དེ་རྣམས་ཀྱི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཧྲཱིཿ། ཨོཾ་པདྨ་ན་རྟེ་ཤྭ་ར་ནཱ་ཐ་པཱུ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ས་མ་ཡ་ཨཱ་ཀརྵ་ཡ་ པྲ་བེ་ཤ་ཡ་བནྡྷ་ཡ་ཨཱ་བེ་ཤ་ཡ་སརྦ་ཀརྨ་སིདྡྷི་མེ་པྲ་ཡཙྪ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཧཱུཾ། ཨོཾ་བ་ཡ་ན་དྷ་ཏ་ད་ཨ་བ་ལོ་ཀི་ཏེ་ཤྭ་ར་རཀྵ་བནྡྷ་ཡ་ཀ་བཙེ་ས་མ་ཡེ་ཧཱུྃ། ཨོཾ་མ་ཧཱ་པྲ་ཙཎྚེ་བི་ཤྭ་རཱུ་པ་ཙི་ཀ །པདྨ་དཾཥྚ་ཨཱ་ཀ་རཱ་ལ་བི་ཤྭན་བཛྲ་ཧྲྀ་ད་ཡ་སརྦ་པདྨ་ཡཀྵ་ཁཱ་ད་ཁཱ་ད་དྷི་ཀྡྷི་ཀྡྷི་ཀྡྷི་ཀེ །ཨོཾ་པདྨ་མུཥྚི་ ས་མ་ཡ་སྟྭཾ་བནྡྷ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །གྲྭ་རྣམས་ཀུན་དུ་བྲི་བ་ནི། །རྡོ་རྗེ་སྒེག་མོ་ལ་སོགས་ཚུལ། །པདྨ་སྒེ་ག་མོ་ལ་སོགས་ལྷ། །དེ་དག་གི་ནི་ཕྱག་རྒྱ་འདི་རྣམས་སོ། །ཨོཾ་པདྨ་ལཱ་སྱེ་རཱ་ག་ཡ་མ་ཧཱ་དེ་བི་རཱ་ག་མ་ཧཱ་པཱུ་ཛ་སམ་ཡ་ཧཱུྃ། ཨོཾ་པདྨ་མྴ་ལེ་ཨ་བྷི་ ཥིཉྩ། ཨ་བྷི་ཥེ་ཀ་པཱུ་ཛཱ་ས་མ་ཡ་ཧཱུྃ། ཨོཾ་པདྨ་གཱི་ཏེ་གཱི་ཏེ་པཱུ་ཛཱ་ས་མ་ཡ་ཧཱུཾ། ཨོཾ་པདྨ་ནྲེ་ཏྱེ་ནྲེ་ཏྱེ་སརྦ་པཱུ་ཛ་པྲ་བརྟན་ས་མ་ཡེ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཕྱི་རོལ་དཀྱིལ་འཁོར་གྲྭ་རྣམས་སུ། །པདྨའི་མཆོད་པ་ལ་སོགས་བཞི། །མཆོད་པའི་ལྷ་མོ་རྣམས་བྲིའོ། ། དེ་ལ་དེ་དག་གི་མཆོད་པའི་ཕྱག་རྒྱ་ནི་འདི་རྣམས་ཡིན་ནོ། །ཨོཾ་པདྨ་དྡཱུ་པེ་པཱུ་ཛ་ས་མ་ཡེ་པྲ་ཧཱ་ད་ཡ་པདྨ་ཀུ་ལ་དེ་ཡི་ཏེ་མཧཱ་ག་ཎི་པདྨ་ར་ཏི་ཧཱུྃ། ཨོཾ་པདྨ་པུཥྤེ་པཱུ་ཛཱ་ས་མ་ཡ་པདྨ་བཱ་སི་ནི་མ་ཧཱ་ཤྲི་ཡེ་པདྨ་ཀུ་ལ་པྲ་ཏི་ཧ་ར་སརྦ་ཨརྠ་སཱ་དྷ་ཡ་ཧཱུྃ། ཨོཾ་པདྨ་དཱི་པ་པཱུ་ཛཱ་ས་མ་ཡེ་པདྨ་ཀུ་ལ་སུན་རི་མ་ཧཱ་ དུ་ཏྱ་ཨཱ་ལོ་ཀ་བཛྲ་བ་ཙི་ན་ཡ་པདྨ་ས་ར་སྭ་ཏི་ཧཱུྃ། ཨོཾ་པདྨ་གནྡྷ་པཱུ་ཛཱ་ས་མ་ཡེ་མ་ཧཱ་པདྨ་ཀུ་ལ་ཙི་ཏེ་ཀུ་རུ་སརྦ་ཀརྨཱ་ཎི་མེ་པདྨ་སིདྡྷི་ཧཱུྃ། དེ་ནས་པདྨའི་སྒོ་བཞི་པོ། །ཀུན་དུ་ཚོགས་སོགས་ཇི་བཞིན་དུ། །ཇི་ལྟ་བ་བཞིན་ལེགས་བྲི་བ། །དེ་དག་སྙིང་པོ་དོན་གྱིས་བྲི། །ཨོཾ་ཧ་ཡ་གྲཱི་བ་མ་ཧཱ་པདྨ་ ཨཾ་ཀུ་ཤ་ཡ་ཨཱ་ཀརྵ་ཡ་ཤཱི་གྷཱ་སརྦ་པདྨ་ཀུ་ལ་ས་མ་ཡཾ་པདྨ་ཨཾ་ཀུ་ཤ་དྷཱ་ར་ཧཱུྃ་ཛཿ། ཨོཾ་ཨ་མོ་གྷ་པཱ་ཤ་ཀྲོ་དྷ་ཨཱ་ཀརྵ་ཡ་པྲ་བེ་ཤ་ཡ་མ་ཧཱ་པ་ཤུ་པ་ཏི་ཡ་མ་བ་རུ་ཎ་ཀུ་བེ་ར་བྲཧྨ་བེ་ཤ་དྷཱ་ར་པདྨ་ཀུ་ལ་ས་མ་ཡཱཾ་ཧཱུྃ་ཧཱུྃ། ཨོཾ་པདྨ་སྥོ་ཊ་སྥོ་ཊ་བནྡྷ་སརྦ་པདྨ་ཀུ་ལ་ས་མ་ཡཱཾ་ཤཱི་གྷྲཾ་ཧཱུྃ་བཾ། ཨོཾ་ཥཾ་མུ་ཁ་ས་ནདྐུ་མཱ་ར་བེ་ ཤ་དྷ་ར་པདྨ་གྷཎྚེ་ཨཱ་བེ་ཤ་ཡ་སརྦ་པདྨ་ཀུ་ལ་ས་མ་ཡཱཾ་སརྦ་མུ་དྲཱཾ་བནྡྷ་ཡ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ་པདྨ་ཨཱ་པེ་ཤ་ཨཿཨཿཨཿཨཿ། དེ་ནས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་པདྨའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་བཤད་དོ། །དེ་ལ་དང་པོ་ཁོ་ནར་པདྨའི་སློབ་དཔོན་ཉིད་རྡོ་རྗེ་པདྨ་ དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཇི་ལྟ་བ་བཞིན་དུ་ཞུགས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་སྙིང་པོ་འདིས་ལས་རྣམས་བྱའོ། །ཨོཾ་མ་ཧཱ་པདྨ་སྥོ་ཊ་ཨ་དྷི་ཏིཥྛ་ཨ། དེ་ནས་དེ་བཞིན་དུ་བཀའ་མནོས་ནས་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ཏེ། པདྨའི་དབྱིབས་ བསླབས་ནས་རང་གི་པདྨའི་མིང་བརྗོད་ལ་པདྨ་ལྕགས་ཀྱུ་ལ་སོགས་པས་ལས་རྣམས་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་དེ་དག་ཉིད་ཀྱིས་སེམས་དཔའ་ཆེན་པོ་རྣམས་བསྒྲུབ་པར་བྱའོ། །དེ་ནས་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་པདྨའི་སློབ་མ་རྣམས་གཞུག་པར་བྱ་སྟེ། དེ་ལས་ དང་པོར་པདྨའི་སློབ་མ་རྣམས་མནའི་སྙིང་པོ་བྱིན་ལ་འདི་སྐད་དུ་བསྒོ་བར་བྱའོ། །དེང་ནི་ཁྱོད་ཀྱི་སྙིང་ག་ན། །པདྨ་སེམས་དཔའ་ཉིད་བཞུགས་ཏེ། །ཇི་སྟེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་ཡང་འདི་སྐད་དུ་བསྒོ་བར་བྱས་ཏེ། གསང་བའི་ཆོ་ག་རྒྱས་པ་འདི་སུ་ལ་ ཡང་མ་སྨྲ་ཤིག །ཁྱོད་ཀྱིས་མི་བདེ་བ་མ་སྤངས་པས་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་སྙིང་པོ་འདིས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །ཨོཾ་བཛྲ་པདྨ་ས་མ་ཡ་སྟྭཾ། དེ་ནས་གོས་དཀར་པོ་བགོས་ལ་དར་དཀར་པོས་གདོང་གཡོགས་ནས་གཞུག་པར་བྱ་སྟེ། སྙིང་པོ་ནི་འདི་ཡིན། ཨོཾ་པདྨ་ས་མ་ཡ་ཧཱུྃ། དེ་ནས་ལས་རྣམས་ཇི་ལྟ་བ་བཞིན་དུ་བྱས་ནས་པདྨའི་དབྱིབས་ལག་ཏུ་སྦྱིན་ནོ། །ཨོཾ་པདྨ་ཧསྟ་བཛྲ་དྷརྨ་ཧ་ན་པ་ལ་ཡ་ཧེ་ནི། དེས་ཀྱང་འདི་སྐད་དུ་པདྨའི་ཆོས་ཉིད་ཇི་ལྟ་བུ་ལགས་ཞེས་དྲི་བར་བྱའོ། །དེ་ལ་ཡང་འདི་སྐད་དུ་བརྗོད་པར་བྱའོ། །ཇི་ལྟར་པདྨོ་ དམར་པོ་འདི། །འདོད་པའི་ཉེས་པས་མི་ཆགས་བཞིན། །ཐམས་ཅད་དག་པར་བསྒོམས་ན་ནི། །དེ་བཞིན་སྡིག་པས་ཆགས་མི་འགྱུར། །དེ་ལ་ཆོས་ཉིད་ནི་འདི་ཡིན་ནོ། །དེ་ནས་པདྨའི་རིགས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། སྙིང་ལ་པདྨ་བྲིས་ནས་ཀྱང་། །པདྨ་བསྒོམས་ན་སྙིང་ ག་ཡི། །པདྨ་དཔལ་ཡང་དབང་འགྱུར་ན། །བུད་མེད་ཕལ་ལ་སྨོས་ཅི་དགོས། །དཔྲལ་བར་སངས་རྒྱས་དབྱིབས་བྲིས་ཏེ། །རྟག་ཏུ་བསྒོམ་པ་བྱས་ན་ནི། །བསྒོམ་པ་དེས་ནི་མྱུར་དུ་ཡང་། །དབང་བསྐུར་བ་ཡང་ཐོབ་པར་འགྱུར། །ཁ་ཡི་ནང་དུ་ལྕེ་སྟེང་དུ། །སངས་རྒྱས་དབྱིབས་ ནི་རབ་བསྒོམས་ན། །སྒྲ་དང་ལྷ་མོ་བདག་ཉིད་ཀྱི། །རྟག་ཏུ་ཁ་ན་གནས་པར་འགྱུར། །གཙུག་ཏོར་དབུས་སུ་པདྨ་ནི། །སྙོམས་པར་ཞུགས་ཏེ་བཞག་ནས་ཀྱང་། །གཙུག་ཏོར་པདྨ་བསྒོམས་ན་ནི། །མཁའ་ལ་འགྲོ་བའང་དེ་དབང་འགྱུར། །དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། ། ཨོཾ་པདྨ་ཤྲེ་ཡཾ་བྷཱ་ཥ་ཡ་ཧོ། །ཨོཾ་པདྨ་ཨ་བྷི་ཥེ་ཀ་པྲ་ཡཙྪ་བཾ། པདྨ་ས་ར་སྠི་བི་ཤོ་དྷ་ཡ་ཧཱུྃ། ཨོཾ་པདྨ་ཨུ་དྷ་གྲཾ་བ་ཤིཾ་ཀུ་རུ་ཛཿ། རྩིག་པའམ་ཡང་ནམ་མཁའ་ལའང་རུང་། །པདྨ་དམ་པ་བསྒོམས་ན་ནི། །འདི་ནི་སེམས་ཅན་ཐམས་ཅད་ཀྱང་། །དབང་དུ་བྱེད་པ་དམ་པའོ། །ཁ་འམ་ཡང་ ན་ཕྱོགས་གཞན་དུ། །པདྨ་དམ་པ་བསྒོམས་ནས་ཀྱང་། །གང་ཚེ་མཐོང་བ་དེ་ཚེ་བླངས། །ཅི་དགའ་བར་ནི་མི་སྣང་འགྱུར། །རྩིག་པའམ་ཡང་ན་ནམ་མཁའ་ལ། །པདྨ་རྒྱ་གྲམ་བྲིས་ནས་ནི། །གང་ཚེ་མཐོང་ནས་བླངས་པ་ཡི། །དེ་ཚེ་སྣ་ཚོགས་གཟུགས་དེ་འགྱུར། །མཁའ་འམ་ཡང་ ན་ཕྱོགས་གཞན་དུ། །རྡོ་རྗེ་པདྨ་བསྒོམས་ནས་ཀྱང་། །དེ་བླངས་སྐད་ཅིག་ཉིད་ཀྱིས་ནི། །པདྨའི་རིག་པ་འཛིན་པར་འགྱུར། །དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་ཛ་གད་བ་ཤི་ཛྙཱ་ན་པདྨ་ཨཱ་བེ་ཤ་ཡ། ཨོཾ་ཛྙཱ་མ་པདྨ་ཏིཥྛ་ཨ་ཤ་ན་བ་ཀུ་རུ་བཾ། ཨོཾ་ས་མཱ་དྷི་བི་ཤྭ་པདྨ་ཏིཥྛ་རཱུ་པཾ་ ནེ་དྷ་ར་ཤ་ཡ་བྷ་ག་བཱཾ་བཾ། ཨོཾ་ས་མཱ་དྷི་བཛྲ་པདྨོཥྛ་ཨ་དྷི་ཏིཥྛ་ཤཱི་གྷྲཾ་ཧྲི། དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །སྤྱན་རས་གཟིགས་དབང་བྲིས་ནས་ནི། །དེ་ཡི་མདུན་དུ་རྟ་མགྲིན་གྱི། །ཕྱག་རྒྱ་མཆོག་གིས་འདྲེན་པར་བྱ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །སྤྱན་རས་གཟིགས་ དབང་བྲི་བར་བྱ། །ངེས་པའི་ཞགས་པ་ཕྱག་རྒྱ་ཡིས། །འགྲོ་བ་ཐམས་ཅད་དེས་དབང་བྱེད། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །སྤྱན་རས་གཟིགས་དབང་བྲི་བར་བྱ། །དེ་ཡི་མདུན་དུ་པདྨ་ཡི། །ལྕགས་སྒྲོག་མཆོག་གི་ཕྱག་རྒྱ་བཅིངས། །དཀྱིལ་འཁོར་ལ་སོགས་ཐམས་ཅད་ དུ། །སྤྱན་རས་གཟིགས་དབང་བྲི་དེ་ཡི། །མདུན་དུ་པདྨ་དྲིལ་བུ་ཡིས། །ཐམས་ཅད་འབེབས་པའི་དམ་པའོ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་པདྨ་ཨཱ་ཀརྵ་ཡ་སརྦ་མ་ཧཱ་ས་ཏྭཾ་ཧཱུྃ་ཛཿ། ཨོཾ་ཨ་མོ་གྷ་པཱ་ཤ་ཀྲོ་དྷ་ཧཱུྃ་ཧོ་ཧི། ཨོཾ་པདྨ་སྥོ་ཊ་བཾ། ཨོཾ་པདྨ་གྷ་ནྚ་ཨཱ་བེ་ཤ་ཡ་སརྦ་ཨཿ། བདག་ཉིད་ཀྱིས་ནི་བདག་ཉིད་ཉིད། །པདྨ་ཞལ་བཞི་སེམས་དཔར་ཡང་། །བསྒོམས་ཏེ་དེ་ནས་གྲུབ་ནས་ནི། །སྐད་ཅིག་གིས་ནི་གཟུགས་མ་འགྱུར། །དེ་ལྟར་བདག་ཉིད་བདག་ཉིད་ཀྱིས། །རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གནས། །པདྨ་པདྨ་བསྒོམས་ན་ ནི། །ཟད་མི་ཤེས་པའི་གོ་འཕང་འཐོབ། །སྤྱན་རས་གཟིགས་དབང་གཙུག་ཏོར་དབུས། །བདག་གིས་སངས་རྒྱས་གཟུགས་སུ་ནི། །བདག་ཉིད་ཀྱིས་ནི་བསྒོམས་གྱུར་ན། །ཚེ་དཔག་མེད་པའང་མཉམ་པར་འགྱུར། །སྣ་ཚོགས་གཟུགས་ཀྱིས་ཏིང་འཛིན་གནས། །སྣ་ཚོགས་ གཟུགས་ཀྱི་ཏིང་འཛིན་དུ། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །སྤྱན་རས་གཟིགས་དབང་མཉམ་པར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ནོ། །པདྨ་བི་ཤྭ། དྷརྨ་ཀ་ཡ་པདྨ། བུདྡྷ་ཨ་བྷི་ཥེ་ཀ་ཨ་བ་ལོ་ཀི་ཏེ་ཤྭ་ར། དེ་ནས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་ཕྱག་ རྒྱའི་ཡེ་ཤེས་བསླབ་བོ། །དེ་ལ་རེ་ཞིག་དང་པོར་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཡིན་ཏེ། ཇི་ལྟར་རི་མོའི་ཚུལ་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་གནས་ཤིང་། །པདྨ་ལ་གནས་སེམས་དཔར་ནི། །བདག་ཉིད་ཀྱིས་ནི་བདག་ཉིད་བསྒོམ། །དེ་ནས་དེ་དག་གི་ལས་ནི་འདི་དག་ཡིན་ནོ། ། སངས་རྒྱས་ཕྱག་རྒྱ་ཆེ་བཅིངས་ན། །ཚེ་དཔག་མེད་དང་མཉམ་པར་འགྱུར། །རྡོ་རྗེ་པདྨ་བཅིངས་ན་ནི། །སྤྱན་རས་གཟིགས་དབང་མཉམ་པར་འགྱུར། །སངས་རྒྱས་དབང་གིས་བཅིངས་ན་ནི། །བདེ་བར་གཤེགས་པས་དེ་དབང་བསྐུར། །པདྨ་པདྨའི་ཏིང་འཛིན་འཐོབ། །སྣ་ཚོགས་ཀྱིས་ ནི་སྣ་ཚོགས་མཆོག །སྣ་ཚོགས་གཟུགས་ཀྱིས་འདུལ་བ་དང་། །སངས་རྒྱས་རིན་ཆེན་དབང་བསྐུར་འགྱུར། །པདྨ་སེམས་དཔའི་ཏིང་འཛིན་གྱིས། །པདྨ་ཁྲོ་བོ་དབང་ཕྱུག་དཔལ། །རྡོ་རྗེ་འཇིག་རྟེན་དབང་ཕྱུག་གིས། །པདྨ་འདོད་པའི་དངོས་གྲུབ་མཆོག །སངས་རྒྱས་དབང་གིས་ སངས་རྒྱས་ཉིད། །རྡོ་རྗེ་པདྨ་གྲུབ་མཆོག་སྦྱིན། །འདོད་པའི་པདྨ་རབ་འདོད་ལྡན། །དགའ་བ་ཡིས་ནི་ལེགས་པ་སྦྱིན། །ཁྲོ་གཉེར་གྱིས་ནི་ཁྲོ་ཞིར་འགྱུར། །པདྨའི་ཉི་མ་གཟི་བརྗིད་མཆོག །པདྨ་ཟླ་བས་མཛེས་པ་ཆེ། །བཞད་པས་རབ་བཞད་གྲུབ་པ་འཐོབ། །གྲོལ་བས་དངོས་ གྲུབ་མཆོག་འཐོབ་བོ། །པདྨ་རལ་གྲིས་ལོངས་སྤྱོད་འཐོབ། །མགྲིན་སྔོན་གྱིས་ནི་འགུགས་པ་ཆེ། །གོས་དཀར་གྱིས་ནི་དངོས་གྲུབ་འཐོབ། །པདྨ་གར་དབང་གིས་འགྲུབ་སྟེ། །མི་འཇིགས་རྟག་ཏུ་འཇིགས་པ་མེད། །རབ་གཏུམ་གྱིས་ནི་མ་ལུས་འདུལ། །པདྨ་ཁུ་ཚུར་རབ་ཏུ་ སྒྲུབ། །སྒེག་མོ་དགའ་ཞིང་ཕྲེང་བ་ནོར། །གླུར་བླངས་གར་བདེ་བདུག་པས་ཚིམ། །མེ་ཏོག་མཛེས་ཤིང་མེ་མར་ལྟ། །དྲིས་ནི་མཆོག་གི་དྲིར་ཡང་འགྱུར། །རྟ་མགྲིན་གྱིས་ནི་ཡང་དག་འགུགས། །གདོན་མི་ཟ་བར་དབང་དུ་བྱེད། །པདྨ་ལྕགས་སྒྲོག་བཅིང་བ་ཆེ། །དྲིལ་བུས་ཀུན་ ནས་འབེབས་བྱེད་དོ། །དེ་ནས་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ཡིན་ཏེ། རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །མཐེ་བོ་མཐེའུ་ཆུང་མཉམ་པར་བསྒྲེང་། །ཕྱག་རྒྱ་འདི་ནི་ཆོས་དམ་ཚིག །སངས་རྒྱས་ཆོས་ནི་རབ་ཐོབ་བྱེད། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །མཛུབ་ མོ་གུང་མོ་སྲིན་ལག་མཉམ། །སངས་རྒྱས་རིགས་མཆོག་ཕྱག་རྒྱ་དེ། །སངས་རྒྱས་ཉིད་དུ་འགྲུབ་པར་བྱེད། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །གུང་མོ་རྡོ་རྗེ་རབ་མཉམ་པ། །འདི་ནི་རྡོ་རྗེ་རིགས་དམ་པའི། །ཕྱག་རྒྱ་ཡིན་ཏེ་རྡོ་རྗེ་འགྲུབ། །དེ་ལས་གུང་མོ་རིན་ཆེན་འདྲ། །རྡོ་རྗེ་རིན་ཆེན་ རབ་འགྲུབ་བྱེད། །གུང་མོ་པདྨའི་ཚུལ་དུ་བྱས། །པདྨའི་དངོས་གྲུབ་ཐོབ་པར་བྱེད། །རྡོ་རྗེ་ཐལ་མོ་བསྡམས་ནས་ནི། །རྡོ་རྗེའི་ལས་ནི་བྱེད་པར་འགྱུར། །ཆོས་ཀྱི་རྡོ་རྗེ་བཅིངས་ན་ནི། །སྐད་ཅིག་གིས་ནི་དམ་ཚིག་འགྲུབ། །རྡོ་རྗེ་བསྡམས་ལས་མཛུབ་མཉམ་པས། །སངས་རྒྱས་དངོས་ གྲུབ་ཐོབ་པར་བྱེད། །དེ་ནས་རབ་ཏུ་བཤད་བྱ་བ། །སེམས་དཔའི་ཕྱག་རྒྱ་ཁྱད་པར་དུ། །རྡོ་རྗེ་ཐལ་མོ་བསྡམས་ནས་ཀྱང་། །གུང་མོ་མཉམ་པར་བསྡམས་ནས་ནི། །མཐེ་བོ་མཐེའུ་ཆུང་ཕྱེ་བ་ནི། །སྣ་ཚོགས་པདྨར་བཤད་པ་ཡིན། །དེ་ལས་མཐེ་བོ་གཉིས་བསྣོལ་ཏེ། །མཛུབ་ གཉིས་རྩེ་མོ་སྤྲད་ལ་དགུག །དབུས་ཀྱི་རྡོ་རྗེ་སྤྱི་གཙུག་ཕུད། །གཙུག་ཕུད་སངས་རྒྱས་ཡིན་པར་བཤད། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེ་བོ་མཉམ་སྟེ་བཏུད་ནས་ནི། །མཛུབ་མོ་གཉིས་ནི་རྩེ་སྤྲད་དགུག །བཀན་ནས་ཏིང་ངེ་འཛིན་དུ་བཅུག །ཐལ་མོ་པདྨོ་ མཉམ་སྦྱར་ལ། །མཛུབ་མོ་རྡོ་རྗེར་མཉམ་ན་ནི། །མཐེ་བོ་ངོས་ལ་སྦྱར་བ་འདི། །ངེས་པའི་དབང་ཕྱུག་ཕྱག་རྒྱའོ། །རྡོ་རྗེ་བསྡམ་པ་བསྡམས་ནས་ནི། །ལེགས་པར་བཀན་ཏེ་བཅིངས་ནས་ཀྱང་། །མཐེ་བོ་གཉིས་ནི་པདྨར་བསྒྲེང་། །སངས་རྒྱས་པདྨ་ཡིན་པར་བཤད། །མཐེ་བོ་གཉིས་ ནི་རྡོ་རྗེར་མཉམ། །མཛུབ་མོ་ལྕགས་ཀྱུ་རལ་གྲིར་བྱ། །མཐེའུ་ཆུང་གཉིས་ནི་སོ་སོར་དབྱེ། །གུང་མོ་སྲིན་ལག་པདྨོར་བྱ། །པདྨ་མཉམ་པར་རབ་སྦྱར་ལ། །མཛུབ་མོས་མཛུབ་མོ་གཟུང་ནས་སུ། །འདྲེན་པར་བྱེད་པ་པདྨའི་མདའ། །ཐལ་མོ་མཉམ་པར་སྦྱར་ནས་བཀན། །ལེགས་པའི་ ཕྱག་རྒྱ་བཅིངས་ན་ནི། །ལེགས་སོ་ཞེས་བྱ་སྦྱིན་པར་བྱེད། །པདྨའི་ལེགས་པ་ཡིན་པར་གྲགས། །ཐལ་མོ་མཉམ་པར་རབ་སྦྱར་ལ། །མཛུབ་མོ་རྩེ་མོ་མཉམ་སྟེ་དགུག །མཐེའུ་ཆུང་ཕྱེ་ནས་མཛོད་སྤུར་བཞག །པདྨ་ཁྲོ་གཉེར་ཞེས་བྱའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །སོར་ མོ་ཐམས་ཅད་དཀྱིལ་འཁོར་དུ། །སྙིང་གར་རབ་ཏུ་བརྐྱང་བ་ནི། །པདྨའི་ཉི་མ་ཡིན་པར་བཤད། །ཐལ་མོ་རབ་ཏུ་དམ་སྦྱར་ལ། །མཛུབ་གཉིས་རིན་ཆེན་འདྲ་བར་བྱ། །དཔུང་པའི་སྤྱི་བོར་རབ་བརྒྱན་པ། །པདྨ་རིན་ཆེན་རྒྱལ་མཚན་རྩེའོ། །རྡོ་རྗེ་བསྡམས་པ་སྤྱི་བོར་བཞག །ཁ་དང་བཅས་ པར་རབ་བརྐྱང་ནས། །ཉིད་ཀྱི་ཁ་ནས་རྒོད་པ་དང་། །ཁ་ནི་བཅུ་གཅིག་ཉིད་དུ་འགྱུར། །ཏིང་འཛིན་པདྨར་བཅིངས་ནས་ནི། །མཐེ་བོ་གཉིས་ནི་སོ་སོར་འབྱེད། །པདྨ་སྒྲོལ་བའི་ཕྱག་རྒྱ་ལས། །མཛུབ་གཉིས་པདྨའི་ཚུལ་དུ་དགུག །པདྨ་སྒྲོལ་བའི་ཕྱག་རྒྱ་འདི། །དངོས་གྲུབ་ཐམས་ ཅད་གྲུབ་པར་བྱེད། །རལ་གྲིའི་ཚུལ་དུ་བྱས་པ་འདི། །པདྨའི་རལ་གྲིའི་ཕྱག་རྒྱ་ཡིན། །མཐེའུ་ཆུང་པདྨ་ཆེན་པོར་བྱ། །མཐེ་བོ་གཉིས་དེ་བཞིན་དབྱུག་ལྟར་བསྒྲེང་། །མཛུབ་མོ་རྩེ་མོ་དུང་ཆེན་བྱ། །གུང་མོ་སྲིན་ལག་འཁོར་ལོར་བྱ། །རྡོ་རྗེ་ཐལ་མོ་དམ་བྱས་ལ། །གཡས་པ་ཨོཾ་ དུ་ནང་དུ་གཞུག །གཡོན་པའི་མཛུབ་མཐེབ་བཟླས་པར་བྱ། །སེར་ཀུན་ཆུ་སྐྱེས་ཁ་བྱེ་འདྲ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །གཡོན་དང་གཡས་ནས་དེ་བཞིན་དུ། །འགྱིང་བཅས་གར་བྱེད་བསྐོར་ནས་ནི། །སྤྱི་བོར་བཞག་པ་པདྨ་ཅན། །རྡོ་རྗེ་ཐལ་མོ་དམ་བྱས་ལ། །རྩེ་མོ་ཐམས་ ཅད་ཁ་ཕྱེ་བ། །བསྐོར་ཏེ་པདྨའི་སྙིང་གར་ནི། །བཞག་ནས་བསྟན་པར་བྱེད་པ་པོ། །རྡོ་རྗེ་ཐལ་མོ་དམ་བྱས་ལ། །གསང་བའི་གནོད་སྦྱིན་ཚུལ་དུ་ནི། །ཐལ་མོ་བརྐྱང་སྟེ་བསྐུམས་ནས་ནི། །ཁར་བཞག་པདྨའི་གནོད་སྦྱིན་མ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ཀྱང་། །གུང་མོ་གཉིས་ནི་ ཕྱིར་བཀུག་སྟེ། །རང་གི་མཐེ་བོ་རྒྱབ་མནན་པ། །པདྨའི་ཁུ་ཚུར་ཞེས་ཀྱང་བཤད། །རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ནི། །རྡོ་རྗེ་ཐལ་མོ་ལས་བྱུང་བ། །མཆོད་པའི་ལྷ་མོ་ཐམས་ཅད་ཀྱི། །དམ་ཚིག་མཆོག་རྣམས་བཅིང་བའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཛུབ་མོ་གཉིས་ ནི་མཉམ་སྦྱར་ནས། །བཀུག་ནས་རྩེ་མོ་སྦྱར་བ་ནི། །རྟ་མགྲིན་གྱི་ནི་ཡིན་པར་བཤད། །པདྨའི་ཐལ་མོ་མཉམ་སྦྱར་ལ། །མཛུབ་གཉིས་མདུད་པར་མདུད་པ་ན། །ངེས་པར་ཞགས་པའི་ཕྱག་རྒྱ་ཡིན། །མཐེབ་མཛུབ་ལྕགས་སྒྲོག་འདྲ་བར་བྱ། །རྡོ་རྗེ་དབབ་པའི་ཚུལ་གྱིས་ནི། ། པདྨའི་ཐལ་མོ་མཉམ་སྦྱར་ལ། །སྲིན་ལག་མཐེའུ་ཆུང་གཉིས་བར་དུ། །མཐེ་བོ་གཉིས་བཅུག་དམ་དུ་བཙིར། །དེ་ནས་པདྨ་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ཏེ། །ཧྲཱིཿགྲྀ་ཀྲྀ་ཧི། ཤྲྀ་ཤི་དྷི་ཧི། གྲྀ་ཏི་ཀྲྀ་བི་ཁི་མིཥྚི་ཨ། པདྨ་ཁུ་ཚུར་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱ་ བསྒྲུབ་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཆོས་ཀྱི་གཟུངས་ཀྱི་དམ་ཚིག་འབྱུང་བའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ས་མ་ཡ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིགས་འབྱུང་བའི་རིག་ པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་ས་མ་ཡེ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་མ་ཎི་རཏྣ་ས་མ་ཡེ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། ། ཨོཾ་པདྨ་སམ་ཡེ་ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་ཀརྨ་ས་མ་ཡེ་ཧཱུྃ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་རང་གི་རིགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འདི་གསུངས་ སོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་རྒྱའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བ་ལ། །པདྨའི་གསང་བ་ཞེས་བཤད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དེ་དབུས་པདྨའི་སྟེང་དུ་ནི། །རྡོ་རྗེ་དབྱིངས་ཀྱི་དབང་མོ་བྲི། ། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །དམ་ཚིག་མཆོག་རྣམས་སྔ་མ་བཞིན། །རང་གི་རིག་པ་རྣམ་ལྡན་པར། །ཆོས་ཀྱི་རྡོ་རྗེ་ལ་སོགས་བྲི། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷ་རྨེ་ཤྭ་རི་ཧཱུྃ། ཨོཾ་དྷརྨ་ས་མ་ཡེ་བཛྲ་པདྨ་ནི་ཧཱུྃ། ཨོཾ་བུད་དྷ་ཨ་བྷི་ཥེ་ཀ་རཏྣ་ ས་མ་ཡེ་ཧཱུཾ། ཨོཾ་ཏཱ་རཱ་ས་མ་ཡེ་ཧཱུྃ། ཨོཾ་བི་ཤྭ་མུ་ཁེ་ཧཱུྃ། སྣ་ཚོགས་གཟུགས་མཆོག་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དེ་ཡི་དབུས་སུ་པདྨ་ཡིས། །བསྐོར་བའི་པདྨ་བྲི་བར་བྱ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་ཕྱག་རྒྱ་གཉིས་གནས་པ། །པདྨའི་ མཚན་མ་བྲི་བར་བྱ། །བདེ་གཤེགས་ཉིད་ཀྱི་ཉིད་ཕྱག་རྒྱ། །དེ་ལ་དེ་དག་གི་ཕྱག་རྒྱ་ནི་འདི་རྣམས་ཡིན་ནོ། །ཧྲཱིཿ། ཨོཾ་པདྨ་ཏ་ཐཱ་ག་ཏོ། ཨོཾ་པདྨ་ས་མཏྣ་བྷ་དྲེ། པདྨ་བཛྲ་ཨཾ་ཀུ་ཤོ་ཀོ་ཥ་དྷཱ་རི་ཎཱི་ཧཱུྃ། ཨོཾ་པདྨ་ར་ཏི། ཨོཾ་པདྨ་དུཥྚི། དེ་བཞིན་དཀྱིལ་འཁོར་གཉིས་པར་ཡང་། །རྡོ་རྗེ་ ཤུགས་ཀྱིས་བརྒལ་ནས་ནི། །གཙུག་ཕུད་ཆུ་སྐྱེས་ཆེ་གནས་པའི། །སངས་རྒྱས་དབང་བསྐུར་བྲི་བར་བྱ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་རིམ་པ་ཇི་བཞིན་དུ། །པདྨའི་མཚན་མར་ལྡན་པ་ཡི། །དམ་ཚིག་མཆོག་རྣམས་གཞག་པར་བྱ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་ རྣམས་ཡིན་ནོ། །ཤྲཱིཿ། ཨོཾ་བྷྲྀ་ཀུ་ཊཱི་བེ་ཏཱ་ཌི་པདྨེ་ཧཱུྃ། ཨོཾ་པདྨེ་ཛྭཱ་ལེ། ཨོཾ་སཽ་མེ་ནི་པདྨེ་ནི་ཧཱུྃ། ཨོཾ་པདྨ་ཧཱ་སི་ནི་ཨེ་ཀེ་ད་ཤ་བ་ཀ་ཏྲེ་དི་རི་དི་རི་ཨི་ཨཊྚེ། །བཊྚེ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མ་དྷ་རེ་ཨི་ལེ་པྲ་བེ་ཤ་སིདྡྷི་མེ་པྲ་ཡ་ཙྪ་ཧཱུྃ། དེ་བཞིན་དཀྱིལ་འཁོར་གསུམ་པར་ཡང་། །རྡོ་རྗེ་ཤུགས་ཀྱིས་ བརྒལ་ནས་ཀྱང་། །དེ་ཡི་དབུས་སུ་པདྨ་མཛེས། །པདྨའི་ཕྱག་རྒྱ་གཞག་པར་བྱ། །དེ་བཞིན་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་པར། །པདྨའི་མཚན་མར་ལྡན་པ་ཡི། །པདྨ་ལ་ནི་གནས་པར་བྲི། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ ནོ། །བྷི་དྷཱིཿཛྟི། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཧཱུྃ། ཨོཾ་དྷི་ཧཱུྃ། པདྨ་ཙཀྲ་ཤཾ་ཁ་དྷཱ་ར་ཎཱི། ནཱི་ལ་ཀཎྛ་སིད་དྷྱ་སིད་དྷྱ་ཧཱུྃ། །ཨོཾ་པཎྜ་ར་པཱ་སེ་ན་པདྨ་སཾ་བྷ་བེ་བ་དྷ་བ་དྷ་ཧཱུྃ། དེ་བཞིན་དཀྱིལ་འཁོར་བཞི་པར་ནི། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ཀྱང་། །པདྨའི་དབུས་སུ་པདྨ་ནི། །འབར་བའི་ཕྲེང་བས་ བསྐོར་འོད་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་པར། །པདྨའི་དབུས་ན་གནས་པ་ཡི། །པདྨའི་མཚན་མ་ལྡན་པར་བྲི། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །སྟྲི། ཨོཾ་པདྨ་ནྲྀ་ཏྱེ་ཤྭ་རི་པཱུ་ཛ་ཡ་སརྦ་ཏ་ཐཱ་ག་ཏཱ་ནཱཾ་ན་ཏ་ན་ཏ་ཧུྃ། ཨོཾ་ཨ་ བེ་ཤ་ཡ་པདྨ་ཀ་བ་ཙ་བན་དྷ་ར་ཀྲ་མ་ན་ཧཱུཾ། ཧམ། ཨོཾ་མ་ཧཱ་པྲ་ཙཎྜི་པདྨ་ཡཀྵི་ཎི་བི་ཤྭ་རཱུ་པ་ངྷཱ་ར་ཎཱི་བི་ཤྭ་པ་ཡ་སརྦ་དུཥྚ་ཁཱ་ད་ཁཱ་ད་ཧཱུཾ་ཕཊ། ཨོཾ་པདྨ་མུཥྚི་ཨ་མུ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །སངས་རྒྱས་མཆོད་པ་རྣམས་བྲི་བ། །པདྨ་ལྕགས་ཀྱུ་ལ་སོགས་རྒྱ། །མདོར་ན་པདྨའི་ མཚན་མ་ཅན། །དེ་ནས་དེ་དག་གི་ཕྱག་རྒྱ་ནི་འདི་རྣམས་སོ། །ཨོཾ་པདྨ་ར་ཏི་པཱུ་ཛེ་ཧོ། །ཨོཾ་པདྨ་ཨ་བྷི་ཥེ་ཀེ་པཱུ་ཛེ་ར་ཏི། ཨོཾ་པདྨ་གཱི་ཏེ་པཱུ་ཛེ་གི །ཨོཾ་པདྨ་ནྲྀ་ཏྱེ་པཱུ་ཛེ་ཧོ། ཨོཾ་པདྨ་ནི་པུཥྤ་ཧཱུྃ། པདྨ་ཀུ་ལ་སུན་ད་རི། །དྷ་རྨ་ཨཱ་ལོ་ཀེ་པཱུ་ཛྭ་ཡ་ཧཱུྃ། ཨོཾ་པདྨ་གན་དྷེ་ཧཱུྃ། མཆོད་པ་རྣམས་སོ། །ཨོཾ་པདྨ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ་མ་ཧཱ་པདྨ་ཀུ་ལ་ན། ཧ་ཡ་གྲཱི་བ་ས་མ་ཡེ་ཧཱུྃ་ཛཿ། ཨོཾ་ཨ་མོ་གྷ་པཱ་ཤ་ཀྲོ་དྷ་ས་མ་ཡེ་པྲ་བེ་ཤ་ཡ་སརྦ་ས་ཏྭ་ས་མ་ཡཾ་ཧཱུྃ། ཨོཾ་པདྨ་ཤྭཾ་ཀ་ལེ་བཾ། ཨོཾ་པདྨ་གན་དྷ་དྷཱ་རི་ཤྲཱི་གྷྲཾ་ཨཱ་བེ་ཤ་ཡ། ས་མ་ཡཾ་ཤ་ན་མུ་ཀི་ཨ། དེ་ནས་ཕྱག་རྒྱའི་དཀྱིལ་འཁོར་ འདིར་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་པདྨའི་སློབ་མ་རྣམས་ཇི་ལྟ་བ་བཞིན་བཙུད་དེ། འདི་སྐད་དུ་ཁྱོད་ཀྱིས་གསང་བ་འདི་སུ་ལ་ཡང་མ་སྨྲ་ཤིག །ཁྱོད་སེམས་ཅན་དམྱལ་བར་ལྷུང་ང་རེ། ཚེ་གཅིག་ཏུ་སྡུག་བསྔལ་བར་འགྱུར་ཏ་རེ། དེ་ནས་ ཕབ་ནས་འདི་སྐད་དུ་ཁྱོད་ཀྱི་མིག་ལམ་དུ་ཅི་ཞིག་སྣང་ཞེས་དྲིས་ནས། དེས་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་དངོས་གྲུབ་ཏུ་འགྱུར་རོ། །དེས་གལ་ཏེ་ནམ་མཁའ་དཀར་བར་མཐོང་ན་ནི་དེའི་ཚེ་དེའི་དངོས་གྲུབ་དམ་པའི་ཡེ་ཤེས་བསླབ་པར་བྱའོ། །ཡང་ན་སེར་པོ་མཐོང་ན་ནི་དེ་ནོར་འགྲུབ་པའི་ ཡེ་ཤེས་བསླབ་བོ། །ཅི་སྟེ་དམར་པོ་མཐོང་ན་ནི་རྗེས་སུ་དགའ་བར་འགྱུར་བའི་ཡེ་ཤེས་བསླབ་བོ། །ཅི་སྟེ་ནག་པོ་མཐོང་ན་ནི་མངོན་སྤྱོད་ཀྱི་ཡེ་ཤེས་བསླབ་བོ། །ཇི་སྟེ་སྣ་ཚོགས་མཐོང་ན་ནི་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་བསླབ་པ་གོ་བར་ཤེས་ནས་ཇི་ལྟ་བ་བཞིན་དུ་གདོང་ གཡོགས་པ་བཀྲོལ་ནས་སྣོད་ཇི་ལྟ་བ་བཞིན་དུ་ཡེ་ཤེས་བསྐྱེད་དེ། ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །དེ་ལྟར་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཡང་སྣོད་ཇི་ལྟ་བ་བཞིན་དུ་ཕྱག་རྒྱའི་ཡེ་ཤེས་བསླབ་པ་ནི་འདི་བཞིན་དུ་བརྟག་པར་བྱའོ། །དེ་ནས་དངོས་གྲུབ་ དམ་པ་སྒྲུབ་པའི་ཡེ་ཤེས་ནི་འདི་ཡིན་ཏེ། སྤྱན་རས་གཟིགས་དབང་སེམས་དཔའ་ཆེ། །སྣ་ཚོགས་གཟུགས་སུ་བདག་ཉིད་ཀྱིས། །བསྒོམས་ན་ཕྱག་རྒྱ་ཆེན་པོ་ཡི། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །སངས་རྒྱས་དབང་གིས་དམ་ཚིག་ནི། །མཉམ་པར་བཞག་པས་ བརྟན་བྱས་ཏེ། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །པདྨ་པདྨ་སེམས་དཔའ་ཆེ། །བདག་ཉིད་མཉམ་པར་བཞག་པས་བསྒོམས། །བདག་ཉིད་ཀྱིས་ནི་དམ་པ་ཡི། །དངོས་གྲུབ་ཐོབ་པ་ཉིད་དུ་འགྱུར། །རང་བྱུང་གདོན་མི་ཟ་བ་ཡི། །དབང་ ཕྱུག་ལས་ཀྱི་ཕྱག་རྒྱ་ནི། །ཆོ་ག་བཞིན་བསྒྲུབས་མྱུར་བར་ཡང་། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་པདྨ་སཏྭ་ཧཾ་སིད་དྷྱ་ཧོ། ཨོཾ་བུད་དྷ་ཨ་བྷི་ཥེ་ཀ་ཀྲོ་དྷོ་ཧཾ། སིད་དྷྱ་ཧོ། །ཨོཾ་དྷ་རྨ་ས་མཱ་དྷི་ར་ཧཾ་སིད་དྷ་ཧོ། ཨོཾ་ཨ་མོ་གྷེ་ཤྭ་རོ་ ཧཾ། སིད་དྷྱ་མཱཾ། །དེ་ནས་ནོར་སྒྲུབ་པའི་ཡེ་ཤེས་ནི་འདི་ཡིན་ཏེ། ཁ་ཡི་ནང་དུ་དབྱིག་བཅུག་སྟེ། །སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར། །གསེར་སྲང་བརྒྱད་ཆ་བླངས་ནས་ནི། །དམ་ཚིག་མཆོག་ནི་རབ་ བརྟན་པར། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར། །མུ་ཏིག་འབྲུམ་བུ་ཁར་བཅུག་ལ། །བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར། །ལས་ཀྱི་ཕྱག་རྒྱ་ལག་གཉིས་ ཀྱིས། །རིན་ཆེན་ཐམས་ཅད་བླངས་ན་ནི། །བདག་ཉིད་ཀྱིས་ནི་བསྒོམས་ན་ཡང་། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་པདྨ་མ་ཧཱ་རཏྣ་པྲ་དྷ་ཧཱུྃ་ཛ། ཨོཾ་པདྨ་སུ་པྲ་དྷ་ཧཱུྃ་ཛ། ཨོཾ་པདྨ་མུ་ཀུ་ཊ་པྲ་དྷ་ཧཱུྃ་ཛ། ཨོཾ་པདྨ་སརྦ་ རཏྣ་པྲ་དྷ་ཧཱུྃ་ཛ། དེ་ནས་རྗེས་སུ་དགའ་བའི་ཡེ་ཤེས་ནི་འདི་ཡིན་ཏེ། སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །པདྨ་བླངས་ཏེ་མདུན་གནས་པ། །གང་ཡིན་དེས་ནི་དེ་མགུར་བྱེད། །དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིས། །པདྨོ་དམར་པོར་དམ་བཟུང་སྟེ། ། བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །བུད་མེད་ཐམས་ཅད་དགའ་བར་འགྱུར། །བདག་ཉིད་ཉིད་ཀྱིས་བསྒོམས་ནས་ཀྱང་། །པདྨ་བླངས་ཏེ་ཇི་ལྟ་བ། །རྡོ་རྗེ་ལྟ་བས་དེ་ལྟར་བལྟས། །འཇིག་རྟེན་ཐམས་ཅད་དེས་མགུར་འགྱུར། །ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཆོ་ག་བཞིན་དུ་པདྨ་ གཟུང་། །ལག་པ་གཉིས་ཀྱིས་བསྐོར་ན་ནི། །བུད་མེད་ཐམས་ཅད་དེས་མགུར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་བི་ཤྭེ་ཤྭ་ར་མ་ཧཱ་པདྨ་ཧོ། ཨོཾ་པདྨ་ས་མ་ཡ་པདྨ་ཧོ། །ཨོཾ་ཡོ་ག་པདྨོ་ཧོ། །ཨོཾ་པདྨ་ཀརྨ་ཧོ། །སྣ་ཚོགས་ཡེ་ཤེས་དབང་ཕྱུག་ཆེ། །བདག་ ཉིད་མདུན་དུ་པདྨ་གཙང་། །ཕྱག་རྒྱ་པདྨ་དེ་ཉིད་ཀྱིས། །དེ་ཡི་འཆི་བ་སྐད་ཅིག་གོ། །པདྨ་བཟུང་ནས་བརྟན་བྱ་བ། །ཆོ་ག་ལེགས་པ་ཇི་བཞིན་དུ། །དམ་ཚིག་དམ་པ་དེ་ཉིད་ཀྱིས། །ནན་ཏན་ཁོ་ནར་གཞིག་པར་བྱ། །གང་གིས་མིང་སྨོས་འཇིག་པ་ནི། །ཏིང་འཛིན་ཕྱག་རྒྱ་ སྦྱར་ནས་སུ། །ཇི་ལྟར་དེ་ལྟར་པདྨ་ཐོགས། །ལས་དེ་ངེས་པར་འགྲུབ་པར་འགྱུར། །གང་གི་གཞིག་པར་ཁྲོས་ན་ནི། །ལས་ཀྱི་ཕྱག་རྒྱ་སྦྱར་ནས་སུ། །བསྐོར་ཞིང་བརྡབ་པར་བྱས་ན་ནི། །དེ་ཡི་འཚོ་བ་རྡོལ་བར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་ཡིན་ ནོ། །ཨོཾ་མ་ཧཱ་པདྨ་ཙྪེ་ད་མཱ་ར་ཡ་ཧོ་ཕཊ། ཨོཾ་ས་མ་ཡ་པདྨ་སྥོ་ཊ་ནཱ་ཤ་ཡ་ར་ཏ་ཕཊ། ཨོཾ་དྷརྨ་པདྨ་ཙྪེ་ད་བི་ནཱ་ཤ་ཡ་པྲ་ཏི་ཡ་ཕཊ། ཨོཾ་ཀརྨ་པདྨ་སྥོ་ཊ་ཡ་ཛཱི་བི་ཏ་མ་སྱ་ཀྲྀ་ཏ་ཕཊ། དེ་ནས་ཆོས་ཀྱི་དམ་ཚིག་གསང་བའི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ། །པདྨ་ལ་ནི་བུད་མེད་བསམ། ། དེ་སྟེང་བདག་ཉིད་རྡོ་རྗེར་བསྒྱུར། །པདྨ་པད་མཆོག་རྩེ་བྱེད་ཅིང་། །མཉམ་པར་བཞག་ན་དངོས་གྲུབ་འཐོབ། །པདྨ་ལ་ནི་བུད་མེད་བསམ། །དེ་སྟེང་བདག་ཉིད་སངས་རྒྱས་བསྒྱུར། །རྩེ་ཞིང་དབུ་རྒྱན་སངས་རྒྱས་ནི། །བསྒོམས་ན་དེས་ནི་དེས་འགྲུབ་བོ། །པདྨ་ལ་ནི་བུད་ མེད་བསམ། །དེ་སྟེང་པདྨར་བདག་བསྒྱུར་ཏེ། །རྩེ་ཞིང་པདྨ་པདྨ་མཆོག །དག་པའི་དངོས་གྲུབ་ཐོབ་པར་འགྱུར། །པདྨ་ལ་ནི་བུད་མེད་བསམ། །དེ་སྟེང་སྣ་ཚོགས་བདག་བསྒྱུར་ཏེ། །རྩེ་ཞིང་སྣ་ཚོགས་པདྨ་མཆོག །སྣ་ཚོགས་དངོས་གྲུབ་ཐོབ་པར་འགྱུར། །དེ་དག་གི་སྙིང་ པོ་ནི་འདི་རྣམས་སོ། །ཨོཾ་བཛྲ་པདྨ་སཾ་ཡོ་ག་སཱ་དྷ་ཡ་ཧྲཱིཿ། ཨོཾ་བུད་དྷ་མ་ཀུ་ཊ་སཾ་ཡོ་ག་སཱ་དྷ་ཡ་ཤཱིཿ། ཨོཾ་པདྨ་པདྨ་སཾ་ཡོ་ག་སཱ་དྷ་ཡ་དྷྲྀ། ཨོཾ་བི་ཤྭ་པདྨ་སཾ་ཡོ་ག་སཱ་དྷ་ཡ་སྟྲི། དེ་ནས་པདྨ་རིགས་ཀྱི་གསང་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་བསླབ་བོ། །སོར་མོ་རྩེ་སྤྲད་ པདྨར་བྱ། །རྡོ་རྗེ་ཁྲོ་བོའི་མཛུབ་གཉིས་ས་སྤྲད། །རྩེ་གཉིས་ནོར་བུའི་པདྨ་ལྟར། །རྡོ་རྗེ་བསྡམས་པའང་དེ་བཞིན་ཏེ། །རྡོ་རྗེ་བཅིང་བ་བསྡམས་ནས་ཀྱང་། །གུང་མོ་གཉིས་ནི་མྱུ་གུར་བསྒྲེང་། །མཛུབ་མོ་སྲིན་ལག་གཉིས་བཀུག་པའི། །ཕྱག་རྒྱ་ཤཱཀྱ་ཐུབ་པའི་བརྟན། །ཆོས་ ཀྱི་རྡོ་རྗེ་སྙིང་གར་གཞག །བསྒྱུར་ཏེ་དཔྲལ་བར་བཞག་པ་དང་། །ཏིང་ངེ་འཛིན་ཚུལ་པང་དུ་གཞག །བསྒྱུར་ནས་སྤྱི་བོར་གཞག་པར་བྱ། །རྡོ་རྗེ་དབྱིངས་ཀྱི་དབང་བཅིངས་ལ། །མཆོད་རྟེན་པདྨའི་ཚུལ་དུ་ནི། །གུང་མོ་གཉིས་ནི་བཅིངས་གྱུར་ན། །སངས་རྒྱས་པདྨ་ཡིན་པར་ བཤད། །དེ་ལས་མཐེ་བོ་རྡོ་རྗེ་དང་། །མཛུབ་གཉིས་རལ་གྲི་ལྕགས་ཀྱུར་བྱ། །པདྨ་རྡོ་རྗེ་འཛིན་པ་དེ། །གསང་བའི་ཕྱག་རྒྱ་ཡིན་པར་བཤད། །དེ་ལས་མཐེ་བོ་བསྣོལ་ནས་ཀྱང་། །མཛུབ་མོས་མཛུབ་མོ་རབ་གཟུང་ལ། །དྲངས་ན་རབ་དགའ་ཡིན་པར་བཤད། །ལེགས་ སོ་ཞེས་པའང་དེ་བཞིན་ཏེ། །རྡོ་རྗེ་བསྡམས་པ་དམ་བྱས་ལས། །མཐེ་བོ་གཉིས་བསྙམས་བཅུག་ནས་ཀྱང་། །མཛུབ་གཉིས་རྩེ་བཀུག་རྩེ་མོ་ནི། །དཔྲལ་བཞག་གུང་མོ་པདྨར་བྱ། །དེ་ཉིད་ལས་ནི་སྙིང་གར་ཡང་། །ཉི་མའི་དཀྱིལ་འཁོར་སྟོན་པ་དང་། །དེ་ཉིད་ལས་ནི་རྒྱལ་ མཚན་བཅིང་། །ལྟག་པར་རབ་ཏུ་བརྐྱང་བར་བར་བྱ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཛུབ་གཉིས་རྩེ་མོ་པདྨར་དགུག །དེ་བཞིན་པདྨ་རལ་གྲི་སྟེ། །མཛུབ་མོ་པདྨར་བྱས་པས་སྦྱར། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེ་བོ་གཡོན་པ་ནང་དུ་གཞུག །དུང་སྟེ་མཐེ་བོ་ཐོ་ བར་བསྒྲེང་། །སོར་མོ་བསྐུམ་བརྐྱང་པད་མཐེའུ་ཆུང་། །དེ་ལས་ཐམས་ཅད་བཅུམ་ནས་ཀྱང་། །མཐེའུ་ཆུང་པདྨ་ལྟ་བུར་བྱ། །མཐེ་བོ་གཡས་ལ་སྦྱར་བ་ཡི། །མཛུབ་མོར་ནོར་བུ་བགྲང་བར་བྱ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེའུ་ཆུང་པདྨ་ལྟ་བུར་བྱ། །མཛུབ་མོ་བསྒྲེང་ སྟེ་གར་བྱེད་པ། །པདྨ་སྤྱན་གྱི་ཡིན་པར་བཤད། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེའུ་ཆུང་པདྨ་ལྟ་བུར་བྱ། །དམ་དུ་མཛུབ་མོ་གཉིས་བཀུག་སྟེ། །མཐེ་བོ་གཉིས་ནི་གོ་ཆར་བྱ། །དེ་ལས་མཐེབ་གཉིས་མཆེ་བར་བྱ། །མཐེབ་གཉིས་ནང་དུ་གཞུག་པར་བྱ། །དེ་ནས་རབ་ཏུ་ བཤད་བྱ་བ། །དམ་ཚིག་མཆོག་ནི་བླ་མེད་དེ། །རྡོ་རྗེ་ནང་དུ་བསྡམས་ནས་ཀྱང་། །མཛུབ་གཉིས་པདྨ་འདྲ་བྱས་ལ། །མཐེ་བོ་ཕན་ཚུན་བསྣོལ་བ་ནི། །གསང་བའི་སྣ་ཚོགས་དབང་དུ་བཤད། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེའུ་ཆུང་གུང་མོ་མཉམ་བསྒྲེང་ལ། །མཐེབ་མོས་ རྡོ་རྗེ་སྦྱར་བ་ནི། །གཙུག་ཕུད་དབུས་ན་དེ་བཞིན་གཤེགས། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེ་བོ་པདྨ་འདྲར་བྱས་ལ། །ཁ་ནས་དབྱུང་ལྟར་བྱས་ནས་ཀྱང་། །པང་དུ་ཏིང་ངེ་འཛིན་ལྟར་གཞག །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །སོར་མོ་ཀུན་གྱི་ངོས་རྣམས་ནི། །མཉམ་པར་ དམ་དུ་བསྡམས་ནས་ཀྱང་། །མཛུབ་གཉིས་རྡོ་རྗེར་མཉམ་པའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཛུབ་གཉིས་པདྨ་འདྲར་བྱས་ལ། །མཐེ་བོ་གཉིས་ཀྱང་བསྣོལ་ནས་ནི། །གུང་མོ་གཉིས་ནི་རྩེ་སྦྱར་བཀུག །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེབ་གཉིས་ རྡོ་རྗེར་རབ་སྦྱར་ལ། །མཛུབ་མོ་རལ་གྲི་ལྕགས་ཀྱུར་བྱ། །མཐེའུ་ཆུང་པདྨ་འདྲར་བྱས་ལ། །དེ་བཞིན་དུ་ནི་བསྒྱུར་ནས་ཀྱང་། །མཛུབ་མོ་གཡོན་པ་བསྒྲེང་བ་ལ། །མཛུབ་མོ་མཐེ་བོ་རྩེ་སྦྱར་བ། །དམ་དུ་བཟུང་སྟེ་དགུག་ལྟར་བྱ། །དེ་ལ་མཛུབ་མོ་གཉིས་བཀུག་ལ། །མཐེ་བོ་གཉིས་ ཀྱིས་མནན་པ་ནི། །པདྨ་དགྱེས་པ་བདག་ཉིད་ཆེ། །ལེགས་སོ་ཞེས་བྱ་སྦྱིན་བྱེད་ཀྱི། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །སོར་མོ་ཀུན་གྱི་ངོས་སྦྱར་ལ། །མཐེ་བོ་གཉིས་ཀྱིས་མནན་ནས་ནི། །མཛུབ་མོ་མཉམ་པར་སྦྱར་བའོ། །དེ་ཉིད་སྙིང་གར་ཉི་མར་བྱ། །སྤྱི་བོར་པདྨ་རྒྱལ་མཚན་བྱ། ། ཕབ་སྟེ་ཁ་ཡི་འགྲམ་བཞག་པ། །པདྨ་ཆེར་དགོད་དགོད་པ་ཡིན། །རྡོ་རྗེ་ནང་དུ་བསྡམས་བྱས་ལ། །ཆོས་ཀྱི་རྡོ་རྗེ་ཚུལ་གྱིས་ནི། །མཐེའུ་ཆུང་མཐེ་བོ་རབ་བསྙམས་པ། །འདི་ནི་སྒྲོལ་མའི་དམ་ཚིག་ཡིན། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཛུབ་གུང་པདྨ་རལ་གྲིར་བྱ། །དེ་བཞིན་ ནང་དུ་འཁོར་ལོར་བྱ། །ཟློས་པ་སྦྱིན་པ་དེ་བཞིན་ནོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེབ་མཛུབ་སྤྲད་དེ་གཉིས་སུ་བྱ། །དེ་ནས་སྙིང་གར་སྦྱར་བ་ནི། །གསང་བའི་བསྲུང་བ་ཡིན་པར་བཤད། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེའུ་ཆུང་པདྨ་འདྲར་བྱས་ལ། །མཛུབ་གཉིས་ ཤིན་དུ་བཀུག་ནས་ཀྱང་། །མཐེབ་གཉིས་ཕྱིར་བསྐྱེད་མཆེ་བ་ཅན། །དེ་ལས་ཁུ་ཚུར་ཚུལ་གྱིས་ནི། །མཐེབ་གཉིས་ངོས་ཀྱིས་བཙིར་བ་ཡི། །པདྨ་གསང་བའི་ཁུ་ཚུར་ཆེ། །དམ་ཚིག་མཆོག་ཏུ་རབ་བརྟག་པའོ། །པདྨ་ལཱ་སྱེ་ལ་སོགས་པ། །དེ་དག་གཞན་རྣམས་ཀུན་གྱི་ནི། །རྡོ་རྗེ་ ནང་དུ་བསྡམས་བྱས་ལ། །དེ་འདྲ་བར་ནི་བཅིང་བར་བྱ། །དེ་ནས་པདྨ་གསང་བའི་ཆོས་ཀྱི་ཕྱག་རྒྱ་འདི་ཡིན་ཏེ། །ཧྲཱཿགྲཱཿཔཱཿཧྲཱཿ། ཤཱཿསཱཿདྷཱཿཧྲཱཿ། གཱཿདྷཱཿཀྲཱཿབཱཿ། དཱཿརཱཿཥྚཱཿསཱཿ། ལས་ཀྱི་ཕྱག་རྒྱ་མདོར་བསྡུ་ན་ཁུ་ཚུར་གཉིས་སུ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཆོས་གསང་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་དམ་ཚིག་འབྱུང་བར་བྱིན་གྱིས་བརླབས་པའི་པདྨ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་དྷརྨ་ས་མཱ་དྷི་ཛྙཱ་ན་ཏ་ཐཱ་ག་ཏ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིགས་ཀྱི་ཆོས་འབྱུང་བའི་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བཛྲ་དྷརྨ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་རཏྣ་དྷརྨ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་དྷ་རྨ་དྷ་རྨ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྣ་ཚོགས་ ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་ཀརྨ་དྷ་རྨ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་ཉིད་ཀྱི་ཆོས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཡེ་ཤེས་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་ དབྱིངས་དང་འདྲ་བར་ནི། །ཆོས་ཀྱི་ཡེ་ཤེས་ཞེས་བརྗོད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །དེ་ཡི་དབུས་སུ་བྲི་བ་ནི། །ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །སེམས་དཔའ་ཆེ་རྣམས་ཆོ་ག་ བཞིན། །སྣ་ཚོགས་དབང་ཕྱུག་ལ་སོགས་པ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་བྲི། །དེ་ལ་དེ་དག་གི་སྙིང་པོ་འདི་རྣམས་སོ། །ཨོཾ་ཛྙཱ་ན་བུདྡྷ་ཧཱུྃ། ཨོཾ་ཛྙཱ་ན་བི་ཤྭེ་ཤྭ་རེ་ཧཱུྃ། ཨོཾ་ཛྙཱན་བུདྡྷ་མུ་ཀུ་ཊ་ཧཱུྃ། ཨོཾ་ཛྙཱ་ན་དྷ་རྨེ་ཤྭ་རེ་ཧཱུྃ། ཨོཾ་ཛྙཱ་ན་ཨ་མོ་གྷེ་ཤྭ་རེ་ཧཱུྃ། ཨོཾ་ཛྙ་ན་པདྨ་བུདྡྷ་ཧཱུྃ། ཨོཾ་ཛྭཱ་ན་པདྨ་བཛྲ་དྡྷཱ་ར་ཧཱུཾ། ཨོཾ་ཛྭཱ་ན་ པདྨ་མཱ་ར་ཧཱུྃ། ཨོཾ་ཛྭཱ་ན་པདྨ་དུཥྚི་ཧཱུྃ། ཨོཾ་ཛྙཱ་ན་པདྨ་བྷྲྀ་ཀུ་ཊཱི་ཧཱུྃ། ཨོཾ་ཛྙཱ་ན་པདྨ་སཱུ་རྱ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཙནྡྲ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཧཱ་ས་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཏཱ་རཱ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཀུ་མཱ་ར་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ནཱ་རཱ་ཡ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཧཱ་ས་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ནྲྀ་ཏྱེ་ཤྭ་ར་ཧཱུྃ། ཨོཾ་ཛྙཱ་ན་པདྨ་རཀྵ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ ཡཀྵ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་མུཥྚི་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ལཱ་སྱེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་མཱ་ལེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་གཱི་དྱེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ནྲྀ་ཏྱེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་དྷཱུ་པེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་པུཥྤེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་དཱི་པེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་གན་དྷེ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཨཾ་ཀུ་ཤ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཨ་མོ་གྷ་པཱ་ ཤ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་སྥོ་ཊ་ཧཱུྃ། ཨོཾ་ཛྙཱ་ན་པདྨ་ཨཱ་བེ་ཤ་ཧཱུྃ། དེ་ནས་ཆོས་ཀྱི་དཀྱིལ་འཁོར་འདིར་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཇི་ལྟ་བ་བཞིན་དུ་བཅུག་ནས་འདི་སྐད་དུ་ཁྱོད་ཀྱིས་གཞན་སུ་ལ་ཡང་མ་བརྗོད་ཅིག །ཁྱོད་སེམས་ཅན་དམྱལ་བར་ལྷུང་ནས་སྡུག་བསྔལ་བར་གྱུར་ ཏ་རེ། དེ་ནས་དེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། འཇིག་རྟེན་དབང་ཕྱུག་སྙོམས་ཞུགས་ལ། །སྙིང་གར་པདྨ་བསྒོམས་ནས་ཀྱང་། །པདྨའི་ཏིང་འཛིན་ཐོབ་ན་ནི། །དེ་མ་ཐག་ཏུ་མྱུར་བར་ལྡིང་། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །དཔྲལ་བར་པདྨ་བསྒོམས་བྱས་ཏེ། །གོམས་ ནས་ཤིན་དུ་བརྟན་གྱུར་ན། །དེ་མ་ཐག་ཏུ་མཁའ་ལ་ལྡིང་། །འཇིག་རྟེན་དབང་གི་ཏིང་འཛིན་གྱིས། །ལྕེ་ལ་པདྨ་བསྒོམས་ནས་ཀྱང་། །གྲུབ་པར་གྱུར་ན་མྱུར་བར་ཡང་། །ནམ་མཁའ་ལ་ནི་དེ་འགྲོའོ། །འཇིག་རྟེན་དབང་གི་ཏིང་འཛིན་གྱིས། །གཙུག་ཏུ་པདྨ་བསྒོམས་ནས་ ཀྱང་། །གྲུབ་པར་གྱུར་ན་མྱུར་དུ་ནི། །སྐད་ཅིག་གིས་ནི་སྟེང་དུ་ལྡིང་། །དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་པདྨ་ཛྙཱ་ན་ཧྲྀ་ད་ཡ་ཨཱ་བེ་ཤ །ཨོཾ་པདྨ་ཛྙཱ་ན་ཨ་བྷི་ཥེ་ཀ་ཨཱ་བེ་ཤ །ཨོཾ་པདྨ་ཛྙཱ་ན་བི་དྱོཏྟ་མ་ཨཱ་བེ་ཤ །ཨོཾ་པདྨ་ཛྙཱ་ན་ཨུ་ཥྞཱི་ཥ་ཨཱ་བེ་ཤ །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། ། པདྨའི་དབྱིབས་ཤིག་བསྒོམས་ནས་ཀྱང་། །ཆོ་ག་འདི་ནི་འགྲུབ་འགྱུར་ན། །སྐད་ཅིག་གིས་ནི་མི་སྣང་འགྱུར། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །པདྨའི་དབྱིབས་ཤིག་བསྒོམས་ནས་ཀྱང་། །དེ་ཡི་སྟེང་དུ་བདག་འདུག་པར། །བསྒོམས་པར་གྱུར་ན་མི་སྣང་འགྱུར། །ནམ་ མཁའ་འམ་ནི་ཕྱོགས་གཞན་དུ། །པདྨའི་དབྱིབས་ཤིག་བསྒོམས་བྱས་ལ། །གང་ཚེ་མཐོང་བ་དེ་ཚེ་བླངས། །མི་སྣང་བར་ནི་མྱུར་དུ་འགྱུར། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །པདྨའི་དབྱིབས་ནི་བསྒོམས་བྱས་ལ། །མཐོང་བའི་པདྨ་དེ་ཟོས་ན། །དེ་མ་ཐག་ཏུ་མི་ སྣང་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་པདྨ་ཨཱ་ཀཪྵ། ཨོཾ་པདྨ་ཐ། ཨོཾ་པདྨ་ཛྙཱ་ན་གྲ་ཧཱ་ན། ཨོཾ་པདྨ་ར་ས་ཡ་ན་ཧཱུྃ་ཕཊ། ཕྱག་རྒྱ་ཆེ་བཅིངས་པདྨ་ནི། །ཁ་དོག་དབྱིབས་རྣམས་སྣ་ཚོགས་པའི། །དབྱིབས་དེ་ལག་པས་བཟུང་ན་ནི། །གཟུགས་རྣམས་ཐམས་ ཅད་འཆང་བར་འགྱུར། །པདྨའི་ཁ་དོག་དབྱིབས་རྣམས་ནི། །སྣ་ཚོགས་པདྨའི་དབྱིབས་བྲིས་ལ། །དེ་ཉིད་བསྒོམས་པ་བྱས་ན་ནི། །གཟུགས་མང་འཆང་བར་དེ་འགྱུར་རོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །པདྨའི་ཁ་དོག་དབྱིབས་རྣམས་ནི། །སྣ་ཚོགས་དབྱིབས་སུ་བསྒོམས་ན་ ཡང་། །སྒྲ་ཡི་གཟུགས་སུ་དེ་འགྱུར་རོ། །པདྨའི་ཁ་དོག་དབྱིབས་རྣམས་ནི། །སྣ་ཚོགས་དབྱིབས་སུ་བྱས་ནས་ཀྱང་། །དེ་ལ་ཞོན་ནས་མཁའ་འགྲོ་ཞིང་། །ཅི་དགའི་གཟུགས་སུ་ངེས་པར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་པདྨ་དྷ་རི་བི་ཤྭ་རཱུ་པ་པྲ་བརྟ་ཡ་ཨཱ་ བེ་ཤ །ཨོཾ་བི་ཤྭ་པདྨ་པྲ་བརྟ་ཡ་མཱཾ། ཨོཾ་ས་མཱ་དྷི་བི་ཤྭ་པདྨ་ཨཱ་བེ་ཤ །ཨོཾ་བི་ཤྭ་པདྨ་མ་ནོཊྛི་པ་ཨཱ་ཀ་ཤ་བི་ཤྭ་རཱུ་པཾ་ཨ་དྷི་ཏིཥྛ་མཱཾ། གང་ཡང་རུང་བའི་ཕྱག་རྒྱ་ཆེ། །ཏིང་ངེ་འཛིན་གྱིས་ལེགས་བཅིངས་ལ། །པདྨ་བླངས་ཏེ་རབ་བྱིན་ན། །གདོན་མི་ཟ་བར་དབང་དུ་འགྱུར། །གང་ཡང་རུང་བའི་དམ་ ཚིག་གི། །ཕྱག་རྒྱ་ཞེས་བྱ་བཅིངས་ན་ནི། །དེས་ནི་པདྨ་བླངས་ནས་ཀྱང་། །བྱིན་པར་གྱུར་ན་དབང་དུ་འགྱུར། །ཏིང་ངེ་འཛིན་སྐྱེས་དགེ་བ་ཡི། །ཕྱག་རྒྱ་གང་ཡང་རུང་བཅིངས་ལ། །ཡེ་ཤེས་པདྨ་གང་བྱིན་པ། །དེ་ནི་དེ་ཡིས་མྱུར་བར་འགྱུར། །གང་ཡང་རུང་བའི་དམ་ཚིག་ལྡན། །ལས་ཀྱི་ཕྱག་རྒྱ་ བཅིངས་ནས་ནི། །པདྨ་བྱིན་པ་གང་ཡིན་པ། །དེ་མ་ཐག་ཏུ་དེ་དབང་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་མཧཱ་ཛྙཱ་ན་པདྨ་ཧོ། །ཨོཾ་ས་མ་ཡ་པདྨ་ཧོ། །ཨོཾ་ཛྙཱ་ན་པདྨ་ཧོ། །ཨོཾ་ཀརྨ་པདྨ་ཧོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་ དུ་ནི། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །དེ་ནས་རབ་ཏུ་བཤད་བྱ་བ། །དམ་ཚིག་མཆོག་ནི་བསྒྲུབ་བྱ་སྟེ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །པདྨའི་པདྨ་གཞག་པར་བྱ། །ཆོས་ཀྱི་ཁུ་ཚུར་བརྟན་བྱས་ལ། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ ཀྱི་དམ་ཚིག་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ལས་ཀྱི་དམ་ཚིག་འབྱུང་བར་བྱིན་གྱིས་བརླབས་པའི་པདྨ་ཞེས་བྱ་བའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཀྲྀ་ཧཱུྃ། དེ་ནས་ཕྱག་ན་རྡོ་རྗེས་རང་གི་རིགས་ཀྱི་ལས་འབྱུང་བ་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་ཧཱུྃ་དྷི། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་རང་གི་རིག་པ་དམ་པ་འདི་ གསུངས་སོ། །ཨོཾ་རཏྣ་ཀརྨ་ས་མ་ཡེ་ཧཱུྃ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྤྱན་གྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་པདྨ་ཀརྨེ་ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ། །ཨོཾ་བི་ཤྭ་ཀརྨེ་ཧཱུཾ། དེ་ནས་བྱང་ཆུབ་སེམས་ དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཉིད་ཀྱི་ལས་ཀྱི་དཀྱིལ་འཁོར་འདི་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བ་ནི། །པདྨའི་ལས་ཞེས་བྱ་བ་སྟེ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ ཅད་སྲད་བུས་བྲེ། །སངས་རྒྱས་ཕྱོགས་ཀུན་པདྨ་ཡི། །མཚན་མ་འཛིན་པར་ཐམས་ཅད་བྲི། །དེ་ལ་དེ་དག་གི་རིག་པའི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་པུ་རི་ཎི་ཧཱུཾ། བི་ཤྭ་ཀརྨེ་ཤྭ་རི་ཧཱུཾ། ཨོཾ་ཏ་ཐཱ་ག་ཏེ་ཤྭ་ར་ཨ་བྷི་ཥེ་ཀ་ཀརྨ་པིདྱཱ་ཧཱུཾ། ཨོཾ་དྷརྨ་ཀརྨེ་ཤྭ་ར་ཛྙཱ་ན་པཱུ་ཛཱ་ས་མ་ཡེ་ཧཱུཾ། ཨོཾ་ཨ་ མོ་གྷ་ཀརྨེ་ཤྭ་རི་ཧཱུཾ། ཨོཾ་པདྨ་ཀརྨ་བུད་དྷེ་ཧཱུཾ། ཨོཾ་པདྨ་ཀརྨ་བཛྲི་ཎི་ཧུྃ། ཨོཾ་པདྨ་ཀརྨི་ཎི་མཱ་ར་ཎ་པཱུ་ཛཱ་ཀརྨ་ས་མ་ཡེ་ཧཱུཾ། ཨོཾ་པདྨ་ཀརྨ་དུཥྚི་ཧཱུཾ། ཨོཾ་པདྨ་ཀརྨ་བྷྲྀ་ཀུ་ཊི་ཧཱུཾ་ཏྲ། ཨོཾ་པདྨ་ཀརྨ་སཱུརྱེ་ཧཱུཾ། ཨོཾ་པདྨ་ཀརྨ་དྷྭ་ཛེ་ཧཱུཾ། ཨོཾ་པདྨ་ཀརྨ་ཧཱ་ས་ཧུྃ། ཨོཾ་པདྨ་ཀརྨ་ཏཱ་རེ་ཧཱུཾ། ཨོཾ་པདྨ་ཀརྨ་ཀུ་མཱ་རི་ཧཱུཾ། ཨོཾ་པདྨ་ཀརྨ་ནཱ་རཱ་ཡ་ནི་ཧཱུཾ། ཨོཾ་པདྨ་ཀརྨ་བྲདྨི་ཧཱུཾ། ཨོཾ་པདྨ་ཀརྨ་ནྲྀ་ཏེ་ཤྭ་རི་ཧཱུཾ། ཨོཾ་པདྨ་རཀྵ་རཀྵ་ཀརྨ་སམ་ཡེ་ཧཱུཾ། ཨོཾ་མ་ཧཱ་པྲ་ཙཎྜ་གཱི་ཏི་ནི་པདྨ་དཾཥྚྲཱ་ཀརྨ་ཀ་རི་ཧཱུཾ། ཨོཾ་པདྨ་ཀརྨ་མུཥྚི་ག་ཏཱ་ཡ་ཧཱུཾ། ཨོཾ་ར་ཏི་པཱུ་ཛེ་ཧཱུཾ་ཛཿ། ཨོཾ་ཨ་བྷི་ཥེ་ཀ་པཱུ་ཛེ་ཧཱུཾ་ཛ། ཨོཾ་གཱི་ཏེ་པཱུ་ཛེ་ཧཱུཾ་དྷ། ཨོཾ་ནྲྀ་ཏྱེ་པཱུ་ཛེ་ཧཱུཾ་བཾ། ཨོཾ་དྷུ་པེ་པཱུ་ཛེ་ཧཱུྃ་ཨཿ། ཨོཾ་པུཥྤེ་པཱུ་ཛེ་ཧཱུྃ་ཏྲ། ཨོཾ་ཨཱ་ལོ་ཀེ་པཱུ་ཛེ་ཧཱུྃ་དྷིཿ། ཨོཾ་གན་དྷེ་པཱུ་ཛེ་ཧཱུྃ་བཾ། ཨོཾ་ཧ་ཡ་གྲྭི་བ་ཨཱ་ན་ཡ་ཧཱུྃ་ཛ། ཨོཾ་ཨ་མོ་གྷ་པཱ་ཤ་ཀྲོ་དྷ་པཱི་ཌ་ཡ་ཧཱུྃ་ཕཊ། ཨོཾ་པདྨ་ཤཱཾ་ཀ་ལ་བན་དྷེ་ཧཱུྃ་ཕཊ། ཨོཾ་པདྨ་གྷན་དྷ་ཨཱ་བེ་ཤ་ཡེ་ཧཱུྃ་ཕཊ། དེ་ནས་ལས་ཀྱི་དཀྱིལ་འཁོར་འདིར་དགུག་ པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཇི་ལྟ་བ་བཞིན་དུ་བཅུག་སྟེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཀྱིས་ཚུལ་འདི་སུ་ལ་ཡང་མ་སྨྲ་ཤིག །སེམས་ཅན་དམྱལ་བར་ལྷུང་བར་གྱུར་ཏ་རེ་ཞེས་བསྒོས་ཤིག །དེ་ནས་ཡེ་ཤེས་བསྐྱེད་པར་བྱའོ། །དེ་ནས་སྡིག་པ་བཤགས་པའི་ ཡེ་ཤེས་བསླབ་པར་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཕྱག་རྒྱ་ཆེར། །ཤིན་ཏུ་མཉམ་གཞག་བསྒོམས་ནས་ཀྱང་། །སྡིག་རྣམས་བཤགས་པས་མྱུར་བར་ནི། །སྡིག་པ་ཀུན་ལས་དེ་འདག་འགྱུར། །འཇིག་རྟེན་དབང་གི་ཏིང་འཛིན་གྱིས། །དམ་ཚིག་གི་ནི་མཆོག་བཅིངས་ཏེ། ། སྡིག་པ་ཐམས་ཅད་བཤགས་ན་ནི། །མཚམས་མེད་ལྔ་ལས་འབྱང་བར་འགྱུར། །འཇིག་རྟེན་དབང་ཕྱུག་ཏིང་འཛིན་དུ། །ཤིན་ཏུ་མཉམ་པར་གཞག་བསྒོམས་ལ། །སྡིག་པ་ཐམས་ཅད་བཤགས་ན་ནི། །སྡིག་པ་ཀུན་ཡང་རབ་ཏུ་འཇོམས། །མདོར་ན་གང་ཡང་རུང་བ་ཡི། །ལས་ཀྱི་ ཕྱག་རྒྱ་ལེགས་བཅིངས་ལ། །ལས་རྣམས་ཐམས་ཅད་བཤགས་ན་ནི། །ལས་རྣམས་ཀུན་ལས་རྣམ་པར་འདག །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ཨོཾ་སརྦ་པཱ་པཾ་སཾ་ཤོ་དྷ་ན་མ་ཧཱ་པདྨ། ཨོཾ་སརྦ་ཨཱ་ནནྟ་ཏྱ་ཤོ་དྷན་ས་མ་ཡ་པདྨ། ཨོཾ་སརྦ་པཱ་པཾ་པྲ་ཎ་ཤ་ཎ་དྷ་རྨ་པདྨ། ཨོཾ་སརྦ་པདྨ་ཨཱ་བར་ཎ་བི་ཤོ་དྷ་ཀ་ཀརྨ་པདྨ། དེ་ནས་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་བའི་ཡེ་ཤེས་བསླབ་བོ། །འཇིག་རྟེན་དབང་གི་ཕྱག་རྒྱ་ཆེར། །ཤིན་ཏུ་མཉམ་གཞག་བསྒོམས་བྱས་ལ། །ཤུད་དྷྱ་ཤུད་དྷྱ་ཞེས་བརྗོད་ན། །ལས་རྣམས་ཀུན་ལས་དག་པར་འགྱུར། ། འཇིག་རྟེན་དབང་གི་ཏིང་འཛིན་གྱིས། །ལས་ཀྱི་དམ་ཚིག་བཅིངས་ན་ནི། །བུད་དྷྱ་བུད་དྷྱ་ཞེས་བརྗོད་ན། །ལས་རྣམས་ཀུན་ལས་དག་པར་འགྱུར། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །ཆོས་ཀྱི་ཕྱག་རྒྱར་བསྒོམས་ནས་ནི། །དྷི་དྷི་དྷི་དྷི་ཞེས་བརྗོད་ན། །ལས་རྣམས་ཀུན་ ལས་དག་པར་འགྱུར། །འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང་། །ཧཱི་ཧཱི་ཧཱི་ཧཱི་ཞེས་བརྗོད་ན། །ལས་རྣམས་ཀུན་ལས་དག་པར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་པཱ་པཾ་ཀྵ་ཡ་པདྨ། ཨོཾ་ཨཱ་བར་ཎ་ཀྵ་ ཡ་པདྨ། ཨོཾ་ཀརྨ་ཀྵ་ཡ་པདྨ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཡེ་ཤེས་བསླབ་བོ། །འཇིག་རྟེན་དབང་གི་ཕྱག་རྒྱ་ཆེར། །རབ་ཏུ་མཉམ་པར་གཞག་བཅིངས་ལ། །ཨོཾ་ཨོཾ་ཨོཾ་ཨོཾ་ཞེས་བརྗོད་ན། །མཆོད་པ་ཐམས་ཅད་རབ་ཏུ་བྱེད། །འཇིག་རྟེན་དབང་ པོའི་ཏིང་འཛིན་གྱིས། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །བྷུ་བྷུ་བྷུ་བྷུ་ཞེས་བརྗོད་ན། །སངས་རྒྱས་ཐམས་ཅད་དེས་མཆོད་འགྱུར། །འཇིག་རྟེན་དབང་པོས་སྙོམས་ཞུགས་ལ། །ཆོས་ཀྱི་པདྨ་བསྒོམས་ནས་ཀྱང་། །ཧེ་ཧེ་ཧེ་ཧེ་ཞེས་བརྗོད་ན། །སངས་རྒྱས་ཐམས་ཅད་ དེས་མཆོད་འགྱུར། །པདྨའི་ལས་ཀྱི་ཕྱག་རྒྱ་ནི། །ཤིན་ཏུ་མཉམ་པར་གཞག་བཅིངས་ལ། །དྷེ་དྷེ་དྷེ་དྷེ་ཞེས་བརྗོད་ན། །སངས་རྒྱས་ཐམས་ཅད་དེས་མཆོད་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་ཀཱ་ར་པདྨ། ཨོཾ་བྷཱུ་ཀཱ་ར་པདྨ། ཨོཾ་ཧེ་ཀཱ་ར་པདྨ། ཨོཾ་དྷེ་ཀཱ་ ར་པདྨ། ཨོཾ་ནི་བར་ཎ་ཀྵ་ཡ་པདྨ། དེ་ནས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་བོ། །འཇིག་རྟེན་དབང་པོ་ཕྱག་རྒྱ་ཆེར། །མཉམ་པར་བཞག་པས་བཅིངས་ནས་ནི། །ཧྲཱི་ཧྲཱི་ཧྲཱི་ཧྲཱི་ཞེས་བརྗོད་ན། །འཇིག་རྟེན་དབང་པོར་གྲུབ་པར་འགྱུར། །འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །དམ་ ཚིག་ཅེས་བྱ་བཅིངས་ནས་ཀྱང་། །ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཞེས་བརྗོད་ན། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །འཇིག་རྟེན་དབང་པོའི་མཉམ་གཞག་པར། །མཉམ་པར་བཞག་པས་བསྒོམས་ནས་ཀྱང་། །དྷིག་དྷིག་དྷིག་དྷིག་ཞེས་བརྗོད་ན། །པདྨ་ཁྲོ་བོར་འགྲུབ་པར་འགྱུར། །པདྨ་ཆེན་ པོ་དགེ་བ་ཡི། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང་། །སྶི་སྶི་སྶི་སྶི་ཞེས་བརྗོད་ན། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་ཧྲཱིཿསིདྷྱ། ཨོཾ་ཤྲཱི་སིདྷྱ། ཨོཾ་དྷྲྀ་ཀ་སིད་དྷ། ཨོཾ་སི་སིད་དྷྱ། དེ་ནས་ལས་གསང་བའི་ཕྱག་རྒྱའི་ཡེ་ཤེས་ ནི་འདི་ཡིན་ཏེ། འཇིག་རྟེན་དབང་པོ་སྙོམས་ཞུགས་ལ། །བུད་མེད་ཀུན་དང་རྩེ་བྱེད་ཅིང་། །ཨ་ཧོ་སུ་ཁ་ཞེས་བརྗོད་ན། །སངས་རྒྱས་ཐམས་ཅད་དེས་མཆོད་འགྱུར། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །བུད་མེད་ཀུན་དང་རྩེ་བྱེད་ཅིང་། །པྲི་ཡ་པྲི་ཡ་ཞེས་བརྗོད་ན། ། སངས་རྒྱས་བཅོམ་ལྡན་འདས་དགྱེས་སོ། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །བུད་མེད་ཀུན་དང་རྩེ་བྱེད་ཅིང་། །ཨ་ཧོ་ར་ཏི་ཞེས་བརྗོད་ན། །དེ་ནི་རྟག་ཏུ་དགའ་བར་འགྱུར། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །བུད་མེད་ཀུན་དང་རྩེ་བྱེད་ཅིང་། །སུ་ཁ་སུ་ཁ་ ཞེས་བརྗོད་ན། །དེ་ཡི་བདེ་བ་ཉམས་མི་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཨོཾ་སརྦ་བུདྡྷ་པཱུ་ཛ་པྲ་བརྟ་ན་པདྨ། ཨོཾ་པྲཱི་ཏི་ཀཱ་ར་པདྨ། ཨོཾ་ར་ཏི་པྲ་བརྟ་ན་པདྨ། ཨོཾ་མ་ཧཱ་སུ་ཁ་པདྨ་དྲྀ་ཌྷ་ཧཱུཾ། དེ་ནས་ལས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བསླབ་པར་བྱ་སྟེ། དེ་ནས་པདྨ་ཐལ་ སྦྱར་ཏེ། །དམ་ཚིག་ཕྱག་རྒྱ་རྡོ་རྗེ་དགོངས། །ལས་ཀྱི་དཀྱིལ་འཁོར་ཚུལ་གྱིས་ནི། །གནས་རྣམས་ཀུན་དུ་གཞག་པར་བྱ། དེ་ནས་པདྨ་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་དྲ་ཞེས་བྱ་བ་བརྗོད་པར་བྱ། ལས་ཀྱི་ཕྱག་རྒྱ་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱ་དེས་བསྒྲུབ་བོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ལས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྟོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་བྱིན་གྱིས་བརླབ