Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 1 / 22 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ་བྲྀཏྟི། བོད་སྐད་དུ། འདུལ་བའི་མདོའི་འགྲེལ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཏོགས་པ་ངེས་པར་ཐེག་པའི་ཚུལ་
ཏེ། གཏོགས་པ་ནི་མདོ་འོག་མ་ཀུན་དུའོ། །ངེས་པར་ནི་བླ་ན་མེད་པའི་ཐེག་པར་གདོན་མི་ཟ་བར་འགྲུབ་པའོ། །ཚུལ་ནི་ལུས་ལ་གསུམ། ངག་ལ་བཞི་སྟེ་ཚུལ་བདུན་པོ་འདིའི་ནང་དུ་འདུལ་བའི་
གཞུང་ཀུན་འདུས་སོ། །དགེ་འདུན་ཐམས་ཅད་འདུས་ནས་འདིའི་ཚུལ་དུ་བྱས་ཏེ་ཕྱག་བྱས་ཐལ་མོ་སྦྱར། ཙོག་ཙོག་པོར་རྒན་རབས་ཀྱི་དྲུང་དུ་འདུག་ནས། གསོལ་བ་གསུམ་དང་། ཞུ་བ་དང་བཞིའི་
ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བསྙེན་པར་རྫོགས་པ་མངོན་པར་འཐོབ་བོ་ཞེས་སྔོན་གྱི་ཆོ་གའོ། །དགེ་འདུན་ཐམས་ཅད་ཅེས་པ་ནི་ཕྱོགས་བཅུའི་དགེ་འདུན་ལ་བྱ་བ་མ་ཡིན་གྱི། མཚམས་གཅིག་གི་ནང་
དུ་འཁོད་པ་ཀུན་འདུ་བ་ལ་བགྱི། མཚམས་ནི་རྣམ་པ་གཉིས་ཏེ། དགེ་འདུན་གྱི་གསོལ་བ་དང་ཞུ་བའི་ལས་ཀྱིས་བཅད་པ་དང་། ཆུའམ་ར་བ་ལྟ་བུ་རང་མཚམས་སུ་འདུག་པའོ། །འདིའི་ཚུལ་

དུ་བྱས་ཏེ་ཞེས་པ་ནི་ཤཱཀྱ་ཐུབ་པའི་ཚུལ་དུ་བྱས་པ་སྟེ། སྐྲ་དང་ཁ་སྤུ་བྲེགས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་གྱོན་ཞིང་བླངས་པའོ། །ཕྱག་བྱས་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱིས་གུས་པར་ལུས་
སྨད་ལྔ་ས་ལ་གཏུགས་པའོ། །དེ་ལྟར་བྱས་པ་ནི་བགེགས་སུ་མི་འགྱུར་བའི་ཕྱིར་རོ། །ཐལ་མོ་སྦྱར་ཞེས་པ་ནི་ཁུ་ཚུར་རམ་བཟེད་པ་ལྟ་བུ་མ་ཡིན་གྱི་ཐལ་མོ་སྦྱར་བ་ལ་བྱ། ཙོག་ཙོག་པོར་ཞེས་པ་ནི་སྐྱིལ་མོ་ཀྲུང་ངམ་འགྲེང་བའམ་
རྐང་པ་བསྐུམས་པ་ལ་སོགས་པ་ལྟ་བུ་མ་ཡིན་གྱི། རྐང་པ་གཤིབས་ལ་རྐུབ་ས་ལ་མི་རེག་པར་འདུག་པ་ལ་བྱའོ། །རྒན་རབས་ཀྱི་དྲུང་དུ་འདུག་ནས་ཞེས་པ་ནི་ཁྲིམས་རྒན་ཞིང་བཙུན་པ་ཡོན་ཏན་དང་ལྡན་པའི་དྲུང་དུ་བསྙེན་ཏེ་འདུག་
པ་ལ་བྱའོ། །གསོལ་བ་གསུམ་དང་ཞེས་བྱ་བ་ནི་བདག་རབ་ཏུ་འབྱུང་བར་དགེ་འདུན་རྣམས་ཀྱིས་ཐུགས་རྗེ་ཆེར་གཟིགས་ཞེས་ལན་གསུམ་དུ་བཟླས་ཏེ་གསོལ་པའོ། །རབ་ཏུ་འབྱུང་བ་ཉིད་ཀྱིས་གསོལ་བ་གདབ་པ་ལ་བྱ། ཞུ་
བ་དང་བཞིའི་ལས་ཀྱིས་ཞེས་པ་ནི་རིགས་ཀྱི་བུ་འདི་དགེ་འདུན་ལས་རབ་ཏུ་འབྱུང་བར་འཆལ་ན་མཁྱེན་པར་མཛོད་ཅིག་ཅེས་དགེ་སློང་གང་དད་པ་ཅིག་གིས་གསོལ་བ་གསུམ་གྱི་སྔོན་ལོགས་སུ་ཞུ་བ་ལ་བྱ་སྟེ་བཞི་དངོས་སུ་ཟད། བི་ཤུ་

དྷས་ནི་བཞིའི་ཁོང་ནས་ཁྲིམས་དབོག་པ་ལན་གསུམ་པ་དང་བདུན་དུ་བཤད། ཅིག་ཅར་ཤེས་པ་ནས་ཐོབ་བོ་ཞེས་ཀྱི་བར་དུ་ནི་ཚིག་ལྷག་མ་བཞིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཅིག་ཅར་མངོན་པར་འཐོབ་པར་འགྱུར་བ་ལ་བྱ། སྔོན་གྱི་ཆོ་གའོ་ཞེས་པ་ནི་སངས་རྒྱས་བཞུགས་པའི་ཚེ་ན་ནི་ཀཽཎྜི་ནྱ་
ལ་སོགས་པ་སྔ་ཕྱིར་ཨ་ཤི་ཕལ་མོ་ཆེ་ཞུགས་ནས་བཱ་རཱ་ཎ་སཱིར་འཁོར་ལོ་བསྐོར་ཚུན་ཆད་ལོ་བཅུ་གཉིས་ཀྱི་ཆོ་ག་ནི་འོག་ནས་བཤད་པ་འདི་ཡིན་ཏེ་སྔོན་གྱི་ཆོ་ག་ཉུང་བ་ནི་དུས་བཟང་བའི་ཕྱིར་རོ། །དགེ་སློང་སུ་ལ་ཡང་གནས་པ་ནི་དེར་མཁན་པོ་དང་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་རོ། །དགེ་སློང་
སུ་ལ་ཡང་ཞེས་པ་ནི་དགེ་སློང་མ་དང་དགེ་སྦྱོང་དང་ཁྱིམ་པ་མ་ཡིན་གྱི་གནས་བརྟན་ཆོས་ལྔ་དང་ལྡན་པ་ལས་གང་ཡང་རུང་སྟེ་རབ་ཏུ་འབྱུང་བ་གར་དད་པར་གནས་སུ་རུང་བ་ལ་བྱ། གནས་པ་ནི་ཞེས་པ་ནི་དེང་སང་དུས་ངན་པས་མཁན་པོ་ལ་གནས་དགོས་པ་ལ་བྱ། དེར་ཞེས་པ་ནས་རྫོགས་པར་རོ་
ཞེས་པའི་བར་དུ་ནི་དེ་ལྟར་གནས་ནས་མཁན་པོ་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱས་ཏེ། མཁན་པོ་དང་མ་བཅས་པར་མི་རུང་བར་ཆད་དྲིས་ལ་ཀུན་གཙང་ན་སྔོན་གྱི་མཁན་པོས་སྐབས་ཕྱེ་ཤིག །མཁན་པོས་ནི་འདྲི་བའི་དགེ་སློང་ལ་གཏོད་ཅིག་ཅེས་བྱ་བ་ཡན་ཆད་བྱ་སྟེ། རབ་
ཏུ་འབྱུང་བ་ཉིད་ལ་མཚམས་མེད་པ་ལྔ་ལ་སོགས་པའི་བར་ཆད་དྲིས་ལ་མེད་ན་ཁྲིམས་དབོག་པར་སྐབས་དབྱེ། སྔོན་གྱི་ཞེས་པ་ནི་རབ་ཏུ་འབྱུང་བའི་ཚེ་བསྙེན་པར་རྫོགས་པ་ནི་ཕྱིས་བྱེད་ཀྱི་རབ་ཏུ་འབྱུང་བ་སྔར་བྱེད་པས་དེའི་མཁན་པོ་སུ་བྱེད་པ་ལ་བྱ། སྐབས་དབྱེ་བ་ནི་རབ་ཏུ་
འབྱུང་བའི་ཆོ་ག་འོག་ནས་འབྱུང་བ་གྱིས་ཤིག་པ་རྣམས་ལ་བྱ། སྔ་མ་མ་རྫོགས་པར་དགེ་བསྙེན་དང་། དགེ་སྦྱོང་དང་དགེ་སློང་དུ་མི་སྤར། དགེ་བསྙེན་གྱི་ཁྲིམས་ལྔ་ཕོག་ལ། དགེ་སྦྱོང་གི་ཁྲིམས་འབོགས། དེ་ནས་བསྙེན་པར་རྫོགས་པར་བྱ། འདི་ལྟར་རིམ་པས་མ་བྱས་པར་ཅིག་
ཅར་བསྙེན་པར་རྫོགས་པར་མི་བྱ། སྐྱབས་སུ་འགྲོ་བའི་ཁས་ལེན་པའི་ཚིག་བརྩམས་ནས། དགེ་བསྙེན་དང་། དགེ་སྦྱོང་དུ་ཁས་ལེན་པའི་ཚིག་བྱ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་སོ་སོར་བྱས་ནས། དགེ་བསྙེན་ནམ་དགེ་སྦྱོང་དུ་གཟིགས་ཤིག་

ཅེས་རབ་ཏུ་འབྱུང་བ་ཁས་ལེན་དུ་གཞུག །ཚིག་འདི་རྣམས་ལན་གསུམ་དུ་བཟླས་དགོས་པ་ལ་བྱ། དེའི་འོག་ཏུ་ཁས་ལེན་པའི་ཚུལ་གྱིས་བསླབ་པ་བརྗོད་དོ། །ལྷག་མ་ལྟར་དགེ་སྦྱོང་ངམ་དགེ་བསྙེན་དུ་ཁས་བླངས་པས་ན་དགེ་བསྙེན་གྱི་ཁྲིམས་ལྔ་ཉིད་བྱ་དགོས་པས་
ལན་གསུམ་གྱི་བར་དུ་བཟླས་ཏེ་ཟེར་དུ་གཞུག །ཚུལ་གྱིས་ཞེས་བྱ་བ་ནི་དགེ་བསྙེན་གྱི་གཟུགས་དང་བས་བླངས་ནས་ཚུལ་ཁྲིམས་ལྔ་ཉིད་སེམས་ནུར་བ་མེད་པས་ན་བརྗོད་དུ་གཞུག་པ་ཡིན་ནོ། །རང་གིས་དགེ་བསྙེན་དུ་ཕོག་སྟེ། དགེ་འདུན་ལ་འདྲི་བའི་དགེ་སློང་ལ་གཏོད་ཅིག །རང་གིས་
དགེ་བསྙེན་དུ་ཕོག་སྟེ་ཞེས་པ་ནི་མཁན་པོ་ཉིད་ཀྱིས་དགེ་བསྙེན་གྱི་ཁྲིམས་རབ་ཏུ་འབྱུང་བར་འདོད་པ་དེ་ལ་ཕོག་པ་ལ་བྱ། དགེ་འདུན་ལ་འདྲི་བའི་དགེ་སློང་ལ་གཏོད་ཅིག་ཅེས་པ་ནི་དེ་ནས་མཁན་པོས་དགེ་སློང་ཅིག་ལ་རབ་ཏུ་འབྱུང་བ་བཀྲི་སྟེ། འདི་རབ་ཏུ་འབྱུང་ན་ནོངས་སམ་མ་ནོངས་ཞེས་དགེ་
འདུན་ལ་འདྲིས་ཤིག་པར་གཏད་དེ་གཏང་། ཅི་གཙང་ངམ་ཞེས་དྲིས་ལ་གཙང་ན་འདྲི། འདྲིར་གཏང་བའི་དགེ་སློང་དེས་སླར་དེའི་མཁན་པོ་ཉིད་ལ་ཁྱོད་ཀྱི་སློབ་མ་འདི་ལ་བར་ཆད་མེད་དམ་ཞེས་དྲིས་ལ་མེད་ཅེས་ཟེར་ན། གདོད་དགེ་འདུན་ལ་དྲི་བར་བཀྲི། ཐམས་ཅད་འདུས་འཁོད་པ་ལའམ་གནས་
གནས་སུའོ། །དགེ་འདུན་ལ་དྲི་ན་ནི་མཚམས་གཅིག་གི་དགེ་འདུན་ཟད་པར་ལ་དྲི་དགོས་ཏེ་མདུན་ནས་འཁོད་པ་ལ་དྲི། ལ་ལ་ཞིག་མ་འོངས་ན་ཡང་གནས་ག་ལ་འདུག་གནས་སུ་དྲི། དེ་སྟེ་ཀུན་གཙང་ནའོ་ཞེས་ཐམས་ཅད་ཀྱིས་སྨྲོས་ཤིག །ལྷག་མ་ལྟར་དྲིས་པའི་ལན་དུ་དགེ་འདུན་གྱིས་དེ་སྟེ་
གཙང་ནའོ་ཞེས་བྱ་བའི་དོན་ནི་བར་ཆད་མེད་ཅིང་གཙང་ན་རུང་ངོ་ཞེས་བྱ་བའི་ཚུལ་ལོ། །མཁན་པོས་གསོལ་ཅིག་དགེ་འདུན་ལའང་ཞུས་ཟིན་རབ་ཏུ་འབྱུང་བར་འདོད་པ་དགེ་འདུན་གྱི་ནང་དུ་ཡང་མཁན་པོ་ལ་མཁན་པོར་གསོལ་དུ་གཞུག །དེ་ལྟར་བྱ་བ་ནི་སྔོན་ཡང་མཁན་པོ་ཡིན་མོད་ཀྱི་དགེ་
འདུན་ལ་གསོལ་ནས་མཁན་པོར་མངོན་པར་བྱ་བའི་ཕྱིར་གསོལ། སྐྲ་དང་ཁ་སྤུ་བྲེགས་པ་ན་ཕུད་གཞག །དེ་ནས་སྐྲ་དང་ཁ་སྤུ་བྲེགས་པ་ན་སེམས་འགྱུར་གྱིས་དོགས་པའི་ཕྱིར་ཕུད་གཞག །ཕུང་བྲེག་གམ་ཞེས་དྲིས་ལ་བཏུབ་ན་དེ་ཡང་ངོ་། །དེའི་འོག་ཏུ་ཕུད་འདི་ཡོད་པས་ད་རུང་དགེ་བསྙེན་

ཡིན་ཏེ་འདི་བྲེགས་ན་དགེ་སྦྱོང་དུ་འགྱུར་ན་བྲེག་གམ་མི་བྲེག་ཅེས་དྲིས་ལ་བརྟན་ཞིང་སེམས་མ་གྱུར་ཏེ་དགེ་སྦྱོང་བྱ་ཞེས་ཟེར་ན་བྲེག་ཁྲུས་བྱ་སྐྲ་བྲེགས་ནས་ཁྲུས་བྱ་བ་ནི་གཙང་བའི་ཕྱིར་རོ། །མཁན་པོས་ངུར་སྨྲིག་ཅན་གྱི་གོས་སྦྱིན། ཀ་ཤ་དང་ཤམ་ཐབས་དང་རྔུལ་གཟན་གསུམ་མཁན་པོ་
ཉིད་ཀྱི་ཡང་རུང་གཞན་གྱིས་སྦྱར་ཀྱང་རུང་སྟེ་མཁན་པོའི་ལག་ནས་སྦྱིན། རྐང་པ་ལ་ཕྱག་བྱས་ཏེ་བླངས། བྱིན་པའི་ཚེ་སློབ་མས་མཁན་པོའི་རྐང་པ་ལ་ཕྱག་བྱས་ཏེ་བླང་བ་ནི་གུས་པར་བྱ་བའི་ཚུལ་ལོ། །མཁན་པོས་བསྐོན། སློབ་མས་བླངས་ནས་མཁན་པོ་རང་གིས་གོས་བསྐོན་ཏེ། བགོ་
བའི་ཐབས་ཀྱང་བསྟན། མ་ཚོར་བར་མཚན་བརྟག །མ་ནིང་ཡིན་ནམ་མ་ཡིན་པ་དང་མོའི་ནང་དུ་ཕོ་འཇུག་ཕོའི་ནང་དུ་མོ་འཇུག་པའི་ཕྱིར་བརྟག་གོ། །རབ་ཏུ་བྱུང་བ་འཐོབ་པ་སྐྱབས་སུ་འགྲོ་བ་དང་། རིམ་དུའོ། །དགེ་སྦྱོང་གི་ཁྲིམས་འཆགས་པ་ནི་ཤཱཀྱ་སེང་གེའི་རྗེས་སུ་འབྱུང་ངོ་། །ཤཱཀྱ་ཐུབ་པའི་
རྗེས་སུ་འབྱུང་ངོ་། །ཤཱཀྱ་རྒྱལ་པོའི་རྗེས་སུ་འབྱུང་ངོ་ཞེས་བྱ་བས་འཆགས་ཏེ་བྱ་བའི་རིམ་ནི་སྐྱབས་སུ་འགྲོ་བའི་ཚིག་གཅིག་བྱས་ཤིང་འདི་ལན་ཅིག་བརྗོད་དེ། དེ་ལྟ་བུ་ལན་གསུམ་དུ་བཟླས། གསོལ་མ་ཐག་ཏུ་ཡང་ངོ་། །མདོ་ལྟག་མ་ལྟར་བྱ་བ་ནི་དགེ་འདུན་ལ་དྲིས་ནས་མཁན་པོར་ཡང་གསོལ་བའི་
འོག་དང་སྐབས་འདི་ཉིད་གང་དུ་བྱས་ཀྱང་ཉེས་པ་མེད་དོ། །འདི་ནི་ལས་བྱེད་པས་བྱ། དགེ་སྦྱོང་འཐོབ་པར་དགེ་སློང་ལ་གཏད། མཁན་པོས་ངའི་སློབ་མ་འདི་ཁྲིམས་ཕོག་ཤིག་ཅེས་ལས་ཀྱི་སློབ་དཔོན་གང་བྱེད་པ་ལ་གཏད། ཅི་ཀུན་གཙང་ངམ་ཞེས་དྲིས་ལ་གཙང་ན་འཐོབ་པར་བྱ། དེ་ནས་ལས་
ཀྱི་སློབ་དཔོན་གྱིས་སླར་མཁན་པོ་ལ་ཁྱོད་ཀྱི་སློབ་མ་འདི་བར་ཆད་མེད་དམ་དྲིས་ལ་གཙང་ཞེས་ཟེར་ན་དགེ་སྦྱོང་གི་ཁྲིམས་དབོག །དེ་ནི་སློབ་དཔོན་ནོ། །མདོ་གོང་མ་ལྟར་ལས་བྱེད་པ་ནི་དགེ་སློང་གི་ལས་ཀྱི་སློབ་དཔོན་ནོ། །དགེ་སྦྱོང་གི་ཆོ་གའི་ནང་དུ་སློབ་དཔོན་ལྔ་གློ་ཐོར་དུ་བཤད་པ་ནི་མི་སྤྲོ་བར་
བསྡུ་སྟེ་གོ་སླ་བར་བྱ་བའི་ཕྱིར་སློབ་དཔོན་བཞི་ཡང་འདིའི་ཞར་ལ་བཤད་དོ། །གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་བདག་དང་། ལྷོགས་ཤིག་པ་ཡང་ངོ་། །གསང་སྟེ་སྟོན་པ་དང་ཞེས་པ་དང་གསང་སྟེ་སྟོན་པའི་སློབ་དཔོན་ནི་བར་ཆད་འདྲི་བའི་ལས་བྱས་ཟིན་ནས་གསང་སྟེ་སྟོན་པའི་

སློབ་དཔོན་དུ་འགྱུར་ཏེ། འོག་ནས་འཆད། ལས་བྱེད་པ་དང་ཞེས་པ་ནི་ལས་བྱེད་པའི་སློབ་དཔོན་ཏེ་འོག་ནས་འཆད་དེ་ཁྲིམས་རྫོགས་པར་བྱེད་པའི་གསོལ་བ་དང་ཞུ་བ་དང་ཁྲིམས་འབོགས་པའི་ལས་བྱེད། གནས་བདག་དང་ཞེས་པ་ནི་གནས་བཅས་པའི་
སློབ་དཔོན་ཏེ་འོག་ནས་འཆད་དེ་མཁན་པོ་ཤི་འམ་བྲལ་ན་གནས་བཅས་ཏེ་དྲི་བའོ། །ལྷོགས་ཤིག་པ་ཡང་ངོ་ཞེས་པ་ནི་ཀློག་པའི་སློབ་དཔོན་ཏེ། ཆོས་དང་ཁ་ཏོན་སློབ་པ་ཡིན་ཏེ་ལྷག་མ་གསུམ་ནི་འོག་ནས་ཀྱང་འཆད་དེ་སོ་སོའི་ལས་ཟིན་ན་སློབ་དཔོན་དུ་འགྱུར། དོན་འགྲུབ་པར་གྱུར་ནའོ། །
གསང་སྟེ་སྟོན་པ་དང་ལས་བྱེད་པ་དང་དགེ་སྦྱོང་གི་སློབ་དཔོན་གསུམ་ནི་སོ་སོའི་ལས་བྱས་ནས་མཇུག་རྫོགས་ཏེ་ཟིན་ན་སློབ་དཔོན་དུ་འགྱུར་རོ། །ལས་བྱེད་པའི་སློབ་དཔོན་ནི་འོག་ནས་འཆད་དོ། །ཁས་བླངས་པ་མཁན་པོར་གསོལ་ན་དེ་འགྱུར་རོ། །མཁན་པོ་ནི་སློབ་མས་ཀྱང་མཁན་པོར་
གསོལ། མཁན་པོས་ཀྱང་ངས་མཁན་པོ་བྱའོ་ཞེས་ཁས་བླངས་པ་ལས་མཁན་པོར་འགྱུར་ཏེ། འོག་མ་མདོ་གཉིས་ཀྱི་འོག་ནས་ཀྱང་ཇི་ཙམ་གྱིས་མཁན་པོར་གྱུར་པ་ཡང་འཆད་དོ། །གསུམ་བཟླས་པའི་ཐ་མའི་ཆས་འགྲུབ་དགེ་སྦྱོང་གི་སློབ་དཔོན་དང་ལས་བྱེད་པའི་སློབ་དཔོན་ནི་སྐྱབས་སུ་
འགྲོ་བ་དང་དགེ་སྦྱོང་དུ་གཟིགས་ཤིག་ཅེས་ལན་གསུམ་དུ་བཟླས་ཏེ་ལན་གཉིས་ནི་རྫོགས་ཐ་མ་ལན་ཅིག་གི་ཚིག་སུམ་ཆ་ལུས་ཀྱང་སློབ་དཔོན་དུ་འགྱུར་ཏེ། ཚིག་ལན་གསུམ་དུ་བཟླས་པ་ཉིད་གང་ཡིན་པ་དང་། ཚིག་གི་སུམ་ཆའི་མཚམས་ནི་འོག་ནས་འཆད། དེ་འདི་ལྟ་སྟེ་ཕ་རོལ་ལ་
བརྗོད་པའི་ཚེ་དགེ་སྦྱོང་བའི་ཞེ་ནའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཙུན་པས་བདག་དགེ་སྦྱོང་དུ་གཟིགས་ཤིག་ཅེས་བྱ་བའི་ཚིག་འདི་ལན་གཉིས་ནི་བཟླས་ཟིན་ཐ་མ་དགེ་སྦྱོང་དུ་ཞེས་པ་ཡན་ཆད་སུམ་གཉིས་ནི་
རྫོགས། གཟིགས་ཤིག་ཅེས་བྱ་བའི་ལྷག་མ་ལུས་ཀྱང་སློབ་དཔོན་དུ་འགྱུར་རོ། །ཐ་མས་དེར་མཁན་པོར་དོན་ནོ། །མཁན་པོར་གསོལ་བའི་ཚིག་ལན་གསུམ་བཟླས་པ་ལན་གཉིས་ཀྱི་བར་དུ་ནི་བཙུན་པ་བདག་གི་མཁན་པོར་གསོལ་ཞེས་བྱ། ཐ་མ་ལན་ཅིག་ལ་མཁན་པོ་བདག་གི་

མཁན་པོར་གསོལ་ཞེས་བྱས་པས་དེས་མཁན་པོར་འགྱུར་རོ། །གནས་བདག་གི་མཐའ་ནི་གནས་བཅས་ནས་ནུབ་གཅིག་གནས་པས་སོ། །གནས་བཅས་པའི་སློབ་དཔོན་ནི་ཕ་དང་བུར་འདུ་ཤེས་བཞག་ལ་གནས་བཅས་པའི་སྔགས་བྱས་ནས། དེའི་ནུབ་མོ་ཉིད་མཚམས་གཅིག་གི་ནང་
དུ་ལྷན་ཅིག་ཏུ་གནས་ལ་ཞག་ལོན་ཏེ་སྐྱ་རེངས་བྱུང་ན་སློབ་དཔོན་ནི་ཕ་དང་བུར་འདུ་ཤེས། ལྷོགས་ཤིག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་ཀླགས་པས་སོ། །ཀློག་པའི་སློབ་དཔོན་ནི་གཉིས་ཀས་སློབ་དཔོན་དང་སློབ་མར་འདུ་ཤེས་བཞག་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་
གཅིག་ལོབས་པར་མཁན་པོས་སྨྲས་ལ་སློབ་མས་བཟླས་ཏེ་ཙོག་ཙོག་པོར་འདུག་ལ་ལན་གསུམ་དུ་བཟླས་ན་སློབ་དཔོན་དུ་འགྱུར། ལྷོགས་ཤིག་པར་མ་བསམས་པར་བརྗོད་ན་ལྷོགས་ཤིག་པ་མ་ཡིན་ནོ། །ཀློག་པའི་སློབ་དཔོན་བྱ་བར་འདུ་ཤེས་མ་བཞག་པར་བསླབས་པ་དང་བཟླས་པ་ནི་ཇི་
སྙེད་ལོབས་ཀྱང་སློབ་དཔོན་དུ་མི་འགྱུར་རོ། །དེ་དག་ལ་ཉེ་བའི་ཚིག་ལས་གཞན་དུ་མ་ཡིན། མཁན་པོས་སློབ་དཔོན་ལ་བཙུན་པ་འམ་བླ་མ་ཞེས་པ་ལ་སོགས་པ་བླ་དགས་གཞན་དུ་མི་བོད་ཀྱི། མཁན་པོ་ལ་ཡང་མཁན་པོ་ཞེས་སློབ་དཔོན་ལ་ཡང་སློབ་དཔོན་ཞེས་བྱ། འདི་སྐད་གཞན་ལ་
ཡང་མ་ཡིན། མཁན་པོ་དང་སློབ་དཔོན་མ་ཡིན་པ་ལ་མཁན་པོ་དང་སློབ་དཔོན་ཞེས་མི་བོད། མཁན་པོ་དང་སློབ་དཔོན་ནང་ཡང་བསྣོར་ཏེ་མི་བོད། དོན་གྱི་ཕྱིར་མཚན་ནས་སྨོས་སོ་ཞེས་པ་དང་བཅས་ཏེ་མ་སྨྲས་པར་མཁན་པོའི་མཚན་ནས་མི་སྨོས། མཁན་པོའི་མཚན་ཉིད་ནས་དབྱུང་
དགོས་ན་ཡང་དོན་གྱི་ཕྱིར་མཚན་ནས་སྨོས་སོ་ཞེས་སྔར་མ་བྱས་པར་མཁན་པོའི་མཚན་ནས་མི་དབྱུང་ངོ་། །དགེ་སྦྱོང་འཐོབ་པའི་ཆོ་གའོ། །འདི་ཡན་ཆད་ནི་དགེ་སྦྱོང་དུ་གཞུག་པའི་ཚུལ་དང་ཆོ་ག་ཡིན་ནོ། །ལ་ལ་ཞིག་ན་རེ་དགེ་སློང་གི་ཆོ་ག་མ་སྨོས་པར་དགེ་སྦྱོང་གི་ཆོ་ག་སྔར་ཅིའི་ཕྱིར་བཤད་
ཅེས་ཟེར་བ་ཞིག་ཡོད་ན། དགེ་སྦྱོང་མ་བྱས་པར་དགེ་སློང་བྱར་མི་རུང་བས་སྔར་དགེ་སྦྱོང་དུ་བྱ་དགོས་པས་རིམ་བཞིན་དུ་ཚུལ་བཤད་པ་ཡིན་ནོ། །བསྙེན་པར་རྫོགས་པ་ནི་དགེ་འདུན་ལས་སོ། །བསྙེན་པར་ཞེས་པ་ནི་མྱ་ངན་ལས་འདས་པ་ལ་བསྙེན་པ་ལ་བྱ། རྫོགས་པ་ནི་ཞེས་པ་ནི་མྱ་ངན་

ལས་འདས་པ་ཉིད་ལ་བྱ། དགེ་འདུན་ལས་སོ་ཞེས་པ་ནི་མུར་འདུག་ལ་སོགས་པའི་དགེ་འདུན་མ་ཡིན་གྱི། ཉན་ཐོས་ཀྱི་དགེ་འདུན་ལ་བྱའོ། །བསྙེན་པར་རྫོགས་པ་ནི་དགེ་འདུན་དང་མཁན་པོ་དང་སློབ་དཔོན་ལས་ཐོབ་པར་འགྱུར་ཏེ། མདོ་འདི་ལས་དགེ་འདུན་
འབའ་ཞིག་ལས་འཐོབ་པར་འགྱུར་བ་སྐད་ཟེར་བ་ནི་དགེ་འདུན་དང་མཁན་པོ་དང་སློབ་དཔོན་ཡང་དེའི་ནང་ནས་འོང་བར་རིག་པར་བྱའོ། །མཁན་པོར་མངོན་པར་གྱུར་ནས་ལས་བྱེད་པ་དང་། གསང་སྟེ་སྟོན་པ་དགེ་སློང་ལས་བསྐོ། མཁན་པོར་མངོན་པར་གྱུར་ཅེས་བྱ་བ་ནི་མཁན་
པོ་བྱ་བ་སྔར་སྐད་སྦྱར་ཏེ། འཐམས་པ་དང་། མཁན་པོ་ཉིད་མོས་པ་དང་། དགེ་འདུན་གྱི་ནང་དུ་འོངས་པས་ན་མངོན་པར་གྱུར་ཅེས་བྱ་བ་དང་། མངོན་པར་གྱུར་ནས་ལས་བྱེད་པ་དང་། གསང་སྟེ་སྟོན་པའི་སློབ་དཔོན་དགེ་འདུན་གྱི་ནང་ནས་མཁས་པ་ཡོན་ཏན་དང་ལྡན་པ་ལས་
ནན་གྱིས་མི་བསྐོའི། དད་པར་བྱ་བའི་ཕྱིར་གུས་པའི་ཚིག་གིས་གསོལ་ཏེ་གྱིས་ཤིག་པར་བསྐོ། མཁན་པོར་གསོལ། དགེ་འདུན་གྱི་ནང་དུ་ཡང་མཁན་པོར་གསོལ་དགོས་པ་ནི་མདོ་ལྟག་མ་ནི་མཁན་པོར་འོང་བར་མངོན་པ་ཙམ་དུ་ཟད་ཀྱི་འདི་ལྟར་གསོལ་བས་ནི་མཁན་པོར་
གྱུར་པར་ཡིད་ཆེས་ཤིང་ཀུན་ཤེས་པའི་ཕྱིར་གསོལ་དགོས་སོ། །དགེ་སྦྱོང་གི་མཁན་པོ་ཉིད་ཡིན་དུ་ཟིན་ཀྱང་བསྙེན་པར་རྫོགས་པ་དང་ལས་ཐ་དད་པའི་ཕྱིར་གསོལ་དགོས་སོ། །དེ་རང་གིས་ཆོས་གོས་གསུམ་བསྔོར་ཆུག་ཤིག །མཁན་པོར་གསོལ་ཟིན་ནས་མཁན་པོ་ཉིད་ཀྱིས་
ཆོས་གོས་དང་ལྷུང་བཟེད་མཁན་པོ་དང་སློབ་མ་གཉིས་ཀ་འགྲེང་ལ་མཁན་པོས་སྨྲས་ཤིང་སློབ་མས་བཟླས་ཏེ་སྔགས་གདབ། འདུག་སྟེ་བཏབ་པའམ། གཞན་གྱིས་དེའི་ཚེ་བཏབ་ན་མི་འཆགས་སོ། །ཕྱིས་ནས་ནི་སུས་བཏབ་ཀྱང་རུང་ངོ་། །དགེ་འདུན་ལ་ལྷུང་བཟེད་ཀྱང་ཉེ་བར་བསྟན་
ཅིང་མ་ཆེས་སམ་མ་ཆུང་ངམ་མི་དཀར་རམ་ཞེས་སོ། །ལྷུང་བཟེད་ནི་སྔགས་ཀྱིས་མ་བཏབ་པའི་སྔ་རོལ་དུ་དགེ་འདུན་ལ་མ་ཆེས་སམ་མ་ཆུང་ངམ་མི་དཀར་རམ་ཞེས་བྱ་ཞིང་མཐར་གྱིས་སྦྱ་ང་བྲིམ། དེ་ལྟར་མ་ཡིན་ན་ཐམས་ཅད་ཀྱིས་ལྷུང་བཟེད་བཟང་ངོ་ཞེས་སྨྲོས་ཤིག །མདོ་ལྟག་མ་

ལྟར་དྲིས་ནས་མི་ཆེ་མི་ཆུང་མི་དཀར་ན་བཟང་ངོ་ཞེས་དགེ་འདུན་གྱིས་ལན་གསོལ་ཅིག །གྲལ་དཔོན་གྱིས་བརྟགས་ཏེ་བཟང་ངོ་ཞེ་ན་འོག་མ་རྣམས་ཀྱིས་ནན་ཏན་དུ་མ་མཐོང་ཡང་བཟང་ངོ་ཞེས་སྨྲས་ནའང་ཉེས་མེད། སྤོགས་ཏེ་སུས་ཞེས་སྨྲས་ལ་གསང་སྟེ་སྟོན་པ་མོས་པར་བྱས་ཏེ་ལས་
བྱེད་པས་འདིའི་དགེ་འདུན་ལ་ཞུ། དེ་ནས་བསྙེན་པར་རྫོགས་པར་འདོད་པའི་མི་དེ་ཆོས་གོས་གསུམ་བསྐོན་ལ་དགེ་འདུན་ལས་བྱེད་པའི་སྒྲ་མི་ཐོས་པ་ཙམ་དུ་མིག་རྒྱང་དུ་མཐོང་བར་བཞག་སྟེ་ལས་བྱེད་པའི་སློབ་དཔོན་གྱིས་གསང་སྟེ་སྟོན་པ་སུས་བྱ་ཞེས་དགེ་འདུན་གྱི་ཁྲོད་དུ་ཞུ།
གསང་སྟེ་སྟོན་པ་སྔར་མཁན་པོས་བསྐོས་པ་དེས་ངས་བྱའོ་ཞེས་དད་པར་བྱ་སྟེ་སྨྲ། དེ་ནས་ལས་བྱེད་པས་གསང་སྟེ་སྟོན་པ་བསྒོ་བའི་གསོལ་བ་བྱ། ཉོན་ཅིག་ཅེས་ནས་གསང་བ་བསྟན། །དེ་ནས་གསང་སྟེ་སྟོན་པ་སྤགས་ཏེ་བཞག་པའི་གནས་སུ་སོང་ལ་བར་ཆད་ཀྱི་ཆོས་རྣམས་ཡོད་
དམ་མེད་དྲང་པོར་སྨྲོས་ཤིག་ཅེས་སྔར་བསྒོ་སྟེ་བར་ཆད་ཀྱི་ཆོས་དྲི། དགེ་འདུན་གྱི་ནང་དུའང་འདི་བཞིན་དུ་དྲིས་དང་པོར་སྨྲོས་ཞེས་བསྒོ། འདུག་ཤིག་སྒྲ་མ་ཕྱུང་གི་བར་དུ་མ་འོང་ཤིག་ཅེས་སྨྲས་ནས་དགེ་འདུན་ལ་བསྟན་ནོ། །དེ་ནས་ཚུར་ཤོག་ཅེས་མ་བོས་ཀྱི་བར་དུ་འདུག་ཅིག་ཅེས་
གསང་སྟེ་སྟོན་པས་བསྒོ་ལ། དེ་ཉིད་དུ་བཞག་སྟེ་དགེ་འདུན་ལ་བར་ཆད་ཀྱི་ཆོས་རྣམས་གཙང་ངོ་ཞེས་སྨྲ། ཀུན་གཙང་ངོ་ཞེས་གསོལ་ནས་ཅི་མཆི་ཞིག་གམ་ཞེས་འོང་བའི་ཕྱིར་དྲིའོ། །མདོ་ལྟག་མ་ལྟར་གཙང་ངོ་ཞེས་སྨྲས་ནས་ཚུར་དགུག་གམ་ཇི་ལྟར་བགྱི་ཞེས་དགེ་འདུན་ལ་ཞུ། དེ་སྟེ་
ཀུན་གཙང་ནའོ་ཞེས་ཐམས་ཅད་ཀྱིས་སྨྲོས་ཤིག །ལྟག་མ་ལྟར་ཞུས་ནས་བར་ཆད་ཀྱི་ཆོས་རྣམས་གཙང་ན་ཁུག་ཤིག་ཅེས་དགེ་འདུན་གྱིས་ལན་སྦྱིན། ལས་བྱེད་པར་བསྙེན་པར་རྫོགས་པ་གསོལ་དུ་གཞུག །ལས་ཀྱི་སློབ་དཔོན་གྱིས་བསྙེན་པར་རྫོགས་པར་འདོད་པ་བསྙེན་པར་རྫོགས་
པར་བགྱིད་ཅི་གནང་ཞེས་དགེ་འདུན་ལ་གསོལ་དུ་གཞུག་སྟེ། ཁོ་ཉིད་ཀྱིས་མི་ཤེས་པའི་ཕྱིར་སློབ་དཔོན་གྱིས་སྨྲས་ཤིང་ཟློས་སུ་གཞུག་སྟེ། ལན་གསུམ་དུ་བྱ། དགེ་འདུན་ལ་ཞུས་ཏེ་བར་ཆད་དྲི། མདོ་ལྟག་མ་ལྟར་གསོལ་བ་བཏབ་ནས་དགེ་འདུན་ཅང་མི་གསུང་ན་གནང་བར་གོ་

བར་བྱས་ཏེ་ལས་བྱེད་པའི་སློབ་དཔོན་གྱིས་བར་ཆད་དྲི་བར་འཚལ་ལོ་ཞེས་དགེ་འདུན་ལ་ཞུས་ལ་སྔར་ལྐོག་དྲིས་པ་བཞིན་དུ་དགེ་འདུན་གྱི་ནང་དུའང་ལས་བྱེད་པས་བར་ཆད་ལན་ཅིག་དྲི། བསྙེན་པར་རྫོགས་པ་ཐོབ་པར་བྱ། བར་ཆད་དྲིས་ནས་མིང་འདི་ཞེས་བགྱི་བའི་
མཁན་པོ་ལ་བསྙེན་པར་རྫོགས་པར་འཚལ་ལོ་ཞེས་ལས་བྱེད་པས་ཞུ་བ་ལན་གསུམ་བྱས་ནས་ཁྲིམས་ལས་བྱེད་པས་དབོག །འདི་ནི་དེ་མ་ཐག་ཏུ་གྲིབ་མ་བཅལ་ཏེ་བསྐོ། ཁྲིམས་ཕོག་མ་ཐག་ཏུ་ཉི་མའི་ཚོད་ཇི་ཙམ་ཡིན་པ་གྲིབ་མ་ཚོད་འདི་ཙམ་ལ་ཁྲིམས་ཐོབ་པ་ཡིན་ནོ་ཞེས་བསྙེན་པར་
རྫོགས་པ་དེ་ལ་བསྒོ། གྲིབ་མ་ཇི་ལྟར་གཞལ་བ་ནི་འོག་ནས་འཆད་དོ། །ཕུར་བུ་སོར་བཞི་ལ་དེ་དགེའོ། །གྲིབ་མ་བཅལ་བ་ནི་ཤིང་བུ་སོར་བཞིས་བྱས་ན་རན་ཅིང་བདེ་ལ་གྲིབ་ཚོད་རྟོགས་པར་འགྱུར་བའི་ཕྱིར་དགེའི་ཞེས་བྱའོ། །འདི་ལ་སྐྱེས་བུ་ཞེས་སྤྱད་དོ། །ཕུར་བུ་སོར་བཞི་པའི་གྲིབ་
མ་སོར་བཞི་ལ་སྐྱེས་བུ་གཅིག་ཏུ་བརྩི། གྲིབ་མ་སོར་གཉིས་བྱུང་ན་སྐྱེས་བུ་ཕྱེད་ཅེས་པ་ནི། དེ་ལས་ལྷག་ཆད་དུ་གྱུར་ན་སོར་བཞི་ལ་བཅུ་གཅིག་གི་ཆ་རེ་རེ་ལ་རྐང་པ་ཞེས་མིང་གདགས་སོ། །ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པའོ། །ཉིན་པར་དང་མཚན་མོ་དུས་ཇི་ཙམ་ན་ཞུགས་པ་བསྒོ་
དགོས་ཏེ། མཚན་མོ་ལ་དུས་གསུམ་སྟེ་སྲོད་དང་ལྔ་ཚིགས་དང་ཐོ་རངས་དང་། ཉིན་མོ་ལ་ཡང་གསུམ་སྟེ་སྔ་དྲོ་དང་གུང་དང་ཕྱི་དྲོ་གང་ལ་རྫོགས་པ་དུས་བཟུང་སྟེ་རྫོགས་པ་ལ་ཉིན་མཚན་གྱི་དུས་འདི་ཙམ་ལ་ཞུགས་སོ་ཞེས་བསྒོ། །དུས་ཀྱང་ངོ་། །དབྱར་དགུན་གྱི་དུས་གང་ཡིན་པ་ཡང་བསྒོ་
དགོས་ཏེ། དབྱར་དགུན་གྱི་དུས་ཉིད་ནི་འོག་ནས་འཆད། དེ་ནི་ལྔ་སྟེ་དགུན་དང་དཔྱིད་དང་དབྱར་དང་ཤི་བའི་དབྱར་དང་རིང་བའི་དབྱར་ཏེ། དེ་ནི་ལྔ་སྟེ་ཞེས་པ་ནི་དུས་ལ་རྣམ་པ་ལྔ་ཡོད་དེ་སྟོན་ཟླ་ཐ་ཆུངས་ཉ་ནས་མགོ་བཟུང་སྟེ་བརྩིའོ། །དགུན་དང་ཞེས་པ་ནི་དགུན་གྱི་དུས་ཏེ་ཟླ་བ་བཞི། དཔྱིད་
དང་ཞེས་པ་ནི་དཔྱིད་ཀྱི་དུས་ཏེ་ཟླ་བ་བཞི། དབྱར་དང་ཞེས་པ་ནི་དབྱར་གྱི་དུས་ཏེ་ཟླ་བ་གཅིག་ཤི་བའི་དབྱར་དང་ཞེས་པ་ནི་ཤི་བའི་དབྱར་གྱི་དུས་ཏེ་ཉིན་ཞག་གཅིག་རིང་བའི་དབྱར་ཏེ་ཞེས་པ་ནི་རིང་བའི་དབྱར་གྱི་དུས་ཏེ། ཞག་གཅིག་གིས་མ་ཚང་བའི་ཟླ་བ་གསུམ། ཐོག་མ་གཉིས་ནི་ཟླ་བ་

བཞི་སྟོན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་ཟླ་བ་བཞི་ནི་དགུན་གྱི་དུས་སོ། །དཔྱིད་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་དུ་ན་དཔྱིད་ཀྱི་དུས་སོ། །ཐོག་མ་གཉིས་ཞེས་བྱ་བ་ནི་གོང་དུ་དུས་ལྔའི་གཉེར་གསོད་པ་ལ་གྲལ་ཐོག་མར་སྨོས་པས་དགུན་དང་དཔྱིད་གཉིས་ཟླ་བ་བཞི་བཞིའོ། །
དེ་ཕན་ཆད་ཟླ་བ་གཅིག །དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་དུ་ཟླ་བ་གཅིག་སྟེ་དབྱར་གྱི་དུས་ཞེས་བྱའོ། །དེའི་འོག་མ་ཉིན་མཚན་ནོ། །དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་གི་ཉིན་ཞག་གཅིག་ལ་ཡུན་ཐུང་བའི་ཕྱིར་ཤི་བའི་དབྱར་གྱི་དུས་ཞེས་བྱའོ། །མཐའ་མ་ནི་དེས་ཉུང་
བའི་ཟླ་བ་གསུམ་མོ། །དབྱར་ཟླ་ཐ་ཆུངས་ཚེས་བཅུ་བདུན་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་བ་ནི་རིང་བའི་དབྱར་གྱི་དུས་ཞེས་བྱའོ། །སྟོན་ཟླ་ཐ་ཆུངས་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་དུ་ཁྲིམས་རྫོགས་པ་ནི་རིམ་པས་རྒྱལ་བར་འགྱུར་རོ། །རིང་
བའི་ཟླ་བ་གསུམ་ལ་རྫོགས་པ་ནི་ཕམ་སྟེ་ཞག་རེ་ཞིང་རིམ་གྱིས་བརྩིའོ། །གནས་བསྒོ། ཤིང་དྲུང་དང་ཚེམ་བུ་དང་སློང་མོ་དང་སྨན་བཀུས་པ་ལ་ནམ་འཚོའི་བར་དུ་སྤྱད་དོ་ཞེས་ཀྱང་བསྒོ། དེ་ལ་ཡིད་བསྲིང་བའི་ཕྱིར་གོས་སུ་བརྟགས་པ་རྣམས་བདུན་དང་ཁ་ཟས་རོ་བརྒྱ་པ་དང་སྨན་ཞག་བདུན་
པ་དང་འཚོ་བའི་བར་དུ་བཅང་བ་དང་ཁང་བུ་བདུན་བརྩེགས་དགེ་འདུན་གྱི་འམ་ཡོན་བདག་གིས་སྦྱར་ན་ཆོག་པ་ཙམ་སྤྱོད་ཅིག །ལྟུང་བའི་ཆོས་ཀྱང་ངོ་། །མི་ཚངས་པར་སྤྱོད་པ་དང་རྐུ་བ་དང་མི་ལ་གསོད་པ་དང་བརྫུན་བཞི་བྱས་ན་རྒྱུད་གསུམ་དུ་ལྟུང་སྟེ་ཕྱིས་དགེ་སློང་དུ་མི་རུང་བའི་ཕྱིར་རིངས་
བར་བསྒོ། །དགེ་སྦྱོང་གིས་བྱ་བ་རྣམས་ཀྱང་ངོ་། །མི་གཤེ་བ་དང་མི་འཕྱ་བ་དང་མི་སྨད་པ་དང་མི་འཚོག་པ་དང་བཞི་ཕས་བྱས་ཀྱང་ལན་མི་བྱ་བ་ཡིན་ན་ཕས་མི་ཟེར་བར་ཚུས་བྱ་བ་རྣམས་ལྟ་ཅི་སྨོས། རྫོགས་པ་ཡང་དག་པར་ཏེ་རེ་བ་འང་བརྗོད་ཅིང་ཚུལ་ཁྲིམས་མཉམ་པར་གྱུར་པ་དང་
རངས་པ་བསྒོའོ། །རྫོགས་པ་ཡང་དག་པར་ཏེ་ཞེས་པ་ནི་བདག་གི་བར་ཆད་ཀྱི་ཆོས་ལ་སོགས་པ་མེད་ཅིང་། སློབ་དཔོན་དང་མཁན་པོ་ཡོན་ཏན་དང་ལྡན་པ་དང་། ཡོ་བྱད་ཚང་བ་ལ་སོགས་པས་ཁྲིམས་ཡང་དག་པར་ཐོབ་པ་དང་ཡང་གཅིག་ཏུ་ན་སངས་རྒྱས་དང་དགྲ་བཅོམ་པ་འདས་པའི་

ཚུལ་བཞིན་དུ་རྫོགས་པས་ན་ཡང་དག་པར་རྫོགས་ཞེས་བྱའོ། །རེ་བའང་བརྗོད་ཅིང་ཞེས་པ་ནི་སྔོན་ཁྲིམས་ཡང་དག་པར་རྫོགས་པར་འདོད་པ་དང་། རེ་བའང་དེ་རིང་རེ་བ་བཞིན་དུ་ཐོབ་བོ་ཞེས་བསྒོ། ཚུལ་ཞེས་པ་ནས་སོ་ཞེས་བྱ་བའི་བར་དུ་ནི་ཚུལ་ཁྲིམས་
མཉམ་ཞིང་བསླབ་པ་མཉམ་པས་ན། ལོ་བརྒྱ་ལོན་པའི་གནས་བརྟན་དང་ཁྱོད་དེང་རྫོགས་པ་གཉིས་སུ་མཚུངས་ཤིང་མཉམ་པས་སྔ་མ་དག་ཡོན་ཏན་དང་ལྡན་པ་བཞིན་དུ་བསླབ་པ་དང་བསྲུང་བ་ལ་སྔ་མ་དང་འདྲ་བར་གྱིས་ཤིག །རངས་པར་བསྒོ་བ་ནི་བསམ་གཏན་དང་། བརྩོན་
འགྲུས་དང་ཀློག་པ་དང་། བསླབ་པ་ལ་སོགས་པས་མྱ་ངན་ལས་འདས་པར་འགྱུར་གྱིས་སྒྲིམས་ཤིག་ཅེས་བྱས་པས། སེམས་རངས་པར་འགྱུར་རོ། །རངས་པའི་ཚིག་འདི་སྐད་དུ་བརྗོད་པ་ནི་འོག་མའི་སཱུ་ཏྲ་དག་ནི་ནང་དུའང་དགོས་སོ། །སྤྱོད་པས་སྨོས་པའི་གཟུགས་བརྙན་ཡང་ངོ་། །སྔོན་
ཁྱིམ་པའི་སྤྱོད་པའི་ཚེ་ཕ་མ་དང་ཕུ་ནུ་གཉེན་བཤེས་ལ་སོགས་པ་ལ་སྤྱོད་ཅིང་བརྟེན་བརྟེན་པ་ལས་དེ་དག་དང་བྲལ་ཀྱང་དེ་དང་འདྲ་བར་མཁན་པོ་ལ་ནི་ཕར་བལྟ། སློབ་དཔོན་ལ་ནི་མར་བལྟ་མཁན་པོ་གཅིག་པ་དང་། གྲོགས་པོ་མཚུངས་པར་སྤྱོད་པ་དག་ནི་ཕུ་ནུ་དང་གཉེན་བཤེས་ལ་སོགས་
པའི་ཞེས་ཡིད་བསྲིང་བའི་ཕྱིར་རངས་པར་བསྒོ། དུལ་བར་གནས་པར་ཡང་ངོ་། །བདག་ལུས་དང་ངག་དང་ཡིད་གསུམ་དུལ་བར་བསྡོམ་ཞིང་ཕ་རོལ་པོ་དུལ་བ་ལ་བརྟེན་ཞིང་གཞན་ཡང་དུལ་བར་བྱའོ། །དགོས་པ་ནན་ཏན་དུ་ཡང་ངོ་། །དགོས་པའི་དོན་ནི་ཚུལ་ཁྲིམས་
ཡིན་ཏེ། སྤྱད་ཅིང་བསྒོམས་ལ་ནན་ཏན་དུ་བྱ་སྟེ་རྒྱུན་མི་འཆད་པར་དྲན་པར་བྱ། དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཉན་པ་དང་། བསམས་པ་དང་བསྒོམས་པར་ནན་ཏན་དུ་གྱིས་ཤིག་ཅེས་ཀྱང་བསྒོ། ཡང་དག་པར་བླངས་ཏེ་མ་བཤད་པའང་ཀུན་ཤེས་པར་
གྲུབ་པར་ཆུད་དོ་པ་ཡང་ངོ་། །ཁྲིམས་རྫོགས་པར་ཡང་དག་པར་ཐོབ་པས་ན། ཕས་ཕམ་པ་ལ་སོགས་པ་ཁ་ཅིག་ནི་བཤད་དེ་ཐོས་པ་ཡིན་ལྷག་མ་ལ་སོགས་པ་མང་པོ་གཞན་ད་བཤད་དུ་མི་ཟིན་ཏེ་མ་ཐོས་མོད་ཀྱི་ཕྱིས་གསོ་སྦྱིན་འཆད་པའི་ཚེ་ཡང་ཐོས་པར་འགྱུར་ཕྱིས་ཀུན་བསླབ་ཅིང་

ཤེས་པར་བྱར་ཡོད་པས་ན། ད་བཤད་པ་དང་འདྲ་སྟེ་ཕྱིས་ལོབས་པར་འགྱུར་རོ་ཞེས་བསྒོ་གུས་པར་ཡང་བསྒོ། སྔོན་ཡང་ཚུལ་ཁྲིམས་ཀྱིས་བསོད་ནམས་ལྟ་བུས་མི་ཁོམ་པ་བརྒྱད་སྤངས་པའི་ལུས་འདི་ལྟ་བུ་ཐོབ་པ་ཡིན་ཏེ། དེའང་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་
ཁྲིམས་ཆེན་པོ་བསྲུངས་པ་འབའ་ཞིག་གིས་མི་ཆོག་གི་ཕྲ་མོ་ལ་ཡང་གུས་པར་སྲུངས་ཤིག་ཅེས་བསྒོ། ཐབས་དང་བཤད་པའི་བཅས་པས་སྒྲུབས་ཤིག་ཅེས་པ་ཡང་ངོ་། །ཐབས་ནི་བདག་གིས་ཅི་ལ་ཡང་ཐབས་དང་ལྡན་པར་བག་བྱ་བ་ལ་བྱ། བཤད་པ་ནི་སངས་རྒྱས་ཤེས་
རབ་མཆོག་གིས་གསུངས་པའི་ཆོས་ལ་བྱ། བཅས་པ་ནི་སངས་རྒྱས་ཀྱིས་ཆོས་བཤད་པའི་ལ་བདག་གིས་བག་བྱ་བ་དང་བཅས་པར་སྤྱད་པ་ལ་བྱ། སྒྲུབས་ཤིག་ཅེས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་ཙམ་ལ་གནས་ཤིང་སྙེམས་པས་མི་ཆོག་གིས་མྱ་ངན་
ལས་འདས་པ་བསྒྲུབ་དགོས་སོ་ཞེས་བསྒོ། བསྙེན་པར་རྫོགས་པའི་ཆོ་གའོ། །འདི་ཡན་ཆད་ནི་བསྙེན་པར་རྫོགས་པར་བྱ་བའི་ཆོ་གའོ། །གནས་ལ་མ་ཞུས་པར་གནས་པས་བྱ་བ་མི་བྱ། ཨུ་པ་དེ་ཤ་འམ་གནས་བཅས་པའི་སློབ་དཔོན་ལ་མ་ཞུས་པར་གནས་པའི་སློབ་མ་
ལས་ཅི་བྱའོ་ཅོག་མ་དྲིས་པར་མི་བྱའོ། །མ་དྲིས་ཀྱང་བྱར་རུང་བ་རྣམས་ནི་འོག་ནས་འཆད་དོ། །མ་གཏོགས་པ་ནི་བཤང་གཅི་དང་སོ་ཤིང་བཅའ་བ་དང་། མཚམས་སུ་གཏོགས་པའི་གཙུག་ལག་ཁང་དུ་ཕྱག་འཚལ་བའོ། །དྲི་མི་དགོས་པའི་ནི་ཕྱི་རོལ་ཆེ་ཆུང་དུ་འགྲོ་བ་དང་སོ་
ཤིང་མཚམས་ཀྱི་ནང་དུ་འདུག་སྟེ་འཆའ་བ་དང་ཕྱི་མཚམས་གཅིག་གི་ནང་གི་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་མ་དྲིས་པར་བྱས་ཀྱང་ཉེས་པ་མེད། གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐར་འགྲོ་བ་ཡང་ངོ་། །གཙུག་ལག་ཁང་ར་བས་བསྐོར་ན་ར་བའི་ཕྱི་སྒོ་ནས་
གྲོང་དང་ནགས་ལ་སོགས་པ་ས་བསུབ་མེད་ན། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འཆགས་པ་དང་མཆོད་རྟེན་ལ་ཕྱག་འཚལ་བར་འགྲོ་ན་མ་ཞུས་པར་སོང་ཡང་ཉེས་མེད། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་ན་བའི་གཡོག་དང་ཐེ་ཚོམ་བསལ་བ་དང་། སྡིག་པ་ལ་ལྟ་བར་གྱུར་པ་

སྤང་བར་ནན་ཏན་ཆེར་བྱས་ཏེ། ཨེ་མའོ་བདག་གི་བྱ་བ་བྱེད་དུ་གཞུག་པ་ཡང་ངོ་། །ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་ཞེས་པ་ནི་མཁན་པོ་དང་སློབ་དཔོན་གྱི་ལྷུང་བཟེད་བཙོ་བ་དང་། བཀྲུ་བ་དང་། གླན་པ་དང་། ཆོས་གོས་བཙོ་བ་དང་། བཀྲུ་བ་དང་། བཙེམ་
པ་ལ་སོགས་པ་བྱོས་ཤིག་ཅེས་བསྒོ་ན། སློབ་མ་དང་ཉེ་གནས་ཀྱིས་སླར་དྲི་མི་དགོས་པར་བྱ་མི་ནུས་ན་གཞན་ལ་བྱེད་དུ་བཅོལ་ཀྱང་ཉེས་མེད། ན་བའི་གཡོག་དང་ཞེས་པ་ནི་མཁན་པོ་དང་། སློབ་དཔོན་ན་བའི་གཡོག་བདག་གིས་ཀྱང་གུས་པར་བྱ་མི་ནུས་ན་གཞན་ལའང་བཅོལ།
ཐེ་ཚོམ་བསལ་བ་དང་ཞེས་པ་ནི་མཁན་པོ་དང་སློབ་དཔོན་ཚུལ་ཁྲིམས་ལྕི་ཡང་དང་ཉམས་མ་ཉམས་ཀྱི་ཕྱི་ནས་ཐེ་ཚོམ་ཟ་བ་ལ་སློབ་མ་འདུལ་བ་ལ་མཁས་པ་ཞིག་ན་ཐེ་ཚོམ་བསལ་བ་དང་འདུལ་བ་འཛིན་པ་གཞན་ལ་བཅོལ་ཏེ་ཐེ་ཚོམ་བསལ་ཀྱང་ཉེས་པ་མེད། སྡིག་པ་ལ་ལྟ་བར་
གྱུར་པ་ཞེས་པ་ནི་སློབ་དཔོན་དང་མཁན་པོ་ཆོས་ལོག་པ་དགུ་བཅུ་རྩ་དྲུག་ལྟ་བུ་ལ་ལྟ་བར་གྱུར་ནས། སློབ་མ་མ་ལྟ་བུ་ལ་མཁས་ཏེ་ལོག་པར་ལྟ་བ་ལས་བཟློག་པ་དང་། གཞན་མ་ལྟ་བུ་ཤེས་པ་ལ་བཅོལ་ན་ཉེས་མེད། སྤང་ཞེས་པ་ནས་ངོ་ཞེས་པའི་བར་དུ་ནི་མཁན་པོ་དང་སློབ་
དཔོན་ལ་སློབ་མས་བྱ་བ་འདི་རྣམས་ནི་ལེ་ལོ་མི་བྱ་བར། ཨེ་མའོ་ཞེས་ལས་བྱེད་པའི་རིགས་པར་དམ་པའི་ཚུལ་དུ་ནན་ཏན་ཆེར་བྱ་སྟེ། བདག་གིས་ཀྱང་ནུས་མི་ནུས་ཀྱིས་བརྩལ་ཏེ་བྱའོ། །བདག་གིས་མ་ནུས་ན་གཞན་ལའང་བཅོལ་ཏེ་བྱེད་དུ་གཞུག་གོ། །ལ་ལ་ཞིག་ན་རེ་ལོག་
པར་ལྟ་བ་དང་ཐེ་ཚོམ་ཟ་བ་ལ་ཅིའི་ཕྱིར་མཁན་པོར་བྱ་ཞེས་ཟེར་ན་ཐོག་མ་ནས་མ་ལོབས་ཤིང་མི་ཤེས་པ་ནི་མ་ཡིན་ཏེ་མི་བྱའི། སྔོན་ཤེས་ཤིང་མཁས་པ་ལས་ལུས་ཀྱི་ཁམས་ལ་རླུང་དང་ནད་ལ་སོགས་པ་དབང་པོ་ཉམས་ཤིང་མི་དྲན་པར་གྱུར་པ་དེ་ལྟ་བུ་ལ་བྱའོ། །ཨེ་མའོ་དགེ་འདུན་
གྱིས་དེ་ལ་སྨད་པར་འདོད་པ་ལ་སྨད་པའི་ལས་མི་བྱེད་པ་དང་། བྱས་པ་འཆགས་པ་ཡང་ངོ་། །སློབ་དཔོན་དང་མཁན་པོ་ལ་ཆད་པ་རྣམ་པ་བདུན་འཇུག་ནས་འབྱུང་བ་ལྟ་བུ་ཞིག །དགེ་འདུན་གྱིས་གཅོད་པར་བྱེད་ན་སྔ་ནས་མཁན་པོ་ལ་ཡང་དེ་ལྟ་བུའི་ཉེས་པ་མ་བྱེད་ཅིག་ཅེས་

གྲོས་གདབ་ཅིང་དགེ་འདུན་ལའང་ཆད་པས་མི་བཅད་པའི་ཚུལ་དུ་ཐབས་སུ་སྦྱར་ཞིང་གསོལ། རྒྱལ་པོ་འམ་ཞང་བློན་ལྟ་བུ་ལས་ཆད་པས་མ་བཅད་ཅིག་ཅེས་པ་ནི་མི་གསོལ་གྱི། དགེ་འདུན་ལ་མཁན་པོས་ཉེས་སུ་ཟིན་ཀྱང་ཆད་པས་མི་གཅད་པ་དང་ཆད་པས་བཅད་ནའང་
མཁན་པོ་ཆད་པ་བྱེད་ཅིང་དགེ་འདུན་ལ་འཆགས་སུ་གཞུག་སྟེ། ཨེ་མའོ་ཞེས་ནན་ཏན་ཆེར་བྱའོ། །མཁན་པོ་བསྐྲད་དེ་ཕྱི་ལོགས་ན་འཕྱན་པར་གྱུར་ནའང་དེ་ལྟར་མ་བྱེད་པར་དགེ་འདུན་ལ་བཟོད་པ་གསོལ་ཅིག་པར་གྲོས་གདབ་ཅིང་ཅིའི་ཐབས་ཀྱིས་ཀྱང་གཙང་མར་བཅོས། མ་
དྲིས་ཀྱང་ཉེས་མེད། ཆད་པ་དང་རྩ་བའི་ཆད་པ་དང་མགུ་བར་བྱ་བ་དང་རྩ་བའི་མགུ་བ་དང་དབྱུང་བའི་ཕྱིར་བྱ་བ་ལ་དབྱུང་བ་བྱིན་ཅིག་ཅེས་ཀྱང་ངོ་། །ཆད་པ་དང་ཞེས་པ་ནི་དགེ་འདུན་གྱིས་ལྷག་མ་བྱུང་ནས་ཞག་ཏུ་བཅབས་པ་བཞིན་དུ་ཆད་པ་བྱེད་དུ་གཞུག་པ་ལ་བྱ། རྩ་བའི་ཆད་པ་དང་
ཞེས་པ་ནི་ལྷག་མ་སྔར་བྱུང་བའི་ཆད་པ་མ་ཁོར་བར་ལྷག་མ་ཡང་བྱུང་སྟེ་བཅབས་པའི་ཆད་པ་བྱུང་ན་སྔ་མའི་ཆད་པ་སྤངས་ལ་ཕུབ་ལ་གདོད་བྱེད་དུ་གཞུག་པ་ལ་བྱ། མགུ་བར་བྱ་བ་དང་ཞེས་པ་ནི་ལྷག་མ་གཅིག་བྱུང་ན་ཞག་དྲུག་གི་བར་དུ་དགེ་འདུན་ལ་མགུ་བ་བྱ་བ་ཚུལ་གྱིས་བྱ་དགོས་པ་
ལ་བྱ། རྩ་བའི་མགུ་བ་དང་ཞེས་པ་ནི་ལྷག་མ་སྔ་མའི་མགུ་བ་མ་ཟིན་པར་ལྷག་མ་བྱུང་ན་སྔར་མགུ་བ་ཞག་དུ་བྱས་ཀྱང་རུང་སྤངས་ལ་ཕུབ་སྟེ་གཞི་ནས་བསླང་སྟེ་བྱ་དགོས་སོ། །དབྱུང་ཞེས་པ་ནས་ངོ་ཞེས་པའི་བར་དུ་འདི་ལྟ་བུ་ཞིག་སློབ་དཔོན་དང་མཁན་པོ་ལ་བྱུང་ན་ཆད་པ་དང་མགུ་བ་མྱུར་
དུ་བྱད་དུ་གཞུག་པ་དང་ཆད་པ་བྱས་ཟིན་ནས་དགེ་འདུན་ལ་ཉེས་པ་དབྱུང་དུ་ཅི་གནང་ཞེས་གསོལ་བ་མྱུར་དུ་གདབ་པ་མ་དྲིས་ཀྱང་ཉེས་མེད། དེས་ཀྱང་འདི་དག་བྱས་ཏེ་འདྲི་བ་མ་གཏོགས་སོ། །ཆོས་གོས་དང་ལྷུང་བཟེད་ཀྱི་ལས་བྱ་ཞེས་བྱུང་བ་མན་ཆད། འདི་ཡན་ཆད་མཁན་པོས་
ཀྱང་སློབ་མ་ལ་བྱ་དགོས་ཏེ། དྲི་བ་ནི་སློབ་མས་མཁན་པོ་ལ་ཚུལ་གྱིས་དྲི་བ་ཡིན་གྱི། མཁན་པོས་ནི་སློབ་མ་ལ་མི་དྲིའོ། །ཡང་གཅིག་ཏུ་ན་མཁན་པོས་ཆད་པས་བཅད་པའི་ཚེ་སློབ་མས་དྲིར་མི་རུང་སྟེ། གཞན་ལ་དྲི་བར་མཁན་པོས་གཏད་དེ་དྲིར་མི་གཞུག་པ་ལ་བྱ། བསྙེན་

པར་རྫོགས་ནས་ལོ་བཅུར་མ་ལོན་པས་མཁན་པོ་དང་གནས་དང་གནས་མེད་པར་མི་བྱ། ཁྲིམས་རྫོགས་ནས་ལོ་བཅུར་མ་ལོན་གྱི་བར་དུ་བདག་གིས་མཁན་པོ་ཡང་མི་བྱ། གཞན་ཁྲིམས་རྫོགས་པ་བདག་ལ་གནས་འཆར་ཡང་མི་གཞུག །བདག་ཀྱང་
གནས་མ་བཅས་པར་མི་འདུག །དགེ་སྦྱོང་གི་མཁན་པོ་ཡང་མི་བྱ། གཞན་ལོ་བཅུ་ལོན་ཞིང་ཆོས་ལྔ་དང་ལྡན་པ་མེད་དེ་ཕོངས་ན། བདག་ཚུལ་ཁྲིམས་མ་ཉམས་ཤིང་ཆོས་ལྔ་དང་མི་ལྡན་ཡང་སློབ་དཔོན་བྱར་རུང་ངོ་། །མཁན་པོར་མི་རུང་ངོ་། །མདོ་བཞིན་བསྡུས་པ་གང་
དང་ཡང་མི་ལྡན་པས་ཀྱང་ངོ་། །ཁྲིམས་རྫོགས་ནས་ལོ་བཅུ་ལོན་དུ་ཟིན་ཀྱང་འོག་ནས་ལྔ་ཕྲུགས་སུ་བསྡུས་པ་ཉི་ཤུ་གང་ཡང་རུང་སྟེ་དེ་གཅིག་དང་ཡང་མི་ལྡན་ན་མཁན་པོ་དང་། གཞན་གནས་བཅར་གཞུག་པ་དང་། བདག་གནས་མེད་པར་བྱར་མི་རུང་ངོ་། །ལྔ་པོ་གང་ཡང་
རུང་སྟེ་གཅིག་དང་ལྡན་ལ་ལོ་བཅུར་ལོན་ན་ནི་རུང་ངོ་། །ནད་གཡོག་དང་། ཐེ་ཚོམ་བསལ་བ་དང་། ལྟ་བར་གྱུར་པ་སྤོང་བ་དང་། མི་དགའ་བའི་གནས་ནས་གཏང་བ་བྱ་ཞིང་བྱེད་དུ་གཞུག་ནུས་པའོ། །ནད་གཡོག་དང་ཞེས་པ་ནི་སྙིང་རྗེ་ཆེ་བ་དང་ཡིད་རིང་ཞིང་སྨན་དཔྱད་མཁས་
པ་ལ་བྱ། གཞན་ལ་ཡང་ནད་གཡོག་བྱེད་དུ་བཅོལ་ནུས་པའོ། །ཐེ་ཚོམ་བསལ་བ་དང་ཞེས་པ་འདུལ་བ་ལ་མཁས་ཏེ། ཁྲིམས་ལྕི་ཡང་ལ་སོགས་པའི་ཐེ་ཚོམ་མེད་ཅིང་གཞན་ལའང་ཐེ་ཚོམ་སེལ་བའོ། །ལྟ་བར་གྱུར་པ་སྤོང་བ་དང་ཞེས་པ་ནི་མ་ལྟ་བུ་ལ་མཁས་པ་སྟེ། ལོག་
པ་དྲུག་ཅུ་རྩ་བཞི་ལྟ་བུ་ལ་མི་ལྟ་བ་དང་གཞན་དེ་ལྟ་བུ་ལ་ལྟ་བར་གྱུར་པ་བཟློག་ནུས་པའོ། །མི་དགའ་བའི་གནས་ནས་གཏང་བ་ཞེས་པ་ནི་སློབ་མ་མི་དགའ་ནས་བདག་གི་ཕྱི་ན་དགེ་བ་སྤྱོད་དུ་མི་བཏུབ་ཅིང་མི་ལྡོབ་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལྟ་བུ་གཡོས་ན་བདག་
གིས་ཀྱང་དེ་རྣམས་ལ་བཟློག་ནུས། གཞན་ཡོན་ཏན་དང་ལྡན་པ་ལ་བཅོལ་ན་ཡི་གེ་སྤྲིངས་པ་ཙམ་གྱིས་ཀྱང་མཉན་དུ་བཏུབ་པ་ལ་བྱ། བྱང་ཞིང་བྱེད་དུ་གཞུག་ནུས་པའོ་ཞེས་པ་ནི་འདི་གཞི་བདག་གིས་ཀྱང་བྱེད་དུ་གཞུག་ནུས་གཞན་ལ་ཡང་བྱེད་དུ་གཞུག་ནུས་པའི་སྟེང་དུ་ལོ་བཅུར་

ལོན་པ་དང་ལྔར་ལྡན་ན་གནས་བརྟན་སློབ་པ་ཞེས་པ་ཚུན་ཆད་སྔར་མེད་པ་ལ་ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་བཅས་པར་རོ། །འོག་ནས་སློབ་པ་ཡང་ངོ་ཞེས་ཟེར་བའི་སཱུ་ཏྲ་དགྲ་བཅོམ་པའི་རིམ་པ་བདུན་འཆད་པ་ཡན་ཆད། ལྔ་ཕྲུགས་སུ་མ་ཚང་བའི་རྣམས་ལ།
མང་དུ་ཐོས་པ་དང་ཚུལ་ཁྲིམས་ལྡན་པ་དང་། གཉིས་ཀྱིས་མནན་ཏེ་ལྔ་ཕྲུགས་སུ་སྦྱར་རོ། །དེ་ལ་མང་དུ་ཐོས་པ་ནི་སྡེ་སྣོད་གསུམ་ཤེས་ཤིང་ཕྱི་རོལ་གྱི་བྱཱ་ཀ་ར་ཎ་དང་། གཏར་ཀ་ལ་སོགས་པའི་རྒྱུས་ཤེས་པ་ལ་བྱ། ཚུལ་ཁྲིམས་དང་ལྡན་པ་ནི་ཕམ་པ་དང་ལྷག་མ་རྣམས་མ་ཉམས་
པ་སྟེ། དགེ་སློང་དུ་ཆུད་པ་ལ་བྱའོ། །སྡེ་སྣོད་ཤེས་པ། སྡེ་སྣོད་ལ་གསུམ་སྟེ། འདུལ་བ་དང་མདོ་སྡེ་དང་མ་མོ་ལྟ་བུའོ། །དེ་གསུམ་ལ་མཁས་པ་སྟེ། མདོ་སྡེའི་ནང་ནས་འདུལ་བ་འབྱུང་བ་ངོས་ཟིན་པ་ལྟ་བུ། དེ་གསུམ་ལ་འཛིན་པ་སྟེ་ཁ་དོན་དུ་ཤེས་པ་དོན་འཛིན་པའོ། །དེ་
གསུམ་ལ་སྟོན་ནུས་པ་སྟེ་བདག་ཀྱང་ཤེས་ལ་ཕ་རོལ་ལའང་དོན་ཆུད་པར་ནུས་པའོ། །དེ་གསུམ་ལ་གསལ་བ་སྟེ་བྱིས་པ་དང་འཆད་པ་ལྟ་བུ་ལ་མ་ནོར་བར་སྦྱོར་ནུས་པའོ། །དེ་ལྟར་སྡེ་སྣོད་གསུམ་ལ་འཛིན་པ་དང་མཁས་པ་དང་སྟོན་པ་དང་གསོལ་བ་བཞི་ལ་སོ་སོ་ན་གསུམ་གསུམ་
ཡོད་པའི་སྟེང་དུ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་གཉིས་ཀྱིས་སོ་སོར་བསྣན་ཏེ་ལྔ་ཕྲུགས་བཞི། དེ་དག་འཆད་པར་ནུས་པའོ། །མདོ་སྡེ་དང་འདུལ་བ་དང་མ་མོ་ལྟ་བུ་གསུམ་གཞན་ལ་དོན་ཆུད་པ་ཉིད་དུ་ནི་མི་ནུས་ཀྱི་འཆད་ནུས་པ་ལ་བྱ་སྟེ་དེ་གསུམ་གྱི་སྟེང་དུ་མང་དུ་ཐོས་
པ་དང་ཚུལ་ཁྲིམས་དང་ལྡན་པ་གཉིས་ཀྱིས་བསྣན་ཏེ་ལྔ་ཕྲུགས་གཅིག །ཚུལ་ཁྲིམས་དང་སེམས་དང་ཤེས་རབ་བསླབ་པ་དང་ངོ་། ཚུལ་ཁྲིམས་དང་ཞེས་པ་ནི་འདུལ་བ་ལ་ལྕི་ཡང་ཀུན་ཤེས་ནས་ཕྲ་མོ་ཁ་ན་མ་ཐོ་བ་ཙམ་ལ་ཡང་བག་བྱེད་ཅིང་བསྲུངས་པ་ལ་བྱའོ། །སེམས་དང་
ཞེས་པ་བསམ་གཏན་བཞིའི་དོན་ཁོང་དུ་ཆུད་དེ་ཤེས་ནས་བསྒོམ་པ་ལ་བྱ། ཤེས་རབ་དང་ཞེས་པ་ནི་ཟག་པ་ཟད་པར་བྱེད་པའི་ཆོས་ཤེས་པ་སྟེ། བདེན་པ་བཞིའི་དོན་ཁོང་དུ་ཆུད་ནས་བསྒོམ་པ་ལ་བྱ། བསླབ་པ་དང་ངོ་ཞེས་པ་ནི་འདི་གསུམ་གདོད་སློབ་པ་དང་གོམས་ཟིན་པ་ལ་

མི་བྱའི་དོན་མ་ཆུད་ནས་བསྒོམ་པ་ལ་བྱ། འདི་གསུམ་གྱི་སྟེང་དུ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པས་བསྣན་ཏེ། བསླབ་པར་ཡང་ནུས་པའོ། །སཱུ་ཏྲ་ལྟག་མའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་གསུམ་བདག་ཀྱང་བསྒོམས་ལ་གཞན་
ལ་ཡང་སློབ་ནུས་པའི་སྟེང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པས་བསྣན་ཏེ་ལྔ་ཕྲུགས་གཅིག །དེ་ལྟར་ཀུན་སྤྱོད་པ་དང་འདུལ་བ་དང་སོ་སོར་ཐར་པ་ཡང་ངོ་། །དེ་ལྟར་ཞེས་པ་ནི་ལྷག་མ་བདག་ཤེས་པ་དང་གཞན་ལ་སྟོན་པ་ལྔ་ཕྲུགས་གཉིས་སུ་འདྲེན་པ་གཞན་དུ་འདི་ཡང་གཉིས་
སུ་དྲང་ངོ་། །ཀུན་སྤྱོད་པ་དང་ཞེས་པ་ནི་སྤྱོད་ལམ་བཞིར་གོས་བགོ་བ་དང་ཟན་བཟའ་བ་ལ་སོགས་པ་ཚུལ་བཞིན་དུ་སྤྱོད་པ་ལ་བྱ། འདུལ་བ་དང་ཞེས་པ་ནི་པི་བང་ཀ་མ་གཏོགས་པར་གཞན་ཀུན་ཤེས་པ་ལ་བྱ། སོ་སོར་ཐར་པ་ཡང་ངོ་ཞེས་པ་ནི་པི་བང་ཀའི་གཏམ་རྒྱུད་ཚུན་ཆད་
ཤེས་པ་ལ་བྱ་སྟེ། འདིའི་སྟེང་དུ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པས་བསྣན་ཏེ་བདག་ཤེས་པ་ལ་གཅིག་གཞན་ཤེས་པ་ལ་ལྔ་ཕྲུགས་གཅིག་སྟེ་གཉིས་ཡོད་དོ། །དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་དང་ལྡན་པ་ཡང་ངོ་། །དད་པ་དང་ཞེས་པ་ནི་
དཀོན་མཆོག་དང་ལས་དང་འབྲས་བུ་དང་ཆོས་ལ་སོགས་པ་ལ་དད་པ་སྟེ། མདོར་ན་སྲོག་ལ་བབ་ཀྱང་མི་རུང་བ་ནི་དད་པ་ཞེས་བྱའོ། །ཚུལ་ཁྲིམས་དང་ཞེས་པ་ནི་འདུལ་བ་ཤེས་ཤིང་འཛིན་པ་ལ་བྱའོ། །ཐོས་པ་དང་ཞེས་པ་ནི་འཇིག་རྟེན་གྱི་ཆོས་དང་འཇིག་རྟེན་ལས་འདས་པའི་ཆོས་
སྡེ་སྣོད་གསུམ་དང་། གཏར་ཀ་དང་བྱཱ་ཀ་ར་ཎ་ཐོས་ཤིང་ཤེས་པའོ། །གཏོང་བ་དང་ཞེས་པ་ནི་ཆོག་ཤེས་པས་གཞན་ལས་མི་ལེན་པ་དང་། ལུས་གང་གཙང་བདོག་པ་ལས་ཀྱང་ཕྲི་སྟེ་གཏོང་བ་དང་ཆགས་པའི་དངོས་པོ་ཡང་གཏོང་བའོ། །ཤེས་རབ་དང་ཞེས་པ་ནི་ཆོས་ཟབ་མོ་དང་ཕྲ་
མོ་ཡང་ལྕིགས་ཤིང་ཕྱིས་ཇི་ལྟར་འབྱུང་བ་སྔ་ནས་རིག་པ་དང་གཅིག་ལས་མང་དུ་སྤྲོ་ནུས་པའོ། །ལྡན་པ་ཡང་ངོ་ཞེས་པ་ནི་ཆོས་འདི་ལྔ་དང་ལྡན་ན་ལྔ་ཕྲུགས་གཅིག་ཏུ་བརྩི་སྟེ་གནས་བརྟན་དུ་ཆུད། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་དེའི་ཡེ་ཤེས་

མཐོང་བ་ཡང་ངོ་། །ཚུལ་ཁྲིམས་དང་ཞེས་པ་ནི་འདུལ་བ་འབུམ་པ་ཤེས་ཤིང་འཛིན་པར་བྱེད་པའོ། །ཏིང་ངེ་འཛིན་དང་ཞེས་པ་ནི་འདུ་འཛི་མང་པོ་དང་བྲལ་ཞིང་སེམས་རྩེ་གཅིག་ཏུ་ཐུབ་པར་རྒྱུན་དུ་བསྒོམ་པའོ། །ཤེས་རབ་དང་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་
དང་ཚིག་གཅིག་ལས་མང་དུ་སྤྲོ་ནུས་པའོ། །རྣམ་པར་གྲོལ་བ་དང་ཞེས་པ་ནི་ཁམས་གསུམ་གྱི་མྱ་ངན་ལས་འདས་པར་འགྱུར་བར་ཡིད་ཆེས་ཤེས་པའོ། །དེའི་ཡེ་ཤེས་མཐོང་བ་ཡང་ངོ་ཞེས་པ་ནི་མཉན་པ་དང་བསམ་པས་དགྲ་བཅོམ་པའི་མྱ་ངན་ལས་འདས་པའི་རང་བཞིན་ཞི་
བ་མཐོང་བའོ། །འདི་ལྔ་དང་ལྡན་ན་ལྔ་ཕྲུགས་གཅིག་སྟེ། གནས་བརྟན་དུ་རུང་ངོ་། །བརྩོན་འགྲུས་རྩོམ་པ་དང་ཤེས་རབ་ཏུ་བཅས་པ་དང་སྟེ། བརྩོན་འགྲུས་རྩོམ་པ་དང་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱིས་དགེ་བ་བྱ་བར་སེམས་ཀྱིས་བརྩོན་འགྲུས་བརྩམ་པ་དང་
ལུས་ཀྱིས་བརྩམས་པའོ། །ཤེས་རབ་དུ་ཞེས་པ་ནི་རྒྱུ་རྐྱེན་ཤེས་ཤིང་གཅིག་ལས་མང་དུ་སྤྲོ་ནུས་པ་དང་། ཕྱིས་ཅི་འབྱུང་བ་སྔ་ནས་ཤེས་པའོ། །བཅས་པ་དང་སྟེ་ཞེས་པ་ནི་བརྩོན་འགྲུས་དང་ཤེས་རབ་གཉིས་གཅིག་གི་གྲོགས་སུ་གཅིག་འགྱུར་བ་ལ་བྱ་སྟེ། ལྔའི་ཡན་ལག་
གཉིས། དྲན་པ་དང་ལྡན་པ་ཡང་ངོ་། །སྔན་ཅད་བཤད་ཅིང་བསླབས་པའི་རྣམས་མ་བརྗོད་པར་དྲན་པ་དང་། ད་བསླབས་པ་ཕྱིས་མི་བརྗེད་པའོ། །སྔ་མ་གཉིས་དང་འདི་དང་གསུམ་གྱི་སྟེང་དུ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་གཉིས་ཀྱིས་བསྣན་ཏེ་ལྔ་ཕྲུགས་གཅིག་
སྟེ་དབེན་པ་ཡང་ངོ་། །ལུས་དབེན་པ་དང་སེམས་དབེན་པ་དང་རྣམ་པ་གཉིས་ཏེ། ལུས་དབེན་པ་ནི་དགོན་པ་ན་གནས། སེམས་དབེན་པ་ནི་མྱ་ངན་མེད་པའོ། །འདིའི་སྟེང་དུ་བརྩོན་འགྲུས་དང་ཤེས་རབ་དུ་བཅས་པས་བསྣན་པའི་སྟེང་དུ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་
གཉིས་ཀྱིས་བསྣན་ཏེ་ལྔ་ཕྲུགས་གཅིག །སེམས་གཅིག་ཏུ་འདུས་པ་ཡང་ངོ་། །མི་དགེ་བ་ལ་ནི་མི་སེམས་དགེ་བ་ལ་སེམས་རྩེ་གཅིག་ཏུ་རྒྱུན་དུ་སེམས་པའོ། །དེའི་སྟེང་དུ་ཡང་བརྩོན་འགྲུས་དང་ཤེས་རབ་དང་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་འདི་བཞིས་བསྣན་ཏེ་

ལྔ་ཕྲུགས་གཅིག་སློབ་པ་ཡང་ངོ་། །གང་ཟག་བདུན་ལ་བྱ་སྟེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་དེའི་ཡེ་ཤེས་ལྔ་ལ་སྤྱོད་ཅིང་སྦྱོང་བ་སྟེ་ལྔ་ཕྲུགས་གཅིག །མ་རབས་སློབ་པ་དང་མི་འདྲི་སྟེ་ཕྱིར་མི་ལྡོག་པའོ། །མི་
སློབ་པ་ཡང་ངོ་། །དགྲ་བཅོམ་པ་ལ་བྱ་སྟེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་དེའི་ཡེ་ཤེས་མཐོང་བ་དང་། ལྔ་གྲུབ་ཟིན་པས་ལྔ་དང་ལྡན་པ་ཡིན་ཏེ་ལྔ་ཕྲུགས་གཅིག་ཏུ་བརྩིའོ། །འབྱུང་བ་དང་བཅས་པ་དང་། རྗེས་སུ་བཅས་པ་དང་།
བཅད་པ་དང་གནང་བ་ཤེས་པ་ཡང་ངོ་། །འབྱུང་བ་དང་ཞེས་པ་ནི་ཡུལ་གང་དུ་ཉེས་པའི་གཞི་བྱུང་བ་ལ་བྱའོ། །བཅས་པ་དང་ཞེས་པ་ནི་དགེ་སློང་གང་གིས་ཉེས་པ་བྱུང་སྟེ་བཅས་པ་ལ་བྱ། རྗེས་སུ་བཅས་པ་དང་ཞེས་པ་ནི་མི་ལ་མི་ཚངས་པར་སྤྱོད་དུ་མི་གནང་བར་བཅས་པའི་འོག་ཏུ་
བྱོལ་སོང་དང་ཁུ་བ་ཡང་འབྱིན་དུ་མི་གནང་བར་རྗེས་སུ་བཅས་པ་ལ་བྱ། བཅད་པ་དང་ཞེས་པ་ནི་ཕས་ཕམ་པ་དང་ཆང་ལྟ་བུ་སྲོག་ལ་བབ་ཀྱང་བཏུང་ཞིང་སྤྱད་དུ་མི་གནང་བར་བཅད་པ་ལ་བྱ། གནང་བ་ཞེས་པ་ནི་གདོང་ཕྱིས་ལ་སོགས་པ་འཆང་དུ་གནང་བ་སྟེ། མ་བཅངས་ཀྱང་ཉེས་
མེད་པ་ལ་བྱ། ཤེས་པ་ཡང་ངོ་ཞེས་པ་ནི་འདི་ལྔ་ལྟ་བུ་འབུམ་པ་ཐམས་ཅད་ཀྱི་རྒྱུས་ཤེས་པ་ལ་བྱ་སྟེ་ལྔ་ཕྲུགས་གཅིག །བར་དུ་གཅོད་པ་དང་། མི་གཅོད་པ་མངོན་པར་ཤེས་ཏེ། འཆང་བ་དང་གནས་པ་ཉེ་བར་གནས་པ་འཛིན་པར་གཞུག་ནུས་པ་དང་བཅས་པ་ལ་ཡང་ངོ་། །བར་དུ་
གཅོད་པ་དང་ཞེས་པ་ནི་སྡིག་ཏུ་འགྱུར་ཞིང་དགྲ་བཅོམ་པའི་རིམ་པར་འགྱུར་བ་ལ་བར་དུ་གཅོད་པ་ལ་བྱ། མི་གཅོད་པ་ནི་སྡིག་ཏུ་མི་འགྱུར་ཞིང་དགྲ་བཅོམ་པའི་རིམ་པ་ལ་བར་དུ་མི་གཅོད་པ་ལ་བྱ། མངོན་པར་ཤེས་ཏེ་ཞེས་པ་ནི་འདི་གཉིས་ལ་གསལ་བར་ཤེས་པ་ལ་བྱ་སྟེ། ཡན་ལག་གཉིས་
འཆད་པ་དང་ཞེས་པ་ནི་འདི་གཉིས་གཞན་ལའང་འཆད་ནུས་པ་དང་། ཡན་ལག་བཞི་སྟོན་པ་དང་ཞེས་པ་ནི་བཤད་ནས་ཕ་རོལ་དོན་ཆུད་པར་སྟོན་ནུས་པ་དང་ལྔ་སྟེ་ལྔ་ཕྲུགས་གཅིག །གནས་ཤེས་པ་ནས་ངོ་ཞེས་པའི་བར་དུ་ནི་བར་དུ་གཅོད་པ་དང་མི་གཅོད་པ་གཉིས་བདག་ཤེས་པ་བཞིན་དུ་

སློབ་མ་ལའང་ཁོང་དུ་ཆུད་པར་སྟོན་ནུས་པའི་མཐུ་ཡོད་པ་དང་། བར་དུ་གཅོད་པ་དང་། མི་གཅོད་པ་གཉིས་གསལ་བར་ཤེས་པ་དང་། ཡན་ལག་བཞི་སྟེ་བདག་གི་སློབ་མ་ཉེ་གནས་སུ་གཏང་ན་ཡང་ཉེ་གནས་ཀྱི་སློབ་དཔོན་དེ་བདག་གི་ངག་ཉན་པ་དང་ལྔ་ཕྲུགས་གཅིག་ལྟུང་བ་དང་།
མི་ལྟུང་བ་དང་། ཡང་བ་དང་། ལྕི་བ་མངོན་པར་ཤེས། སོ་སོར་ཐར་པ་རྒྱས་པར་ཐོན་པ་ཡང་ངོ་། །ལྟུང་བ་དང་ཞེས་པ་ནི་བྱོལ་སོང་ཆེན་པོ་བསད་པ་དང་ཆུང་ངུ་བསད་པ་འདྲ་བར་ལྟུང་བར་རིག་པའོ། །ལྟུང་བ་ནི་རྒྱུད་གསུམ་དུ་ལྟུང་བའོ། །མི་ལྟུང་བ་དང་ཞེས་པ་ནི་ཙོག་ཙོག་
པོར་འདུག་པ་དང་། སྐྱིལ་མོ་ཀྲུང་དུ་འདུག་པ་ལ་ལྟུང་ཞེས་ཟེར་བ་ཡོད་དེ་དེ་ཡང་མི་ལྟུང་བར་རིག་པའོ། །ཡང་བ་དང་ཞེས་པ་ནི་སྦོམ་པོ་ལྟུང་བ་དང་ཉེས་བྱས་ཀྱི་རིམ་པ་ཤེས་ལ། དེ་སོ་སོ་ཉིད་ཀྱི་ཡང་བ་གང་ཡིན་ཤེས་པའོ། །ལྕི་བ་ཤེས་པ་ནི་སྦོམ་པོ་དང་ལྟུང་བ་དང་ཉེས་བྱས་ཀྱི་རིམ་
པ་ཤེས་ལ། དེ་སོ་སོ་ཉིད་ཀྱི་ལྕི་བ་གང་ཡིན་ཤེས་པའོ། །མངོན་པར་ཤེས་པ་ཞེས་པ་ནི་འདི་བཞི་གསལ་བར་ཤེས་པ་སྟེ་ཡན་ལག་བཞི་པོ་ཞེས་པ་ནས་ངོ་ཞེས་པའི་བར་དུ་ནི་ཁ་ཏོན་ཀྱང་ཤེས། དོན་ཁོང་དུ་ཆུད་པ་དང་ཕ་རོལ་ལ་འཆད་ནུས་པ་དང་འདི་ལྟར་ལྡན་ན་གནས་བརྟན་དུ་
རུང་སྟེ་ལྔ་ཕྲུགས་གཅིག །རྒན་པོ་ལ་མེད་ན་གཞོན་ནུ་ལ་གནས་བཅའ། ཁྲིམས་རྫོགས་ནས་ལོ་བཅུ་ཡན་ཆད་དུ་ལོན་ཀྱང་རུང་སྟེ། ཆོས་ལྔ་དང་མི་ལྡན་ན་ལོ་བཅུ་ཡན་ཆད་ལོན་ལ། ཡོན་ཏན་ལྔ་དང་ལྡན་པ་བདག་པས་རྒན་པ་མེད་ན་གཞོན་ནུ་ལ་གནས་བཅའ། ཕྱག་འབའ་ཞིག་
མ་གཏོགས་པ། སཱུ་ཏྲ་ལྟག་མ་ལྟར་རྒན་པོ་གཞོན་ནུ་ལ་གནས་བཅས་ནས་ལུས་སྨད་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་བ་མ་གཏོགས་པར་ཐལ་མོ་སྦྱར་ཏེ་ཕྱག་བྱས་ལ། གཞན་གནས་བཅས་པ་སློབ་པའི་ཚུལ་བཞིན་དུ་བྱའོ། །སྤྱོད་ཅིང་གནས་མེད་པར་ལོ་ལྔ་ལོན་ལ། ཐ་མའི་བསྡུས་
པ་དང་ལྡན་ན་ཡུལ་རྒྱུ་བ་སྤྱོད་དོ། ཁྲིམས་རྫོགས་ལོ་ལྔ་ལོན་ལ་ཆོས་ལྔ་དང་ལྡན་ཞིང་བསྡུས་པ་ཉི་ཤུ་རྩ་གཅིག་གིས་ཐ་མ་དང་ལྡན་ན་ཡུལ་གཞན་དུ་མི་འགྲོར་མི་རུང་བ་ཞིག་ཏུ་གྱུར་ན་གནས་མེད་པར་ཡུལ་རྒྱུར་སོང་ཡང་ཉེས་མེད་དོ། །ཡུལ་གང་དུ་ཕྱིན་ཅིང་འདུག་པའི་གནས་དེ་

ན་ཆོས་ལྔ་དང་ལྡན་པ་ཡོད་ན་གནས་ཆོས་ཤིག །གཞན་གསུམ་རིག་པའང་མ་ཡིན་ནོ། །ཆོས་ལྔ་དང་མི་ལྡན་ཞིང་ལོ་བཅུར་མི་ལོན་ན་ཚེ་སྔ་མ་དང་ཕྱི་མ་དང་། ཟག་པ་ཟད་པ་གསུམ་ཤེས་ཀྱང་གནས་མེད་པ་དང་མཁན་པོ་དང་གཞན་གནས་འཆར་མི་
གནང་ངོ་། །གནས་པ་ལ་གཏོགས་སོ། །འདི་ཡན་ཆད་གནས་བརྟན་གྱི་ཚད་དང་གནས་པའི་ཆོ་གའོ། །ཁྱོད་མུར་འདུག་པ་མ་ཡིན་ནམ་ཞེས་རབ་ཏུ་འབྱུང་བར་འོངས་པ་ལ་དྲི། ལ་ལ་ཞིག་རབ་ཏུ་འབྱུང་བའི་ཕྱིར་འོངས་ན་རབ་ཏུ་འབྱུང་བར་བྱེད་པའི་མཁན་པོས་ཁྱོད་མུར་འདུག་
པ་མ་ཡིན་ནམ་ཞེས་དྲིའོ། །མུར་འདུག་ཡིན་ན་ནི་རབ་ཏུ་མི་འབྱུང་མ་ཡིན་ན་ནི་རབ་ཏུ་འབྱུང་སྟེ་མུར་འདུག་ཇི་ལྟ་བུ་ཡིན་པའི་ཚད་ནི་འོག་ནས་འཆད། བསྙེན་པར་རྫོགས་པ་དག་གིས་ཀྱང་ངོ་། །དགེ་སྦྱོང་ལས་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་དགེ་འདུན་གྱིས་ཀྱང་ཁྱོད་མུར་འདུག་
པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་བར་ཆད་ཀྱི་ཆོས་རྣམས་དྲིའོ། །དྲི་བ་ནི་གསང་སྟེ་སྟོན་པའི་སློབ་དཔོན་བསྐོས་ནས་འདྲིར་གཏང་བ་དེ་ཉིད་དགེ་འདུན་ཀུན་གྱིས་དྲིས་པར་ཆུད་དོ། །སེམས་མ་རངས་པ་ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པར་མུར་འདུག་རབ་ཏུ་འབྱུང་བ་
དང་རབ་ཏུ་རྫོགས་པར་མི་བྱ། སེམས་མ་རངས་པ་ཞེས་ནི་རབ་ཏུ་འབྱུང་བར་འོངས་པ་ལ། སེམས་མ་རངས་ཀྱང་མུར་འདུག་ཤཱཀྱའི་རིགས་དང་མེ་ལྷ་པ་རལ་པ་ཅན་ནི་རབ་ཏུ་འབྱུང་དུ་རུང་ངོ་། །ཤཱཀྱ་དང་ཞེས་པ་ནི་ཤཱཀྱའི་རིགས་སུ་ཆུད་པ་ནི་དགྲ་ལ་ཕྱིར་མི་ནུར་བར་དཔའ་བ་དང་ཆང་མི་འཐུང་བ་
དང་དམ་པའི་ཆོས་ནམ་དུ་ཡང་མི་གཏོང་བས་ཆུད་དེ་བརྫུན་དང་གཡོ་མེད་པས་ན་མ་རངས་ཀྱང་རུང་ངོ་། །མེ་ལྷ་པ་རལ་པ་ཅན་ཞེས་པ་ནི་མེ་ལྷ་པ་རལ་པ་ཅན་ནི་མེ་ལྷ་འང་རྗེད་ལ། རལ་པ་ཡང་ཡོད་པ་ལ་བྱ་སྟེ། ཁོ་བདག་གི་ལྟ་བ་མྱ་ངན་ལས་འདས་པར་འདོད་ལ་ལེགས་ཉེས་ཀྱི་རྒྱུ་རྐྱེན་
ཡོད་པར་ལྟ་བས་མ་རངས་ཀྱང་རུང་ངོ་། །མ་གཏོགས་པར་ཞེས་པ་ནི་ཤཱཀྱ་དང་མེ་ལྷ་པ་རལ་པ་ཅན་གཉིས་སེམས་མ་རངས་ཀྱང་ཀྲིད་ལ་མ་གཏོགས་པ་ལ་བྱ། མུར་ཞེས་པའི་བར་དུ་ནི་ཤཱཀྱ་དང་མེ་ལྷ་རལ་པ་ཅན་གཉིས་མ་གཏོགས་པར་མུར་འདུག་གཞན་ཐམས་ཅད་རབ་ཏུ་དབྱུང་བ་

དང་རབ་ཏུ་རྫོགས་པར་མི་བྱ་སྟེ། དབྱུང་དུ་རུང་མི་རུང་གི་བྱེ་བྲག་ནི་འོག་ནས་འཆད་དོ། །ཀྲིད་ཅེས་དེ་དག་ལ་མུར་འདུག་དང་མ་རངས་པ་ལ་སོགས་པ་མུར་འདུག་གི་བར་དུ་མ་གཏོགས། ཀྲིད་ཅེས་པ་ནི་བར་ཆད་མེད་དམ་ཞེས་དྲི་སྟེ་བར་ཆད་ཡོད་ན་མི་རུང་ཞེས་བྱ་བའི་ཚིག་གོ། །དེ་
ཞེས་པ་ནས་གཏོགས་ཞེས་པའི་བར་དུ་ནི་སཱུ་ཏྲ་གཉིས་ཀྱི་ལྟག་ནས་མུར་འདུག་ཅེས་བྱུང་བ་དང་སཱུ་ཏྲ་ལྟག་མ་སེམས་མ་རངས་པ་ཤཱཀྱ་དང་མེ་ལྷ་རལ་པ་ཅན་མ་གཏོགས་པར་མུར་འདུག་རྣམས་སེམས་མ་རངས་ཀྱང་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱར་མི་རུང་བ་ཉིད་མ་ཡིན་
ཏེ། སེམས་རངས་ན་ནི་མུར་འདུག་ཐམས་ཅད་ཀྱང་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་རུང་སྟེ། རངས་པར་བྱ་བའི་ཐབས་དང་རངས་མ་རངས་ཀྱི་ཚད་ནི་འོག་ནས་འཆད་དོ། །དཀོན་མཆོག་བསྔགས་མུར་འདུག་སྨད་པར་ཡང་དག་པར་སྨྲ་སྟེ་མ་འཁྲུགས་ན་སེམས་རངས་པའོ། །
དཀོན་མཆོག་བསྔགས་ཞེས་པ་ནི་སངས་རྒྱས་ནི་མཚན་དང་དཔེ་བྱད་ཀྱིས་བསྟོད་པའོ། །ཆོས་ནི་དུས་གསུམ་གྱི་དགེ་བ་དང་འཕགས་པའི་ཡན་ལག་བརྒྱད་ཀྱིས་བསྟོད་པ། དགེ་འདུན་ནི་གང་ཟག་གི་རིམ་པ་བདུན་གྱིས་བསྟོད་དོ་བསྟོད་པའི་ཚིག་ནི་ཡོན་ཏན་ཇི་བཞིན་དུའོ། །མུར་ཞེས་པ་
ནས་འོ་ཞེས་པའི་བར་དུ་ནི་མུར་འདུག་སྨད་པ་ནི་སྐྲ་འབལ་བ་དང་ཁྱིའི་ཆོས་སུ་ཉལ་བ་དང་མཚོན་གྱི་ཁར་འཆི་བ་དང་གཅེར་བུར་འགྲེང་ཞིང་ཟན་ཟ་བ་ལ་སོགས་པ་མི་བདེ་ཞིང་བཟང་བ་ལ་བདེ་བ་དང་བཟང་དུ་འཛིན་པ་ཁོ་ན་དེ་དག་གི་ཆོས་ཅི་བཞིན་པར་དྲང་པོར་སྨད་དེ་འཛུམ་དང་མདངས་བཟང་
ཞིང་སེམས་མ་འཁྲུགས་ཏེ་དཀོན་མཆོག་བཟང་ངོ་ཞེས་ཟེར་ན་རངས་པར་ཆུད་དོ། །འཁྲུགས་ཤིང་ངོམ་ཟུམ་ནག་ལ་མུར་འདུག་གི་ཆོས་ཀྱང་ངན་པ་ཙམ་མ་ཡིན་ཞེས་ཟེར་ན་སེམས་མ་རངས་པའོ། །དེའི་ཕྱིར་དེ་དང་མི་ལྡན་པ་དགེ་བསྙེན་གྱིས་མཐར་བྱ་སྟེ་ཟླ་བ་བཞིར་ཞོག་ཤིག །
མུར་འདུག་རབ་ཏུ་དབྱུང་བའི་ཕྱིར་སེམས་རངས་པ་དང་མི་ལྡན་ན་ཐལ་བྱུང་མི་བསྐྲད་པར་ཁྲིམས་ལྔ་ཕོག་སྟེ་ཟླ་བ་བཞིའི་བར་དུ་དགེ་འདུན་གྱི་འདབ་ལ་བཞག་ལ་དགེ་འདུན་ཀུན་གྱིས་སྔ་ཕྱིར་རེས་ཀྱིས་དུས་གསུམ་དུ་དཀོན་མཆོག་བསྟོད་མུར་འདུག་སྨད་པར་བྱའོ། །ཟླ་བ་བཞི་ཚུན་

ཆད་རངས་མ་ཐག་ཏུ་བཅུག་ཀྱང་ཉེས་མེད་རངས་པ་རྟོགས་པར་བྱ་བའི་ཕྱིར་ཟླ་བ་བཞིར་བཞག་ཀྱང་ཉེས་མེད། དགེ་འདུན་གྱིས་གནས་པར་ལས་ཀྱིས་སྦྱིན་ཅིག །དགེ་འདུན་གྱི་འདབ་ལ་ཟླ་བ་བཞིར་དགེ་བསྙེན་དུ་བཞག་པ་དགེ་སློང་ཅིག་གིས་དགེ་འདུན་ལ་
གསོལ་བ་དང་ཞུ་བའི་ལས་བྱེད་དེ་བཞག །དགེ་འདུན་ལས་དེའི་ཟས་ཟླ་བ་བཞིའི་བར་དུ་མུར་འདུག་བརྟགས་པར་བཞག་པ་དེ་དགེ་འདུན་གྱིས་ནི་ཟན་སྦྱིན་ནོ། །མཁན་པོ་ལས་གོས་མུར་འདུག་པ་མ་རངས་པ་དེ་མཁན་པོ་གང་ལས་རབ་ཏུ་འབྱུང་བའི་མཁན་པོ་དེས་གོས་སྦྱིན་ནོ། །
ལས་བྱིན་པ་ཡང་བྱ། ལོ་བཅོ་ལྔ་རྫོགས་སམ་ཞེས་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་ལ་དྲི། ལ་ལ་ཞིག་རབ་ཏུ་འབྱུང་བར་འོངས་ན། ཁྱོད་ལོ་བཅོ་ལྔ་ལོན་ནམ་ཞེས་མཁན་པོ་གང་ཡིན་པས་དྲིའོ། །བཅོ་ལྔ་ལོན་ཀྱང་བྱ་རོག་སྐྲོད་མི་ནུས་ན་མི་གནང་ངོ་། །ཉུང་སྟེ་བྱ་རོག་སྐྲོད་མི་
ནུས་པ་དང་ནུས་ཀྱང་ལོ་བདུན་མ་ལོན་པར་རབ་ཏུ་མི་དབྱུང་། རབ་ཏུ་འབྱུང་བར་འོངས་པ་དེ་ལོ་བཅོ་ལྔར་མ་ལོན་པ་དེ་བྱ་རོག་སྐྲོད་མི་ནུས་པ་དང་ནུས་ཀྱང་ལོ་བདུན་མ་ལོན་ན་རབ་ཏུ་མི་དབྱུང་། དགེ་སྦྱོང་གཅིག་ལས་ལྷག་པར་མི་གཞག །མཁན་པོ་གཅིག་ལ་དགེ་སྦྱོང་གཅིག་ལས་མང་
དུ་གནས་བཅར་མི་གཞུག །གཅིག་ཏུ་མ་ཡིན་པར་རབ་ཏུ་འབྱུང་བར་མི་འདོད་ན་མང་དུ་ཕྱུང་སྟེ་མང་བ་བསྙེན་པར་རྫོགས་ཤིང་། མི་གཅིག་གཉིས་ཡན་ཆད་ཅིག་རབ་ཏུ་འབྱུང་བར་འོངས་ཏེ་དུས་གཅིག་ཏུ་མཁན་པོ་གཅིག་ལ་མི་འཇུག་ཏུ་མི་རུང་ཞེས་ཟེར་ན་ཀུན་རབ་ཏུ་ཕྱུང་སྟེ་ལོ་ཉི་ཤུར་
ཚང་བའི་རྣམས་བསྙེན་པར་རྫོགས་པར་བྱ། དེ་སྟེ་མ་ཚང་ན་གཞན་ལ་ཉེ་གནས་ཀྱི་ཕྱིར་གཏོང་ཅིག །ལྷག་མ་ལྟར་རབ་ཏུ་འབྱུང་བར་འོངས་པ་ཀུན་ལོ་ཉི་ཤུར་མ་ཚང་ན་དགེ་སློང་རེ་རེ་ལ་ཉེ་གནས་སུ་ཐོང་ཤིག །དེའི་ས་དེ་མ་དབྲོག །ཉེ་གནས་སུ་གཏད་པའི་སློབ་དཔོན་དེས་དགེ་སྦྱོང་
བཞག་པ་ཐལ་བྱུང་བདག་གི་སློབ་མར་མི་དབྲོག །བསྙེན་པར་རྫོགས་པར་མི་སྟེར་ན་མཐུས་ཁུག་ཤིག །དགེ་སྦྱོང་ལོ་མ་ཚང་སྟེ་ཉེ་གནས་སུ་བཏང་བ་དེ་ལོ་ཚང་སྟེ་མཁན་པོ་གང་ཡིན་པས་ཁྲིམས་རྫོགས་པར་བྱས་པ་ལ་ཉེ་གནས་ཀྱི་སློབ་དཔོན་མི་སྟེར་ན་མཁན་པོས་དེ་མཐུས་ཕྲོགས་ཤིག་ཀྲིད་

བྲན། རབ་ཏུ་འབྱུང་བར་འོངས་པ་ལ། ཁྱོད་བྲན་མ་ཡིན་ནམ་ཞེས་དྲིས་ཏེ་ཇོ་བོས་མ་བཏང་བ་ལྟ་བུ་བྲན་ཡིན་ན་རབ་ཏུ་མི་དབྱུང་། ཁྱོད་ཀྱིས་གང་ལ་ཡང་ཅུང་ཟད་སྦྱིན་པ་མང་ཡང་རུང་ཉུང་ཡང་རུང་མེད་དམ། རབ་ཏུ་འབྱུང་བར་འོངས་པ་ལ། ཁྱོད་ལ་བུ་ལོན་ཆགས་པ་མེད་དམ་ཞེས་དྲིས་ཏེ་བུ་ལོན་ཆགས་པ་མེད་ན་རབ་
ཏུ་དབྱུང་ཆགས་པ་ཡོད་ཀྱང་སྲང་གྲངས་ཉུང་ལ། ཕྱིས་འབུལ་བར་ཁས་ལེན་ཅིང་ཕྱིར་འཁོར་བ་ཙམ་གྱི་ཚོད་ན་རབ་ཏུ་དབྱུང་། ཕ་འཚོ་ལ་མ་གནང་སྟེ་དེ་དག་གི་ཡུལ་མི་རིང་ན་རབ་ཏུ་འབྱུང་བར་འདོད་པ་དེ་ཞག་བདུན་དུ་འཆོལ་ཤིག །རབ་ཏུ་འབྱུང་བར་འོངས་པ་དེ་ཕ་མ་གཉིས་
ཀའང་མ་ཤི་སྟེ་ཡོད་ལ་རབ་ཏུ་འབྱུང་བར་གནང་བའི་ཆའང་མེད་ལ་ཕ་མའི་ཡུལ་ཀྱང་མི་རིང་ན་འདྲི་ཞིང་རྨེད་པ་ཡོད་དམ་མི་འོང་བརྟག་པའི་ཕྱིར་ཞག་བདུན་དུ་བསྡད་དེ་མ་འོངས་ན་རབ་ཏུ་དབྱུང་ཡུལ་རིང་བའི་ཚད་ནི་ཕ་མས་དགུག་པར་ཉམས་ཀྱིས་མི་ལྕོགས་ཤིང་མཐུས་མི་ཁུགས་པ་ཙམ་ལ་
བྱའོ། །ཡུལ་རིང་ཡང་དགེ་འདུན་ལ་མ་གསོལ་བར་རབ་ཏུ་མི་དབྱུང་། རབ་ཏུ་འབྱུང་བར་འོངས་པ་དེ་ཕ་མ་དག་ཡུལ་རིང་དུ་ཟིན་ཀྱང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་མི་དབྱུང་། རབ་ཏུ་འབྱུང་བར་འདོད་པ་དེ་དགེ་འདུན་གྱིས་ཟས་སྦྱིན་པའི་རིགས་སོ། །རབ་ཏུ་འབྱུང་བར་འོངས་
ཏེ་འདྲི་བ་འོང་ངམ་མི་འོང་ཞག་བདུན་དུ་བརྟག་པའི་ཕྱིར་བཞག་པ་དེ་རབ་ཏུ་མ་བྱུང་གི་བར་དུ་དགེ་འདུན་གྱིས་ཟས་སྦྱིན་པའི་རིགས་སོ། །ཟན་མ་བྱིན་ཡང་ཉེས་པ་ནི་མེད། ཀྲིད་ཕ་མ་དག་གིས་གནང་ངམ། རབ་ཏུ་འབྱུང་བར་འོངས་པ་ལ་ཕ་མ་དག་གིས་གནང་ངམ་ཞེས་དྲི་སྟེ། མ་
གནང་ན་རབ་ཏུ་མི་དབྱུང་། མཐར་ཡུལ་རིང་པོ་ནི་མ་གཏོགས། རབ་ཏུ་འབྱུང་བར་འོངས་པ་དེའི་ཕ་མ་ཡུལ་རིང་པོ་ནི་ཕ་མ་ལ་དྲི་མི་དགོས། ཁྱོད་ནད་ཅན་མ་ཡིན་ནམ་ཞེས་འོངས་པ་ལ་དྲི། རབ་ཏུ་འབྱུང་བར་འོངས་པ་ལ་མཁན་པོ་གང་ཡིན་པས་ཁྱོད་ནད་ཅན་མ་ཡིན་ནམ་ཞེས་དྲིས་ཏེ་
ནད་ཅན་ཡིན་ན་རབ་ཏུ་མི་དབྱུང་། ཁྱོད་ལ་ནད་ཅུང་ཟད་ཀྱང་མེད་དམ་ཞེས་ཀྱང་ངོ་། །སཱུ་ཏྲ་ལྟག་མ་ལྟར་ནད་ཅན་མ་ཡིན་ནམ་ཞེས་དྲིས་ཏེ་མ་ཡིན་ཞེས་ཟེར་ན་བརྟག་པར་བྱ་བའི་ཕྱིར་ནད་ཅུང་ཟད་ཀྱང་མེད་དམ་ཞེས་དྲི་བ་ལ་བྱ། སཱུ་ཏྲ་ལྟག་མ་དང་འདི་གཉིས་ནི་རབ་ཏུ་འབྱུང་བའི་ཚེ་མཁན་པོས་

དྲི་བ་ལ་བྱ། བྱེ་བྲག་ཏུ་རབ་ཏུ་རྫོགས་པས་སོ། །ཁྲིམས་རྫོགས་པར་བྱེད་པའི་ཚེ་རྫོགས་པར་བྱེད་པའི་དགེ་འདུན་གྱིས་ནད་ཀྱི་རྣམ་པ་མང་པོའི་བར་ཆད་དྲི་དགོས་པ་ལ་བྱ། ནད་ཅན་རབ་ཏུ་དབྱུང་བ་འམ་བསྙེན་པར་རྫོགས་པར་མི་བྱ། རབ་ཏུ་འབྱུང་བར་
འོངས་པ་དེ་ལ་ནད་རྣམ་པ་མང་པོའི་བར་ཆད་གང་ཡོད་ཀྱང་རུང་སྟེ། མཁན་པོ་དང་དགེ་འདུན་གྱིས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་མི་བྱ་འདི་ཡན་ཆད་མི་རུང་ངོ་ཞེས་འབྱུང་བ་ལ་རབ་ཏུ་ཕྱུང་ན་ཁྲིམས་ནི་འཆགས་པ་སྟེ་མཁན་པོ་དང་དགེ་འདུན་ཉེས་བྱས། ཀྲིད་སྨད་
པ་ཚུན་ཆད་དོ། །འདི་མན་ཆད་འོག་སྨད་ཅེས་འབྱུང་བ་ཡན་ཆད་ནི་རབ་ཏུ་ཕྱུང་བ་དང་བསྙེན་པར་རྫོགས་པ་བྱས་ན་ཁྲིམས་ཀྱང་མི་འཆགས་ལ་མཁན་པོ་དང་དགེ་འདུན་ལ་ཡང་ཉེས་བྱས་ཡོད་དོ། །འདི་ལ་ཆོས་ཀྱི་སྐྱེ་བ་མེད་དོ། །འོག་ནས་འབྱུང་བ་འདི་རྣམས་ལྟ་བུ་ཞིག་ཡིན་ཞིང་
མ་ཡིན་ཏེ་ཁྲིམས་མི་འཆགས་པས་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་མི་བྱ། རྣམ་པ་འདི་ལྟ་བུའི་ཚུལ་ལ་ནི་མི་རུང་བར་བྱ། འོག་ནས་འབྱུང་བ་འདི་རྣམས་ལྟ་བུ་ཞིག་ཡོད་པ་ལས་མ་ཆོར་ཏེ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་ནའང་ཁྲིམས་མི་འཆགས་པ་
ཡིན་པས་དགེ་བསྙེན་དང་དགེ་སློང་དབྱུང་ངོ་། །འཕྲུལ་པ་འཕྲུལ་པ་མ་ཡིན་ནམ་ཞེས་དྲི་འཕྲུལ་པ་ནི་བདག་ཀྱང་གཞན་དུ་འཕྲུལ་ནུས་ལ། གཞན་ཡང་སྤྲུལ་ནུས་པ་སྟེ། འཕྲུལ་སྙེམས་པའི་ཕྱིར་ང་རྒྱལ་ཆེ་བས་ཁྲིམས་མི་འཆགས་མ་ནི། མ་ནིང་མ་ཡིན་ནམ་ཞེས་དྲིས་ཏེ་ཡིན་ན་
རབ་ཏུ་མི་དབྱུང་། འདི་ལ་རྣམ་ལྔ། མ་ནིང་ལ་རྣམ་ལྔ་ཡོད་དེ་འོག་ནས་བཤད་པ་ཡིན། སྐྱེས་པ་ནས་དང་ཟླ་བ་ཕྱེད་པ་དང་རེག་ནས་འགྱུར་བ་དང་ཕྲག་དོག་དང་ཉེས་བྱུང་བ་དང་ངོ་། །སྐྱེས་པ་ནས་དང་ཞེས་པ་ནི་ཐོག་མ་མའི་མངལ་ཚུན་ཆད་ཐལ་བྱུང་མ་ནིང་དུ་འདུག་པ་ལ་བྱ། ཟླ་བ་
ཕྱེད་དང་ཞེས་པ་ནི་ཟླ་བ་ཕྱེད་ལ་ཕོ་མཚན་དུ་གྱུར་ཏེ་ཕོའི་འདོད་ཆགས་འབྱུང་ཟླ་བ་ཕྱེད་ལ་མོ་མཚན་དུ་གྱུར་ཏེ་མོའི་འདོད་ཆགས་འབྱུང་བའོ། །རེག་ནས་འགྱུར་བ་དང་ཞེས་པ་ནི་བུད་མེད་དང་མཐང་ཕྲད་པས་འདོད་ཆགས་འབྱུང་གི་ནམ་མ་ཕྲད་ཀྱི་བར་དུ་འདོད་ཆགས་མི་འབྱུང་། ཕྲག་

དོག་དང་ཞེས་པ་ནི་ཕ་རོལ་མི་ཚངས་པར་སྤྱོད་པ་མཐོང་ན་གདོད་འདོད་ཆགས་འབྱུང་གི །མ་མཐོང་གི་བར་དུ་མི་འབྱུང་ངོ་། །ཉེས་བྱུང་བ་དང་ངོ་ཞེས་པ་ནི་ཕོ་མཚན་བཅད་དམ་ནད་བྱུང་སྟེ་རུལ་བ་ལྟ་བུས་མེད་པར་སོང་བ་ལ་བྱ་སྟེ་མ་ནིང་འདི་རྣམ་ལྔའོ། །ཐ་མ་འདིའི་ཉེས་བྱེད་
ན་མི་རུང་བར་བྱ། མ་ནིང་རྣམ་ལྔ་ཐ་མ་བཤད་པ་ཕོ་མཚན་མེད་པར་འགྱུར་ན་མ་ནིང་ངོ་ཞེས་བྱ་བ་ནི་ཕོ་མཚན་ཆད་ནས་མོའི་འདོད་ཆགས་བྱུང་ན་ཁྲིམས་ཕོག་ཀྱང་མི་འཆགས་སྔོན་ཁྲིམས་ཆགས་པ་ཡང་མེད་པར་གྱུར་ཏོ། །རྐུན་གནས། རབ་ཏུ་འབྱུང་བར་འོངས་པ་ལ། རྐུན་
གནས་མ་ཡིན་ཞེས་དྲི། རྐུན་གནས་ཉིད་ཇི་ལྟ་བུ་ཡིན་པ་ནི་འོག་ནས་འཆད། ཡིན་ན་ཁྲིམས་མི་འཆགས་ཏེ་དབྱུང་། ཡོ་བྱད་མ་བྱས་པ་དང་རབ་ཏུ་རྫོགས་པར་མ་ཆགས་པར་ཤེས་ལ། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ཏུ་ལས་བྱས་ན་དེར་རོ། །ཡོ་བྱད་མ་བྱས་པ་ནི་
རབ་ཏུ་རྫོགས་པའི་ཚེ་དགེ་འདུན་གྲངས་མ་ཚང་བ་ལོ་ཉི་ཤུ་མ་ལོན་པ་མཁན་པོ་ཡོན་ཏན་དང་མི་ལྡན་པར་ཤེས་པ་དང་ལྷུང་བཟེད་དང་ཆོས་གོས་མ་ཚང་བ་དང་གསོལ་བ་དང་ཞུ་བའི་ལས་མ་བྱས་པ་ལ་སོགས་པ་གང་ཡང་རུང་སྟེ་ཁྲིམས་རྫོགས་པར་བྱེད་པའི་ཚེ་འདི་ལྟ་བུ་ཞིག་མ་བྱས་
པར་དྲན་ཏེ། ཁྲིམས་མ་ཆགས་པར་བདག་གིས་ཤེས་བཞིན་དུ་བཅབས་ཏེ་མ་མཐོལ་བར་དགེ་འདུན་དང་ལྷན་ཅིག་ཏུ་ལས་བརྒྱ་རྩ་གཅིག་ལས་གང་ཡང་རུང་ལན་གཉིས་སུ་བྱས་ན་རྐུན་གནས་སུ་གྱུར། རྐུན་གནས་སུ་འགྱུར་བ་ནི་ཁྲིམས་མ་ཆགས་ལ། དགེ་སློང་གི་ཚུལ་
དང་སྤྱོད་པ་དང་འཚོ་བའི་ཡོ་བྱད་ལ་སོགས་པ་མི་དབང་བར་ཁྲིམས་མ་ཆགས་པས་བཅབས་ཏེ་སྤྱད་པས་རྐུན་གནས་སུ་འགྱུར་རོ། །འདི་ལྟ་བུའང་རབ་ཏུ་མི་འབྱུང་། མུར་འདུག་ཏུ་འདུག་པ་རབ་ཏུ་འབྱུང་བར་འོངས་པ་ལ། མུར་འདུག་པ་མ་ཡིན་ནམ་ཞེས་མཁན་པོ་དང་རབ་ཏུ་
རྫོགས་པའི་ཚེ། དགེ་འདུན་གྱིས་ཀྱང་དྲིས་ལ་ཡིན་ན་ཁྲིམས་མི་འཆགས། ཁྲིམས་རྫོགས་པ་ལས་མུར་འདུག་ཏུ་འཇུག་ནའང་། ཁྲིམས་མེད་པར་གྱུར་ཏེ་འོག་ནས་འཆད། འདི་རབ་ཏུ་བྱུང་བ་བླངས་ནས་དེའི་ལྟ་བས་འདིའི་ཆོས་གོས་བོར་དེའི་ཚུལ་གྱིས་དེར་སྐྱ་རེངས་བྱུང་ན་

དེར་རོ་ཞེས་པ་ནས་ནམ་ཞེས་པའི་བར་དུ་ནི་ཤཱཀྱ་ཐུབ་པའི་རྗེས་སུ་དགེ་སྦྱོང་གི་ཚུལ་བླངས་ཏེ་བསྙེན་པར་རྫོགས་པ་ལ་བྱ། འདིའི་ལྟ་བས་ཞེས་པ་ནི་མུར་འདུག་གི་ཆོས་དགུ་བཅུ་རྩ་དྲུག་གང་ཡང་རུང་སྟེ་ལྟ་བ་ལ་བྱ། འདིའི་ཆོས་གོས་བོར་ན་ཞེས་པ་ནི་དགེ་
སློང་གི་ཚུལ་གྱིས་ཆོས་གོས་བོར་བ་ལ་བྱ། དེའི་ཚུལ་གྱིས་ཞེས་པ་ནི་མུར་འདུག་དགུ་བཅུ་རྩ་དྲུག་གང་ཡང་རུང་སྟེ་ཐལ་བས་བྱུག་པའམ་སྐུད་པ་ཐོགས་པ་ལྟ་བུ་ལ་བྱ། དེར་སྐྱ་རེངས་བྱུང་ན་དེར་རོ་ཞེས་པ་ནི་མུར་འདུག་གི་གནས་སུ་ཞག་ལོན་ཏེ་སྐྱ་རེངས་བྱུང་ན་བསྙེན་པར་རྫོགས་
པའི་ཁྲིམས་མེད་པར་འགྱུར་རོ། །དེ་དག་མ་བྱས་ཀྱང་ཇི་ལྟར་རྐུན་པོ་བཞིན་ན་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་དགེ་སློང་གི་ཚུལ་བོར་ནས་མུར་འདུག་གི་ལྟ་བ་བླངས་ཏེ་མུར་འདུག་གི་གནས་སུ་ཞག་མ་ལོན་དུ་ཟིན་ཀྱང་སེམས་མུར་འདུག་གི་ཆོས་ལ་བལྟས་ཤིང་དམིགས་ན་རྐུན་གནས་
དང་འདྲ་བར་དགེ་འདུན་དང་ལས་ལན་གཉིས་སུ་བྱས་ན་ཁྲིམས་མེད་པར་གྱུར་པ་ཡིན་ཏེ། འདི་ལྟ་བུ་ཡང་རབ་ཏུ་མི་དབྱུང་། མ་བསད་པ། ཕ་བསད་པ། རབ་ཏུ་བྱུང་བར་འོངས་པ་ལ་ཕ་དང་མ་བསད་པ་མ་ཡིན་ནམ་ཞེས་དྲི། ཡིན་ན་ཁྲིམས་མི་འཆགས་ཕ་མ་ནི་བྱོལ་སོང་ཡིན་
པ་བསད་པ་ལ་མི་བྱའི་མིའི་ཡིན་པ་བསད་པ་ལ་བྱའོ། །དགྲ་བཅོམ་པ་བསད་པ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ་ཞེས་ཀྱང་དྲིས་ལ་ཡིན་ན་ཁྲིམས་མི་འཆགས། དགྲ་བཅོམ་པ་ནི་ཚེ་གཅིག་གིས་ཐོགས་པ་ལ་བྱ་སྟེ་ལྷག་མ་ལུས་པའི་མྱ་ངན་ལས་འདས་པ་བསད་པ་ལྟ་བུ་ལ་
བྱའོ། །དགེ་འདུན་གྱི་དབྱེན་བྱས་པ་དང་། རབ་ཏུ་འབྱུང་བར་འོངས་པ་ལ་དགེ་འདུན་ཕྱེ་བ་མ་ཡིན་ནམ་ཞེས་དྲི་སྟེ་ཡིན་ན་ཁྲིམས་མི་འཆགས། དབྱེན་ནི་སྔོན་དགེ་སློང་བྱ་སྟེ་འཁོར་ལོའི་དབྱེན་བྱས་པ་ལྟ་བུ་ལ་བྱ། ཡང་དག་པར་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་
བ། རབ་ཏུ་འབྱུང་བར་འོངས་པ་ལ། ཡང་དག་པར་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བྱུང་བ་མ་ཡིན་ནམ་ཞེས་དྲིས་ཏེ་ཡིན་ན་ཁྲིམས་མི་འཆགས། ཁྲག་ཕྱུང་བ་ནི་ཤཱཀྱ་ཐུབ་པ་སྤྲུལ་པའི་གཟུགས་ལ། དེ་བ་ཏྟའི་ངན་སེམས་ཀྱིས་རྡོ་འཕངས་ཏེ་ཁྲག་ཕྱུང་བ་ལ་བྱ། དགེ་

སློང་མ་བསླུས་པ། དགེ་སློང་མ་བསླུས་པ་མ་ཡིན་ནམ་ཞེས་དྲི་སྟེ་ཡིན་ན་ཁྲིམས་མི་འཆགས། བསླུས་པ་ནི་དགེ་སློང་མ་ཕམ་པ་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པས་ཆུད་དོ། །ཕས་ཕམ་པ་བཞི་ལས་གང་ཡང་རུང་ལྟུང་བ་བྱུང་བའོ། །རབ་ཏུ་འབྱུང་བར་འོངས་པ་ལ།
ཕས་ཕམ་པ་མ་ཡིན་ནམ་ཞེས་དྲིས་ལ་ཕམ་པ་ནི་སྔོན་དགེ་སློང་བྱས་ལ་དེའི་ཚེ་མི་ཚངས་པར་སྤྱོད་པ་དང་རྐུ་བ་དང་གསོད་པ་དང་བརྫུན་དུ་སྨྲ་བ་བཞི་གང་ཡང་རུང་བ་བྱས་པའོ། །སཱུ་ཏྲ་འདི་ཡན་ཆད་ལྟ་བུ་ཞིག་ཡོད་ན་ཁྲིམས་ཡང་མི་འཆགས། ཁྲིམས་རྫོགས་ཟིན་པ་
ལས་བྱུང་ན་ཡང་ཁྲིམས་མེད་པར་སོང་བས་བསྐྲད་དོ། །མཚན་མ་ལས་བཟློག་པར་ཁས་མ་བླངས་པའི་སྨད་པ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ། སྔོན་དགེ་སྦྱོང་དང་དགེ་སློང་ཆད་པས་བཅད་པའི་ཆད་པས་མ་ཕོད་དེ་ཐལ་བྱུང་ཁྲིམས་ཕུལ་བ་ཞིག་སླར་དགེ་
སྦྱོང་དང་དགེ་སློང་དུ་འཇུག་སྟེ། སྔོན་གྱི་ཉེས་པ་གཏོང་ངོ་ཞེས་མི་ཟེར་ན་དགེ་སྦྱོང་དང་དགེ་སློང་དུ་མི་གཞུག །ཉེས་པ་བྱུང་ནས་ཆད་པས་བཅད་པ་ནི་རྣམ་པ་བདུན་ཡོད་པ་ལས་གང་ཡང་རུང་ངོ་། །བདུན་ནི་རྟག་པར་ཐབ་མོ་རྒོལ་བ་དང་དགེ་འདུན་གྱི་ལྷག་མའི་ཆད་པ་མཐོལ་
ཚངས་བྱེད་དུ་མི་བཏུབ་པ་དང་རིགས་སུན་པར་བྱེད་པ་དང་ཁྱིམ་པ་དགེ་བསྙེན་དགེ་བ་སྤྱོད་པ་ལ་ལོག་པར་སྤྱོད་ཅེས་གཤེ་བ་དང་ལྟུང་བ་བྱེད་པ་མཐོང་ངོ་ཞེས་ཟེར་བ་དང་། ལྟུང་བ་བྱས་པ་མཐོལ་དུ་མི་བཏུབ་པ་དང་། ཕས་ཕམ་ལ་སོགས་པ་བྱུང་ཡང་བར་དུ་གཅོད་པར་མི་འགྱུར་
རོ་ཞེས་ཟེར་བ་དང་། འདི་བདུན་བྱེད་པ་ལས་ཆད་པས་བཅད་པ་གང་ཡང་རུང་ངོ་། །བཤགས་པ་ནི་བསྙེན་པར་རྫོགས་པས་སོ། །སཱུ་ཏྲ་ལྟག་མ་ལྟར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འོངས་པ་དེ། སྔོན་གྱི་ཉེས་པ་འདོར་རོ་ཞེས་ཟེར་ན་སྔོན་གྱི་ཉེས་པའི་ཆད་པ་དང་དབྱུང་བ་
ནི་ཁྲིམས་རྫོགས་པའི་ལས་ཀྱི་ནང་དུ་འདུས་པས་བཅད་པ་དང་དབྱུང་བ་བྱ་མི་དགོས་སོ། །སྔོན་ཉེས་པ་བྱས་ཤིང་ཆད་པས་བཅད་པའི་དགེ་འདུན་ཉིད་ལ་སྔོན་གྱི་ཉེས་པ་མི་བྱའོ་ཞེས་འཆགས་པ་དང་ཁྲིམས་རྫོགས་པར་མི་བྱར་མི་རུང་བ་མ་ཡིན་གྱི་གང་གིས་བྱས་ཀྱང་རུང་སྟེ་ཉེས་མེད་

དོ། །བསྙེན་པར་རྫོགས་ཏེ་ཁས་མ་བླངས་ན་ཡང་དེ་སྟེ་དགེ་འདུན་མདུན་ན་སྨོད་ཅིག །སཱུ་ཏྲ་ལྟག་མ་ལྟར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འོངས་ཏེ་སྔོན་གྱི་ཉེས་པ་འདོར་རོ་ཞེས་ཁས་བླངས་པ་ལས་བསྙེན་པར་རྫོགས་པར་བྱས་ཟིན་པ་དང་། སྔོན་
གྱི་ཉེས་པ་མི་འདོར་ཞིང་ཁས་མི་ལེན་ན་ཡང་དགེ་འདུན་གྱི་ཆད་པས་ཆོད་ལ་སྨོད་ཅིག །ཆད་པ་བྱེད་དུ་མི་བཏུབ་ན་སྔོན་གྱི་བཞིན་དུ་སྐྲོད་ཅིག །མ་མཐོང་ངོ་ཞེས་ཟེར་ཞིང་བརྫུན་དུ་ན་ལྟུང་བའོ། །སཱུ་ཏྲ་ལྟག་མ་དག་གིས་ཉེས་པ་བྱས་པ་ལ་མ་མཐོང་ཞེས་ཟེར་ཞིང་བཅབས་པ་ནི་བརྫུན་གྱི་
ལྟུང་བར་འགྱུར་རོ། །ཆད་པ་ལྟག་མ་བཞིན་དུ་བྱའོ། །སཱུ་ཏྲ་འོག་མ་འདི་མན་ཆད་ནི་མིང་གིས་སྨྲ་བ་བཞིན་དུ་མ་ཡིན་ནམ་ཞེས་དྲིས་ཏེ་ཡིན་ན་རབ་ཏུ་དབྱུང་བ་དང་བསྙེན་པར་མི་བྱ། ཁྲིམས་ནི་འཆགས་ཏེ་མཁན་པོ་དང་དགེ་འདུན་ལ་ཉེས་བྱས། ལག་རྡུམ་རྐང་རྡུམ་ལག་པ་
མཁྲིག་མར་ཆད་པ་དང་། རྐང་པ་ལོང་བུར་ཆད་པ། ལག་སོར་རེངས་པ། དགུག་ཅིང་བརྐྱང་དུ་མི་རུང་བ། མཆུ་མེད་པ་ཡ་མཆུ་དང་མ་མཆུ་བཅད་པའམ་མེད་པ་ལྟ་བུ། ཡན་ལག་རི་མོ་ཅན། ཤ་བཀྲ་དང་ཙགས་པའི་རི་མོ་ཅན། རྒན་རབས། ལོ་བདུན་ཅུ་ལོན་པ་ཡན་ཆད་ལ་
བྱ་སྟེ། བདུན་ཅུ་ལོན་ཀྱང་སྔོན་དགེ་བསྙེན་བྱེད་བྱེད་ལ་མདོ་སྡེ་དང་མ་ལྟ་བུ་ཤེས་པ་ནི་རུང་ངོ་། །གཞོན་རབས་ལོ་བཅོ་ལྔ་མན་ཆད་བདུན་ཡན་ཆད་བྱ་རོག་སྐྲོད་མི་ནུས་པ་ལ་བྱ། གྲུམ་པོ། གྲུམ་ཞིང་ཞིག་ལེགས་བྱེད་པའོ། །བརླ་རླུང་ནད་ཅན་བརླ་དང་རྐེད་པ་ལ་སོགས་
པ་ལ་རླུང་ཞུགས་ཏེ་སྐམ་པ་འང་ཞུམ་པ་ལྟ་བུ་ནད་ཡོད་པ། ཞར་བ་མིག་ཡ་གཅིག་ཞར་བ། འཇས་པ་རྐང་ལག་འཇས་ནས་འཇས་པའི་ཚིགས་ནས་སོར་མོ་སྐྱེས་པའོ། །སྒུར་པོ་འགྲེང་མི་ནུས་པར་སྒུར་བ་ལ་བྱ། མིའུ་ཐུང་ངོ་། །ལུས་ཐུང་བར་གྲགས་པའོ། །ལྦ་བ་ཅན་
ལྐོག་མ་ན་ལྦ་བ་ཆེན་པོ་ཡོད་པ་ལ་བྱ། ལྐུགས་པ་སྨྲ་མི་ཤེས་པ། འོན་པ་རྣ་བས་མི་ཐོས་པའོ། །འཕྱེའོ། །རྐང་ལག་འཁུམས་ནས་འཕྱེ་ཞིང་འགྲོ་བའོ། །རྐང་བམ་གཞན་ལས་འཕགས་པར་སྦོམ་པོར་གྱུར་པའོ། །བུད་མེད་ཀྱིས་དུབ་པ། མི་ཚངས་པ་སྤྱོད་སྤྱོད་པ་ལས་

ཆད་པ་ལ་བྱ། ཁུར་གྱིས་དུབ་པ། ཁུར་ཆེན་པོ་ཁྱེར་ཁྱེར་བས་ཆད་ཅིང་དུབ་པའོ། །ལམ་གྱིས་དུབ་པ། ལམ་རིང་པོར་སོང་སོང་ནས་ལམ་གྱིས་ཆད་ཅིང་དུབ་པ་ལྟ་བུའི་མི་དང་། ལྟག་མ་རྣམས་ཡོད་པའི་མི་ལ་བྱ། མི་འཇུ་ཐལ་བྱུང་དང་། ཁ་ཟས་མི་འཇུ་བ་དང་། ལྕགས་
སུ་བཅུག་པ་ལས་ཡུན་རིངས་པས་ཐལ་བྱུང་དེ་འདྲ་བར་སོང་བ་དང་རྐང་ལག་བསྐུམ་དུ་མི་རུང་བར་སོང་བ་ལ་བྱ། རྔེ་ཆགས་པ་ནད་དང་ཁ་ཟས་ལ་སོགས་པས་རྔེ་ཆགས་ཏེ། སྤྱོད་མི་ནུས་ཤིང་གསོ་དཀའ་བ་ལྟ་བུ་ལ་བྱ། དེ་ལྟ་བུའི་གཟུགས་ཀྱི་མི་ནི། ལྟག་མ་ལྟར་མིང་
གིས་སྨོས་པ་ལྟ་བུའི་གཟུགས་ཀྱི་མི་ལ་བྱ། རབ་ཏུ་སྤངས་སོ། །རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་བར་སྤངས་པ་ལ་བྱ། དྲང་སྲོང་ཆེན་པོས། མུར་འདུག་ལ་སོགས་པའི་དྲང་སྲོང་མ་ཡིན་གྱི། དྲང་སྲོང་ཆེན་པོ་སྟེ་སངས་རྒྱས་ལ་བྱ། མཛེས་པ་རབ་ཏུ་
དབྱུང་། ལུས་ཀྱི་ཡན་ལག་ལ་སྐྱོན་མེད་པ་ནི་མཛེས་པ་སྟེ་རབ་ཏུ་དབྱུང་ངོ་། །ཀུན་གཙང་བསྙེན་པར་རྫོགས། རིགས་གཙང་བ་སྟེ་རིགས་ངན་མ་ཡིན་པ་དང་མཚམས་མེད་པ་ལ་སོགས་པ་བར་ཆད་དུ་འགྱུར་བའི་ཆོས་མེད་པས་ནི་ཚུལ་ཁྲིམས་གཙང་ཞེས་བྱའོ། །གསུངས་
སོ་བདེན་མིང་གྱིས། བདེན་མིང་ནི་མཚན་སངས་རྒྱས་མི་བརྫུན་པས་ན་བདེན་ཞེས་བྱ་སྟེ་དེས་གསུངས་པའོ། །ཡང་དག་སངས་རྒྱས་རབ་མཁྱེན་གྱིས། །དགྲ་བཅོམ་པ་དང་། རང་སངས་རྒྱས་ལ་མི་བྱའོ། །བླ་ན་མེད་པའི་སངས་རྒྱས་པས་ན་ཡང་དག་རབ་མཁྱེན་ཅེས་
བྱའོ། །བསྡུ་བར་གཏོགས་དང་རབ་ཏུ་འབྱུང་དང་དངོས་པོ་རྫོགས་སོ། །བསྡུ་བར་གཏོགས་པ་དང་ཞེས་པ་ནི་ཁྲིམས་མི་འཆགས་པའི་བར་ཆད་དང་ལུས་ཀྱི་སྐྱོན་ཡོད་པ་རྣམས་ནི་མི་རུང་མེད་པ་རྣམས་ནི་རུང་བར་བསྡུ་བར་བྱའོ། །རབ་ཏུ་ཞེས་པ་ནས་སོ་ཞེས་པའི་བར་དུ་ནི་འོག་ནས་
འབྱུང་བ་མིང་གིས་སྨོས་པ་བཞིན་མ་ཡིན་ནམ་ཞེས་དྲི་སྟེ་ཡིན་ན་རབ་ཏུ་མི་དབྱུང་ཀྲིད་རྒྱལ་པོ་བློན་པོ་རྒྱལ་པོས་མ་གནང་ངམ་ཡུལ་མི་རིང་ནའོ། །རྒྱལ་པོའི་ས་རིགས་སུ་གཏོགས་པའི་ནང་ན་བློན་པོའི་ལས་སྣ་མ་གཏོགས་པ་རྒྱལ་པོས་མ་གནང་པར་རབ་ཏུ་མི་དབྱུང་སྟེ་རྒྱལ་པོའི་

བློན་པོ་མ་ཡིན་ནམ་ཞེས་དྲི། རྒྱལ་པོ་ཁམས་གཞན་གྱི་སློབ་དཔོན་དང་ཡུལ་རིང་བ་ནི་མ་གཏོགས་ཏེ་དྲི་མི་དགོས། ཀྲིད་རྐུན་པོའི་རྒྱལ་མཚན་བཙུགས་པ། རབ་ཏུ་བྱུང་བ་ལ་རྐུན་པོའི་རྒྱལ་མཚན་བཙུགས་པ་མ་ཡིན་ནམ་ཞེས་དྲི། རྐུན་པོའི་རྒྱལ་
མཚན་བཙུགས་པ་ནི་གྲོང་འཇོམས་པ་དང་མི་རྒོད་བྱེད་པ་ལ་སོགས་པ་རྐུ་བར་གྲགས་པའོ། །མཉེད་པ་ཕྱག་དར་བ་སྨེ་ཤ་ཅན་དང་དེ་ལྟ་བུ་རབ་ཏུ་མི་དབྱུང་། མཉེད་པ་ཞེས་པ་ནི་རིགས་ཀྱིས་ཀོ་ལྤགས་ལ་སོགས་པ་མཉེད་ཅིང་ཚེམ་དྲུབ་བྱེད་པའོ། །ཕྱག་དར་བ་ཞེས་པ་ནི་
རིགས་ཀྱིས་ཕྱི་རོལ་ཆུ་ཆེ་ཆུང་ལ་སོགས་པའི་ཕྱག་དར་རོ་ཅོག་བྱེད་པའོ། །སྨེ་ཤ་ཅན་དང་ཞེས་པ་ནི་རིགས་ཀྱིས་བ་ལང་དང་བྱ་དང་སྡིག་བུར་དང་སྦལ་ལྕོང་ལ་སོགས་པ་འཆའ་ཞིང་ཟ་བའོ། །དེ་ལྟ་བུ་རབ་ཏུ་མི་དབྱུང་ཞེས་པ་ནི་རིགས་འདི་རྣམས་ལྟ་བུ་མ་ཡིན་ནམ་ཞེས་རབ་ཏུ་
འབྱུང་བར་འོངས་པ་ལ་དྲི་སྟེ་ཡིན་ན་རབ་ཏུ་མི་དབྱུང་། དཔེ་ནི་ལག་རྡུམ་ལ་སོགས་པའོ། །རྟག་ཏུ་ལག་རྡུམ་ལ་སོགས་པ་བཅུག་ན་ཉེས་བྱས་སོ་ཞེས་འབྱུང་བ་བཞིན་དུ་མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཞིག་ལས་རབ་ཏུ་བྱུང་ན་དགེ་འདུན་དང་མཁན་པོ་ལ་ཉེས་བྱས། སྐྲ་སེར་
པོ་སེང་གེའི་སྐྲ་སྔོན་པོ་དང་དེ་ལྟ་བུ་ཡང་ངོ་། །སྐྲ་སེར་པོ་ཞེས་པ་ནི་སྐྲ་ཡུང་གི་ཁ་དོག་འདྲ་བ། སེང་གེ་སྐྲ་དང་ཞེས་པ་ནི་སེང་གེ་སྐྲ་འཁྱིལ་བ། སྐྲ་ཞེས་པ་ནས་ངོ་ཞེས་པའི་བར་ནི་ཤིང་ལོའི་ཁ་དོག་འདྲ་བ། སྐྲ་དཀར་པོའི་མི་དང་བལ་གླང་གི་སྐྲ་སྐྲ་མེད་ཀྱང་ངོ་། །སྐྲ་དཀར་པོའི་མི་དང་ཞེས་པ་
ནི་ཐོག་མ་མའི་མངལ་ནས་དཀར་བ། བ་ལང་གི་སྐྲ་ཞེས་པ་ནི་སྲབ་ལ་བཤོར་བ། སྐྲ་མེད་པ་ཀྱང་ངོ་ཞེས་པ་ནི་དང་པོ་ནས་བྱི་བ་སྟེ་ཀུ་བ་འདྲ་བ། མགོ་ཤང་ཤོང་ཅན། འབར་འབུར་ཅན། མགོ་བོ་ཆེ། ལུས་ཀྱི་རྐྱེན་དུ་མ་བབ་པར་འཕགས་པར་ཆེ་བ། རབ་ཏུ་སྦོམ་པ། ལུས་གཞན་ལས་འཕགས་པར་སྦོམ་པ་
དང་། ཞུམ་པ། གཞན་ལས་འཕགས་པའི་ཞུམ་པའི་ལུས་སོ། །བོང་བུ་དང་ཕག་གི་མགོ། །དེ་དངོས་སུ་མཇལ་པར་བས། མགོ་གཉིས་དང་། མགོ་གཉིས་སུ་གྱེས་ཤིང་བྱེ་བའོ། །མགོ་མེད་ཀྱང་ངོ་། །འཕྲལ་བ་ཡན་ཆད་འབུར་རེ་འདུག་པར་མཉམ་པར་འདུག་པའོ། །

བལ་གླང་རྣ་དང་རྟ་རྣ་དང་བ་དང་སྤྲེའུ་རྣ་དང་བོང་བུ་དང་། ཕག་གི་རྣ་བ་དང་། རྣ་གཅིག་རྣ་མེད་ཀྱང་ངོ་། །རྣ་བ་དང་འདི་རྣམས་ལྟ་བུར་འདུག་པ་མ་ཡིན་ནམ་ཞེས་དྲི་སྟེ་ཡིན་ན་རབ་ཏུ་མི་དབྱུང་། མིག་དམར་པོ། །མིག་གི་འབྲས་བུ་ཁྲག་གིས་ཡོག་པ་ལྟ་བུ་སྟེ་མིག་དམར་
པོར་འདུག་པའོ། །མིག་པོ་ཆེ་དང་། ལུས་ཀྱི་རྐྱེན་དུ་མ་བབ་པར་ཆེ་བ། མིག་ཆུང་ཟླུམ་བུ་འུག་མིག་མཆིང་བུའི་མིག་ཆུ་བུར་འདྲ་བ། མིག་གཅིག་པ་མིག་མེད་ཀྱང་ངོ་། །བལ་གླང་གི་སྣ་རྟའི་སྣ་བ་ལད་དང་སྤྲེའུའི་སྣ་བོང་བུ་དང་ཕག་གི་སྣ་སྣ་གཅིག་པ་སྣ་མེད་པ་ཡང་ངོ་། །
སྣ་འདི་རྣམས་ལྟར་འདུག་པ་ལས་རབ་ཏུ་མི་དབྱུང་། བལ་གླང་གི་ཀོ་སྐོ་རྟའི་ཀོ་སྐོ་བ་ལང་དང་སྤྲེའུའི་ཀོ་སྐོ། །བོང་བུ་དང་ཕག་གི་ཀོ་སྐོ། ཀོ་སྐོ་ཡ་གཅིག་པ་ཀོ་སྐོ་མེད་པ་ཡང་ཀོ་སྐོ་འདི་རྣམས་ལྟར་འདུག་པ་ལས་རབ་ཏུ་མི་དབྱུང་། བལ་གླང་གི་སོ་རྟའི་སོ་བ་ལང་སྤྲེའུའི་སོ། །
བོང་བུ་དང་ཕག་གི་སོ་སོ་གཅིག་པ་སོ་མེད་པ་ཡང་ངོ་། །སོ་འདི་རྣམས་ལྟར་འདུག་པ་ལས་རབ་ཏུ་མི་དབྱུང་། སོ་གཅིག་པ་ཅེས་པ་ནི་སོ་བར་མེད་པར་འདུག་པ་དང་གཅིག་པུ་ཀེ་རེ་འདུག་པ་ལ་བྱ། མགྲིན་རིང་། ལུས་ཀྱི་རྐྱེན་དུ་མ་བབ་པར་མགྲིན་པ་རིང་བ། མགྲིན་མེད།
མགྲིན་པ་རོར་ནུབ་པ། ཕྲག་མིག་ཕྲག་པ་གཉིས་ན་མིག་ཡོད་པ། རབ་ཏུ་སྒུར་བའོ། །གཉའ་བ་རབ་ཏུ་སྒུར་བ་ཕོ་མཚན་ཆད་པ་ཕོ་མཚན་ཆད་པ་འམ། ཁྱིས་ཟོས་པ་ལྟ་བུ། རླིག་ཆེན། རྐྱེན་དུ་མ་བབ་པར་རླིག་པ་ཆེ་བ། རླིག་གཅིག །འབྲས་བུ་གཅིག་ཡོད་པ་རླིག་པ་མེད་
པ་ཡང་ངོ་། །རླིག་པ་མེད་པ། ཤིན་ཏུ་རིང་བ། ལུས་གཞན་ལས་འཕགས་པར་ར