Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 68

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
མཾ་ག་ལ་ཤཾ་ཁ་སྭཱ་ཧཱ།
ཨོཾ་མཾ་ག་ལ་ཙཀྲ་སྭཱ་ཧཱ། ཨོཾ་མཾ་ག་ལ་དྷྭ་ཛ་སྭཱ་ཧཱ། ཨོཾ་མཾ་ག་ལ་ཀ་ལ་ཤ་སྭཱ་ཧཱ། ཨོཾ་མཾ་ག་ལ་མཏྶྱ་སྭཱ་ཧཱ། སྤྱན་དྲང་བསྟིམ་དང་མཆོད་བསྟོད་བྱ། །དེ་ཡི་སྙིང་གའི་ཟླ་བ་ལ། །གསང་སྔགས་དམིགས་ཏེ་ཅི་ནུས་བཟླས། །མཆོད་དང་བསྟོད་དང་གཏོར་མ་གཏང་། །ཁྲུས་བྱས་བརྩམ་པའི་སློབ་མ་
རྣམས། དཀྱིལ་འཁོར་དེ་ཡི་མདུན་ཉིད་དུ། །བདུན་པོ་རྣམ་པར་དག་པ་དང་། །སྐྱབས་འགྲོ་སེམས་བསྐྱེད་དེ་ལ་སྦྱིན། །གཤིན་ལ་བརྡེག་དང་བྲབ་པ་དང་། །འབྱོར་བ་ཡོད་ན་སྦྱིན་སྲེག་བྱ། །དེ་ནས་བུམ་པའི་དབང་བསྐུར་སྦྱིན། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་

ཅིང་། །སྦྱིན་པ་དྲི་ཡི་ལེགས་བསྒོས་པས། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་ཕ་རོལ་ཕྱིན་དྲུག་ལ། །གསོན་པོ་བཀྲ་ཤིས་རྫས་བརྒྱད་བྲི། །རཀྵ་ཞེས་པས་བསྲུང་བར་བྱ། །ཨ་པ་ན་ཡས་བྱབ་པར་བྱ། །མཆོད་རྟེན་རབ་གནས་ཚ་ཚ་གདབ། །ངན་པ་བཟློག་ལ་ལས་འདི་བྱ། །འདི་ནི་
ཡིད་བཞིན་ནོར་བུ་ལྟར། །སྤྱི་བོའི་གཙུག་ཏུ་བཀུར་བའི་འོས། །ཆོས་བཀའ་རྒྱ་ཆེན་ཟབ་མོ་འདི། །རྒྱལ་པོ་བཞིན་དུ་མཉེས་པར་དཀའ། །མཉེས་པར་གྱུར་ན་དེ་བཞིན་དུ། །ཡོན་ཏན་མཆོག་གི་ནོར་སྦྱིན་བྱེད། །འདི་བྲིས་པ་ཡི་དགེ་བ་ཡིས། །ངན་སོང་རྣམ་སྦྱང་ཐར་ལམ་སྒྲུབ། །ཀུན་གྱིས་
བཟང་པོ་མཐོང་བར་ཤོག །སློབ་དཔོན་མར་མེ་མཛད་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄། །མི་འཁྲུགས་པའི་སྒྲུབས་ཐབས་བཞུགས།། ༄༅༅། །མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཚན་ཉིད་
ལྡན་པའི་བུམ་པ་ལ། །བརྡེག་དང་བདུག་དང་མཚན་མ་དགོད། །ནང་དུ་བཅུད་རྣམས་བླུགས་ལ་ཡང་། །མགུལ་ཆིངས་ཁ་རྒྱན་ལ་སོགས་བཅས། །མཎྜལ་མེ་ཏོག་བཅས་པའི་སྟེང་། །བཞག་ལ་མཆོད་སོགས་རིམ་བཞིན་བཤམ། །བདག་དང་གནས་སོགས་བསྲུང་བྱས་ལ། །མཆོད་པ་བསངས་
ཤིང་བྱིན་གྱིས་བརླབ། །བདག་ཉིད་ལྷག་པའི་ལྷར་བསམས་ནས། །རང་བཞིན་དག་པའི་སྔགས་བརྗོད་པས། །བུམ་པ་སྦྱངས་ཏེ་བཾ་ལས་བསྐྱེད། །རྒྱ་མཚོ་པདྨ་ཟླ་སྟེངས་སུ། །མི་འཁྲུགས་རྒྱལ་པོ་སྤྱན་དྲངས་ལ། །བགེགས་བསྐྲད་རྒྱས་བཏབ་མཆོད་ཡོན་སོགས། །ཕུལ་ཏེ་ཛཿཧཱུཾ་བཾ་ཧོཿསཾ་
དགུག །གདན་ལ་བཞུགས་གསོལ་མཆོད་བསྟོད་བྱ། །འཕྲོ་འདུ་ཚུལ་གྱིས་བཟླས་བརྗོད་བྱ། །བརྒྱ་སྟོང་ལ་སོགས་ཅི་ནུས་པར། །བྱས་ཏེ་མཆོད་བསྟོད་གཏོར་མ་གཏང་། །དེ་ལྟར་ཐུན་དང་སྦྱོར་བ་ཡིས། །ཇི་སྲིད་འདོད་ཀྱི་བར་དུ་བྱ། །ཁྲུས་ཀྱི་དུས་སུ་བུམ་ནང་ལྷ། །མཆོད་བསྟོད་བྱས་ཏེ་
མཁའ་ལ་བཞུགས། །དེ་ཡིས་དབང་བསྐུར་བསམས་ལ་བཀྲུ། །རང་ཉིད་ལྷ་ཡི་སྦྱོར་ལྡན་པས། །རྒྱུན་གཅོད་སྔགས་ལ་ཆེ་གེ་མོ། །སརྦ་པཱ་པཾ་ཞེས་སོགས་པའི། །བརྗོད་ཅིང་བུམ་པའི་ཆུ་རྒྱུན་གྱིས། །བཀྲུ་ཞིང་དེ་ནས་རྨ་བྱ་ཡི། །སྒྲོ་ཡིས་བྱབ་ཅིང་ཨ་པ་ན། །ཞེས་སོགས་བརྗོད་པས་མི་མཐུན་

ཕྱོགས། །བསལ་བར་བསམས་ལ་སློབ་མ་དེ། །མདུན་དུ་གནས་པས་མཎྜལ་བྱ། །བླ་མ་ལ་ཕུལ་བླ་མ་ཡིས། །སྲུང་སྐུད་སྲུང་འཁོར་གདགས་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བསྲུང་། །ལྷ་ལ་མཆོད་བསྟོད་བཟོད་པར་གསོལ། །གཏོར་མ་བྱིན་ལ་ཕྲིན་ལས་གཞོལ། །
སྨོན་ལམ་བཏབ་ལ་གཤེགས་སུ་གསོལ། །ཨ་ཀཱ་རོ་ཡི་སྔགས་བརྗོད་ཅིང་། །མཎྜལ་མཆོད་པ་མེ་ཏོག་བསྡུ། །འདི་ཡིས་ཡིད་བཞིན་ནོར་བུ་བཞིན། །མི་མཐུན་ཕྱོགས་སེལ་འདོད་པ་འགྲུབ། །སློབ་དཔོན་དཔའ་བོ་རྡོ་རྗེ་མཛད་པའོ། །རྫོགས་སོ།། ༄། །མི་འཁྲུགས་པའི་སྒྲུབ་ཐབས་བཞུགས།།
༄༅༅། །མི་འཁྲུགས་པ་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །རྒྱུད་ལས་རིགས་ཀྱི་བུ་ཞེས་པ། །སྒྲུབ་པ་པོ་ཡི་མཚན་ཉིད་དེ། །དལ་འབྱོར་ཐེག་ཆེན་རིགས་ཅན་ནོ། །སྙིང་རྗེ་ཤེས་རབ་ལོན་ཏན་ལྡན། །བྱམས་དང་སྙིང་རྗེ་ལྡན་པ་དང་། །དད་ཅིང་བླ་མ་ལ་གུས་དང་། །སྐྱབས་
སུ་སོང་ཞིང་སེམས་བསྐྱེད་པ། །དམ་ཚིག་སྡོམ་ལྡན་དབང་ཐོབ་པས། །ལས་ཀྱི་ཆོ་ག་ཤེས་ནས་ནི། །དགོན་པའི་གནས་སམ་གྲོང་གི་མཐར། །ལས་བྱས་བདེ་བའི་སྟན་ལ་འདུག །ཁྲུས་བྱས་གཙང་མའི་གོས་ཅན་གྱིས། །བདུན་པོ་རྣམ་པར་དག་པ་དང་། །ཚད་མེད་བཞི་སོགས་ལྡན་པར་
བསྒོམ། །ཆོས་རྣམས་ཐམས་ཅད་བདག་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་ནས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དབུས་བསམས་ནས། །དམ་ཚིག་དག་དང་ཕྱག་རྒྱ་དང་། །བསམ་ཞིང་དེ་བཞིན་ཉིད་དུ་བྱ། །རྣལ་འབྱོར་པས་ནི་བསྒྱུར་བར་བྱ། །ལྷ་ཡི་
རྣལ་འབྱོར་ཚུལ་དུ་བསྒྱུར། །དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱ་ཕྱག་རྒྱས་དེ་བྱིན་བརླབ། །ལྷ་ཡི་གོ་རིམས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །རང་ཉིད་རང་གི་ལྷར་བསྒོམས་ནས། །མི་འཁྲུགས་མདུན་ནམ་སྤྱི་བོར་བསམ། །བདག་ཉིད་མི་འཁྲུགས་པར་བསྒོམས་
ནས། །དེ་ཉིད་གསུམ་སོགས་རང་དང་གཞན། །བུམ་པ་མཆོད་རྟེན་ལ་སོགས་ནང་། །རྒྱ་མཚོ་པདྨ་ཟླ་བ་ལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིས། །བདག་གི་མཆོད་པ་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་བིགྷ་ནཱནྟ་

ཀྲྀཏ་ཧཱུཾ་ཕཊ། །ཐལ་སྦྱར་སོར་མོ་གཉིས་ཕྱིར་བསྐྱེད། །ཏ་ཐཱ་ག་ཏོདྦྷ་བཱ་ཡ་སྭཱ་ཧཱ། །ཛཿཏཱུཾ་བཾ་ཧོཿས་དེ་ཉིད་གདན་ལ་བཞུགས་པ་ལ། །མཆོད་དང་བསྟོད་དང་བཟླས་བ་བྱ། །སྒྲ་དང་སེམས་དང་གཞི་ལ་གཞོལ། །ལན་ལག་བཞི་དང་དམིགས་པ་གསུམ། །གཞན་དོན་བསྙེན་པ་བྱེད་པ་ནི། །གྲངས་དང་
དུས་དང་མཚན་མའོ། །དངོས་གྲུབ་བསྒྲུབ་བྱའི་བཟླས་པ་ནི། །ངག་དང་ཤིབ་བུ་རྡོ་རྗེ་བཟླས། །ཡིད་ཀྱི་བཟླས་བརྗོད་བཅས་པ་བཞི། །མེ་དང་སྒྲ་དང་སྒྲ་མཐའ་གསུམ། །བརྗོད་པ་མེད་པའི་བསམ་གཏན་ཏེ། །ཐུན་གསུམ་དག་ཏུ་བཟླས་པ་དང་། །བསྟོད་ནས་མཆོད་པར་གཏོར་མ་གཏང་། །ཡེ་
ཤེས་གཤེགས་དང་དམ་ཚིག་བསྡུ། །མི་གནས་བསོད་ནམས་སྟེར་བར་བྱེད། །སྒྲ་མཐར་ཐར་བ་སྟེར་བར་བྱེད། །བཅོམ་ལྡན་འདས་མི་འཁྲུགས་པ་བྱོན་ནས་ཞེས་པས་རང་ལྷར་བསྒོམས་པའི་རྣལ་འབྱོར་པས་སྤྱན་དྲང་བ་དང་། །མཆོད་པ་དང་བསྟོད་པ་དང་། བཟླས་པ་དང་། བསྒོམ་པ་བྱས་
པས་དངོས་གྲུབ་སྩོལ་བར་གྱུར་པའོ། །ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །
བརྩོམ་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག །ཉི་མ་མེ་ཤེལ་ཞུགས་ལ་མེ་འབྱུང་ལྟར། །མི་ཡི་ལུས་ལ་དངོས་གྲུབ་སྩོལ་བར་མཛད། །འདི་ནི་ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སྤྱི་བོའི་གཙུག་ཏུ་ཀུན་གྱིས་བཀུར་བར་འོས། །ངན་སོང་རྣམ་སེལ་ཐར་ལམ་འདིས་འགྲུབ་བོ། །རང་གཞན་མདུན་
དུ་བསྒོམས་ཀྱང་དངོས་གྲུབ་སྟེར། །མགོན་པོ་མི་འཁྲུགས་པ་སྒྲུབ་པའི་ཐབས་སློབ་དཔོན་ཛཻ་ཏཱ་རིས་མཛད་པ་རྫོགས་སོ།། །།བླ་མ་གཉན་གྱིས་རང་འགྱུར་དུ་མཛད་པའོ།། ༄། །མི་འཁྲུགས་པའི་སྒྲུབ་ཐབས་བཞུགས།། ༄༅༅། །བཅོམ་ལྡན་འདས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །
སྒྲུབ་པོ་དམ་ཚིག་ལྡན་པ་ཡིས། །དགོན་པའམ་གྲོང་མཐའ་ལ་སོགས་པར། །ཁྲུས་བྱས་གཙང་མར་བྱས་པ་ཡིས། །ལས་བྱས་བདེ་བའི་སྟན་ལ་འདུག །རང་ལྷར་གསལ་བའི་ཐུགས་ཀ་རུ། །པདྨ་ཟླ་བའི་སྟེང་དུ་ཧཱུཾ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་མི་བསྐྱོད་པ། །

སྤྱན་དྲངས་མདུན་དུ་བཞུགས་པ་ལ། །བདུན་པོ་རྣམ་པར་དག་པ་བྱ། །ཚད་མེད་བཞི་དང་ལྡན་པར་ནི། །ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་ནས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམས་
ནས་དམ་ཚིག་ཕྱག་རྒྱ་བཅའ། །དེ་ནས་རང་གི་ས་བོན་དང་། །ཕྱག་མཚན་ཕྱག་རྒྱ་དེ་བྱིན་བརླབ། །དེ་རྣམས་གྱུར་པས་མི་འཁྲུགས་པ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །གཡོན་པ་པང་གཞག་རྡོ་རྗེ་དང་། །གཡས་པས་ས་གནོན་ཚུལ་ཅན་བསྒོམ། །ལྟག་འོག་རིམ་པ་ཇི་བཞིན་
དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །རང་ཉིད་རང་ལྷར་བསྒོམས་ལ་ནི། །མི་འཁྲུགས་མདུན་ནམ་སྤྱི་བོར་བསམ། །རང་ལུས་མི་འཁྲུགས་བསྒོམས་ལ་བསྟིམ། །ཐུགས་ཀའི་པད་ཟླའི་ཧཱུཾ་ལས་ནི། །དབུས་སུ་མི་བསྐྱོད་པ་ཉིད་བསྒོམ། །ཕྱོགས་བཞིར་སངས་རྒྱས་བཞི་བསྒོམ་བྱ། །
མཆོད་དང་བསྟོད་པ་བཟླས་པ་བྱ། །སྒྲ་དང་སེམས་དང་གཞི་ལ་གཞོལ། །ཡན་ལག་བཞི་དང་དམིགས་པ་གསུམ། །གཞན་དང་རང་དོན་བསྙེན་པ་ནི། །གྲངས་དང་དུས་དང་མཚན་མའོ། །དངོས་གྲུབ་བཟླས་པའི་རིམ་པ་ནི། །ངག་དང་ཤིབ་བུ་རྡོ་རྗེ་བཟླས། །ཡིད་དེ་བརྗོད་དང་བཅས་པ་བཞི། །
མེ་དང་སྒྲ་དང་སྒྲ་མཐར་གསུམ། །ཐུན་གསུམ་དག་ཏུ་བཟླས་པར་བྱ། །གཉིས་ནི་མཆོད་བསྟོད་གཏོར་མ་སྦྱིན། །དེ་ལྟར་ཐུན་གསུམ་སྦྱོར་བ་ཡིས། །བསྙེན་པ་སྔོན་དུ་རབ་སོང་བས། །གང་འདོད་དངོས་གྲུབ་བསྒྲུབ་པའི་ཕྱིར། །དེ་ནི་ལས་ལ་སྦྱར་བར་བྱ། །པདྨོའི་འོད་ལ་ཆར་ཆུ་ཡིས། །ཁ་ཟུམ་
འོད་ཀྱིས་འབྱེད་པའམ། །ཉི་མ་མེ་ཤེལ་མེ་འབྱུང་བཞིན། །མི་ཡི་ལུས་ལ་དངོས་གྲུབ་སྟེར། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་རུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་གཟིར་ལས་སྒྲོལ་བར་ཤོག །
བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་པའི་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧོ་མ་བི་དྷིཿ།བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག །བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་ཆེན་པོའི་རིམ་པ་ནི། །དཀྱིལ་འཁོར་ཆེན་པོའི་དབུས་སུ་ནི། །ཐབ་

ཁུང་ཟླུམ་པོ་ཁྲུ་དོ་བྱ། །གྲུ་བཞི་སྒོ་བཞི་རྟ་བབས་བྲི། །ཡང་ན་མ་བྲིས་པ་ཡང་རུང་། །བུད་ཤིང་བརྩིགས་ཏེ་སྲེག་རྫས་བསོག །མཆོད་དང་གཏོར་མ་ལ་སོགས་དགྲམ། །བླ་རེ་བྲེས་པའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་སྟེ་བསྒོམ། །རབ་ཏུ་རྫས་ལ་བྲབ་བརྡེག་བྱ། །མེ་སྦར་མེ་ལྷ་བསྐྱེད་པ་
ནི།།རཾ་ལས་མེ་ལྷར་དྲང་སྲོང་ནི། །བགྲང་ཕྲེང་རིལ་བ་ཕྱག་ན་འཛིན། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །དགང་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཛྭ་ལཱ་ཡ་ཛཿཧཱུཾ་བཾ་ཧོཿ། གཉིས་སུ་མེད་
པར་བསྟིམས་པ་ལ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས། བསངས་ཏེ་མར་གྱི་དགང་བླུགས་དབུལ། །མཆོད་བསྟོད་སྲེག་རྫས་རིམ་པར་དབུལ། །དེ་ནས་མཆོད་བསྟོད་མེ་ལྷ་ནི། །གཤེགས་པའམ་འབར་བའི་རྣམ་པར་རོ། །དེ་ནས་པདྨ་ཟླ་བ་ལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་
གཤེགས་བཅོམ་ལྡན་འདིར། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་བིགྷ་ནཱནྟ་ཀྲྀཏ་ཧཱུཾ་ཕཊ། ཐལ་མོ་སྦྱར་ལ་མཛུབ་གཉིས་དགྱེད། །ཨོཾ་ཏ་ཐཱ་ག་ཏོངྦྷ་བཱ་ཡ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿ། །མཆོད་དང་བསྟོད་པ་བྱས་ནས་ནི། །མར་དང་གྲོ་དང་སྲན་མ་
དང་། །ཞོ་དང་སྨན་དང་དཱུར་ཝ་དང་། །ཀུ་ཤ་ཡམ་ཤིང་མེ་ཏོག་དང་། །ཏིལ་དང་ཡུངས་ཀར་ལ་སོགས་བསྲེག །ཐམས་ཅད་རྒྱུན་གཅོད་སྔགས་ཀྱིས་བྱ། །ཁྱད་པར་ལས་སུ་བྱ་བ་ནི། །ཏིལ་དང་ཡུངས་ཀར་དག་ལ་ནི། །བརྒྱའམ་སྟོང་ངམ་ཁྲི་རུ་བསྲེག །སྡིག་སྒྲིབ་སྦྱོང་བའི་ལས་སུ་བསྟན། །
དེ་ནས་མཆོད་བསྟོད་གཏོར་མ་གཏང་། །བསྔོ་དང་བཟོད་པར་གསོལ་ཏེ་གཤེགས། །རྫས་ལྷག་མེ་ཡི་ལྷ་ལ་དབུལ། །མཆོད་བསྟོད་བཟོད་པར་གསོལ་ཏེ་གཤེགས། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་
ཡང་འབྱོན་པར་མཛད་དུ་གསོལ། །དམན་པ་བསྡུ་ཞིང་ཨ་ཀཱར་བཟླས། །ཇི་ལྟར་གྲགས་པའི་བཀྲ་ཤིས་བརྗོད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་གི་སྤྱི་བོའི་གཙུག་ཏུ་བཀུར། །སྦྱིན་སྲེག་གི་ཆོ་ག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། ༄། །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་བཞུགས།།

༄༅༅། །འཕགས་པ་རྡོ་རྗེ་ཆོས་ཀྱི་ནི། །རྣལ་འབྱོར་གཅིག་པ་སྒོམ་པའི་ཐབས། །ཀུན་དགའ་སྙིང་པོའི་རྗེས་འབྲངས་ནས། །རང་ལ་ཕན་ཕྱིར་འདི་བརྩམ་མོ། །དེ་ལ་རྣལ་འབྱོར་པ་གང་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ། རིག་
པའི་སྡོམ་པ་ཡོངས་སུ་བཟུང་བ། རི་བོའམ་ནགས་སམ། ཆུ་འགྲམ་མམ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འདུག་ནས། དང་པོར་རེ་ཞིག་བདག་མེད་པ་ལ་ལྷག་པར་མོས་པས་ནང་གི་བདག་ཉིད་ཅན་གྱི་ཁྲུས་བྱས་ལ་
ལྐོག་མའི་ཕྱོགས་སུ་ཡི་གེ་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ་བསམས་པའི་ལྕེའི་པདྨའི་འདབ་མར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ། བཛྲ་ཛི་ཧཱ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །ལག་པ་གཉིས་སུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ལ། དེ་གཉིས་ཀྱི་སྟེང་དུ་ཧཱུཾ་
གཉིས་ལས་རྡོ་རྗེ་རྩེ་ལྔ་པ་གཉིས་བསམ་ཞིང་ལག་པའི་སོར་མོ་རྣམས་ཀྱང་རྩེ་མོར་བསམས་ལ་བགེགས་གཞོམ་པ་ལ་སོགས་པ་བྱའོ། །དེ་ནས་ཡི་གེ་ཧཱུཾ་ལས་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ཏེ། ཁྲོ་བོ་ཏི་རཱིནྟ་རིའི་ཕྱག་རྒྱ་བཅིངས་ལ། ཨོཾ་གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ། ཞེས་བརྗོད་ལ། ཨོཾ་
བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཞེས་བྱ་བ་དང་། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བས་སོར་མོའི་སྟེང་ནས་དགབ་པའི་ཚུལ་དུ་གཞག་པ་འདི་ནི་ཏི་རཱིནྟི་རིའི་ཕྱག་རྒྱ་སྟེ། འདིས་སྤྱི་བོ་ནས་བརྩམས་ནས་ཕྱོགས་བཞིར་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བླངས་ནས།
ཨོཾ་ཊུཾ་ཞེས་པའི་ཡི་གེ་གཉིས་ཀྱི་གོ་ཆས་གོ་བགོས་ལ། ཨོཾ་བཛྲ་ཛྭཱ་ལཱ་ན་ལཱརྐ་ཧཱུཾ། ཞེས་བརྗོད་ཅིང་གཡོན་པའི་ཁུ་ཚུར་སྙིང་གར་བཞག་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་བསོར་ཞིང་བགེགས་ཐམས་ཅད་ལ་བསྣུན་པར་བྱའོ། །དེ་ནས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་བགེགས་བསྲེག་པར་བྱ་སྟེ།
ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་ནང་དུ་འབར་བ་ལྟ་བུར་བྱས་ཏེ། མཐེ་བོ་རྡོ་རྗེར་འགྲེང་བ་འདི་ནི་མེའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཁྲིག་མ་གཉིས་བསྣོལ་ཏེ་མཐེའུ་ཆུང་གཉིས་

ལྕགས་ཀྱུར་སྦྲེལ་ལ་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བའི་མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བསྒྲེང་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་དང་བཅས་པས་རྡོ་རྗེའི་
ར་བ་དང་དྲ་བ་རྣམས་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བྱ་བས་དཀྱིལ་འཁོར་སྤྲུལ་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་མཐེ་བོང་རྡོ་རྗེར་མདུད། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །འདིས་ཕྱོགས་
ཐམས་ཅད་དུ་གཡས་ཕྱོགས་ནས་བསྐོར་བས་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱའོ། །འདི་ཉིད་ཁར་བཞག་ལ་བལྟ་བཞིན་དུ་རྡོ་རྗེ་འཁོར་ལོའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་བློས་མངོན་སུམ་ལྟ་བུར་དམིགས་
ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཱཾ་ཀ་རོ་མཱི། དེ་ནས་ཕྱག་བཞི་བྱ་སྟེ་འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་བ་ལ་ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་
ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང་གར་བཞག་སྟེ་དཔྲལ་བ་ས་ལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་བཛྲ་ར་ཨ་བྷི་ཥིཉྩ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །
དེ་ནས་ཇི་སྐད་དུ་བཤད་པའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་ཁ་ས་ལ་རེག་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་ཝརྟ་ཡ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་ནས་
སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། མཆོད་པ་ཉི་

ཤུས་ཡང་དག་པར་མཆོད་པ་དང་། བདག་དབུལ་བ་དང་། སེམས་བསྐྱེད་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་། སྡོམ་པ་ལ་གནས་པའི་བར་དུ་བྱས་ལ། དེ་ནས་ལག་པ་གཡས་པའི་གུང་མོ་ལ་ཨོཾ་མཛུབ་མོ་ལ་ཧཱུཾ། སྲིན་ལག་ལ་ཏྲཱཾ། མཐེའུ་ཆུང་ལ་ཧྲཱིཿམཐེ་
བོ་ལ་ཨཿབསམ་ཞིང་། གཡོན་པའི་སོར་མོ་རྣམས་ལ་ཡང་དེ་བཞིན་དུ་བཀོད་དེ། གཡས་པར་གནས་པའི་ས་བོན་རྣམས་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བསམ་མོ། །གཡོན་པ་ལ་གནས་པའི་ས་བོན་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྐུར་བསམས་ནས་
ཕན་ཚུན་ཐབས་དང་ཤེས་རབ་དག་བཅས་པའི་མངོན་པར་འདོད་པས་ཐལ་མོ་མངོན་དུ་ཕྱོགས་པར་བྱས་ཏེ། ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཿ། ཞེས་བརྗོད་དོ། །དེ་ནས་སོར་མོ་རྣམས་ཤིན་ཏུ་ཡང་བཅེར་ཏེ། ལྷ་དེ་རྣམས་ལྷ་མོ་དེ་དག་གི་ཐུགས་ཀར་ཞུགས་པར་བསམས་ལ། ཨ་ཏྱནྟ་ཨ་ནུ་པྲ་
བེཥྚཱཿསརྦ་དྷརྨཿ། ཞེས་བརྗོད་དོ། །དེ་ནས། ཐལ་མོ་དམ་དུ་བསྡམས་པ་ལས། །སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོ་བཀའ་སྩལ་ཏེ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །བཛྲ་ཨཉྫ་ལི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་སྔགས་སོ། །བཛྲ་བནྡྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་སྟེ། བཛྲ་
བནྡྷ་ཏྲཊ་ཅེས་བརྗོད་ཅིང་སྙིང་གར་ལན་གསུམ་དྲལ་བར་བྱའོ། །བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཨཿ། ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །དབབ་པ་དེ་ཡང་འདིས་བརྟན་པར་བྱའོ། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་
ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བཛྲ་མུཥྚི། ཞེས་བྱ་བས་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །ཨོཾ་བཛྲ་མུཥྚི་བཾ། དེ་ཡི་རྗེས་ལ། ཨོཾ་སརྦ་ཨ་པཱ་ཡ་ཨཱ་ཀརཱ་ཎ་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ཕྱག་རྒྱ་དང་བཅས་པས་ངན་འགྲོ་ཐམས་ཅད་དགུག་
པར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་སུ། །ལེགས་པར་གྱེན་དུ་འཕངས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་བནྡྷ་ན་ནི་པྲ་མོཀྵ་ཡ། སརྦ་ཨ་པཱ་ཡ་ག་ཏི་བྷྱཿསརྦ་སཏྭཱ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་བརྗོད་ཅིང་སྡིག་པ་དྲལ་

བའི་ཕྱག་རྒྱ་བཅིངས་ལ་སྡིག་པ་ཐམས་ཅད་དྲལ་བར་བྱའོ། །རྡོ་རྗེ་བཅིང་བ་བསྡམས་བྱས་ཏེ། །གུང་མོ་གཉིས་ཀ་སྦྱར་ནས་ནི། །ཐ་མ་བཞི་ཡི་རྩེ་མོར་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །དེ་ནས་མདུན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་བཛྲ་མུཿཞེས་བརྗོད་ནས་སྙིང་གར་དགྲོལ་བར་བྱའོ། །
དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་རང་གི་སྙིང་པོ་བཛྲ་དྷརྨ་ཞེས་དམ་ཚིག་གིས་བྲིས་ལ་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ཉིད་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསམས་ལ། ཡང་དེའི་སྟེང་དུ་དེ་ཉིད་དང་།
ཡི་གེ་ཀ་ལ་སོགས་པ་སྐར་མའི་རྣམ་པ་ལྟ་བུ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཆེན་པོའི་གཟུགས་ཅན་གཉིས་པ་ཉིད་དུ་བསམ་མོ། །དེ་ལས་བྱུང་བ་གང་ཡིན་པ་དེ་ལ་ནི་ཡང་དེའི་ཚེ་སྙིང་པོ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་གྱི་ཕྲེང་བ་དང་བཅས་པ་བསམ་མོ། །དེ་ནས་དེ་ལས་བྱུང་བ་
ནི་རང་གི་ཕྱག་རྒྱ་པདྨོའོ། །དེ་ནས་རང་གི་ཕྱག་རྒྱའི་དབུས་སུ་རང་གི་ཕྱག་རྒྱའི་ང་རྒྱལ་དུ་བསྒོམ་པར་བྱ་སྟེ་པདྨོ྅ཧཾ། ཞེས་བརྗོད་དོ། །རང་གི་སྙིང་པོ་ཡང་བཟླས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཕྱག་རྒྱ་ལ་ཞུགས་པར་བསམས་ལ་བསྙེམས་པ་དང་
བཅས་པས་རྡོ་རྗེ་བསོར་ཞིང་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་རང་གི་སྔགས་བཛྲ་དྷརྨ་ཞེས་བརྗོད་པས་རང་གི་ལྷ་རྡོ་རྗེ་ཆོས་སྐུ་མདོག་དམར་སྐྱ་སངས་རྒྱས་ཐམས་ཅད་ཀྱིས་བརྒྱན་པ། སྟོད་དང་སྨད་པ་ཏིའི་ཚི་གུ་མནབས་པ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐུགས་ཀར་པདྨའི་སྡོང་བུ་འཛིན་
ཅིང་ཕྱག་གཡས་པས་ཁ་འབྱེད་པའི་ཚུལ་དུ་མཛད་པ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་རང་ཉིད་བསམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་ས་མ་ཡ་སཏྭཱ་ཧཾ། རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱའོ། །ས་མ་ཡོ྅ཧཾ། དེ་
ཉིད་ཀྱིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རང་གི་སྙིང་པོ་བཛྲ་དྷརྨ་དང་སྔགས་ཨོཾ་བཛྲ་དྷརྨ་ཧྲཱིཿཞེས་བྱ་བ་ཡང་བཟླས་པར་བྱའོ། །དེ་ནས་ས་མ་ཡ་ཨཿཞེས་བརྗོད་དེ།

མདུན་དུ་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ་བཛྲ་དྷརྨ་ཨ། ཞེས་བྱ་བ་འདིས་དེའི་སྟེང་དུ་པདྨར་བདག་ཉིད་དབབ་པར་བྱའོ། །དེ་ནས་པདྨོ྅ཧཾ། ཞེས་པདྨའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། པདྨ་དེ་ཉིད་བཛྲ་ཎེ་ཏྲོ྅ཧཾ། ཞེས་ཟློས་ཤིང་རྡོ་རྗེ་ཆོས་སུ་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་
དཔའ་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། འབེབས་པའི་ལས་ཀྱི་ཕྱག་རྒྱ་དང་། སྙིང་པོ་དེ་རྣམས་ཀྱིས་དེ་ཉིད་དུ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །བཛྲ་ཨཾ་གུ་ཤ་ཛཿབཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ། དེ་རྣམས་ཀྱི་ལས་ཀྱི་
ཕྱག་རྒྱ་ནི། མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙེམས་ཏེ་མནན། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས། མཐེ་བོ་གཉིས་གཤིབས་ཏེ་མཛུབ་
མོ་གཉིས་བཀུག་ལ་པདྨ་ལྟ་བུ་དང་། བཛྲ་དྷརྨ་དྲྀ་ཤྱ་ཞེས་བྱ་བ་འདིས་བལྟ་བར་བྱའོ། །ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་ལ་རབ་ཏུ་བསྒོམ། །ཡང་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་པས་རང་གི་ལུས་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་
དང་དབང་དུ་བྱའོ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས། རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད། དེར་བདག་སེམས་དཔའི་ལུས་སུ་བསྒོམ། །བཛྲ་དྷརྨ་ཞེས་བྱ་བའི་སྙིང་པོ་དང་། ཨོཾ་བཛྲ་དྷརྨ་ཧྲཱིཿཞེས་བྱ་བའི་སྔགས་ཀྱང་བརྗོད་པར་བྱ་སྟེ། དེ་ནས་ལྕེ་ལ་རྡོ་རྗེ་བསམས་ལ་སརྦ་ཀཱ་རི་ཞེས་
ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱའོ། །དེ་ནས་སྙིང་གར་ཟླ་བ་ལ་རྡོ་རྗེ་སྣ་ཚོགས་བསམས་ལ། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་ཏེ་གར་བྱས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། པདྨའི་སྡོང་བུ་འཛིན་ཅིང་ཕྱག་གཡས་པས་པདྨ་ཁ་འབྱེད་པའི་ཚུལ་དུ་མཛད་པ་ནི་ལས་ཀྱི་ཕྱག་
རྒྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་ནི་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་བསམས་ལ་སྐུ་མདོག་དང་། ཕྱག་མཚན་དང་། བཞུགས་ཚུལ་ལ་སོགས་ཇི་ལྟ་བ་བཞིན་དུ་བསྒོམ་མོ། །དམ་ཚིག་གི་ཕྱག་རྒྱ་བཅིང་བ་ལ་ནི་སུ་ར་ཏ་སྟྭཾ་ཞེས་བརྗོད་པར་བྱའོ། །དེ་ནས་རང་གི་ལུས་ལ་རྡོ་རྗེ་བསྡུ་བའི་

ཕྱག་རྒྱ་བཅིངས་ཏེ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ། ཡིད་ཀྱིས་ལེགས་པར་སྦྱོར་བ་ཡིས། །སངས་རྒྱས་ཐམས་ཅད་གཞུག་པར་བྱ། །དེ་ནས་སྦྱོར་བ་འདིས། དེ་རྣམས་ཀྱི་རང་གི་དམ་ཚིག་དང་། ཆོས་ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་གདབ་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དམ་ཚིག་
གི་ཕྱག་རྒྱ་བཅིངས་ལ། བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བརྗོད་དོ། །དེ་ནས་བཛྲ་དྷཱ་ཏུ། ཞེས་ལན་གསུམ་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ། ཞེས་བྱ་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔགས་ལན་གསུམ་བརྗོད་པར་
བྱའོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བྱ་བ་དང་། བཛྲ་དྷཱ་ཏུ་ཞེས་བྱ་བ་སྤྱིའི་སྙིང་པོ་ལན་
གསུམ་བརྗོད་པར་བྱ་ཞིང་། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་བྱ་བ་མི་བསྐྱོད་པའི་སྙིང་པོ་དང་། ཨོཾ་བཛྲ་རཏྣ་ཏྲཱཾ། ཞེས་བྱ་བ་རིན་ཆེན་འབྱུང་ལྡན་གྱི་སྙིང་པོ་དང་། ཨོཾ་བཛྲ་དྷརྨ་ཧྲཱིཿ། ཞེས་བྱ་བ་འོད་དཔག་ཏུ་མེད་པའི་སྙིང་པོ་དང་། ཨོཾ་བཛྲ་ཀརྨ་ཨཱཿ། ཞེས་བྱ་བ་དོན་ཡོད་གྲུབ་པའི་སྙིང་པོ་ཡང་ལན་
གསུམ་བརྗོད་པར་བྱའོ། །དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལྟར་བྱས་ལ། གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང་། །གུང་མོ་ནང་དུ་གཤིབས་པ་ནི། །སངས་རྒྱས་གཉིས་པའི་ཡིན་པར་བཤད། །གུང་མོ་རིན་ཆེན་འདྲ་བ་དང་། །གུང་མོ་པདྨོ་འདྲ་བར་དགུག །སངས་
རྒྱས་ལྔ་པའི་ཕྱག་རྒྱ་ནི། །དེ་བཞིན་མཛུབ་གཉིས་བཀུག་པའོ། །དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ལ་ནི། ས་མ་ཡ་སྟྭཾ། ཞེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ལྗགས་ལ་ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱ་སྟེ། བཛྲ་ཛྙཱ་ན་ཞེས་བྱ་བ་ནི། སངས་རྒྱས་རྣམས་
ཀྱི་ཕྱག་རྒྱ་ཡིན་ནོ། །སྔ་མ་བཞིན་དུ་ལྗགས་ལ་རྡོ་རྗེ་བསམས་ལ་སྦྱར་རོ། །དེ་ནས། ལས་ཀྱི་ཕྱག་རྒྱ་བཅིངས་པ་ནི། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཉམ་པར་བཞག་པས་གཉིས་སུ་དབྱེ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །དེ་ནས་བཅིང་བར་རབ་ཏུ་བཤད། །གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །

གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡི་ས་རེག་པ། །རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་བའི་མི་འཇིགས་སྦྱིན། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་ནི་སྙིང་
གར་སེམས་དཔའ་རྡོ་རྗེ་བསྒོམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་སྐུ་མདོག་དཀར་པོ་སེང་གེའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱས་རྡོ་རྗེ་རྩེ་མོ་ལྔ་པ་བསྣམས་པ་ཉི་མའི་འོད་མངའ་བ། དར་ལའི་སྟོད་གཡོགས་དང་སྨད་གཡོགས་མནབས་པ། རིན་པོ་ཆེའི་
ཅོད་པན་དང་། དར་དཔྱངས་ཀྱིས་དབང་བསྐུར་བ་དང་ལྡན་པ་ཞལ་བཞི་པ། ཞལ་དཀར་པོ་ཤར་ཕྱོགས་སུ་གཟིགས་པའོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་ཡང་སྐུ་མདོག་སྔོན་པོ་དང་། སེར་པོ་དང་། དམར་
པོ་དང་། ལྗང་གུའོ། །གདན་ནི་གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ནམ་མཁའ་ལྡིང་ལ་གོ་རིམས་བཞིན་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་བསྡམས་པ། ཉི་མའི་འོད་མངའ་བ། རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་
ཀྱིས་དབང་བསྐུར་བ་དང་ལྡན་པ། ཞལ་གཅིག་པའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་གནས་ནི་སྤྱི་གཙུག་ཡིན་ནོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའི་གནས་ནི་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོ་རྣམས་ཡིན་ནོ། །དེ་ནས་རྡོ་རྗེ་
སེམས་མའི་ཕྱག་རྒྱ་དང་། སཏྭ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་སྙིང་གར་བྱིན་གྱིས་བརླབས་ལ། སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་དེ་བསམ་པར་བྱའོ། །རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱ་དང་། རཏྣ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་རྡོ་རྗེ་རིན་ཆེན་མ་ནི་དབང་བསྐུར་བའི་གནས་སུ་རྡོ་རྗེ་རིན་པོ་
ཆེའི་རྣམ་པར་རོ། །རྡོ་རྗེ་ཆོས་མའི་ཕྱག་རྒྱ་དང་། དྷརྨ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་རྡོ་རྗེ་ཆོས་མ་ནི་ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨའི་རྣམ་པར་རོ། །རྡོ་རྗེ་ལས་མའི་ཕྱག་རྒྱ་དང་། ཀརྨ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བས་རྡོ་རྗེ་ལས་མ་ནི་སྤྱི་བོར་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་དང་ལྡན་པར་

བསྐྱེད་པར་བྱའོ། །དེ་ནས་ཨོཾ་བཛྲ་དྷརྨ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་དྷརྨ་ཡ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མྨེ་མུཉྩ།
བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ཞེས་བྱ་བ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་པས་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་དེ། རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། དེ་ཉིད་ཀྱི་གུང་མོ་གཉིས་ཀྱིས་ཕྲེང་བ་བླངས་ཏེ། ས་མ་ཡ་
ཧཱུཾ། ཞེས་བྱ་བ་འདིས་རང་གི་སྙིང་གར་གནས་པའི་དཀྱིལ་འཁོར་དུ་འཇུག་པར་བྱ་ཞིང་། ཕྲེང་བ་དེ་ཡང་། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་བྱ་བ་འདིས་རང་གི་སྤྱི་བོར་དོར་བར་བྱའོ། །དེ་ནས་ཕྲེང་བ་དེས། ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་མི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བྱ་བ་འདིས་རང་གི་མགོ་ལ་བཅིང་བར་བྱའོ། །
དེ་ནས་ཨོཾ་སཏྭ་སྭ་ཡན་ཏེ་ཙཀྵུ་གྷ་ཊ་ན། ཏད་པ་རུ་ཏ་གྷ་ཊ་ཡ་ཏི་སརྦ་ཀྵོ། བཛྲ་ཙཀྵུ་ར་ནུཏྟ་ར། ཧེ་བཛྲ་པ་ཤྱ། ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་དཀྱིལ་འཁོར་བལྟ་བར་བྱའོ། །ཡང་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ། ཏིཥྛ་བཛྲ།
ཞེས་ཟློས་ཤིར་སྙིང་གར་དཀྲོལ་བར་བྱའོ། །དེ་ནས་རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། བཛྲ་ཨ་བྷི་ཥིཉྩ། ཞེས་བྱ་བ་འདིས་ཆུའི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་བ་རྡོ་རྗེ་དབྱིངས་ཀྱི་དབང་
ཕྱུག་མ་ལ་སོགས་པས་བླང་བར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ། སྤྱི་གཙུག་ཏུ་ཨོཾ་ལས་རྣམ་པར་སྣང་མཛད་བསྐྱེད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་བཛྲ་དྷཱ་ཏྭཱི་ཤྲ་རི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། མི་བསྐྱོད་པའི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཧཱུཾ་ལས་དཔྲལ་བའི་
སྟེང་དུ་མི་བསྐྱོད་པ་སྟེ། ཨོཾ་བཛྲ་བཛྲི་ནི་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཏྲཱཾ་ལས་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་ནོ། །ཨོཾ་རཏྣ་བཛྲི་ནི་ཨ་བྷི་ཥིཉྩ་མཱཾ། འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཧྲཱིཿལས་རྒྱབ་ཏུ་ནི་འོད་དཔག་ཏུ་

མེད་པའོ། །ཨོཾ་དྷརྨ་བཛྲེ་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅིངས་ལ་ཡི་གེ་ཨ་ལས་དོན་ཡོད་པར་གྲུབ་པར་བསྐྱེད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་ཀརྨ་བཛྲི་ནི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། རྡོ་རྗེ་ཐལ་མོ་རབ་བཅིངས་ལ། །མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་
མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །དེ་ཉིད་གུང་མོ་རྡོ་རྗེར་བྱ། །གུང་མོ་གཉིས་ནི་རིན་ཆེན་འདྲ། །པདྨོར་སྲིན་ལག་མཐེའུ་ཆུང་གུང་། །ལག་པའི་སོར་མོ་རབ་ཏུ་བརྐྱང་། །ཞེས་བྱའོ། །དེའི་རྗེས་ལ་ཨོཾ་ཊུཾ་ཞེས་བྱ་བ་
དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙིང་གར་མདུད་པ་བཅིང་བའི་ཚུལ་གྱིས་གོ་བགོ་བར་བྱ་ཞིང་དེ་བཞིན་དུ་མགྲིན་པ་དང་། ལྟག་པ་དང་། ཡང་སྙིང་ག་དང་། ནུ་མའི་བར་དང་། ཡང་སྙིང་ག་དང་། མགྲིན་པ་དང་རྒྱབ་དང་། དཔྲལ་བའི་སྟེང་དུ་བཞག །དར་དཔྱངས་བཅིངས་པའི་ཚུལ་དུ་བྱས་
ཏེ་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་ནས་བཀྲོལ་ཏེ། བཛྲ་ཏུ་ཥྱ་ཧོཿ། ཞེས་བྱ་བས་མཉེས་པར་བྱས་ཏེ། དེ་ནས། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དི་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་འགྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་
ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བྱ་བ་འདིས་རང་གི་རྡོ་རྗེའི་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེས་རྡོ་རྗེ་མིང་གི་དབང་བསྐུར་བ་ཡང་རྡོ་རྗེ་དེ་རང་གི་མགོ་ལ་བཞག་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་འདིས་བླང་བར་བྱ་སྟེ། རང་གི་མིང་
ཡང་གང་ཡིན་པ་དེ་ལ་ཀྱེ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་
ཧཱུཾ། ཞེས་བྱ་བ་འདིས་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ད། བཛྲ་རཏྣ་མ་ནུཏྟྭ་རཾ། བཛྲ་དྷརྨ་གཱ་ཡ་ནཻ། བཛྲ་ཀརྨ་ཀ་རོདྦྷ་བ། ཞེས་བྱ་བ་དེ་གླུར་བླང་ཞིང་། རེ་རེ་ཞིང་རྡོ་རྗེའི་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་ཀྱི་ལས་ཀྱི་ཕྱག་རྒྱས་ཡང་དག་

པར་མཆོད་དེ། ལག་པ་གཡོན་པས་དྲིལ་བུ་བླངས་ལ། གཡས་པས་རྡོ་རྗེ་གསོར་ཞིང་། རྡོ་རྗེའི་ཚིག་ཏུ་འདི་སྐད་ཅེས་བརྗོད་པར་བྱའོ། །ཊཀྐི་ཧཱུཾ་ཛ། ཡང་རྡོ་རྗེ་དེ་རབ་གི་སྙིང་གར་སྟོད་པའི་ཚུལ་གྱིས་འཇོག་ཅིང་། ཊཀྐི་ཛཿཧོཿ། །ཞེས་བརྗོད་པར་བྱའོ། །ཡི་གེ་ཧཱུཾ་ཉིད་ཀྱིས་གཟུང་བར་བྱས་ལ།
ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་
མཆོག །སྲིད་པའི་མཆོག་ནི་མཛད་པ་ཡིན། །དྷརྨ་ཨཿཞེས་བྱ་བ་ནི་དྲིལ་བུའི་ས་བོན་ནོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པ་ནི་
བསྟེན་བཞིན་དུ། །རང་གི་ལྷ་རྣམས་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱའོ། །དེ་ནས་དྲིལ་བུ་དེཀྲོལ་ཞིང་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱ་བ་ནི་འདི་ཡིན་ཏེ། ཨོཾ་ནམ་མཁའ་སྐྱེ་བའི་མཚན་ཉིད་ཕྱིར། །ཐོག་མ་མཐའ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་དེང་གྲུབ་
མཛོད། །ཀུན་མཆོག་དངོས་པོ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་ལ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་
གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་
སྙེམས་པ་བདག་མཛོད་ཅིག །དེ་ནས་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེན་པོར་གནས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་རང་བཞིན་གྱིས་དག་པའི་མོས་པ་བྱས་ལ། ཨོཾ་སརྦ་ས་མོ྅ཧཾ། ཞེས་བྱ་བ་འདིས་བདག་མེད་པའི་མཉམ་པ་ཉིད་ཀྱི་རང་གི་ལྷའི་ངོ་བོ་ཉིད་དུ་བསམས་ལ། ཇི་སྲིད་མངོན་

པར་གྱུར་པ་དེ་སྲིད་དུ་ཐུན་བཞིར་རིམ་པས་བསྒོམ་པར་བྱའོ། །བསྒོམ་པས་སྐྱོ་ན་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ཀུན་ནས་འཁོར་བའི་ཚུལ་དུ་ཡིད་ཀྱིས་བཟླས་པའི་སྔགས་བྲིས་ལ། བསམ་གཏན་གྱིས་ནི་གསང་སྔགས་བཟླ། །མྱུར་ཆེས་པ་དང་བུལ་ཆེས་དང་། །མི་གསལ་
གུག་སྐྱེད་ཉམས་པ་དང་། །རྣམ་རྟོག་སྤངས་ཏེ་བཟླ་བར་བྱ། །ཞེས་བྱ་བའི་ཚུལ་གྱིས་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བརྗོད་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོའམ་སྔགས་གཏོང་འདོད་ན་ཡི་གེ་བརྒྱ་པ་རྡོ་རྗེའི་ཚིག་གམ་ཡིད་ཀྱིས་བཟླའོ། །དེ་ནས་ཡེ་ཤེས་སེམས་དཔའ་ཡིད་ཀྱིས་མདུན་
དུ་བཞུགས་པར་བསམས་ལ་མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་ཚུལ་བཞིན་དུ་མཆོད་ལ་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །བཛྲ་མུཿཞེས་བརྗོད་དེ་རྡོ་རྗེ་
སེམས་མའི་ཕྱག་རྒྱ་གྱེན་དུ་བཀྲོལ་བས་གཤེགས་སུ་གསོལ་ལོ། །སྲུང་བ་བྱས་ནས་མདོ་སྡེ་ཟབ་མོ་བཀླག་པ་ལ་སོགས་པ་བྱའོ། །བདག་འདྲ་རྨོངས་པ་གང་དག་གིས། །འདི་འདྲ་ལེགས་པར་ག་ལ་འགྱུར། །མཁས་པའི་རྗེས་སུ་འབྲངས་པའི་ཕྱིར། །འདི་ལ་ཐེ་ཚོམ་མི་བྱའོ། །འཕགས་པ་
རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གཅིག་པའི་སྒྲུབ་ཐབས་རྫོགས་སོ།། ༄། །རྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ་བཞུགས།། ༄༅༅། །བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཞི་བཅོམ་དྲུག་ལྡན་མཐའ་གཉིས་འདས། །བདག་གཞན་གཉིས་ཀའི་
དཔལ་མངའ་ཞིང་། །རྣམ་པ་རྣམ་མེད་རྣམ་སྣང་མཛད། །སྐུ་གསུམ་ཆེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་པ་ལ་འཇིག་རྟེན་འདས་པ་དགོས། །དཀྱིལ་འཁོར་དམ་ཚིག་སྒྲུབ་ལ་ཡོ་གར་འབྲེལ། །སྐུ་བཞི་ལྷ་ལྔ་ཡང་སྒོས་བྱང་ཆུབ་སེམས། །དགའ་དང་དོན་བསྡེབས་སྠི་ར་མ་ཏིས་བཤད། །
སྤྱིར་ནི་སྟོན་པ་རྣལ་འབྱོར་ནས། །མ་འོངས་པ་དག་སྒྲུབ་ཐབས་ལ། །སྡེ་སྣོད་གསུམ་གསུངས་སྙིང་པོ་ལྔའི། གསང་སྔགས་རྡོ་རྗེ་རྒྱུད་མཆོག་ལས། །བསྒྲུབ་པར་བྱ་བའི་འཁོས་དག་ནི། །བར་འདིར་མ་ལུས་མདོ་གདོན་པ། །རླུང་བཅད་དང་པོ་ས་གཞི་གཟུང་། །གཉིས་པ་སྟ་གོན་གནས་པར་

བྱ། །ནུབ་གསུམ་པ་ལ་གཞུག་པའོ། ལས་རྣམས་ཐམས་ཅད་བདག་བསྒོམས་ལ། །ས་སྟེངས་ཟླ་གམ་ཚོན་སྔོན་བསྐུ། །ཐིག་ལེ་བདུན་བྲིས་རླུང་རྒྱལ་དུད། །ཤ་ཞོན་བ་དན་དགུག་སོགས་བྱ། །ཁམ་པོར་ལཾ་དང་ཧྲི་ཡིས་བཅད། །གཡོགས་པ་བལ་མིག་དོང་གཞུག་བཅིང་། །ཕུར་བུས་བཏབ་
ཕྱུང་འོ་མས་བཀྲུ། །ཞག་བདུན་བདུན་ནས་བྱ་བར་བཤད། །མཚེར་སའི་དབྱངས་ལས་འབྱུང་བ་བཞིན། །བརྟག་དང་བསླང་དང་གཟུང་ཕུར་རིན། །བསྐྲད་དང་བསྲུང་ཞིང་སྦྱང་དང་བདུན། །དེ་བདུན་ལྡན་ན་ལས་རྣམས་འགྲུབ། །ཕྱི་ནང་བརྟག་པ་རུང་མི་རུང་། །བསླང་བ་མངོན་ཉོ་མི་མངོན་ཉོའོ། །དེ་
དུས་དབང་བཅོམ་སྦྲན་པར་བྱ། །གཟུང་བ་རྣམ་རྒྱལ་ཁྲོ་བོ་ཕུར། །བསྟན་པ་སྐྱོང་བའི་བདག་པོ་ལྔ། །རིན་ཆེན་ལ་སོགས་ཉི་ཤུ་ལྔ། །གུས་བཅས་རིན་དུ་སྦྱིན་པར་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དྲག །བདུད་རྩི་འཁྱིལ་པས་བསྐྲད་པར་ཤིས། །ཧཱུཾ་སྭཱ་ཨཱཾ་ཧཱ་གསུམ་དུ་ནི། །ཕྱོགས་བཞིར་
མཚན་བསྒྱུར་རྩེ་གསུམ་འགྲོས། །མ་དང་ཊ་ལས་ཉི་ཟླའི་དཀྱིལ། །ཤིན་ཏུ་ཁྲོས་བྱས་མགོ་བསྟོད་དེ། །ཧཱུཾ་ཧཱུཾ་ཧཱུཾ་གི་ང་རྒྱལ་བྱ། །ལྷ་དང་ལྷ་མིན་ལ་སོགས་པ། །འདི་ན་མ་གནས་མགོ་འགས་དེངས། །ཧཱུཾ་རྡོ་རྗེ་རིགས་མཆོག་ཕོ་ཉ་མང་པོའི་ཚོགས། །རིག་པ་མང་པོས་བསྟེན་པའི་ལྷ་མོ་དེ། །
བཟླས་པ་ཙམ་གྱིས་བགེགས་རྣམས་ཕུང་བ་དང་། །རྔམ་པ་འཐོན་ཅིང་ཕྱོགས་བཅུར་འབྲོས་པར་འགྱུར། །རལ་གྲི་སྤུ་གྲི་ནགས་ཚལ་གཏམས་པ་ཡི། །ལྕགས་བསྲེགས་ས་གཞི་རྡོ་རྗེར་ངེས་ཤེས་པས། །ཕྱོགས་འདི་ནས་ནི་མྱུར་དུ་འབྲོས་པར་འགྱུར། །བཅོམ་ལྡན་མགོན་པོ་འཇིག་རྟེན་ཕན་
ཕྱིར་གཤེགས། །ངས་ནི་གནས་མཆོག་འདི་དག་ཀུན་བསྲུངས་པས། །གནོད་བྱེད་བགེགས་ཀུན་འདི་ན་མ་གནས་ཤིག །ཧཱུཾ་ཧཱུཾ་ཧཱུཾ་ན་མཿས་མནྟ་བཛྲཱ་ཎཱཾ་སརྦ་ཏ་ཐཱ་ག་ཏེ་ཨ་ནུ་ག་ཏེ། བནྡྷ་སི་ན། མ་ཧཱ་ས་མ་ཡ་ནིར་ཛཱ་ཏེ། སྨ་ར་ནི་ཨ་པྲ་ཏི་ཧ་ཏ། ཀ་ཊ་ཀ་ཊ། ཙ་ར་ཙ་ར། བནྡྷ་བནྡྷ། ད་ཤི་ཏི་ད་
ཤ་ན་སརྦ་ཏ་ཐཱ་ག་ཏེ། ཨ་ནུ་གནྟེ། པྲ་བ་དྷརྨ་ལ་མ་ཏ་བི་ཛཱ་ཡ། བྷ་ག་བ་ཏི་ཀུ་རུ་བི་ཀུ་ལེ། ལེ་ལུ་པུ་རེ་སྭཱ་ཧཱ། དེ་ཡིས་བདུད་སྲིན་རོད་རོད་པོར། །རིགས་ལྔའི་ཕྲ་མེན་གཡོག་བཅས་ཀུན། །ཅི་བགྱི་ཞེས་སུ་བརྗོད་པ་དང་། །ཁྱེད་ཀྱིས་བགེགས་བསྐྲད་ཚར་གཅོད་པར། །ལས་ཀྱི་བདག་པོའི་

གྲོགས་བྱའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ན་མོ་བཛྲ་རཏྣ་ཏྲ་ཡཱ་ཡ། ན་མཿཙྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོདྷཱ་ཡ། མ་ཧཱ་དཾ་ཥྚོད་ཀ་ཊ་བྷེ་
ར་བཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ་ཏིཥྛ། བནྡྷ་བནྡྷ་བནྡྷ། ཧ་ན་ཧ་ན་ཧ་ན། གྲྀཧྞ་གྲྀཧྞ་གྲྀཧྞ། གརྫ་གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ་སྥོ་ཊ་ཡ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་མ་ཧཱ་ག་ཎ་པཱ་ཏི། ཛི་བིནྟཱནྟ་ཀཱ་རཱ་ཡ་སྭཱ་ཧཱ།
དེ་བཞིན་དུ་སྭ་དང་ཨོཾ་དང་ཧཱས་བསྒྱུར་ཏེ། རཏྣ་པདྨ་ཀརྨས་མཚམས་གཅད་དོ། །སྲུང་བའི་ལས་དག་བྱ་བ་ཡང་། །དེ་བཞིན་སྟེགས་བུ་བརྩིགས་ནས་སུ། །ལུགས་མའི་ཕྱག་རྒྱའམ་བདག་གནས་ཏེ། །རྒྱན་ལྡན་དེ་ཡིས་བདག་གཞན་སྲུང་། །སྲུང་ཆེན་མོ་དང་ཕྱག་རྒྱ་ལྔ། །བརྟན་རྒྱལ་བརྗིད་ལེགས་བདེ་
བར་གནས། །བཛྲ་བཞི་ཡིས་བསྲུང་བར་བྱ། །ས་རྣམས་གཞན་གྱིས་མ་གཙེས་དང་། །འབབ་ཆུ་རྒྱ་མཚོར་མ་གྱུར་ལ། །ཉི་ཟླའི་མིག་དང་ཡིག་འབྲུའི་ཚོགས། །སྦྱང་ཞིང་སྤེལ་བའི་ལས་བྱའོ། །ཀུན་རྫོབ་དོན་དམ་གཉིས་སུ་བརྟག །གླེང་གཞི་རྒྱུ་དང་བསྙེན་པ་དང་། །ངེས་པའི་ཚིག་དང་བྱང་ཆུབ་
སེམས། །སྟ་གོན་གནས་དང་ཕན་ཡོན་རྣམས། །མདོར་བསྡུས་ཡན་ལག་བདུན་བཤད་རིགས། །ཅི་དོན་གང་ལ་གང་ཞུས་བཤད། །ཆོས་རྣམས་དོན་བསྒྲུབ་བསྟོད་གླེང་གཞིའོ། །ངོ་མཚར་དོན་ཞུས་བཤད་ཐོས་ལངས། །དྲན་པ་དང་སྐྱེས་གླེང་གཞི་རྒྱུ། །མཚན་མ་དུས་དང་གྲངས་ལ་བརྩོན། །
ཐབས་ལ་མ་རེག་བསྙེན་པའོ། །རང་བཞིན་ཏིང་འཛིན་གཟུགས་བརྙན་གསུམ། །སྔགས་དང་དེ་དོན་མཎྜལ་ཏེ། །དགའ་བ་ཆེན་པོ་དེ་ངེས་ཚིག །བྱང་ཆུབ་མཆོག་གི་སེམས་ལྡན་བསྐྱེད། །སྦྱངས་པ་དོན་དམ་ཀུན་རྫོབ་བོ། །ལྷ་དང་མི་དང་ཡོ་བྱད་གསུམ། །ཏིང་འཛིན་ནན་ཏན་སྟ་གོན་བྱ། །ལྷ་རྣམས་
སྟ་གོན་ཇེ་གནས་ཏེ། །གཉིས་པ་མི་རྣམས་སྟ་གོན་ནོ། །ཐ་མ་ཡོ་བྱད་སྟ་གོན་བྱ། །རིམ་པ་དེ་ཡིས་ལས་རྣམས་འགྲུབ། །དཀྱིལ་འཁོར་དག་ལ་ལས་ཀྱི་སྐལ་ཡོད་གང་། །དེ་བཞིན་གཤེགས་དང་འཁོར་གྱི་ལྷ་རྣམས་དག །བསྒྲུབ་པའི་དོན་ཕྱིར་ལྷག་པར་སྔར་མཆོད་ལ། །དྲི་ཞིམ་མཎྜལ་གསོལ་བཏབ་སྟ་

གོན་གནས། །རྩེ་གཅིག་དུལ་བའི་སེམས་ལྡན་སློབ་མ་རྣམས། །ཆོས་གཏམ་རིམ་པས་ཤིན་ཏུ་དབུགས་ཕྱུང་སྟེ། །ཀུ་ཤ་ཚེམས་ཤིང་ཕྱག་རྒྱ་མཆོག་རྣམས་དང་། །དག་པའི་ཆུས་རེག་གཙང་བྱས་སྟ་གོན་གནས། །སྟོན་པ་རྡོ་རྗེ་གདན་དག་ལ། །ནམ་གཤེགས་ཞེས་ནི་བརྒྱ་བྱིན་ཞུས། །ཀུ་ཤ་ཕུལ་དང་
དབང་ལྡན་གྱི། །ཚོད་འཛིན་བཞུད་ཅེས་དེ་བཞིན་ནོ། །ཕྱག་ན་རྡོ་རྗེས་སྟོན་པ་ལ། །བིལ་བ་ཕུལ་ནས་ཨུ་དུམ་དང་། །ཨ་ཤྭདྠ་ཡིས་ཚིག་དབང་སྤྲུལ། །ཕྱག་རྒྱ་རྒྱ་གྲམ་སྐུ་གསུམ་མམ། །ཡང་ན་ཆོ་གའི་ཕྱག་རྒྱ་དང་། །ལྡན་པས་ཕོ་གཡས་མོ་གཡོན་དཔུང་། །དེ་ཡིས་བདུད་ལས་རྒྱལ་བར་འགྱུར། །
བདག་པོ་སྔགས་གཡོག་དམ་བཅས་ཏེ། །དུས་གསུམ་སངས་རྒྱས་ཀུ་ཤ་བརླག །ཨོཾ་བཛྲ་ཙཀྲ་ཏིཀྵ་ཧྲཱི། ཨོཾ་ཨཱཿཧཱུཾ་ཨ་བྷི་ཥིཉྩ་ཨ། འཁོར་ལོ་རལ་གྲི་པདྨར་གྱུར། །བཤད་དང་བསྲུང་བ་ཚེམས་ཤིང་བརླབ། །ཨོཾ་བཛྲ་ཧ་ས་པ་ཤ་ཏྲཾ་ཏྲཾ། ཚིག་དབང་ལྷ་མོས་བཀྲ་ཤིས་རྒྱལ། །ཁྲོ་བོ་བཅུ་ཡིས་
སྲུང་སྐུད་བརླབ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་བནྡྷ་རཀྵ་ཧཾ། རྡོ་རྗེ་འབར་བའི་གོ་ཆར་ལྡན། །འཇིག་རྟེན་འདིའམ་འདི་ནས་གཞན། །ཡོད་མེད་མིང་ནས་བོས་ནས་བྲི། །འཕན་དང་ནོར་བུ་གདུགས་ལྡན་བྱུང་། །ཆོ་ག་མ་རྫོགས་བར་དུ་ནི། །ཁམས་གསུམ་བདག་པོ་རྣམ་རྒྱལ་ལ། །གཏད་པའི་
ལས་རྣམས་བྱས་གྱུར་ན། །དེ་ནི་བདེ་གཤེགས་འདྲ་བར་འགྱུར། །དེ་ལྟར་གཏད་པ་མ་བྱས་ན། །སློབ་དཔོན་དེ་ཡི་ལས་རྣམས་ནི། །མྱུར་དུ་འགྲུབ་པར་མི་འགྱུར་ཞེས། །ཐུབ་པའི་གཙོ་བོ་ཉིད་ཀྱིས་གསུངས། །བཅོམ་ལྡན་ཁམས་གསུམ་རྣམ་རྒྱལ་གྱི། །མཚན་ཉིད་བདག་གིས་བསྒྲུབས་པས་ན། །
ཐུགས་རྗེ་བསྐུལ་ལོ་མཐུ་མངའ་བའི། །རྒྱལ་བས་འདི་ལ་བྱིན་གྱིས་རློབས། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ། ས་མ་ཡ་ཏིཥྛ་བཛྲ་ཧཱུཾ། གཡས་གཡོན་མདུན་རྒྱབ་བྱང་ཆུབ་སེམས། །སྤྱན་རས་གཟིགས་དང་ནམ་སྙིང་ངོ་། །རྣམ་རྒྱལ་ལས་རྣམས་མ་བྱས་ན། །སྡིག་ཅན་དེ་དག་མི་ཐར་ཞེས། །
བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །སངས་རྒྱས་ཀུན་གྱིས་གདན་དུ་བརླབས། །ཨོཾ་བཛྲ་དཱུར་བ་མཾ་ག་ལ་ཏིཥྛ་ཙཀྲ་ཧྲཱི། ལྷ་གྲངས་བཞིན་དུ་དབུས་ནས་དགོད། །ཀུ་ཤའི་སྟེང་ཉལ་རྨི་ལྟས་གདབ། །གཞན་བསྲུང་ཚིག་དབང་ལྷ་མོས་བརླབ། །ཨོཾ་བཛྲ་ཧ་ས་པ་ཤ་ཏྲཾ་ཧྲཱི། མཾ་ག་ལ་ཏིཥྛ་ཧཱུཾ།

ངག་གི་ཉེས་བཞི་དག་པར་བྱེད། །སྲུང་བ་ཆེན་པོ་ཆེན་མོས་བརླབ། །ཨོཾ་བཛྲ་བནྡྷ་རཀྵ་ཧཾ། བཛྲ་ཀ་བ་ཙ་མནྡུ། ལུས་ཀྱི་ཉེས་གསུམ་དག་པར་བྱེད། །མཆོད་པའི་ཡོ་བྱད་བཞུགས་གནས་བརྒྱན། །བླ་རེ་འཕན་གདུགས་རྒྱལ་བ་དན། །ལྡ་ལྡི་ཚོན་དང་ཚོན་སྐུད་བཅས། །མདའ་དང་
རལ་གྲི་ཕུར་བུ་བུམ། །ཅི་བགྱི་ཁྱད་པར་ཆེ་རྟགས་སོ། །དར་དང་དོ་ཤལ་དྲིལ་བུ་རྔ། །ནོར་བུ་མེ་ལོང་སྤྱན་ཉི་ཟླ། །ཡོན་ཆབ་བདུག་སྤོས་མེ་ཏོག་དྲི། །མེ་བཤོས་འོ་སྦྲང་མར་བུ་རམ། །བཟའ་བཏུང་བཅའ་བ་སྦྱོར་ལེགས་བསོག །གཏོར་མ་ནས་ཀྱི་ཐུག་པ་དང་། །ཏིལ་དང་ཡུངས་ཀར་ཡོས་འབྲས་དང་། །
འབྲས་ཆན་ནས་གྲོ་མ་དུ་པ། །ག་པུར་གཙང་འབོབ་ཡམ་བུད་ཤིང་། །ཤག་ཏེའུ་ཤུག་ཏེའུ་དགང་བླུགས་གཟར། །ཕུར་བུ་གཏུན་ཤིང་ཞི་བའི་རྫས། །འོ་མའི་ཐུག་པ་ཞོ་འབྲས་ཆན། །ནས་ངར་ཆན་ཏིལ་སྦྱར་གསུམ་དང་། །ནཱ་ག་པུས་པ་བིལ་བའི་འབྲས། །འབྲུ་རྣམས་རྣམ་ལྔ་བུར་སྦྲང་སེར། །སྒྲོན་
ཤིང་ཤག་ཏེའུ་སྒྲོན་ཐེའུ་དགང་། །བླུགས་གཟར་ཡམ་ཤིང་བུད་ཤིང་རྫས། །བ་དང་ར་ལུག་ཞོ་དག་ནི། །བསྲུབས་མ་ཐག་གི་མར་གསར་དང་། །ཟངས་ཕྱེ་ཚ་རྣམས་ཡུངས་ཀར་དང་། །སྐྱེ་ཚེ་ཏིལ་དང་ཞིམ་ཐིག་ལེ། །ལ་ཕུག་ཡུངས་ནག་རྡོག་ཆུང་དང་། །སྐྱེར་བའི་ཤིང་ཏོག་ཐམས་ཅད་དང་། །སྦང་མའི་
གཏོར་མ་སྐྱར་བ་དང་། །དམར་པོའི་ཤིང་ངམ་ཙནྡན་དམར། །ཤག་ཏེའུ་ཙནྡན་ཡམ་བུད་ཤིང་། །དབང་གི་ཕྱེ་མ་རི་ལུ་སོགས། །བཙག་དང་རྒྱ་སྐྱེགས་ཀྱིས་བྱུགས་ཏེ། །དབང་གི་མཆོད་དམར་དགང་བླུགས་གཟར། །ཤ་དང་རུས་པ་ཁྲག་དང་སྐྲ། །ཡུངས་ཀར་ཡུངས་ནག་སྐེ་ཚེ་དུག །དུར་ཁྲོད་ཐལ་
བ་རྡོ་རྗེ་ལྕགས། །ཀོ་བ་གཏུབ་པའི་དུམ་བུ་དང་། །མགལ་དུམ་སེང་ལྡེང་ཚེར་ནག་ལ། །ཡམ་ཤིང་བུད་ཤིང་ཨ་རི་སྟ། །ཤག་ཏེའུ་ཚེར་ཏེའུ་རྩུབ་པར་བྱ། །དྲག་ཤུལ་སྤྱོད་པའི་དགང་བླུགས་རྫས། །རྣམ་གསུམ་ཕུར་བུ་གཏུན་ཤིང་ནི། །སོ་སོའི་ཤིང་ལ་བྱ་བའོ། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །
གྲུ་གསུམ་པོར་ནི་བྱ་བར་བཤད། །ཞི་རྩེ་རྒྱས་པར་དབང་གི་སྦོམ། །དྲག་པོ་བརྡུངས་པ་དག་གིའོ། །ཞི་རྒྱས་དབང་དྲག་བཞི་ཡིས་བསྟན། །པདྨ་ཀུ་ཤ་ཁྲི་དང་གསུམ། །དྲག་པོ་ས་གཞི་ཉིད་ལས་ཤིས། །རྒྱལ་ཐབས་ལས་རྣམས་ཀུན་གྱི་མཆོག །རྣམ་རྒྱལ་ལ་སོགས་ཁྲོ་བོ་རྣམས། །སྦྱིན་སྲེག་

ཀུན་གྱི་དང་པོར་མཆོད། །རྟེན་ཡང་ཕྱོགས་ཕྱོགས་ཁྲོ་བོ་ལའོ། །སྦྱིན་སྲེག་བུམ་རྒྱན་ལྡན་བཞི་ཡུམ། །དཔལ་རྩེ་རྩེ་གསུམ་མདའ་གཞུ་སོགས། །ཁ་དོག་ཆས་གོས་གཡབ་དར་དང་། །ཞལ་ཁེབས་ལ་སོགས་བྱང་ཕྱོགས་བསོག །གཞན་ཡང་ལས་བཞི་ཧོམ་ཤིང་སོགས། །བསོག་པ་ཉིད་དུ་
བྱ་བ་ཡིན། །རྒྱུ་བཟང་གསེར་ལས་ཉིས་འགྱུར་རོ། །ཁ་དོག་ལྔ་ལས་འབྲེལ་པ་ཡི། །བདེ་གཤེགས་གཙོ་བོའི་སྐུ་ཚད་དོ། །གདུགས་ཆེན་གསེར་གྱི་ཡུ་བར་ལྡན། །དཀྱིལ་འཁོར་ཡོག་པོའི་སོར་ཕྲན་ཅན། །དཀར་ནག་དམར་སེར་ལེ་བརྒན་དུང་། །ཁྲ་བོ་ལྗང་སེར་བརྒྱན་པའོ། །ཁྲུ་བརྒྱད་
དཔངས་ལ་ཁྲུ་བཞི་ལྕེ། །ཡུ་བ་དྲང་པོ་རིང་པོ་ལ། །བཏགས་པ་བརྒྱད་ནི་རྒྱལ་མཚན་ཚུལ། །ཁ་དོག་སོ་སོ་ཅི་འདྲའོ། །ཁ་དོག་སྣ་ཚོགས་ནས་འབྲས་ཚུལ། །བཅས་བཅག་རྩིབས་སུ་འབྲེལ་པའོ། །དཀར་པོ་དམར་པོ་དེ་བཞིན་སེར། །སྔོན་པོ་དང་ནི་གནག་དང་ལྔ། །ཚོན་སྣ་ལྔ་པོ་དེ་ལ་ནི། །
བདེ་གཤེགས་དཀྱིལ་འཁོར་གང་ཡིན་བསྒོམ། །ཐིག་སྐུད་དཀྱིལ་འཁོར་གང་ཡིན་པའི། །ཡུམ་གྲངས་བཞིན་དུ་བསྒྲིལ་བར་བྱ། །རྟ་བབས་བརྒྱད་དང་དྲི་ཞིམ་ཤིང་། །ཆུ་སྲིན་ཁས་གཟུང་ཟླུམ་ས་གཟུགས། །ཁྲུ་ཕྱེད་བཞི་མགོ་རྒྱ་མདུད་ཅན། །དཀྱིལ་འཁོར་རྣམས་ནི་ཟུར་བཞི་ལ། །ཆགས་
པའི་མཚན་མ་ཆགས་པ་ནི། །རྡོ་རྗེ་མདའ་བཞི་ཁྲུ་དོ་གཟུགས། །ཐུགས་རྗེ་ཆགས་པས་འགྲོ་བ་འདྲེན། །མི་ཤེས་རྒྱ་མོ་འདྲ་བ་ཡིས། །མཐའ་གཉིས་གཅོད་དང་མི་གནས་ཕྱིར། །ཁྲུ་དོ་ཟུར་བཞིར་ལེགས་པར་བྲི། །སེང་ལྡེང་ཚེར་མ་ཅན་ལ་སོགས། །སོར་ནི་བརྒྱད་པ་ཅོད་པན་ཅན། །ཁྲོ་བོ་ལྔས་
སྔགས་བར་ཆད་སེལ། །བུམ་པ་ནག་པོ་ར་རི་མེད། །ཉི་ཤུ་རྩ་ལྔའི་ཆོ་གར་ལྡན། །དཀྱིལ་འཁོར་དག་གི་ཐ་མ་ཡང་། །སྔོན་པོ་དམར་པོ་གང་ཡོད་པའི། །མུ་ཏིག་མེ་ཏོག་ལ་སོགས་པ། །བསྡོགས་པའི་དབུས་ན་རིན་ཆེན་ཅན། །ཙོང་ཙོང་དག་ལ་དཔྱད་པར་བྱ། །རྟ་བབས་བར་ནི་ཙོང་ཙོང་ལས། །
གསེར་དངུལ་ཟངས་འཁར་དཔྱངས་པའི་སྒྲ། །དཀོན་མཆོག་གསུམ་གྱི་མཚན་ཡང་བརྗོད། །གཙང་མའི་སྤུ་དང་ཨ་ཤྭད་ཤུན། །དར་དཀར་དག་དང་གསུམ་ལ་ནི། །རྔ་ཡབ་དར་ཤིང་གསེར་དངུལ་སོགས། །ཙོང་ཙོང་དག་ལ་དཔྱད་པར་བྱ། །རིན་ཆེན་ཡིད་འོང་ཕྲེང་བའི་ཚོགས། །ཙོང་ཙོང་

དག་ལ་དཔྱད་པར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་བ་མ་ལུས་རང་བཞིན་མཚོན། །གཟུགས་བརྙན་ཆུ་ཟླ་སྨིག་རྒྱུ་ཞེས། །རྟོགས་པར་བྱ་ཕྱིར་སྦྱང་བར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་ཡེ་ཤེས་མཚོན་པའི་ཕྱིར། །མཁས་
པར་རིན་ཆེན་ལ་སོགས་པས། །ས་གཞི་སྙིང་པོ་ཅན་དུ་བྱ། །འཕན་ཕྲན་ཉིད་ལ་སྐལ་བཟང་དང་། །བཀྲ་ཤིས་ཙ་ཀ་ལིས་བརྒྱན་པ། །ཉི་ཟླ་པདྨས་མཚོན་པ་ཡང་། །གཙོ་བོ་དག་ལ་དཔྱངས་པའོ། །ཡོན་ཆབ་བདུག་སྤོས་དྲི་ཆབ་བྲེ། །མེ་ཏོག་མར་མེ་ཁལ་དག་དང་། །ལྷ་བཤོས་ཁུར་བ་ལྷ་
གྲངས་སོ། །འོ་མ་སྦྲང་རྩི་བུ་རམ་མར། །བྲེ་རེ་བཏུང་བ་བཅའ་བའི་ཚོགས། །གཏོར་མའི་རྒྱུ་ཆ་སྣ་ཚོགས་དང་། །འབྱུང་པོའི་ཁ་ཟས་བསོག་པར་བྱ། །གཞན་ཡང་ཞི་བའི་མཆོད་རྫས་ནི། །ཏིལ་དང་ཡུངས་ཀར་འབྲས་ཡོས་འབྲས། །ནས་དང་གྲོ་དང་ག་པུར་རྣམས། །ཕུལ་གང་ཡིན་ནོ་ནས་
ཐུག་དང་། །འབྲས་ཆན་མ་དུ་བྲེ་གང་ཤིས། །གཞན་ཡང་རྒྱས་དབང་དྲག་པོ་ཡི། །ཐུག་པ་ཐམས་ཅད་བྲེ་རེའོ། །གཞན་མ་ཀུན་ལ་ཕུལ་རེའོ། །ལྷ་བཤོས་ཁུར་བ་དོག་གུ་རྣམས། །ལྷ་གྲངས་བཞིན་དུ་བསོག་པར་བྱ། །པདྨ་ལྷོར་བཏིང་ཀུ་ཤ་ནུབ། །ཁྲི་ནི་ཤར་ཏེ་གྲུ་གསུམ་བྱང་། །ལས་
བཞིའི་གདན་ནི་དགོད་པར་བྱ། །རྣམ་པར་རྒྱལ་ལམ་ཁྲོ་ཕྱོགས་ཧོམ། །སྤྱན་སོགས་ཡུམ་བཞིས་ལྷག་ཆད་འབུམ། །དབང་པོ་ཞི་བ་ཟླ་བ་འདྲ། །དབང་པོ་རྒྱས་པ་པདྨ་འདྲ། །དབང་པོ་དབང་ནི་ཉི་མ་འདྲ། །དབང་པོ་དྲག་པོ་དུད་པ་འདྲ། །དབྱིག་པ་བགྲང་ཕྲེང་སྤྱི་བླུགས་གཟུང་། །དང་པོ་ཏིང་འཛིན་
གྱིས་བསྐུལ་ནས། །བུམ་པ་ཟླ་བ་པདྨ་དང་། །བཏུད་པའི་མདངས་ལྡན་བསིལ་བྱེད་ཡུམ། །བདུད་རྩི་འོ་མ་བུ་རམ་ཞོ། །བཀང་བའི་བུམ་པ་སོ་སོ་ལ། །རིན་ཆེན་འཕན་བྱང་གདུགས་ལྡན་ཏེ། །རྣམ་སྣང་མཛད་དང་གསུམ་དག་གིས། །ཞབས་ཀྱི་དྲུང་དུ་གཟུང་བ་དང་། །ཁམས་གསུམ་སེམས་
ཅན་ཐམས་ཅད་ཀྱི། །ལས་དང་སྡུག་བསྔལ་ཞི་བར་བྱེད། །ཨོཾ་ག་ན་ག་ག་ནེ་ལོ་ཙ་ནེ། ཙ་ལེ་ཙ་ལེ་ཙུ་ན་ཏེ། ག་ཏང་གུ་ཏང་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དཔལ་རྩེ་རྣོན་པོ་རྩེ་གསུམ་པོས། །དུག་གསུམ་འཇོམས་པའི་ལས་རྣམས་མཛོད། །ལུས་ངག་ཡིད་གསུམ་སྦྱང་བ་དང་། །བཏབ་པས་གཤེགས་

ཆགས་བརླབ་པར་བྱེད། །ཧོམ་ཟླུམ་ལྷམ་པ་ཟླ་གམ་ཨེ། །རྡོ་རྗེ་པདྨ་མདའ་གཞུ་དང་། །རྩང་ཐོད་རྒྱན་གྱིས་མཛེས་རྒྱན་གདེངས། །ཞི་རྒྱས་དབང་དྲག་ལྷ་རྣམས་མཆོད། །ཡཾ་བཾ་ཨེ་ཡི་དཀྱིལ་འཁོར་དྲང་། །ཕྱིང་བུའམ་ནི་དར་གཙང་འབོབ། །དུ་ཡོད་པ་ལ་ཟུང་རེའོ། །ཡམ་ཤིང་
དཀར་སེར་དམར་ནག་ལ། །ཁུང་ནི་ཁྱད་པར་རང་སོར་གཅལ། །བརྒྱད་དང་བཅུ་དྲུག་ཉི་ཤུའི་གཞི། །བུད་ཤིང་ཁྲུ་གང་དོ་གསུམ་མཚུངས། །སྦོམ་ཕྲ་སྔགས་མཁན་མཛུམ་མོ་ཙམ། །ཞི་བ་ཡི་ནི་ལྷ་གྲངས་བཞིན། །ཡམ་ཤིང་མཛུབ་གང་བཅག་ཁྲུ་གང་། །བརྐྱང་ཁྲུ་གང་དུ་ཤེས་པར་
བྱ། །བུད་ཤིང་ཁྲུ་གང་དོ་བཞི་ནི། །རྒྱས་པ་ཡི་ནི་ལྷ་གྲངས་བཞིན། །དབང་གི་ཡམ་བུད་ཞི་བའི་ཚད། །དྲག་པོའི་ཡམ་བུད་རྒྱས་པའི་ཚད། །ཞི་བའི་དྲིས་བསྐུ་རྒྱས་སྦྲང་རྩི། །དབང་བཙག་ཙནྡན་བསྲེས་པས་བསྐུ། །དྲག་པོ་ཁྲག་སྤོས་བསྲེས་པ་བསྐུ། །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །
སོར་བཞི་ཡར་རྩེ་རལ་གྲི་བཞིན། །རྟིང་ཟླུམ་ཟུར་བཞི་ཟོར་འདྲ་དང་། །ཟུར་གསུམ་རྫུ་ཐུར་ཚད་དུ་བྱ། །ལོ་མ་སོར་བཞི་སོ་སོའི་ཤིང་། །སོར་གཉིས་རྩ་བ་བཤུས་ལྷ་གྲངས། །ཐབ་ཀྱི་བྱེ་བྲག་ཆེ་ཆུང་ལས། །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །ཡུ་བ་སྦོམས་སུ་མཐེ་བོང་ཙམ། །སྲིད་དུ་ཁྲུ་དོ་གང་ཕྱེད་གང་། །
སོར་བཞི་བསྐྱུར་ཁ་རན་སོར་གཅིག །ཟབས་སོར་གཉིས་ལ་སོ་སོའི་དབྱིབས། །དེ་དབུས་གཙོ་མོའི་ཕྱག་མཚན་བྲི། །ཁ་རན་ཕྱོགས་བཞིར་ཕྱག་རྒྱ་གཞག །བར་བར་རྡོ་རྗེ་པདྨ་གཞུ། །ཐོད་པས་མཚན་པ་དགང་གཟར་བྱ། །སྲིད་ཁྲུ་གང་ལ་དཀྱུས་སོར་གཉིས། །ཟབས་སུ་སོར་གཅིག་དེའི་དབུས་སུ། །
གཙོ་བོའི་ཕྱག་རྒྱས་མཚན་བླུགས་གཟར། །བླུགས་གཟར་སྟེང་ཕུབ་མདུན་དུ་གཞག །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །མདུད་པ་དག་ལ་གཙོ་ཡུམ་དགོད། །རྩིབས་ལ་འཁོར་གྱི་ཡིག་འབྲུ་དགོད། །རྐེད་མདུད་སྒོ་བ་ཁྲུ་ཁྱུད་གང་། །རྩེ་མོ་ཡ་མ་བཾ་ཨེ་ཕཊ། །གཙོ་བོའི་ཕྱག་མཚན་སྤྱིར་བྲིས་ཏེ། །རྩིབས་
ལ་ཆོས་ཀྱི་སིག་འབྲུ་འབར། །ཁྲུ་གང་ཚད་བྱ་སྲིད་དུའོ། །སྦོམ་ཕྲ་མཐོ་གང་སོར་བཞི་བྱ། །དཀྱུས་སོར་བཅོ་བརྒྱད་ཟབས་སུ་ནི། །སོར་ནི་བརྒྱད་པ་དེ་དབུས་སུ། །རི་རབ་རྒྱ་མཚོ་བྲི་བར་བྱ། །ངོས་ལ་རི་བདུན་མཚོ་ཡང་དགོད། །སོ་སོའི་གཏུན་གྱི་ཁ་རན་ལ། །རྡོ་རྗེ་པད་གཞུ་མེ་འོད་འབར། །ཐོད་རྩང་མེ་

འོད་འབར་གླིང་མཚོ། །ཇི་བཞིན་དཀྱིལ་འཁོར་དག་ལའང་བརྒྱན། །ལས་བཞི་སྔགས་པའི་ཆས་གོས་ནི། །ཐུགས་ཀྱི་ཟེའུ་ལྡིར་སྟོད་གཡོགས་དང་། །བརྗིད་པའི་ཆོས་གོས་སྨད་དཀྲིས་དང་། །གར་གྱི་གཙང་གོས་སོ་སོའི་མདོག །གཡབ་མོས་སྤྱན་འདྲེན་ཕྱག་མཚན་ནི། །
སོ་སོའི་ཁ་དོག་དར་དག་ལ། །བ་དན་བཞི་ཡང་དར་འདྲར་བྱ། །དཀར་པོ་སེར་པོ་དམར་ནག་ལ། །ཧོ་མའི་འགབ་མ་འཁོར་བའོ། །དྲི་ཞིམ་སེར་སྐྱུར་རྩུབ་ཤིང་གི། །ས་ཕྱོགས་དེ་དག་ཉེ་བ་རུ། །ཤིང་གི་ལྷ་སྟེ་མདོག་དཀར་ལ། །རིན་ཆེན་སྣ་ཚོགས་དྲི་ཞིམ་བཅས། །ཕུལ་ལ་སྙིང་རྗེ་བྱམས་བསྒོམས་
ལ། །རྟེན་འབྲེལ་བརྗོད་དེ་རིན་ཕུལ་ལ། །མེ་ཡི་ཕྱོགས་ནས་གཅད་པར་བྱ། །སྲིད་དུ་ཧོ་མ་གྱུར་མཉམ་ལ། །སྦོམ་ཕྲ་ཁྲུ་གང་ཡོད་པའི་ཤིང་། །བཞི་གཉིས་སུམ་གཉིས་མཆོག་ཏུ་གཅེས། །གཞན་ཡང་རོ་བསྲེགས་ཤིང་དག་ལ། །སྦོམ་ཕྲ་ཁྲུ་དོ་ཡོད་པ་ཡི། །ཤར་ནུབ་གཉིས་སུ་རེ་རེ་
ཡང་། །སྲིད་དུ་མཆོད་སྣམ་ཡང་ན་ནི། །དངོས་གྲུབ་གསོལ་བསྒོར་གཞབ་ཤིང་གཉིས། །ཤིང་རྒྱུ་ཕྲ་སྦོམ་དོ་དང་གསུམ། །ཐེག་པའི་ཁྱད་པར་བསྟན་པ་ནི། །ཀྲི་ཡོག་མ་ཧཱ་ཡོ་ག་གསུམ། །གང་གི་སྒོར་ཞུགས་དེ་ལྷས་སྦྱང་། །གོམས་པའི་དབང་དུ་ཤེས་པ་མཆོག །རིམ་པ་གསུམ་དུ་ཤེས་
པར་བྱ། །དེ་སྟེང་ཁང་པ་ལུས་མགོ་ཚད། །ཕྲག་ནོན་བཞི་ཡང་བཞིར་དམིགས་ལ། །འཚོགས་ནས་ཤིང་གི་བདག་པོ་ལ། །མཆོད་པ་གཏོར་མ་སྣ་ཚོགས་ནི། །སྟེགས་བུ་ཁྲུ་གང་པདྨ་བྲེ། །དེ་དབུས་ཤིང་ལ་འབག་བྲིས་གཞག །ལས་ཀྱི་སྐལ་ལྡན་གང་དག་གིས། །དཀྱིལ་འཁོར་ཆེན་པོར་
འཇུག་པ་ནི། །ཡོ་བྱད་ཐམས་ཅད་ཚང་བ་མཆོག །ཆེ་ཆུང་མང་ཉུང་རྒྱུ་ལས་ཚད། །ཅི་ཡོད་ཡིད་འོང་མཛེས་པ་དགྲམ། །དེ་དག་བྱིན་གྱིས་བརླབ་པ་ནི། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་། །བདུད་རྩི་འཁྱིལ་པས་བྱིན་གྱིས་བརླབ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ། ཨོཾ་ཨཱཿཧཱུཾ། ཨ་ཨ་ཨཱ།
བླ་རེ་གཙུག་ཏོར་རྣམ་རྒྱལ་བརླབ། །ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་ཨཱ། བ་དན་འཕན་ཚོ་དེས་བྱིན་བརླབ། །ཨོཾ་གཙོ་བོའི་ས་བོན། ཨོཾ་ཨཱཿཧཱུཾ་ཨཱ། གདུགས་ནི་གཙུག་ཏོར་གདུགས་དཀར་བརླབ། །ཨོཾ་སུཾ་ཨོཾ་ཨཱཿཧཱུཾ། རྒྱལ་མཚན་ཀེ་ཏུ་དེས་བྱིན་བརླབ། །ཨོཾ་རཏྣ་ཀེ་ཏུ་ཨོཾ་ཨཱཿཧཱུཾ། ལྡ་ལྡི་སོ་

སོ་ལས་རིགས་བརླབ། །ཨོཾ་སརྦ་ཀརྨ་ཏྲཻ་ལོཀྱ་བི་ཛ་ཡ་ཨོཾ་ཨཱཿཧཱུཾ། ཚོན་སྣ་བདེ་གཤེགས་ལྔ་ཡིས་བརླབ། །དེ་ཡང་དཀྱིལ་འཁོར་གང་ཡིན་ཉིད། །སེར་པོ་ཨོཾ་ཨོཾ་ཨོཾ་ཨཱ་ཧཱུཾ། བསྒྱུར་ཏེ་སྨོན་ལམ་གདབ་པར་བྱ། །དཀར་པོ་ཨོཾ་ཧཱུཾ་ཨོཾ་ཨཱཿཧཱུཾ། ནག་པོ་ཨོཾ་སྭ་ཨོཾ་ཨཱཿཧཱུཾ། དམར་པོ་ཨོཾ་ཨོཾ་ཨཾ་
ཨཱཿཧཱུཾ། ལྗང་གུ་ཨོཾ་ཧ་ཨོཾ་ཨཱཿཧཱུཾ། སྲད་བུ་གང་ཡིན་གཙོ་བོས་བརླབ། །ཨོཾ་ཨོཾ་ཨོཾ་ཨཱཿཧཱུཾ། རྟ་བབས་ཕྱག་རྒྱ་བཞིས་བྱིན་བརླབ། །ཛཿཧཱུཾ་བཾ་ཧོཿཨོཾ་ཨཱཿཧཱུཾ། མདའ་བཞི་རྡོ་རྗེ་ཆགས་པས་བརླབ། །ཨོཾ་བཛྲ་ར་ག་ཨོཾ་ཨཱཿཧཱུཾ། རལ་གྲི་རྡོ་རྗེ་རྣོན་པོས་བརླབ། །ཨོཾ་པདྨ་ཏིཀྵྞ་ཨོཾ་ཨཱཿཧཱུཾ། ཕུར་བུ་
ཁྲོ་བོ་ལྔས་བྱིན་བརླབ། །ཨོཾ་ཨ་པར་ཙི་ཏ། ཡ་མནྟ་ཀ་ཧྱ་གྲཱྀ་བ་ཨ་མྲྀ་ཏ་ཀུཎྜ་ལི། མ་ཧཱ་བྷ་ལ་ཨོཾ་ཨཱཿཧཱུཾ། བུམ་པ་གང་ཡིན་ཡུམ་གྱིས་བརླབ། །ཨོཾ་དྷཱ་ཏུ་ཤྭ་རི་ཨོཾ་ཨཱཿཧཱུཾ། འགབ་འཁོར་སྲུང་བ་ཆེན་མོས་བརླབ། །ཧཱུཾ་ཧཱུཾ་ཧཱུཾ་ཨ་པྲ་ཏི་ཧ་ཏ་ཨོཾ་ཨཱཿཧཱུཾ། དོ་ཤལ་གཙུག་ཏོར་རྒྱལ་བས་བརླབ།
ཨོཾ་ཏྲཱཾ་ཨོཾ་ཨཱཿཧཱུཾ། དྲིལ་བུ་ཀུ་ལན་དྷ་རས་བརླབ། །ཨོཾ་ཀུ་ལནྡྷ་རི་པྲཛྙོ་བ་བ་བ་ཤོ་ཡོ་ག་ཤུ་ཛྙ་ཨོཾ་ཨཱཿཧཱུཾ། རྔ་ཡབ་རྒྱལ་པོ་བཞིས་བྱིན་བརླབ། །ཨོཾ་དྲྀཥྚ་རཥྚ་བི་རུ་ཌྷ་ཀ །བི་རུ་པཀྵ། བེ་ཤྲ་བ་ཎེ། ཨོཾ་ཨཱཿཧཱུཾ། ནོར་བུ་ཀུན་གྱི་ཡོན་ཏན་བརླབ། །ཨོཾ་སརྦ་རཏྣ་ཀུ་ལ་ཨོཾ་ཨཱཿཧཱུཾ། མེ་ལོང་རྡོ་རྗེ་
སེམས་དཔས་བརླབ། །ཨོཾ་བཛྲ་སཏྭ་ཨཱ་དཪྴ་ཨོཾ་ཨཱཿཧཱུཾ། སྤྱན་སྙིང་སངས་རྒྱས་སྤྱན་གྱིས་བརླབ། །ཨོཾ་བུདྡྷ་སརྦ་ཀུ་ལ་ཙིཏྟ་ཛྙཱ་ན་ཨོཾ་ཨཱཿཧཱུཾ། ཉི་ཟླ་ཐབས་དང་ཤེས་རབ་བརླབ། །ཨོཾ་སཱུརྱ་ཙནྡྲ་དུ་ན་པྲཛྙཱ་ཨོཾ་ཨཱཿཧཱུཾ། བཏུང་བ་མཱ་མ་ཀཱིས་བྱིན་བརླབ། །ཨོཾ་རཏྣ་བཛྲ་ཨོཾ་ཨཱཿཧཱུཾ། བདུག་པ་མེ་
ཏོག་དྲི་ཆབ་མེ། །ཨོཾ་བཛྲ་དྷུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ཨོཾ་ཨཱཿཧཱུཾ། ལྷ་བཤོས་ཁུར་བ་བཅའ་བའི་ཚོགས། །ཀུ་ལན་དྷ་རས་བྱིན་གྱིས་བརླབ། །ཨོཾ་བཛྲ་ཀུ་ལནྡྷ་རི་ཨོཾ་ཨཱཿཧཱུཾ། ཕུང་པོ་ལྔ་ཉིད་རྣམ་གྲོལ་ལྔར། །བསྒྱུར་ཞིང་ཨོཾ་སྐན་དྷ་ཤུ་ད་ཉ་ཨོཾ་ཨཱཿཧཱུཾ། འོ་མ་ལ་སོགས་མངར་གསུམ་ནི། །མཱ་
མ་ཀཱིས་ནི་བྱིན་གྱིས་བརླབ། །ཨོཾ་མཱ་མ་ཀཱི་ཨོཾ་ཨཱཿཧཱུཾ། གཏོར་མ་ཐུག་པ་གྲངས་ལྡན་བརླབ། །ཨོཾ་སྭསྟི་བཛྲ་ཨོཾ་ཨཱཿཧཱུཾ། འབྲུ་རྣམས་མཱ་མ་ཀཱིས་བྱིན་བརླབ། །ཨོཾ་མཱ་མ་ཀཱི་ཨོཾ་ཨཱཿཧཱུཾ། འབྲས་ཡོས་མ་དུ་གོས་དཀར་མོ། །ཨོཾ་པདྨ་བཛྲི་ཨོཾ་ཨཱཿཧཱུཾ། ག་པུར་སྨན་རྣམས་ལས་ཐམས་ཅད། །

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཨོཾ་ཨཱཿཧཱུཾ། གཙང་འབོབ་སངས་རྒྱས་སྤྱན་གྱིས་བརླབ། །ཨོཾ་ལཾ་ཀེ་ཤྭ་ར་ཏི་དྷཱ་ཏུ་ཨོཾ་ཨཱཿཧཱུཾ། ཡམ་ཤིང་བུད་ཤིང་ཐམས་ཅད་ནི། །མེ་ལྷས་བྱིན་གྱིས་བརླབ་པར་བྱ། །ཨོཾ་ཨགྣ་ཡེ་ཨོཾ་ཨཱཿཧཱུཾ། ཤག་ཏེའུ་ཤུག་ཏེའུ་ཅང་ཏེའུ་སོགས། །
སངས་རྒྱས་སྤྱན་གྱིས་བྱིན་གྱིས་བརླབ། །ཨོཾ་མཱུཾ་བཛྲ་ཨོཾ་ཨཿཧཱུཾ། ཟངས་ཕྱེ་སྐེ་ཚེ་ཏིལ་ལ་ཕུག །ཀྲོ་ཏི་ཤྭ་རི་སངས་རྒྱས་སྤྱན། །ཨོཾ་ཀྲོ་ཏི་ཤྭ་རི་སྭ་ཏ་བཛྲི་ཨོཾ་ཨཱཿཧཱུཾ། ཚེར་ཏེའུ་ལ་སོགས་མཱ་མ་ཀཱི། །ཨོཾ་མཱ་མ་ཀཱི་ཨོཾ་ཨཱཿཧཱུཾ། དགང་གཟར་གང་ཡིན་ཡུམ་གྱིས་བརླབ། །བླུགས་
གཟར་གང་ཡིན་ཡབ་ཀྱིས་བརླབ། །ཕུར་བུ་གང་ཡིན་གཙོ་འཁོར་ཁྲོ། །གཏུན་ཁུང་གང་ཡིན་དེ་ཡུམ་འཁོར། །མདའ་གཞུ་མ་མོ་ཙཽ་རིས་བརླབ། །ཨོཾ་བཛྲ་རྩཽ་རི་ཨོཾ་ཨཱཿཧཱུཾ། གཞན་རྣམས་བདུད་རྩི་འཁྱིལ་པས་བརླབ། །གཡབ་དར་རླུང་ལྷས་བྱིན་
གྱིས་བརླབ། །ཨོཾ་བཛྲ་བ་ཡ་བྱ་ཨོཾ་ཨཱཿཧཱུཾ། ཞལ་ཁམ་མཱ་མ་ཀཱིས་བྱིན་བརླབ། །སྲེག་ཤིང་བྷྲཱུཾ་གྱིས་བརླབ་པར་བྱ། །ཨོཾ་བྷྲཱུཾ་ཨེ་བཾ་མ་ཡཱ་སྦྱར། །ཨོཾ་ཨཱཿཧཱུཾ། ཆས་གོས་འབྲུ་ལྔས་བྱིན་བརླབས་གཞག །ཀུ་ཤ་བཏིང་བའི་སྟན་སྟེང་དུ། །སྔགས་གཡོག་ཤར་བལྟས་ཉལ་དུ་གཞུག །ལྷ་
རྣམས་ཀྱིས་ནི་ལེགས་དགུ་སྟེར། །བྱིན་གྱིས་བརླབ་པ་མ་བྱས་ན། །ལས་རྣམས་འགྲུབ་པར་མི་འགྱུར་རོ། །དེ་བས་ནན་ཏན་བསྐྱེད་དེ་བྱ། །ཡང་ན་རྣམ་རྒྱལ་ལམ་བདུད་རྩི། །འཁྱིལ་པ་ཉིད་ཀྱིས་བརླབ་ཀྱང་རུང་། །དཀྱིལ་འཁོར་ཅི་ཡང་བཞེངས་པ་ལ། །ཕྲིན་ལས་བཞི་ཡི་ཧོམ་ལྡན་བྱ། །
ཡང་ནི་ཏིང་འཛིན་བྱེ་བྲག་ལས། །ལས་བཞིའི་ཆོ་ག་རྫོགས་པ་མཆོག །ཆོ་ག་མ་ཚང་ལས་མི་འགྲུབ། །དེ་ཕྱིར་སྟ་གོན་རྫོགས་པར་བྱ། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །སྟོན་པ་པོ་ནི་ཤིན་ཏུ་ཡང་། །དེ་བས་ཀྱང་ནི་འཇིག་རྟེན་དུ། །འབྱུང་བ་ཡང་ནི་ཤིན་ཏུ་དཀོན། །དམ་པའི་ཆོས་ཀྱང་སྟོན་པ་དཀའ། །
དམ་པའི་ཆོས་ནི་སྟོན་སྲིད་ཀྱང་། །གསང་སྔགས་སྟོན་པ་ཤིན་ཏུ་དཀའོ། །གལ་ཏེ་གང་སྔགས་སྟོན་ཀྱང་རུང་། །དཀྱིལ་འཁོར་དུ་ནི་འཇུག་པ་དཀའ། །བསྐལ་པར་ཡང་ནི་སྔགས་སྤྱད་པའི། །ལས་དབང་གིས་ནི་དེང་མཐོང་ནས། །རྒྱལ་པོ་ཡང་ནི་མ་ཡིན་ཡང་། །རྒྱལ་པོ་ཉིད་ནི་ཆེན་པོར་གྱུར། །

བདེ་གཤེགས་རྣམས་ནི་ཐམས་ཅད་ཀྱི། །ཡོན་ཏན་གྱི་ནི་མཆོག་ཀྱང་འཐོབ། །ཚེ་རིང་ཞིང་ནི་ལོངས་སྤྱོད་ཀྱང་། །ཕུན་སུམ་ཉིད་ནི་ཚོགས་པར་འགྱུར། །ལས་རྣམས་ཀུན་ནི་ཐམས་ཅད་ཀྱང་། །བཏང་སྙོམས་པ་ནི་ཡན་ལག་གོ། །དཀྱིལ་འཁོར་བྲི་བའི་ལས་དག་དང་། །ཆོ་འཕྲུལ་བཞི་ཡི་ཆེ་བ་དང་། །གང་ཞིག་དཀྱིལ་འཁོར་
ནང་གཞུག་པ། །གསུམ་པོ་དེ་ནི་གཞན་དོན་གསུངས། །དང་པོ་ལས་གསུངས་རིམ་པ་ནི། །ཚེས་གྲངས་ཆོས་ཀློག་གཞི་བདག་དང་། །སྲད་བུ་ཚད་ལྡན་བགེགས་བསལ་བསྲུང་། །ཐུགས་དམ་བསྐུལ་གཡོག་དབང་བསྐུར་སྦྱང་། །རང་བཞིན་ཐིག་གདབ་སླར་བསྡུ་དང་། །ཚོན་དགྱེ་ཕྱག་རྒྱ་རྒྱན་རྣམས་
དགོད། །གསུམ་ལྔ་བདུན་དང་བཅུ་གཅིག་དང་། །བཅུ་གསུམ་བཅོ་ལྔ་ཡར་གྱི་ཤིས། །ཞི་དང་རྒྱས་པ་མཆོག་ཏུ་བཤད། །བཅུ་བདུན་ཉི་ཤུ་གཉིས་བརྒྱད་དོ། །དབང་དང་དྲག་པོའི་དཀྱིལ་འཁོར་མཆོག །དུས་དང་མཚན་མ་ཀྲི་ཡའོ། །ཉི་མ་དགེ་ཞིང་རྒྱུ་སྐར་བཟང་། །མཚན་མའི་སེམས་
རྟོག་མི་དམིགས་པ། །དེ་ནི་ཆོས་དབྱིངས་གནས་པ་ཡིན། །དེ་ལྟར་དུས་དང་མཐུན་པ་དང་། །ཕྱོགས་བཞིར་དགེ་བསྙེན་གཙང་སྦྲ་ཅན། །ཤ་དང་ཆང་བཅད་བུད་མེད་སྤངས། །ཚུལ་དུ་ཤིས་པ་རྒྱུན་མི་བཅད། །ཤར་དུ་སྡུད་པ་ཚིགས་སུ་བཅད། །ལྷོར་ནི་བཟང་པོ་སྤྱོད་པའོ། །ནུབ་ཏུ་སྣང་
བརྒྱད་གསང་བའི་མདོ། །བྱང་དུ་གསེར་འོད་དམ་པ་གདོན། །གུས་པར་མཆོད་ཅིང་བདེན་པ་བཀླག །ཚོན་སྣ་ལྔ་སྐུད་བུ་མོས་བཀལ། །དེ་ཉིད་ཀྱིས་ནི་བརྒྱར་བཟླས་ཏེ། །རྒྱུ་བཟང་ཚད་ལ་ཕེབས་པ་དང་། །བཟང་པོའི་ལྟ་སྟངས་སྦྱར་ནས་ནི། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །ལག་
ན་རྡོ་རྗེས་བགེགས་བསྐྲད་བྱ། །སྲུང་བ་ཆེན་མོས་བདག་གཞན་བསྲུང་། །ཕྱོགས་བཅུ་གཙོ་ལ་སོགས་པ་ཡི། །ཐུགས་དམ་བསྐུལ་ནས་སྲད་བུར་ཐིམ། །དེ་ལྟའི་རིགས་བཞིའི་ཐུགས་ལས་ཕྱུང་། །གཙོ་བོ་གང་ཡིན་ཐུགས་ཞུགས་ཕྱུང་། །དེ་ནས་གཙོ་བོ་གང་ཡིན་གྱི། །སངས་རྒྱས་ཞིང་
རྣམས་སྦྱང་བ་དང་། །མྱུར་དུ་སེམས་ཅན་དོན་བསྒྲུབ་དང་། །ལས་ཀྱི་དངོས་པོ་གང་བྱེད་པའི། །ལས་རྣམས་མ་ལུས་ཁྱོད་ཀྱིས་བྱོས། །ལས་ཀྱི་རྡོ་རྗེ་དོན་ཡོད་གྲུབ། །ཁ་དོག་སྣ་ཚོགས་བྱུང་བ་ལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཀརྨ་ཞེས་ནི་དབང་བསྐུར་རོ། །བདག་ཉིད་ཤར་ལྷོ་མཚམས་

འགྲེང་སྟེ། །སྔགས་གཡོག་བྱང་ཤར་མཚམས་སུ་ནི། །པུས་བཙུགས་ཐལ་སྦྱར་འདུག་པ་ཡིས། །དཀྱིལ་འཁོར་གང་བཞེངས་ལས་རྣམས་ནི། །གང་བཞེང་གཙོ་བོའི་བཀའ་བཞིན་དུ། །ལས་ཀྱི་བྱེད་པོར་བདག་གྱུར་པས། །ཐམས་ཅད་མ་ལུས་བདག་གིས་བགྱི། །
དེ་ནས་ཐུབ་དབང་བསྐུལ་བྱས་ནས། །དེ་ནས་སྦྱང་བར་བྱ་བ་ནི། །བདག་པོ་གང་ཡིན་ཏིང་འཛིན་ལས། །ཡཾ་གྱིས་ཕྲག་དོག་གཏོར་ལུད་དཀྱིལ། །དེ་ན་རྡོ་རྗེ་རྩེ་ལྔ་འབར། །འོད་འཕྲོས་དངོས་པོའི་མཚན་མ་བསྲེགས། །བདག་ཉིད་ཡི་གེ་ཁར་གྱུར་གཙོ། །མངའ་བདག་དེ་ཡི་བྱིན་བརླབས་ཆུ། །རྒྱུན་
གྱི་ཁམས་དག་དེ་ཉིད་རང་། །དེ་ཡི་བྱིན་བརླབས་ཡོན་ཏན་བཅུ། །དེ་མཐུ་ལས་བྱེད་ལས་རྣམས་འགྲུབ། །མཁས་པས་ཐིག་བཏབ་ཙ་ཐཱིའི་དམིགས། །ལྷ་མོས་གཤེགས་བསྐུལ་སྐུད་ལ་ཐིམ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་གྱུར། །ལྟེ་བའི་ཐད་ཀར་ཐལ་བཀན་ལ། །གཡས་པ་བཀན་གཞག་
མཐེབ་ངོས་སྦྱར། །དེ་ནས་སྦུབ་ལྡོག་ནམ་མཁར་གདབ། །ལན་གཅིག་གཉིས་གསུམ་བཏབ་པའི་མཐུས། །རང་བཞིན་བྱོན་དང་ཏིང་འཛིན་གསལ། །ངན་སོང་གསུམ་བདེ་ཞུས་བཤད་བསྟོད། །མཆོག་གསུམ་ལྷ་ཚོགས་མཆོད་ཕྱག་འཚལ། །ཨོཾ་བྷྲཱུཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།
ཞེས་པས་རང་བཞིན་ཐིག་གདབ་བྱ། །བདག་ཉིད་ཤར་ལྷོ་མཚམས་སོང་སྟེ། །ལས་བདག་བྱང་ཤར་མཚམས་འདུག་སྟེ། །དེ་ནས་དཀྱིལ་འཁོར་ཐིག་གདབ་པ། །དམ་ཚིག་བསྐུལ་དང་ལས་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཚད་ལྡན་སྔགས་གཡོག་མེད་ཕུར་ཚོགས། །
སེམས་ཅན་དོན་བྱས་བདག་ཉིད་ཀྱི། །སླར་ཡང་ཐུགས་ཀར་བསྡུ་བར་བྱ། །ཨོཾ་བཛྲ་སཾ་ཧ་ར་ཎ་ཧཱུཾ་ཧཱུཾ་ཧཱུཾ། སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རིགས་ལྔ་ཡི། །གཙོ་བོ་གང་ཡིན་དེ་ཉིད་ལ། །གསང་གསུམ་ཞེས་སུ་བསྒྲགས་པའང་མཆོག །ཚོན་ནི་དྲི་དང་པ་ཙན་དང་། །
རིན་ཆེན་ཕུང་པོ་གསུམ་དུ་བསྟན། །ཡོན་ཏན་སྐུ་འདྲ་ལས་ཐུགས་བཞིན། །དབུས་ཀྱི་ཕོ་བྲང་བསྐོར་བ་ཡིན། །འཁོར་ལོ་རྡོ་རྗེ་ར་བ་ནི། །ཕྱེ་མ་དཀར་པོས་ཉིས་རིམ་བྲི། །ལྷས་ཀྱི་ལྷ་ལས་མ་གཏོགས་པ། །ཕལ་པ་དང་ནི་བསྲུང་བཀྲ་ཤིས། །ཕྱེ་མ་དཀར་པོ་ཆིག་རྐྱང་བྲི། །སྒོ་ཡི་ཚོན་སྣ་

པཉྩའོ། །གཉིས་པ་ཏྲི་ལ་སྒོ་གོང་བརྩིག །རྐྱང་བྲིས་ཕྱག་རྒྱ་དགོད་པ་ཡང་། །གཙོ་བོ་གཟུགས་ལ་འཁོར་ཕྱག་རྒྱ། །ཕལ་ལ་སོགས་པ་ཡིག་འབྲུའོ། །ཐ་མལ་པ་དག་ཐིག་ལེའོ། །ཚོན་ལ་སོགས་པའི་ལས་རྣམས་ཀུན། །དབང་ལྡན་ཕྱོགས་ནས་བྱ་བར་ཤིས། །དབང་
ལྡན་འདྲེན་པའི་ལྷ་དབང་ཕྱོགས། །ཚོན་ནི་ནང་ནས་དགྱེ་བར་བྱ། །དེ་ནས་ཕྱག་རྒྱ་ནོར་བུ་བུམ། །དགོད་པ་ཉིད་དུ་བྱ་བ་ཡིན། །གཟུངས་ཐག་སློབ་དཔོན་གཟུང་བ་ཤིས། །དེ་འོག་ཚོན་རྣམས་རིམ་གྱིས་གཏང་། །དེ་ནས་ཕྱག་རྒྱའམ་ཡིག་འབྲུ་གཞག །ཐོག་མར་སྒོ་ཡི་ཚོན་དགྱེ་ནས། །དེ་
འོག་སྒོ་ཡི་ཕྱག་རྒྱ་དང་། །གླང་སེང་རྣམས་ཀྱང་དགོད་པར་བྱ། །མཎྜལ་ཐམས་ཅད་བྱི་དོར་ནི། །དང་པོ་བ་ལྕི་དེ་འོག་ཏུ། །རྣམ་ལྔས་བསྐུས་ནས་དེ་འོག་ཏུ། །དྲི་ཡི་ཆུས་ནི་བྱུག་པར་བྱ། །ཚོན་དགྱེ་དུས་སུ་ཐུགས་དམ་བསྐུལ། །སེམས་ཅན་ཁམས་ནི་ཞི་བྱེད་པའི། །འདི་ནི་ཆོས་དབྱིངས་རོ་
ཡིན་པས། །སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །དེ་བས་བདག་གིས་བཀའ་བཞིན་དུ། །ཚོན་འགྱེད་པ་ཡི་ལས་བགྱིད་ན། །རྒྱལ་བ་ཀུན་བྱིན་དབང་བསྐུར་ཅིག །ཕྱག་རྒྱ་དགོད་ཕྱིར་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་རྟགས་མཚན་མ་འདི། །འགྲོ་ལ་ཕན་ཕྱིར་དགོད་དོ་ཞེས། །
སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །རྒྱལ་བ་ཀུན་གྱིས་དབང་བསྐུར་ཅིག །རྒྱན་རྣམས་དང་པོ་ནོར་བུ་སྟེ། །དེ་ལ་སོགས་པ་དགོད་པར་བྱ། །བྱིན་གྱིས་བརླབས་པའི་རིན་པོ་ཆེས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །སྔགས་རྣམས་གོང་མ་དེ་ལས་ནི། །ཏིཥྛ་བཛྲ་བསྣན་པར་
བསམས། །རིན་ཆེན་སྣ་ཚོགས་རྒྱུ་ལས་བྱས། །ཁ་དོག་དབྱིབས་སུ་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །རྟེན་གྱི་འབྲས་བུ་མཚོན་འབྲེལ་རྟགས། །ཡེ་ཤེས་ལྔ་ཡི་རང་བཞིན་པས། །ཐུགས་རྗེ་གཟུངས་ཐག་ཆེན་པོ་ཡིས། །དཀྱིལ་
འཁོར་འདི་ལ་བྱིན་གྱིས་རློབས། །ཕྲིན་ལས་ཡོན་ཏན་ལྷུན་གྲུབ་པའི། །བླ་རེ་ཀུན་བཟང་དང་ཉིད་རྟགས། །འབྲས་བུ་རྟགས་ཀྱི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྐུ་ཡི་ཕྱག་རྒྱ་མཚོན་མཛད་ཅིང་། །མཚན་དང་དཔེ་བྱད་

འཕན་ཆེན་གྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཉོན་མོངས་གདུང་བ་སེལ་བྱེད་པའི། །གདུགས་མཛེས་གསེར་གྱི་ཡུ་བར་ལྡན། །སྐྱབས་ཆེན་བྱམས་པ་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཉོན་མོངས་བདུད་ལས་རྒྱལ་མཛད་པའི། །རྒྱལ་བའི་རྒྱལ་བ་རྒྱལ་མཚན་ཏེ། །
རྟགས་ཀྱི་རྒྱལ་མཚན་ཆེན་པོ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཕྲིན་ལས་ཆོ་འཕྲུལ་བཞི་བཞི་ཡིས། །ལས་རྣམས་རྒྱ་མཚོ་རྫོགས་མཛད་པའི། །སྙན་པའི་བ་དན་གསུང་སྒྲོགས་པས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །རྒྱུ་དང་འབྲས་བུར་འབྲེལ་པའི་རྟགས། །ཁ་དོག་སྣ་
ལྔ་འབར་བ་ཡི། །ལྷབ་ལྷུབ་ལྡ་ལྡི་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཐུགས་རྗེ་གཟུངས་ཐག་ཡེ་ཤེས་བཞིས། །སངས་རྒྱས་བཞི་ཡི་ཕྲིན་ལས་ཐུགས། །ཐུགས་རྗེ་སྲད་བུ་འཕེལ་གཟུངས་ཀྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཚད་མེད་བཞི་དང་བསྡུ་བ་བཞིས། །
འགྲོ་བའི་དོན་རྣམས་རྫོགས་མཛད་པ། །དྲི་ཞིམ་རྟ་བབས་ཕྱག་རྒྱ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །མགོ་རྨོངས་འཁྱམས་པའི་མུན་སེལ་མཛད། །གཏི་མུག་གོ་བྲལ་ཤེས་རབ་མདས། །གཏིང་དབུགས་བྱང་ཆུབ་ལམ་འགོད་པས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །
འཁོར་བའི་དྲ་བ་ཆགས་པའི་རྒྱུན། །མཐའ་གཉིས་གཅོད་མཛད་བྱམས་པའི་མགོན། །ཤེས་རབ་རྟགས་ཀྱི་རལ་གྲི་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཁྲོ་གཏུམ་རྔམ་པའི་ཚུལ་འཆང་བས། །ལོག་པར་ལྟ་བའི་ཞེ་སྡང་འདུལ། །ཡེ་ཤེས་འབར་བའི་ཀཱི་ལ་ཡས། །དཀྱིལ་
འཁོར་འདི་ལ་བྱིན་གྱིས་རློབས། །མཚན་མའི་ཡུལ་རྣམས་སེལ་མཛད་ཅིང་། །སྲུང་དང་མཚམས་ཀྱི་ལས་མཛད་པ། །འགབ་འཁོར་སྲུང་བ་ཆེན་པོ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་མ་ལུས་པའི། །དཔེ་བྱད་རྟགས་ཀྱི་ད