Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 68

Văn bản gốc(Tây Tạng)

Trang 8 / 22 (50.000 ký tự/trang)
་བྱེད་དུ་གཞུག་གོ། །ཨོཾ་སརྦ་
ཏ་ཐཱ་ག་ཏ་བཻ་རོ་ཙ་ན་པཱུ་ཛོ་པསྠ་ན་ཡ་ཨཱཏྨ་ནཱཾ་ནཪྻི་ཏ་ཡཱ་མི། བཻ་རོ་ཙ་ན་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་ཞིང་སྙིང་གར་རྡོ་རྗེ་འདི་བཞག་སྟེ། སྔགས་འདི་སྨྲ་བར་བྱའོ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་སུ་ར་ཏ་ས་མ་ཡ་སྟྭཾ། ཨ་ཧཾ་སིདྡྷྱ་བཛྲ་ཡ་ཐ་སུ་ཁཾ། ཞེས་
བརྗོད་དོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ་ལག་ཏུ་གཞག །དེ་ནས་སྔགས་འདིས་བསྲུང་བ་བྱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཻ་རོ་ཙ་ན་ས་པ་རི་བཱ་ར་རཀྵ་སརྦ་ཡེ་བྷྱཿསྭཱ་ཧཱ། དེ་ནས་འདི་སྐད་བརྗོད་དེ། དེང་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་
བརླབས་པར་འགྱུར་གྱིས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མི་བྱ་ཞིང་། དད་པ་མེད་པ་རྣམས་ལ་ཡང་མ་ཡིན་ནོ། །དེ་ནས་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་ཀྱིས་བཀུག་སྟེ་བཞག་ནས་སྡོམ་པ་འཛིན་དུ་གཞུག་
གོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྲུབ་པ་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་

བ་སུ་ལ་ཡང་མ་སྨྲ་ཤིག །ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། སྙིང་གར་རྡོ་རྗེ་བཞག་སྟེ། ཨོཾ་འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་སྙིང་ལ་རབ་ཏུ་གནས། །གལ་ཏེ་གཞན་ཞིག་ལ་སྨྲས་ན། །ཁྱོད་ཀྱི་སྙིང་ལས་འབྱུང་བར་འགྱུར། །ཞེས་བརྗོད་དོ། །དེ་ནས་དུང་ཆོས་བཟང་པོའམ། ཉ་
ཕྱིས་ལ་སོགས་པའི་ནང་དུ་ཆུ་བླུགས་ལ་ཡི་གེ་གསུམ་གྱིས་སྦར་བར་བྱ་སྟེ་ཆུ་བླུད་པར་བྱའོ། །འདི་སྐད་བརྗོད་དེ། འདི་ནི་སེམས་ཅན་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། ཨོཾ་བཛྲོད་ཀ་ཋ་ཋ་ཋ།
ཞེས་བརྗོད་དོ། །དེ་ནས་དམ་ཚིག་བརྟན་པར་གྱུར་ནས། སློབ་མ་ལ་འདི་སྐད་བསྒོ་སྟེ། དེང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཡ་ང་བ་མ་སྤངས་པར་དུས་བྱས་
ནས། དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། དེ་ནས་སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྣམ་པར་སྣང་མཛད་ཀྱི་རྣལ་
འབྱོར་དུ་བྱས་ལ། དེ་ནས་འོད་ཟེར་བྱུང་བས་སློབ་མའི་སྙིང་གར་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ། དེའི་ཕྱི་རོལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཆུད་པ། གྲུ་གསུམ་གྱི་ནང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་དམར་པོ། སྤྱི་བོར་ཡི་གེ་ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ་
འཁོར་བར་བསྒོམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བྱ་སྟེ། འདི་སྐད་སྨྲའོ། །ཨོཾ་ཨཱ་ཝེ་ཤསྟུ་ཏེ་སྟ་དྷེ་བཛྲ་གྷ་མཱ་ནུཏྟ་རཾ། ཞེས་བརྗོད་དོ། །དེ་ནས་སྦོམས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་མེ་ལ་བོར་ཏེ། བསྐོར་ཞིང་སློབ་མའི་ལག་ཏུ་བཞག་ནས་མེ་ཏོག་གི་ཕྲེང་བ་ཡང་བྱིན་ལ་ང་རྒྱལ་ཡང་
བསྐྱེད་དེ་སྔགས་འདི་སྨྲས་སོ། །ཨོཾ་བཻ་རོ་ཙ་ན་ཨཱ་ཝེ་ཤ་དྷུ་ན་དྷུ་ན། ཀཾ་པཱ་ཀཾ་པཱ་ཀཾ་པཱ་ཡ་པ་ཏཾ་གྷྲྀ་ཎ་གྷྲྀ་ཎ་པ་ཡ་བཻ་རོ་ཙ་ན་སྭཱ་ཧཱ། ཞེས་བྱ་བས་བབས་ནས་ལྕེ་ལ་ཨ་དམར་པོ་བསམས་ཏེ། ཀྱེ་རྡོ་རྗེ་རུང་ངམ་མི་རུང་སྨྲོས་ཤིག་ཅེས་བྱ་བ་དང་། ལེགས་ཉེས་ཀུན་སྨྲ་བར་འགྱུར་རོ། །ཨོཾ་བྷ་ག་

བཱན་བཻ་རོ་ཙ་ན་ཨཱ་ཝེ་ཤ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། ཞེས་བརྗོད་དོ། །མེ་ཏོག་དཀྱིལ་འཁོར་དུ་དབུལ་ཞིང་སྔགས་པྲ་ཏཱིཙྪ་ཧོ། །སློབ་དཔོན་གྱིས་ཕྲེང་བ་བླངས་སློབ་མའི་
མགོ་ལ་སྟོབས་པོ་ཆེ་འདི་ལོང་ཤིག་བྱས་ལ་བཅིང་བར་བྱ། དེ་ནས་སྔགས་འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཻ་རོ་ཙ་ན་ས་མནྟ་ཏིཥྛ། ཙཀྵུ་ནེ་ཏྲ་ར་པ་ཧ་ར་མུངྒྷ་ཊ་ཡ་ཏེ། སརྦ་ཨ་ཀྵོ་བཛྲ་ཙཀྵུ་ཨ་ནུཏྟ་རཾ། ཞེས་བརྗོད་ལ་གདོང་གཡོགས་དགྲོལ་ཏེ་མིག་ལ་ཨོཾ་རེ་རེ་དང་། སྙིང་
གར་གཙོ་བོར་བསམ་པར་བྱ། དེ་ལྟར་འབབ་པར་མ་གྱུར་ན། དེ་ནས་སྙིང་གར་ཧཱུཾ་འབར་བ་དམིགས་ལ། རང་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་ང་རྒྱལ་བསྐྱེད་ལ། དེ་ཉིད་ཀྱི་སྔགས་ཀྱི་ཕྲེང་བས་དབབ་པར་བྱ་སྟེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨོཾ་ཏ་ཊ་ཏ་ཊ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་འདིས་དབབ་པར་བྱ།
དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ཀྱེ་རྡོ་རྗེ་ཞེས་བོས་ལ། ལྟོས་ཤིག་ཅེས་བསྒོའོ། །དཀྱིལ་འཁོར་དབུས་ནས་སྒོའི་མཐར་ཐུག་པའི་བར་དུ་བསྟན་པར་བྱའོ། །དེ་ནས་སློབ་མས་མེ་ཏོག་ལ་སོགས་པའི་མཆོད་པ་བྱེད་དུ་བཅུག་ལ། དེ་ནས་སློབ་དཔོན་ཕྱག་ལན་གསུམ་དུ་བྱེད་དུ་གཞུག་གོ། །
དཀྱིལ་འཁོར་ལན་གསུམ་བསྐོར་ལ་སྨོན་ལམ་བཏབ་ནས། རྡོ་རྗེ་སློབ་དཔོན་ལ་ཕྱག་ལན་གསུམ་བྱས་ལ་ཡོན་གྱི་མཆོག་དབུལ་བར་བྱ་སྟེ། བ་དང་། བ་ལང་དང་། རྟ་དང་། ཆུང་མ་དང་། བྲན་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། ས་གཞི་དང་། གྲོང་དང་།
ནོར་དང་། མ་ཧེ་རྣམས་དབུལ་བར་བྱ། བདག་དང་བུ་དང་ཆུང་མ་དང་། །ཡོ་བྱད་རྣམ་པ་སྣ་ཚོགས་པས། །སློབ་དཔོན་མཉེས་པར་གྱུར་པ་ནི། །ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །ཤིན་ཏུ་གསང་བའི་གཞུང་འདི་ཉིད། །རྡོ་རྗེ་སློབ་མ་
གསོལ་བྱ་སྟེ། །དེ་ཉིད་ལ་ནི་ཡོན་གྱི་མཆོག །དམ་པ་ཕུལ་ནས་གསོལ་བ་གདབ། །ཇི་ལྟར་སྔོན་གྱི་རྒྱལ་པོ་ལ། །རྡོ་རྗེ་སེམས་དཔས་དབང་བསྐུར་ལྟར། །ཡོན་ཏན་ལྡན་པས་བརྩེར་དགོངས་ནས། །དབང་རྣམས་བདག་ལ་སྩལ་དུ་གསོལ། །དེ་ནས་སློབ་དཔོན་གྱིས་སྣོད་དུ་

རུང་བར་དགོངས་ནས། དད་པ་དང་སྔགས་མཁས་པར་མཐོང་ནས་དབང་བསྐུར་བར་བྱའོ། །དང་པོར་རྣམ་པར་རྒྱལ་བ་ལ་སོགས་པ་རྣམས་ལས། དུང་ཕོར་བཟང་པོའི་ནང་དུ་ཆ་བསྡུས་ཏེ། དེ་ནས་རྣམ་པར་སྣང་མཛད་ཀྱི་སྔགས་ཀྱིས་སྙིང་གའི་དཀྱིལ་འཁོར་གྱི་འོད་ཟེར་གྱིས་ནམ་
མཁའ་ལས་ལྷ་མོ་བསམ་གྱིས་མི་ཁྱབ་པ་གསེར་གྱི་བུམ་པ་ཐོགས་པ་འབྱུང་བས་དབང་བསྐུར་བར་བསམ་ཞིང་། རང་གིས་ཀྱང་དུང་ཕོར་གྱི་ཆུ་འདིས་སྤྱི་བོར་བླུགས་ཤིང་སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་ཆུའི་དབང་བསྐུར་བའོ། །དེ་ནས་དབུ་རྒྱན་ལ་སངས་རྒྱས་
ལྔ་བསྒོམས་ལ། དར་དཔྱངས་དང་བཅས་པ་ལག་ཏུ་ཐོགས་ཏེ། སྔ་མ་བཞིན་དུ་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང་། སྔགས་བརྗོད་ལ་དབུ་རྒྱན་བཅིང་བར་བྱའོ། །ཨོཾ་བཛྲ་བ་ར་ད་ཀ་བཛྲཱ་རལླི་ཧོ། །དེའི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་སྔགས་བཟླས་པའི། མེ་ཏོག་གི་ཕྲེང་བ་
བཅིང་བར་བྱ་སྟེ། འདི་ནི་དབུ་རྒྱན་དང་ཕྲེང་བའི་དབང་ངོ་། །དེ་ནས་རྡོ་རྗེ་བཟུང་ལ་སློབ་མའི་ལག་པ་གཉིས་ཀས་བཟུང་ལ། སངས་རྒྱས་རྡོ་རྗེ་དབང་གིས་ནི། །ཁྱོད་ནི་དེང་འདིར་དབང་བསྐུར་འགྱུར། །འདི་ནི་སངས་རྒྱས་དེ་ཀུན་ཉིད། །རབ་ཏུ་འགྲུབ་ཕྱིར་རྡོ་རྗེ་ལོང་། །འདི་ནི་རྡོ་
རྗེའི་དབང་ངོ་། །དེ་ནས་ལག་ཏུ་རྡོ་རྗེ་དྲིལ་བུ་བླངས་ཏེ། སྔགས་འདིས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བྱ་བས་དྲིལ་བུ་ལག་ཏུ་བྱིན་ལ་འདི་སྐད་བརྗོད་དོ། །དྲིལ་བུ་སངས་རྒྱས་ཀུན་གྱི་དངོས། །དཀྲོལ་བའི་སྒྲ་ནི་ཤེས་རབ་ཉིད། །ཁྱོད་ཀྱིས་
བརྟན་པར་གཟུང་བར་གྱིས། །བྱང་ཆུབ་མཆོག་ཅེས་སངས་རྒྱས་གསུངས། །དངོས་རྣམས་རང་བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ཡིས། །དམ་པའི་དངོས་པོ་མེད་པར་འགྱུར། །འདི་ནི་བདག་པོའི་དབང་ངོ་། །དེ་ནས་སྤྱི་བོར་
ལག་པ་བཞག་ལ་དབང་བསྐུར་ཏེ། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཤེ་ཀ་ཏ། ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་རྡོ་རྗེ་མིང་གི་དབང་བསྐུར་རོ། །དེ་ནས་རྡོ་རྗེ་བརྟུལ་ཞུགས་བྱ་སྟེ། ལག་པར་རྡོ་རྗེ་བླངས་ཏེ། འདི་ནི་རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་རྟག་ཏུ་བཅང་བར་གྱིས། །

ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །སློབ་མས་རྡོ་རྗེའི་རྩེ་མོ་ནས་བཟུང་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བྱ་བ་འདི་ནི་རྡོ་རྗེ་ཐུགས་དཀའ་ཐུབ་པའོ། །དེའི་དབང་པོ་ཐོབ་པའི་སྔགས་པས་
ལས་ཅི་བྱས་པ་འགྲུབ་པར་འགྱུར་རོ། །འདི་དག་ཀུན་ནི་རིག་པའི་དབང་བསྐུར་བ་ཡིན་ནོ། །སེམས་ཅན་གྱི་དོན་བྱ་བའི་ཕྱིར། ཕྱིར་མི་ལྡོག་པའི་དབང་སྦྱིན་པར་བྱ་སྟེ། མི་ལྡོག་འཁོར་ལོའི་དབང་སྩོལ་ཅིག །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་བྱ་བའི་བར་གྱིས་གསོལ་བ་
གདབ་པར་བྱའོ། །དེ་ནས་སྣ་ཚོགས་པདྨའི་སྟེང་སེང་གེའི་ཁྲི་བྱས་པའི་སྟེང་དུ་རས་ལ་སོགས་པའི་སྟན་བཏིང་ལ། དེའི་སྟེང་དུ་སློབ་མ་བཞག་ལ། བགེགས་གཞོམ་པའི་ཕྱིར་སྔགས་བཟླ་ཞིང་། སློབ་མ་ཤར་གྱི་སྒོར་གཞག་པར་བྱ་སྟེ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ་
དབང་བསྐུར་བའི་ཡོ་བྱད་རྣམས་བསགས་ཏེ། དབང་བསྐུར་བར་བྱའོ། །དེ་ནས་ལག་པ་གཉིས་སུ་རང་གི་མཚན་མ་འཁོར་ལོ་དང་། པདྨ་དང་། རལ་གྲི་སྦྱིན་པར་བྱ་ཞིང་འདི་སྐད་བརྗོད་པར་བྱའོ། །ཞི་བ་དང་། རྒྱས་པ་དང་། དབང་ལ་སོགས་པ་དང་། དབྲལ་བ་དང་། གཞིག་པ་
དང་། གསད་པ་དང་། དབྱུང་བ་དང་། དགུག་པ་ལ་སོགས་པ་ལས་ཐམས་ཅད་དེ་རིང་ཕན་ཆད་གྱིས་ཤིག །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །འདི་ནི་འཁོར་
ལོའི་དབང་ངོ་། །དེ་ནས་མེ་ལོང་བསྟན་ལ། ཆོས་ཀུན་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་དངས་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་
མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཧོ་ཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །ཕྱོགས་བཞིར་མདའ་འཕེན་དུ་གཞུག་ཅིང་། སྟེང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ། །དེ་ནས་རིན་པོ་ཆེའམ་

གསེར་གྱི་ཐུར་མ་ཐོགས་ལ། སློབ་མའི་མིག་གཉིས་སུ་པྲ་བཀོད་ལ། །ཐུར་མ་དེས་མིག་བྱུགས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་ངས་བསལ་མཛད། ཨོཾ་བཛྲ་ནེ་ཏྲ་ཨ་
བ་ར་ཧ་ར་པ་ཊ་ལཾ་ཧྲི། དེ་ནས་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་དུ་མ་ལུས་གང་བར་གྱིས། །དེ་ནས་སེམས་དཔའི་རྡོ་རྗེ་ལག་ཏུ་བྱིན་ལ། ལྷ་རྣམས་དང་ནི་སེམས་ཅན་ལ། །
ཅི་དགའ་བར་ནི་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་གསང་བ་ཡི། ལོང་ཤིག་རྡོ་རྗེ་གྲུབ་པའི་ཕྱིར། །གྲུབ་པ་ཆེན་པོ་ཁྱོད་ཀྱི་ལས། །བདུད་རྣམས་ཆེན་པོ་འདུལ་བར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །ཤིང་ལྷམ་དང་ནི་མགུ་ལིང་ཀི། །ལྷ་དང་གནོད་སྦྱིན་མོ་གྲུབ་དང་། །
ཇི་ལྟར་འདོད་པ་གྲུབ་པར་གྱིས། །ཞེས་བསྒོ། །དེ་ནས་སློབ་དཔོན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ལ། མདུན་ན་སློབ་མ་གནས། སྣ་བུག་གཡས་པ་ནས་ནང་དུ་བཅུག་ལ། འོད་ཟེར་གྱིས་དག་པར་སྦྱངས་ནས་སྣ་བུག་གཡོན་པ་ནས་ཕྱིར་བྱུང་ལ་མདུན་དུ་བཞག་སྟེ་ལུང་བསྟན་པར་བྱ།
དེ་བཞིན་གཤེགས་པའི་ཁུ་ཚུར་གཡོན་པས་སྙིང་གར་ཆོས་གོས་ཀྱི་མཐའ་མ་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མི་འཇིགས་པའི་ཚུལ་དུ་བྱའོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་དེ་བཞིན་གཤེགས་པ་དང་། །སྲིད་པའི་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་དག་
ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པ། སཏྭ་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ །ཞེས་གང་ལུང་བསྟན་པར་བྱས་ནས། དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་འཁོར་དང་བཅས་པ་རང་རང་
གི་དམ་ཚིག་མགྲིན་གཅིག་ཏུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ལུང་སྟོན་པར་འགྱུར་རོ་ཞེས་སློབ་མ་ལ་བསྒོ་བར་བྱའོ། །དེ་ནས་སྔགས་ཀྱིས་བྱིན་གྱིས་བརླབས་ལ། རྒྱལ་པོའི་དབང་གི་ཚུལ་གྱིས་དུང་དང་། རྔ་པ་ཊ་ཧ་དང་། རྔ་བོ་ཆེ་དང་། རྔ་ཐམས་ཅད་དང་། གླུ་དང་།

སྒེག་མོ་ལ་སོགས་པ་ཐམས་ཅད་སློབ་མའི་བ་སྤུའི་བུ་གར་སྤྲུལ་པའི་ཚུལ་དུ་ཞུགས་ནས། ཡིད་དུ་འོང་བའི་གླུ་དང་། སྔགས་བརྗོད་ཅིང་ཚིག་འདིས་དབང་བསྐུར་བར་བྱའོ། །རྡོ་རྗེ་དབང་བསྐུར་ཆེན་པོ་ཡིས། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །དམ་ཚིག་གསུམ་གྱི་
གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྩོལ་བར་མཛད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། དེ་ནས་བཀྲ་ཤིས་རྣམས་མཆོད་པར་བྱའོ། །དེ་ནས་ཆོས་གོས་རྣམས་བཏོན་ཏེ། མེ་ཏོག་ལ་སོགས་པས་མཆོད། མཆོད་ཕྱིར་གདུ་བུ་བཅས་པར་བྱ། །དེ་ནས་
བླ་མ་བདག་ཉིད་ཀྱིས། །དེའི་སྤྱི་བོར་གདུགས་ཀྱང་གཟུང་། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །སྤྱི་བོས་བཏུད་དེ་ཕྱག་འཚལ་གཞུག །སློབ་མ་འདི་ནི་ཕུལ་བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་
དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །བསྒྲུབ་བྱ་ཀུན་ཀྱང་རྒྱུད་ལ་སྦྱོར། །ཁྱོད་ཀྱི་ཆོས་ལ་སེར་སྣ་དང་། །སེམས་ཅན་ཀུན་ལ་མི་ཕན་པ། །ཉམ་ང་ཆེན་པོར་གྱུར་
ཀྱང་ནི། །བུ་ཁྱོད་ཀྱིས་ནི་མི་བྱའོ། །དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། ཕྱག་རྒྱ་སློབ་མ་ལ་སྦྱིན་པར་བྱའོ། །ཕྱག་རྒྱ་ཁྱོད་ལ་བྱིན་གྱིས་བརྟན་པར་གྱུར་ཅིག །བདག་གིས་ཕྱག་རྒྱ་བླངས་པ་བརྟན་པར་གྱུར། དེ་བཞིན་དུ་སློབ་དཔོན་གྱིས་སློབ་མ་ལ་ལྷའི་སྔགས་དང་། མན་ངག་
དང་། ཕྱག་རྒྱ་བཞི་ཡན་བསྟན་ཅིང་གཉི་གས་སྔགས་བཟླས་ཤིང་། སློབ་དཔོན་གྱིས་འདི་སྐད་བསྒོ་བར་བྱ། ཁྱོད་ཀྱིས་ཕྱག་རྒྱ་ལ་སོགས་པ་མི་ཤེས་པ་སུ་ལ་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་མ་མཐོང་བ་རྣམས་ལ། ཕྱག་རྒྱ་ལ་སོགས་པ་བསྟན་ན། སྐྱེ་བོ་དད་པ་
མེད་པས་འཕྱས་ནས་ནད་ཀྱིས་བཏབ་སྟེ། དུས་མ་ཡིན་པར་ཤི་ནས་དམྱལ་བར་སྐྱེ་བར་འགྱུར་ལ། བསྟན་པའི་རྒྱུས་རང་ཉིད་ཀྱང་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ནས་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། ཇི་ལྟར་ཞུགས་པའི་སློབ་མ་རྣམས། །དཀྱིལ་འཁོར་མཐོང་བས་སྒྲིབ་པ་འབྱུང་། །

དི་རིང་སངས་རྒྱས་རིགས་སུ་ནི། །ཁྱེད་རྣམས་སྐྱེ་བར་ཐེ་ཚོམ་མེད། །དེའི་འོག་ཏུ་དམ་ཚིག་སྦྱིན་པར་བྱ་སྟེ། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གནོད་པ་བྱེད་ལ་བྱམས་སེམས་བསྐྱེད། །རྡོ་རྗེ་
སྤུན་ལ་བསྙེན་བཀུར་བྱ། །དད་པ་ཅན་ལ་སྨད་མི་བྱ། །སློབ་དཔོན་ལ་ནི་སྨད་མི་བྱ། །ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། །བླ་མ་ལ་ནི་ཡོན་ཡང་དབུལ། །དངོས་པོ་ཁྱད་པར་གང་དང་གང་། །བླ་མ་མཉེས་ཕྱིར་དེ་ལ་དབུལ། །དེ་བཞིན་བླ་མ་དེ་ལ་ནི། །ཟད་དང་ཕོངས་པ་མེད་པར་དབུལ། །
བླ་མ་དེ་ལ་བརྙས་མི་བྱ། །གལ་ཏེ་བརྙས་པར་གྱུར་ན་ནི། །སངས་རྒྱས་རྣམས་ལ་བརྙས་དང་མཚུངས། །དེ་ཡི་རྣམ་སྨིན་མྱོང་བར་ནི། །དུས་མ་ཡིན་པར་འཆི་བའི་རྐྱེན། །གླེན་དང་དགྲ་དང་རྐུན་པོ་དང་། །དེ་བཞིན་གདོན་དང་རིམས་ཀྱིས་ཐེབས། །རྒྱལ་པོའི་ཆད་དང་ཕྲ་མེན་དང་། །མེ་
དང་ཆུ་དང་རྟག་ཏུ་དུག །བགེགས་དང་བར་ཆད་ཤ་འཁོན་གཉེར། །ཤི་ནས་དམྱལ་བར་ལྟུང་བར་འགྱུར། །སེམས་ནི་ཁྲོ་བར་མི་བྱ་ཞིང་། །ནམ་ཡང་ཤེས་རབ་ཉམས་མི་བྱ། །བསྟིར་མེད་དམྱལ་བ་སྐྲག་པའི་གནས། །དེ་ཉིད་འདིར་ནི་བཟློག་པར་བཤད། །དེས་ན་བླ་མ་སྨོད་པ་བསྡམ། །
ཐམས་ཅད་སྡོམ་པས་ཡོངས་སུ་བཟུང་། །རྡོ་རྗེ་སློབ་དཔོན་ཆེན་པོ་ནི། །གཙང་ཞིང་གུས་དང་དག་པ་དགེ །ནམ་ཡང་མི་མཉེས་མི་བྱའོ། །རང་གི་དངོས་པོ་དེ་ལ་ཕུལ། །བླ་མར་ཕུ་དུད་རྟག་ཏུ་བྱ། །གལ་ཏེ་ཉེས་པ་བྱས་ན་ནི། །ཚ་བའི་རིམས་ནི་མི་ཟློགས་ལྟར། །དེ་བཞིན་འགྱོད་
བཤགས་སྦྱངས་ཏེ་བསྡམས། །ཁྱེད་ཀྱིས་རྟག་ཏུ་དམ་ཚིག་བསྲུངས། །འདི་ནི་དམ་ཚིག་སྦྱིན་པའོ། །དེའི་འོག་ཏུ་ཇི་ལྟར་ཞུགས་པའི་སློབ་མ་རྣམས། བཟའ་བཏུང་ལ་སོགས་པས་སེམས་དགའ་བར་བྱས་ཏེ་བཏང་། དེའི་འོག་ཏུ་ཐབ་ཁུང་ལ་རྣམ་པར་སྣང་མཛད་བསམས་ཏེ། རྒྱལ་
བའི་ཆོ་གས་མར་གྱི་སྲེག་བླུགས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེའི་འོག་ཏུ་ཞི་བའི་ཐབ་ཁུང་ལ་རང་དང་སློབ་མ་དང་། རྒྱལ་པོ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞི་བའི་ཆོ་གས་མར་གྱི་དགང་བླུགས་བརྒྱ་ཕུལ་ཏེ། མཆོད་པ་ཐམས་ཅད་ཀྱིས་མཆོད་དེ། གཤེགས་སུ་གསོལ་

བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གནས་སུ་འདུག་ལ། བསྟོད་པ་དང་། མཆོད་པ་དང་། ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་པ་དང་། ཕྱག་བྱས་ཏེ་མཆོད་པ་ཕུལ་ནས། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། སྨོན་ལམ་བཏབ་
ཅིང་སྔ་མའི་ཕྱག་རྒྱ་བཅིངས་ཤིང་དགྲོལ་བར་བྱའོ། །རྡོ་རྗེ་དྲིལ་བུ་བླངས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་གཤེགས་སུ་གསོལ་བར་བསམ་ཞིང་། ཇི་ལྟར་སྤྲུལ་པའི་འཁོར་ལོ་རྣམས་སྙིང་གར་བསྡུས་ལ། ཨ་ཀཱ་རོ་མུ་ཁཾ་
སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། ཅེས་བརྗོད་ཅིང་། ཨོཾ་ཀྲྀ་ཏོ་བྷ་སརྦ་སཏྭཱརྠ། སིདྡྷ་ར་དད་ཐ་ཡ་ཐཱ་ནུ་ག །གཙྪ་ཏྭཾ་བུདྡྷ་བི་ཥ་ཡཾ། པུ་ན་ར་ག་པུ་ན་ར་ག་ཞེས་བརྗོད་ཅིང་། བསྲུང་བ་བྱ་ཞིང་གཏང་བར་བྱ། ས་ཚོན་རྣམས་བསྡུས་ལ་ཆུ་ཆེན་པོར་དོར་བར་བྱ། དེ་ནས་ཨོཾ་བཛྲ་ཀཱི་ལ་ཡ་སརྦ་
ཀལྤཱན་བུདྡྷ་བུདྡྷ་ས་ཏྭེན་བཛྲ་དྷ་ར་ཨ་ཡེ་ཨཱཿཧཱུཾ་ཧཱུཾ། ཞེས་བརྗོད་ཅིང་རྡོ་རྗེ་ཕུར་པ་དབྱུང་བར་བསམ། ཕྱིས་སེང་ལྡིང་གི་ཕུར་བུ་འདིས་དབྱུང་བར་བྱ་སྟེ། ཕྱག་རྒྱ་ནི་འདིའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བྱས་ལ་མཛུབ་མོ་གཉིས་རྩེར་དགུག་པ་བར་དུ་བཅུག་ལ་དབྱུང་བར་བྱའོ། །དེ་ནས་གཙོ་
བོའི་སྔགས་བརྒྱ་རྩ་བརྒྱད་ཀྱིས། དྲི་ཆབ་བམ་འོ་མས་ཕུར་བུ་བཀྲུ་ཞིང་། ཆུ་དེས་བུ་ག་དགང་། དེ་ནས་དཀྱིལ་འཁོར་གྱི་ས་གཞི་བའི་ལྕི་བས་བྱུག །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུས་ནས་སུ། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་རྣམས་ལ་བགོར་མི་རུང་།
དཀྱིལ་འཁོར་གྱི་ནི་ཡོ་བྱད་དག །སློབ་དཔོན་བདག་ཉིད་དབང་བར་བཤད། །གལ་ཏེ་སློབ་མས་སྤྱད་ན་ནི། །དམ་ཚིག་ལས་ནི་ཉམས་པར་འགྱུར། །དེ་ནས་དཀྱིལ་འཁོར་གྱི་གནས་ལ་འདུག་སྟེ། རང་ཉིད་དུས་ཐམས་ཅད་དུ་ལྷའི་ངོ་བོ་ཉིད་དུ་དམིགས་ཏེ། བཟའ་བ་དང་། བཏུང་བ་ལ་
སོགས་པ་ཐམས་ཅད་སློབ་དཔོན་དང་། སློབ་མས་ཇི་ལྟར་དམ་ཚིག་ལས་འབྱུང་བ་བཞིན་དུ་མཆོད་པར་བྱ་ཞིང་བཟའ་བར་བྱའོ། །སློབ་དཔོན་རུ་ར་བྷ་དྲས། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་རིམ་པ་ཞལ་དང་འདྲ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་།

ལོ་ཙཱ་བ་དགེ་སློང་རིག་པ་གཞོན་ནུས་བསྒྱུར་བ།། <རྐང་པ་གསུམ་ལས་མ་བྱུང་དཔྱད།> ༄༅༅། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་མ་ཧཱ་མཎྜ་ལ་སཱ་དྷ་ནོ་པ་ཀི །བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་
ལོ། །ལྷ་ཚོགས་དགའ་ཚལ་རབ་ཏུ་ཡིད་འོང་ནོར་བུ་གསེར་ཤིང་ཡལ་ག་སོགས། །སྨན་དང་མེ་ཏོག་བྱ་མང་སྐད་འབྱིན་ཚངས་པ་ལ་སོགས་འཁོར་གྱིས་བསྐོར། །བྱང་ཆུབ་སེམས་དཔའི་ཚོགས་དང་ལྷན་ཅིག་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ངན་སོང་རྣམ་
པར་སྦྱོང་བར་བྱེད་པ་ལ་སོགས་རྩ་བའི་རྒྱུད་ཆེན་ལས། །བསྡུས་ཏེ་བླ་མའི་མན་ངག་རིམ་པའི་གཞུང་དེ་དིང་འདིར་བདག་གིས་ནི། །མོས་དང་གོམས་པའི་དབང་གིས་བསྒྲུབ་པའི་རིམ་པ་དེ་ལས་མི་འགལ་བ། །མུན་པའི་སྒྲོན་མ་བཞིན་དུ་གསལ་བར་འགྲོ་བ་ཀུན་ལ་ཕན་ཕྱིར་བཤད། །
ཉམས་དགའ་བའམ་གཙུག་ལག་ཁང་། །སྐྱེད་ཚལ་མཆོད་རྟེན་ལྷ་ཁང་སོགས། །དེ་ལྟ་བུ་ཡི་གནས་དག་ཏུ། །བདེ་འཇམ་གློད་ལ་འདུག་བྱས་ནས། །རྣམ་པར་དག་པར་མོས་པ་ནི། །དེ་ཡིས་ནང་གི་ཁྲུས་བྱའོ། །སྤོས་དང་ག་བུར་གུར་ཀུམ་གྱིས། །བཀྲུ་བ་ཕྱི་ཡི་ཁྲུས་སུ་གསུངས། །
དང་པོར་སྔགས་པ་བདག་གིས་དག །དག་པར་འདོད་པས་འདི་ལྟར་བསམ། །མགྲིན་པའི་བུ་གུ་སྟོང་པ་ལ། །ཡི་གེ་ཧྲཱིཿལས་པདྨ་བསམ། །ལྕེ་ལ་པཾ་ལས་བསྐྱེད་པ་ཡི། པདྨ་འདབ་གཅིག་བསྐྱེད་བྱས་ཏེ། །དེ་སྟེང་ཡི་གེ་ཨ་ལས་ནི། །བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་དུ། །ཧཱུཾ་གིས་རྡོ་རྗེ་
རྩེ་ལྔ་བསྐྱེད། །རྡོ་རྗེ་ལྕེ་ལ་ཐིམ་བྱས་ནས། །རྡོ་རྗེ་ལྕེ་ཞེས་བྱ་བ་སྟེ། །སྔགས་བཟླས་མཐུ་དང་ལྡན་པར་འགྱུར། །ལག་གཉིས་མདུན་དུ་བཞག་བྱས་ལ། །དེ་གཉིས་དཀྱིལ་དུ་ཟླ་དཀྱིལ་བསམ། །དེ་སྟེང་ཡི་གེ་ཧཱུཾ་ལས་ནི། །རྡོ་རྗེ་རྩེ་ལྔ་བསྐྱེད་བྱས་ཏེ། །ཤིན་ཏུ་མདོག་དཀར་དེ་ལག་ནང་། །
ཐིམ་པ་རྡོ་རྗེ་ལག་པར་བཤད། །ལག་པའི་རྡོ་རྗེ་ཐིམ་བྱས་ནས། །ཕྱག་རྒྱ་གང་ཡིན་བཅིང་བར་བྱ། །དེ་ནས་རྡོ་རྗེ་འཇིགས་བྱེད་ནས། །རྡོ་རྗེ་རི་ཡི་མཐར་ཐུག་པར། །ཕྱོགས་དང་དྲ་བ་ར་བ་དང་། །བསྲུང་བའི་འཁོར་ལོ་ཐམས་ཅད་ཀྱང་། །མཁས་པར་གྱུར་པས་རབ་ཏུ་བསྒོམ། །དེ་ནས་སྟོང་དང་སྙིང་

རྗེ་གཉིས། །ཐབས་དང་ཤེས་རབ་ལྡན་པ་ཡིས། །རྡོ་རྗེ་དྲིལ་བུ་གཡོན་ཕྱོགས་ནས། །བླངས་ལ་ལག་པའི་སྟེང་བཞག་སྟེ། །རྡོ་རྗེ་སྙིང་རྗེ་བྱང་ཆུབ་སྟེ། །དྲིལ་བུ་སྟོང་པའི་བདག་ཏུ་བརྟག །དེ་ལྟར་བདག་གིས་བསམ་བྱས་ལ། །སྤྱི་བོར་དཀྲོལ་ཏེ་དབང་བསྐུར་རོ། །དེ་ནས་
ཕབ་ལ་ལན་གསུམ་དཀྲོལ། །དེ་གཉིས་གཅིག་གིས་གཅིག་འཁྱུད་དེ། །རྡོ་རྗེ་ལན་གསུམ་གསོར་བྱས་ལ། །ཐུགས་ཀར་བརྟན་པ་སྤྱན་དྲངས་པ། །དྲིལ་བུའི་སྒྲས་ནི་དགྱེས་པ་སྟེ། །དེ་ལྟར་བསམས་ན་ནུས་པ་སྐྱེ། །དེ་ནས་འགྲོ་ལ་ཕན་དོན་དུ། །མཆོག་གི་དངོས་གྲུབ་བསྒྲུབ་པའི་ཕྱིར། །
དང་པོར་འཁོར་ལོ་བཞག་བྱས་ཏེ། །མཁའ་ལ་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལྟར་བྱས་འོག་ཕྱག་ལྔ་བྱ། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་དང་ལྷ་བཤོས་རྣམ་ལྔས་མཆོད། །སྡིག་པ་བཤགས་དང་རྗེས་ཡི་རང་། །གསོལ་བ་གདབ་དང་སྐྱབས་སུ་འགྲོ། །བསྐྱེད་དང་བསྐུལ་དང་
ལམ་བསྒོམ་དང་། །དཀྱིལ་འཁོར་དེ་ལ་བདག་གིས་ཀྱང་། །སྡོམ་པ་ཐམས་ཅད་གཟུང་བར་བྱ། །དེ་འོག་སྤོས་ལ་སོགས་པ་དང་། །སྒེག་མོ་ལ་སོགས་བརྒྱད་ཀྱིས་མཆོད། །རྒྱུད་ཆེན་ནང་ནས་གསུངས་པ་ཡི། །བཅུ་ཕྲག་གཉིས་ཀྱི་མཆོད་པས་མཆོད། །གཞན་ཡང་ལྷ་ཀླུ་ལ་
སོགས་ཀྱིས། །བསྟི་སྟང་བླ་མ་མཆོད་ཅིང་བརྗོད། །མཆོད་པའི་སྤྲིན་གྱིས་རབ་མཆོད་ནས། །སངས་རྒྱས་ལ་ནི་ཡོན་ཏན་བརྗོད། །ཀྱེ་མའོ་སངས་རྒྱས་ཀྱེ་སངས་རྒྱས། །ཀྱེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་སྦྱངས་ནས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །
དེ་ནས་དབང་པོར་བཅས་པའི་ལྷ། །ཐམས་ཅད་ཐལ་མོ་སྦྱར་བྱས་ནས། །ངོ་མཚར་སྐྱེས་ནས་ཕྱག་འཚལ་ཏེ། །དེ་ཡི་མོད་ལ་མི་སྣང་གྱུར། །དེ་ནས་ཏིང་འཛིན་རིམ་པ་འདིས། །གོ་རིམས་བཞིན་དུ་བསྒོམ་པར་བྱ། །བདག་གི་སྙིང་གའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །
དེ་ཡི་དབུས་སུ་དཀྱིལ་འཁོར་ནི། །ནམ་མཁར་བསྒོམ་པ་བསྡུས་ནས་སུ། །སྙིང་གའི་དཀྱིལ་དུ་གཞག་པར་བྱ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་ཀྱིས། །དགུག་དང་གཞུག་དང་བཅིང་བ་དང་། །དབང་དུ་བྱ་བ་རྣམ་པ་བཞིས། །རྣམ་པ་གཉིས་པོ་བསྡུས་ནས་ནི། །དཀྱིལ་འཁོར་གཅིག་ཏུ་

བདག་གིས་བསྒོམ། །དཀྱིལ་འཁོར་འདི་ནི་ཐམས་ཅད་དུ། །རྫོགས་པའི་སྦྱོར་བ་ལས་བྱུང་བའི། །སྦྱོང་བའི་རྒྱལ་པོ་ལ་སོགས་པའི། །དཀྱིལ་འཁོར་ལྷ་ནི་ཐམས་ཅད་དག །བདག་གི་སྙིང་གའི་དབུས་སུ་ནི། །བཙོ་བོའི་རྒྱལ་པོ་བསྒོམ་པར་བྱ། །དེ་ནས་རྒྱལ་བའི་ཐུགས་ཀ་རུ། །ཟླ་དཀྱིལ་
དབུས་སུ་སྔགས་ཀྱི་གཟུགས། །དེ་ལས་འོད་ཟེར་འཕྲོས་བྱས་པས། །གདུག་པ་གང་ཡིན་ཐམས་ཅད་ལ། །ཕོག་པས་དེ་དག་ཀུན་བཀུག་ནས། །སྔགས་དང་ཕྱག་རྒྱས་དེ་དག་དབྲོག །དེ་སོགས་ཐབས་ཀྱི་ཐབས་ཀྱིས་ནི། །ཁམས་གསུམ་སྡུག་བསྔལ་སྦྱང་བར་བྱ། །དེ་ལས་གྲོལ་ཞིང་
ཐར་བྱས་ནས། །འོད་ཟེར་གྱིས་ཀྱང་ཕོག་བྱས་ནས། །སྙིང་གར་དགུག་གཞུག་བྱས་ནས་ནི། །རིམ་པས་དབང་བསྐུར་སྦྱིན་པར་བྱ། །དེ་ལྟར་དབང་བསྐུར་བ་ཙམ་གྱིས། །སྲིད་གསུམ་སེམས་ཅན་མ་ལུས་ཀྱང་། །རྒྱལ་སྲས་ཀུན་དང་མཉམ་མཐོང་ནས། །དྲིན་ལན་ཚུལ་དུ་མཆོད་པར་
བྱའོ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་རྡོ་རྗེ་ཀུན་རིག་ལའོ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྤྱོད་
པའི་རྒྱལ་པོ་ལའོ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་རྒྱས་པས། །ཁམས་གསུམ་དབུགས་འབྱིན་རབ་
མཛད་པ། །ཤཱཀྱའི་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་བར་མཛད། །མེ་ཏོག་ཀུན་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་དུ་ཡང་། །རིགས་ཀྱི་ཡུམ་གྱི་སྐུར་བསྟན་པ། །ལྷ་མོ་སྤྱན་
དང་མཱ་མ་ཀཱི །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་ལ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །འབྲས་བུར་ལྡན་ལ་རྒྱུད་བཞིན་བསྟོད། །སྒེག་མོ་ཕྲེང་དང་གླུ་དང་གར། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་ཆབ་ལ་

སོགས་བརྒྱད་མཆོད་པ། །ཕྱི་ནང་ལྷ་མོ་ཕྱག་འཚལ་བསྟོད། །སྒོ་ཡི་ཁྱམས་ཀྱི་ནང་བཞུགས་པ། །བྱམས་པ་ལ་སོགས་བཅུ་དྲུག་ཀྱང་། །དང་པོ་དགའ་སོགས་ས་གནས་ཤིང་། །འགྲོ་བའི་དོན་ལ་རྟག་གནས་པ། །སེམས་ཅན་ཀུན་བྱམས་རང་བཞིན་ཅན། །སྙིང་རྗེ་བློ་མཁྱེན་
འཇམ་པའི་དཔལ། །ཤེས་རབ་བློ་ཆེན་སྤོས་གླང་པོ། །ཉོན་མོངས་འཇོམས་པའི་ཡེ་ཤེས་ཏོག །རྫུ་འཕྲུལ་སྟོབས་དང་ལྡན་བཟང་སྐྱོང་། །ཤུགས་ཀྱིས་ཀུན་སྐྱོང་དོན་ཡོད་མཐོང་། །ཚོགས་གཉིས་ཡོངས་བསགས་བློ་མི་ཟད། །སྟོབས་བཅུས་ཡོངས་གནོན་སྤོབས་པ་བརྩེགས། །མི་
ཤེས་རི་འཇོམས་མཐུ་ཆེན་ཐོབ། །གཟུང་འཛིན་ཀུན་འབྱིན་ངན་སོང་འདྲེན། །ཉོན་མོངས་མུན་སེལ་མྱ་ངན་འཇོམས། །ལྷ་ཡི་གཟུགས་འཇོམས་དྲ་བ་ཅན། །ལུས་ངག་སྤྱོད་དག་ཟླ་བའི་འོད། །བསམ་པ་མངོན་རྟོགས་བདུད་རྩི་འོད། །ནམ་མཁའི་ནོར་འཆང་ནམ་མཁའི་མཛོད། །འཇིག་
རྟེན་ཀུན་ཕན་ཀུན་དུ་བཟང་། །རྣམ་ཐར་བཞི་ལྡན་སེམས་དཔའི་གཙོ། །ས་གནས་རྣམས་ལ་ཕྱག་འཚལ་བསྟོད། །ཏྭ་ར་ཎ་ཡི་ཁྱམས་བར་ན། །དཔེ་བྲལ་སེམས་དཔའ་བཅུ་དྲུག་ནི། །ས་དང་ཕ་རོལ་ཕྱིན་གྲུབ་པ། །རིགས་ཀྱི་དབང་གིས་བཞུགས་པ་ནི། །འཁོར་བ་གཅོད་མཛད་ངན་སོང་
འཇོམས། །མི་ཤེས་གསལ་བྱེད་མུན་པ་སེལ། །ངན་སོང་འདྲེན་མཛད་སྡུག་བསྔལ་འཇོམས། །ཉོན་མོངས་འཇོམས་པ་སྲིད་མཚོ་སྒྲོལ། །ཐུགས་ཀྱི་རང་བཞིན་རྡོ་རྗེ་དཀར། །སེམས་དཔའི་གཙོ་ལ་ཕྱག་འཚལ་བསྟོད། །དགོས་འདོད་སྐོང་བ་རིན་ཆེན་མཛོད། །དམ་ཆོས་འཕེལ་མཛད་
དགེ་བློ་གྲོས། །ཆོས་སྨྲ་དོན་མཐུན་ཡིད་དུ་འོང་། །རྒྱུ་འབྲས་ཀུན་དྲན་དྲན་སྟོབས་མཆོག །ཡོན་ཏན་རང་བཞིན་རིན་ཆེན་བསྔོ། །རེ་སྐོང་ཚོགས་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་དོན་འབྱུང་དགེ་འབྱུང་གནས། །སྣོད་བཅུད་འབྲས་སྟོན་ལེགས་པའི་ཏོག །ཁམས་གསུམ་ཐམས་
ཅད་སྲིད་མཚོ་སྒྲོལ། །འབྲས་བུ་ཀུན་འབྱུང་བདེ་བ་འབྱུང་། །གསུང་གི་རང་བཞིན་པདྨ་དམར། །གསུང་རབ་ཁ་འབྱེད་རྣམས་ལ་བསྟོད། །ཡིད་མྱུར་བརྩོན་འགྲུས་མི་ལྡོག་པ། །བསྐྲུན་མེད་ཚད་མེད་ཡོན་ཏན་མཛོད། །མུ་སྟེགས་རྒོལ་འཇོམས་ཐེ་ཚོམ་མྱུར། །རྒྱུ་འབྲས་ཤེས་སྨྲ་ང་རོ་

སྙན། །ཕྲིན་ལས་རང་བཞིན་རྒྱ་གྲམ་ལྗང་། །དོན་མཛད་རིགས་ལ་ཕྱག་འཚལ་བསྟོད། །རབ་ཏུ་བྱུང་ནས་ཚུལ་ཁྲིམས་སྡོམ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ཕྱག་ན་པོ་ཏི་བར་སྲེག་ཤང་། །སྐུ་མདོག་མ་ངེས་ཐ་དད་པ། །ཉིད་གཅུང་ཚེ་ལྡན་དགའ་བོ་དང་། །སྐུ་ཡི་སྲས་གྱུར་སྒྲ་
གཅན་ཟིན། །ཤེས་རབ་མཆོག་གྱུར་ཤཱ་རིའི་བུ། །འདྲི་ཞིང་ལན་ལོན་མཆོག་རབ་འབྱོར། །རྫུ་འཕྲུལ་ཆེ་བ་མཽད་གལ་བུ། །ཁྱིམ་པ་དད་སྐྱེད་འཆར་ཀ་བཟང་། །འཕྲུལ་གྱི་སྤྱན་ལྡན་མ་འགགས་པ། །དམ་ཆོས་ཐོས་མངའ་ཀཽཎྜ་ནྱི། །འདུལ་བ་འཛིན་པ་ཉེ་བ་འཁོར། །སྤྱོད་མཛེས་
བདུད་འདུལ་རྟ་ཐུལ་བ། །ཏིང་འཛིན་དབང་ཐོབ་བ་ལང་བདག །ཞབས་འབྲིང་རྟག་མཛད་ཀུན་དགའ་བོ། །ཤཱཀྱའི་སྐྲ་འདྲེག་མིང་ཆེན་པོ། །བསླབ་པ་ཀུན་འཛིན་ནོར་སྦྱིན་འཛིན། །སྦྱངས་པའི་ཡོན་ཏན་ལྡན་གང་པོ། །ཞལ་ཏའི་སྐུ་བགྲེས་པ་འོད་སྲུངས། །བསླབ་སྦྱངས་ཡོན་ཏན་ཀུན་ལྡན་
པ། །ཉན་ཐོས་རྣམས་ལ་ཕྱག་འཚལ་བསྟོད། །རྟེན་འབྲེལ་དོན་ལ་བརྟེན་གནས་པས། །འཕགས་པ་རང་རྒྱལ་བཅུ་གཉིས་ལ། །ཉོན་མོངས་འཇོམས་བྱེད་གདུང་བ་སེལ། །ཏིང་འཛིན་གསལ་བ་སྣང་བ་བརྩེགས། །འཁོར་བ་སྲེག་པ་འཇིགས་པར་བྱེད། །འཁོར་བས་མི་བསྙེངས་དཔའ་བོ་
འདུལ། །ཤེས་པའི་རྩལ་ལྡན་ཤེས་རབ་མགྱོགས། །འཁོར་རླུང་མི་བསྐྱོད་རི་བོ་རྒྱལ། །གསུང་གི་སྒྲ་དང་ལྡན་སྒྲ་ཆེན། །དམིགས་པ་རྩེ་གཅིག་བསེ་རུ་བ། །ཉོན་མོངས་སྐྱོན་འཇོམས་དུག་སེལ་འཇོམས། །ཆོ་འཕྲུལ་ལྡན་པ་རྫུ་འཕྲུལ་སྟོན། །འཇིགས་པ་ཀུན་བྲལ་སེང་གེའི་སྒྲ། །
ཏིང་འཛིན་གསལ་བྱེད་ཡིད་མྱུར་བ། །འབྱུང་དང་བཟློག་ལ་རབ་ཞུགས་པ། །རང་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །ཕྱི་རོལ་སྒོ་ཡི་ནང་གནས་པ། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་སྨད་དཀྲིས་ཤིང་། །ཁམས་གསུམ་གསལ་
བྱེད་འཇིག་རྟེན་སྣང་། །གདུལ་དཀའ་འདུལ་བ་གསུམ་འདུལ་བ། །ཐུགས་ཀྱི་རང་བཞིན་རྡོ་རྗེ་དང་། །དབྱུག་ཏོ་འཛིན་ལ་ཕྱག་འཚལ་བསྟོད། །མ་རུངས་སྡིག་བྱེད་གསུམ་འཇིག་པ། །མ་རུངས་འཇོམས་བྱེད་གསུམ་མཐར་བྱེད། །ཡོན་ཏན་རང་བྱུང་རྩེ་གསུམ་དང་། །བེ་ཅོན་བསྣམས་

ལ་ཕྱག་འཚལ་བསྟོད། །དགོས་པ་སྒྲུབ་མཛད་བདུད་རྩི་འཁྱིལ། །སྲིད་པ་འཇོམས་མཛད་བེ་ཅོན་སྔོ། །གསུང་གི་རང་བཞིན་རྒྱ་གྲམ་དང་། །རལ་གྲི་འཛིན་ལ་ཕྱག་འཚལ་བསྟོད། །ཉོན་མོངས་གཡོ་མེད་མི་གཡོ་མགོན། །དབང་གི་རང་བཞིན་རྟ་མགྲིན་རྒྱལ། །ཕྲིན་
ལས་རང་བཞིན་རལ་གྲི་དང་། །པདྨ་བསྣམས་ལ་ཕྱག་འཚལ་བསྟོད། །ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །མུ་རན་དཀར་པོའི་ནང་གནས་པ། །གླིང་བཞི་པོ་ནི་བྲི་བར་བྱ། །ཤར་ཕྱོགས་ལུས་འཕགས་ཟླ་གམ་ན། །ལྷ་ཡི་དབང་པོ་བརྒྱ་བྱིན་ནི། །མཆན་ན་བདེ་སོགས་ལ་སོགས་པའི། །
འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་འཛམ་གླིང་སོག་ཀ་ན། །འཇིག་རྟེན་མེས་པོ་ཚངས་པ་དང་། །བཙུན་མོ་ཚངས་མ་ཕོ་ཉ་མངག །ཡིད་འོང་བཅས་ལ་ཕྱག་འཚལ་བསྟོད། །ནུབ་ཕྱོགས་གླང་སྤྱོད་ཟླུམ་པོ་ན། །ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། །མཆན་ན་དཀའ་
ཟློག་ལ་སོགས་པའི། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་ཆེ་རྒྱས་གྲུ་བཞི་ན། །ལྷ་ཆེན་གཏོགས་འདོད་ཁྱབ་འཇུག་དང་། །མཆན་ན་དཔལ་ལྡན་ལ་སོགས་པའི། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཁོར་ཡུག་ཉིད་ལ་གནས་པ་ཡི། །འཇིག་རྟེན་སྐྱོང་བ་
བརྒྱད་པོ་ལ། །འཁོར་དང་བཅས་ལ་བསྟོད་པ་ནི། །མཆེ་བ་དྲུག་པ་མདོག་དཀར་བའི། །གླང་ཆེན་དེ་ནི་བརྒྱ་བྱིན་གདན། །རོལ་པས་འདུག་པ་གུར་ཀུམ་འདྲ། །མཆན་ན་ཤ་ཙི་ཨུ་པ་སི། །དབང་ཕྱུག་ཆེན་པོ་བིཥྞུ་དང་། །བྷྲྀངྒི་རི་ཏི་དགའ་བྱེད་དང་། །གཞོན་ནུ་སྨིན་དྲུག་ཚོགས་
ཀྱི་བདག །སྟོབས་བཟང་ལེགས་ལྡན་ལ་སོགས་བསྟོད། །ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ནི། །མ་ཧེའི་གདན་ཅན་གཡོན་དཀུར་བརྟེན། །མཆན་ན་ནག་མོ་འཆི་བདག་མོ། །བེ་ཅོན་གཡས་ན་འཛིན་པ་སྟེ། །རྡོ་རྗེ་གཞོན་ནུ་མ་དང་ནི། །ནམ་གྲུ་མ་དང་ནག་མོ་དང་། །རྡོ་རྗེ་ལུ་གུ་རྒྱུད་
སོགས་བསྟོད། །ནུབ་ཕྱོགས་ངོས་ཀྱི་ཆུ་ལྷ་ནི། །ལུས་མདོག་དཀར་ཞིང་སེར་བ་དང་། །སྦྲུལ་གྱིས་ལུས་བརྒྱན་ཆུ་སྲིན་གདན། །ཞགས་པ་རིན་ཆེན་བསྣམས་པ་སྟེ། །མཐའ་ཡས་དང་ནི་འཇོག་པོ་དང་། །ཀརྐོ་ཊ་དང་ཀུ་ལི་ཀ །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་བདག་ལ་

སོགས་བསྟོད། །བྱང་ཕྱོགས་གནོད་སྦྱིན་རྒྱལ་པོ་ནི། །གསེར་གྱི་མདོག་འདྲ་རིན་ཆེན་དང་། །གཡོན་པ་སྙེ་མ་རྟ་ཡི་གདན། །མཆན་ན་ཆུང་མར་བཅས་པ་སྟེ། །ཡང་དག་ཤེས་དང་འབྲོག་གནས་དང་། །ནོར་བུ་བཟང་པོ་ཛམྦྷ་ལ། །གང་བ་བཟང་པོ་ཀུ་བེ་ར། །པཉྩི་ཀ་དང་ནོར་ལྷའི་རྒྱལ། །
འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །མེ་གཟུགས་ཁ་དོག་དྲུག་ལྡན་པའི། །དཀྱིལ་ན་ཆུང་མ་དང་བཅས་པ། །ལུས་དམར་བ་ལ་ར་སྐྱེས་གདན། །གུནྡྷེ་དབྱུག་པ་འཛིན་པ་སྟེ། །མེ་བཞི་དང་ནི་ནག་པ་དང་། །ཡང་དག་ཤེས་དང་མདུན་བདར་དང་། །གྱ་གྱུར་འགྱུར་མེད་ཨ་
གུར་དང་། །གཡོན་འདོར་ལ་སོགས་ཕྱག་འཚལ་བསྟོད། །ལྷོ་ནུབ་མཚམས་ཀྱི་བདེན་བྲལ་ནི། །ཡི་དྲགས་གདན་ཅན་དམར་ནག་མདོག །མེ་འབར་བ་ནི་གཡོན་ན་འཛིན། །གཡས་པ་རལ་གྲི་འཛིན་པ་སྟེ། །ལང་ཀ་མགྲིན་བཅུ་མེ་སྟག་དང་། །ཨུ་པ་ཀརྞི་པུརྞ་དང་། །འཇིགས་ཤིང་
གསོད་བྱེད་ལ་སོགས་བསྟོད། །ནུབ་བྱང་རླུང་ལྷའི་རྒྱལ་པོ་ནི། །ནམ་མཁའི་མདོག་ཅན་ཤ་བའི་གདན། །བ་དན་གྱེན་དུ་བསྒྲེང་བ་འཛིན། །གཡོན་པ་རླུང་སྒྱེའུ་ཐོགས་པ་སྟེ། །རྣམ་པར་སྣང་མཛད་སྒྲ་གཅན་འཛིན། །སུམ་བརྩེགས་དང་ནི་རབ་སིམ་དང་། །ལྷ་མིན་ཧེ་རན་ཀེ་ཤུ་དང་། །ཀུན་
དུ་སྣང་སོགས་ཕྱག་འཚལ་བསྟོད། །བྱང་ཤར་འབྱུང་པོའི་བདག་པོ་ནི། །ཐལ་བའི་མདོག་འདྲ་རྟ་ཡི་གདན། །གཡས་གཉིས་རྩེ་གསུམ་ཨ་མྲ་དང་། །གཡོན་གཉིས་གུནྡྷེ་རག་ཤ་ཕྲེང་། །རི་དགས་རྒྱལ་དང་སྐེམ་བྱེད་དང་། །བརྗེད་བྱེད་དང་ནི་ཁུ་ཚུར་ཅན། །ནམ་གྲུ་སྲུལ་པོ་ཛ་མི་ཀ །
འདོད་པ་ཅན་དང་མ་དགའ་བྱེད། །བཞིན་བཟངས་དང་ནི་གཉའ་ལག་ཅན། །བྱ་གཟུགས་མིག་འཆང་འཇོམས་པ་པོ། །མ་མོ་ལ་སོགས་ཕྱག་འཚལ་བསྟོད། །ཁོར་ཡུག་གི་ནི་ཕྱོགས་བཞི་ན། །བར་ན་གཟའ་རྣམས་བརྒྱད་གནས་པ། །པ་བ་སངས་དང་མིག་དམར་གཉིས། །ཤར་ན་
གནས་ཤིང་འཁོར་རྣམས་སྐྱོང་། །སྨིན་དྲུག་སྣར་མ་མགོ་དང་ལག །ནབ་སོ་རྒྱལ་སྐག་ལ་སོགས་བསྟོད། །ཕུར་བུ་དང་ནི་ཉི་མ་གཉིས། །ལྷོ་ན་གནས་ཤིང་འཁོར་རྣམས་སྐྱོང་། །མཆུ་དང་གྲེ་དང་དབོ་དང་ནི། །མེ་བཞི་ནག་པ་ས་རི་དང་། །ས་ག་ལ་སོགས་ཕྱག་འཚལ་བསྟོད། །ཟླ་བ་

སྒྲ་གཅན་ནུབ་ཕྱོགས་ན། །གནས་ཤིང་རང་གི་འཁོར་སྐྱོང་བ། །ལྷ་མཚམས་དང་ནི་སྣྲོན་དང་སྣྲུབས། །ཆུ་སྟོད་དང་ནི་ཆུ་སྨད་དང་། །བྱི་བཞིན་དང་ནི་གྲོ་བཞིན་ཏེ། །ནུབ་ཕྱོགས་གཟའ་སྐར་འཁོར་བཅས་བསྟོད། །གཟའ་ལྷག་སྤེན་པ་བྱང་ཕྱོགས་ན། །གནས་ཤིང་རང་
གི་འཁོར་སྐྱོང་བ། །མོན་གྲུ་དང་ནི་མོན་གྲེ་དང་། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་དང་། །ཐ་སྐར་དང་ནི་བྲ་ཉེ་དང་། །གཟའ་སྐར་ཚོགས་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་གྱི་ནི་ཁོར་ཡུག་གི། །མཚམས་ན་ལྟོ་འཕྱེ་གནས་པ་ནི། །རབ་བརྟན་དང་ནི་ཁྱུས་འགྲོ་དང་། །སྦྲུལ་མགོ་
ཤར་གནས་ཁྱོད་ཕྱག་འཚལ། །དགེ་བའི་བར་དུ་གཅོད་པའི་བགེགས། །གཉེའུ་ཐུང་སྤྱིའུ་གཙུག་སཻ་མིན་ཏ། །དར་དཔྱངས་དང་ནི་མུ་རྒན་དང་། །འདྲེ་ཚོགས་ལྷོ་གནས་ཁྱོད་ཕྱག་འཚལ། །མཁའ་ལྡིང་རྒྱལ་པོ་ནུབ་ཕྱོགས་ན། །མཁའ་ལྡིང་གསེར་མིག་ག་རུ་ཌ། །གཡོག་མང་དུ་མ་
ཁྱོད་ཕྱག་འཚལ། །འབྱུང་བ་བཞི་ཡི་ལྷ་ཆེན་པོ། །སྨིན་པར་བྱེད་པ་མེ་ཡི་ལྷ། །སྡུད་པར་བྱེད་པ་ཆུ་ཡི་ལྷ། །གཡོ་བར་བྱེད་པ་རླུང་གི་ལྷ། །བརྟན་པར་བྱེད་པ་ས་ཡི་ལྷ། །ཕྱོགས་བཞིར་གནས་ལ་ཕྱག་འཚལ་བསྟོད། །ཀུན་སྣང་དང་བ་ཁྱིམ་གྱི་ལྷ། །རབ་བརྟན་བློ་གྲོས་རི་ཡི་ལྷ། །
ཀུན་ནས་འོད་ཟེར་ཤིང་གི་ལྷ། །ཀུན་དུ་བློ་གྲོས་ཀུན་དགའི་ལྷ། །སྣ་ཚོགས་སྒོ་ནི་ནགས་ཚལ་ལྷ། །འབྱུང་པོ་དགེ་བ་དུར་ཁྲོད་ལྷ། །དགེ་བའི་བློ་གྲོས་གྲོང་ཁྱེར་ལྷ། །ལྷ་ཚོགས་སྡུད་པ་ཕྱག་འཚལ་བསྟོད། །ལས་དང་མཐུ་སྟོབས་ཆེར་གྲགས་ཤིང་། །དྲི་ཟ་གྲུལ་བུམ་ཀླུ་རྣམས་དང་། །
གནོད་སྦྱིན་རྣམས་ལ་དབང་སྒྱུར་བ། །དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་། །གཙུག་ཕུད་ལྔ་པ་ལ་སོགས་བསྟོད། །གྲུལ་བུམ་རྒྱལ་པོ་འཕགས་སྐྱེས་པོ། །གྲུལ་བུམ་སྣ་མིག་ལ་སོགས་བསྟོད། །ཀླུ་ཡི་རྒྱལ་པོ་སྤྱན་མི་བཟང་། །ཀླུ་ཆེན་འཁོར་དང་བཅས་ལ་བསྟོད། །གནོད་སྦྱིན་
རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་ནོར་འཛིན་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ཕྱི་མཚམས་ན། །རྒྱལ་མ་རྣམ་རྒྱལ་མི་ཕམ་པ། །མཁའ་འགྲོ་མ་དང་ཤ་ཟ་མ། །རིག་སྔགས་འཆང་རྣམས་ཕྱག་འཚལ་བསྟོད། །ཤིན་ཏུ་མི་བཟད་སྡུག་བསྔལ་བའི། །དམྱལ་བ་རྣམས་

དང་ཡི་དགས་དང་། །བྱོལ་སོང་མི་ཡི་འགྲོ་རིས་དང་། །ཁོར་ཡུག་ས་སྟེང་གནས་པར་བགྱིས། །དེ་ལྟར་བསྟོད་པའི་རྒྱལ་པོ་ཡིས། །སྔགས་པས་བདག་གི་སྙིང་གའམ། །མདུན་དུ་དཀྱིལ་འཁོར་བསྟོད་བྱས་ཏེ། །རྡོ་རྗེ་དྲིལ་འཛིན་རྡོ་རྗེ་བརྗོད། །དེ་ནས་ཕྱི་ནས་བདག་ལུས་ལས། །ནམ་མཁའི་
དཀྱིལ་འཁོར་བརྟག་པར་བྱ། །དེ་ལྟར་བསྒོམས་མཆོད་སྟོད་བྱེད་པ། །དང་པོའི་སྦྱོར་བའི་ཆོ་གའོ། །དང་པོའི་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།དེ་ནས་ཆོས་རྣམས་དངོས་མེད་པར། །ཐམས་ཅད་སྟོང་པ་ཉིད་དུ་ནི། །སེམས་ཀྱིས་བསྒོམ་པ་བྱས་ནས་ཀྱང་། །གོང་མ་
དེ་ལས་མ་ཉམས་པར། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ས་བོན་དབུས་སུ་དམ་ཚིག་རྒྱ། །བསམ་ཞིང་དེ་བཞིན་སྒྲུབ་པ་པོས། །ལྷ་ཡི་རྣལ་འབྱོར་ཚུལ་བསྒྱུར་ཏེ། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབས། །རླུང་དང་མེ་ཆུ་དེ་དཀྱིལ་དུ། །གསེར་གྱི་ས་གཞི་བསྒོམ་པར་བྱ། །སུཾ་ལས་
རི་རབ་ཆེན་པོ་བསམ། །རིན་ཆེན་བཞི་ལས་གྲུབ་པ་ཡི། །རྒྱ་ནི་ཡངས་པ་གྲུ་བཞི་ལ། །དེ་དབུས་སྡིག་པ་སྦྱོང་བ་ཡི། །དཀྱིལ་འཁོར་དགེ་བ་བསྒོམ་པར་བྱ། །བྷྲཱུཾ་ལས་གཞལ་ཡས་ཁང་པ་ནི། །མཛེས་པ་བརྩེགས་པ་བསྒོམ་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ན་བཞིས་བརྒྱན་པ་
དང་། །མུ་ཁྱུད་ལྟེ་བ་རྩིབས་ལྡན་པ། །སྒོ་གློ་སྒོ་ཁྱམས་ཐམས་ཅད་དང་། །དེ་དག་གྲྭ་ལ་བསམ་པ་ནི། །རིན་ཆེན་རྡོ་རྗེ་མཚན་མ་དང་། །དྲིལ་བུ་དར་འཕན་དོ་ཤལ་དང་། །ཕྲེང་བས་རབ་ཏུ་ཀླུབས་པ་དང་། །དྲ་བ་དྲ་ཕྱེད་མཛེས་བརྒྱན་པ། །ཕྱག་རྒྱ་བཞི་ཡིས་བརྒྱན་པ་ལ། །གྲུ་བཞི་པ་
ནི་བསམ་པར་བྱ། །དེ་ནས་དཀྱིལ་འཁོར་དབུས་དག་ཏུ། །པདྨའི་འོག་དང་སེང་གེའི་གདན། །དེ་སྟེང་ཟླ་བའི་དབུས་གནས་པ། །མི་དམིགས་ཐུགས་རྗེ་ཐབས་ཉིད་དེ། །ཆོས་སྐུ་མི་གནས་སྙིང་རྗེའི་ངང་། །ཐབས་དང་ཤེས་རབ་གཉིས་མེད་པས། །འགྲོ་བ་བདག་སེམས་དོན་དུ་ནི། །
འབྱུང་བའི་རྒྱུ་ནི་སྔགས་ཀྱི་གཟུགས། །ཀུན་རིག་རྒྱལ་པོ་སྤྲུལ་པར་བྱའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་དེ་ཡིས་ནི། །གཙོ་བོ་བདག་པོ་རྗེས་དྲན་ནས། །སྒྲིབ་འཇོམས་རྣམ་དག་ཏིང་འཛིན་ལ། །

སྙོམས་འཇུག་སྔགས་ནི་ཆེད་བརྗོད་བྱ། །དེས་ནི་ངན་སོང་གསུམ་པོ་ཡང་། །པདྨ་ཁ་བྱེ་བཞིན་དུ་གྲོལ། །དེ་ནས་བདག་གི་སྙིང་ག་རུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །སྔགས་རྣམས་རབ་ཏུ་བརྗོད་ནས་སུ། །ངན་སོང་སྦྱོང་བ་ནས་བརྩམས་ཏེ། །རྡོ་རྗེ་དྲིལ་
བུའི་བར་དུ་བསྐྱེད། །བསྐྱེད་པའི་སྔགས་ནི་འདི་དག་གོ། །ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་སྔགས་དེ་བརྗོད་པར་བྱའོ། །དེ་ནས་རིམ་པ་དེ་ཡིས་ནི། །
ལྷ་རྣམས་གང་ཡིན་དབྱུང་བར་བྱ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་ཨ་པཱ་ཡ་ཧཱུཾ། ཞེས་པའི་སྔགས་རང་གི་སྙིང་གར་བསྒོམ་པར་བྱ་སྟེ། ཀུན་ནས་འོད་ཟེར་སྣ་ལྔ་ནི། །རང་གི་སྒོ་ནས་དབྱུང་བར་བྱ། །སྔགས་ཀྱི་འོད་ཟེར་སྣང་བ་ཡིས། །ཁམས་གསུམ་འགྲོ་ལ་ཕོག་བྱས་པ། །ངན་སོང་སྡུག་
བསྔལ་ཞི་བར་བྱ། །འོད་དེ་སླར་ཡང་སྙིང་གར་འདུས། །སྔགས་དང་འོད་ཟེར་འདུས་བྱས་པས། །གཟུགས་རྫོགས་བསྐྱེད་ནས་སྤྲོ་བར་བྱ། །མདུན་ཕྱོགས་པདྨ་ཟླ་བ་ལ། །དེ་བཞིན་གཤེགས་ཕ་ངན་སོང་སྦྱོང་། །ཉོན་མོངས་སྡུག་བསྔལ་ཞི་དོན་དུ། །སྙིང་ལས་སྤྲོས་ནས་གཞག་པར་བྱ། །
ཟླ་བ་ལྟར་ནི་སྣུམ་པ་ལ། །བ་མོའི་མདོག་ལྟར་དཀར་བ་ཡི། །ས་གནོན་ཕྱག་རྒྱ་ཡང་དག་ལྡན། །གླང་པོའི་གདན་ལ་བཞུགས་པའོ། །གོང་གི་བྱེ་བྲག་ཐམས་ཅད་ཀུན། །འོད་ཟེར་འཕྲོ་འདིའི་སྦྱོར་བ་ཡིས། །ཐུགས་ལས་བྱུང་བའི་ལྷ་ཚོགས་པ། །རང་རང་སྔགས་ལས་སྐུ་སྤྲུལ་བྱའོ། །
ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་པཱ་ཡཱ་སྟྭཾ། གཡས་སུ་རིན་ཆེན་མེ་ཏོག་ནི། །མཆོག་སྦྱིན་རྒྱ་ཅན་རྟ་ལ་གནས། །པདྨ་ཟླ་བའི་གདན་ཉིད་དུ། །མདོག་སྔོན་ཐུགས་ལས་སྤྲོས་ནས་དགོད། །ཨོཾ་ཤོ་དྷ་ན་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧྲིཿ། རྒྱབ་ཏུ་ཤཱཀྱ་ཐུབ་པ་སྟེ། །ཏིང་འཛིན་ཕྱག་རྒྱ་ཡང་དག་
ལྡན། །རྨ་བྱའི་གདན་ལ་ཡང་དག་གནས། །པདྨའི་དབུས་ཐུགས་སྤྲོས་ནས་དགོད། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཨཿ །གཡོན་དུ་མེ་ཏོག་ཆེར་རྒྱས་ཏེ། །སྐུ་ལྗང་མཁའ་ལྡིང་ལ་གནས་ལ། །སྐྱབས་སྦྱིན་རྒྱ་ཅན་པད་ཟླ་ཡི། །དཀྱིལ་ན་ཐུགས་ལས་ཕྱུང་སྟེ་གནས། །ཧཱུཾ་ཏྲཱཾ་ཧྲཱི་ཨཿ

བཞི་པོ་ལས། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་རྣམ་པ་བཞི། །རང་གི་རིགས་བཞིན་དབྱུང་བར་བྱ། །ཧཱུཾ་ཛཿཧོཿདྷུ་བཞི་པོ་ལས། རྡོ་རྗེ་སེམས་དཔའ་རྒྱལ་པོ་ལས། །རྡོ་རྗེ་ཆགས་པ་ལེགས་པ་བཞི། །རྡོ་རྗེ་ལྕགས་ཀྱུ་མདའ་ཁུ་ཚུར། །པད་ཟླའི་དབུས་ཐུགས་ལ་ནི་དགོད། །ཏྲཱཾ་རྱཾ་
བྷྲི་ཧཱ་བཞི་པོ་ལས། །རྡོ་རྗེ་རིན་ཆེན་རྡོ་རྗེ་འོད། །རྡོ་རྗེ་རྒྱལ་མཚན་རྡོ་རྗེ་བཤད། །པད་ཟླའི་དབུས་ན་རིན་ཆེན་དང་། །ཉི་མ་རྒྱལ་མཚན་སོ་བསྣམས་པ། །ཐུགས་ལས་ཕྱུང་ནས་དགོད་པར་བྱ། །ཧྲིཿདྷིཿཀྲུཾ་བྷ་བཞི་པོ་ལས། །རྡོ་རྗེ་ཆོས་དང་རྣོན་པོ་དང་། །རྡོ་རྗེ་འཁོར་ལོ་སྨྲ་བ་རྣམས། །པདྨ་
རལ་གྲི་འཁོར་ལོ་ལྗགས། །ཐོགས་ནས་ཟླ་པད་གོང་ལྟར་དབྱུང་། །ཀཾ་རཾ་ཀྵཾ་སཾ་བཞི་ལས་ནི། །ལས་དང་སྲུང་དང་གནོད་སྦྱིན་བརྟེན། །རྒྱ་གྲམ་གོ་ཆ་མཆེ་ཁུ་ཚུར། །དེ་ཀུན་སྣ་ཚོགས་པདྨ་དང་། །ཟླ་བའི་དབུས་སུ་ཤེས་པར་བྱའོ། །ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བས། སྒེག་མོ་ལ་སོགས་
རྣམ་བཞི་པོ། །ཕྱུང་ནས་གྲའི་ཆ་རྣམས་ལ། །པད་གནས་ཟླ་བའི་གདན་ལ་དགོད། །སྤོས་ལ་སོགས་པ་བཞི་པོ་ཡང་། །སྒེག་སོགས་རྣམས་དང་མཐུན་པས་ན། །ཕྱག་སོགས་གདན་སོགས་བརྟག་པའོ། །ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་
སྭཱ་ཧཱ། སྔགས་དེ་ཡིས་ནི་དབྱུང་བར་བྱ། །བྱམས་པ་ལ་སོགས་སེམས་དཔའ་རྣམས། །པདྨ་ཟླ་བའི་དབུས་དག་ཏུ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །བྱམས་པ་འཇམ་དཔལ་སྤོས་གླང་པོ། །དེ་བཞིན་ཡེ་ཤེས་ཏོག་དང་བཞི། །ཀླུ་ཡི་མེ་ཏོག་གུནྡྷེ་དང་། །ཨུཏྤལ་སྤོས་གླང་
རྒྱལ་མཚན་འཛིན། །བཟང་སྐྱོང་དོན་ཡོད་མཐོང་བ་དང་། །བློ་གྲོས་མི་ཟད་སྤོབས་བརྩེགས་བཞི། །རིན་ཆེན་འབར་བ་པདྨ་བུམ། །པད་ཏོག་རིན་ཆེན་བརྩེགས་པ་རྣམས། །མཐུ་ཆེན་ཐོབ་དང་ངན་སོང་འདྲེན། །མྱ་ངན་ཀུན་འཇོམས་དྲ་བ་ཅན། །ཟ་མ་ཏོག་དང་ལྕགས་ཀྱུ་དང་། །བེ་ཅོན་
རིན་ཆེན་དྲ་བ་འཛིན། །ཟླ་བའི་འོད་དང་བདུད་རྩི་འོད། །ནམ་མཁའ་མཛོད་དང་ཀུན་དུ་བཟང་། །པད་སྟེང་ཟླ་ཚེས་བུམ་པ་དང་། །བེ་ཅོན་སྙེ་མ་འཛིན་པའོ། །ངན་སོང་སྦྱོང་དང་མུན་པ་སེལ། །སྡུག་བསྔལ་འཇོམས་དང་སྲིད་མཚོ་སྒྲོལ། །ཕྱག་མཚན་རྡོ་རྗེ་དཀར་འཛིན་ཏེ། །པདྨ་ཟླ་བའི་དབུས་

ན་བཞུགས། །རིན་ཆེན་མཛོད་དང་དགེ་བློ་གྲོས། །དོན་མཐུན་ཡིད་འོང་དྲན་སྟོབས་མཆོག །ཡོན་ཏན་རང་བཞིན་རིན་ཆེན་འཛིན། །པདྨ་ཟླ་བའི་དབུས་ན་བཞུགས། །དགེ་བའི་འབྱུང་གནས་ལེགས་པའི་ཏོག །སྲིད་པའི་མཚོ་སྒྲོལ་བདེ་བ་འབྱུང་། །གསུང་གི་རང་བཞིན་བདེ་
བ་འཛིན། །པདྨ་ཟླ་བའི་དབུས་ན་བཞུགས། །བརྩོན་འགྲུས་མི་ལྡོག་ཡོན་ཏན་མཛོད། །ཐེ་ཚོམ་ཡིད་མྱུར་ང་རོ་སྙན། །ཕྲིན་ལས་རང་བཞིན་རྒྱ་གྲམ་འཛིན། །པད་གནས་ཟླ་བའི་དབུས་ན་བཞུགས། །ཛཿཧཱུཾ་བཾ་ཧོཿབཞི་ཡིས་ནི། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་
བསྣམས་ནས་པད་ཟླ་ཡི། །དབུས་ན་སེམས་དཔའི་སྐྱིལ་ཀྲུང་བཞུགས། །དེ་ལྟར་རྣམ་པར་བསྒོམ་པ་ནི། །དཀྱིལ་འཁོར་རྒྱལ་མཆོག་ཏིང་འཛིན་ནོ། །དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ།། །།དེ་ནས་ལས་ཀྱི་རྒྱལ་མཆོག་ནི། །གསང་བ་སྔགས་ཀྱི་འོད་
ཟེར་གྱིས། །འགྲོ་བ་ངན་འགྲོ་ལས་སྐྱབས་ཕྱིར། །ཞེ་སྡང་ལ་སོགས་རྣམ་པ་ལྔ། །ཡེ་ཤེས་ལྔ་ཡིས་ངང་བཅོམ་སྟེ། །དམྱལ་བ་ཡི་དགས་བྱོལ་སོང་སོགས། །དཀྱིལ་འཁོར་ཀུན་དུ་བཞུགས་པ་ཡིས། །འབྲས་བུ་ངན་སོང་ལས་ཐར་མཛད། །རིགས་ཀྱི་དབང་གིས་ཀུན་རྫོབ་པས། །སོ་སོ་རེ་རེ་
གསུང་བ་མིན། །དེས་ན་ལས་ཀྱི་རྒྱལ་མཆོག་གོ། །ལས་ཀྱི་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། བི་ཤོ་དྷ་ནེ་བི་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ་
ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ལྷ་རྣམས་ཀུན་གྱི་སྔོན་དུ་ནི། །སྔགས་དེ་ཤིན་ཏུ་བརྗོད་པར་བྱའོ། །དེ་ནས་སྔགས་དང་ཕྱག་རྒྱ་རྣམས། །གོ་རིམས་བཞིན་དུ་བཤད་པར་བྱ། །ཐུགས་རྗེས་བསྐུལ་བའི་ཐུགས་མངའ་བའི། །རྒྱལ་བ་ཀུན་གྱིས་བྱིན་གྱིས་རློབས། །དམ་
ཚིག་ཕྱག་རྒྱ་ཐམས་ཅད་ནི། །བསྡམས་པ་རྡོ་རྗེ་ལས་བྱུང་སྟེ། །ཏིང་འཛིན་ཕྱག་རྒྱ་ལ་གནས་པ། །ཕྱག་རྒྱ་འདི་ནི་རིག་པའོ། །རྡོ་རྗེ་བསྡམས་པ་གུང་གཉིས་བསྒྲེང་། །མཐེ་བོང་མཐེའུ་ཆུང་གཉིས་གྱེན་བརྐྱང་། །མཛུབ་གཉིས་པདྨ་ལྟར་བཀུག་པ། །ངན་སོང་རྣམ་པར་སྦྱོང་བ་པོ། །དེ་ལས་

མཛུབ་གཉིས་རིན་ཆེན་བྱས། །རིན་ཆེན་ཏོག་གི་ཕྱག་རྒྱའོ། །མཐེའུ་ཆུང་མཐེ་བོ་སོ་སོར་མཉམ། །ལྷག་མ་བརྐྱང་བ་ཤཱཀྱ་ཐུབ། །དེ་ལས་ལག་གཡོན་དཀུར་བྱས་ལ། །མི་འཇིགས་སྦྱིན་པར་བྱ་བ་ནི། །ཕྱག་རྒྱ་འདི་ནི་ཆེར་རྒྱས་ཀྱིའོ། །བཅིངས་པ་མཛུབ་གཉིས་མིག་ཏུ་བྱའོ། །ཆུང་ངུ་སྲིན་ལག་ནང་
དུ་བསྣོལ། །གུང་མོ་མཉམ་པར་བསྒྲེང་བ་ནི། །སངས་རྒྱས་ཀྱི་ནི་ཡིན་པར་གསུངས། །སྦྱར་བ་གུང་མོ་གཉིས་བསྒྲེངས་ནས། །མཛུབ་གཉིས་ངོས་ལ་སྦྱར་བྱས་ནས། །རྩེ་གསུམ་ཚུལ་དུ་བྱས་པ་ནི། །མཱ་མ་ཀཱི་ཡི་ཕྱག་རྒྱའོ། །ལག་པ་ཐལ་མོ་སྦྱར་བ་ལས། །གུང་མོ་པདྨ་འདྲ་བ་ལས། །ཕྱག་
རྒྱ་འདི་ནི་གོས་དཀར་མའོ། །སྦྱར་བ་གུང་མོ་གཉིས་བསྒྲེང་ལ། །མཛུབ་གཉིས་རྒྱབ་ནས་དཀྲིས་བྱས་ཏེ། །མཐེ་བོང་གུང་སྦྱར་ཨུཏྤ་ལ། །ཕྱག་རྒྱ་འདི་ནི་སྒྲོལ་མའོ། །ཕྱག་རྒྱ་རྡོ་རྗེ་བསྣམས་པ་ལས། །མཛུབ་གཉིས་རྡོ་རྗེ་བརྐྱང་བ་ནི། །རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་གཡས་
བཀུག་པ། །རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་གཉིས་མཉམ་སྟེ། །དང་པོ་བཅག་པ་ཆགས་པའི་འོ། །དེ་ལས་མཛུབ་གཉིས་སླར་བཀུག་སྟེ། །སེ་གོལ་གཏོགས་པ་ལེགས་པའིའོ། །དེ་ལས་བར་མའི་ཚིགས་བཅག་པ། །རིན་ཆེན་རྡོ་རྗེ་གང་ཡིན་པའོ། །དེ་ལས་སོར་མོ་འོད་ཟེར་
ལྟར། །བཀྱེད་པ་རྡོ་རྗེ་གཟི་བརྗིད་དོ། །དེ་ལས་སྤྱི་བོར་བཞག་པ་ནི། །རྡོ་རྗེ་རྒྱལ་མཚན་ཕྱག་རྒྱའོ། །དེ་ལས་ཕབ་ནས་ཁ་རུ་ནི། །བཞག་པ་རྡོ་རྗེ་བཞད་པའོ། །བཅིངས་ལ་མཛུབ་གཉིས་པདྨ་ལྟར། །ཕྱག་རྒྱ་དེ་ནི་ཆོས་ཀྱིའོ། །མཛུབ་གཉིས་དང་པོའི་ཚིགས་བཅག་པ། །ཕྱག་རྒྱ་འདི་
ནི་རྣོན་པོའིའོ། །མཛུབ་གཉིས་གདུ་བུ་ལྟར་བྱས་པ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱར་བཤད། །དེ་ལས་མཛུབ་གཉིས་པདྨ་ཡི། །འདབ་འདྲ་བྱས་པ་སྨྲ་བའིའོ། །དེ་ལས་མཛུབ་གཉིས་བསྐྱེད་བྱས་པ། །ལས་ཀྱི་རྡོ་རྗེའི་ཕྱག་རྒྱའོ། །དེ་ལས་མཛུབ་གཉིས་པར་བཀྱེད་དེ། །མགྲིན་པར་འཁྱུད་པ་
བསྲུང་བའོ། །དེ་ལས་རྩེ་མོ་སླར་བཀུག་སྟེ། །མཆེ་བ་ལྟར་བྱས་གནོད་སྦྱིན་ནོ། །དེ་ལས་མཛུབ་གཉིས་ནང་བཀུག་སྟེ། །རབ་ཏུ་བསྡམས་པ་ཁུ་ཚུར་རོ། །རྡོ་རྗེ་བསྡམས་པ་དམ་བྱས་པ། །མཐེ་བོང་གཉིས་གཤིབས་སྒེག་མོའི་འོ། །དེ་ལས་ཁ་ལས་མདུན་དུ་ནི། །ལག་པ་བརྐྱང་བ་ཕྲེང་བ་

མའོ། །ཐལ་མོ་སྦྱར་བ་ཁ་དྲུང་ནས། །ཕར་དྲང་བ་ནི་གླུ་མའོ། །གར་ལས་རྡོ་རྗེ་ཐལ་མོ་ནི། །སྤྱི་བོར་བཞག་པ་གར་མའིའོ། །བསྡམས་པ་ཐུར་བླུགས་བདུག་པ་མའོ། །བསྡམས་པ་གྱེན་གཏོར་མེ་ཏོག་གོ། །མཐེབ་བསྙམས་མདུན་འཛིན་མར་མེའོ། །རྡོ་རྗེ་བསྡམས་
ཀྱང་བྱུག་དྲིའོ། །མཛུབ་གཉིས་བཀུག་པ་ལྕགས་ཀྱུའོ། །མཛུབ་བཀུག་རྩེ་སྤྲད་ཞགས་པའོ། །མཛུབ་གཉིས་འཁྱུད་པ་ལྕགས་སྒྲོག་གོ། །རབ་ཏུ་བསྐྱོད་པ་དྲིལ་བུའོ། །རྡོ་རྗེ་ཁུ་ཚུར་བཅིངས་བྱས་ཏེ། །མཛུབ་མོ་དབུས་མ་རབ་མནན་ནས། །མེ་ཏོག་ཚུལ་བྱས་བྱམས་པའོ། །དེ་ལས་
ཨུཏྤལ་ལྟར་བྱས་པ། །འཇམ་དཔལ་གྱི་ནི་ཡིན་པར་བཤད། །གཡོན་པ་ཁུ་ཚུར་དཀུར་བརྟེན་ནས། །གླང་ཆེན་པོ་ཡི་ཚུལ་ལྟ་བུར། །གཡས་པས་བྱས་པ་སྤོས་གླང་པོ། །གཡོན་པ་ཁུ་ཚུར་དཀུར་བརྟེན་ནས། །གཡས་པ་དཀུ་རུ་བཞག་ནས་སུ། །རྒྱལ་མཚན་འཛིན་པ་ཡེ་ཤེས་ཏོག །
ལག་གཉིས་སྙིང་གའི་ཕྱོགས་ཉིད་དུ། །པདྨ་དགྱེས་པ་བཟད་སྐྱོང་ངོ་། །བསྒྲེང་ནས་མཛུབ་མཐེབ་འཁྱུད་པ་ནི། །དོན་ཡོད་སྤྱན་གྱི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་རིན་པོ་ཆེ། །འབར་བ་ལྟར་བྱས་བློ་མི་ཟད། །གཡོན་པ་ལྟེ་བར་བཞག་ནས་སུ། །དེ་སྟེང་གཡས་གཞག་སྤོབས་པ་བརྩེགས། །
སྙེ་མ་རིན་ཆེན་ཟ་མ་ཏོག །མཐུ་ཆེན་ཐོབ་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བཅིང་བ་ལས། །མཛུབ་མོ་བརྐྱང་བར་བྱས་པ་ནི། །ངན་སོང་སྦྱོང་བའི་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་དཀུར་བརྟེན་ནས། །གཡས་པ་བེ་ཅོན་ཚུལ་བྱས་པ། །མྱ་ངན་ཀུན་འཇོམས་ཕྱག་རྒྱའོ། །གཡོན་པའི་
ཁུ་ཚུར་གཉིས་བཅིངས་ཏེ། །གོ་ཆའི་ཚུལ་དུ་བཅིངས་ནས་སུ། །ནུ་མ་གཉིས་ལ་བཅིངས་པ་ནི། །དྲ་བའི་འོད་ཀྱི་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་དཀུར་བརྟེན་ནས། །གཡས་པ་ཁུ་ཚུར་གློ་རུ་ཡང་། །མཐེ་བོ་མཐེའུ་ཆུང་བརྐྱང་བྱས་ནས། །ཟླ་ཚེས་ཚུལ་བྱས་ཟླ་འོད་རྒྱ། །ལག་པ་གཉིས་
ཀྱིས་བུམ་པ་ནི། །འཛིན་ཚུལ་བདུད་རྩི་འོད་ཀྱིའོ། །སྙིང་གར་གཡོན་པའི་ཁུ་ཚུར་གཞག །གཡས་པ་སྟེང་བསྐོར་ནམ་མཁའི་མཛོད། །གཡོན་པ་ཁུ་ཚུར་དཀུར་བརྟེན་ནས། །རིན་ཆེན་ཁུ་ཚུར་གཡས་པ་སྟེ། །ཀུན་བཟང་དམ་པའི་ཕྱག་རྒྱའོ། །ལག་པ་ཐལ་མོ་སྦྱར་བ་ལས། །གུང་

མོ་སྲིན་ལག་རྩེ་མཉམ་བསྒྲེང་། །མཐེ་ཆུང་གཉིས་ནི་ནང་དུ་གཞུག །མཛུབ་མོ་གཉིས་ནི་བཀུག་བྱས་ལ། །མཐེ་བོང་གཉིས་ནི་དེ་ངོས་ལ། །བཅར་བ་བྱང་ཆུབ་སྤྱི་ཡིའོ། །ཐལ་མོ་མཉམ་དུ་སྦྱར་བ་ལས། །སྙིང་གར་བཞག་པ་ཉན་ཐོས་ཀྱིའོ། །གཡོན་པའི་ཁུ་ཚུར་ནང་བསྟན་
ཏེ། །མཛུབ་མོ་མཐེ་བོང་རྩེ་སྦྱར་བསྒྲེང་། །གཡས་པ་སྲིན་མཐེབ་སྦྱར་བསྒྲེང་སྤྲད། །རང་རྒྱལ་རྣམས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བཅས་ལ། །མཛུབ་མོ་མཐེའུ་ཆུང་གཤིབས་ཏེ་བསྒྲེང་། །མཐེ་བོང་ངོས་བཅར་གསུམ་སྣང་གིའོ། །དེ་ཉིད་ལས་ནི་མཐེའུ་ཆུང་གཉིས། །
བསྣོལ་བ་འཇིག་རྟེན་གསུམ་འདུལ་གྱིའོ། །དེ་གཉིས་ལས་ནི་མཐེ་བོང་གཉིས། །ནང་དུ་བཅུག་པ་གསུམ་འཇིག་གོ། །དེ་ཉིད་ལས་ནི་མཐེའུ་ཆུང་བསྒྲེང་། །སྔ་མ་བཞིན་བྱས་གསུམ་མཐར་བྱིན། །དེ་ལས་མཐེབ་གཉིས་རྩེ་སྤྲད་དེ། །བསྒྲེང་བ་མི་གཡོ་མགོན་པོའོ། །དེ་ལས་
གུང་གཉིས་གཤིབས་ཏེ་བསྒྲེང་། །ཆུང་གཉིས་ནང་དུ་ལུག་རྒྱུད་སྦྲེལ། །མཛུབ་མོ་དང་ནི་སྲིན་ལག་གཉིས། །གཤིབས་ཏེ་བསྒྲེང་བ་བདུད་རྩི་འཁྱིལ། །དེ་ལས་མཛུབ་མོ་གུང་མོ་གཉིས། །སྔ་མ་བཞིན་དུ་གཞག་བྱས་ལ། །ལྷག་མ་བསྣོལ་བ་བེ་ཅོན་སྔོ། །དེ་ནས་མཛུབ་མོ་
གཤིབས་ཏེ་བསྒྲེང་། །ལྷག་མ་འོད་ཟེར་འཕྲོ་བྱས་པ། །རྟ་མགྲིན་རྒྱལ་པོའི་ཕྱག་རྒྱའོ། །དམ་ཚིག་ཕྱག་རྒྱ་དེ་དག་ཀྱང་། །ཕལ་ཆེར་བསྡམས་པ་ལས་བྱུང་བས། །བསྡམས་པ་ལས་ནི་བཅིང་བར་བྱ། །དེ་ནི་དམ་ཚིག་ཕྱག་རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བསྣམས། །མདོར་བསྡུས་རབ་
ཏུ་བཤད་པར་བྱ། །གཡོན་པ་ལྟེ་བར་གཞག་པ་ལ། །གཡས་པ་རྡོ་རྗེ་འཛིན་ཚུལ་བ། །དེ་བཞིན་གཤེགས་པའི་ཕྱག་རྒྱའོ། །ངན་སོང་སྦྱོང་བ་ལ་སོགས་བཞི། །ས་གནོན་མཆོག་སྦྱིན་ཏིང་ངེ་འཛིན། །མི་འཇིགས་ལ་སོགས་གོ་རིམས་བཞིན། །བསྒྱིངས་ནས་རྡོ་རྗེ་དྲིལ་འཛིན་དང་། །
ལྕགས་ཀྱུ་གཡས་ན་འཛིན་པ་དང་། །མདའ་འཕངས་ཚུལ་དང་སེ་གོལ་དང་། །མཛུབ་མཐེབ་ཕྲད་པར་འཛིན་པ་དང་། །ཁུ་ཚུར་གཤིབས་པ་ཉི་མའིའོ། །ཁུ་ཚུར་གཡོན་ཐོགས་གྲུ་མོ་གཟུགས། །ཁ་ཡི་ཕྱོགས་སུ་གཞག་པའོ། །གཡས་ཀྱིས་གཡོན་པ་འབྱེད་པ་དང་། །རལ་གྲི་གཉིས་

ཀྱིས་དཔུང་པར་འཛིན། །ཁུ་ཚུར་གཤིབས་ཏེ་སྙིང་གར་བསྐོར། །ཁ་ཡི་ཐད་ཀ་ནས་དྲངས་དང་། །ཁུ་ཚུར་གཉིས་ནི་གར་བྱས་ཏེ། །འགྲམ་པ་གཡས་གཡོན་གཞག་པར་བྱ། །དེ་ནས་ཡང་བསྐོར་སྤྱི་བོར་གཞག །སྤྱི་བོར་བཀྲོལ་བ་ལས་ཀྱིའོ། །ཁུ་ཚུར་གོ་ཆའི་
ཚུལ་བྱས་དང་། །དེ་ལས་མཐེ་ཆུང་མཆེ་བ་དང་། །ཁུ་ཚུར་གཉིས་ནི་མནན་པའོ། །དེ་ལས་དཀུ་གཡས་གཡོན་པ་ལས། །བཞག་ནས་འགྱིང་བ་སྒེག་མོའོ། །ཕྲེང་བ་འཛིན་པ་ཕྲེང་མའོ། །ཁ་ནས་འབྱུང་ཚུལ་གླུ་མའོ། །གར་དུ་བྱས་པ་གར་མའོ། །དེ་ལས་ཁུ་ཚུར་ཐུར་དུ་ནི། །བླུགས་
ལ་སྤོས་ལྟར་འདུག་པའོ། །གྱེན་དུ་འཐོར་བ་མེ་ཏོག་གོ། །མདུན་དུ་གཤིབས་པ་མར་མེའོ། །ཁུ་ཚུར་རྩེ་སྤྲད་བྲང་ལ་ནི། །ཉུག་པ་དེ་ནི་དྲི་ཆབ་མའོ། །ཁུ་ཚུར་གཉིས་ཀྱི་རྒྱབ་སྦྱར་ལ། །མཐེའུ་ཚུད་མཛུབ་གཉིས་སོ་སོ་རུ། །འཁྱུད་པ་དེ་ནི་ལྕགས་ཀྱུའོ། །དེ་ལས་མཛུབ་གཉིས་
རྩེ་སྤྲད་ལ། །གདུ་བུར་བྱས་པ་ཞགས་པའོ། །དེ་ལས་གུང་མོ་མཐེབ་སྤྲད་ལ། །ལུ་གུ་རྒྱུད་ལྟར་བྱས་པ་ལས། །ལྷག་མ་བསྡུས་པ་ལྕགས་སྒྲོག་གོ། །དེ་ལས་མཛུབ་གཉིས་འཁྱུད་པ་ལ། །ཁུ་ཚུར་མནན་བསྐྱོད་དྲིལ་བུའོ། །དེ་བཞིན་ཕྱག་མཚན་མེད་པ་དང་། །གཉིས་སུ་ཕྱེ་བ་
བྱས་པ་ནི། །བྱང་ཆུབ་སེམས་དང་ཉན་ཐོས་དང་། །རང་སངས་རྒྱས་པ་ཐམས་ཅད་ཀྱི། །ལས་ཀྱི་ཕྱག་རྒྱར་ཤེས་པར་བྱ། །རྡོ་རྗེ་འཛིན་ཚུལ་དབྱུག་ཏོ་འཕྱར། །རྩེ་གསུམ་བེ་ཅོན་རྒྱ་གྲམ་དང་། །དགྲ་སྟ་རལ་གྲི་པདྨ་བསྣམས། །ཁྲོ་བོ་ལས་ཀྱི་ཕྱག་རྒྱའོ། །ལྕེ་ལ་པད་ཟླའི་དཀྱིལ་
ཉིད་དུ། །གོང་བུ་བསྟན་པའི་སྔགས་དེ་དག །བཀོད་ནས་བཟླས་པ་བྱས་པ་སྟེ། །ཆོས་ཀྱི་ཕྱག་རྒྱར་བསྟན་པའོ། །ཇི་ལྟར་བསྟན་པ་བསྒོམ་པ་དང་། །ཕྱག་རྒྱ་ཕྱག་མཚན་འཛིན་པ་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །ཕྱག་རྒྱ་ཆེ་ཞེས་བྱ་བ་ཡིན། །དེ་ལ་ཕྱག་མཚན་
མེད་པ་ནི། །ལས་ཀྱི་ཕྱག་རྒྱར་ཤེས་པར་བྱ། །མཐེ་བོང་མཐེའུ་ཆུང་རྩེ་སྤྲད་དེ། །ལྷག་མ་གསུམ་ནི་རྡོ་རྗེར་བྱས། །དེ་ནི་བརྒྱ་བྱིན་ཕྱག་རྒྱའོ། །གཡོན་པ་པདྨ་ཁ་འཛུམས་དང་། །གཡས་པའི་གུང་མཛུབ་བསྒྲེང་བས་ནི། །སྨྲང་འདོན་ལྟར་བྱས་ཚངས་པའོ། །གཡོན་པ་རབ་ཏུ་བགྲད་

དེ་བསྒྲེང་། །གཡས་པ་རྩེ་གསུམ་གཏོགས་འདོད་དོ། །པི་ཝང་གཡོན་ལོགས་ཡུལ་འཁོར་སྲུང་། །མཐེ་བོང་མཐེ་ཆུང་སྦྱར་བྱས་འཕགས། །མཛུབ་མོ་ཞགས་པ་སྤྱན་མི་བཟང་། །མཐེ་བོ་ནེའུ་ལེའི་སྣ་འདྲ་ནི། །རྣམ་ཐོས་སྲས་ཀྱི་ཡིན་པར་བཤད། །གཡོན་པ་ཐོད་པ་ཐོགས་པ་ལྟར། །
སོར་མོ་ཡིད་བསྡུས་དབང་ཕྱུག་གོ། །ཐལ་མོ་ཁོང་སྟོང་སྦྱར་བ་ལས། །གུང་གཉིས་བསྒྲེང་ལ་མཛུབ་གཉིས་དགུག །མཐེ་བོང་སྟེང་བཞག་ལྷ་རྣམས་སོ། །གཡས་པ་བེ་ཅོན་ལྟར་བྱས་ལ། །གཡོན་པ་མགོ་ཐོད་ཅེས་བྱས་པ། །གཤིན་རྗེ་མོ་ཡི་ཕྱག་རྒྱའོ། །གཡས་པ་ཞགས་
འཛིན་ཚུལ་བྱས་ཏེ། །གཡོན་པ་སྦྲུལ་གྱི་གདེངས་ཀར་བྱ། །ཆུ་ལྷ་འཁོར་བཅས་ཕྱག་རྒྱའོ། །གཡས་པ་སྙེ་མ་འཛིན་པ་དང་། །གཡོན་པ་མཛུབ་མོ་བཀུག་པ་ནི། །གནོད་སྦྱིན་འཁོར་བཅས་ཕྱག་རྒྱའོ། །གཡས་ཐལ་བརྐྱང་བྱས་མཐེ་བོ་དགུག །སྨྲང་འདོན་ལྟ་བུར་བྱ་བ་དང་། །
གཡོན་པ་གུནྡྷེ་འཛིན་པ་ནི། །མེ་ལྷ་འཁོར་བཅས་ཕྱག་རྒྱའོ། །གཡས་པ་རལ་གྲི་འཛིན་པ་དང་། །གུང་མོ་སྲིན་ལག་མཐིལ་བཀུག་པ། །བདེན་བྲལ་སྲིན་པོའི་ཕྱག་རྒྱའོ། །གཡས་པ་བ་དན་ཚུལ་བྱས་ནས། །གཡོན་པ་པི་བང་ཐོགས་པ་ནི། །རླུང་ལྷ་འཁོར་བཅས་ཕྱག་
རྒྱའོ། །གཡས་པ་ཕྲེང་བ་འཛིན་པ་དང་། །གཡོན་པ་ཞགས་མིག་ལྟར་བྱས་པ། །དབང་ལྡན་འཁོར་བཅས་ཕྱག་རྒྱའོ། །ཐལ་མོ་མཉམ་དུ་སྦྱར་བ་ནི། །པ་བ་སངས་དང་མིག་དམར་རོ། །ཁ་ཐད་མཛུབ་བསྒྲེང་ཕུར་བུའོ། །ལག་གཡས་ཐལ་བགྲད་ཉི་མའོ། །ཟླ་བ་གཡོན་པ་བགྲད་པའོ། །
གླང་སྣ་ཆུ་སྲིན་འདྲ་སྒྲ་གཅན། །སེ་གོལ་རྟག་གཏོགས་ལག་པ་ལ། །སྤེན་པ་དབྱུག་པ་འཛིན་ལྟར་བྱ། །ལག་པ་གཉིས་ཀྱི་མཁྲིག་མ་བསྣོལ། །བཀན་ཏེ་གཡས་པ་སྟེང་ཕྱུང་ནས། །སོར་མོ་སྤྲོ་ཞིང་བསྡུ་བ་ནི། །རྒྱུ་སྐར་སྤྱི་ཡི་ཕྱག་རྒྱའོ། །འཇིག་རྟེན་པ་ནི་ཐུན་མོང་དུ། །ཐལ་མོ་བརྐྱང་
བར་བྱ་བ་དང་། །ཡང་ན་ཐལ་མོ་པདྨར་བྱ། །འཇིག་རྟེན་སྤྱི་ཡི་ཕྱག་རྒྱའོ། །གོང་དུ་ཇི་ལྟར་བཤད་པ་ཡི། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། །ཐུགས་ཀར་རྡོ་རྗེ་བསྒོམ་པ་ནི། །ཕྱག་རྒྱ་ཆེན་པོའི་ཆོ་གའོ། །དེ་ནས་ལྷ་རྣམས་ཐམས་ཅད་ཀྱི། །དཀྱིལ་འཁོར་སྔགས་ནི་བསྟན་བྱ་སྟེ། །དང་པོར་

བདག་བྱིན་བརླབ་པའི་སྔགས། །རྡོ་རྗེ་ཕྱག་རྒྱ་བཅིངས་ནས་དགོད། །ཨོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། སྙིང་ག་མགྲིན་པ་དཔྲལ་བ་དང་། །སྨིན་མཚམས་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །
ལོང་བུ་གཉིས་དང་མིག་གཉིས་དང་། །གསང་བའི་གནས་སུ་བྱིན་གྱིས་བརླབས། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཨ་ན་ཡ་ཧཱུཾ། །ངན་སོང་ལས་འདྲེན་པའོ། །ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུཾ། སྡིག་པ་དག་པར་བྱའོ། །ཨོཾ་སརྦ་བིད་ཏྲ་ཐ། སྡིག་པ་དྲལ་བའོ། །ཨོཾ་ཤོ་དྷ་ནེ་ཤོ་
དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཀུན་རིག་གིའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་པཱ་ཡ་ཧཱུཾ། ངན་སོང་སྦྱོང་བའིའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་བ་ཡ། སརྦ་སྭ་ཏྭེ་བྷྱཿཧཱུཾ་ཏྲཱཾ། རིན་ཆེན་མེ་ཏོག་གིའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་
ཨ་པ་ཡ་བི་ཤོ་དྷ་ནེ་ཧྲཱིཿ། ཤཱཀྱ་ཐུབ་པའིའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་པ་ཡ་ནི་ཤོ་དྷ་ཡ། ཏྲ་ཐ་ཨཿ། མེ་ཏོག་ཆེར་རྒྱས་ཀྱིའོ། །ཨོཾ་ཤོ་དྷ་ནེ་ཧཱུཾ། །སངས་རྒྱས་སྤྱན་གྱིའོ། །ཨོཾ་ཤོ་དྷ་ནེ་ཏྲཱཾ། མཱ་མ་ཀཱིའིའོ། །ཨོཾ་ཤོ་དྷ་ནེ་ཧྲཱིཿ། ན་བཟའ་དཀར་མོའིའོ། །ཨོཾ་ཤོ་དྷ་ནི་ཨཿ། སྒྲོལ་མའིའོ། །
སརྦ་བིད་བཛྲ་སཏྭ་ཧཱུཾ། སརྦ་བིད་བཛྲ་སཏྭ་ཛཿསརྦ་བིད་བཛྲ་ས་ཏྭ་ཧོཿ། སརྦ་བིད་བཛྲ་སཏྭ་དྷུཿ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆགས་པ་ལེགས་པ་རྣམས་རིམ་པ་བཞིན་ནོ། །ཏྲཱཾ་རྱཾ་བྷྲི་ཧཱ། རྡོ་རྗེ་རིན་ཆེན་གཟི་བརྗིད་རྒྱལ་མཚན་བཞད་པ་རྣམས་རིམ་པ་བཞིན་ནོ། །ཧྲཱིཿདྷཱིཿཀྲུཾ་བྷ་ལ་སོགས་
རྡོ་རྗེ་ཆོས་དང་། །རྣོན་པོ་དང་འཁོར་ལོ་དང་། སྨྲ་བ་རྣམས་རིམ་པ་བཞིན་ནོ། །ཀཾ་རཾ་ཀྵཾ་སཾ་བཞི་ལས་རྡོ་རྗེ་ལས་དང་། སྲུང་བ་དང་། གནོད་སྦྱིན་དང་ཁུ་ཚུར་རྣམས་རིམ་པ་བཞིན་དུ་སྦྱར་རོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོ་དྦྷ་བ་དཱ་ན་པཱ་ར་མི་ཏ་པཱུ་ཛེ་ཧཱུཾ། སྒེག་མོའིའོ། །ཨོཾ་སརྦ་བིད་མ་ཧཱ་
བཛྲོདྦྷ་བ་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛེ་ཏྲཱཾ། རྡོ་རྗེ་ཕྲེང་བ་མའིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོ་དྦྷ་བ་ཀྵཱནྟི་པཱ་ར་མི་ཏཱ་པཱུ་ཛེ་ཧྲཱིཿ། གླུ་མའིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོདྦྷ་ཝ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛེ་ཨཿ། གར་མཁན་མའིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ། དྷ་མ་དྷ་མ་དྷུ་པཱ་ཡ་དྷྱཱ་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ་ཕཊ།

སྤོས་མེ་མའིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་པུཥྤཱ་བི་ལོ་ཀ་ནི་པྲཛྙཱ་པཱ་ར་མི་ཏཱ་པཱུ་ཛེ་ཏྲཱཾ། མེ་ཏོག་མའིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་ཛྙཱ་ན་ཨཱ་ལོ་ཀ་ཀ་རི་པྲ་ཎི་དྷི་པཱ་ར་མི་ཏ་པཱུ་ཛེ་ཧྲཱིཿ། མར་མེའིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་གནྡྷ་བི་ནཱ་ཤ་ནི་བཛྲ་གནྡྷོ་པ་ཡ་པཱ་ར་མི་ཏཱ་པཱུ་ཛེ་ཨཿ། དྲི་ཆབ་མའིའོ། །
ཨོཾ་སརྦ་བིད་ན་ར་ཀ་ཨཱ་ཀཪྵ་ཎི་ཧཱུཾ་ཕཊ། རྡོ་རྗེ་ལྕགས་ཀྱུའིའོ། །ཨོཾ་སརྦ་བིཏ་སརྦ་ན་ར་ཀ་ཨུ་དྷ་ར་ནི་ཧཱུཾ་ཕཊ། རྡོ་རྗེ་ཞགས་པའིའོ། །ཨོཾ་སརྦ་བིཏ་སརྦ་ན་ར་ཀ་བནྡྷ་མོ་ཙ་ནི་ཧཱུཾ་ཕཊ། རྡོ་རྗེ་ལྕགས་སྒྲོག་གིའོ། །ཨོཾ་སརྦ་བིཏ་སརྦ་ན་ར་ཀ་གྷཎྚ་བི་ཤོ་དྷ་ནི་ཧཱུཾ་ཕཊ། རྡོ་རྗེ་དྲིལ་བུའིའོ། །ཨོཾ་མཻ་ཏྲི་
ཧ་ར་ཎ་སྭཱ་ཧཱ། བྱམས་པའིའོ། །ཨོཾ་མཉྫུ་ཤྲཱི་སྭཱ་ཧཱ། འཇམ་དཔལ་གྱིའོ། །ཨོཾ་གནྡྷ་ཧསྟི་སྭཱ་ཧཱ། སྤོས་ཀྱི་གླང་པོའིའོ། །ཨོཾ་ཛྙཱ་ན་ཀེ་ཏུ་བ་ཏི་ཧཱུཾ། ཡེ་ཤེས་ཏོག་གིའོ། །ཨོཾ་བྷ་དྲ་བ་ཏི་ཧ་ར་པཱ་ལ་ཧཱུཾ། བཟང་སྐྱོང་གིའོ། །ཨོཾ་ཨ་མོ་གྷ་ཧ་ར་ཤེ་ཧཱུཾ། དོན་ཡོད་པར་མཐོང་བའིའོ། །
ཨོཾ་ཨཀྵ་ཡ་ཧཱུཾ་ཀརྨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། བློ་གྲོས་མི་ཟད་པའིའོ། །ཨོཾ་པྲ་ཏི་བྷ་ནེ་པྲ་ཏི་བྷཱན་ཀུ་རེ་སྭཱ་ཧཱ། སྤོབས་པ་བརྩེགས་པའིའོ། །ཨོཾ་སྠཱ་མེ་སྠཱ་མེ་མ་ཧཱ་སྠཱ་མེ་པཱ་ཏི་ཧཱུཾ། མཐུ་ཆེན་ཐོབ་ཀྱིའོ། །ཨོཾ་སརྦ་ཨ་པཱ་ཡ་ཛ་ཧ་ཤོ་དྷ་ནེ་ཧཱུཾ། ངན་སོང་ཀུན་འདྲེན་གྱིའོ། །ཨོཾ་སརྦ་ཤོ་ཀ་ཏ་
མོ་ནིར་གྷ་ཏེ་ན་མ་ཏི་ཧཱུཾ། མྱ་ངན་ཀུན་འཇོམས་ཀྱིའོ། །ཨོཾ་ཛྭ་ལ་ནི་མ་ཧཱ་ཛྭ་ལ་ནི་སྭཱ་ཧཱ། དྲ་བ་ཅན་གྱིའོ། །ཨོཾ་ཙནྡྲ་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ། ཟླ་འོད་ཀྱིའོ། །ཨོཾ་ཨ་མི་ཏ་པྲ་བྷ་བ་ཏི་ཧཱུཾ། བདུད་རྩི་འོད་ཀྱིའོ། །ཨོཾ་ག་ག་ན་ལོ་ཙ་ནེ་ཧཱུཾ། ནམ་མཁའ་མཛོད་ཀྱིའོ། །ཨོཾ་ས་མནྟ་བྷ་དྲ་ཧཱུཾ། ཀུན་དུ་
བཟང་པོའིའོ། །ཨོཾ་བོ་དྷི་སཏྭ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིའོ། །ཨོཾ་སརྦ་མུ་ནེ་བྷྱཿཔ་རི་ཤུདྡྷེ་ག་ག་ན་ས་མ་ནཾ་སྭཱ་ཧཱ། ཉན་ཐོས་ཀྱིའོ། །ཨོཾ་ན་མོ་བུདྡྷ་བྱ་བ་ལོ་ཀི་ཏེ་ཤུདྡྷ་ག་ག་ན་ས་མ་ཡེ་སྭཱ་ཧཱ། རང་རྒྱལ་གྱིའོ། །ཨོཾ་ཏྲཻ་ལོ་
ཀྱ་ཀི་ར་ཧཱུཾ་ཕཊ། འཇིག་རྟེན་གསུམ་སྣང་གིའོ། །ཨོཾ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུཾ་ཕཊ། གསུམ་འདུལ་གྱིའོ། །ཨོཾ་ཏྲཻ་ལོ་ཀྱ་ནཱ་ཤ་ཧཱུཾ་ཕཊ། གསུམ་འཇིག་གིའོ། །ཨོཾ་ཏྲཻ་ལོ་ཀྱ་ཨནྟ་ཧཱུཾ་ཕཊ། གསུམ་མཐར་བྱེད་ཀྱིའོ། །ཨོཾ་ཀཱ་ན་ཧ་ནི་ཧཱུཾ་ཕཊ། མི་གཡོ་མགོན་ནོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ།

བདུད་རྩི་འཁྱིལ་པའིའོ། །ཨོཾ་ཀཱ་ལ་དཎྜ་ཧཱུཾ་ཕཊ། བེ་ཅོན་སྔོན་པོའིའོ། །ཨོཾ་ཧྲཱིཿཧཱུཾ་ཕཊ། རྟ་མགྲིན་གྱིའོ། །ཨོཾ་ཨིནྡྲཱ་ཡ་སྭཱ་ཧཱ། བརྒྱ་བྱིན་འཁོར་བཅས་ཀྱིའོ། །ཨོཾ་བྲཧྨ་ཎེ་སྭཱ་ཧཱ། ཚངས་པའིའོ། །ཨོཾ་ག་ཎ་པ་ཏི་ཧཱུཾ། གཏོགས་འདོད་ཀྱིའོ། །ཨོཾ་བཻཥྞ་བི་ཡེ་སྭཱ་ཧཱ།
དབང་ཕྱུག་ཆེན་པོའིའོ། །ཨོཾ་དེ་བ་ག་ཎེ་བྷྱཿསྭཱ་ཧཱ། ལྷ་ཐམས་ཅད་ཀྱིའོ། །ཨོཾ་བེེ་བ་སྭ་ད་མ་ཏྲི་བྷྱཿསྭཱ་ཧཱ། གཤིན་རྗེ་འཁོར་དང་བཅས་པའིའོ། །ཨོཾ་བརྱ་ཎ་ཡེ་ནཱ་ག་ག་ཎ་བྷྱཿསྭཱ་ཧཱ། ཆུ་ལྷ་འཁོར་དང་བཅས་པའིའོ། །ཀུ་བེ་ར་ཡཀྵ་ནི་བྷྱཿསྭཱ་ཧཱ། གནོད་སྦྱིན་འཁོར་བཅས་ཀྱི་སྔགས་སོ། །
ཨོཾ་ཨགྣ་ཡེ་ཀུ་ཙི་ཀུ་ཙི་སྭཱ་ཧཱ། དྲང་སྲོང་རྣམས་ཀྱིའོ། །ཨོཾ་ནཻ་ཪྼྀ་ཏྱ་རཱཀྵ་ས་བྷྱཿསྭཱ་ཧཱ། སྲིན་པོ་འཁོར་བཅས་ཀྱིའོ། །ཨོཾ་བཱ་ཡ་བེ་ཨ་སཱུ་ར་ག་ཎེ་བྷྱཿསྭཱ་ཧཱ། རླུང་ལྷ་འཁོར་དང་བཅས་པའིའོ། །ཨོཾ་རུ་དྲ་ཨཀྵ་བྷཱུ་ཏ་ག་ཎེ་བྷྱཿསྭཱ་ཧཱ། དབང་ལྡན་འཁོར་བཅས་ཀྱིའོ། །ཨོཾ་པྲྀ་སྠི་བྷྱཿསྭཱ་ཧཱ།
སའི་ལྷ་མོའིའོ། །ཨོཾ་གྲ་ཧེ་པྲ་བྷཱ་ཛྱོ་ཏི་ས་ཡ་ནཀྵ་ཏྲ་ནི་རྣཱ་ད་ནི་སྭཱ་ཧཱ། གཟའ་དང་རྒྱུ་སྐར་སྤྱིའི་སྔགས་སོ། །ཨོཾ་མ་ཧོ་ར་ག་ག་ཎེ་བྷྱཿསྭཱ་ཧཱ། ལྟོ་འཕྱེ་རྣམས་ཀྱིའོ། །ཨོཾ་ཀུཾ་བྷཎྜ་པཱུཏ་ཨུནྨ་དཱ་པ་སྨ་ར་ཨ་མ་ཨོསྟཱར་ག་ཎེ་བྷྱཿསྭཱ་ཧཱ། འདྲེ་སྤྱིའིའོ། །ཨོཾ་ག་རུ་ཌ་ག་ཎ་བྷྱཿསྭཱ་ཧཱ། ནམ་མཁའ་ལྡིང་
སྤྱིའིའོ། །ཨོཾ་ཨགྣ་སྭཱ་ཧཱ། མེ་ལྷའིའོ། །ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཆུ་ལྷའིའོ། །ཨོཾ་བཱ་ཡ་བེ་སྭཱ་ཧཱ། རླུང་ལྷའིའོ། །ཨོཾ་པ་ཊ་ལ་སྭཱ་ཧཱ། ས་བདག་གོ། །ཨོཾ་སརྦ་དེ་བ་ཏ་སྭཱ་ཧཱ། ཁྱིམ་ལྷ་ལ་སོགས་པ་ཐམས་ཅད་ཀྱིའོ། །ཨོཾ་ཧྲི་སྭཱ་ཧཱ། མཁའ་འགྲོ་མའིའོ། །དེ་དག་ནི་སྔགས་སུ་གསུངས་
པའོ། །ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན། །ཉིན་རེ་ཏིང་འཛིན་གསུམ་པོ་ནི། །བདག་དང་ལྷ་སྦྱོར་བསྒོམ་པར་བྱ། །དེ་ནས་བདག་ཉིད་དེར་གསལ་ནས། །རྒྱས་འདེབས་བཞི་དང་ལྡན་པ་ལ། །དཀྱིལ་འཁོར་སྒོ་ནི་དབྱེ་བྱས་ནས། །དཀྱིལ་འཁོར་ཡོངས་སུ་བསྐྱེད་པར་བྱ། །ཨོཾ་སརྦ་
བིད་བཛྲ་ཙཀྲ་ཧཱུཾ། འཁོར་ལོ་དང་ལྡན་ཕྱག་རྒྱ་བྱ། །དཀྱིལ་འཁོར་བསྐྱེད་སྔགས་ཕྱག་རྒྱའོ། །དེ་ནས་གཙོ་བོར་བདག་སྦྱོར་བས། །དཔུང་པར་སེ་གོལ་གདབ་བྱས་ལ། །ཛཿཧཱུཾ་བཾ་ཧོཿས་སྤྱན་དྲང་ངོ་། །དེ་ནས་ཉེ་རེག་འཐོར་འཐུང་དང་། །ཞབས་བསིལ་བ་ནི་དབུལ་བར་བྱ། །མཆོད་པ་

རྣམ་པ་སྣ་ཚོགས་མཆོད། །དེ་རྗེས་བསྟོད་པ་བྱ་བ་ནི། །མཉམ་མེད་མི་གཡོ་ཆོས་མཆོག་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་སྡུག་སེལ། །ཡོན་ཏན་དངོས་གྲུབ་སྦྱིན་མཛད་པ། །དྲི་མེད་མཉམ་ཉིད་དམ་པ་བསྟོད། །ཡོན་ཏན་ཕྲ་མོ་ཚད་མེད་དེ། །ནམ་མཁའ་དང་ཡང་བསྐྲུན་ཡོད་མིན། །
དངོས་གྲུབ་མཉམ་མེད་དཔེ་བྲལ་བ། །འགྲོ་ལ་ངེས་པར་སྩོལ་མཛད་བསྟོད། །རྟག་ཏུ་དྲི་མེད་ཐུགས་རྗེ་འབྱུང་། །སྨོན་ལམ་སྒྲུབ་པ་འགག་མེད་ཅན། །འགྲོ་བའི་དོན་བརྩོན་མཐའ་ཡས་པ། །བདག་ཉིད་རྟག་ཏུ་སྣང་ལ་བསྟོད། །ཚད་མེད་ཚད་བྲལ་ཡོངས་རྫོགས་པའི། །བདེ་གཤེགས་
གོ་འཕང་དེ་བརྙེས་ཀྱང་། །ཐུགས་རྗེའི་སྤྱོད་པ་འགག་མེད་འགྱུར། །བཟང་པོ་ཤིན་ཏུ་མཆོག་ལྡན་བསྟོད། །མཆོག་སྦྱིན་ནང་ན་མཆོག་བརྙེས་པས། །ཀུན་ལ་དངོས་གྲུབ་མཆོག་ཐོབ་མཛད། །མགོན་པོ་དུས་གསུམ་སྒྲིབ་མེད་པ། །དངོས་གྲུབ་དམ་པ་སྩོལ་བསྟོད་དོ། །
བསྟོད་པའི་རྒྱལ་པོ་འདི་དག་གིས། །ལན་ཅིག་ཙམ་ཡང་བསྟོད་བྱས་པས། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་། །བདེ་གཤེགས་ཐམས་ཅད་འགྲུབ་པར་འགྱུར། །དེ་ལྟར་ཏིང་འཛིན་བྱ་བ་ནི། །ལོའམ་ལོ་ཕྱེད་ཟླ་གཅིག་བྱ། །དེ་ལྷར་གྲུབ་ནས་རྡུལ་ཚོན་བརྩམས། །དེ་ཡིས་བསོད་ནམས་
ཚོགས་བསྒོམས་པ། །སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ནས་རྡུལ་ཚོན་མགོ་རྩོམ་སྟེ། །གོང་དུ་བཤད་པའི་གནས་དག་ཏུ། །ས་ནི་གཟུང་བའི་ལས་བྱ་སྟེ། །ས་བདག་ས་སྲུང་ལ་སོགས་དང་། །ས་ཡི་ལྷ་མོ་རྣམས་ལ་ནི། །དཀྱིལ་འཁོར་དང་ནི་སྦྱིན་སྲེག་གི། །དཀྱིལ་འཁོར་བྱ་བའི་
དོན་དུ་ནི། །དམ་ཚིག་འདི་ནི་བསྒྲགས་པར་བྱ། །ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཞིག་ས་ལ་བརྟེན་ཀུན་དང་། །བྱམས་པའི་སེམས་སུ་གནས་པ་ནི། །ཀུན་དགའི་དོན་དུ་ཞུ་ཞིང་གནས། །དེ་ནས་ཇི་ལྟར་འཚམ་པ་བཞིན། །པུས་ནུབ་ཙམ་དུ་བརྐོ་བྱས་ལ། །གྱོ་མོ་ལ་སོགས་བསལ་བར་
བྱ། །སྤྱན་དང་གནོད་སྦྱིན་འཁྱིལ་པ་ཡི། །སྔགས་ཀྱི་ཆུ་ཡིས་གཏོར་བར་བྱ། །དེ་ལྟར་ས་ནི་བཟུང་ནས་སུ། །སློབ་དཔོན་ཁྲུ་ཡིས་བརྟག་བྱས་ལ། །ཆེ་ཆུང་རིམ་པ་གང་ཡིན་པས། །ས་དེ་ཡང་དག་གཟུང་བར་བྱ། །དེ་ནི་ས་སྦྱང་བའི་ཆོ་གའོ།། །།དེ་ནས་གོས་རྒྱན་བགོས་

བྱས་ཏེ། །དྲི་ཞིམ་ཆུ་ཡིས་ལུས་བཀྲུས་ལ། །རྡོ་རྗེ་གནོད་སྦྱིན་ཏིང་འཛིན་དུ། །ཞུགས་ནས་རྡོ་རྗེ་འཆང་བའི་གཙོ། །ཐུགས་ལས་ཕྱུང་སྟེ་སྐད་ཅིག་མས། །མིག་ལ་ཉི་མ་ཟླ་བའི་འོད། །རྐང་པ་བོར་བ་རྡོ་རྗེར་བསམ། །ལག་གཉིས་རྡོ་རྗེ་དྲིལ་བཟུང་ལ། །ཡི་གེ་ཧཱུཾ་གི་སྒྲ་
བསྒྲགས་ཏེ། །གཡས་ནས་བསྐོར་ལ་དེང་ཞེས་བརྗོད། །མཚམས་དང་དྲ་བ་ར་བ་དག །བདུད་དང་སྡང་བ་བཟློག་པར་བྱ། །དེ་ནས་ཕུར་བུ་བྱིན་བརླབས་ནས། །ཕུར་བུ་སྔགས་ཀྱིས་གདབ་པར་བྱ། །དེ་ནས་སྐུད་པ་རིམ་ལྔ་ཡི། །ཁ་དོག་བཞིན་དུ་བསམ་བྱས་ལ། །འཁོར་ལོས་སྒྱུར་
བས་གཡོག་ལ་གཏད། །དེ་ནས་ཐིག་སྐུད་བསྒྲིལ་བར་བྱ། །དེ་ནས་གསེར་གྱི་གཞོང་པ་རུ། །རིགས་ཀྱི་སྔགས་ཀྱིས་བཏབ་ནས་སུ། །མཆོད་དང་བསྟོད་པ་རྫོགས་པར་བྱ། །དེ་ནས་ཐིག་གདབ་བརྩམ་པ་ནི། །ལས་དང་བྱ་བས་གདབ་པ་སྟེ། །བྱིན་གྱིས་བརླབས་པའི་སྔགས་བསྟན་པ། །
ཨོཾ་བཛྲ་སཱུ་ཏྲ་ཨཱ་ཀཪྵ་ཡ་མཎྜ་ལ་ཧཱུཾ། ཞེས་སོ། །གདབ་པའི་འགྲོ་སྟངས་བསྐོར་བ་ནི། །རྒྱུད་དང་མན་ངག་བཞིན་དུ་བསྟན། །བྱིན་བརླབས་བྱས་པའི་གནས་དེ་རུ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དབུས་ཀྱི་ཆ་ནི་གདབ་བྱ་བ། །སྲད་བུ་བརྒྱད་དང་ལྡན་པ་ཡི། །ལྟེ་བར་བཅས་ཤིང་
རྩིབས་བཅུ་དྲུག །རིམ་པ་གསུམ་དང་ལྡན་པ་ཡི། །རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །སྒོ་བཞི་རྟ་བབས་བཞི་ལྡན་པས། །ཐེམ་སྐས་དང་ནི་འཁོར་ལོ་དང་། །ལྡ་ལྡི་ལ་སོགས་བརྒྱན་པ་རུ། །སེང་གེ་བ་གླང་རྣམས་ཀྱིས་བརྒྱན། །དེ་ལྟར་ལེགས་པར་བརྟགས་བྱས་ནས། །ཚོན་རྩིས་
བྲི་བ་བརྩམ་པར་བྱ། །དེ་ལྟར་བྱས་པའི་འོག་ཉིད་དུ། །དེ་ནས་སྦྱོར་བ་གསུམ་བསྒོམས་ལ། །ལྷ་ཡི་གནས་སུ་ཙནྡན་སོགས། །ལྷ་ཡི་གནས་ནི་བྱ་བའོ། །དེ་ལ་མེ་ཏོག་ཕུལ་བྱས་ལ། །རང་རང་གསང་སྔགས་མང་བཟླས་ཏེ། །དེ་ནས་མཆོད་པའི་རིམ་པས་མཆོད། །དབུས་ཀྱི་གཙོ་བོའི་
གསང་སྔགས་ཀྱི། །རྣམ་རྒྱལ་བུམ་པ་གདབ་པར་བྱ། །དེ་ནས་ཕུར་བུ་ཕྱང་ནས་སུ། །ཁ་དོག་ལྔས་ནི་དགང་བར་བྱ། །དབང་ལྡན་མཚམས་ནས་བྲི་བྱ་སྟེ། །དཀར་སྔོ་དམར་དང་དེ་བཞིན་ལྗང་། །ནང་དུ་སེར་པོ་བཏང་བྱས་ལ། །དེ་ནས་ཡང་ནི་མཆོད་པ་དབུལ། །དེ་ནས་དཀྱིལ་འཁོར་འདེགས་

པར་བྱ། །སོར་མོ་གྱེན་དུ་རྩེ་སྤྲད་འདེགས། །དེ་ཡི་སྔགས་ནི་འདི་དག་གོ། །ཨོཾ་སརྦ་བིད་ཨ་དྷི་ཏིཥྛ་ཧཱུཾ། ཞེས་སོ། །རྡུལ་ཚོན་བྲི་བའི་ཆོ་གའོ།། །།དེ་ལྟར་བྱས་ཟིན་འོག་ཏུ་ནི། །དེ་བཞིན་མཆོད་པ་རྣམ་ལྔ་ཡིས། །བུམ་པ་སྟ་གོན་གནས་པར་བྱ། །བུམ་པ་དཀར་ཞིང་ཆེ་བ་དང་། །ཁ་ཡངས་
ལེགས་ཤིང་མགྲིན་པ་མཐོ། །དྲི་ཆུས་ཡོངས་སུ་བཀང་ནས་སུ། །ཁ་རྒྱན་ཡལ་ག་ཤིང་གིས་བྱས། །འབྲུ་ལྔ་སྨན་ལྔ་ར