Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 68

Văn bản gốc(Tây Tạng)

Trang 18 / 22 (50.000 ký tự/trang)
། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །དགེ་བ་བསྡུ་ཕྱིར་བཞེས་སུ་གསོལ། །དེ་བཞིན་བསྒྲེས་ཏེ་སྒྲ་
མཆོད་པར། །རྒྱལ་ཡུམ་སྲས་དང་བཅས་ལ་མཆོད། །བདག་གི་སྒོ་གསུམ་དང་བ་ཡིས། །ཡུམ་ཆེན་འཁོར་དང་བཅས་པ་ལ། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །ངག་ཡིད་དང་བས་ཕྱག་འཚལ་ལོ། །པྲཛྙཱ་པཱ་ར་མི་ཏཱ་དེ་བ་སརྦ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། ཕྱག་བྱས་བསྟོད་པ་འདི་
ལྟ་སྟེ། །རང་བཞིན་མཉམ་ཉིད་གཉིས་མེད་ཀྱང་། །འགྲོ་བའི་དོན་ཕྱིར་ཡུམ་གྱི་སྐུ། །རིགས་ཀྱི་ཡུམ་གྱིས་ཡོངས་བསྐོར་བ། །དུས་གསུམ་རྒྱལ་ཡུམ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་མ་རིན་ཆེན་མ། །ཆོས་དང་ལས་ཀྱི་སེམས་མ་སྟེ། །རིགས་ཀྱི་ཡུམ་བཞི་ཕྱག་འཚལ་བསྟོད། །མཱ་མ་
ཀཱི་དང་གོས་དཀར་མོ། །སངས་རྒྱས་སྤྱན་དང་སྒྲོལ་མ་སྟེ། །མཛེས་པའི་ཡུམ་བཞི་ཕྱག་འཚལ་བསྟོད། །ཤར་ཕྱོགས་རིན་ཆེན་ཡོད་པ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་རིན་ཆེན་འབྱུང་གནས་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་
ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་མྱ་ངན་མེད་པ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་མྱ་ངན་མེད་པ་ནི། །སྐུ་ཆེན་མཚན་

བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །ནུབ་ཕྱོགས་ཉེ་བར་ཞི་བ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །
བདེ་གཤེགས་རིན་ཆེན་འོད་འཕྲོ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །བྱང་ཕྱོགས་
རྒྱལ་བ་ཅན་གྱི་ནི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་རྒྱལ་བའི་དབང་པོ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །
མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །བྱང་ཤར་ཏིང་འཛིན་བརྒྱན་པ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་ཏིང་འཛིན་གླང་པོ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་
ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །ཤར་ལྷོ་སྙིང་པོ་བྱང་ཆུབ་བརྒྱན། །ཤིན་ཏུ་ཡིད་འོང་ཞིང་ཁམས་ན། །བདེ་གཤེགས་པདྨོའི་དཔལ་ལ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་
ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །ལྷོ་ནུབ་རྡུལ་དང་བྲལ་བ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་བར་གཤེགས་པ་ཉི་མ་ཡི། །དཀྱིལ་
འཁོར་སྣང་བ་དམ་པའི་དཔལ། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །ནུབ་

བྱང་དབང་དུ་གྱུར་པ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་གདུགས་ཀྱི་དམ་པ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་
ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །སྟེང་ཕྱོགས་མདངས་དགའི་ཞིང་ཁམས་ན། །བདེ་གཤེགས་དགའ་བའི་དཔལ་ལ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་
གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །འོག་ཕྱོགས་པདྨོའི་ཞིང་ཁམས་ན། །བདེ་གཤེགས་པདྨོའི་དཔལ་ལ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་
ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །མི་མཇེད་འཇིག་རྟེན་ཁམས་འདི་ན། །བདེ་གཤེགས་ཤཱཀྱ་སེང་གེ་ནི། །སྐུ་ཆེན་མཚན་བཟང་ཡོན་ཏན་རྫོགས། །དམ་ཆོས་
རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །ཡོངས་སུ་དག་པའི་ཞིང་ཁམས་ན། །བདེ་གཤེགས་མར་མེ་མཛད་པ་ནི། །སྐུ་ཆེན་མཚན་
བཟང་ཡོན་ཏན་རྫོགས། །དམ་ཆོས་རྨད་དུ་བྱུང་བ་ཡི། །གསུང་ཆེན་ཕ་རོལ་ཕྱིན་དྲུག་གིས། །ཞིང་མཆོག་གཙང་མར་ཡོངས་སྒྲོགས་ཤིང་། །ཐུགས་ཆེན་མཉམ་ཉིད་རྟག་གནས་ཤིང་། །མཛེས་པའི་བདེ་གཤེགས་ཕྱག་འཚལ་བསྟོད། །སེམས་དཔའ་འོད་ཟེར་ཀུན་འབྱུང་དང་། །རིན་ཆེན་འོད་འཕྲོ་རིན་
དབང་ཕྱུག །རྡོ་རྗེ་མི་གཡོ་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་པའི་ཚེ། །ཆོས་འབྱུང་རྟག་ཆེན་བསྟན་པའི་དུས། །སེམས་

དཔའ་ཆེན་པོ་ཁྱེད་རྣམས་ཀྱིས། །རང་གིས་གཙོ་ལ་རྟག་ཞུས་ཏེ། །གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་རོལ་ཕྱིན་ཆོས་མཉན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་བྱོན་པའི། །བློ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སེམས་
དཔའ་མྱ་ངན་མེད་པ་དང་། །ཆོས་ཀྱི་རྒྱལ་མཚན་བཀོད་པ་རྒྱལ། །དབང་ཕྱུག་རྒྱལ་ཏེ་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་པའི་ཚེ། །
ཆོས་འབྱུང་རྟག་ཆེན་བསྟན་པའི་དུས། །སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱང་། །རང་གིས་གཙོ་ལ་རྟག་ཞུས་ཏེ། །གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་རོལ་ཕྱིན་ཆོས་མཉེན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་བྱོན་པའི། །
བློ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྤྱོད་པའི་བློ་གྲོས་སྣང་མཆོག་དང་། །ཕྱག་རྒྱ་རྒྱལ་དང་སྤོབས་པ་བརྩེགས། །བློ་དང་ལྡན་པའི་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་
ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་པའི་ཚེ། །ཆོས་འབྱུང་རྟག་ཆེན་བསྟན་པའི་དུས། །སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱང་། །རང་གིས་གཙོ་ལ་རྟག་ཞུས་ཏེ། །གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་
རོལ་ཕྱིན་ཆོས་མཉན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་བྱོན་པའི། །བློ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་བ་བྱིན་དང་གྲུབ་པའི་ལྷ། །དགའ་སྟོན་དང་ནི་མི་གཡོ་བ། །བློ་དང་ལྡན་པའི་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་
པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་པའི་ཚེ། །ཆོས་འབྱུང་རྟག་ཆེན་བསྟན་པའི་དུས། །སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱང་། །རང་གིས་གཙོ་ལ་རྟག་ཞུས་ཏེ། །གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་

པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་རོལ་ཕྱིན་ཆོས་མཉན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་བྱོན་པའི། །བློ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཉི་མ་རབ་སྣང་རྡོ་རྗེ་ཅན། །གཞོན་ནུ་རྒྱན་དང་སེང་གེ་སྒྲ། །བློ་དང་ལྡན་པའི་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་
རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་པའི་ཚེ། །ཆོས་འབྱུང་རྟག་ཆེན་བསྟན་པའི་དུས། །སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱང་། །རང་གིས་གཙོ་ལ་རྟག་ཞུས་ཏེ། །
གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་རོལ་ཕྱིན་ཆོས་མཉན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་བྱོན་པའི། །བློ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །རིན་ཆེན་མཆོག་དང་པདྨོ་རྒྱལ། །པདྨོ་དམ་པ་ཐོགས་མེད་རྒྱལ། །བློ་
དང་ལྡན་པའི་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་པའི་ཚེ། །ཆོས་འབྱུང་རྟག་ཆེན་བསྟན་པའི་དུས། །སེམས་དཔའ་ཆེན་པོ་ཁྱེད་རྣམས་
ཀྱང་། །རང་གིས་གཙོ་ལ་རྟག་ཞུས་ཏེ། །གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་རོལ་ཕྱིན་ཆོས་མཉན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་བྱོན་པའི། །བློ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དགའ་བཞིན་དང་ནི་བཟང་
སྐྱོང་དང་། །དཀོན་མཆོག་འབྱུང་གནས་ཟླ་འོད་གཞོན། །བློ་དང་ལྡན་པའི་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་པའི་ཚེ། །ཆོས་འབྱུང་
རྟག་ཆེན་བསྟན་པའི་དུས། །སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱང་། །རང་གིས་གཙོ་ལ་རྟག་ཞུས་ཏེ། །གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་རོལ་ཕྱིན་ཆོས་མཉན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་བྱོན་པའི། །བློ་ཆེན་ཁྱོད་ལ་

ཕྱག་འཚལ་བསྟོད། །པདྨོ་དམ་པ་མེ་ཏོག་དང་། །མྱ་ངན་ཀུན་དུ་འཇོམས་པ་དང་། །བློ་གྲོས་མི་ཟད་སེམས་དཔའ་བཞི། །ཕ་རོལ་ཕྱིན་ལ་རབ་དད་དེ། །མི་མཇེད་འཇིག་རྟེན་ཁམས་འདི་རུ། །བྱ་རྒོད་སྤུངས་པའི་རི་བོ་ལ། །སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས། །དྲི་མེད་ཕ་རོལ་ཕྱིན་པ་ལ། །ཆོས་སྒྲ་ཆེན་པོ་སྒྲོགས་
པའི་ཚེ། །ཆོས་འབྱུང་རྟག་ཆེན་བསྟན་པའི་དུས། །སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱང་། །རང་གིས་གཙོ་ལ་རྟག་ཞུས་ཏེ། །གཙོ་བོས་ཚུལ་བཞིན་ལུང་བསྟན་དུས། །མཛེས་པ་གསེར་གྱི་པད་འདབ་སྟོང་། །ཤཱཀྱ་སེང་གེ་མཆོད་པ་དང་། །ཕ་རོལ་ཕྱིན་ཆོས་མཉན་པའི་ཆེད། །མི་མཇེད་འཇིག་རྟེན་འདིར་
བྱོན་པའི། །བློ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྱམས་པ་ས་སྙིང་ནམ་མཁའ་སྙིང་། །སྤྱན་རས་གཟིགས་ཏེ་སེམས་དཔའ་བཞི། །འགྲོ་དོན་བརྩོན་ལ་ཕྱག་འཚལ་བསྟོད། །མཽད་གལ་དང་ཤཱ་རིའི་བུ། །ཀུན་དགའ་བོ་དང་འོད་སྲུངས་ཏེ། །མཆོག་བཞི་ཉན་ཐོས་ཕྱག་འཚལ་བསྟོད། །ཉི་འོད་དང་ནི་ཟླ་
འོད་དང་། །བྱམས་པ་མཻ་ཏྲི་སྐྱེས་བུ་དམ། །ཐབས་མཁས་འགྲོ་དོན་བརྩོན་ལ་བསྟོད། །ཉམས་བདེས་བདེ་གཤེགས་མཉེས་མཛད་པ། །ནང་གི་ལྷ་མོ་བཞི་ལ་བསྟོད། །མཆོད་པ་ཡི་ནི་ལས་ཀྱིས་ནི། །བདེ་བར་གཤེགས་པ་མཉེས་མཛད་པ། །ཕྱི་ཡི་ལྷ་མོ་བཞི་ལ་བསྟོད། །བདེ་གཤེགས་སྒོ་སྲུང་
རབ་ཏུ་གྲགས། །སྒོ་སྲུང་བཞི་ལ་ཕྱག་འཚལ་བསྟོད། །བཞི་གསུམ་བཅུ་གཉིས་ཆོས་རྟོགས་པ། །ཚོགས་ལམ་གནས་ལ་ཕྱག་འཚལ་བསྟོད། །དབང་པོ་སྟོབས་ཀྱི་རབ་ཕྱེ་བ། །ངེས་འབྱེད་རྟོགས་ལ་ཕྱག་འཚལ་བསྟོད། །ས་རབ་དགའ་བ་རྟོགས་འགྱུར་བ། །མཐོང་ལམ་གནས་ལ་ཕྱག་འཚལ་བསྟོད། །
ས་བརྒྱད་རིམ་གྱིས་རྟོགས་གྱུར་པ། །བསྒོམ་ལམ་རྟོགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ལྟ་བུ་ལ་གནས་ནས། །ཆོས་ཀྱི་སྐུ་ཡང་རབ་ཏུ་གསལ། །ས་བཅུ་གནས་ལ་ཕྱག་འཚལ་བསྟོད། །སེམས་བསྐྱེད་ལ་སོགས་རབ་ལྡན་པ། །རྒྱུ་དང་འབྲས་བུས་རབ་ཕྱེ་བ། །ཐམས་ཅད་མཁྱེན་གཞུང་དེ་ལ་བསྟོད། །
གང་ཟག་གསུམ་གྱི་ལམ་ཡང་བཤད། །ལམ་ཤེས་གཞུང་ལ་ཕྱག་འཚལ་བསྟོད། །ཤེས་རབ་སྙིང་རྗེ་ལྡན་པ་སོགས། །སྤང་དང་བླང་བའི་གཞི་རྣམ་ཤེས། །ཐམས་ཅད་མཁྱེན་གཞུང་དེ་ལ་བསྟོད། །རྣམ་པ་ཐམས་ཅད་ཡོངས་བསྡུས་པ། །རྣམ་ཀུན་མངོན་རྫོགས་གཞུང་ལ་བསྟོད། །འཕེལ་བ་

ལ་སོགས་རབ་ལྡན་པ། །རྩེ་མོའི་གཞུང་ལ་ཕྱག་འཚལ་བསྟོད། །འོག་མ་ཀུན་གྱི་མཐར་ཕྱིན་པ། །མཐར་གྱི་གཞུང་ལ་ཕྱག་འཚལ་བསྟོད། །སྐད་ཅིག་བཞི་དང་རབ་ལྡན་པ། །སངས་རྒྱས་ས་ཡང་རབ་ཏུ་གསལ། །བྱང་ཆུབ་གཞུང་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་སྐུ་རྣམས་ཀུན་
དང་ལྡན། །སེམས་ཅན་དོན་ཕྱིར་ཕྲིན་ལས་གཞུང་། །ཆོས་སྐུའི་གཞུང་ལ་ཕྱག་འཚལ་བསྟོད། །འགའ་ཞིག་དོན་དུ་རྒྱས་པ་དང་། །འགའ་ཞིག་དོན་དུ་འབྲིང་དང་ནི། །རྒྱས་འབྲིང་གཞུང་ལ་ཕྱག་འཚལ་བསྟོད། །དེ་རྣམས་དོན་བསྡུས་ལ་ཡང་བསྟོད། །གཞུང་རྣམས་རྒྱས་པར་མ་གྱུར་ཀྱང་། །དོན་ནི་མི་ཞན་
སྟོན་གྱུར་པ། །དོན་མི་ཞན་ལ་ཕྱག་འཚལ་བསྟོད། །དེ་རྣམས་གསལ་བར་རབ་འབྱེད་པ། །མཁས་པ་ཡིས་ནི་མཛད་པ་གང་། །བསྟན་བཅོས་གཞུང་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་ཁམས་ནི་ཐམས་ཅད་ལ། །ཡུམ་སྲས་འཁོར་དང་བཅས་པ་ཡི། །གཟུགས་བརྙན་ཅི་སྙེད་ཡོད་པ་ལ། །ཐལ་མོ་
སྦྱར་ཏེ་ཕྱག་འཚལ་བསྟོད། །སྨོན་ལམ་བྱ་བ་འདི་སྐད་དོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །བཀླགས་པ་དང་ནི་ཁ་ཏོན་བགྱིས། །བགྱིད་དུ་རྩལ་དང་རྗེས་ཡི་རང་། །དགེ་བ་འདི་ཡི་སྟོབས་ཀྱིས་ནི། །བདག་ཅག་འཁོར་དང་བཅས་པ་རྣམས། །ཞིང་མཆོག་གཙང་མར་སྐྱེ་བར་ཤོག །དུས་གསུམ་རྒྱལ་
བའི་ཡུམ་དག་ལ། །མཆོད་བསྟོད་བཀུར་སྟི་བགྱིས་པ་དང་། །བགྱིད་དུ་སྩལ་དང་རྗེས་ཡི་རང་། །དགེ་བ་དེ་ཡི་སྟོབས་ཀྱིས་ནི། །བདག་ཅག་འཁོར་དང་བཅས་པ་རྣམས། །ཕྱོགས་བཅུའི་སངས་རྒྱས་ཞིང་དུ་ནི། །བདག་དང་ཡོན་བདག་སྐྱེ་བར་ཤོག །ཞིང་དེ་ཉིད་དུ་སྐྱེས་ནས་ཀྱང་། །བདེ་གཤེགས་བཅུ་
ལ་མཆོད་པར་ཤོག །ཕ་རོལ་ཕྱིན་དྲུག་སྤྱོད་པར་ཤོག །ལམ་ལྔ་རིམ་གྱིས་བགྲོད་པར་ཤོག །ལམ་ལྔ་རིམ་གྱིས་བགྲོད་ནས་ཀྱང་། །མངོན་པར་རྫོགས་པར་སངས་རྒྱས་ཤོག །མངོན་པར་རྫོགས་པར་སངས་རྒྱས་ནས། །རྟོག་པ་དག་ནི་མི་མངའ་ཡང་། །འགྲོ་བའི་དོན་ཕྱིར་སྤྲུལ་པའི་སྐུ། །རྒྱུན་མི་འཆད་
པར་སྟོན་པར་ཤོག །དུས་གསུམ་རྒྱལ་བའི་ཡུམ་ཀུན་ལ། །བདག་གིས་དགེ་བ་ཅི་བསགས་དང་། །དགེ་བ་དེ་ཡི་སྟོབས་ཀྱིས་ནི། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཐར་པའི་ལམ་ལ་འཛེག་པར་ཤོག །བདག་གི་དགེ་བ་འདི་དག་ལ། །བདུད་ཀྱིས་བར་དུ་མི་གཅོད་པར། །དགེ་བའི་འབྲས་བུ་

སྨིན་གྱུར་ཅིག །ཇི་ལྟར་སྔོན་གྱི་འཕགས་པ་རྟག་ཏུ་ངུས། །ལུས་ཀྱི་ཚ་གྲངས་སྡུག་བསྔལ་མི་ལྟ་བར། །ཤེས་རབ་ཕ་རོལ་ཕྱིན་དོན་དུ། །སྡུག་བསྔལ་སྣ་ཚོགས་ཚོལ་བ་ལྟར། །བདག་དང་ཁམས་གསུམ་སེམས་ཅན་ཀྱང་། །འཕགས་པ་རྟག་ཏུ་ངུ་བཞིན་དུ། །ཤེས་རབ་ཕ་རོལ་ཕྱིན་དོན་དུ། །སྡུག་བསྔལ་ཅི་
སྤྱོད་དེར་སྤྱོད་ཤོག །ཇི་ལྟར་སྔོན་གྱི་འཕགས་པ་རྟག་ཏུ་ངུས། །ཤེས་རབ་ཕ་རོལ་ཕྱིན་དོན་དུ། །ཤ་ཁྲག་རུས་རྣམས་ཐོགས་མེད་དུ། །སྡུག་བསྔལ་མི་ལྟ་གཏོང་བ་ལྟར། །བདག་དང་ཁམས་གསུམ་སེམས་ཅན་ཀྱང་། །འཕགས་པ་རྟག་ཏུ་ངུ་བཞིན་དུ། །ཤེས་རབ་ཕ་རོལ་ཕྱིན་དོན་དུ། །ཤ་ཁྲག་རུས་རྣམས་
གཏོང་བར་ཤོག །སྔོན་གྱི་འཕགས་པ་ཆོས་འཕགས་ཀྱིས། །གྲོང་ཁྱེར་ཆེན་པོ་སྤོས་ལྡན་དུ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཕྱིན་ཅི་མ་ལོག་སྤྱོད་པ་ལྟར། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །སྤོས་ལྡན་ལྟ་བུའི་གྲོང་ཁྱེར་དུ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཕྱིན་ཅི་མ་ལོག་སྤྱོད་པར་ཤོག །
སྔོན་གྱི་ཚེ་ཡི་ཚོང་དུས་ནི། །མར་མེ་ཅན་གྱི་དབུས་སུ་ནི། །སྔོན་འདས་བདེ་གཤེགས་མར་མེ་མཛད། །སྤྲུལ་སྐུ་ཤཱཀྱ་སེང་གེ་ལ། །མངོན་པར་འཚང་རྒྱ་ལུང་བསྟན་དང་། །སྲིང་མོ་གདྷཱའི་ལྷ་མོ་དང་། །སེམས་བསྐྱེད་ལུང་བསྟན་ཐོབ་པ་ལྟར། །བདག་དང་ཁམས་གསུམ་སེམས་ཅན་ལ། །དུས་གསུམ་སངས་
རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་། །མངོན་པར་འཚང་རྒྱ་ལུང་བསྟན་ཤོག །མངོན་དགའ་ཕྱོགས་བཅུའི་ཞིང་ཁམས་སུ། །མགོན་པོ་བདེ་གཤེགས་བཅུ་རྣམས་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཕྱིན་ཅི་མ་ལོག་སྤྱོད་པ་ལྟར། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །
མངོན་དགའ་ཕྱོགས་བཅུའི་ཞིང་ཁམས་སུ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཕྱིན་ཅི་མ་ལོག་སྤྱོད་པར་ཤོག །སྔོན་ཚེ་ཤཱཀྱ་སེང་གེ་ཡིས། །ཀུན་དགའ་བོ་ནི་ཐོས་ལྡན་ལ། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །ནན་གྱིས་ཡང་ནས་ཡང་དུ་ནི། །སྒྲོ་སྐུར་བྲལ་བ་གཏད་པ་བཞིན། །བདག་དང་ཁམས་གསུམ་སེམས་
ཅན་རྣམས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་དགའ་བོ་ལ་གཏད་བཞིན་དུ། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །ནན་གྱིས་ཡང་དང་ཡང་དུ་ནི། །སྒྲོ་སྐུར་བྲལ་བར་གཏོད་པར་ཤོག །གལ་ཏེ་བདག་དང་སེམས་ཅན་རྣམས། །ཚེ་ཡི་འདུ་བྱེད་བྱེད་པ་ན། །ཡུམ་ཆེན་ཕ་རོལ་ཕྱིན་པ་ལ། །བཀླགས་དང་ཁ་

ཏོན་བྱས་པ་དང་། །ཡི་གེ་འདྲི་སོགས་བགྱིས་པ་དང་། །མཆོད་དང་བསྙེན་བཀུར་ཅི་བགྱིས་པ། །དགེ་བ་འདི་ཡི་སྟོབས་ཀྱིས་ནི། །གནད་གཅོད་སྡུག་བསྔལ་མེད་པར་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །སྔུན་ནས་བསུ་ཞིང་འདྲེན་པར་ཤོག །བདག་དང་ཁམས་གསུམ་སེམས་ཅན་
རྣམས། །ཚེ་རབས་དག་ནི་གར་སྐྱེས་ཀྱང་། །ཐོས་པའི་ཤེས་རབ་ལྡན་གྱུར་ནས། །ཐེ་ཚོམ་ཡུལ་དེ་ཆོད་པར་ཤོག །བསམ་པའི་ཤེས་རབ་ལྡན་གྱུར་ནས། །མ་རྟོགས་པ་རྣམས་རྟོགས་པར་ཤོག །བསྒོམ་པའི་ཤེས་རབ་ལྡན་གྱུར་ནས། །ཆོས་ཉིད་དོན་རྣམས་རྟོགས་གྱུར་ཤོག །དེ་ལྟར་ཤེས་རབ་རྣམ་གསུམ་
གྱིས། །སྤྲོས་པ་རྣམ་གསུམ་ཆོད་པར་ཤོག །ཡུལ་ནི་མཁྱེན་པ་རྣམ་གསུམ་ལ། །དགེ་བའི་ལས་ནི་ཅི་བསགས་པ། །དགེ་བ་དེ་ཡི་སྟོབས་ཀྱིས་ནི། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །མཁྱེན་པ་གསུམ་ལ་སྤྱོད་པར་ཤོག །སྤང་བྱའི་གཞི་དེ་སྤངས་ནས་ནི། །བླང་བྱའི་གཞི་ལ་སྤྱོད་པར་ཤོག །
ལམ་གཉིས་ཚུལ་བཞིན་ཤེས་ནས་ཀྱང་། །ངེས་འབྱུང་ལམ་ལ་སྤྱོད་པར་ཤོག །རྒྱུ་ཡི་མཁྱེན་ཉིད་རྒྱུད་ལ་སྦྱར་ནས་ནི། །འབྲས་བུའི་མཁྱེན་ཉིད་ཐོབ་པར་ཤོག །ཡུལ་ནི་མཁྱེན་པ་རྣམ་གསུམ་གྱིས། །མཇུག་ཏུ་བྱ་བའི་ཆོ་གའོ།། །།ད་ནི་བར་གྱི་སྐབས་བཞི་ཡིས། །མཇུག་ཏུ་བྱ་བའི་ཆོ་ག་བསྟན། །དེ་
ནས་དཀྱིལ་འཁོར་བྲི་བ་ནི། །དབུས་སུ་ལེ་ཚེ་དགུ་ལྡན་བྲི། །དེ་ཕྱིར་པདྨ་འདབ་ལྡན་བྲི། །པདྨ་དེ་ཡི་ཕྱི་ཉིད་དུ། །ལེ་ཚེ་ཁྲ་བོས་བསྐོར་བ་བྲི། །དེ་ཡི་ཕྱི་ཡི་འཁྱམས་སུའོ། །སྒོ་སོགས་ལེགས་པར་བྲི་བར་བྱ། །དེ་ནས་ལྷ་ནི་དགོད་བྱ་བ། །དབུས་སུ་ཡུམ་ལྡན་ཤཱཀྱ་སེང་གེ་བྲི། །ཕྱི་ཡི་ལེ་ཚེ་བརྒྱད་ལ་
ནི། །བཟང་སྐྱོང་དང་ནི་རིན་འབྱུང་གནས། །དཀོན་མཆོག་འབྱུང་གནས་དེ་དང་ནི། །རིན་ཆེན་སྙིང་པོ་རིན་ཆེན་བྱིན། །དེད་དཔོན་དམ་དང་སྐྱེས་བུ་བྱིན། །སྐྱོབ་པ་སྦེད་པ་དེ་དང་ནི། །ཆུ་བདག་ལྷ་དང་དབང་པོ་བྱིན། །བཟང་པོ་སྟོབས་དང་བློ་གྲོས་དམ། །ཐ་མ་བཞི་ནི་གོ་རིམས་བཞིན། །ཤར་ནས་བཟུང་ནས་ཟླ་
གམ་ལའོ། །དེ་ཕྱིར་པདྨའི་འདབ་མ་ལ། །འཕགས་པ་བློ་གྲོས་འཕེལ་བ་དང་། །བློ་གྲོས་མཐའ་ཡས་དོན་ཡོད་མཐོང་། །སྒྲིབ་པ་མེད་པ་བློ་གྲོས་དང་། །རབ་ཏུ་ཞུགས་པ་དེ་དང་ནི། །རྣམ་གཞན་བརྩོན་འགྲུས་མཐའ་ཡས་དང་། །རྟག་ཏུ་བརྩོན་དང་རྟག་ཏུ་སྦྱོར། །མི་གཏོང་བརྩོན་དང་ཉི་མའི་སྙིང་། །ཟླ་སྙིང་བློ་གྲོས་

དཔེ་མེད་དང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། །བདུད་ཀྱི་སྟོབས་ནི་རབ་ཏུ་འཇོམས། །རྡོ་རྗེ་དེ་ནི་བློ་གྲོས་དང་། །ལག་ན་རིན་ཆེན་ཕྱག་རྒྱ་དང་། །རྟག་ཏུ་ལག་བརྐྱང་དེ་དང་ནི། །སྙིང་རྗེ་ཆེར་སེམས་རྒྱན་ཆེན་པོ། །རྣམ་པར་བཀོད་པའི་རྒྱལ་པོ་དང་། །རི་བོའི་ཟོམ་
དང་བྱམས་པ་སྟེ། །པདྨ་རྣམས་ཀྱི་འདབ་མ་ལའོ། །ལེ་ཚེ་ཁྲ་བོའི་སྟེང་དུ་ནི། །སྐྱེ་དགུའི་བདག་མོ་ཆེན་མོ་སོགས། །ལྔ་བརྒྱ་ཙམ་ཡང་རང་བཞིན་དམིགས། །ཁྱམས་སུ་མཆོད་ལྡན་ཉན་ཐོས་དང་། །དེ་སོགས་ལྔ་སྟོང་ཙམ་ཡང་དམིགས། །དགེ་བསྙེན་ཕ་དང་དགེ་བསྙེན་མ། །ཤིན་ཏུ་མང་བར་དམིགས་པར་བྱ། །
ཀུན་ཀྱང་ཡོན་ཏན་ལྡན་པར་རོ། །དེ་ནས་སྔོན་གྱི་ཏིང་འཛིན་ནི། །ས་བཅུ་པ་ཡི་བར་དུ་བསྒོམ། །དེ་ནས་སྤྱན་དྲང་འདི་སྐད་དོ། །ཡང་དག་དོན་ལྡན་མགོན་པོ་ཡུམ། །མཛེས་པའི་ལེ་ཚེའི་དབུས་སུ་ནི། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡི། །དགེ་བ་བསྡུ་ཕྱིར་སྤྱན་འདྲེན་ན། །
ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །གདན་དང་འཚམ་པར་བཞུགས་སུ་གསོལ། །ཐེག་ཆེན་ཆོས་ལ་ལོངས་སྤྱོད་པས། །བདེན་པ་མཐོང་ཞིང་ས་ཐོབ་པའི། །འཕགས་པའི་ཚོགས་བཅས་དེ་དག་ཀྱང་། །རིན་ཆེན་པདྨའི་གདན་སྟེང་དུ། །བྱ་བ་ལ་སོགས་སྔར་བཞིན་ནོ། །དེ་ནས་ཕྱག་བྱ་མཆོད་
པ་འབུལ། །དེ་ནས་བསྟོད་པ་འདི་ལྟ་སྟེ། །ཡོན་ཏན་འདུས་པ་སྐུ་གསུང་ཐུགས། །རོ་གཅིག་གྱུར་པ་གཙོ་ཆེན་མཆོག །གཙོ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དང་པོ་བྱང་ཆུབ་མཆོག་སེམས་བསྐྱེད། །མོས་པ་གནས་ཤིང་ལམ་གཉིས་འཛིན། །བདེན་པ་མཐོང་ཞིང་འཕགས་པ་སྟེ། །སེམས་དཔའི་
ཚོགས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བྱིན་གྱིས་ཐེག་ཆེན་སྤྱོད། །ཉན་ཐོས་ཚོགས་ལ་ཕྱག་འཚལ་བསྟོད། །གཞན་རྣམས་སྔོན་དང་མཐུན་པ་སྟེ། །ལྷག་པར་བྱ་བ་འདི་སྐད་དོ། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །སྦྱོར་བ་རྣམ་པ་བཞི་པོ་དག །རྒྱུད་ལ་ཚུལ་བཞིན་སྦྱར་ནས་ནི། །
སྐུ་དེ་ཐོགས་མེད་ཐོབ་པར་ཤོག །བདག་དང་ཁམས་གསུམ་སེམས་ཅན་རྣམས། །རྣམ་པ་བརྒྱད་དང་བདུན་ཅུ་གསུམ། །སྦྱོར་བ་དག་ནི་བཅོ་བརྒྱད་དང་། །ཐར་དང་ངེས་འབྱིན་ཆ་མཐུན་དང་། །སྲིད་དང་ཞི་བ་མཉམ་པ་དང་། །སློབ་དཔོན་རྡོ་རྗེ་ལྟ་བུ་ཡི། །དེ་ཡི་ཏིང་ངེ་འཛིན་དང་ནི། །ཀུན་ཀྱང་ཚུལ་བཞིན་

སྤྱོད་པར་ཤོག །མཚན་ཉིད་དགུ་བཅུ་རྩ་གཅིག་ཀྱང་། །མ་ནོར་ཚུལ་བཞིན་སྦྱོར་བར་ཤོག །བདུད་ལས་བཞི་བཅུ་རྩ་དྲུག་གིས། །བར་དུ་མི་ཆོད་ཐར་པར་ཤོག །ཡོན་ཏན་བཅུ་བཞི་ཐོབ་པར་ཤོག །ཕྱིར་མི་ལྡོག་པའི་རྟག་དང་ནི། །ཚུལ་བཞིན་དུ་ནི་ལྡན་པར་ཤོག །སྣོད་བཅུད་སྦྱོང་བའི་
མཐུ་དང་ནི། །ཐབས་མཁས་བཅུ་དང་ལྡན་པར་ཤོག །བདག་དང་ཁམས་གསུམ་སེམས་ཅན་རྣམས། །སྦྱོར་དང་མཐོང་དང་བསྒོམ་པ་དང་། །བར་ཆད་མེད་པའི་ལམ་མཆོག་དང་། །ལམ་བཞིའི་རྩེ་མོ་བགྲོད་པར་ཤོག །བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཕ་རོལ་ཕྱིན་དྲུག་རྗེས་དྲན་དྲུག །
ངོ་བོ་ཉིད་ནི་དྲན་པ་སྟེ། །མཐར་གྱིས་ལམ་ནི་བགྲོད་པར་ཤོག །བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཟག་པ་མེད་དང་རྣམ་པར་སྨིན། །མཚན་ཉིད་མེད་དང་རྣམ་པར་གྲོལ། །དགའ་བ་བཞི་དང་རབ་ལྡན་ཏེ། །ཆོས་ཀྱི་སྐུ་ཡང་གསལ་བར་ཤོག །དེ་ལྟར་སྦྱོར་བ་རྣམ་བཞི་ཡིས། །རང་བཞིན་དོན་ལ་
བརྩོན་པར་ཤོག །སྦྱོར་བ་རྣམ་བཞིའི་མཇུག་ཐོགས་སུ། །ཆོ་ག་འདི་ནི་ཤིན་ཏུ་ཤིས། །ཐ་མ་སྐབས་ཀྱི་ཆོ་ག་བསྟན། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །མཛེས་པའི་དྲ་བ་འཁོར་ལོ་ཅན། །རིན་ཆེན་གདུང་གིས་གྲུ་བཞིར་བཅད། །དབུས་དང་ཕྱོགས་བཞིར་བྲི་བར་བྱ། །ཟུར་རྣམས་ཀུན་དུ་རིན་ཆེན་འབར། །ཀུན་གྱི་
ཕྱི་ཡང་རིན་ཆེན་བསྐོར། །སྒོ་སོགས་ལེགས་པར་བྲི་བར་བྱ། །དེ་ནས་ལྷ་ནི་དགོད་བྱ་བ། །དབུས་སུ་ཡུམ་ཆེན་དགོད་པར་བྱ། །ཤར་དུ་ཆོས་ཀྱི་སྐུ་ཡི་ཡུམ། །མདོག་དཀར་ཡུམ་གྱི་མཚན་ཉིད་ཅན། །ལྷོ་རུ་ལོངས་སྤྱོད་རྫོགས་པའི་ཡུམ། །མདོག་སེར་ཡུམ་གྱི་མཚན་ཉིད་ཅན། །ནུབ་ཏུ་ངོ་བོ་ཉིད་ཀྱི་ཡུམ། །
མདོག་དམར་ཡུམ་གྱི་མཚན་ཉིད་དང་། །བྱང་དུ་སྤྲུལ་སྐུ་ཤཱཀྱ་སེང་། །ཀུན་ཀྱང་ལེགས་པར་དགོད་པར་བྱ། །དེ་ནས་སྤྱན་དྲང་འདི་སྐད་དོ། །ཡུམ་ཆེན་སྐུ་བཞི་འཁོར་བཅས་དང་། །རིན་ཆེན་དྲ་བའི་དཀྱིལ་འཁོར་དུ། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །དགེ་བ་བསྡུ་ཕྱིར་
སྤྱན་འདྲེན་ན། །སྔོན་གྱི་སྨོན་ལམ་དབང་གིས་ནི། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །གདན་དང་འཚམ་པར་བཞུགས་སུ་གསོལ། །དེ་ནས་ཕྱག་དང་མཆོད་པ་བྱ། །དེ་ནས་བསྟོད་པ་འདི་ལྟ་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྟོགས་པ་ཡི་ནི་ཡུམ་གྱུར་པའི། །སྐྱེ་མེད་ཙམ་ལས་

ཆོས་ཀྱི་སྐུར། །འཇའ་ཚོན་ལྟ་བུར་ཤར་བ་ཡི། །ཡུམ་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ཡང་དག་དོན་ལྡན་ཆོས་ཀྱི་སྐུ། །ལོངས་རྫོགས་སྐུ་ཡི་ཡུལ་གྱུར་པ། །གནས་འགྱུར་ཡེ་ཤེས་ལྡན་ཕྱག་འཚལ། །ཐུན་མོང་མ་ཡིན་གནས་ཆེན་དུ། །སེམས་དཔའི་ཚོགས་ཀྱིས་རབ་བསྐོར་བའི། །མཚན་དང་དཔེ་
བྱད་རབ་ལྡན་པ། །གནས་འགྱུར་ཡེ་ཤེས་གཉིས་ཀྱི་བདག །ལོངས་སྤྱོད་རྫོགས་སུ་ཕྱག་འཚལ་བསྟོད། །བསམ་བརྗོད་ཡུལ་འདས་ཉིད་ཀྱི་སྐུ། །རང་བཞིན་མཚན་མ་རྣམ་བྲལ་ཡང་། །སྔོན་གྱི་སྨོན་ལམ་དབང་གིས་ནི། །འགྲོ་བའི་དོན་ཕྱིར་མཚན་བྱད་སྐུ། །ཀུན་གྱི་ཐུན་མོང་མ་གྱུར་པའི། །ཆོས་ཀྱི་སྐུ་ཡི་
ཡུལ་གྱུར་པའི། །བརྗོད་བྲལ་ངོ་བོ་ཉིད་ཀྱི་སྐུ། །ངོ་བོ་ཉིད་སྐུ་ཕྱག་འཚལ་བསྟོད། །འགྲོ་བའི་མགོན་པོ་ཤཱཀྱ་སེང་། །བདུད་བཞི་འཇོམས་པ་སྟོབས་ཀྱི་བདག །དང་པོ་བྱང་ཆུབ་ཆེན་པོ་ཡིས། །འགྱུར་མེད་བྱང་ཆུབ་སེམས་བསྐྱེད་ཅིང་། །བར་དུ་བརྩོན་འགྲུས་དྲག་པོ་ཡིས། །མི་བཟད་དཀའ་བ་སྣ་ཚོགས་
སྤྱད། །གནས་གྱུར་ཡེ་ཤེས་བདག་ཉིད་ཅན། །གདུལ་བྱ་ཀུན་སྣང་ཤཱཀྱ་སེང་། །མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །གཞན་རྣམས་སྔར་དང་མཐུན་པ་སྟེ། །ལྷག་པར་བྱ་བ་འདི་སྐད་དོ། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །ངོ་བོ་ཉིད་སྐུ་ཐོབ་
ནས་ཀྱང་། །གཞན་གྱི་དོན་ཕྱིར་སྐུ་གསུམ་པོ། །ཐོགས་པ་མེད་པར་འབྱུང་བར་ཤོག །བདག་དང་ཁམས་གསུམ་སེམས་ཅན་རྣམས། །སྐུ་བཞི་ཚུལ་བཞིན་ཐོབ་ནས་ཀྱང་། །མཛད་པ་ཉི་ཤུ་རྩ་བདུན་གྱིས། །གཞན་གྱི་དོན་ལ་ཐོགས་མེད་དུ། །ཕྱིན་ཅི་མ་ལོག་སྤྱོད་པར་ཤོག །ཆོས་ཀྱི་སྐུ་ཡི་གཞུང་དག་
ལ། །བཀླགས་དང་ཡི་གེ་འདྲི་སོགས་དང་། །མཆོད་བསྟོད་བསྙེན་བཀུར་ཅི་བསགས་པ། །དགེ་བ་དེ་ཡི་སྟོབས་ཀྱིས་ནི། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །བརྗོད་བྲལ་སྐུ་དེ་ཐོབ་པར་ཤོག །དེ་ནས་བདག་དང་ཆོས་མཁན་དང་། །བསྔོ་བར་བྱ་བའི་དགེ་བ་ཀུན། །ཐམས་ཅད་མི་དམིགས་
པར་བསྒོམས་ལ། །དེ་ལ་ཅུང་ཞིག་གནས་པར་བྱའོ། །དེ་ནས་ཆོས་སྐྱོང་དང་འབྱུང་པོའི་ཚོགས་ཚིམ་པར་བྱ་བའི་ཕྱིར་གཏོར་མ་ཡང་གཞན་བཞིན་དུ་བཏང་ངོ་། །ཡི་གེ་བརྒྱ་པ་གདོན་པར་བྱ། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བསྡུའོ། །འདི་དོན་རིན་ཆེན་གྲགས་པ་ཡིས། །ཡུམ་ཆེན་དགེ་རྩ་བསྡུ་བའི་

ཕྱིར། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི། །ཆོ་ག་འདི་ནི་བསྟན་པ་ཡིན། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལ། །དོན་བསྡུས་ཆོ་ག་དེ་ཙམ་ཞིག །ཤེས་རབ་གསལ་བས་ཤེས་པར་བྱ། །དེ་ལྟར་མིན་ན་ཐམས་ཅད་ཀྱིས། །ཆོ་ག་ལེགས་པར་བསྟན་པ་མིན། །དེ་བས་ཆོ་ག་འདི་དང་
གཞན། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཀུན་དགའི་སྙིང་པོའི་དོན་མཐོང་ནས། །གོ་བ་སླ་ཕྱིར་བསྟན་པ་ཡིན། །ཀུན་ཀྱང་འདི་དོན་འཇུག་པར་ཤོག །སློབ་དཔོན་ཆེན་པོ་རཏྣ་ཀཱིརྟིས་མཛད་པ་རྫོགས་སོ།། །།བལ་པོ་མ་ཧཱ་པཱ་ཎས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་སཾ་
ཀྵི་པྟ། བོད་སྐད་དུ། རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཆེན་པོའི་ཡོན་ཏན་ནི། །རིན་ཆེན་འོད་ཀྱིས་བརྒྱན་པ་ལ། །བཏུད་ནས་རབ་གནས་ཆོ་ག་ནི། །ལྷག་པར་འདིར་བསྡུས་བརྗོད་པར་བྱ། །བདེ་གཤེགས་རྟོགས་མེད་གོ་འཕང་
བརྙེས། །དྲི་མེད་མཁའ་འདྲའི་སྐུ་མངའ་ཞིང་། །བརྗོད་དུ་མེད་པ་དེ་དག་ལ། །རབ་གནས་འཐད་པ་མ་ཡིན་ཏེ། །དེ་དག་སྐུ་ནི་ཀུན་རྫོགས་པ། །བརྩེ་བཟང་རོ་ལས་བྱུང་བ་ལྟར། །དེ་ལ་བརྟེན་ནས་དགེ་བ་ནི། །མཐའ་ཡས་སྟེར་ཏེ་འཐད་པའང་ཡིན། །རྣལ་འབྱོར་དེ་ཉིད་ཤེས་སྐྱོན་བཅོམ། །བརྩེ་བའི་རང་བཞིན་
རིགས་སུ་སྐྱེས། །མདངས་ལྡན་བསྒོམ་པ་ཤེས་རབ་ཅན། །ཀུན་ལ་མཁས་ཤིང་དད་པ་ཡིས། །ཆུ་ཀླུང་ཆུ་དག་བཏབ་པ་ཡིས། །སེམས་སྦྱངས་མཆོག་ནི་སློབ་དཔོན་ཡིན། །བདག་ཀུན་སློབ་དཔོན་ལ་ཕུལ་བ། །སློབ་མ་དེ་ནི་ལེགས་རྣམས་བཞི། །སྐུ་གཟུགས་དང་ནི་མཆོད་རྟེན་དང་། །དམ་ཆོས་གཙུག་ལག་ཁང་
ལེགས་བཞེས། །ཉེ་བར་འཚེ་ཀུན་སེལ་བ་རྣམས། །འདིར་ནི་བླ་མས་རབ་གནས་བྱ། །གང་ཞིག་འཇིམ་པ་རྡོ་དངུལ་དང་། །ར་གན་གསེར་དང་ཤིང་བཟངས་ལས། །རྒྱལ་བ་རྒྱལ་བའི་ངང་ཚུལ་མངའ་བའི་སྐུ་གཟུགས་བྱེད་པ་དེ། །ཡུན་རིང་དུས་སུ་ས་བདག་བདེ་ལོངས་སྤྱད་ནས་ཐ་མར་ནི། །སྐྱོབ་པའི་གོ་
འཕང་མཆོག་ལ་རབ་ཏུ་འཇུག་པར་འགྱུར། །གང་ན་སྐུ་གཟུགས་བཞེངས་ཟིན་ཅིང་། །ཡུན་རིངས་མ་མཆོད་བཞུགས་པ་དེར། །མི་ཤིས་པ་ནི་འབྱུང་བར་འགྱུར། །བླ་མས་ཐོག་མར་ཆ་རྐྱེན་ཀུན། །ཇི་ལྟར་རྙེད་བཞིན་རབ་བཟུང་ནས། །གོས་རྒྱན་བདུག་པ་ལ་སོགས་པས། །རྣམ་བཀྲ་མཆོད་པའི་ཁང་པར་ནི། །

ཞག་བཟང་པོ་ལ་ཆོ་ག་བཞིན། །དཀྱིལ་འཁོར་དག་ལ་བྲི་བར་བྱ། །བགེགས་བསལ་ནས་ནི་དེར་སྔགས་ཀྱིས། །མགུལ་རྒྱན་རིན་ཆེན་ཤིང་ཏོག་ལ། །སོགས་དང་ཁ་བརྒྱན་མེ་ཏོག་གིས། །མཚན་པའི་བུམ་པ་ལྷག་གནས་བྱ། །སྐུ་གཟུགས་ལ་སོགས་པ་དག་ལ། །བསང་གཏོར་དང་མེ་ཏོག་ལ་སོགས་པ་མཆོད་
པ་ལྔ་ལ་སོགས་པ་དབུལ་བར་བྱའོ། །ཕྱི་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་སློབ་དཔོན་གྱིས། དེ་བཞིན་གཤེགས་པ་ནམ་མཁའ་ལ་བཞུགས་པ་རྣམས་ལ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ལ། སྤོས་སྣོད་ཐོགས་ཏེ་ཚིགས་སུ་བཅད་པ་འདི་དག་གིས་གསོལ་བ་གདབ་པར་བྱའོ། །
སྐུ་གཟུགས་སྔོན་དུ་ཕྱོགས་བྱས་ཏེ། །རྡོ་རྗེ་དྲིལ་བཟང་ལེགས་བཟུང་ཞིང་། །ལུས་བསྒོམས་གྱུར་པས་གུས་པར་ནི། །སྙན་གསན་དབབ་པའི་ཚིགས་བཅད་གདོན། །བཅོམ་ལྡན་ཆེ་གེ་རྡོ་རྗེ་བཟང་། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱོད་
ལ་མཆོད་པ་བགྱིད་སླད་དུ། །བདག་ནི་རབ་གནས་བགྱིད་པར་འཚལ། །དེ་ཕྱིར་གུས་པས་བདག་ལ་ནི། །བཅོམ་ལྡན་བཀའ་དྲིན་མཛད་པར་འོས། །འཇིག་རྟེན་མགོན་པོ་ཐུགས་རྗེ་ཅན། །སངས་རྒྱས་དགྲ་བཅོམ་བྱང་ཆུབ་སེམས། །གསང་སྔགས་ལྷ་གཞན་གང་དག་དང་། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་། །
འབྱུང་པོ་གང་དག་རྫུ་འཕྲུལ་ཆེ། །བསྟན་ལ་མངོན་པར་དགའ་བ་རྣམས། །གང་དག་ལ་ལ་ལྷ་མིག་དང་། །ལྡན་པ་ཐམས་ཅད་བདག་ལ་དགོངས། །རྡོ་རྗེ་ཅན་དག་ཆེ་གེ་མོ། །ཅི་ནུས་པར་ནི་མཆོད་པ་ཡིས། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་དུ། །རབ་ཏུ་གནས་པ་བགྱིད་པ་ལགས། །དེ་ཕྱིར་ཐམས་
ཅད་སློབ་མ་དང་། །བཅས་པ་བདག་ལ་བརྩེར་དགོངས་ཏེ། །རབ་ཏུ་གནས་པ་འདི་ལ་ནི། །ཉེ་བ་ཉིད་དུ་མཛད་པའི་རིགས། །ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ། རྫོགས་སངས་རྒྱས་ཀུན་དགའ་ལྡན་དང་། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ན་ནི། །ཇི་ལྟར་རབ་ཏུ་ཞུགས་དེ་བཞིན། །སྐུ་གཟུགས་འདི་ལ་བཞུགས་སུ་གསོལ། །
ཆེ་གེ་མོ་ཡི་དོན་དང་ནི། །བྱང་ཆུབ་སེམས་རབ་བསྐྱེད་སླད་དུ། །མགོན་པོ་རྟག་ཏུ་འདིར་བཞུགས་ནས། །མེ་ཏོག་ལ་སོགས་འདི་རྣམས་བཞེས། །ཞེས་ལན་གསུམ་བརྗོད་ལ། གུས་པས་སྙན་གསན་གདབ་པར་བྱའོ།། །།སློབ་དཔོན་གཉིས་སུ་མེད་པ་ཡི། །སྦྱོར་བ་དང་ལྡན་མཁས་པ་ཡིས། །སློབ་

མ་གསོ་སྦྱོང་བཅས་པ་ལ། །སྐུ་ཁྲུས་གསོལ་བྱ་བགེགས་གཞིལ་དང་། །ས་བོན་ཟླ་བ་མཚན་ལ་སོགས། །བསྒོམ་དང་ཡེ་ཤེས་སེམས་སྐུ་གཟུགས། །དགོད་དང་ན་བཟའ་སེར་པོ་ཡིས། །གཡོགས་དང་གཏོར་མའི་ལས་རྒྱས་པ། །བྱས་ཏེ་དེ་ནས་བརྗོད་པར་བྱ། །ཡི་གེ་བརྒྱ་པ་ལན་
གསུམ་གདོན། །ཨོཾ་ཧཱུཾ་ཧྲཱི་ཞེས་བྱ་སྔགས་ཀྱིས། །གཙུག་ལག་ཁང་ནི་ལྷག་གནས་བྱ། །ཡི་གེ་བྷྲཱུཾ་གྱིས་རྣམ་སྣང་ལས་བྱུང་བའི། །མཆོད་རྟེན་དམ་ཆོས་གླེགས་བམ་རྒྱལ་ཡུམ་མམ། །དེ་བཞིན་རྡོ་རྗེ་སེམས་དཔའ་རྣམས་བསམས་ནས། །ལེགས་པར་གནས་པ་བདག་ནི་འདྲ་བར་བྱ། །རྨི་ལམ་དག་དང་མཆོད་པ་
ཡང་། །གུས་པས་སློབ་མ་བྱེད་དུ་གཞུག །ཇི་སྐད་བཤད་པའི་སོ་ཤིང་ནི། །ལན་བདུན་སྔགས་པ་སྦྱིན་པར་བྱ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་ཨ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱ་བས་སོ། །ཨོཾ་བཛྲ་ཧཱུཾ་ཞེས་པའི་སྔགས་ཀྱིས་དེ་ལ་ཆུ་ཁྱོར་བ་གསུམ་ཡང་སྦྱིན་ནོ། །ལག་གཡོན་སྲད་བུ་དང་བཅས་ཤིང་། །དག་པའི་
མལ་ལ་གནས་བྱས་ཏེ། །དེ་ལ་བླ་མས་རྨི་ལམ་གྱི། །མཚན་མ་རྣམས་ནི་བསྟན་པར་བྱ། །ལྷག་པར་གནས་པའོ།། །།དེ་ནས་རབ་གནས་ཉིན་པར་རྣལ་འབྱོར་ཅན། །རྒྱུན་དུ་བྱས་པའི་ལས་ནི་ཡང་དག་བསྒྲུབ། །མཆོད་ཕྱིར་ཐོགས་དང་ལྡན་ཞིང་དར་དཔྱངས་བཅིངས། །ལག་པ་གཡས་པ་གསེར་གྱི་སོར་
གདུབ་མཚན། །ལེགས་པར་ཁྲུས་བྱས་ལུས་དྲི་ཞིམ། །གཙང་མར་གྱུར་པའི་བགོ་བ་བགོས། །བྱམས་དང་སྙིང་རྗེ་རྗེས་སུ་འབྲེལ། །རྟག་སྔགས་བསམ་གཏན་ལྷུར་ལེན་དེས། །མཆོད་ཁང་ཕྱོགས་ནི་རྒྱས་པ་ཡིས། །མཛེས་པར་ཡིད་དུ་འོང་བ་ཡི། །སྟན་ལ་འདུག་སྟེ་བསྲུང་བ་ཡི། །འཁོར་ལོས་
ཕྱོགས་སོགས་བགེགས་མེད་བྱ། །བུམ་པ་རྣམས་ནི་བྱིན་བརླབས་དང་། །དཀྱིལ་འཁོར་མན་ངག་བསྒོམས་པ་དང་། །མཆོད་པ་བྱས་ནས་སྔགས་རྣམས་ཀྱི། །མདའ་སོགས་མཛེས་པར་དགོད་པར་བྱ། །ཨོཾ་བཛྲ་ཡཀྵ་ཧཱུཾ། ཚོན་སྣ་ལྔ་པའི་སྐུད་པ་ཡིས། །ཡོངས་སུ་དཀྲི་བར་ཡང་བྱའོ། །དེ་ལ་སྔགས་
ནི་འདི་ཡིན་ཏེ། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ། ཞེས་བྱའོ། །བགེགས་ཞི་བྱས་ནས་ན་བཟའ་སེར། །གསལ་བྱེད་དེ་ནས་མཁས་པ་ཡིས། །ཆོ་ག་བཞིན་དུ་སྐུ་ཁྲུས་གསོལ། །གང་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།

རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོས་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཐམས་ཅད་དང་ལྡན་པའི་སྐུ་ཁྲུས་འདི་དབུལ་བར་བགྱིའོ། །དེ་བཞིན་དུ་གང་བཅོམ་ལྡན་འདས་ཞེས་བྱ་བས་ཀྱང་
ངོ་། །ཡོན་ཏན་དམ་པ་སྐུ་མངའ་ཞིང་། །ལྷ་དང་མི་ཡིས་མཆོད་འོས་པ། །སྐུ་བྱད་ལྟ་བས་མི་ཆོག་ལ། །བདག་གིས་སྐུ་ཁྲུས་གསོལ་བར་བགྱི། །མཆོད་རྟེན་རིན་ཆེན་ཆོས་སྐུའི་བདག །ཡོན་ཏན་དམ་པའི་གཟུགས་བརྙན་ནི། །བདག་གིས་དད་པས་སྐུ་ཁྲུས་གསོལ། །བུད་མེད་གཟུགས་ཀྱིས་འདུལ་
རྣམས་ལ། །ཐུགས་རྗེས་རྒྱལ་བའི་སྐུ་གཟུགས་པ། །ལྷ་ཡི་རྣམ་པ་དེ་ལ་ནི། །བདག་གིས་སྐུ་ཁྲུས་གསོལ་བར་བགྱི། །སློབ་པའི་དགེ་འདུན་རྣམས་ཀྱི་གནས། །སངས་རྒྱས་རྣམས་ཀྱི་སྐུ་གཟུགས་བཞི། །གཙུག་ལག་ཁང་འདི་བདག་གིས་ནི། །དད་པས་ཁྲུས་འདི་དབུལ་བར་བགྱི། །བདག་གིས་རབ་
ཏུ་གནས་པར་བགྱི། །ཞེས་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གང་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་མཛེས་པ། ལྟ་བས་ཆོག་མི་ཤེས་
པ། མི་མཐུན་པ་མེད་པ། སྐུའི་གཟུགས་མཐར་ཕྱིན་པ། འགྲོ་བ་མཐའ་དག་གི་གཉེན་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རབ་ཏུ་གནས་པར་བགྱིའོ། །ཐུགས་རྗེ་ཆེ་ཞིང་ཞི་བ་སྟེ། །དུལ་ཞིང་བསམ་གཏན་གོ་འཕང་གནས། །ཐུགས་ཀར་གནས་པའི་གསང་སྔགས་ནི། །ཐུགས་སུ་ཆུད་ཕྱིར་སངས་
རྒྱས་ཞེས། །དེ་ཡི་མཚན་ཅན་དེ་ལྟར་འགྱུར། །དེ་བཞིན་གཤེགས་པ་སངས་རྒྱས་ནི། །སྐུ་གཟུགས་འདི་ལ་སྤྱན་དྲང་བགྱི། །ཞེས་བྱ་འདི་ཡིས་རྒྱལ་བའི་སྐུ། །ཤིན་ཏུ་འོད་གསལ་བཀུག་བྱས་ཏེ། །སྐུ་གཟུགས་ལ་ནི་བཞུགས་པར་བྱ། །དེ་བཞིན་དུ། ན་མོ་བྷ་ག་བ་ཏེ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀ་སཾ་བུདྡྷཱ་ཡ།
ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་བྱ་བ་དང་། ཚིགས་སུ་བཅད་པ་གི་ཝང་གིས་བྲིས་ཏེ། དེ་བཞིན་བསོད་ནམས་མཐའ་ཡས་གདུང་བཀྲུས་ནས། །གདན་ཁྲི་ལ་སོགས་ནང་དུ་གཞུག་བྱས་ལ། སྔགས་ཀྱི་རྡོ་རྗེའི་ཞལ་མང་བྱའོ། །དེ་ལ་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་

ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་བཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ། ཞེས་བྱའོ། །གཞན་ལ་རང་རང་སྙིང་པོ་ནི། །ཡང་དག་བྲིས་ཏེ་གཞུག་པར་བྱ། །སྔགས་གཞུག་པ་དང་རྡོ་རྗེ་ཞལ་གྱི་སྔགས་ནི། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་བཛྲ་དྷཱ་ཏུ་གརྦྷ་ཡ་སྭཱ་ཧཱ། ཞེས་བྱའོ། །
རོལ་ཆ་རྣམ་པ་སྣ་ཚོགས་དཀྲོལ་བས་རྒྱས་པའི་གླུ་རྒྱུན་གྱིས། གསལ་བར་སྙིང་རྒྱས་སིམ་པས་བུད་མེད་རྣམས་ཀྱི་གར་དང་ནི། །བཀྲ་ཤིས་སྒྲ་ནི་རྣམ་པར་བདེ་བ་སྟེར་བ་བྱུང་བའི་ཚེ། །སྔགས་པས་རྣམ་པར་རྒྱལ་བའི་བུམ་པས་དབང་ནི་བསྐུར་བར་བྱ། །སྔགས་པས་སྐུ་ཁྲུས་ཚུལ་བཞིན་དུ། །བྱས་ནས་གསེར་གྱི་
ཐུར་མང་གིས། །ལྷ་བཤོས་བཟང་པོ་སྔོན་བཏང་སྟེ། །སྤྱན་དག་བལ་གྱིས་དབྱེ་བར་བྱ། །ཨོཾ་ཙཀྵུ་ས་མནྟ་ཙཀྵུར་བི་ཤོ་དྷ་སྭཱ་ཧཱ། ཨོཾ་དཱི་བྱ་ཨན་ན་ས་མཱ་དྷི་དྷྱཱ་ན་པྲཱི་ན་ཎེ་སྭཱ་ཧཱ། གོས་མཆོག་དྲི་ཞིམ་བཀྲ་དང་ནོར་བུ་ནི། །སྔགས་ཀྱིས་དག་པར་བྱས་རྣམས་རབ་མཆོད་ནས། །མཆོད་པའི་སྤྲིན་ཚོགས་མང་པོར་སྣང་སྤྲོས་
པས། །སྙིང་གའི་ས་བོན་གནས་ཏེ་གསང་སྔགས་བརྗོད། ཨོཾ་སུ་པྲ་ཏིཥྛ་ཏ་བཛྲ་ཡ་སྭཱ་ཧཱ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿ། རྒྱལ་བའི་ཚོགས་ནི་གཡོ་བ་རྣམས། །སྐུ་གཟུགས་དག་ལ་བཞུགས་པར་བྱ། །བཛྲ་གི་ཏ་བཱ་ཏྱཻཿབི་ས་བི་ས་ཞེས་བྱ་བས། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱས་ཏེ། ཧཱུཾ་གིས་ཡང་དག་
པར་མཆོད་ལ། ཕྱིའི་མཆོད་པ་དང་། དེ་བཞིན་དུ་གཏོར་མ་དག་གིས་ཚིམ་པར་བྱས་ཏེ། མཁས་པས་བསྟོད་པ་དང་། སྨོན་ལམ་གདོན་པར་བྱའོ། །མཆོད་རྟེན་བྱིན་གྱིས་བརླབས་པ་ནི། འདི་ལྟར་ཡིན་ཏེ། ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཏིཥྛ་ཏིཥྛ། དེ་བཞིན་དུ་ཡིག་འབྲུ་ཨ་ལས་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ།
ཨོཾ་པྲཛྙེ་པྲཛྙེ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བྱའོ། །དམ་ཆོས་གླེགས་བམ་ལ་སོགས་གཞན། །གང་གིས་རབ་ཏུ་གནས་བྱས་ན། །བདག་པོ་དེ་དང་དེའམ་ནི། །ཡང་ན་རྡོ་རྗེ་འཆང་དགོད་བྱ། །དེ་བཞིན་མཆོད་རྟེན་གཙུག་ལག་ཁང་། །ས་བོན་ལ་སོགས་ལེགས་བསྒོམ་པ། །སྔགས་པས་འབད་དེ་
བུམ་པ་ཡིས། །དེ་བཞིན་རྒྱ་ཆེར་བསང་བར་བྱ། །ཨོཾ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཨོཾ་ཧཱུཾ་ཧྲཱིཿ། དེ་ནས་ཁམས་གསུམ་རྣམ་རྒྱལ་གྱི། །རྣམ་པས་ནག་པོ་ཆེན་པོ་དགུག །དེ་ལ་རྒྱལ་བའི་བཀའ་དྲན་བྱ། །དེ་ལ་ཡུན་རིང་སྐྱོབ་བྱེད་འགྱུར། །ཁ་ཅིག་ལས་ནི་ལུས་ངན་ལ། །གཏོར་མ་རྒྱ་ཆེན་སྦྱིན་ཞེས་འབྱུང་། །

བྷྲཱུཾ་ཁཾ་བཛྲ་བྷ་བ་དྲྀ་ཌྷ་ཏིཥྛ་བྷྲཱུཾ་ཁཾ། མ་ཚང་ལྷག་པ་ཞི་བྱའི་ཕྱིར། །ཡི་གེ་བརྒྱ་པ་གུས་པར་གདོན། །ཆོ་ག་བཞིན་དུ་ཅི་ནུས་པར། །སྦྱིན་སྲེག་གིས་ནི་ལས་ཀྱང་བྱ། །འབྲས་བུ་མཐའ་ཡས་དགེ་འདུན་མཆོད་བྱ་ཞིང་། །སྐྱེ་བོ་འཕོངས་དང་གཟུགས་ཀྱང་མ་ཚང་དང་། །སེམས་ཅན་ཆུ་རྒྱུ་ས་རྒྱུ་མཁའ་རྒྱུ་དང་། །
འགྲོ་བ་དག་ནི་ཡོངས་སུ་ཚིམ་པར་བྱ། །སྡིག་མེད་གཉེན་བཤེས་དང་བཅས་མཚན་མོས་དགའ་དང་། །གླུ་དབྱངས་རོལ་མོའི་སྒྲ་སྙན་གྱིས་སད་དགའ་བ་ཡི། །བདུད་རྩིས་སེམས་པའི་དངོས་པོ་ཤས་ཆེའི་གར་ལྡན་ཞིང་། །འཁོར་བའི་མཚན་མོ་ཞི་བར་བྱེད་ལ་གུས་པར་འབད། །ཉི་མ་བདུན་གྱི་མཚན་
ཙམ་གྱིས། །དགའ་སྟོན་ཆེར་སྒྲུབ་རྣལ་འབྱོར་པ། །མཆོད་པས་ཡང་དག་གཡེང་བ་ཡིས། །དེ་ནས་གཤེགས་སུ་གསོལ་བར་བྱ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །གང་དེའི་སྲས་དང་ཚངས་ལ་སོགས། །ལྷ་ཚོགས་རྣམས་དང་འབྱུང་པོ་གང་། །མཐུ་བོ་ཆེ་དང་བཟོད་པ་མཛོད། །སྦྱིན་
བདག་ལ་ནི་ཐམས་ཅད་དུ། །ཞི་དང་བདེ་ལེགས་ཆེར་མཛད་དེ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གང་ན་བསྐལ་པའམ་བསྐལ་པ་ལས། །ལྷག་པར་སྐུ་གཟུགས་འདི་བཞུགས་པར། །ས་དང་ཆུ་དང་མེ་རླུང་གི། །ལྷ་རྣམས་ཀུན་གྱིས་སྲུང་དུ་
གསོལ། །ཤིན་ཏུ་དགའ་དང་ཡིད་བདེ་བར། །གྱུར་ནས་རབ་གནས་བཟང་པོར་ཤེས། །སློབ་དཔོན་སློབ་མར་བཅས་པ་དང་། །བུ་དང་ཚ་བོའང་སྲུང་དུ་གསོལ། །བླ་མས་ཚུལ་བཞིན་རབ་གནས་བྱས་པ་ཡིན། །མཆོད་པ་བྱས་ལ་ལུང་བསྟན་སྦྱིན་པར་བྱ། །དེ་ཚེ་སློབ་མས་བཀའ་འདི་འདོད་འཇོ་ཡི། །བལྟར་
རྟག་ཏུ་བསམས་ཏེ་མཆོད་ལས་བྱ། །དེ་ནས་འཇིགས་པ་དག་ནི་མྱུར་དུ་ལྡོག །དེ་ནས་ངན་འགྲོ་མ་ལུས་ཆད་པར་འགྱུར། །དེ་ནས་སྔོན་འདོད་འབྲས་བུ་རྟག་ཏུ་འབྱིན། །དེ་ནས་ནམ་ཡང་མངོན་མཐོ་འཇིགས་པ་མེད། །རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་སློབ་དཔོན་དད་པའི་འབྱུང་གནས་གོ་ཆས་མཛད་པ་རྫོགས་
སོ།། །།རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ན་ཡ་ད་ཤ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ། གསུང་རབ་འདིའི་ལོ་རྒྱུས་བཤད་ན།

སྔོན་སངས་རྒྱས་མི་ཡུལ་ན་ལོ་བརྒྱད་ཅུ་བཞུགས་པའི་ཚེ་ན། སརྦ་བུདྡྷ་ས་མ་ཡོ་ག་དང་། གུཧྱ་ས་མཉྩ་ལ་སོགས་པས་འདུལ་ཞིང་ཐེག་པ་དེ་དག་གི་སྣོད་དུ་གྱུར་པ་འཛམ་བུའི་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་རིས་བཞི་དང་སུམ་ཅུ་རྩ་གསུམ་དང་། དགའ་ལྡན་ལ་སོགས་
པའི་གནས་ན་ལྷ་རྣམས་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣོད་དུ་གྱུར་ནས་དེའི་ཚེ་མདོ་སྡེ་དེ་ནི་བཞུགས་སོ། །སླད་ཀྱིས་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཟ་ཧོར་གྱི་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་ཆོས་ལ་དད་པ་དག་ཅིག་འདུག་པ་ཐེག་པ་དེའི་འདུལ་
སྐལ་དུ་གྱུར་ཅིང་སྣོད་དུ་གྱུར་ནས། སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པ་སྡེ་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་། ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ས་མདོ་སྡེ་དག་བལྟས་ན་བརྡ་མ་ཕྲད་ནས་སྔོན་གྱི་ལས་ཀྱི་དབང་གིས་ན་མངོན་པར་ཤེས་པ་ཐོབ་པས་
བལྟས་ན་ཡུལ་གྱི་དབུས་ཡུལ་མ་ལ་པ་ན་ཨཱ་ཙཱརྱ་ཀུ་ཀུ་ར་ཉིན་ཞིང་ཁྱི་སྟོང་ཙམ་ལ་ཆོས་འཆད། མཚན་ཞིང་ནི་ཁྱི་དེ་དག་ལ་དམ་ཚིག་ལོངས་སྤྱོད་མཛད་པ་ཁྱིའི་སློབ་དཔོན་མཛད་པ་ཞིག་བཞུགས་པ་དེ་ཐེག་པའི་སྣོད་དུ་གྱུར་ལ། བདག་གི་འདུལ་སྐལ་དུ་གྱུར་པ་ཡང་འདྲ་ནས་རྒྱལ་པོས་ཕོ་ཉ་བཏང་
སྟེ་སློབ་དཔོན་གཤེགས་སུ་གསོལ་བ་དང་། སློབ་དཔོན་དེ་ཡང་སྔོན་གྱི་ལས་ཀྱི་དབང་གིས་ན་མངོན་པར་ཤེས་པ་ལྔ་དང་ལྡན་ནས། རྒྱལ་པོ་དེ་བདག་གི་འདུལ་སྐལ་དུ་འབབ་བམ་མི་འབབ་མདོ་སྡེ་དེ་དག་གི་སྣོད་དུ་བདག་གྱུར་རམ་མ་གྱུར་བརྟགས་ན། བདག་གི་འདུལ་སྐལ་དུ་ཡང་འབབ།
བདག་ཀྱང་མདོ་སྡེའི་སྣོད་དུ་ཡང་གྱུར། རྒྱལ་པོའི་ཐེ་ཚོམ་ཡང་སེལ་བར་འགྱུར་མོད་ཀྱི། འོན་ཀྱང་མདོ་སྡེ་དག་སྔར་མ་བལྟས་ན་བརྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སོལ་བར་གྱུར་ན་ཤིན་ཏུ་མ་ལེགས་པས་ཕོ་ཉ་ལ་སླར་སྤྲིང་བ། མདོ་སྡེ་དག་ཁོ་བོས་སྔར་བལྟ་འཚལ་གྱིས་ཚུར་བསྐུར་ཅིག་ཅེས་སྤྲིང་བ་
དང་། དེ་ནས་མདོ་སྡེ་དག་པས་གཤེགས་ཏེ་བལྟས་ན་མགོ་མཇུག་གར་ལྟ་བའི་ཆ་མ་མཆིས་ན་དེ་ཉིད་དུ་ལུས་བརྡབས་ཏེ་མགོན་མེད་དོ། །སྐྱབས་མེད་དོ་ཞེས་བོས་པ་དང་དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ་ཁྱོད་ཅི་འདོད་ཅེས་དྲིས་པ་དང་། བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་

ཙམ་གྱིས་ཤེས་པར་འདོད་ཅེས་གསོལ་བ་དང་། དེ་བཞིན་གནང་ངོ་ཞེས་གསུངས་ནས་དེ་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་ཕྱེ་བར་དེ་དག་གི་དོན་ཡིད་ལ་མངོན་སུམ་དུ་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་འཁོར་དང་བཅས་པ་
རྣམས་ལ་དྷརྨཱ་དེ་དག་བཤད་དེ། རྡོ་རྗེ་སེམས་དཔས་ལུང་བསྟན་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་སྒོམ་དུ་སྩལ་ཏེ་དབུས་སུ་རྒྱལ་པོ་ཉིད། བཙུན་མོ་དམ་པ་བཞི་ཡུམ་གྱི་སར་བཀོད། བློན་པོ་བཞི་རིགས་བཞིའི་སར་བཀོད། སྲས་མོ་རྣམས་ནང་གི་
ལྷ་མོའི་སར་བཀོད། བཙུན་མོ་ཕལ་པ་རྣམས་ཕྱིའི་ལྷ་མོའི་སར་བཀོད། བློན་པོ་ཕལ་པ་རྣམས་སྒོ་སྲུང་བཞི་དང་། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྟར་བཀོད་པ་དང་། རྒྱལ་པོས་བསམས་པ་བདག་ཅག་འཁོར་དང་བཅས་པ་རིག་འཛིན་གྱི་གནས་སུ་གྲུབ་པའི་ཕྱིར་དང་དམ་
པའི་ཆོས་འདི་མི་ནུབ་པར་བྱ་བའི་ཕྱིར་སྲས་ཤ་ཀྲ་པུ་ཏི་རྒྱལ་ཚབ་ཏུ་དབང་བསྐུར་ནས། ཨཱ་ཙཱརྱ་ཀུ་ཀུ་པས་ལུང་དང་མན་ངག་བསྟན་པ་རྒྱལ་བུ་དེ་ལ་བསྟན་ཏེ་བཞག་ནས་བསྒོམས་པ་དང་། རྒྱལ་པོ་འཁོར་དང་བཅས་པ་སྟོང་ལ་གནས་པའི་བྱང་ཆུབ་སེམས་དཔའི་རིག་འཛིན་དུ་གྲུབ་བོ། །དེའི་
སྲས་ཤ་ཀྲ་པུ་ཏིས་ཀྱང་དེ་བཞིན་དུ་བསྒོམས་པ་དང་། འཁོར་སྒོམ་པ་བདུན་བརྒྱ་དང་ཡང་རིག་འཛིན་གྱི་གནས་གྲུབ་བོ། །ཡང་རྒྱལ་བུ་ཤ་ཀྲ་པུ་ཏིས་སྲས་ནི་ཆུང་སྟེ་སྲས་མོ་གོ་བ་དེ་བྱི་ལ་དཔལ་དམ་པའི་ནང་ནས་ཚུལ་བརྒྱ་ལྔ་བཅུ་པ་བཀོད་དེ་བཤམས་ནས་ཨིནྡྲ་བྷཱུ་ཏིའི་ལུང་དེ་སྲས་མོ་ཡུལ་དང་
ས་འཛིན་དུ་སྩལ་དེ་ལ་བསྟན་པ་ལས་སྲས་མོ་དེ་ཡང་འཁོར་དང་བཅས་པ་བརྒྱ་དང་ཡང་རིག་འཛིན་དུ་གྲུབ་བོ། །དེ་ནས་སྲས་མོ་དེས། རྒྱལ་བུ་ལ་ལུང་དང་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་དུ་འདི་དག་ལགས་ཏེ། མདོ་ལ་འདི་དེ་རྣམས་བསྒྲུབ་སྟེ་ཚུན་ཆད་ནི་གསུང་རབ་འདི་དོན་ཁོང་དུ་ཆུད་པར་
བྱས་ཏེ། བསྒྲུབ་པས་སྔོན་ཆད་གྲུབ་པ་ཡང་གྲངས་མེད་ཕྱིན་ཆད་ཀྱང་ནན་ཏན་ཆེར་བྱས་ན་གདོན་མི་ཟ་བར་གྲུབ་པར་གཞུང་འདི་ཉིད་ཀྱི་ནང་ནས་ཤེས་པ་ཡིན་ནོ། །གཞུང་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བྱུང་བ་ནི། བདུད་བཞི་བཅོམ་སྟེ་ཡོན་ཏན་

དྲུག་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དཔལ་དམ་པ་ཕྲེང་བ་ཞེས་བྱ་བ་འདི་ཡིན་ནོ། །ཡུམ་སྨོས་པ་ལས་ན་དེ་བཞིན་གཤེགས་པའི་ཡབ་ཀྱང་སྨོས་དགོས་ཏེ་གང་ཞེ་ན། ཡབ་ནི་ཏནྟྲ་ཏ་ཏ་ཏྭཱ་སཾ་གྲ་ཧ། ཞེས་བྱ་
བ་སྔགས་ཀྱི་མདོ་སྡེ་ཟབ་མོ་ཡིན་པར་སྟོན་ཏོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ཞེས་ཏེ། དེ་ཡང་མདོ་ཟབ་མོ་འདི་ལ་དད་ཅིང་མོས་ནས་གསུང་རབ་ལ་འཇུག་པའི་ཕྱིར་བསྙེན་བཀུར་བྱས་ཏེ་ཕྱག་འཚལ་ན་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་འཕགས་པ་ཀུན་
གྱི་བྱིན་གྱིས་རློབ་པས་ཉན་ཅིང་སྒྲུབ་པ་ནན་ཏན་དུ་བྱེད་པ་ལ་བགེགས་དང་བར་ཆད་དུ་མི་འགྱུར་བའི་ཕྱིར་རོ། །གཞུང་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་འབྱུང་མདོ་སྡེའི་ཏནྟྲ་མགོ་མཇུག་ཚང་བ་ནི་མ་ཡིན་ན་ཅིའི་ཕྱིར་འདི་སྐད་སྨོས་ཤེ་ན། གསུང་རབ་འདི་ཡང་མཉན་ཅིང་
གཟུང་སླ་བར་བྱ་བའི་ཕྱིར་ཏནྟྲ་ཆེན་པོའི་ནང་ནས་གུད་དུ་ཕྱུང་མོད་ཀྱི། ཏནྟྲ་འདིའི་མགོ་ལ་སྨོས་པས་འདིར་བརྗོད་པ་འགལ་བ་མེད་དོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པས་གསུངས་པའི་དོན་འདི་སྐད་དུ་དཔལ་རྡོ་རྗེ་སེམས་དཔས་མངོན་སུམ་དུ་ཐོས་ཀྱིས་གཞན་
ལས་བརྒྱུད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་གསུངས་པ་དྲང་མེད་མོད་ཀྱི། གཞུང་འདི་གསུངས་པ་ཐོས་པ་དེ་ལ་དུས་གཅིག་ཅེས་བྱའོ། །གཞུང་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་དམ་ཚིག་གི་ཡེ་ཤེས་
རྣམ་པ་ཐ་དད་པའི་བྱེ་བྲག་གིས་ཡེ་ཤེས་དང་ལྡན་པ་ཞེས་འབྱུང་བ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཚོགས་འདུས་པ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཚུལ་
མཉམ་པ་ཉིད་དུ་སྦྱོར་ཞིང་། ལུས་དང་ངག་དང་ཡིད་གསུམ་རྡོ་རྗེ་ལྟ་བུའི་ཕྱིར་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་བདུད་དང་བགེགས་ལ་སོགས་པ་བར་ཆད་དུ་བྱེད་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ཏེ་རྒོལ་བའི་གླགས་མེད་པའི་ཕྱིར་རོ། །སྤྱིའི་དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་

བ་དང་། ཐེག་པ་ཆེན་པོའི་ཆོས་མི་གཏོང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་མི་གཏོང་བ་དང་། སྔགས་དང་ཕྱག་རྒྱ་དང་རྡོ་རྗེ་མི་གཏོང་བ་དང་། རྡོ་རྗེའི་སློབ་དཔོན་རྡོ་རྗེ་སེམས་དཔའ་དང་འདྲ་བར་བསམ་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ལ་ངན་སེམས་མི་བྱེད་པ་དང་།
དཀྱིལ་འཁོར་དུ་མ་ཞུགས་པ་དང་། བཞུགས་ཀྱང་དམ་ཚིག་མི་སྲུང་བ་ལ་སྔགས་ཀྱི་གཏམ་མི་བྱ་བ་དང་། དོན་མེད་པའི་ཕྱོགས་སུ་ལུས་ཆུས་མི་གནོན་ཅིང་ཉོན་མི་མོངས་པ་ལ་སོགས་པའི་རྣམ་གྲངས་ཀྱང་མང་མོད་ཀྱི་སྐབས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་ཞིང་ཚུལ་
འདི་ནི་མི་གཏོང་བ་དམ་ཚིག་ལྟ་བུ་ཡིན་ཏེ། དམ་ཚིག་གི་ཁྱད་པར་ཐམས་ཅད་མཁྱེན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཆོས་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་
ལྟ་བུ་རྣམ་པ་ཐ་དད་པའི་བྱེ་བྲག་གི་ཡེ་ཤེས་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །གཞུང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་པོ་ཆེའི་ཅོད་པན་གྱིས་ཁམས་གསུམ་དུ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ཐོབ་ཅེས་འབྱུང་བ་དབང་བསྐུར་བའི་དམ་ཚིག་ནི་རིན་པོ་ཆེའི་ཕྲེང་བས་དབང་
སྐུར་བར་བྱེད་དེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་རིན་པོ་ཆེ་སྣ་བདུན་གྱིས་རྒྱལ་ཐབས་ཆེན་པོར་དབང་བསྐུར་ན་གླིང་བཞི་ལ། དབང་བྱེད་པར་འགྱུར་ཏེ། དེ་དང་འདྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཏེ། ཁམས་གསུམ་ཐམས་ཅད་ལ་མངའ་བ། ཆོས་ཐམས་ཅད་ལ་ལོངས་སྤྱོད་པ་ཕྱོགས་བཅུ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་
པར་མཛོད་ཅིག་ཅེས་དབང་ཆེན་བསྐུར་བ་ཐོབ་པའི་ཕྱིར་རོ། །གཞུང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཡེ་ཤེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་ཐོབ་པ་ཞེས་འབྱུང་བ་ནི་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཆོས་ཐམས་ཅད་ཀྱི་དབྱིངས་སྟོང་པ་ཉིད་དུ་མཁྱེན་པས་མ་ནོར་མ་འཁྲུལ་པའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཕྱིར་རྡོ་རྗེའི་ཡེ་ཤེས་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ལ་རྒྱུན་དུ་འཇུག་པས་རྣལ་
འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་ཀྱང་བྱ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མན་ཆད་ཀྱི་ལོངས་སྤྱོད་དང་ཡང་ལྡན་ལ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལས་ཀྱང་མི་འགྱུར་བའི་ཕྱིར་ཆོས་སོ་ཅོག་ཐམས་ཅད་ལ་དབང་མཛད་ཅིང་འབྱོར་བའི་ལོངས་སྤྱོད་ཆེན་པོ་དང་ཡང་ལྡན་པས་ན་དབང་ཕྱུག་ཆེན་
པོ་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་སྐུའི་ཕྱག་རྒྱ་ཆེན་པོ་དང་རིན་པོ་ཆེའི་ཅོད་པན་ལ་སོགས་པའི་དབང་བསྐུར་བའི་དམ་ཚིག་གི་ཕྱག་རྒྱ་དང་། གསུང་ཐམས་ཅད་དུ་ཡོངས་སུ་དག་པས་ཆོས་ཀྱི་ཕྱག་རྒྱ་དང་། ལུས་དང་ངག་དང་ཡིད་ཐམས་ཅད་རྡོ་རྗེ་ཉིད་ཀྱི་ལས་མཉམ་པ་ཉིད་དུ་སྤྱོད་པས་ལས་
ཀྱི་ཕྱག་རྒྱ་སྟེ་འདི་རྣམས་ཀྱི་ཚུལ་དུ་གནས་པས་རྣལ་འབྱོར་པའི་དབང་ཕྱུག་ཅེས་བྱའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཚན་དང་དཔེ་བྱད་བཟང་པོ་དང་ལྡན་པ་ལོངས་སྤྱོད་རྫོགས་པ་སྐུའི་ཕྱག་རྒྱ་དང་། ལུས་ཀྱི་ཕྱག་རྒྱ་ནི་གཡོན་པའི་མཛུབ་མོ་གཡས་པའི་ཁུ་ཚུར་ནང་དུ་བཅུག་སྟེ་རྡོ་རྗེ་
དང་པདྨའི་དཀྱིལ་འཁོར་སྦྱོར་བ་བསྟན་པའི་ཕྱག་རྒྱ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཚུལ་དུ་སྤྱོད་པའི་དམ་ཚིག་གི་ཕྱག་རྒྱ་དང་། ལུས་ལས་འོད་ཟེར་མང་པོ་འཕྲོས་ཏེ་སངས་རྒྱས་ཀྱི་སྐུ་གྲངས་མེད་པར་སྤྲུལ་ཏེ་ལས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་ཐོབ་པ་དང་ལྡན་པའི་ཕྱིར་རོ། །གཞུང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མཉམ་པ་ཉིད་ཐུགས་སུ་ཆུད་ཅིང་བྱ་བ་སྣ་ཚོགས་མཛད་པ་ན་མ་ལུས་ལུས་པ་མེད་པའི་སེམས་དཔའ་དང་། ངག་སེམས་ཐམས་ཅད་རྡོ་རྗེའི་དེ་བཞིན་གཤེགས་པ་ཞེས་འབྱུང་བ་
ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་ཅིང་རྡོ་རྗེ་དང་པདྨའི་དཀྱིལ་འཁོར་དུ་སྦྱོར་བའི་དོན་སྤྱོད་པ་སྣ་ཚོགས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པ་ཡང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་

ཆུབ་ཏུ་བསྒྲལ་བའི་ཐབས་སྣ་ཚོགས་གྲངས་མེད་དེ་བསམ་གྱིས་མི་ཁྱབ་མོད་ཀྱི། སྐབས་འདིར་ནི་ཆོས་མཉམ་པ་ཉིད་དུ་བསྟན་པ་དུལ་བའི་སེམས་ཅན་མ་ལུས་པ་གདན་ལུས་པ་མེད་པའི་རེ་བ་ཐམས་ཅད་ཡོངས་སུ་བསྐང་བའི་ལས་མཛད་པས་ཐབས་དེ་ལྟ་བུས་འདུལ་བའི་ཐབས་ལ་བབ་པའི་སེམས་
ཅན་རྣམས་སྨིན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བ་སྟོང་པ་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་ནི་ཆོས་ཀྱི་སྐུ་ལ་བྱའོ། །རྣམ་པ་གཅིག་ཏུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཚུལ་དུ་སྦྱོར་བ་ཡང་རྟག་པར་དུས་གསུམ་དུ་མཉམ་
པ་འདི་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་སེམས་ཅན་ཐམས་ཅད་ལ་འཁྲུལ་པ་མེད་པའི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཕྱིར་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་བྱའོ། །གཞུང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་ཤིང་བསྟོད་དེ་
ཞེས་འབྱུང་བ་ནི་རྣམ་པར་སྣང་མཛད་གཉིས་སུ་མེད་པའི་ཚུལ་གྱིས་གསང་བའི་དཀྱིལ་འཁོར་མཛད་དེ། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། ཆོས་ཀྱི་རིགས་དང་། ལས་ཀྱི་རིགས་ཀྱི་གཙོ་བོ་སངས་རྒྱས་དང་། འཁོར་བྱང་ཆུབ་སེམས་
དཔའ་ཕྱོགས་ཕྱོགས་ན་བཀོད་པའི་ཚེ་དམ་ཚིག་ལ་མ་ཞུགས་པ་རྣམས་ལ་གསང་བའི་ཚད་ནི་བྱམས་པ་བྱང་ཆུབ་སེམས་དཔའ་ཡང་ནང་ན་འོང་དུ་མི་གནང་ངོ་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ་དང་། བྱམས་པས་གསོལ་པ་བདག་ནི་ཚེ་གཅིག་གིས་ཐོགས་པའི་བྱང་
ཆུབ་སེམས་དཔའ་སྟེ། དུས་ཕྱི་མ་ལ་མངོན་པར་འཚང་རྒྱ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བདག་གིས་མཐོང་སྟེ།
སངས་རྒྱས་ཀྱི་ས་ལ་དར་ལས་བསྒྲིབས་པ་ཙམ་དུ་བས་ཏེ་ཅི་ལ་ཡང་གསང་བ་མ་མཆིས་ན། དཀྱིལ་འཁོར་འདི་མཛད་པ་ལ་བདག་ལ་གསང་དུ་ཅི་མཆིས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་ཐམས་ཅད་མཐོང་གིས་ཀྱང་ཁྱོད་ཀྱིས་དཀྱིལ་འཁོར་

འདིའི་དམ་ཚིག་ཏུ་སྔར་མ་ཞུགས་པས་བསྟན་དུ་མི་རུང་ངོ་ཞེས་བཀའ་སྩལ་ནས། ཕྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ཡང་དཀྱིལ་འཁོར་འདི་ཉིད་དུ་ཞུགས་པའི་ཚེ་ཕྱོགས་བཞི་དང་། དབུས་ཀྱི་གཙོ་བོ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་གཉིས་སུ་མེད་པའི་སྦྱོར་བ་ལ་གནས། འདོད་པ་རྣམ་པ་ལྔ་སེམས་ཀྱིས་གཙང་མར་འདུ་ཤེས་ཏེ་ཡོན་ཏན་དུ་བལྟ་བ་དང་། པཉྩ་ཨ་མྲྀ་ཏར་ཡང་ཁྱད་པར་མེད་པ་མཉམ་པར་སྤྱོད་པ་ཐོབ་ནས་ཤིན་ཏུ་ངོ་མཚར་དུ་བཟུང་སྟེ། སྡངས་ནས་ཡེ་ཤེས་ཀྱིས་བརྟགས་ན་ཆོས་ཐམས་ཅད་ཆོས་ཀྱི་
དབྱིངས་སྟོང་པ་ཉིད་ཀྱིས་ཁྱབ་པས་རྣམ་པ་སྣ་ཚོགས་སུ་སྤྱོད་ཀྱང་ཉོན་མོངས་པའི་བཅིང་བ་ཡང་མེད་དེ། རྣམ་པར་དག་པའི་སྤྱོད་ཡུལ་ལ་རྡུལ་ཙམ་ཡང་འགྱུར་བ་མེད་ལ། སེམས་ཅན་གྱི་ལོངས་སྤྱོད་ཆེན་པོ་དང་ཡང་ལྡན་ཞིང་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པའི་ཆོས་ཤེས་རབ་དང་ཐབས་ཀྱི་
སྤྱོད་ཡུལ་གྱི་སྒོ་ཁྱད་པར་དུ་འཕགས་པ་བཟང་བར་མཐོང་ནས། བྱང་ཆུབ་སེམས་དཔའ་བྱམས་པ་མགུ་རངས་ཏེ་མོད་ལ་བསྟོད་པ། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། བྱང་ཆུབ་སེམས་ནི་བསམ་མི་ཁྱབ། ཆོས་མཉམ་པ་ཉིད་དུ་སྦྱོར་བ་ཡང་བསམ་གྱིས་མི་ཁྱབ་སྟེ་ཤིན་ཏུ་ངོ་མཚར་ཆེ་
ཞིང་དགེའོ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟོད་དེ། བྱམས་པ་གཅིག་བུས་བསྟོད་པར་ཡང་མ་ཟད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པའི་ཆོས་དོན་ཆུད་མི་ཟ་བ་མ་ནོར་པའི་ཆོས་ཡིན་པར་རབ་ཏུ་བསྔགས་ཤིང་བསྟོད་པའི་ཕྱིར་རོ། །སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་སྐུའི་ཚུལ་དང་སྤྱོད་ལམ་ཆེན་པོ་འདི་ལྟ་བུ་ཡིན། དཀྱིལ་འཁོར་དུ་བཞུགས་པའི་གནས་ཁང་ཅི་འདྲ་ཞེ་ན། གཞུང་ལས། བཞུགས་པ་ན་ནོར་བུ་རིན་པོ་ཆེ་ཆེན་པོས་རབ་ཏུ་སྤྲས་པ། དྲིལ་བུ་སྣ་ཚོགས་བརྒྱུས་ཤིང་དཀྲོལ་བ། ཁ་དོག་སྣ་ཚོགས་ཀྱི་ལྡ་ལྡི་དྲེས་
པ། དར་གྱི་བ་དན་མང་པོའི་དྲིལ་བུ་རླུང་གིས་བསྐྱོད་པ། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་དང་། དོ་ཤལ་དང་། སེ་མོ་དོ་དང་། ཟླ་བ་ལྟ་བུས་ཤིན་ཏུ་མཛེས་པར་བྱས་པ་ཞེས་འབྱུང་བ་སྟེ། དཀྱིལ་འཁོར་གྱི་གནས་ཁང་གི་ཡོན་ཏན་ནི་འདི་ཡིན་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱིས་

བརྒྱན་པ་ཡང་དེ་བཞིན་གཤེགས་པའི་རིགས་སོ་སོའི་ཁ་དོག་སྣ་ཚོགས་དང་མཐུན་པ། རྒྱན་ཐམས་ཅད་ཀྱང་ཟླ་བའི་འོད་དང་འདྲ་ཞིང་མཛེས་པའི་ཕྱིར་རོ། །ཁང་པའི་ཡོན་ཏན་དེ་འདྲ་ན་ཡུལ་གྱི་ཚུལ་གང་ཞེ་ན། གཞུང་ལས། འདོད་པའི་ཁམས་ཐམས་ཅད་ལ་གཞན་འཕྲུལ་དབང་བྱེད་ལྷའི་
རྒྱལ་པོའི་གནས་ན་ཞེས་འབྱུང་བ་སྟེ། སེམས་ཅན་གྱི་ཁམས་སུ་མ་གཏོགས་པ་མ་ཡིན་གྱི་ཁམས་ཉིད་ནི་དཀྱིལ་འཁོར་ཆེན་པོ་མཛད་པས་སེམས་ཅན་སོ་སོ་ན་དཀྱིལ་འཁོར་འདི་མཐོང་བའི་ལས་ཡོད་པ་རྣམས་ཀྱང་ཞུགས་ཤིང་དམ་ཚིག་མ་ནོར་བས་ན་དོན་གྲུབ་ཅིང་ཐར་པ་ཡང་གྲངས་མེད་པའི་
ཕྱིར་རོ། །དཀྱིལ་འཁོར་འདིའི་ཚེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉག་གཅིག་གམ། འཁོར་བྱང་ཆུབ་སེམས་དཔའ་དང་བཅས་ཤེ་ན་གཞུང་ལས། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་། ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ལག་ན་རྡོ་རྗེ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། རྡོ་རྗེ་ཁུ་ཚུར་དང་། འཇམ་དཔལ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ནམ་མཁའི་མཛོད་དང་། བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང་།
དེ་དག་ལ་སོགས་པ་བྱེ་བ་ཕྲག་བརྒྱ་སྟོང་རྣམས་ཀྱིས་བསྐོར་ཞིང་མདུན་གྱིས་བདར་ཏེ་ཞེས་འབྱུང་བ་སྟེ། སངས་རྒྱས་ཉག་གཅིག་མ་ཡིན་གྱི་འཁོར་བྱང་ཆུབ་སེམས་དཔའ་དེ་སྙེད་ཡོད་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་དེ་སྙེད་ཀྱི་ནང་ནས་ཉུང་ཟད་ཀྱི་མིང་སྨོས་པ་ཅིའི་ཕྱིར་ཞེ་ན།
རྡོ་རྗེའི་རིགས་ཀྱི་གཙོ་བོ་དང་། ཆོས་ཀྱི་རིགས་ཀྱི་གཙོ་བོ་དང་། རིན་པོ་ཆེའི་རིགས་ཀྱི་གཙོ་བོ་དང་། ལས་ཀྱི་རིགས་ཀྱི་གཙོ་བོ་ཉི་ཚེའི་མཚན་སྨོས་པ་སྟེ། གཞན་ནི་གྲངས་ཙམ་དུ་བཞག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ཕྱོགས་བཞིར་སོ་སོའི་རིགས་མ་འདྲེས་
པར་སྣམ་བུ་སྣམ་བུར་བཀོད་དེ། ནང་དང་ཕྱི་རིམ་དུ་བདར་ནས་ཀུན་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་བདར་ཏེ་གྲལ་རིམ་བཞིན་དུ་གནས་སོ། །དེའི་ཚེ་དཀྱིལ་འཁོར་སོ་སོ་ན་བཞུགས་པར་ཟད་དམ་ཆོས་ཀྱང་འཆད་ཅེ་ན། གཞུང་ལས་ཆོས་འཆད་པ་དེ་ཐོག་མར་དགེ །བར་

དུ་ཡང་དགེ །ཐ་མར་ཡང་དགེ །དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཀུན་དུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་འབའ་ཞིག་ཡང་དག་པར་རབ་ཏུ་སྟོན་ཅིང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་
བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་འབྱུང་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་གྱི་ཕྱིར་དར་མ་དོར་སྡེ་བཅུ་གཉིས་ལ་སོགས་པ་གྲངས་མེད་པ་ཅིག་བཤད་མོད་ཀྱི་འདི་སྐད་དུ་ཡང་། སྟོང་པ་ཉིད་ཀྱི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
གཉིས་སུ་མེད་པའི་དོན་རྒྱ་ཆེར་སྟོན་པ་དང་། ཀྲྀ་ཡའི་གཞུང་གི་བརྟག་པ་དང་། ཁ་ཟས་གཙང་མར་བྱེད་པ་དང་། དུས་གསུམ་དུ་འཛིན་པ་ལྟ་བུ་མ་ཡིན་གྱི། གནས་ལ་མཚན་མར་མི་འཛིན་པས་བདམ་དུ་མེད། ཁ་ཟས་ལ་མཚན་མར་མི་འཛིན་པས་གཙང་སྨེ་མི་འབྱེད། དུས་ལ་མཚན་མར་
མི་འཛིན་པས་དུས་ཐམས་ཅད་དུ་མཉམ་པར་འཇོག་པས་དུས་གསུམ་དུ་དབྱེར་མེད་དེ་ཐམས་ཅད་དུ་དགེ །ཤེས་རབ་དང་ཐབས་སུ་འབྲེལ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བས་དོན་བཟང་བ་མཉམ་པ་ཉིད་མ་ནོར་བར་སྟོན་པས་ཚིག་བཟང་བ། དོན་བཟང་པོའི་
ཆོས་དང་ཀྲྀ་ཡའི་ཆོ་ག་མང་པོ་དང་། མ་འདྲེས་པས་མ་ཉམས་པར་སྤྱོད་པ་འདི་ལ་ཆོས་གཞན་གང་གིས་ཀྱང་བསྣན་མི་དགོས་པས་ཀུན་དུ་རྫོགས་པ་ཡོངས་སུ་དག་པའི་ཆོས་ཉིད་པས་བཀྲུ་བཤལ་བྱ་བ་མ་ཡིན། འཁྲུལ་པ་མེད་པས་སྒྲིབ་པར་མི་འགྱུར་ཏེ་ཡོངས་སུ་བྱང་བ་ཡིན། གཉིས་སུ་
མེད་པའི་སྦྱོར་བའི་ཡང་སེམས་མཉམ་པ་དང་། བསྔོ་བ་རྒྱ་ཆེ་བས་ཚངས་པར་སྤྱོད་པ་འབའ་ཞིག་སྟེ། འདི་ལྟར་ཡང་དག་པའི་ཆོས་རྒྱ་ཆེན་པོ་སྟོན་ཅིང་ཆོས་སོ་ཅོག་ཐམས་ཅད་ངོ་བོ་ཉིད་དང་རང་བཞིན་གྱིས་སྟོང་སྟེ་གྲུབ་པ་མེད་པས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མཉམ་པར་སྦྱོར་བའི་དོན་བཤད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཅི་ཡོད་ཅེ་ན། གཞུང་ལས་འདི་ལྟ་སྟེ། རབ་ཏུ་དགའ་བའི་རྣམ་པར་དག་པའི་ཚིག་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བར་

དགའ་བའི་ཕྱིར་ཉན་ཐོས་ལ་སོགས་པ་སེམས་རྒྱ་ཆུང་ངུའི་ཆོས་ལས་འཕགས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་ཤིན་ཏུ་གྲོལ་ཞིང་དག་པའི་དགའ་བ་དང་། རྡོ་རྗེ་པདྨོའི་དཀྱིལ་འཁོར་སྦྱོར་བས་འཇིག་རྟེན་གྱི་དགའ་བ་ཕུན་སུམ་ཚོགས་
པས་བདག་གི་ལྷ་དང་ཕྱོགས་བཅུའི་འཕགས་པ་ཐམས་ཅད་ལ་ཡོངས་སུ་བསྔོས་ན། འཕགས་པ་ཐམས་ཅད་ལ་ཡང་བདག་དང་གཞན་ཞེས་དབྱེར་མེད་པ་མཉམ་པ་རབ་ཏུ་དགའ་བ། ཡང་བདག་དང་བདག་གིར་བྱ་བ་མེད་པའི་མཉམ་པས་འཕགས་པ་མ་ལུས་པ་ལ་ཡང་བསྔོས་པས་བསོད་ནམས་
ཀྱི་ཚོགས་སུ་འགྱུར་ཏེ། འདི་ལྟ་བུའི་སྤྱོད་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དོན་ཇི་ལྟ་བ་བཞིན་དུ་བསྟན་པ་ནི་བྱང་ཆུབ་སེམས་དཔའི་ཚིག་གོ། །ཚིག་གི་རྗེས་སུ་འབྲང་ཞིང་ནན་ཏན་བསྒྲུབ་པ་ནི་བྱང་ཆུབ་ཏུ་འགྱུར་རོ། །གཞུང་ལས། འདོད་ཆགས་ཀྱི་མདའ་རྣམ་པར་
དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བསྐྱབ་པའི་ཡིད་ཀྱི་མདའ་སྔོན་དུ་བཏང་སྟེ། རྗེས་སུ་བསྒྲུབ་པ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཡིད་ཀྱི་མདའ་སྔོན་དུ་བཏང་
སྟེ་རྗེས་སུ་སྤྱོད་པ་དང་། འདོད་པ་ལྔའི་ཡོན་ཏན་དང་བདུད་རྩི་ལྔ་ལ་སོགས་ཏེ་མཚུངས་པར་བྱེད་པ་དང་། མཉམ་པ་ཉིད་ཀྱི་མདའ་སྔོན་དུ་བཏང་སྟེ། ལོངས་སྤྱོད་དུ་བྱེད་པའི་ཕྱིར་རོ། །གཞུང་ལས། སྡུག་པ་བཅིང་བའི་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་
ཞེས་འབྱུང་བ་ནི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་བསྙེན་པར་བྱ་བའི་ཕྱིར་ནི་སྡུག་པའོ། །མི་གཏོང་བའི་ཕྱིར་ནི་བཅིང་བ་སྟེ། བདག་གི་ཤེས་རབ་དང་ཕྲད་ནས་མཉམ་པ་ཉིད་ཀྱི་གཟུགས་བསྔོ་བ་དང་དཔྱད་པ་མ་ནོར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། ལོངས་སྤྱོད་ཐམས་ཅད་ཀྱི་དབང་
ཕྱུག་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། འཇིག་རྟེན་གྱི་ལོངས་སྤྱོད་ཐམས་ཅད་དང་ལྡན་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ། དབང་ཕྱུག་ཆེ་བས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་ཞིང་འདོད་པ་ལྔ་

ལ་མཚུངས་པར་སྤྱོད་པ་ནི་འཇིག་རྟེན་གྱི་ལོངས་སྤྱོད་ཐམས་ཅད་དང་ཡང་ལྡན་ལ་ཉོན་མོངས་པའི་འཆིང་བར་མི་འགྱུར་བའི་ཕྱིར་རྣམ་པར་དག་པས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་འཇིག་རྟེན་པའི་ལོངས་སྤྱོད་ཐམས་ཅད་ཀྱི་ཡང་མཆོག་ཕུལ་དུ་བྱུང་བའི་ཕྱིར་རོ། །གཞུང་
ལས། ལྟ་བ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་ཡང་དག་པའི་ལྟ་བ་ཡིན་ཏེ། རྣམ་པ་སྣ་ཚོགས་ལ་སྤྱོད་ཀྱང་ཉོན་མོངས་པའི་འཆིང་བར་མི་འགྱུར་བས་རྣམ་པར་
དག་པའི་ཕྱིར་རོ། །གཞུང་ལས། དགའ་བ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི་རྟག་ཏུ་བཤད་པ་དང་མཐུན་ཏེ། མདོར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ལྟ་བ་དང་བསྔོ་བ་མ་ནོར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་
ལས། སྲིད་པ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྤྱོད་པའི་སྲེད་པ་དང་། བདུད་རྩི་ལྔ་དང་འདོད་པའི་ཡོན་ཏན་ལྔ་མཚན་མར་མི་འཛིན་པ་དབྱེར་མེད་པར་མཉམ་
པར་སྤྱོད་པའི་སྲེད་པ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པར་བསྒྲལ་བར་བྱ་བའི་ཐབས་ལ་སྲེད་པས་ན་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། ང་རྒྱལ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡང་ཕྱག་རྒྱ་ཆེན་པོ་དང་ལྡན་མོད་ཀྱི། ཉོན་མོངས་པའི་འཆིང་བར་མི་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པ་ཉིད་པས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། རྒྱན་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི་
བདག་ཉིད་ཕྱག་རྒྱ་ཆེན་པོའི་སྐུ་མཉམ་པ་ཉིད་ཡིན་པས་ནོར་བུ་དང་གོས་ལ་སོགས་ཏེ། བཟང་པོའི་བྱ་བའི་རྒྱན་ཐམས་ཅད་ཀྱང་འཕགས་པ་བདག་གི་ལྷ་ཉིད་ལ་ཡོན་དུ་ཕུལ་བ་དང་། བདག་གི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་སུ་ཡང་ཁྱད་པར་དབྱེར་མེད་དེ། འཕགས་པ་ཐམས་ཅད་ལ་

མཉམ་པར་བསྔོས་པས་བསོད་ནམས་ཀྱི་ཚོགས་སུ་འགྱུར་གྱི་ཉོན་མོངས་པའི་འཆིང་བར་མི་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། འདོད་ཆགས་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། རྟག་ཏུ་འདོད་ཆགས་ཀྱི་མདའ་བཤད་པ་
དང་འདྲ་སྟེ། མདོར་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བའི་དུས་ན་འདོད་ཆགས་སུ་སྣང་བའི་རྣམ་པ་སྣ་ཚོགས་ཅི་སྤྱོད་ཀྱང་སེམས་ཅན་གྱི་མ་རིག་པའི་སྤྱོད་པ་དང་འདྲ་སྟེ། ཉོན་མོངས་པའི་འཆིང་བར་མི་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །
གཞུང་ལས། ཞེ་སྡང་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་སྔོན་སྤྱོད་པ་བྱེད་པའི་ཚེ། སེམས་ཅན་མ་རུངས་པ་འདུལ་བ་དང་། སྡུག་
བསྔལ་གྱི་གནས་ན་སྡོད་ཅིང་བསྐྱེད་པའི་བསྔོ་བས་ཞེ་སྡང་དུ་སྣང་བའི་ཆོས་སྤྱོད་ཀྱིས་ཀྱང་སེམས་ཅན་མ་རིག་པའི་སྤྱོད་པ་དང་མི་འདྲ་སྟེ། ཉོན་མོངས་པའི་འཆིང་བར་མི་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། གཏི་མུག་རྣམ་པར་དག་པའི་ཚིག་འདི་ལྟ་སྟེ། བྱང་ཆུབ་
སེམས་དཔའ་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་མཉམ་པ་ཉིད་དུ་སྦྱོར་ཏེ། བདག་དང་གཞན་དུ་ཁྱད་པར་གྱི་མཚན་མར་མི་འཛིན་པས་རྣམ་པ་སྣ་ཚོགས་སུ་སྤྱོད་ཀྱང་ཕྱིན་ཅི་ལོག་གི་གཏི་མུག་མ་ཡིན་གྱི་མི་ཤེས་པའི་ཚུལ་གྱིས་ཤེས་པས་ན་རྣམ་པར་དག་པའི་ཕྱིར་རོ། །
གཞུང་ལས། ཐམས་ཅད་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་དབང་པོ་དྲུག་ཡུལ་དྲུག་ལ་སོགས་ཏེ་ཐམས་ཅད་ལ་སྤྱོད་ཀྱང་།
ཡང་དག་པའི་ལྟ་བ་དང་བསྔོ་བ་མ་ནོར་བས་ཉོན་མོངས་པའི་འཆིང་བར་མི་འགྱུར་ཏེ། སྤྱོད་དོ་ཅོག་ཀྱང་བསོད་ནམས་ཀྱི་ཚོགས་སུ་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། མདའ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་

ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྤྱོད་པས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་དང་མཆོད་པ་སྣ་ཚོགས་འོད་ཟེར་ལས་སྐྱེ་སྟེ། མཆོད་པ་བསྟོད་པ་དང་དགའ་བ་ཕུལ་བས་ཉོན་མོངས་པའི་འཆིང་བར་མི་འགྱུར་ཏེ་རྣམ་པར་དག་པའི་དགའ་
བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཚུལ་འདི་ལྟར་སྤྱོད་པའི་འབྲས་བུ་ཡང་བཙུན་པ་རིག་འཛིན་བྱང་ཆུབ་ཀྱི་གནས་པར་འགྱུར་རོ། །གཞུང་ལས། མཚན་ཉིད་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་གནས་པའི་དུས་ན་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང་རང་གི་མཚན་ཉིད་ཅི་ལ་སྤྱོད་ཀྱང་དེ་ཉིད་དབྱེར་མེད་པར་མཉམ་པ་ཉིད་པས་མཚན་མས་བཅིངས་པའི་ཉོན་མོངས་པར་མི་འགྱུར་ཏེ་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། ཡིད་རྣམ་པར་དག་པའི་
ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བ་ལ་ཕྱག་རྒྱ་ཆེན་པོའི་སྐུ་བས་ཡིད་མགུ་བ་དང་རངས་པ་ཀུན་ཀྱང་བདག་གི་ལྷ་ཉིད་ལ་མཆོད་པ་དང་ཡང་འདྲ། བདག་གི་ལྷ་དང་དེ་བཞིན་
གཤེག