Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 68

Văn bản gốc(Tây Tạng)

Trang 14 / 22 (50.000 ký tự/trang)
ེ་ལས་ཀྱི་རྒྱ། །
བཅིང་བ་དམ་ཚིག་ཕྱག་རྒྱ་སྟེ། །བཟླས་པ་མཆོག་གི་ཕྱག་རྒྱའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུདྡྷ་ནེ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་
མཛུབ་མོ་བརྐྱང་། །མཐེའུ་ཆུང་སྦྲེལ་ནས་སྒོ་དབྱེ་བྱ། །ཨོཾ་སརྦ་བིད་བཛྲོད་གྷ་ཏ་ཡེ་ཧཱུཾ། རྡོ་རྗེ་འཁོར་ལོ་ཕྱག་རྒྱ་ཡིས། །བཞུགས་པའི་རྟེན་ཡང་ཁྱད་པར་བྱ། །ཨོཾ་སརྦ་བིད་ཨོཾ་བཛྲ་ཙཀྲ་ཧཱུཾ། སེ་གོལ་བརྡབས་ནས་སངས་རྒྱས་རྣམས། །བྱོན་པར་འགྱུར་ཏེ་གཞན་ཅི་སྨོས། །ཨོཾ་
སརྦ་བིཏ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿ། བསྟོད་ནས་བགེགས་བསྐྲད་བསྲུང་བ་དང་། །སྒོ་བཅད་གོ་བགོ་མཆོད་པ་ནི། །ལས་བརྒྱད་རབ་ཏུ་བྱ་བ་ཡིན། །དེ་ནས་བསྒོམ་པར་བྱ་བ་ཡང་། །ཞི་གནས་དང་ནི་ལྷག་མཐོང་བསྒོམ། །དེ་ནས་ལྡང་བར་བྱ་བ་ནི། །ཐུན་བཞིར་བྱས་ཏེ་
རབ་ཏུ་བྱ། །ཟླ་དྲུག་གམ་ནི་ལྷ་ཡི་གནས། །དེ་ནས་དཀྱིལ་འཁོར་བརྩམ་པར་བྱ། །དང་པོ་ས་ནི་བཙལ་བར་བྱ། །བྱིན་ཆེན་བཀྲ་ཤིས་མཚན་ལྡན་འཐད། །ས་གནང་བླང་དང་མི་གནང་ལ། །རིན་བཅལ་བདེན་པས་བསྒོ་བར་བྱ། །སྤྱི་དང་དམིགས་ཀྱིས་བླང་བར་བྱ། །ས་

ཡི་ལྷ་མོ་སྦྲན་པར་བྱ། །སྔོན་འབྱུང་དང་ནི་དེ་རྗེས་འཇུག །བརྟག་པ་ངན་དོར་བཟང་ལ་བླང་། །ས་ཡི་པྲ་བརྟག་རོ་རྣམས་བསལ། །བྱིན་གྱིས་བརླབས་ཤིང་དབང་དུ་བྱ། །སྦྱང་བར་བྱ་ཞིང་གཏེར་སོགས་གཞུག །ས་བཞི་གཟུང་བར་བྱ་བ་ནི། །དངོས་གྲུབ་རང་གིས་གཟུང་བར་བྱ། །
གཙུག་ཏོར་ལྷ་མོ་བཀྲ་ཤིས་སེམས། །སྒོ་བ་རྣམས་ལ་སྟ་གོན་ཞུས། །སྦྱིན་སྲེག་གཏོར་མ་ལ་སོགས་བཤམ། །སློབ་མ་ཕྱི་ནང་ཁྲུས་བྱས་ཏེ། །ཀུ་ཤས་གཙང་ཞིང་རྨི་སྟ་གོན། །སྲུང་སྐུད་བགེགས་བསྐྲད་དངོས་གྲུབ་ཆགས། །ཚེམ་ཤིང་ངག་དག་དངོས་གྲུབ་དག །རྣོན་པོ་བསྲུང་བ་
བཞད་སོགས་པས། །བྱིན་རླབས་ཟབ་མོས་དབུགས་ཕྱུང་ཉལ། །གསེར་དངུལ་བུམ་པ་གས་ཆག་མེད། །ཚད་དང་མཚན་ལྡན་རྫས་ཀྱིས་དགང་། །མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བཅས། །ཕྱག་རྒྱས་མཚན་ནས་སྤྱན་དྲངས་བསྒྲུབ། །རྟོགས་རིག་ཚད་མེད་སྲད་བུའི་
ཐིག །རས་བྲལ་གཙང་མ་བུ་མོས་བཀལ། །བསངས་ནས་བྱིན་བརླབས་སློབ་དཔོན་གྱིས། །ཡེ་ཤེས་དམ་ཚིག་ཐིག་རྣམས་གདབ། །རྒྱུད་ལས་བྱུང་བའི་ཚོན་རྣམས་ལ། །བྱིན་རླབས་སྒྲུབ་པ་སྨིན་པ་ཡིས། །ཐིག་གདབ་ནས་ནི་ཕྱག་རྒྱས་བཏེག །དམ་ཚིག་ལྡན་པས་
ལེགས་པར་བྲིས། །དེ་ནས་དཀྱིལ་འཁོར་བཤད་པ་དེ། །འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཤིན་ཏུ་མཛེས་པའི་རྩིབས་བརྒྱད་ཅན། །ལྟེ་བར་བཅས་ཤིང་མུ་ཁྱུད་ལྡན། །ནང་གི་རིམ་པ་བྲིས་ནས་ནི། །ལྟེ་བའི་ནང་དུ་ཤཱཀྱ་ཡི། །བདག་པོ་ཐུབ་པ་གཞག་པར་བྱ། །ཕྱག་ན་རྡོ་རྗེ་
སྟོབས་ཆེན་ནི། །དཔའ་བོ་དེ་ཡི་སྤྱན་སྔར་བྲིའོ། །རྒྱབ་ཏུ་འཁོར་ལོས་སྒྱུར་བ་བྲི། །གཡས་ཕྱོགས་རྒྱལ་བའི་གཙུག་ཏོར་ཅན། །གཡོན་དུ་རྣམ་པར་རྒྱལ་བ་བྲི། །གཟི་བརྗིད་ཕུང་པོ་མེ་ཡི་ཕྱོགས། །དབང་པོའི་ཕྱོགས་སུ་གདུགས་དཀར་པོ། །རྣམ་པར་འཐོར་བ་རླུང་གི་ཕྱོགས། །
རྣམ་པར་འཇོམས་པ་བདེན་བྲལ་ཕྱོགས། །བྲིས་ནས་ཕྱི་རོལ་བྲི་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་དང་ནི་སེང་གེས་བརྒྱན། །དཔའ་བོ་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་ཅན་རྣམས་གཞག །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །བདུག་པ་ལ་སོགས་

བྲི་བར་བྱ། །བུམ་པ་དང་ནི་ཕུར་པ་མདའ། །དར་སྣ་རལ་གྲི་མེ་ལོང་དག །གཟུངས་ཐག་རྒྱལ་མཚན་དཱུར་ཝའི་གདན། །ཀུ་ཤ་རྟ་བབས་མཆོད་པ་དང་། །རས་ཡུག་སློབ་དཔོན་སློབ་མའི་ཆས། །དེ་དག་དཀྱིལ་འཁོར་དགོད་པར་བྱ། །ཏིང་འཛིན་ཆོ་འཕྲུལ་
བསྒོམ་པ་ནི། །དྲང་ཞིང་སྡུག་པ་རབ་ཏུ་དག །ནམ་མཁའ་དང་ནི་མཚུང་མཉམ་པ། །གནས་ངན་ལེན་པ་ཀུན་ལས་གྲོལ། །རྣམ་པར་རྟོག་པ་སྤང་བའི་མཆོག །ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། བྱམས་དང་སྙིང་རྗེ་ལས་བྱུང་ཞིང་། །སེམས་ཅན་ལ་ནི་ཕན་མཛད་པ། །ཉོན་མོངས་དྲི་མ་
ཐམས་ཅད་དག །ཟླ་བ་ལྟ་བུར་མཐོང་བའོ། །ཨོཾ་པྲ་ཏི་ཙིཏྟ་བེ་དྷཾ་ཀ་རོ་མི། །སངས་རྒྱས་བྱང་ཆུབ་སྐྱོན་མེད་པ། །དགེ་བའི་ཆོས་རྣམས་ཀུན་རྫོགས་ཤིང་། །ཉོན་མོངས་ཐམས་ཅད་རབ་ཏུ་གྲོལ། །སྙིང་པོ་དབུས་ན་ཟླ་ཆེན་པོ། །ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། །ས་དང་ས་མིན་ཤིན་ཏུ་
མཁྱེན། །ཡེ་ཤེས་དག་ལ་ཟག་པ་མེད། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེའི་གཟུགས་སུ་བལྟ་བར་བྱ། །ཨོཾ་ཙིཏྟ་བཛྲ། སངས་རྒྱས་ཀྱི་ནི་རང་བཞིན་སྐུ། །མི་ཆོད་མི་འཇིགས་མི་ཤིགས་པ། །རྡོ་རྗེའི་བདག་ཉིད་ལས་བྱུང་བའི། །རྡོ་རྗེའི་སྐུ་ནི་བླ་མེད་པའོ། །ཨོཾ་
བཛྲ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་སེམས་དཔའ་ཏིང་འཛིན་ནམ། །སངས་རྒྱས་རྗེས་དྲན་དེ་བཞིན་ཏེ། །བྱང་ཆུབ་སེམས་དཔའི་ཡི་གེ་འདི། །ཕྱག་རྒྱ་ཆེན་པོ་རྫོགས་པ་ཡི། །ཨོཾ་ཡ་ཐཱ་བཛྲ་སཏྭ་ཏ་ཐཱ་ཨ་ཧཾ། སྐྱེ་མེད་མཚོན་པའི་ཨ་ལས་ནི། །ཡིག་འབྲུ་ལྔ་ཡི་འཕྲོ་འདུ་ཡིས། །ནམ་
མཁའ་རླུང་དང་ཆུ་དཀྱིལ་འཁོར། །ས་གཞི་མེ་དཔུང་རིན་ཆེན་རི། །བྷྲཱུཾ་ལས་བསྐྱེད་པའི་གཞལ་ཡས་ཁང་། །ཉི་ཟླ་པདྨའི་གདན་དང་བཅས། །མ་སྐྱེས་པ་ཡི་རང་བཞིན་ལས། །སྐྱེད་པའི་བྱང་ཆུབ་ཟླ་བའི་སྟེང་། །བཾ་ཧཱུཾ་ཏྲཾ་བྲུཾ་རཾ་ཕཊ་ཧཾ་སྲུཾ། དུ་རུ་ཨ་གཾ །ཧཱུཾ་ཏྲཾ་ཧྲི་ཨ། ཧཱུཾ་ཧཱུཾ་ཏྲཾ་ཧྲི་
ཧྲི་ཨ་ཨ། ཨི་ཨ་པ་ར་པ་ཡཾ། ཀུ་ཨིང་སོ་ཨ་པྲ། ཛཿཧཱུཾ་བཾ་ཧོཿ། ཐུགས་ཀྱི་ཡེ་ཤེས་འབར་བ་ལས། །སྐུ་ཡི་ཕྱག་རྒྱ་རྫོགས་པའོ། །འཁོར་ལོའི་ཕྱག་རྒྱ་བཅིང་བར་བྱ། །ཨོཾ་བྲིད་ཏ་བྲིད་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། པདྨའི་ཕྱག་རྒྱ་བཅིང་བར་བྱ། །ཨོཾ་ཏྲ་ཐ་ཏྲ་ཐ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་

ཕཊ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅས། །ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་དང་། །སྔགས་འདིས་ལྷ་རྣམས་ཀུན་དབང་བསྐུར། །ཨོཾ་ཧཱུཾ་ཨོཾ་ཨོཾ་ཨོཾ་ཏྲཱཾ་ཨོཾ་ཧྲཱིཿ། ཨོཾ་ཧ། རང་བཞིན་དཀྱིལ་འཁོར་བསྒྲུབ་པར་བྱ། །མཛུབ་མོ་ལྕགས་ཀྱུ་བསྣོལ་ནས་ནི། །རྡོ་རྗེ་
སེ་གོལ་བཀྲོལ་བར་བྱ། །ཨོཾ་བཛྲ་སཱ་དྷུ་པ་རི་པུ་རུ་བཛྲ་ས་མ་ཡ་ཛཿ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དབྱངས་ཀྱིས་སྤྱན་ཡང་དྲང་བར་བྱ། །ཛཿཧཱུཾ་བཾ་ཧོཿ། བྷ་ག་ཝཱན་ཨེ་ཧྱེ་ཧི། མ་ཧཱ་ཀཱ་རུ་ཎི་ཀ །དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། དམ་ཚིག་ཕྱག་རྒྱས་འབྱུང་རྒྱུ་བྱ། །གཡས་པས་
མཆོག་སྦྱིན་པར་བྱས་ལ། །གཡོན་པ་མི་འཇིགས་སྦྱིན་པ་ནི། །དེ་བཞིན་གཤེགས་པའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་ལ་གུང་གཉིས་མཉམ། །མཐེ་བོང་མཐེ་ཆུང་བརྐྱང་བ་ཕྱག །རྡོ་རྗེ་བཅིངས་པ་གུང་གཉིས་མཉམ། །ཚིགས་བཅག་སོར་མོ་གཞན་ཡང་འཁོར། །དེ་ཉིད་
མཐེ་བོང་མཐེ་ཆུང་བཀུག །རྣམ་པར་འཇོམས་པའི་ཕྱག་རྒྱའོ། །དེ་ཉིད་འོད་ཟེར་འདྲ་བ་ནི། །གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ། །དེ་ཉིད་སྤྱི་བོར་བསྐོར་བ་ཡི། །གདུགས་དཀར་པོ་ཡི་ཕྱག་རྒྱའོ། །ཁུ་ཚུར་མཛུབ་གཉིས་མཐེའུ་ཆུང་བསྣོལ། །མདུན་ནས་གྱེན་བསྐོར་འཁོར་
ལོས་སྒྱུར། །གུང་བསྒྲེང་མཛུབ་མོ་རྩེ་སྦྱར་བཀུག །ལྷག་མ་འོད་འཕྲོ་གཙུག་ཏོར་རྒྱལ། །དེ་བཞིན་མཛུབ་གཉིས་རྡོ་རྗེར་བྱས། །ལྷག་མ་བསྡམས་པ་རྣམ་རྒྱལ་རྒྱ། །བསྡམས་པ་མདུན་བཞག་བདུག་པ་མ། །དེ་ཉིད་གྱེན་གཏོང་ཕྲེང་བ་མ། །མཐེ་བོང་བསྒྲེང་བསྐོར་མར་མེ་མ། །
དེ་ཉིད་བྱུག་པ་ལྟར་བྱས་དྲི། །མཛུབ་མོ་གཉིས་བཀུག་ལྕགས་ཀྱུའོ། །རྩེ་མོ་གཉིས་སྤྲད་ཞགས་པ་ལ། །གཅིག་ལ་གཅིག་མདུད་ལྕགས་སྒྲོག་གོ། །དེ་ཉིད་ལས་སྦྱིན་དྲིལ་བུ་གཉིས། །དཔྲལ་བར་ཐལ་སྦྱར་དེ་བཞིན་གཤེགས། །མགྲིན་པར་པདྨ་གསུང་གི་ཕྱག །ཐུགས་ཀའི་
ཐལ་མོ་རྡོ་རྗེ་ཕྱག །རིགས་རྣམས་སྤྱིར་ཡང་ཕྱག་བྱའོ། །འདུས་མ་བྱས་དང་འདུས་བྱས་དང་། །ཕྱི་ནང་རབ་ཏུ་གསང་བ་དང་། །བསོད་ནམས་དགེ་དང་དག་པའི་དོན། །བདེ་བར་ཚིམ་པར་བྱ་བ་དང་། །སྤྱི་དང་སོ་སོའི་མདོར་བསྡུས་མཆོད། །དགྱེས་པ་བསྐྱེད་དེ་ལྷ་རྣམས་ལ། །ཞལ་

ཕྱག་སྐུ་ལ་སོ་སོར་བསྟོད། །ཆོས་ཀྱི་ཕྱག་རྒྱ་ལས་བྱུང་བ། །ངན་སོང་སྦྱོང་བའི་བཟླས་པ་ནི། །སྤྱིའི་དང་སོ་སོ་གང་བྱེད་བཟླས། །ལས་ཀྱི་ཕྱག་རྒྱ་ལས་ལ་གཞུག །དངོས་གྲུབ་ཐམས་ཅད་གསོལ་བར་བྱ། །ཡོངས་སུ་བསྔོ་ཞིང་སྨོན་ལམ་གདབ། །དེ་ནས་དྲི་ཞིམ་
དྲི་མ་སོགས། །རང་གི་ལུས་ནི་བསྲུངས་ནས་ཀྱང་། །རྡོ་རྗེ་འཛིན་པས་ཞུགས་ནས་ནི། །དེ་ནས་སློབ་མ་གཞུག་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་ཕྱག་འཚལ། །བདེ་བར་གཤེགས་པའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་
འདི་རུ་ནི། །སློབ་དཔོན་ཁྱོད་ཀྱིས་བདག་འཇུག་འཚལ། །སློབ་མས་རྒྱུན་བཤགས་བདུན་པ་བྱ། །བླ་མས་དེ་ལ་ལན་བྱིན་པ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །གསང་བ་ཆེན་པོ་རིགས་དག་ལ། །གསང་བ་ཆེན་པོ་འཛིན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །
སློབ་མས་འཚལ་ཞེས་བརྗོད་པར་བྱ། །སློབ་མས་དབང་བསྐུར་གསོལ་བ་གདབ། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བས་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །
མི་ལྡོག་འཁོར་ལོ་སྦྱོར་བར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་ཞུགས་ནས་ཀྱང་། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཏེ། །སྐལ་ལྡན་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་གདབ་པའི། །དཔེ་བྱད་རྣམས་དང་ཡང་དག་ལྡན། །
སངས་རྒྱས་སྐུ་ནི་ཡིད་འོང་བའི། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །བླ་མས་དེ་ལ་དམ་ཚིག་སྩལ། །དཔལ་ལྡན་ངན་སོང་སྦྱོང་བ་ཡི། །རྒྱུད་བཞིན་གསུངས་པའི་དམ་ཚིག་རྣམས། །འདི་ནས་བཟུང་ནས་བྱང་ཆུབ་ཏུ། ཁྱོད་ཀྱིས་ཡང་དག་བསྲུང་བར་བྱ། །དེས་ཀྱང་ཇི་ལྟར་གནས་པ་
ཡི། །སྡོམ་པ་བདག་གིས་བསྲུང་ཞེས་བརྗོད། །བླ་མས་ལྷ་ལ་གསོལ་བ་གདབ། །ཆེ་གེ་མོ་ཞེས་བྱ་བ་འདི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང་། །དམ་ཚིག་སྡོམ་དང་གསང་བ་ཡི། །དཀྱིལ་འཁོར་འདིར་ཡང་འཇུག་པར་འཚལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་

མི་སུ་ར་ཏ་ས་མ་ཡ་སྟྭཾ། བཛྲ་པྲ་ཐ་ཡ་ཐ་སུ་ཁཾ། དེ་ནས་ལྷར་ནི་བསྐྱེད་བྱས་ལ། །མཆོད་པ་རྣམས་ཀྱིས་མཆོད་བྱས་ཏེ། །སྟོད་གཡོགས་དར་གྱིས་གདོང་གཡོགས་ནས། །བགེགས་བསྐྲད་བདུག་པ་བྱ་བ་ནི། །ཨོཾ་བཛྲ་རཀྵ་ཧཱུཾ། ལས་ཀྱི་བུམ་པ་ཆུས་གང་བས། །བཀྲུས་ཏེ་དབང་དུ་
བྱ་བའོ། །དེ་ནས་ལག་པ་ནས་བཟུང་སྟེ། །སྒོ་བཞི་དག་ནས་འཇུག་པར་བྱ། །དེང་ཁྱོད་དེ་བཞིན་གཤེགས་རིགས་བཞུགས། །ངས་ནི་ཁྱོད་ལ་ཡེ་ཤེས་སྣང་། །དེ་བཞིན་དངོས་གྲུབ་གྲུབ་བྱེད་དེ། །དེ་ལྟ་བུ་ནི་ཁྱོད་སྦྱིན་ཞུགས། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་
ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋ། དེང་ཁྱོད་ལྷ་ནི་ང་ཡིན་ཏེ། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །ང་ལ་བརྙས་པར་མ་བྱེད་ཅིག །སློབ་
དཔོན་ལ་ནི་བརྙས་པ་ན། །བདེ་བ་སྤངས་ནས་དམྱལ་བར་ལྟུང་། །ཨོཾ་དི་ན་ཏེ་ན་ར་ཀན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པ་རྒྱ་ཆེན་ཉིད། །བདག་ལ་རབ་ཏུ་ཞུ་བས་ན། །རྡོ་རྗེ་སེམས་དཔའ་བདག་ལ་ཕོབ། །སློབ་མ་དེ་ཞུས་བླ་མ་འདི། །རྡོ་རྗེ་དྲི་
བསྒོས་སྙིང་གར་གཞག །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་འདིར། །དེ་རིང་ཉིད་དུ་འབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། རྡོ་རྗེ་འཆང་གི་སྙིང་གར་དབབ། །འབབ་པར་བྱེད་དེ་མ་བྱུང་སྦྱང་། །ཡི་གེ་བརྒྱ་པས་
བརྟན་པར་བྱ། །ལེགས་པར་དོར་ཅིག་སེམས་དཔའ་ཆེ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མེ་ཏོག་གང་ལ་ལྷུང་བ་དེ། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །ཨོཾ་སརྦ་བིཏ་པྲ་ཏིཙྪ་ཧོ། །ཨོཾ་པྲ་ཏི་གྲིཧྣ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། དེ་ཡི་ཕྲེང་བ་མགོ་ལ་བཅིང་། །རྡོ་རྗེ་
སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ལ་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །དེ་རིང་ཉིད་དུ་འབྱེད་པར་ཤོག །ཧེ་བཛྲ་པཱ་ཤྱ་ཕཊ། རྡོ་རྗེས་གདོང་གཡོགས་དགྲོལ་བར་བྱ། །དེ་ནས་སྒོ་བ་ནས་བརྩམས་ཏེ། །ཤཱཀྱ་སེང་

གེའི་དཀྱིལ་འཁོར་བསྟན། །དབབ་པར་བྱ་བ་གང་ཡིན་པ། །དེ་ནི་ཉེ་བར་བསྡུ་བར་བྱས། །དེ་ནས་དཀྱིལ་འཁོར་ཤར་ངོས་སུ། །མཎྜལ་པདྨ་འདབ་བརྒྱད་བྲི། །ཡི་དམ་ལྷ་བསམ་དབང་བསྐུར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་
ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་བུམ་དབང་བསྐུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཞེ་སྡང་ཁམས་དག་བྱེད་པ་ཡི། །དཔལ་ལྡན་ཆུ་ཡི་དབང་བསྐུར་བས། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཕྱག་ན་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཕལ་པའི་ས་ནི་གཞོམ་པ་དང་། །ཡོན་ཏན་གཟི་
བརྗིད་བསྐྱེད་པའི་ཕྱིར། །རྒྱལ་བ་གཙུག་ཏོར་རིན་ཆེན་གྱི། །ཅོད་པན་གྱི་ནི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་ཡ་ཨ་བྷི་ཥིཉྩ་ཧཱུཾ། དཔལ་ལྡན་རིན་ཆེན་ཅོད་པན་དབང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་རིན་ཆེན་
མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་མཱཾ། ང་རྒྱལ་ཁམས་རྣམས་དག་བྱེད་པའི། །ཅོད་པན་གྱི་ནི་དབང་བསྐུར་བས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །རྒྱལ་བའི་གཙུག་ཏོར་དབང་ཐོབ་ཤོག །རཏྣ་ཨ་བྷི་ཥིཉྩ་མཱཾ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །
དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མི་བཛྲ་སྭ་བྷ་ཝ་སྟྭཾ། ཆོས་ཀྱི་གསུང་རབ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་
གསུང་དུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་ཨ་བྷི་ཥིཉྩ་མཱཾ། འདོད་ཆགས་ཁམས་རྣམས་དག་བྱེད་པའི། །རྡོ་རྗེ་ཡིས་ནི་དབང་བསྐུར་བས། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །འཁོར་ལོས་སྒྱུར་བའི་དབང་ཐོབ་ཤོག །བཛྲ་ཨ་བྷི་ཥིཉྩ་མཱཾ། འདི་དེ་སངས་རྒྱས་ཐམས་

ཅད་ཀྱི། །ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྒྱལ་བ་རྒྱ་མཚོ་མཆོག་ཏུ་བཤད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཱཾ་ཏིཥྛ་ས་མ་ཡ་སྟྭཾ། དཔལ་ལྡན་རྡོ་རྗེ་དྲིལ་བུ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་
གྱིས་བརླབས་ནས་སུ། །རྡོ་རྗེ་ལུས་ནི་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་བཛྲ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཕྲག་དོག་ཁམས་རྣམས་རྣམ་དག་ཅིང་། །དྲིལ་བུ་ཡི་ནི་དབང་བསྐུར་བས། །བྱ་བ་ནན་ཏན་ཡེ་ཤེས་ཀྱི། །རྣམ་པར་རྒྱལ་བའི་སྐུ་ཐོབ་ཤོག །ཀརྨ་ཨ་བྷི་ཥིཉྩ་
མཱཾ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་བསལ་བའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །ཤཱཀྱ་སེང་གེ་རྟག་ཏུ་བསྐྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མི་ཆེ་གེ་མོ་ཨ་བྷི་ཥི་ཀ་ཏ། གཏི་མུག་ཁམས་རྣམས་དག་པ་ཡི། །དཔལ་ལྡན་མིང་གི་དབང་
བསྐུར་བ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །ཤཱཀྱ་སེང་གེའི་སྐུ་ཐོབ་ཤོག །བུདྡྷ་ཨ་བྷི་ཥིཉྩ་མཱཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ལ་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཙིཏྟ་སྭ་
བྷཱ་ཝ་ས་མ་ཡ་ཨ་བྷི་ཥིཉྩ་ག་ཏ་ཡ་མི་ཧཱུཾ་ཧི་ཧི་ཧི་ཧི་ཧི་ཕཊ། སངས་རྒྱས་ཀུན་གྱི་མི་ཕྱེད་པ། །གསང་སྔགས་བླ་ན་མེད་པ་ཡི། །སྙིང་པོ་ཡིད་བཞིན་ནོར་བུ་འདི། །སྐྱོབས་པའི་སྔགས་ཀྱིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ལེ་ཨ་བྷི་ཥིཉྩ་མཱཾ། སློབ་དཔོན་དབང་བསྐུར་
གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་གསུངས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །དེ་བཞིན་གཤེགས་པས་དབང་བསྐུར་བས། །འགྲོ་བ་བསྐྱེད་པའི་གཟི་བརྗིད་ཅན། །ཇི་ལྟར་ཡེ་ཤེས་
འབྱུང་གནས་གཙོ། །སློབ་དཔོན་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་དམ་ཚིག་སྦྱིན་པར་བྱ། །སྲོག་གཅོད་རྐུ་དང་འཁྲིག་

པ་དང་། །བརྫུན་དང་ཆང་ནི་སྤང་བར་བྱ། །མི་དགེ་བ་ནི་བཅུ་པོ་དག །ཁྱོད་ཀྱིས་ནམ་ཡང་མ་སྤྱད་ཅིག །ཐེག་པ་དམན་ལ་མོས་པ་དང་། །སེམས་ཅན་འཁོར་བ་མ་སྤངས་ཤིག །མྱ་ངན་འདས་ལ་མ་ཆགས་ཤིག །ལྷ་དང་མི་ལ་བརྙས་མི་བྱ། །དེ་བཞིན་གཤེགས་
པའི་ཕྱག་རྒྱ་རྣམས། །འགོང་པར་བྱ་བ་མ་ཡིན་ཏེ། །དམ་ཚིག་འདི་དག་ཉམས་པ་ན། །རྡོ་རྗེ་དམྱལ་བར་འཚེད་པར་བྱེད། །དེ་བས་དམ་ཚིག་བུས་སྲུངས་ཤིག །སློབ་མའི་ལུས་ལ་ལྷ་བཀོད་དེ། །སློབ་དཔོན་བྱེད་པའི་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །
གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཡ་པ་རི་ཏི་ཀ་ཨ་བྷི་ཥིཀྟ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་
ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊཾ་ལཾ་ཧྲཱིཿ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་
ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཨཱ་དཪྴ་ཨ་བྷི་ཥིཉྩ་མཱཾ། ཐབས་དང་ཤེས་རབ་གཉིས་མེད་དེ། །བསྐལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན། །བདུད་རིགས་ཐམས་ཅད་ཕམ་བྱེད་པའི། །ཡེ་ཤེས་ཀྱི་ནི་མདའ་
འཕོངས་ཤིག །ཛྙཱན་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །སྐུ་མཆོག་མཉམ་པ་ཉིད་དུ་གསལ། །ཝཱཀ་བཛྲ་ཨ་ཨ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་
ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ཉིད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། ཨ་བཛྲ་སཏྭ་ཙིཏྟ་ཨ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དི་རིང་

ཕན་ཆད་འཇིག་རྟེན་དུ། །ཆོས་ཀྱི་དུང་ནི་བླ་མེད་པས། །སེམས་ཅན་མ་ལུས་བློ་རྣམས་ལ། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱིས་ན། །འཇིག་རྟེན་འདི་ལ་རབ་སྒྲོགས་
ཤིག །འདི་ནས་བརྩམས་ནས་བྱང་ཆུབ་པར། །སེམས་བསྐྱེད་ཙམ་གྱིས་དོན་རྫོགས་ཏེ། །གསེར་གྱི་གདུགས་འདིས་སེམས་ཅན་གྱི། །ཉོན་མོངས་གདུང་བ་མ་ལུས་སྐྱོབས། །དེ་ལྟར་བྱས་ན་སངས་རྒྱས་ཀྱང་། །ཕན་འདོག་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །
ཀུན་དུ་བྱེད་ལ་སྲུང་བར་བྱེད། །དེ་ནས་ཐམས་ཅད་གཟེངས་བསྟོད་ལ། །ཨོཾ་འདི་དེ་ཁྱོད་ཀྱི་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་དུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་ཆེ་གེ་མོ། །ཞེས་བྱ་བ་
སིདྡྷ་ས་མ་ཡ་སྟྭཾ། བྷུར་བྷུ་བ་སྭཿ། དེ་ནས་རྗེས་སུ་གནང་བ་སྦྱིན། །ཨོཾ་ངོ་བོ་ཉིད་ཀྱི་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་མས་སེམས་ཅན་དོན་བྱའོ། །དེ་ནས་དབུགས་དབྱུང་བྱ་བ་ནི། །ཨོཾ་གསང་བའི་དཀྱིལ་འཁོར་དམ་པ་འདིར། །དེ་རིང་ཕན་ཆད་
ཁྱོད་ཞུགས་ཀྱི། །སྡིག་པ་ཀུན་ལས་ངེས་གྲོལ་བའི། །ཁྱེད་རྣམས་དེར་ནི་ལེགས་པར་གནས། །བདེ་ཆེན་ཐོབ་པ་རྣམས་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སྨོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །
སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཁྱེད་རྣམས་ཀུན་གྱིས་སངས་རྒྱས་ཉིད། །དེ་ཉིད་ཐེ་ཚོམ་མེད་པར་ཐོབ། །ཆོས་གོས་ནས་གཟུང་ལུང་བསྟན་པ། །ཨོཾ་ང་ཡིས་འདི་ལྟར་ལུང་བསྟན་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། །མགྲིན་གཅིག་རྫོགས་བྱང་ལུང་
བསྟན་མཛད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་ཀུན་གྱི་རྒྱལ་པོ་ཆེ། །རྒྱལ་བའི་བདག་པོར་སྟོན་པ་ནི། །དེ་ནི་བདུད་ལས་རྣམས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀུན་གྱིས་སངས་རྒྱས་

ཉིད། །དེ་ཉིད་ཐེ་ཚོམ་མེད་པར་ཐོབ། །དེ་ནས་རྒྱལ་བའི་ཆོ་ག་ནི། །མདོར་བསྡུ་རྣམ་པར་བཤད་པར་བྱ། །སློབ་མ་ཡོངས་སུ་གཟུང་བ་ནི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སློབ་མའི་གདོང་པ་གཡོགས་པ་དང་། དམ་ཚིག་ཅན་དུ་བྱིན་གྱིས་བརླབས། །
དངོས་གྲུབ་ལས་ནི་གསོལ་བ་གདབ། །དམ་ཚིག་གནན་པར་བྱ་བ་ནི། །མེ་ཏོག་ལྷ་ལ་དོར་བར་བྱ། །རྡོ་རྗེའི་མིག་ནི་དབྱེ་བར་བྱས། །དེ་ནས་དཀྱིལ་འཁོར་ལྷར་ཞུགས་ཏེ། །ལྷ་རྣམས་ལ་ནི་མཆོད་པར་བྱ། །མཐོང་ནས་དཀྱིལ་འཁོར་འཇུག་པ་ལྔ། །ཤར་ལྷོ་ནུབ་བྱང་དབུས་ཉིད་
དུ། །ཆོ་ག་རྣམ་གྲངས་བཅུ་བཞི་ནི། །རེ་རེ་དག་ལ་རྫོགས་པར་བྱ། །སྒོ་བཞི་དབུས་ནས་གསོལ་བ་གདབ། །བྱང་ཆུབ་དོན་ལ་ཡིད་ཆེས་འཇུག །འཇུག་པའི་སྐལ་ཡོད་སྒོ་ཕྱེ་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྣོད་དུ་རུང་ཕྱིར་ཕྱག་འཚལ་ནས། །སྐྱབས་འོག་
ཚུད་ཕྱིར་གསོལ་བ་གདབ། །གནང་བས་སློབ་དཔོན་ལན་བྱིན་བྱ། །ཡི་གེ་བརྒྱ་པས་བྱིན་རླབས་བསྡུ། །སྒྲིབ་པ་སྦྱང་བའི་ཁྲུས་ཀྱང་བྱ། །དེ་ལ་དམ་ཚིག་དབོག་པ་དང་། །མི་འདའ་བར་ཡང་དམ་བཅས་ལ། །མཆོད་པ་རྣམ་ལྔ་དབུལ་བར་བྱ། །ཡོངས་སུ་བསྔོ་ཞིང་སྨོན་ལམ་
གདབ། །དགེ་བའི་རྩ་བ་བསྔོ་བའོ། །དཀྱིལ་འཁོར་གནས་ཀྱི་དོན་བཤད་ཅིང་། །ཕྱག་རྒྱ་ལྷ་ཡི་དོན་བཤད་ནས། །རྒྱན་དང་ཆ་རྐྱེན་བཤད་པའང་བསྟན། །བུམ་པ་ལ་སོགས་ཇི་སྙེད་ཐོགས། །དབང་བཅུ་ཅི་དགར་བསྐུར་བར་བྱའོ། །སྤྱིར་སྦྱིན་བྱང་ཆུབ་དབུ་རྒྱན་དང་། །ཀུན་
ལ་དབང་བསྐུར་འཁོར་ལོ་བསྐོར། །ལས་ཀྱི་རྡོ་རྗེ་རྒྱ་གྲམ་དང་། །སྒྲིབ་པ་འཁྲུ་བའི་བུམ་པ་དང་། །མཛེས་པའི་མེ་ཏོག་ཕྲེང་བ་དང་། །ཟིལ་གནོན་བཟོད་པའི་ཅོད་པན་དང་། །འདའ་བར་དཀའ་བའི་ཕྱག་རྒྱ་དང་། །ཐབས་དང་ཤེས་རབ་ཟུང་འབྲེལ་དང་། །མི་འབྲལ་བ་ཡི་
གཟུངས་སུ་ནི། །ཐུན་མོང་མིན་པའི་གསང་བ་དང་། །རྡོ་རྗེ་མིང་གི་གསང་མཆོག་རྣམས། །དབང་རྣམས་ཀུན་ལ་མཆོག་གྱུར་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཨོཾ་ཨ་བྷི་ཥིཉྩ་ཨ། རིན་ཆེན་བདུན་པ་རྣམ་གྲངས་པ། །གང་གི་རྫས་སུ་དཔེར་མི་བཟོད། །གསེར་གྱི་

འཁོར་ལོ་དབང་བྱེད་དང་། །གླང་པོ་རིན་ཆེན་སྟོབས་ཆེན་དང་། །རྟ་མཆོག་རིན་ཆེན་མགྱོགས་པ་དང་། །ནོར་བུ་འོད་ལྡན་རེ་སྐོང་དང་། །བཙུན་མོ་རིན་ཆེན་གཟུགས་ལྡན་དང་། །བློན་པོ་རིན་ཆེན་བློ་གྲོས་དང་། །དམག་དཔོན་རིན་ཆེན་རྫུ་འཕྲུལ་དང་། །དེ་འདྲའི་རིན་ཆེན་རྣམ་
གྲངས་དང་། །བྱང་ཆུབ་ཡན་ལག་བདུན་ལྡན་དང་། །འཁོར་ལོས་སྒྱུར་བའི་དབང་ཕྱུག་རྐྱེན། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །དེ་ཡང་ལོངས་སྤྱོད་རྐྱེན་དུ་ཤོག །ཨོཾ་ཨ་བྷི་ཥིཉྩ་ཨ། ཉེ་བའི་རིན་ཆེན་རལ་གྲི་དང་། །བྱམས་དང་སྙིང་རྗེའི་པགས་པ་དང་། །འདོད་
ལྡན་སྐྱེད་མོས་ཚལ་དང་ནི། །ཞི་གནས་ལྷག་མཐོང་མདའ་གཞུ་དང་། །གོས་མཆོག་ཡང་དག་སྐྱབས་ལྡན་དང་། །ལྷམ་མཆོག་འགྲོ་ན་སྟབས་སྡུག་དང་། །ཚངས་པའི་ཁབ་སྐུད་བཅས་པ་བདུན། །དེ་ཡི་རྫས་མཆོག་རྣམ་གྲངས་བདུན། །རིན་ཆེན་བདུན་དང་ཉེ་བར་
གྲགས། །དེས་ཀྱང་ལོངས་སྤྱོད་རྐྱེན་དུ་ཤོག །ཨོཾ་ཨ་བྷི་ཥིཉྩ་ཨ། བཀྲ་ཤིས་རྫས་སུ་རྣམ་གྲགས་པ། །རྫས་རྣམས་ཀུན་ལ་བཀྲ་ཤིས་པའི། །མཐུ་སྟོབས་སྒྲུབ་རྫས་ཡུངས་ཀར་དང་། །ཤིན་ཏུ་གཙང་བའི་རྩྭ་མཆོག་དང་། །ཡོན་ཏན་སྡུད་པ་ལི་ཁྲི་དང་། །བཅུད་
ཀྱི་དམ་པ་གི་ཝཾ་དང་། །དོན་རྣམ་གསལ་བའི་མེ་ལོང་དང་། །ཆོས་སྒྲ་སྒྲོགས་པའི་དུང་མཆོག་དང་། །གཟི་མདངས་བསྐྱེད་པའི་ཟས་མཆོག་དང་། །འབྲས་བུ་སྨིན་པའི་བིལ་བ་དང་། །བཀྲ་ཤིས་རྫས་ཀྱི་མཆོག་འགྱུར་བས། །དེ་ཡང་ལོངས་སྤྱོད་རྐྱེན་དུ་ཤོག །ཨོཾ་ཨ་བྷི་ཥིཉྩ་
ཨ། བཀྲ་ཤིས་རྫས་སུ་རྣམས་གྲགས་པ། །མཚན་བཟང་ཀུན་ལས་བཀྲ་ཤིས་པས། །ཐུགས་ཀྱི་དོན་རྟོགས་དཔལ་བེའུ་དང་། །གཞན་ལས་དབང་སྒྱུར་འཁོར་ལོ་དང་། །བདུད་ལས་རྒྱལ་བའི་རྒྱལ་མཚན་དང་། །སྐབས་དང་ལྡན་པའི་གདུགས་མཆོག་དང་། །སྐྱོན་
གྱིས་མ་གོས་པདྨ་དང་། །སྒྲིབ་པ་སྦྱོང་བའི་བུམ་པ་དང་། །རྒྱ་མཚོར་ཤུགས་ལྡན་དུང་མཆོག་དང་། །ཐབས་ཀྱི་འཕྱོ་བའི་གསེར་ཉ་དང་། །སངས་རྒྱས་མཚན་དུ་བཀྲ་ཤིས་པ། །དེ་ཡང་ལོངས་སྤྱོད་རྐྱེན་དུ་ཤོག །ཨོཾ་ཨ་བྷི་ཥིཉྩ་ཨ། དབང་པོ་ལྔ་ཡི་ལོངས་སྤྱོད་སྐྱོན། །འདོད་

པའི་ཡོན་ཏན་ལྔ་ཡི་མཆོག །སྡུ་གུ་མཛེས་པའི་གཟུགས་དང་ནི། །མཇམ་ཞིང་སྙན་པའི་སྒྲ་མཆོག་དང་། །ལྡང་ཞིང་ཞིམ་པའི་དྲི་མཆོག་དང་། །མངར་ཞིང་བཅུད་ལྡན་རོ་མཆོག་དང་། །མཉམ་ཞིང་འཇམ་པའི་རེག་བྱ་དང་། །འདོད་པའི་ཡོན་ཏན་ལྔ་རུ་གྲགས། །དེ་
ཡང་ལོངས་སྤྱོད་རྐྱེན་དུ་ཤོག །ཨོཾ་ཨ་བྷི་ཥིཉྩ་ཨ། མ་རིག་འབྱེད་པའི་གསེར་ཐུར་དང་། །ཆོས་རྣམས་སྒྱུ་མའི་མེ་ལོང་ལྟར། །རྐང་པའི་འཁོར་ལོ་རྫུ་འཕྲུལ་ལྡན། །དུང་གིས་ཆོས་ཀྱི་སྒྲ་འབྱིན་ཤོག །ཨོཾ་ཨ་བྷི་ཥིཉྩ་ཨ། དེ་སོགས་གཞན་ཡང་ཅི་རིགས་བསྐུར། །ལྷོ་སྒོའི་ཆོ་ག་བྱ་
བ་ནི། །སྟེགས་བུ་ཁྲུ་གང་རྣམས་ལྔས་བྱུགས། །ཙནྡན་དཀར་པོའི་མཎྜལ་ལ། །བུམ་པ་རྫས་བཅས་མེ་ཏོག་དགྲམ། །མཚོན་ཆ་གདུགས་དང་སྨྱུག་མ་དང་། །བདག་ཉིད་ཤཱཀྱ་སེང་གེ་ཡི། །ཐུགས་ཀྱི་མདའ་ལྔ་འཕྲོས་པ་ཡིས། །ལས་དང་ཉོན་མོངས་ཕྱིར་བཟློག་པའི། །ཡུངས་
ཀར་སྔགས་ཀྱིས་བརྡེག་པར་བྱ། །མིང་ངམ་རུས་བུ་རུས་ལ་བྲབས། །ཨོཾ་སརྦ་ཨ་པ་ཡ་ཨཱ་ཀཪྵ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པ་ཡ་བནྡྷ་ནི་པྲ་མོ་ཀྵ་ཡ་སརྦ་ཨ་པ་ཡ་ག་ཏི་བྷྱཿསརྦ་སཏྭ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཊ། ཨོཾ་སརྦ་བིད་ཨཱ་
ཨཱ་བི་ཤ །ཨོཾ་བིཏ་ཏྲ་ཊ་ཚིནྡ་ཨ། ས་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་གྒ་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ལྷ་ཡི་སྔགས་ལ་བཏགས་ཏེ་བྱ། །རྩ་བའི་སྔགས་ལ་འདི་བཏགས་ནས། །དེ་ནས་
ཁྲུས་ཀྱིས་བཀྲུ་བར་བྱ། །སརྦ་བིགྷྣཱན། སརྦ་གྲ་ཧེ་སརྦ་ཛྭ་རེ། སརྦ་བྱ་དྷི། སརྦ་ཨུ་པ་དྲ་ཝེ། སརྦ་ཨ་ཀཱ་ལ་མྲི་ཏྱུ་པྲ་ཤ་མ་ན་ཡ། སརྦ་དུར་སྭབྣ་དུར་མི་ཏེ་བྱ་ཀུ་ལ་ཚེ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནུབ་ཕྱོགས་བདེ་གནས་ལམ་བསྟན་བྱ། །ལམ་ནི་བར་ཆད་བསལ་ཏེ་སྦྱང་། །ཞག་ནི་
ཉི་ཤུ་རྩ་གཅིག་གམ། །ཞག་བདུན་དཀྱིལ་འཁོར་གཞུག་པར་བྱ། །དེ་བཞིན་བཅུག་སྟེ་དབང་བསྐུར་ན། །ངན་སོང་ཐམས་ཅད་རྣམ་གྲོལ་ཏེ། །བདེ་འགྲོ་མཐོ་རིས་འཇིག་རྟེན་དང་། །ས་རྣམས་གོང་མར་སྐྱེ་འགྱུར་ཏེ། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །སངས་

རྒྱས་སུ་ཡང་ངེས་པར་འགྲུབ། །སྔར་བཞིན་ལས་རྣམས་ཐམས་ཅད་བྱེད། །ཐམས་ཅད་ཐོགས་པ་མེད་པར་འགྱུར། །བྱབས་པས་རིམས་ནད་གདོན་དུག་སོགས། །ཐམས་ཅད་ཀུན་ལས་ཐར་བར་འགྱུར། །ཧཱུཾ་བརྗོད་ཙམ་གྱིས་ལས་རྣམས་འགྲུབ། །ཆོ་ག་ཞིབ་མོ་གཞན་ཡང་འགྲུབ། །
ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས། །ངན་འགྲོའི་དབང་དུ་གྱུར་པ་ཡིས། །རོའམ་གཟུགས་བརྙན་མིང་སོགས་བྲི། །བཟླས་བརྗོད་སྦྱིན་སྲེག་དབང་བསྐུར་གྲོལ། །སྐུ་གཟུགས་བྲི་བའི་ཆོ་ག་ཡང་། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བྲི། །ཡང་ན་དཀྱིལ་འཁོར་ཚུལ་བྲིས་ལ། །
མེ་ཏོག་ལ་སོགས་མཆོད་པ་བྱ། །སྤྱན་སྔར་བསྙེན་པ་འབུམ་བྱས་ན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །རྡུལ་ཚོན་ཆུར་དོར་དབང་ཡོན་དབུལ། །ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ། །གཙུག་ཏོར་དགུ་པའི་ཆོ་ག་འདི། །སངས་རྒྱས་གསང་བས་ཕྱི་རབས་དོན། །
ངན་སོང་སྦྱོང་བའི་རྒྱུད་ལས་མཛད། །འགྲོ་ཀུན་ངན་སོང་ལས་གྲོལ་ཤོག །སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བ་དང་། མཉྫུ་ཤྲཱི་བརྨ་དང་། བྲན་ཀ་མུ་ཏིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༄༅༅།།རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་མ་ར་ཧོ་མ་མཎྜ་ལོ་པ་ཡི་ཀ །བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་
ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདེར་གཤེགས་གཙོ་དང་སྲས་པོ་དང་པོ་དང་། །རྒྱལ་སྲས་ལྷག་མ་དང་ནི་རིགས་ཀྱི་ཡུམ་རྣམས་དང་། །ཕྱི་ནང་ལྷ་མོ་སྒོ་སྐྱོང་བཅས་པ་ལ། །དངོས་པོ་ཀུན་གྱི་དང་བས་ཕྱག་འཚལ་འདུད། །རྩ་བའི་རྒྱུད་ལས་
བཏུས་ནས་སུ། །ངན་སོང་ཐམས་ཅད་སྦྱོང་མཛད་པའི། །ཤི་བའི་དོན་དུ་རོ་སྲེག་ཐབས། །སངས་རྒྱས་གསང་བའི་རིམ་པ་ལ། །བརྟེན་ཏེ་བདག་གིས་བཤད་པར་བྱ། །དང་པོར་བླ་མ་རིན་པོ་ཆེ་མཉེས་པར་བྱས་ནས། དེས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དང་དམ་

ཚིག་ཕོག་ནས། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པས་སྔར་རང་གི་སྒྲུབ་ཐབས་ཀྱི་རིམ་པས་བསྙེན་པ་བྱས་པ་དང་། བཟླས་བརྗོད་བྱས་པས་མཚན་མ་མཐོང་བས། བདག་དང་གཞན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་བྱ་བ་ལ་
འཇུག་པར་བྱའོ། །དཀྱིལ་འཁོར་ཡོ་བྱད་ཐམས་ཅད་བསྡུས་ནས་སུ། ཚེས་གྲངས་བཟང་དང་རྒྱུ་སྐར་ལ་སོགས་བཟང་པོ་དང་། དཀྱིལ་འཁོར་ས་གཞི་མཚན་མ་བལྟ་ཕྱིར་གྲོགས་དང་བཅས་པས་དེ་ཉིད་བརྟག་བྱ་སྟེ། །ལྷ་ཁང་ཚོང་དུས་ཡུལ་དང་གྲོང་ཁྱེར་ཁྱམས་ཀྱི་ཤར་དང་བྱང་དུ་
བརྩམ་པར་བྱ། །ཡང་ན་ས་བཟང་སྣུམ་དང་ཟུག་རྔུ་ལ་སོགས་ཉེས་མེད་ཤར་དང་བྱང་དུ་གཞོལ། མེ་ཏོག་ཆུར་ལྡན་རང་བཞིན་དག་པར་བྱའོ། །ཡང་ན་སྔགས་པ་ཡིད་གང་དུ་དགའ་བར་བྱའོ། །དེ་ནས་གཙོ་བོའི་ཏིང་ངེ་འཛིན་དུ་ཞུགས་ལ་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱའོ། །དཀོན་
མཆོག་གསུམ་ལ་ཕྱི་ནང་མཆོད་པ་བྱ་ཞིང་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན་དེ་ནས་ས་གཞི་གྲུ་བཞིར་བསམས་ལ་ས་བདག་བསམས་ཏེ་བརྐོ། སྟོན་ཟླ་གསུམ་ལ་བྱང་དུ་བལྟས་ཏེ་བརྐོ། །དགུན་ཟླ་གསུམ་ལ་ཤར་དུ་བལྟས་ལ་བརྐོ། །དཔྱིད་ཟླ་གསུམ་ལ་ལྷོ་རུ་བལྟས་ལ་བརྐོ། །
དབྱར་ཟླ་གསུམ་ལ་ནུབ་ཏུ་བལྟས་ལ་བརྐོ་སྟེ་ལྟོ་བར་བསམས་ན། མགོ་དང་རྒྱབ་དང་འཕོང་བོར་བའོ། །སའི་རོ་ལྔ་ལ་སོགས་པ་བསལ་ཞིང་ཡང་ངོ་། །དྲི་ཞིམ་པོ་དང་ས་བསྲེས་པའམ། དྲི་ཞིམ་པོ་དང་ཆུ་བསྲེས་པ་ལ་ཧཱུཾ་བཟླས་པས་བཀང་ལ་འཐས་པར་བཅགས་ལ། ལག་
མཐིལ་ལྟར་མཉམ་པའི་སྟེང་དུ་གཞལ་ཡས་ཁང་རྒྱན་དང་བཅས་པ་བསམ། མེ་ཏོག་ཕྲེང་བ་ལ་སོགས་པའི་རྒྱན་མང་པོ་དགོད། གཙོ་བོའི་བཟླས་པ་བྱས་པའི་སྨན་དང་འབྲུ་དང་རིན་པོ་ཆེ་དབུས་སུ་གཞག་གོ། །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །
ལག་པ་བརྡབ་སྟེ་སྔགས་འདི་བཟླས། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཁང་ཆེན་བྲག་ཕུག་བ་ལང་ལྷས། །ལྷ་ཁང་ལ་སོགས་འབབ་ཆུ་འགྲམ་ལྔར་སྦྱང་མི་དགོས། རང་གཙོ་བོར་བསྒོམ་ཞིང་ཁྲོ་བོའི་སྔགས་ཀྱིས་བགེགས་བསྐྲད་ཆུ་དང་ཡུངས་ཀར་ཐལ་བ་ལ་བཟླས་

ཏེ་བའི་རྣམ་ལྔས་བྱུག་ཅིང་དྲིའི་ཆབ་ཀྱིས་གཏོར། ཁྲོ་བོའི་གསང་སྔགས་ལན་བདུན་བཟླས་པའི་སྨན་དང་རིན་ཆེན་དབུས་སུ་གཞུག །ས་དག་པར་བྱེད་པའི་ཆོ་གའོ།། །།དེ་ནས་རྣམ་དག་མོས་པ་ཡིས། །ནང་གི་ཁྲུས་ཀྱིས་དག་པར་བྱའོ། །དང་པོ་སྔགས་པ་བདག་གི་ངག །དག་
པར་འདོད་པས་འདི་ལྟར་བསམ། །ལྕེ་ལ་པཾ་ལས་སྐྱེས་པ་ཡི། །པདྨ་འདབ་གཅིག་བསྐྱེད་བྱ་སྟེ། །དེ་སྟེང་ཡི་གེ་ཨ་ལས་ནི། །བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསྐྱེད། །རྡོ་རྗེ་ལྕེ་སྟེང་ཐིམ་བྱས་ནས། །རྡོ་རྗེ་ལྕེ་ཞེས་བྱ་བ་སྟེ། །སྔགས་བཟླས་མཐུ་
དང་ལྡན་པར་འགྱུར། །ལག་གཉིས་མཐིལ་དུ་ཟླ་གཉིས་བསམ། །དེ་ཡང་ཡི་གེ་ཨ་ལས་སོ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསྐྱེད། །ཤིན་ཏུ་དཀར་བ་ལག་པ་ལ། །ཐིམ་པས་རྡོ་རྗེ་ལག་པར་བཤད། །ཕྱག་རྒྱ་གང་ཡིན་བཅིང་བར་བྱ། །རྡོར་དྲིལ་གཡོན་བླངས་ལག་བཞག་སྟེ། །
རྡོ་རྗེ་སྙིང་རྗེ་བྱང་ཆུབ་སེམས། །དྲིལ་བུ་སྟོང་པའི་བདག་ཏུ་བརྟག །དེ་ལྟར་བདག་གིས་བསྒོམ་བྱས་ལ། །སྤྱི་བོར་དཀྲོལ་ཏེ་དབང་བསྐུར་རོ། །དེ་ནས་ཕབ་ལ་ཕྱོགས་བཅུར་བསྒྲགས། །དེ་ནས་ལན་གསུམ་གྱེན་འཕྱར་དཀྲོལ། །དེ་གཉིས་གཅིག་གིས་གཅིག་འཁྱུད་དེ། །
རྡོ་རྗེ་ལན་གསུམ་གསོར་བྱས་ཏེ། །ཐུགས་ཀར་བརྟན་པ་སྤྱན་དྲང་པ། །དྲིལ་བུའི་སྒྲས་ནི་དགྱེས་པ་བསྐྱེད། །དེ་ལྟར་བྱས་ན་ནུས་པ་བསྐྱེད། །གཟའ་སྐར་སོགས་དུས་བཟང་བྱ་སྟེ། །སློབ་དཔོན་རང་ལྷའི་རྣལ་འབྱོར་བྱས། །དཀྱིལ་འཁོར་དབུས་སུ་འདུག་ནས་སུ། །སྒྲུབ་
པའི་རིམ་པས་བགེགས་བསྐྲད་དེ། །སྲུང་བའི་འཁོར་ལོ་རྫོགས་པར་བྱ། །སྙིང་ག་ནས་བྱུང་དཀྱིལ་འཁོར་སྤྲུལ། །འཁོར་ལོ་ལས་འཕྲོས་སྤྲུལ་པ་ཡིས། །ནམ་མཁའི་ཁམས་སུ་ཁྱབ་བསམས་ཏེ། །དེ་ལ་འདི་སྐད་གསོལ་བ་གདབ། །ཕྱོགས་བཅུའི་སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། །རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང་བཅོམ་ལྡན་འདས་ཀུན་རིག་

རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་དུ་བཅས་པ་ཁྱེད་རྣམས་བདག་དང་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཅིང་བསྲུང་བའི་ཕྱིར་བཞུགས་སུ་གསོལ་ལོ་ཞེས་བསྐུལ་ཏེ། སྙིང་གའི་ཟླ་བའི་དཀྱིལ་འཁོར་རྡོ་རྗེའི་དབུས་སུ་བསྡུས་ནས་གཅིག་ཏུ་གྱུར་
པར་བསམ། དེ་ནས་རང་ལུས་ལྷའི་ང་རྒྱལ་བྱས་ལ་ལངས་ཏེ་མིག་གཡོན་ཊ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་མ་ལས་ཉི་མའི་དཀྱིལ་འཁོར་འབྲས་བུ་གཉིས་ལ་ཡི་གེ་ཧཱུཾ་འབར་བའི་ལྟ་བས་མེ་ལྟར་འབར་བས་རྡོ་རྗེའི་མིག་ཨ་ལས་སྣ་ཚོགས་རྡོ་རྗེ་རྐང་པའི་འོག་ཏུ་བསམ། རྡོ་རྗེ་
གསོར་ཞིང་དྲིལ་བུ་དཀྲོལ། རྒྱན་ཆ་དང་ལྡན་གཙོ་བོའི་ང་རྒྱལ་བསྐྱེད། རྡོ་རྗེ་འགྲོས་ཀྱིས་བསྐོར་བ་བྱ་ཞིང་དྲིལ་གསིལ་རྡོ་རྗེ་བསྐོར། །བགེགས་རྣམས་བསྐྲད་པའི་ཕྱིར་ནི་མགོ་མིག་བཏུད་ལ་འདི་སྐད་བརྗོད། སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞིག་རྫོགས་པའི་
བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་རོ་བསྲེག་ཧོམ་གྱི་དཀྱིལ་འཁོར་ཞེས་བྱ་བ་འདྲི་ཡིས་ལྷ་དང་། ལྷ་མ་ཡིན་དང་། གནོད་སྤྱིན་དང་། སྲིན་པོ་དང་།
ཡི་དགས་དང་། ཤ་ཟ་དང་། བརྗོད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། རྣོན་པོ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། །རིག་སྔགས་འཆང་བ་གྲུབ་པ་རྒན་པོ་དང་། རྒན་མོ་དང་། འཁོར་དང་གཡོག་ཏུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག །
དེ་ལྟར་ཕྱག་ན་རྡོ་རྗེའི་བཀའ་ཐོས་ནས་མྱུར་དུ་དེངས་ཤིག །གང་དག་མི་འགྲོ་བར་སེམས་པ་དེ་དག་ནི་ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱིས་ཡེ་ཤེས་འབར་བ་རབ་ཏུ་རྡོ་རྗེ་ཆེན་པོར་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཧཱུཾ་ཞེས་ལན་
མང་དུ་བརྗོད། རང་ལས་སྤྲུལ་པའི་ཁྲོ་བོ་གྲངས་མེད་པ་ཤིན་ཏུ་འཇིགས་པ་ཕྱུང་སྟེ། བགེགས་ཚར་བཅད་ནས་ནམ་མཁའ་ཁྱབ་པར་འཁྱིལ་ཞིང་བཞུགས་སོ། །གཡས་བརྐྱང་ལ་སོགས་པའི་སྟང་སྟབས་སྐབས་འདིར་བྱའོ། །གོམ་པ་བརྒྱད་པ་ཡང་བྱའོ། །ཧཱུཾ་རྒྱུན་

མི་ཆད་པར་བྱའོ། །རྡོ་རྗེ་དྲིལ་བུ་བསྐོར་རོ། །སྟང་སྟབས་བྱའོ། །དེ་ནས་དབང་ལྡན་ནས་བརྩམས་ཏེ་སྐོར་ཕྱོགས་སུ་ཕུར་པ་རྣམས་ལ་བཟླས་ཤིང་། གསེར་གྱི་ས་གཞི་ལ་ཐུག་པའི་བར་དུ་བཏབ་པར་བསམ། ཨོཾ་བཻ་རོ་ཙ་ན་ཧཱུཾ། སརྦ་བིགྷྣཱན་ཨུ་ཙ་ཡ་ཧཱུཾ་ཕཊ། དེ་ནས་རྣམ་པར་
སྣང་མཛད་ཀྱི་ཕྱག་རྒྱ་བཅས་ལ། ཧཱུཾ་བརྗོད་ཅིང་ང་རྒྱལ་བསྐྱེད་དེ་སྔགས་ཀྱང་བརྗོད། དེའི་རྣལ་འབྱོར་བྱ་སྟེ། ནམ་མཁའ་ལ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་བའི་ང་རྒྱལ་བསྐྱེད་ལ། གྲོགས་པོ་རྣམས་ཀྱིས་དཀྱིལ་འཁོར་བྲི་བའི་
ཕྱིར་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་
ཅད་ཡང་དག་སྤངས། །ཀུན་དུ་བཟང་པོའི་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་
སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་ལངས་ལ་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་ཡ་བནྡ་ནཾ་ཀ་རོ་མི། ཞེས་པས་ཞབས་ལ་ཕྱག་བྱའོ། །
དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ལངས་ལ་ང་རྒྱལ་སྐྱེད་པ་འདི་བརྗོད་དོ། །བདག་ཉིད་རང་བཞིན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་
རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་སྟོན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ལ། ཨོཾ་བཛྲ་ཨུཏྟིཥྛ། ཞེས་པས་ཇི་ལྟར་སྤྲུལ་པའི་ལྷའི་དཀྱིལ་འཁོར་ནམ་མཁའ་ལ་བཞུགས་སུ་གསོལ། ཡང་སྟང་སྟབས་གཡས་

བརྐྱང་ལ་སོགས་པ་བྱའོ། །ས་གཞི་རྡོ་རྗེར་གྱུར་པར་བསམ་མོ། །གཞལ་ཡས་ཁང་ནམ་མཁའ་ལ་དམིགས་ལ་རྡོ་རྗེའི་མིག་གིས་བགེགས་མེད་པར་མཐོང་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་དབྱེ་སྟེ། སྔགས་པས་རྡོ་རྗེ་རྒྱུའི་གཟུགས་ལྟོ་བ་ཆེ་བ་དབུ་བཞི་པ་ཕྱག་བཞི་པ་རྡོ་རྗེ་
དང་འཁོར་ལོ་དང་པདྨ་དང་རལ་གྲི་བསྣམས་པ་སྐུ་མདོག་སེར་པོ་བསྒོམས་ཏེ་དེ་ལ་འཁོར་ལོ་བཙུད་ལ་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཨོཾ་བཛྲ་མཎྜལ་ཧཱུཾ་བཛྲ། ཞེས་པས་རྡོ་རྗེ་རྒྱུ་ཉིད་བསྒྱུར་བས་ས་གཞི་གྲུབ་པར་འགྱུར་ཏེ་དེ་ནས་འདིས་བྱིན་གྱིས་བརླབ་པར་བྱས། ཨོཾ་མ་ཧཱ་བཛྲ་ཙཀྲ་
ཨུཏྟིཥྛི་བིདྡྷ་ཧཱུཾ། དེ་ནས་ཁུ་ཚུར་གཉིས་བཅིངས་ཏེ། །འཁོར་ལོ་བཞིན་དུ་བསྐོར་བར་བྱ། །འཁོར་ལོ་བྱིན་གྱིས་བརླབས་པའོ། །དེ་ནས་ཙནྡན་དམར་པོ་མེ་ཏོག་དམར་པོ་དར་དམར་པོའི་རྒྱན་དང་བཅས་པའི་ཕུར་པ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་གཡས་པས་ཐོ་
བ་རྒྱན་དང་བཅས་པས་བརྡུང་ངོ་། །དབང་ལྡན་ནས་བརྩམས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཧཱུཾ་ཕཊ། ཕུར་པ་གདབ་པའི་སྔགས་སོ། །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཐོ་བའི་སྔགས་སོ། །དེ་ནས་རྩེ་གསུམ་པའི་ཕྱག་རྒྱས་བགེགས་བསྐྲད། ཨོཾ་ཨཱཿཧཱུཾ། གསུམ་
གྱིས་ཕྱི་རོལ་དུ་འཁོར་ལོ་དང་པདྨ་དང་རྡོ་རྗེ་ར་བ་དང་ས་གཞི་ཡང་རྡོ་རྗེར་བསམ། འབར་བའི་ཕྲེང་བ་འོད་དང་བཅས་པ་བསྒོམ་བགེགས་བསྐྲད་ཅིང་གཙོ་བོའི་སྔགས་དང་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་པར་བསམ་མོ། །དེ་ནས་ཡི་གེ་ལཾ་ལས་བྱུང་བའི་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་
ལག་ན་ཐོགས་པ་རྒྱན་ཐམས་ཅད་དང་ལྡན་པ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས། མཆོད་པ་བྱ་ཞིང་ཚིགས་སུ་བཅད་པ་འདིས་སྟ་གོན་དུ་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་
པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། སའི་ལྷ་མོ་དགའ་བའི་མདངས་ཀྱིས་དེ་བཞིན་དུ་གྱིས་ཤིག་ཟེར་ནས་འོག་ཏུ་ཐིམ་མོ། །དེ་ནས་

རྡོ་རྗེ་བསྡམས་པ་དང་སྔགས་འདིས་གཟུང་བར་བྱའོ། །ཨོཾ་བཛྲ་བྷ་བ་ཧཱུཾ། ཞེས་བརྗོད་དོ། །ཨོཾ་བཛྲ་དྷི་དེ་ཨུཏ་ཏིཥྛ། ཞེས་པས་བྱིན་གྱིས་བརླབ་པའི་ཆོ་གའོ། །དེ་ནས་དྲི་བཟང་པོ་ལ་སོགས་པས་བྱུགས་ལ། མེ་ཏོག་སྣ་ཚོགས་པ་ཆལ་པར་དགྲམ་མོ། །དཀྱིལ་འཁོར་དུ་ལྷ་
རྣམས་ཇི་ལྟར་གནས་པའི་མིང་བརྗོད་དེ་མཎྜལ་རེ་རེ་བྱའོ། །ར་བ་དང་དྲ་བ་ལ་སོགས་པས་མཚམས་བཅད་ནས། རྣམ་པར་སྣང་མཛད་འཁོར་དང་བཅས་པ་སྤྱན་དྲངས་ལ་ཞབས་བསིལ་དང་ཞལ་བསིལ་དང་ཡོན་ཆབ་དང་མཆོད་པ་བརྒྱད་དང་གཞན་གྱིས་ཀྱང་མཆོད་བསྟོད་པ་
བྱ་སྟེ་ནམ་མཁའོ། །བདག་རང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས། སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་བགེགས་བསལ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་ང་རྒྱལ་བསྐྱེད་དེ་སེམས་དག་པར་བྱ་ཞིང་འདི་བརྗོད་ལ།
དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་ནི་བསོད་ནམས་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །འགྱུར་བར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་
སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །
སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཚེ་འདས་འདི་ཡི་དོན་དུ་ནི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་དེ་ནི་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་པས་སྔ་མ་
བཞིན་བསམས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་ལ་སོགས་པ་རང་རང་གི་ཡི་གེ་བཀོད་ལ། ལྷ་འཁོར་དང་བཅས་པ་སོ་སོའི་གནས་སུ་བཞུགས་པར་བསམ་མོ། །དེའི་འོག་ཏུ་ནམ་མཁའི་ཡེ་ཤེས་སེམས་དཔའ་འཁོར་དང་

བཅས་པ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ། དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱའོ། །དེ་ནས་ཞབས་བསིལ་ཞལ་བསིལ་མཆོད་ཡོན་ལྷ་སོ་སོ་འཁོར་དང་བཅས་པ་བཞུགས་སུ་གསོལ་ཏེ་དབུལ་སོ་སོའི་སྔགས་ལ། ཨོཾ་བཻ་རོ་
ཙ་ན་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་གྱི་སྔགས་སོ། །དེ་ལ་སོགས་པའི་མཆོད་པ་ལྔ་ཕུལ་ལ་བསྟོད་པ་དང་ཕྱག་བྱའོ། །དེ་ནས་གསེར་རམ་དངུལ་ལམ་ཟངས་ལས་རྣམ་པར་རྒྱལ་བའི་བུམ་པ་བྱའོ། །མ་འབྱོར་ན་ཁམ་པ་ལས་བྱའོ། །དེ་ཉིད་དངོས་པོ་མེད་པར་བསམས་
ལ། ཡི་གེ་ཁཾ་ལས་བྱུང་བ་ནག་པོ་ར་རི་མེད་པ་མགྲིན་པ་རིང་བ། ལྟོ་བ་ཆེ་བ་མཆུ་འཕྱང་བ་བསྒོམས་ལ། དེའི་ནང་དུ་ཧྲཱིཿལས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསམས་ལ་དེ་
རྣམ་པར་དག་པར་གྱུར་པ་ལས་བདུད་རྩིའི་ཆུས་གང་བར་བསམས་ཏེ། དེ་ནས་དྲི་ཆུ་བླུགས་ལ་མར་དང་འོ་མ་ལ་སོགས་པ་སྩལ། སྨན་ལྔ་དང་འབྲུ་ལྔ་དང་རིན་པོ་ཆེ་སྩལ། དེ་ཡང་ལུང་ལས། བྱ་ཀྲི་སིཾ་ཧ་ཀརྣི་ཀ། །ཧ་ས་ཧ་ས་དེ་བ་སྟེ། །སྨན་སྣ་ལྔ་ཞེས་བྱ་བ་སྟེ། །ལས་
རྣམས་ཀུན་ལ་འདི་དག་གཟུང་། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དང་ལྔ། །ལས་ཀུན་ལ་ནི་འདི་དག་ཤིས། །ཤེལ་དང་དངུལ་དུང་བྱི་རུ་མུ་ཏིག་སྟེ། །རིན་ཆེན་ལྔ་ཞེས་བྱ་བ་ཡིན། །སྨན་ལྔ་བྱང་ཆུབ་སེམས་ཀྱི་རྟགས། །འབྲུ་ལྔ་ཐུགས་ཀྱི་རང་བཞིན་
ཏེ། །རིན་ཆེན་བདེ་གཤེགས་སྐུ་མདོག་རྟགས། །ཞེས་པའོ། །བུམ་པ་ལ་འཁོར་ལོའི་བདག་པོ་ལྔའི་མཚན་མ་ལ་སོགས་པ་ལྔ་དང་ལྡན་པར་བྱ་ཞིང་། དཀར་པོ་དམར་པོ་སེར་པོ་ལྗང་གུ་སྔོན་པོའི་ཁ་དོག་དང་ལྡན་པའི་རས་ཀྱིས་མགུལ་པ་བཅིང་བར་བྱའོ། །མ་འབྱོར་ན་རས་
སར་པ་ཞིག་གིས་སྤྱིར་བཅིང་བར་བྱའོ། །ཤིང་འོ་མ་ཅན་འབྲས་བུ་ཅན་གྱིས་ཁ་རྒྱན་བྱའོ། །གཙོ་བོའི་ཕྱག་རྒྱ་བསྟན། ཡང་ན་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བསྟན། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བཟླས་སོ། །ཡང་ན་ཨོཾ་བཛྲ་ཨུ་ད་ཀ་ཋ་ཧཱུཾ། ཞེས་བཟླས་ལ་

གཞག་གོ། །མེ་ཏོག་དཀར་པོ་ཆལ་པར་བཀྲམ་པ་རས་བཏིང་པའི་སྟེང་དུ་གཞག་གོ། །དེ་ནས་མཆོད་ཡོན་ཆུ་དང་བཅས་པ་ལ་སོགས་པ་བཤམས་ལ། མཆོད་པ་ཆེན་པོའི་ཞག་བར་དུ་ཉིན་རེ་ལ་ལན་གསུམ་དུ་ཏིང་ངེ་འཛིན་དང་མཆོད་པ་དང་བཟླས་པ་བྱའོ། །བཟླས་པ་ནི་
བསྐྱེད་པ་ལའོ། །དེ་ནས་ཞུ་བར་བྱའོ། །དེ་ནས་མཆོད་པའི་དུས་སུ་དཀྱིལ་འཁོར་བསྐོར་ལ། དང་པོར་དབུས་སུ་དེ་ནས་སོ་སོའི་གནས་སུ་གཞག་གོ། །བུམ་པའི་གྲངས་ལྷ་གྲངས་ཇི་ཙམ་ཡོད་པ་དེ་ཙམ་མོ། །མ་འབྱོར་ན་བཅུ་དྲུག་ལས་ཉུང་བར་མི་བྱའོ། །དེ་ནས་ལས་ཐམས་
ཅད་པའི་བུམ་པ་ལ་བགེགས་བསྐྲད་པའི་བསྔགས་བཟླས་ཏེ་སྣ་ཚོགས་རྡོ་རྗེས་མཚན་པ་ལ་མཆོད་པ་བྱས་ཏེ། ཕྱི་རོལ་དུ་བྱང་ཤར་མཚམས་སུ་གཞག་པར་བྱའོ། །འདི་སྐད་དུ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱིས་དཀྱིལ་འཁོར་མ་རྫོགས་བར་དུ་བགེགས་མི་སྲུན་པ་རྣམས་སུ་
སྲུང་དུ་གསོལ་ལོ། །བུམ་པ་སྟ་གོན་གྱི་ཆོ་གའོ།། །།དེ་ནས་ཕྱི་རོལ་དུ་སོང་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་གནས་ལ། ཕྱོགས་སྐྱོང་གི་གཏོར་མ་བཏང་ངོ་། །གྲུབ་ན་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་སླར་དཀྱིལ་འཁོར་གྱི་སར་ཞུགས་ནས་སྔ་མའི་ཏིང་ངེ་འཛིན་ལ་
གནས་ནས་ལྕེ་བྱིན་གྱིས་བརླབ་སྟེ། ཨོཾ་པདྨ་ས་ར་སྭ་ཏི་ཨ་པ་ར་ཧ་ཡ་ཤོ་དྷཱ་ཡ་ཧཱུཾ་ར་དྷི། དེས་ལྕེ་བྱིན་གྱིས་བརླབས་ནས་ལག་ཏུ་བདུག་སྤོས་ཐོགས་ལ་པུས་མོ་ས་ལ་བཙུགས་ནས་འདི་སྐད་གསོལ་བ་གདབ་པོ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། རིག་སྔགས་རྒྱལ་ལ་ཕྱག་
འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་སུ། །ཚེ་འདས་འདི་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ངས་ནི་དཀྱིལ་འཁོར་བྲི་བར་འཚལ། བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །
བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་བའི་ལྷ་གཞན་གང་ལྷགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ལ་དགོངས་སུ་གསོལ། །

བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། བྱིན་གྱིས་རློབ་པར་མཛད་དུ་གསོལ། །
ཡེ་ཤེས་འབར་བའི་བསྲེག་ཁང་འདིར། །ཚེ་འདས་སྡིག་པ་སྦྱང་བའི་ཕྱིར། །འབྲས་བུ་རྫོགས་པའི་སངས་རྒྱས་རྣམས། །དམ་ཚིག་རྫོགས་པར་མཛད་འཚལ་གྱི། །སྟ་གོན་ལ་ནི་གནས་པར་མཛོད། །སེམས་དཔའ་ཆེན་པོ་ཕལ་རྣམས་ཀྱང་། །གཙོ་བོའི་དམ་ཚིག་རྗེས་
དགོངས་ཏེ། །ཡེ་ཤེས་འབར་བའི་བསྲེག་ཁང་འདིར། །ཚུལ་བཞིན་དུ་ནི་སྤྱན་འདྲེན་གྱིས། །སྟ་གོན་ལ་ནི་གནས་པར་མཛོད། །སྡེར་བཅས་ལྷ་ཀླུ་མཐུ་ཆེན་རྣམས། །སྔོན་གྱི་རྒྱལ་བའི་བཀའ་བཞིན་དུ། །ཕྱོགས་དང་མཚམས་སུ་སྤྱན་འདྲེན་གྱིས། །སྟ་གོན་ལ་ནི་གནས་
པར་མཛོད། །རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། །ཡེ་ཤེས་འབར་བའི་བསྲེག་ཁང་འདིར། །སྦྱིན་པ་རྒྱ་ཆེན་གཏོང་ལགས་ཀྱིས། །སྟ་གོན་ལ་ནི་གནས་པར་མཛོད། །སྔགས་མཁན་དམ་ཚིག་རྫོགས་པ་དང་། །རྫས་དང་ཆོ་ག་མ་ཉམས་པར། །ཚུལ་བཞིན་དུ་ནི་གསལ་
ལགས་ཀྱིས། །སྟ་གོན་ལ་ནི་གནས་པར་མཛོད། །ཅེས་པ་ལན་གསུམ་གུས་པ་དང་བཅས་པར་བརྗོད། དེ་ནས་སེམས་དག་པ་ནས་བསྟོད་པ་དང་ཕྱག་བྱ་སྟེ་ཕྱི་རོལ་དུ་བྱུང་ནས་སློབ་མ་སྟ་གོན་ལ་གནས་པར་བྱ་སྟེ། དང་པོར་ལུས་བཀྲུ་བ་དག་པ་དང་། །གཙང་མ་བགོས་ལ་
སྙིམ་པ་མེ་ཏོག་གིས་བཀང་ནས་སློབ་དཔོན་ལ་ཕྱག་བྱས་ལ་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཁྱོད་ནི་བདག་སྟོན་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་ཀྱང་བདག་
ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱིད། །དེ་སྐད་ལན་གསུམ་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་སློབ་མ་མཚན་ཉིད་དང་ལྡན་པ་ལ་འདི་སྐད་

བརྗོད་དོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་
བཞུགས་པ་དག །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་བླ་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །
དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་པ་མང་པོ་ལེགས་པར་བསྡུས་ནས་སུ། །ཤིན་ཏུ་བསམ་པ་བཟང་པོས་མཉན་པར་གྱིས། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་
གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་བཅུག་སྟེ། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་
ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ་། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་སྤྱོད་ལ། །དེ་ལ་
བདག་ནི་སྐྱབས་སུ་མཆི། །སངས་རྒྱས་རང་བྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་
འདི་ནས་ནི་སངས་རྒྱས་བར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེ་ཉིད་བདག་ལ་དགོངས་སུ་གསོལ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་

བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ཡང་དག་ཉིད་དུ་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་
རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་
མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་
དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་ཕྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་
རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །དེ་ནས་གསོན་པོ་ལ་བྱེད་ན་སོ་ཤིང་སྦྱིན་པའམ། མཆོད་པ་བྱ་བ་དང་། སོ་ཤིང་བོར་ལ་པྲ་བརྟག་པ་དང་། དྲི་ཆུས་ཁ་ལག་
བཀྲུ་ཞིང་འཐོར་འཐུང་བྱ་བ་དང་། སློབ་མ་སེམས་དགའ་བའི་ཕྱིར་ཆོས་བསྟན་པར་བྱའོ། །དེ་ནས་རྩ་བའི་སྔགས་བཟླས་པའི་ཀུ་ཤ་སྟན་དང་སྔས་བྱེད་དུ་གཞུག །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་པའི་སྲུང་སྐུད་དཔུང་པ་གཡོན་པར་གདགས། དེ་ནས་བཞིན་བཟང་ལོངས་
ཤིག །སང་གི་ཉིན་མོ་ཁྱེད་རྣམས་ཀྱིས། །ཐར་པ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་ཆེན་པོ་མཐོང་འགྱུར་གྱི། །ཡང་མཆོད་པ་ལྔ་བྱས་ཏེ་གཏོར་མ་གཏང་ཡང་ན་ནི་དཀྱིལ་འཁོར་ལ་ཕྱི་ནང་གི་མཆོད་པ་རྒྱས་པར་བྱའོ། །གནས་དེ་ཉིད་དུ་ཀུ་ཤའི་སྟན་ལ་སེང་གེའི་ཉལ་

སྟབས་སུ་རྨི་ལམ་བལྟ་བའི་ཕྱིར་མི་སྨྲ་བར་བསམ་གཏན་གྱིས་ཉལ་བར་བྱའོ། །ནང་པར་གབ་སྦས་མེད་པར་རྨི་ལམ་བསྟན་པར་བྱའོ། །བཟང་ན་རྗེས་སུ་ཡི་རང་བར་བྱའོ། །དངོས་གྲུབ་འོས་པ་བསྟན་པར་བྱའོ། །ངན་ན་བའི་རྣམ་ལྔ་ལ་ཁྲོ་བོའི་སྔགས་བཟླས་ལ་འཐུང་དུ་གཞུག་
སྲུང་བ་བྱའོ། །གྲུབ་ན་དྲག་པོའི་སྦྱིན་སྲེག་བྱའོ། །དེ་ནས་སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་ཕུར་བུ་དང་ར་བ་དང་དྲ་བ་དང་། ཕྱོགས་བཅིང་བར་བྱའོ། །དེ་ནས་ཡི་གེ་སུཾ་ལས་རི་རབ་བསྐྱེད། དེའི་སྟེང་དུ་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་བསྒོམས་
ཏེ། དེ་ནས་སྤྲུལ་པ་བྱུང་བས་སྲད་བུ་འཛིན་པར་བསམས་ལ། དེ་ཡང་ལུང་ལས། ངེས་པར་དཀྱིལ་འཁོར་བྱ་བ་ནི། སུ་ཞིག་གིས་ནི་བྱ་བར་ནུས། །ལྷ་ཡི་རྣལ་འབྱོར་རང་གནས་ན། །དཀྱིལ་འཁོར་འགྲུབ་པར་འགྱུར་ཞིང་ཞེས་འབྱུང་ངོ་། །དེ་ནས་དཀྱིལ་འཁོར་ཐིག་
གདབ་པར་བྱའོ། །ལས་ཐམས་ཅད་པའི་བུམ་པས་བསང་གཏོར་བྱའོ། །གླུ་ལ་སོགས་པ་མཆོད་པ་རྒྱས་པར་བྱའོ། །ནམ་མཁའི་དཀྱིལ་འཁོར་དུ་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། སྲད་བུ་སོ་སོར་ཕྱོགས་བཞིར་སློབ་མ་བཞིས་
འཐེན་ལ། དཀར་པོ་སྔོན་པོ་སེར་པོ་དམར་པོ་ལྗང་གུ་རྣམས་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ། ཞེས་པའི་ཡི་གེ་བསམས་པས། རྣམ་པར་སྣང་མཛད་ལ་སོགས་པར་གྱུར་པར་བསྒོམ། མིག་གཡས་གཡོན་གཉིས་ལ་ཉི་མ་དང་ཟླ་བ་བསམས་ཏེ། ཨོཾ་དཱིཔྟ་དྲྀཥྛ་ཨཾ་ཀུ་ཤ་ཛཿ །ཞེས་པ་
བཟླས་པས། ལྕགས་ཀྱུ་འདྲ་བའི་འོད་ཟེར་གྱི་སྤྲིན་བྱུང་ནས་རྣམ་པར་སྣང་མཛད་ལ་སོགས་པ་བསྐུལ་ཏེ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་གནས་པ་ལ། འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །ལྷ་ཚོགས་མ་ལུས་པ་ལ་གསོལ་བ་བཏབ་ལ། ཞབས་ལ་ཀྱེ་མ་བཅོམ་
ལྡན་འདས་ཀྱིས་དཀྱིལ་འཁོར་ཐིག་གདབ་པའི་རྡོ་རྗེ་སྲད་བུ་སྩལ་དུ་གསོལ། དེ་ནས་ཡེ་ཤེས་སྤྱན་གྱིས་གཟིགས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ནས་བྱུང་སྟེ། ལྕགས་ཀྱུ་འདྲ་བའི་ཚུལ་གྱིས་རང་གི་ལག་ཏུ་འོང་བར་བསམ་མོ། །རྣམ་པར་སྣང་མཛད་

མདུན་དུ་དམིགས་ལ། ཨོཾ་ཛི་ན་ཛིཀ་སྭཱ་ཧཱ། ཞེས་བརྗོད་ལ་བསྒྲིལ་བར་བྱའོ། །དེ་ནས་ཙནྡན་བཟང་པོ་ལ་སོགས་པས་ལེགས་པར་བསྐུས་པའི་གསེར་གྱི་སྣོད་ལ་སོགས་པར་ལེགས་པར་བཞག་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་རྡོ་རྗེ་མིག་
བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་འདི་སྐད་གསོལ་བ་གདབ་པོ། །སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ན་བཞུགས་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་མཛད་པ། ཞལ་ཟླ་བ་འདྲ་བས་
བསིལ་བར་མཛད་པ་རྣམས་དགོངས་སུ་གསོལ་ལོ། །དེང་སེམས་ཅན་གྱི་དོན་ལ་བབ་ཀྱིས་བདག་ལ་མཐུ་གཏོང་བ་དང་བྱིན་གྱིས་བརླབ་ཏུ་གསོལ་ལོ། །དགོངས་ཤིག་རྒྱལ་བ་ཐུབ་དབང་ཇི་སྙེད་ཅིག །དཔག་མེད་ཞིང་ན་བཞུགས་པ་ཐམས་ཅད་ཀྱིས། །དཀྱིལ་འཁོར་འདི་ལ་
བྱིན་གྱིས་བརླབས་པ་དང་། དི་རིང་བདག་ལ་བཏང་པའི་དུས་ལ་བབ། དེ་ནས་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཡང་ན་ཨོཾ་ཨཱཿཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དཀྱིལ་འཁོར་དྲི་བཟང་པོས་བྱུགས་པའི་ཕྱི་རོལ་འཁོར་
བར་མེ་ཏོག་བཀྲམ་ནས། དེ་ནས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལ་རྫས་ཅི་འབྱོར་པའི་མཆོད་པ་དང་། སྒེག་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་དང་། གླུ་དང་རོལ་མོ་ལ་སོགས་པ་ཅི་ནུས་པས་མཆོད་ནས་ཐིག་གདབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ལྟ་སྟེ།
བདག་ཉིད་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ཏེ་ཛི་ན་ཛིཀ །ཅེས་བྱ་བ་ཅི་ནུས་སུ་བརྗོད་ནས། རྣམ་པར་སྣང་མཛད་དུ་གྱུར་པའི་སྙིང་ག་ནས་གྲོགས་པོ་སྤྲུལ་ནས། བྱིན་གྱིས་བརླབས་པ། དབང་བསྐུར་བ་བྱས་ཏེ་མདུན་དུ་བལྟ་བར་བྱས་ནས་ཕན་ཚུན་རྡོ་རྗེ་གཉིས་བཅིངས་
ལ། ཚོན་སྣ་ལྔའི་སྐུད་པ་དང་པོ་དཀྱིལ་འཁོར་ཉིས་འགྱུར་གྱི་ཚད། སྦོམས་སུ་སྒོའི་ཉི་ཤུའི་ཚད་རྡོ་རྗེ་ཁུ་ཚུར་གཡོན་པས་བླངས་ལ་བཟུང་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ལ། ཛཿཛཿཛཿལན་གསུམ་བརྗོད་ལ། ལག་པ་གཡས་པས་བླངས་ཏེ་གྲོགས་པོའི་

ལག་ཏུ་གཏད་དོ། །གྲོགས་པོ་རྐང་པ་མདུན་དུ་བསྣུར་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། ཛཿཛཿཛཿགསུམ་བརྗོད་ནས་བླངས་ཏེ། སློབ་དཔོན་ནུབ་ཏུ་འདུག་ནས་ཤར་དུ་བལྟ་བ་དང་། དེ་བཞིན་དུ་ལྷོར་འདུག་ལ་བྱང་དུ་ཁ་བལྟས་ལ་གནམ་ཐིག་གདབ་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་
སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་གཉིས་ཀས་བརྗོད་པར་བྱའོ། །དེ་ནས་ཐིག་གཉིས་པ་སྔ་མ་ཇི་ལྟ་བ་བཞིན་དུ་གདབ་པར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་ཀ་གཡས་སུ་བསྐོར་བ་བྱའོ། །དེ་ནས་མེའི་ཕྱོགས་སུ་འདུག་ལ་བྱང་དུ་བལྟས་ལ་ཤར་གྱི་ཐིག་གདབ་བོ། །རླུང་
གི་ཕྱོགས་སུ་འདུག་ལ་ལྷོར་བལྟས་ཏེ་ནུབ་ངོས་གདབ་བོ། །དེ་ཉིད་ལས་ཤར་དུ་བལྟས་ཏེ་བྱང་ངོས་གདབ་བོ། །ཡང་མེའི་ཕྱོགས་སུ་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོ་ངོས་གདབ་བོ། །དེ་བཞིན་དུ་འདུག་ལ་རླུང་ཕྱོགས་སུ་བྲེ་བར་བྱའོ། །ཡང་བདེན་བྲལ་དུ་འདུག་ལ་དབང་ལྡན་དུ་བྲེ་
བར་བྱའོ། །ཆ་བཞིར་བསྒོས་ནས་གཉིས་ལ་བརྒྱད། །ནང་གི་དཀྱིལ་འཁོར་བྱ་བར་གསུངས། །ལྷག་མ་བཞི་ལ་བརྒྱད་བྱས་པ། །ཕྱི་ཡི་དཀྱིལ་འཁོར་ས་ཡིན་ནོ། །བརྒྱད་དྲུག་པོ་ལ་བཞི་བཞིར་བསྒོ། །དེ་ལྟར་ཐིག་ནི་བཏབ་ནས་ནི། །ཕྱོགས་སུ་བལྟས་ཏེ་ལྷག་ཆད་
བསྐང་། །ཐིག་སྐུད་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །དེ་བས་ཐམས་ཅད་ནན་ཏན་དུ། །ཐིག་སྐུད་ལ་ནི་འབད་པར་བྱའོ། །དེ་ནས་ནང་དུ་ཞུགས་ནས་ནང་གི་རིམ་པ་དབྱེ་བར་བྱ་སྟེ་དེ་ཡང་རྒྱུད་ལས། ཧོམ་
ཁུང་ཐམ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པ། །ཟླུམ་པོ་ཉིད་དུ་བྱས་ནས་སུ། །དེ་ཡི་ཤ་དང་རུས་པ་དང་། །སྐྲ་དང་སེན་མོ་ལ་སོགས་པ། །སྦྱིན་སྲེག་བྱས་ན་ངན་པའི་ལས། །ཀུན་ལས་རྣམ་པར་ཐར་བར་འགྱུར། །ཞེས་པ་ནི་ཞི་བའི་དབང་དུ་བྱས་པའོ།། །།སྤྱིའི་
དབང་དུ་བྱས་ཏེ་གསུངས་པ། ཆུང་ངུ་བར་མ་བརྒྱད་ཅུ་གཉིས། །མཆོག་ལ་བཅུ་དྲུག་ཉི་ཤུ་བཞིར། །ཞི་ལ་སོགས་པའི་སྟེགས་བུའོ། །དེ་ལ་ཐབ་ཁུང་བརྐོ་བ་ཡང་རྒྱུད་ལས། དེ་ཡི་དབུས་སུ་བརྐོ་བ་ནི། །ལེགས་པར་བརྟགས་ཏེ་ཕྱེད་ཀྱི་ཚད། །མུ་ཁྱུད་སོར་བཞི་སོར་བརྒྱད་

དམ། །བཅུ་དྲུག་དག་ཏུ་བྱ་བ་ཡིན། །འབྱུང་བ་ལྟར་བརྟག་དེ་ནི་སྤྱིར་རོ། །རོའི་ཧོམ་གྱི་དབང་དུ་བྱས་ནས་རྩ་བའི་རྒྱུད་ལས། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་ཏེ། །རྡོ་རྗེ་མཐའ་མ་བསྐོར་བ་ཡི། །ཞེས་གསུངས་ཏེ་འདིའི་དགོངས་པ་འདི་
ཡིན་ཏེ། སྟེགས་བུ་ཁྲུ་རབ་འབྲིང་ཐ་མས་དབྱེ་སྟེ་ཁྲུ་བཅུ་གཉིས་པ་ལ་མེ་ཐབ་ཁོ་ར་ཁོར་ཡུག་ཏུ་ཁྲུ་ཟླུམ་པོ་ཟབས་སུ་ཁྲུ་དོ་པ་ཅིག་བྱས་ཏེ། མུ་རན་འཕང་དང་ཞེང་དུ་སོར་བཞི་པས་བསྐོར། ལྕི་བས་སྐྱང་ནུལ་ལེགས་པར་བྱས། ས་དཀར་པོས་བསྐུ་ཞིང་དྲིས་བྱུག་དེ་ཡང་དང་པོ་ཁྲུ་
དོ་པ། ཚངས་ཐིག་གཡས་གཡོན་ནས་ཁྲུ་རེ་རེ་ལ་བསྐོར། དེ་ནས་སོར་བཞི་ལ་བསྐོར། དེ་ནས་སོར་བཅུ་བཞི་ལ་བསྐོར། དེ་ནས་སྣམ་བུ་ལས་ནང་དུ་ཆ་ཆུང་དུ་བསྐོར། དེ་ནས་སྣམ་བུ་གཉིས་སུ་བྱ། དེ་ནས་སྒོ་རྒྱན་དང་བཅས་པ་ཕྱི་རོལ་ནས་བླངས་ལ། ཆ་ཆེན་བཞི་ཆ་
དང་བཅས་པ་ལས་བསྐོར། དེ་ནས་ཕུར་པ་གདོན། དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ཀྱང་སྔ་མ་བཞིན་དུ་མཆོད་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཤིང་བརྩིག་པ་ཡང་མཆོད་རྟེན་དང་འདྲ་བར་བརྩིག་སྟེ། ས་དཀར་པོ་ལས་བྱས་པའི་ཕ་གུ་དྲི་ཞིམ་པོས་བསྒོས་པ། ཆུར་
མཐོ་དོ་བ་ཞེང་དུ་སོར་བཅུ་བཞི་པས་རིམ་པ་བརྒྱད་སྐར་ཁུང་བརྒྱད་པ་བརྩིག །རང་གི་སྔགས་བཏབ་པའི་བ་ལྕིས་ཞལ་ཞལ་བྱ། ས་དཀར་པོས་བྱུག །ཀ་བ་བཞིས་མཛེས་པར་བཏེག །དེའི་སྟེང་དུ་བསྲེག་ཤིང་ཁྲུ་དྲུག་པ་ལྷའི་གྲངས་དང་མཐུན་པ་ལ་རྩ་བའི་སྔགས་དང་།
རང་གི་སྔགས་བཟླས་པའམ་བྲིས་ལ་རྩིག་པ་རིམ་པ་གསུམ་དང་ལུས་ཁང་བཞིར་བྱའོ། །ཤིང་དྲི་བཟང་པོ་ལས་བྱའོ། །དྲིས་བྱུག་གོ། །རོའི་དུམ་པ་ཕྲག་ནོན་དུ་བརྩིག་གོ། །དེ་ཡང་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། །རོ་སྲེག་དཀྱིལ་འཁོར་ཁྲུ་བཅུ་གཉིས། །ཐབ་ཁུང་ཁྲུ་དོ་ཁྲུ་དེ་
ཟབས། །ཟླུམ་པོ་སོར་བཞི་སོར་བཞིས་བསྐོར། །འཕང་དང་ཞེང་ཡང་དེ་དང་འདྲ། །དེ་ཡི་ཕྱི་རོལ་སོར་བཅུ་བཞི། །ས་དཀར་དྲིས་བསྒོས་ཕག་པས་བརྩིག །འཁོར་ལོ་རྡོ་རྗེ་རང་གྲུ་བཞི། །བར་ཁྱམས་གཉིས་ལ་སྒོ་ནང་བཅས། །རྟ་བབས་ཐེམ་སྐས་མཛེས་པས་བརྒྱན། །

སྔགས་བཏང་ཤིང་ནི་རིམ་པ་གསུམ། །བརྩིགས་ཏེ་མཆོད་རྟེན་ཚུལ་དུ་བརྩིག །བཤད་པའི་རྒྱུད་ལས་བྱུང་ངོ་། །གང་དག་སྣམ་བུ་ལྔར་འདོད་པ་ཡང་དང་པོ་སྒོ་སྣམ། གཉིས་པ་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་གསུམ་པ་ལ། །ཁྲོ་བོ་བརྒྱད་ནི་བཞི་པ་ལ། །ཕྱི་
ཡི་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་རྒྱ་རྣམས་ནི་ཕྱི་རོལ་བྲི། །གཟའ་དང་སྐར་མའི་མཚན་མ་དང་། །དེ་ལྟར་འཇིག་རྟེན་སྐྱོང་བ་རྣམས། །སྣམ་བུ་ལྔ་པ་བདག་པོ་བཞི་པོ་བཀོད། །ཅེས་ཟེར་བ་ཡང་མ་བཀག་སྟེ། བཤད་པའི་རྒྱུད་ན་མི་འདུག་གོ། །དེ་ནས་ཤིང་ལ་ངན་སོང་སྦྱོང་
བའི་སྔགས་ཀྱིས་བཏབ་སྟེ་བརྩིག །རོ་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་མང་དུ་བཏབ་སྟེ། བྱེ་མའམ་ཡུངས་ཀར་ལ་བཟླས་ཤིང་གཏོར་ནས་བུམ་པའི་ཆུས་ཚུལ་བཞིན་དུ་བཀྲུས་ཏེ། ག་པུར་དང་། གུར་གུམ་ལ་སོགས་པའི་དྲི་རྣམས་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་རོ་
ལ་བྱུག །གུར་གུམ་གྱིས་སྔགས་བཅོ་བརྒྱད་རིམ་གྱིས་བྲིས་ནས་གདགས་ཏེ། ཨོཾ་སརྦ་བིད་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ། གཙུག་ཕུད་ལའོ། །ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཕཊ། ཨོཾ་སརྦ་བིད་ཨཱ། ཨོཾ་སརྦ་བིཏ་ཏྲ་ཊ། ཨོཾ་སརྦ་བིད་ཨོཾ། །ཨོཾ་སརྦ་བཏི་སྭ། ཨོཾ་སརྦ་བིད་
ཧཱུཾ། ཨོཾ་སརྦ་བིད་ཏྲ་ཐ། ཨོཾ་ཤ །ཨོཾ་བྷ། དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །དཔུང་གཉིས་སྣ་དང་རྐེད་པ་དང་། །པུས་གཉིས་བོལ་གཉིས་ལོང་བུ་གཉིས། །མིག་གཉིས་གསང་བའི་དབང་པོར་གདགས། །ཡང་ན་དེ་བཞིན་དུ་ཡིད་ཀྱིས་སྔགས་རྣམས་དགོད་དོ། །དེ་དག་གི་འོད་
ཟེར་གྱིས་སྒྲིབ་པ་སྦྱང་བར་བསམ་མོ། །ངན་སོང་སྦྱོང་བའི་ཕྱག་རྒྱ་བཅིངས་ལ་སརྦ་བིད་ཀྱི་སྔགས་བཟླས་ཏེ། སྙིང་ག་དང་ལྐོག་མ་དང་སྤྱི་བོར་གཏུགས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བར་བསམ་མོ། །དེ་ནས་རོ་ལ་ངན་སོང་སྦྱོང་བའི་སྔགས་བཏབ་པའི་གོས་ཀྱིས་
གཡོགས་ནས་རྒྱན་རྣམས་ཀྱིས་བཀླུབས་ཏེ། མེ་ཏོག་གི་ཕྲེང་བ་གདགས་ཤིང་། སྔགས་ཀྱིས་བཏབ་པའི་བདུག་པས་བདུགས་ལ་ཐབ་ཀྱི་དབུས་སུ་སྟན་དང་བཅས་པར་བཞག་སྟེ། ཁ་ནུབ་ཏུ་བསྟན་ཏེ་བདག་ཉིད་ཁ་ཤར་ཕྱོགས་སུ་བལྟས་ཏེ་ལས་བྱའོ། །དེ་ཡང་རྒྱུད་ལས་རང་

གི་སྔགས་ཀྱིས་བཏབ་པའི་ཤིང་། ཁུང་བུའི་ནང་དུ་གཞུག་པར་བྱ། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་དག་གིས་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བཀླུབས་ནས་ཀྱང་། །སྔགས་ཀྱིས་བཏབ་པའི་
བདུག་པས་བདུག །མེ་ཏོག་ཕྲེང་ལ་སོགས་པས་མཆོད། །སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །སརྦ་བིད་ཀྱི་བྱིན་གྱིས་བརླབ། །དེ་ལྟར་གཞན་དུ་ཡེ་ཤེས་སྔགས། །མཆོག་ཏུ་ཡི་གེ་རྣམས་གཞག་གོ། །དེ་ནས་ངན་སོང་སྦྱོང་བའི་ཕྱིར། །སྟན་དང་བཅས་པ་དེ་དབུས་སུ། །
གཞག་པ་ཉིད་དུ་བྱ་བ་ཡིན། །ཞེས་འབྱུང་ངོ་། །དེ་ནས་མཆོད་པ་ཡང་སྔ་མ་ཡེ་ཤེས་ཀྱི་སྐུད་པ་ཡིག་འབྲུ་ཇི་ལྟར་བཀོད་པ་དེ་བཞིན་དུ་འདིར་ས་ཚོན་ལ་ཡང་བསམ་པར་བྱ་སྟེ། ས་ཚོན་ལ་བྱེ་བྲག་ཏུ་ཆོ་གའི་རིམ་པ་བསྟན་པ་འདིའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། སྔགས་འདི་
ལན་བདུན་བཟླས་ཏེ། དེ་ནས་ས་ཚོན་ལ་འབར་བའི་ལྟ་བས་བལྟའོ། །མཐར་ཡི་གེ་ཧྲཱིཿདང་པདྨའི་ཕྱག་རྒྱས་སྦྱོར་བར་བྱའོ། །དེ་ནས་ཚོན་རྩི་བཟང་པོར་བྱ་བའི་ཕྱིར་བདེན་པའི་བྱིན་རླབས་བྱ་སྟེ། བདེན་པ་གང་གིས་སངས་རྒྱས་རྣམས་སེམས་ཅན་ལ་ཆགས་པས་ཆགས་
པར་མཛད་པའི་བདེན་པ་དེས་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དེའི་འོག་ཏུ་རྡོ་རྗེ་དྲིལ་བུ་བླངས་ཏེ་དཀྲོལ་ཞིང་བཀྲ་ཤིས་པའི་དབྱངས་བརྗོད། དེ་ནས་མྱ་ངན་ལས་འདས་པའི་བསམ་པ་བཏང་། འགྲོ་བའི་དོན་ལ་
དམིགས་ལ། ཨོཾ་བཛྲ་ཙི་ཏྲ། ཞེས་བྱ་བའི་སྔགས་བརྗོད་ཅིང་། རྡོ་རྗེ་ཁུ་ཚུར་གཡོན་པས་ཚོན་བླངས་ལ། དབང་ལྡན་གྱི་ཕྱོགས་སུ་བཀོད་དེ་ཚོན་དགྱེ་བར་བྱའོ། །དེ་ནས་ཕྱིས་ཅི་བདེ་བར་བྱའོ། །ཚོན་དགྱེ་བ་ཡང་། མཉམ་ལ་མ་འདྲེས་མ་ཡོ་བར། །བར་མ་ཆད་དང་གཡོན་མི་
བསྐོར། །སྦོམས་སུ་སྒོ་ཡི་ཉི་ཤུའི་ཚད། །རེ་ཁཱ་རྣམས་ཀྱང་དེ་ཙམ་བྱ། །སྦོམས་ན་ནད་རྣམས་འབྱུང་བར་འགྱུར། །ཕྲས་ན་ཡང་ནི་ནོར་ཟད་འགྱུར། །ཡོ་བར་གྱུར་ན་མཛའ་བཤེས་བྲལ། །བར་དུ་ཆད་ན་མཁན་སློབ་འཆི། །དེ་བས་ཚོན་རྩི་ནན་ཏན་བྱ། །ར་བའི་རིམ་པ་

ཡང་རྒྱུད་ལས། དཀར་དམར་སེར་ལྗང་རིམ་པ་སྟེ། །ཀུན་གྱི་ཕྱི་རོལ་ནག་པོར་གཏང་། །བཤད་པའི་རྒྱུད་ལས་འབྱུང་ངོ་། །ལྷ་དང་དཀྱིལ་འཁོར་གྱི་ཁ་དོག་ཀྱང་རྡོ་རྗེ་རྩེ་མོའི་རྒྱུད་ལས། །ཤར་སྔོ་ལྷོ་སེར་ནུབ་ཏུ་དམར། །བྱང་ལྗང་དབུས་ནི་ཤེལ་ལྟར་དཀར། །ཞེས་བྱ་བ་བཞིན་དུ་བྱ།
ཡང་ན་རྩ་བའི་རྒྱུད་ལས་ཁ་དོག་དང་རྒྱན་ནི་ངེས་པ་མེད་དེ་སྔགས་པ་ཇི་ལྟར་འདོད་པ་ལྟར་བྱའོ། །ཇི་ལྟར་འདྲི་ཡང་རུང་བས། རྡོ་རྗེ་དྲིལ་བུ་རྟག་འཆང་ཞིང་། །ཤིན་ཏུ་མཉམ་གཞག་ལེགས་པར་བྲི། །གསང་སྔགས་དེ་ཉིད་ཡོངས་བཟླས་ཤིང་། །ཚོན་གྱིས་ཐིག་ནི་ཡོངས་སུ་དག །
གསུངས་སོ། །དཀྱིལ་འཁོར་གྱི་སྒོ་གཉིས་པའམ་གསུམ་པ་བྱེད་ན། སྔགས་བཛྲ་བེ་ག་ཧཱུཾ། ཞེས་པའམ། ཨོཾ་བཛྲ་ཞེས་པ་བཟླས་ཤིང་དཀྱིལ་འཁོར་ནམ་མཁའ་ལ་བསམས་ལ་འཇུག་ཅིང་དབྱུང་བར་བྱའོ། །དེ་ལྟར་བྲིས་ཟིན་ནས་བགེགས་ཞི་བར་བྱ་བའི་ཕྱིར། ཁྲོ་བོའི་
སྦྱོར་བ་བྱས་ལ་བགེགས་བསྲུང་བ་བྱའོ། །ཕྱག་རྒྱ་དགོད་པ་ཡང་རྒྱུད་ལས། འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་སེམས་དཔའ་རྣམས་དང་ནི། །འཇིག་རྟེན་གཙོ་ལ་སོགས་པ་བྲི། །ཞེས་གསུངས་སོ། །དེ་ལ་མེ་ཐབ་ཀྱི་དབུས་སུ་
འཁོར་ལོ་རྩིབས་བརྒྱད་པ་བྱ། དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བྲི་བ་ནི་ཕྲིན་ལས་གཞན་གྱི་དབང་དུ་བྱས་པ་ཡིན། ཤར་དུ་རྡོ་རྗེ་ལྷོར་རིན་པོ་ཆེ་ནུབ་ཏུ་པདྨ་བྱང་དུ་སྣ་ཚོགས་རྡོ་རྗེ་ཚུལ་བཞིན་དུ་དགོད། མུ་རན་རྡོ་རྗེ་རྩེ་ལྔ་པའམ་རྩེ་གསུམ་པས་བསྐོར། ལོགས་ལ་མེ་འོད་བྲི། ནང་
དུ་ལིང་ཙེ་དགུ་མུ་རན་དང་བཅས་པ་བྲི། ཕྱིའི་རྩིག་པའི་ཕྱི་རོལ་གྱི་འཁོར་ལོ་རྩིབས་བཅུ་དྲུག་འབུར་རམ་ཐིག་གིས་ཕྱེ་བ་ལ། ཤར་གྱི་འཁོར་ལོའི་རྩིབས་བཞི་པ་ལ། རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་རྣམས་དགོད། ལྷོའི་འཁོར་ལོའི་རྩིབས་བཞི་ལ་ནོར་བུ་རིན་པོ་ཆེ་ཉི་མ་རྒྱལ་མཚན་
སོའི་ཕྲེང་བ་རྣམས་དགོད། ནུབ་ཀྱི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་པདྨ་རལ་གྲི་འཁོར་ལོ་དུང་ངམ་ལྕེ་རྣམས་དགོད། བྱང་གི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་ཁ་བཞི་པ་དང་གོ་ཆ་མཆེ་བ་ཁུ་ཚུར་བཅངས་པ་རྣམས་དགོད། དེའི་ཕྱི་རིམ་གྱི་གྲུ་ཆད་ཤར་ལྷོར་སྨིན་མ་འདེགས་པའི་ཚུལ་

ལམ་རྡོ་རྗེ་དང་པོག་ཕོར་དགོད། ལྷོ་ནུབ་ཏུ་ཕྲེང་བ་དང་མེ་ཏོག་དགོད། ནུབ་བྱང་དུ་པི་ཝང་དང་མར་མེ་དགོད། བྱང་ཤར་དུ་གར་བྱེད་པའི་ལག་པ་དང་ཡང་ན་རྡོ་རྗེ་དང་དུང་ཕོར་དགོད། དེའི་ཕྱི་རིམ་གྱི་སྣམ་བུ་ལ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེ་ཁ་བཞི་པ་བཞི་
བཞིའམ་གཏམས་པར་ཤར་ནས་བརྩམ་ལ་དགོད། དེའི་ཕྱི་རིམ་གྱི་སྣམ་བུ་ལ་ཤར་དུ་རྡོ་རྗེ་གདེངས་པ་དང་ཟླ་བ་ཤར་ལྷོར་མེ་ཐབ། ལྷོར་དབྱུག་པ། ལྷོ་ནུབ་རལ་གྲི །ནུབ་ཏུ་ཞགས་པ་དང་བུམ་པ་དང་ཉི་མ་ནུབ་བྱང་དུ་བ་དན། བྱང་དུ་བེ་ཅོན་བྱང་ཤར་དུ་མདུང་རྩེ་གསུམ་པ་རྣམས་
དགོད། བཀྲ་ཤིས་ཀྱི་ལྷ་མོ་བར་བར་དུ་སྤེལ་ལ་དགོད་དོ། །ཡང་ན་མ་བཀོད་ཀྱང་མི་འགལ་སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་དགོད། གཞན་ཡང་སེང་གེ་གླང་ཆེན་ལྡ་ལྡི་དོ་ཤལ་དྲིལ་བུ་ཕྲེང་བ་རྣམས་ཅི་རིགས་དགོད་དོ། །རྒྱན་ཡང་རྒྱུད་ལས། བྱ་
དང་བུམ་པ་གང་བ་དང་། །གཏོར་མ་སྣོད་རྣམས་བཀང་བ་དང་། །བརྒྱ་སྙེད་ཙམ་དུ་གཞག་བྱའམ། །ཡང་ན་བཅུ་དྲུག་སྙེད་དུ་གཞག །བཟའ་བ་དང་ནི་བཅའ་བའི་བཤོས། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་དར་ལ་སོགས། །གདུགས་མཆོག་རྣམས་ཀྱིས་
ལེགས་པར་བརྒྱན། །ཞེས་འབྱུང་དེ་ཡང་དཀྱིལ་འཁོར་དུ། བུམ་པ་བྱ་ཆུས་བཀང་བ་རྣམས་སྨན་དང་འབྲུ་དང་རིན་པོ་ཆེ་དང་མགུལ་ཆིངས་དང་། ལྡུམ་བུས་བརྒྱན་པ་གཞུང་དང་མཐུན་པར་བྱས་ལ་བཅུ་ཡན་ཆོད་དགོད་པ་དང་། གཏོར་མའི་བུམ་པ་ལྷ་བཤོས་སྣོད་གཙང་མ་བཀང་
བ་བརྒྱད་དམ་བཅུ་དྲུག་སྙེད་ཀྱི་བཟའ་བ་དང་བཅའ་བ་དང་མེ་ཏོག་བདུག་པ་མར་མེ་བྱུག་པ་བརྒྱའམ། སྟོང་ངམ། དེ་ལས་ལྷག་མའི་མཆོད་པ་ལ་སོགས་པ་མེ་ཏོག་གི་ཕྲེང་བ་དང་། རྒྱལ་མཚན་དང་བླ་རེ་དང་གདུགས་དང་བ་དན་དང་འཕན་ལ་སོགས་པས་བརྒྱན་པ་དང་། དཀྱིལ་
འཁོར་མཐའ་མ་མེ་ཏོག་སིལ་མ་བཀྲམ་ཞིང