Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 101_གཟུངས་འདུས།_ཝཾ
Văn bản gốc(Tây Tạng)
Trang 6 / 17 (50.000 ký tự/trang)
་པདྨ་ལ་ཀླུའི་རྒྱལ་པོ་མགོ་དགུ་པ་དགོད། བྱང་ཕྱོགས་ཀྱི་པདྨ་ལ་ཀླུ་མགོ་ལྔ་བ་དགོད། ཕྲིན་ལས་ཀྱི་གཞུང་ལས་འབྱུང་བ་ཡང་དགོད། ཨོྃ་ཧི་ཧཱུྃ་ཕཊ་ཕཊ། ཧཱུྃ་བི་ཛ་ཡ་ཕཊ་ཕཊ། ནཱ་ག་ལི་ཛྭ་ལ་ཤད་ཤད། ཛྭ་ལི་བི་ཀྲ་ཏ། བཛྲ་བཛྲ་ལ་མ་ཧཱ་ པ་ལ་བཱིརྱ་པ་རཱ་ཀྲྀ་ཏ། ད་ར་ཙི། པྲ་མེ་རུ། ཕཊ་ཕཊ་དུ། གཟུངས་འདི་བརྗོད་མ་ཐག་ཏུ་ས་ཆེན་པོ་རྣམས་གཡོ་བར་འགྱུར་རོ། །ཀླུའི་རྒྱལ་པོ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ཁས་སྦུབ་ཏུ་འགྱེལ་ནས་རབ་ཏུ་འདར་ཏེ་བརྒྱལ་ནས་འགྲེ་ལྡོག་ ཅིང་ངུའོ། །དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སྨྲེ་ཞིང་སྔགས་འདིས་ཀླུ་རྣམས་ཤིན་ཏུ་ཚིག་གོ། །མ་རུངས་ལགས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་རྣམས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་ལ་ཕན་པ་དང་བདེ་བ་ དང་ལོ་ལེགས་པ་དང་བསྲུང་བ་དང་བསྐྱབ་པ་དང་ཞིང་རྣམས་ཀྱི་མིག་ཤིན་ཏུ་གང་བར་གྱིས་ཤིག །ལོ་ཏོག་ཕུན་སུམ་ཚོགས་པ་སྒྲུབས་ཤིག །མི་རྣམས་དང་མི་མ་ཡིན་པ་རྣམས་ལ་རྣམ་པར་འཚེ་བར་མ་བྱེད་ཅིག་ཆར་གྱི་རྒྱུན་ཕོབ་ཤིག །འོན་ཀྱང་ཁྱེད་ཀྱིས་ཡུན་རིང་པོའི་བདེ་བ་དང་ཀླུའི་ གནོད་པ་ཀུན་དང་བྲལ་བར་འགྱུར་རོ། །རྐང་མངས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་མེད་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་རྣམས་ཀྱང་བདེ་ལེགས་ཤོག ། ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོང་། །གླིང་འདིར་ཆར་ཕོབ་དོན་རྣམས་ཀྱིས། །ས་དང་བར་སྣང་གནས་པ་རྣམས། །སྐྱེ་དགུ་ རྣམས་ལ་བྱམས་བྱེད་ཤོག །ཆར་མེད་ཐན་པ་བྱུང་བའི་ཚེ་སྔགས་ཚན་དང་པོ་བརྒྱ་བཟླས་སོ། །བར་མ་ལྔ་བཅུ་བཟླས། ཐ་མ་བདུན་བཟླས་པར་བྱའོ། །སྤྲིན་ལ་བལྟ་ཞིང་བར་པར་སུས་ཀྱང་མ་ཚོར་བར་ཤིབ་བུར་བཟླས་སོ། །གྲངས་ལས་ཐལ་ན་སེར་བར་འགྱུར་བས་སྡིག་ཆེའོ། །ཀླུ་གནད་ ལ་གཏད་པ་ཡིན་པས་སྡིག་ཆེའོ། །ལན་གྲངས་ཡང་ཡང་མི་གདབ་བོ། །ཞག་གཅིག་གམ། ཞག་གཉིས་སམ། ཞག་ལྔར་ཆར་གྱི་རྒྱུན་མི་འབབ་མི་སྲིད་དོ། །ཆོས་ཀྱི་རྒྱལ་བོ་རྒ་ཤི་མི་མངའ་བ། །ཀུན་གྱི་སྨོན་ལམ་མྱུར་དུ་འགྲུབ་འགྱུར་ཤོག །བཅོམ་ལྡན་འདས་ཀྱིས་དེ་སྐད་ ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལྕགས་མཆུ་ནག་པོའི་གཟུངས་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨོ་ཛཿཔྲ་ཏྱཾ་གི་ར་ཎ་སཱུ་ཏྲ། བོད་སྐད་དུ། འཕགས་པ་མདངས་ཕྱིར་འཕྲོག་པ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་མདངས་ཕྱིར་འཕྲོག་པའི་རིག་སྔགས་ཟུང་ཤིག །ཆོངས་ཤིག་ལྷོགས་ཤིག་ཀུན་ཆུབ་པར་གྱིས་ཤིག །ཀུན་དགའ་བོ་གང་ལ་ལ་ཞིག་མདངས་ ཕྱིར་འཕྲོག་པའི་རིག་སྔགས་འཆང་ངམ། སྟོན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་ན་དེའི་མདངས་ཕྱིར་མི་འཕྲོགས་ཤིང་འཕྲོག་པར་མི་འགྱུར་རོ། །ཕྲོགས་ན་ཡང་ཕྱིར་ཡང་དག་པར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གསང་སྔགས་ཀྱི་གཞི་འདི་དག་བཀའ་ སྩལ་ཏོ། །ཏདྱ་ཐཱ། ཕི་ལེ་ཕི་ལ་མེ། ཕི་ལུ་མེཾ་གེ །ཕི་ལུ་མ་ཏི། བ་ལྒུ་མ་ཏི། སཱ་ར་བ་ཏི། ཀྵི་ར་བ་ཏི། ཀུ་རུ་མཱ་ཏི། ཨུ་ཏ་བ་ལ་ནི། གཽ་རི། གནྡྷ་རི། ཙཽ་རི། ཙཎྜ་ལི། སྟུ་རེ། སྟུ་བ་རེ། ཨིནྡྲ་མཱ་ལི་ནི། ཛ་ལ་ནི། སོ་བཱ་ཀེ་ཏྲི་ཀྵོ་ཥ་ནེ། སཱ་ག་རེ། མ་ཧཱ་སཱ་ག་རེ། པུ་རུ་ ཙེ། པུ་རུ་ཙུ་རེ། ས་ནེ་མ་ནེ། ད་བ་ཕེ་ད་དམ་པ་ཕེ། ཧུ་ལུ་ཧུ་ལུ་སྭཱ་ཧཱ། རིག་སྔགས་འདི་བཀའ་སྩལ་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་པ་ནས། འཁྲུགས། རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས་ པའི་བར་དུ་གྱུར་ཏོ། །གནོད་སྦྱིན་རྣམས་ཀྱང་ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མའོ་ཉམ་ཐག་གོ་ཞེས་ངུ་ཞིང་སྐད་ཆེན་པོ་སྒྲ་ཆེན་པོ་འབྱིན་ཅིང་འཁོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ངས་བདེན་པ་དང་། བདེན་པའི་ ཚིག་གང་གིས་མདངས་ཕྱིར་འཕྲོག་པའི་རིག་སྔགས་འདི་གསུངས་པའི་བདེན་པ་དང་། བདེན་པའི་ཚིག་དེས་ངས་བསྲུང་བར་བྱའོ། །བདེ་ལེགས་སུ་འགྱུར་བའི་བར་དུའོ། །དེའི་མདངས་དབྲོག་པར་བྱའོ། །ཕྱིར་དབྲོག་པར་བྱའོ། །ཉེ་བར་ བསྒྲུབ་པར་བྱའོ། །གནོད་སྦྱིན་གྱིས་ཟིན་ཏམ། མི་དང་མི་མ་ཡིན་པས་ཟིན་ན་དུས་དེ་དང་། ཚོད་དེ་དང་། ཡུད་ཙམ་དེ་ལ་མདངས་འཕྲོག་གོ། །ཕྱིར་མི་འཕྲོག་གོ། །རྣམ་པར་འཇུག་གོ། །གལ་ཏེ་འཕྲོག་ཅིང་ཕྱིར་མི་འཕྲོག་པར་མི་བྱེད་དེ། གནས་ན་འདུག་བཞིན་དུ་རྣམ་པར་ མི་འཇིག་ཅིང་། ཡང་འཇོམས་པར་འདོད་དམ། འཕྲོག་པར་འདོད་པར་གྱུར་ན། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉན་ཐོས་ཀྱི་ཚོགས་དང་བཅས་པ་དེ་མི་མཉེས་པར་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་ དགའ་བོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མདངས་ཕྱིར་འཕྲོག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བི་ཛ་ཡ་བ་ཏི་ནཱ་མ་པྲ་ཏྱཾ་ གི་རཱ། བོད་སྐད་དུ། ཕྱིར་ཟློག་པ་འཕགས་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱའོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྲུང་བ་ལ་མངོན་པར་བརྩོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་ཐམས་ཅད་ ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་ ཕྱིར་ཟློག་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ་གཤེད་བྱེད་དང་བྱད་སེལ་བ། རོ་ལངས་དང་། བཀྲ་མི་ཤིས་པ་རབ་ཏུ་ཞི་བར་བྱེད་པ། རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། མཁའ་འགྲོ་མའི་འཇིགས་པ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་གྱི་འཇིགས་པ་དང་། གྲིབ་གནོན་གྱི་འཇིགས་པ་དང་། བརྗེད་བྱེད་ཀྱི་འཇིགས་པ་དང་། སྲུལ་པོའི་འཇིགས་པ་དང་། ལུས་སྲུལ་པོའི་འཇིགས་པ་དང་། ལམ་ལོག་པ་དང་། ལམ་དུ་ཞུགས་པའི་འཇིགས་པ་དང་། ཉིན་མོ་དང་མཚན་ མོའི་འགྲོ་བ་སོ་སོའི་འཇིགས་པ་རྨུགས་པར་བྱེད་པ་རེངས་པར་བྱེད་པ་རྨོངས་པར་བྱེད་པ་མདོག་བཟང་པོར་བྱེད་པ་སྤྲོ་བ་ཡང་དག་པར་འཕེལ་བར་བྱེད་པ། དགྲ་ཐམས་ཅད་ཟློག་པ་བགེགས་དང་ལོག་འདྲེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་སྡིག་པ་ཐམས་ཅད་ཡང་དག་པར་བྱང་བར་བྱེད་པ་ཁ་ རྨུགས་པར་བྱེད་པ་ཁ་རེངས་པར་བྱེད་པ་བཞིན་མཛེས་པར་བྱེད་པ་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་གཞི་འདི་དག་གྲུབ་པར་གྱུར་ཅིག །ཏདྱ་ཐཱ། ཨོྃ་ དྷ་ར་དྷ་ར། དྷ་ར་དྷ་ར། དྷ་ར་དྷ་ར། དྷ་ར། དྷི་རི་དྷི་རི། དྷི་རི་དྷི་རི། དྷི་རི་དྷི་རི། དྷི་རི། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ། དྷུ་རུ། བདག་འཇིགས་པ་དང་། གནོད་པ་ཐམས་ཅད་དང་། གཤེད་བྱེད་དང་། བྱད་ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ། ཏདྱ་ཐཱ། ས་ར་ས་ར། ས་ར་ས་ར། ས་ར་ས་ར། ས་ར། སི་རི་སི་རི། སི་རི་སི་རི། སི་རི་སི་རི། སི་རི། སུ་རུ་སུ་རུ། སུ་རུ་སུ་རུ། སུ་རུ་སུ་རུ། སུ་རུ། མ་ར་མ་ར། མ་ར་མ་ར། མ་ར་མ་ར། མ་ར། མི་རི་མི་རི། མི་རི་མི་རི། མི་རི་མི་རི། མི་རི། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ། བདག་ནད་ ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ། ཏདྱ་ཐཱ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ། ཀི་ལི་ཀི་ལི། ཀི་ལི་ཀི་ལི། ཀི་ལི་ཀི་ལི། ཀི་ལི་ཀི་ལི། ཀི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི། ཙི་ལི་ཙི་ལི། ཙི་ལི་ཙི་ལི། ཙི་ལི་ཙི་ལི། ཙི་ལི་ཙི་ལི། ཙི་ལི། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ། འབྱུང་པོ་ཐམས་ཅད་བཟློག་པར་མཛད་དུ་གསོལ། ཨོྃ་བི་ས་ར་བི་ས་ར། ཀཾ་པ་ཀཾ་པ། ནཱ་ཤ་ནཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། དགྲ་གང་དག་བདག་ལ་མི་ཕན་པར་འདོད་པ་དང་། རྣམ་པར་སྡང་བ་དང་གནོད་པར་སེམས་པ་དང་སྔགས་བྱེད་པ་དང་སྦྱིན་སྲེག་བྱེད་པ་དང་། བྱེད་དུ་འཇུག་པ་དང་བྱས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་ཉིད་ལ་སླར་སོང་ཤིག་སྭཱ་ཧཱ། མི་མཛའ་བ་ཐམས་ཅད་ཀྱི་ མིག་བཅིང་ངོ་རྣ་བ་བཅིང་ངོ་སྣ་བཅིང་ངོ་ལྕེ་བཅིང་ངོ་ལུས་བཅིང་ངོ་ཡིད་བཅིང་ངོ་ཡན་ལག་དང་ཉིང་ལག་ཐམས་ཅད་བཅིང་ངོ་། །སྥུ་ཊ་སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ་སྥོ་ཊ་ཡ། གཤེད་བྱེད་དང་བྱད་ཐམས་ཅད་རྣམ་པར་བསལ་དུ་གསོལ། རྣམ་པར་གཞོམ་དུ་གསོལ། རྣམ་པར་གཞིག་ཏུ་ གསོལ། སརྦ་ཤ་ཏྲཱུཾ། ཏུ་རུ་ཏུ་རུ། ཏུ་རུ་ཏུ་རུ་སྭཱ་ཧཱ། བདག་འཇིགས་པ་དང་། གནོད་པ་ཐམས་ཅད་དང་། གཤེད་བྱེད་དང་བྱད་དང་རོ་ལངས་དང་བརྗེད་བྱེད་ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ་སྭཱ་ཧཱ། བདག་གི་སྡིག་པ་ཐམས་ཅད་བསལ་དུ་གསོལ་བསལ་དུ་ གསོལ། ཙ་ར་ཙ་ར་སྭཱ་ཧཱ། མ་ར་མ་ར་སྭཱ་ཧཱ། སི་རི་སི་སྭཱ་ཧཱ། ཀུ་རུ་ཀུ་རུ་སྭཱ་ཧཱ། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ། དྷུ་རུ་སྭཱ་ཧཱ། མི་གང་དག་གནོད་པར་འདོད་ལ་ཕན་པར་མི་འདོད་ཅིང་བདག་ལ་ལྟ་བ་ཐམས་ཅད་རྨུགས་པར་བགྱིའོ་རེངས་པར་བགྱིའོ་འཁྲུགས་པར་བགྱིའོ་རྨོངས་པར་བགྱིའོ། ། འབྱུང་པོ་ཐམས་ཅད་དང་། གདོན་ཐམས་ཅད་དང་། ནད་ཐམས་ཅད་འཁྲུལ་པར་མཛད་མ། རྨོངས་པར་མཛད་མ། རྨུགས་པར་མཛད་མ། རེངས་པར་མཛད་མ། འཇིག་པར་མཛད་མ། རྣམ་པར་འཇིག་པར་མཛད་མ། རྣམ་པར་འཐོར་བར་མཛད་མ། རྣམ་པར་འཇོམས་ པར་མཛད་མ་སྭཱ་ཧཱ། ནཱི་ལེ་ནཱི་ལེ། ནཱི་ལ་ཀེ་ཤེ་སྭཱ་ཧཱ། པཱི་ཏི་པཱི་ཏི། བཱི་ཏ་ཀེ་ཤེ་སྭཱ་ཧཱ། ལོ་ཧི་ཏེ་ལོ་ཧི་ཏེ། ལོ་ཧི་ཏ་ཀེ་ཤེ་སྭཱ་ཧཱ། ཨ་བ་ད་ཏེ། ཨ་བ་ད་ཏེ། ཨ་བ་དཱ་ཏ་ཀེ་ཤེ་སྭཱ་ཧཱ། ཤྭེ་ཏེ་ཤྭེ་ཏེ་ཤྭེ་ཏེ་བསྟྭ་དྷཱ་ར་ཎི་ཡེ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་ལ་དབང་སྒྱུར་མ། བདག་གི་སྡིག་ པ་ཐམས་ཅད་བསལ་དུ་གསོལ་སྭཱ་ཧཱ། འཕེལ་བར་མཛད་མ་འཕེལ་བར་མཛད་མ། བདག་གི་དཔལ་དང་སྐལ་བ་བཟང་པོ་ཐམས་ཅད་སྤེལ་དུ་གསོལ་འཕེལ་བར་མཛད་དུ་གསོལ་མཛད་དུ་གསོལ་སྭཱ་ཧཱ། བདག་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ ཅད་དང་། གཤེད་བྱེད་ཐམས་ཅད་དང་། བྱད་ཐམས་ཅད་དང་། ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་། བཟའ་ཉེས་དང་། བསྒོམ་ཉེས་དང་། གནོད་གྲིབ་དང་། གནོད་ལྟས་ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ་སྭཱ་ཧཱ། ཕྱིར་ བཟློག་རྣམ་པར་རྒྱལ་བ་ཅན། །རྒྱལ་བ་འབྱུང་བ་གསུངས་པ་འདི། །གང་གི་མགུལ་དུ་འདི་བཏགས་པ། །དེས་ནི་རྒྱལ་འགྱུར་ཐེ་ཚོམ་མེད། །སྡིག་དང་རྨི་ངན་བཀྲ་མི་ཤིས། །རྒྱལ་པོ་མེ་དང་ཆོམ་རྐུན་དགྲ། །དེ་དག་རྣམས་ཀྱིས་དེ་མི་ཚུགས། །གང་གི་མགུལ་དུ་འདི་བཏགས་པ། །དེ་ ནི་ཆུ་ཡིས་ཁྱེར་མི་འགྱུར། །སྡིག་པ་ཡང་དག་བྱང་བར་འགྱུར། །དགེ་བ་རྣམས་ནི་རྟག་ཏུ་འཕེལ། །ནད་མེད་པ་ཡང་འཐོབ་པར་འགྱུར། །ཕྱིར་ཟློག་པ་འཕགས་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ་རྫོགས་སོ།། ༄༅། །འཕགས་པ་རིག་སྔགས་ཀྱི་ རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་གླིང་བཞི་པའི་དབང་ཕྱུག་འབྱུང་པོའི་བདག་པོ་ཆེན་པོ་མཆེ་བ་གཙིགས་པ་སེར་སྐྱ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་ནི་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་ལགས་ཏེ། བདག་གིས་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ན་མཆིས་པའི་འབྱུང་པོ་ཐམས་ཅད་ལ་འཚེ་བར་བགྱིད་རྡེག་པར་བགྱིད་འཆིང་བར་བགྱིད་འཇིག་རྟེན་གྱི་ཁམས་འདི་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འཕེན་པར་ བགྱིད་ཡན་ལག་དང་ཉིང་ལག་རྣམས་རྣམ་པར་གཅོད་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་གང་གི་ཚེ་བདག་བཀྲེས་པར་གྱུར་པ་ན་དབུགས་གཏོང་སྟེ། དབུགས་དེས་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ཀུན་དུ་འགེངས་པར་བགྱིད་ཅིང་། བཅོམ་ལྡན་འདས་བདག་མི་ དང་མི་མ་ལགས་པ་ཐམས་ཅད་ཀྱི་གཟི་བྱིན་འཕྲོག་པར་བགྱིད་ལགས་ཏེ། དབུགས་ཆེན་པོས་སེམས་ཅན་རྣམས་ལ་རེག་མ་ཐག་ཏུ་བྲོ་ནད་སྣ་ཚོགས་དག་འབྱུང་ལགས་སོ། །བཅོམ་ལྡན་འདས་གང་ན་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བགྱི་བ་འདི་སྤྱོད་པ་དེར་བདག་གི་ དབུགས་ཀྱིས་མི་ཚུགས་པ་དང་། འབྱུང་པོ་རྣམས་འཚེ་བར་མི་འགྱུར་བ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་ཕྱག་བགྱིས་ནས། མགོའམ། མགུལ་དུ་ བཏགས་ཏེ་འཆང་བ་དེར་རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་བྲོ་ནད་རྣམས་འབྱུང་བར་མི་འགྱུར་བར་བདག་དེང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འཚལ་ལགས་སོ། །ཏདྱ་ཐཱ། ཌ་ར་ཌ་ར། ཌ་ཌ་ར། ཌ་ཌ་ར། ཐ་ར་ཐ་ར། ཐ་ཐ་ར། ཐ་ཐ་ར། མ་ར་མ་ར། མ་མ་ར། མ་མ་ར། དྷུ་ཧུ་དྷུ་ཧུ། ཧ་ཧ་ཧ། ས་ར་ས་ར་ས་ར། ཙུ་ཙུ་ཙུ། བུ་བུ་བུ། ཀི་ལི་ཀི་ལི་ཀི་ལི། སརྦ་བྷཱ་ཏ་ཨ་དྷི་པ་ཏི། དྲ་དྲ་དྲ། བྲ་བྲ་བྲ། གུ་གུ་གུ། ཀྲ་ཀྲ་ཀྲ། ཡ་ས་ཡ་ ས་ཡ་ས། པཱཎྜ་རེ། པཱཎྜ་རེ། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་ཧུ་ཧུ། བདག་ལ་སྲུངས་ཤིག །སྲུངས་ཤིག །ཙི་ལི་ཙི་ལི་ཙི་ལི། མི་ལི་མི་ལི་མི་ལི། ཁྴོ་ཁྴོ་ཁྴོ། གཽ་རི་གཽ་རི་གཽ་རི་བདག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། མ་ཧཱ་ཤྭཱ་སཱ་ཡ་སྭཱ་ཧཱ། མ་ཧཱ་བྷཱུ་ཏ་ ཨ་དྷི་བ་ཏ་ཡེ་སྭཱ་ཧཱ། གཽ་རི་ཡེ་སྭཱ་ཧཱ། ཨུ་གྲཱ་ཡ་སྭཱ་ཧཱ། བདག་བདེ་ལེགས་སུ་གྱུར་ཅིག་དཾཥྚཱི་ཀ་རཱ་ལ་བིང་ག་ལ་ཨཱཛྙཱ་བ་ཡ་ཏི་སྭཱ་ཧཱ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བ་ར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཎི་བྷ་དྲ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུ་བཅོམ་ལྡན་འདས་ག་ལ་བ་ དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་སྙིང་པོ་འདི་ཉིན་རེ་ཞིང་དུས་གསུམ་དུ་འདོན་པར་བྱེད་ན་བདག་དེའི་སླད་བཞིན་དུ་རྟག་པར་འབྲང་བར་འཚལ་ལོ། །དེའི་དགོས་པ་ཐམས་ཅད་ཀྱང་བགྱིའོ། །ཟས་དང་གོས་དང་དབྱིག་དང་གསེར་དང་ནོར་དང་། འབྲུ་དང་དངུལ་དག་ཀྱང་སྩལ་བར་འཚལ་ལོ། །དེའི་དོན་ཐམས་ཅད་ཀྱང་འགྲུབ་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱང་དེའི་དབང་དུ་འགྱུར་བར་བགྱིའོ། །དེའི་བྱ་བ་སྣ་ཚོགས་ཐམས་ཅད་ཀྱང་མོད་ལ་སྒྲུབ་པར་འཚལ་ཏེ། འཁྲིག་པ་དང་ལྡན་པ་ནི་མ་གཏོགས་སོ། །ན་མོ་ རཏྞ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། སྱཱད་ཡ་ཐེ་ད་ན། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཙི་ལི་མ་ཎི་བྷ་དྲ། ཙི་ལི་ཙི་ལི་མ་ཎི་བྷ་དྲ། ཙུ་ལུ་མ་ཎི་བྷ་དྲ། ཙུ་ལུ་ཙུ་ལུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། སརྦ་ཨརྠཾ་མེ་སཱ་དྷ་ཡ་སྭཱ་ཧཱ། ཏདྱ་ཐཱ། པཱུ་ཏ་ནེ་སུ་པཱུ་ཏ་ནེ། སུ་རུ་མེ། སུ་མཱ་ཏི། སུ་རཱ་ཐེ། ས་སྨ་བ་ཏེ། ཧི་ལི་ཀེ། ཧི་ལ་ཀཱ་ལི། པཱུ་རྞེ་སིདྡྷེ་བྷ་དྲ། ཧི་ལི་ཧི་ལི་སྭཱ་ཧཱ། ཨེ་ཧི་ཀོ་ནིཥྐེ། ཨེ་ཧི་སོ་ནིཥྐེ། ཨེ་ཧི་གོ་ནིཥྐེ་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །འདིའི་ཆོ་ག་ནི་འདི་ཡིན་ཏེ་ཟླ་བ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་གཙང་སྦྲ་བྱས་ལ་དུས་གསུམ་དུ་ཨ་ག་རུའི་བདུག་པས་བསྲེགས་ ཏེ་ལན་བདུན་སྟོང་བཟླས་བརྗོད་བྱས་ན་གསེར་རྙེད་པར་འགྱུར་རོ། །འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ལོ་ཙྪ་བ་བནྡེ་ཀླུའི་དབང་པོས་བསྒྱུར།། །། ༄༅། །རྒྱ་གར་སྐད་དུ། ཀཱ་རུ་ཎི་ཀ་སྱ་ཨཱརྱ་ཛམྦྷ་ལ་ཛ་ལནྡྲ་སུ་ཤཾ་ཀ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་ནོར་བུའི་གྲོང་ཁྱེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའ་ནོར་བུ་བཟང་པོའི་བུའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་བདག་གི་སྙིང་པོ་ཉིན་ལན་གསུམ་མཚན་ལན་གསུམ་སེམས་པར་བགྱིད་ན། བཅོམ་ལྡན་འདས་བདག་རྟག་ཏུ་དེའི་རྗེས་སུ་འབྲང་བར་བགྱིད། བདག་དཔག་ཚད་ བརྒྱར་ཡང་གནོད་སྦྱིན་རྣམས་ལས་བསྲུང་བར་བགྱིའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །འདོད་པ་དང་ལྡན་པའི་ཁ་ན་མ་ཐོ་བ་མ་གཏོགས་པ་འདི་ལྟ་སྟེ་ཟས་དང་སྐོམ་དང་བཅའ་བ་དང་བཟའ་བ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་སྩལ་བར་བགྱིའོ། ། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཨོྃ་ ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ་མེ་སཱདྷ་ཡ་སྭཱ་ཧཱ། ཏདྱ་ཐཱ། པཱུ་ཏ་ནེ་པཱུ་ཏ་ནེ། སུ་རུ་མེ། སུ་མཱ་ཏེ། སུ་བནྟེ་སུ་པཱུ་ཥྱ། ཧི་ལི་མི་ལི་སྭཱ་ཧཱ། ཆོ་ག་ནི་ཟླ་བ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་ཙནྡན་དཀར་པོས་དཀྱིལ་འཁོར་བྱས་ལ་ཨ་ཀ་རུ་བསྲེགས་ནས་བཟླས་བརྗོད་བྱས་ན་དེའི་འོག་ཏུ་གསེར་ཐོབ་པར་འགྱུར་ རོ། །འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཛམྦྷ་ལ་ནཱ་མ་ཨཥྚ་ཤ་ཏ་ཀ །བོད་སྐད་དུ། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། འཕགས་པ་ གནོད་འཛིན་ལ་ཕྱག་འཚལ་ལོ། །དེ་ནས་གནོད་སྦྱིན་འབྲོག་གནས་བོ། །གསེར་དག་གིས་ནི་ལེགས་པར་བརྒྱན། །རིན་ཆེན་གྱིས་ནི་རབ་མཛེས་ཤིང་། །མེ་ནི་ཤིན་ཏུ་འབར་འདྲ་བ། །ལྕང་ལོ་ཅན་དུ་བཞུགས་ནས་ཀྱང་། །གསང་བདག་རྡོ་རྗེ་འཆང་བ་ཡི། །ཞབས་གཉིས་ལ་ནི་ རབ་འཇུས་ནས། ཤིན་ཏུ་མཉམ་བཞག་དྲིས་བ་ནི། །བཅོམ་ལྡན་གནོད་འཛིན་རྒྱལ་དབང་པོ། །གསང་སྔགས་ཚོགས་ནི་ཀུན་གྱི་བདག །རིག་སྔགས་འཆང་རྣམས་ཀུན་གྱིས་མཆོད། །ལྷ་དང་ལྷ་མིན་ཕྱག་བྱས་པ། །མ་རུངས་འདུལ་ལ་བརྩོན་པ་པོ། །བྱང་ཆུབ་སེམས་ དཔའི་ཡོན་ཏན་ལྡན། །མགོན་པོ་སེམས་ཅན་ཀུན་དོན་མཛད། །སངས་རྒྱས་ཀུན་གྱི་གསང་བ་འཛིན། །སེམས་ཅན་རྣམས་ལ་ཕན་འདོགས་པས། །སྙིང་རྗེས་ནོན་པའི་ཡིད་ཀྱིས་སུ། །ཡང་དག་རྫོགས་པའི་བྱང་ཆུབ་ཕྱིར། །བདག་གིས་ཀྱང་ནི་སེམས་བསྐྱེད་དེ། ། མི་རྣམས་ནོར་ནི་ཉུང་བ་དང་། །བསོད་ནམས་ཆུང་ཞིང་དབང་ཆུང་བ། །མཐོང་ནས་སྡུག་བསྔལ་ཆེན་པོ་ཡིས། །རབ་ཏུ་གཟིར་ཏོ་གསང་བའི་བདག །དེ་སྐད་གནོད་འཛིན་གྱིས་སྨྲས་ནས། །བཅོམ་ལྡན་གསང་བ་གསང་བའི་བདག །སྙིང་རྗེས་ནོན་ཏེ་སྨྲས་པ་ནི། ། ལེགས་པར་ཉོན་ཅིག་གསང་བ་པ། །མགོན་པོ་གནོད་འཛིན་དཔལ་དང་ལྡན། །སེམས་ཅན་ཀུན་གྱི་དོན་བྱེད་པ། །དབུལ་བའི་ཉོན་མོངས་སེལ་བ་བོ། །ནོར་རོ་ཅོག་གི་དབང་ཕྱུག་གི། །མཚན་བརྒྱ་རྩ་བརྒྱད་བསོད་ནམས་ལྡན། །དབུལ་བའི་ཉེས་སྡིག་སེལ་བྱེད་པ། ། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །རྒྱལ་མཆོག་རྣམས་ཀྱིས་སྔོན་གསུངས་པ། །འོད་ཟེར་བརྒྱ་པ་ཞེས་པ་ཡི། །ཞིང་ན་སངས་རྒྱས་ཉི་མའི་ཞལ། །ཆོས་སྟོན་པ་ན་བདག་གིས་ཀྱང་། །དེ་ནི་རང་གི་སྔོན་ཐོས་ཏེ། །དབུལ་བ་སེལ་ཅིང་བསོད་ནམས་ལྡན། །དེ་ནི་བདག་གི་ ཤེས་རབ་ཀྱིས། །སེམས་ཅན་ཀུན་དོན་བརྩོན་པ་པོ། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་མཉམ་བཞག་རབ་ཏུ་ཉོན། །འཕགས་པ་ལྷ་དང་ལྷ་མིན་བླ། །ཤེས་རབ་ལྡན་ཞིང་ཆོས་ལ་གུས། །སྙིང་བརྩེའི་བདག་ཉིད་བཟོད་ལྡན་བརྟན། །དབང་པོ་ཞི་བ་དབང་ པོ་ཐུལ། །དགེ་བ་སྡིག་འཇོམས་ཤེས་ཉེན་ཅན། །དེས་ཤིང་དོན་ཀུན་སྒྲུབ་པ་པོ། །མི་གནོད་མི་སླུ་དཔལ་དང་ལྡན། །མཛོད་བདག་གཞན་གྱིས་མི་ཐུབ་པ། །དཀོན་མཆོག་གསུམ་གྱི་སྐྱབས་གཅིག་པ། །སངས་རྒྱས་ཀུན་གྱིས་གཟིགས་པ་པོ། ། གཏེར་རྣམས་སྐྱོང་བ་གཟི་བརྗིད་ཅན། །རྟག་སྦྱིན་ནོར་ནི་འཕེལ་བྱེད་པ། །རིན་ཆེན་འབྱུང་གནས་སྐྱེ་བོ་འདུལ། །ཆུ་ཡི་བདག་པོ་ཆུ་འབེབས་པ། །གནོད་སྦྱིན་ཆུ་སྤྱོད་བདག་ཉིད་ཅན། །གཏེར་དོན་ཉེ་བར་སྟོན་པ་པོ། །གསེར་གྱི་རི་བོ་ལྷུན་པོ་སྟེ། །དབུལ་བའི་གདོན་ ལས་ཐར་བྱེད་པ། །དབང་པོ་ཉེ་དབང་འགྲོ་བའི་མགོན། །ཆུ་ཡི་དབང་པོ་སྤྲིན་མདོག་ཅན། །འཇིག་རྟེན་མིག་དང་འཇིག་རྟེན་བླ། །ཉི་མ་ཟླ་བ་ཐེར་ཟུག་པ། །ནོར་ཆེན་རྒྱལ་པོ་ཆེན་པོ་སྟེ། །ལག་ན་ནེའུ་ལེ་རབ་གནས་པ། །གཞོན་ནུ་སེང་གེ་ཏོག་ཅན་ཏེ། ། གནོད་སྦྱིན་ཆེན་པོ་རྫུ་འཕྲུལ་ཆེ། །ཚིག་གི་བདག་པོ་བཞིན་འཛུམ་པ། །གསོང་པོར་སྙན་པར་སྨྲ་བ་བོ། །བྲམ་ཟེ་འདོད་པའི་ལྕགས་ཀྱུ་སྟེ། །ཆེ་བ་དོན་འགྲུབ་གྲུབ་པས་མཆོད། །རིག་སྔགས་འཆད་པ་འཁོར་ལོས་སྒྱུར། །ཀུ་བེ་ར་དང་མི་ལ་ཞོན། །བུམ་པའི་ ལྟོ་ཅན་མིག་ཡངས་པ། །ལྷ་ཡི་དྲི་ལྡན་ཡིད་ལྟར་མགྱོགས། །ཁྱབ་བདག་བདེ་འབྱུང་ནོར་བཟང་སྲས། །སེམས་ཅན་རྣམས་ནི་སྐྱོང་ལ་དགའ། །འདོད་དགུར་སྒྱུར་གཟུགས་ཡིད་ཀྱི་ལྷ། །ཅོད་པན་ཅན་དེ་རིགས་དགའ་བ། །གཡོན་ཕྱོགས་ཅོད་པན་ལག་ན་དབྱུག ། ལག་པ་བརྒྱ་པ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ལྷ་ཡུལ་བ། །ཟླ་བ་ཉ་བའི་ཞལ་མདོག་ཅན། །དེད་དཔོན་ཚོགས་ཀྱི་བདག་པོ་སྟེ། །གནས་བརྟན་ཚོང་པ་སྐལ་བཟང་བ། །ཡིད་བཞིན་ནོར་བུ་བུམ་པ་བཟང་། །དཔག་བསམ་ལྗོན་ཤིང་མི་ཡི་བདག །མཆོག་ དོན་འོས་པ་གཙོ་བོ་སྟེ། །མཆོག་སྦྱིན་མིའུ་ཐུང་ཁྱབ་འཇུག་པ། །སྐྱབས་འོས་བཀྲ་ཤིས་སྲུང་བ་བོ། །རིན་ཆེན་ཕྲེང་བས་རྣམ་པར་བརྒྱན། །ལྷ་ཡི་སེང་གེའི་ཁྲི་ལ་བཞུགས། །བྱང་ཆུབ་སེམས་དཔའ་དཔལ་གྱི་བདག །རབ་ཏུ་ངར་བ་ནོར་མི་ཟད། །སེང་གེའི་རྩལ་ གྱི་མཐུ་རྩལ་ཅན། །སྟོན་པ་འཇིག་རྟེན་གསུམ་ལས་རྒྱལ། །གཙོ་བོ་ཚོང་བ་རིགས་ཀྱི་མཆོག །པདྨའི་ལྟེ་བ་ཐུབ་མེད་རྒྱལ། །ཚངས་པར་སྤྱོད་པ་རྒྱ་མཚོ་ཆེ། །གནོད་འཛིན་བདག་ཉིད་ཆེ་བ་ཡི། །མིང་བརྒྱ་རྩ་བརྒྱད་ངས་བཤད་འདི། །སྡིག་པ་ཐམས་ཅད་འཇོམས་བྱེད་ ཅིང་། །དབུལ་བའི་ཉོན་མོངས་སེལ་བྱེད་པ། །འབྱོར་དང་སྐལ་བཟང་སྐྱེད་པ་པོ། །གླང་པོ་རྟ་ནོར་འཕེལ་བྱེད་པ། །གཟའ་དང་རྒྱུ་སྐར་རྨི་ལམ་ངན། །ལྟས་ངན་སེལ་བར་བྱེད་པ་སྟེ། །ནགས་སམ་གལ་ཏེ་གྲོང་དང་ནི། །དུར་ཁྲོད་ཡང་ན་རི་ཡང་རུང་། །མཁས་པ་གང་ ན་ཀློག་པ་དེར། །གཡུལ་དང་དགྲ་ནི་ཉམ་ང་བ། །སྦྲུལ་དང་མེ་ཆུ་ཆོམ་རྐུན་སོགས། །སྟག་དང་དོམ་དང་འཇིག་པ་ཆེ། །རྒྱ་མཚོ་བགྲོད་དཀའ་མི་བཟད་ལས། །མི་ནི་རབ་ཏུ་ཞི་བར་འགྱུར། །དབང་པོ་མེ་དང་ཆུ་ལྷ་དང་། །གཤིན་རྗེ་སྲིན་བདག་རླུང་ལྷ་དང་། །ནོར་སྦྱིན་ དཔལ་ལྡན་ཀུ་བེ་ར། །ནོར་བུ་བཟང་སྲས་ལྔས་རྩེན་དང་། །རྩེད་མོ་ཅན་དང་འཕྲོག་གནས་དང་། །ལྷ་དང་གནོད་སྦྱིན་གཞན་དག་ཀྱང་། །གཡེལ་བ་མེད་པར་ཉིན་མཚན་དུ། །རབ་ཏུ་དགའ་བཞིན་སྲུང་བར་བྱེད། །གང་ན་མིང་འདི་ཀློག་པ་དེར། །གླང་ཆེན་རྟ་དང་བ་ལང་ དང་། །ལོ་ཏོག་རྣམ་པ་སྣ་ཚོགས་དང་། །འབྲས་བུ་མེ་ཏོག་རྣམས་ཀྱང་འཕེལ། །མི་ནད་དང་ནི་འགོ་བའི་ནད། །གནོད་པ་ཀུན་ལས་བྱུང་བ་རྣམས། །ཐམས་ཅད་དུ་ནི་བདེ་ལེགས་འགྱུར། །ལྷག་པར་བྱིས་པ་རྣམས་ལ་ཤིས། །དེ་ལ་ཡི་དགས་ཀླུ་རྣམས་དང་། ། མ་མོ་དང་ནི་གདོན་དྲག་དང་། །མཁའ་འགྲོ་མ་དང་མིའམ་ཅི། །སྲིན་པོ་རྣམས་ཀྱང་འཚེ་མི་བྱེད། །ནད་དོ་ཅོག་ལས་རྣམ་པར་གྲོལ། །དེ་བཞིན་བདེ་ཞིང་ནོར་དང་ལྡན། །བུ་དག་དང་ནི་ཚ་བོ་དང་། །དཔལ་དང་གཏོང་བ་རྣམས་ཀྱིས་རྒྱས། །རིགས་མཆོག་རྒྱལ་བ་འབྱུང་བ་ དང་། །ལོངས་སྤྱོད་ཆེན་པོའི་ནད་དུ་སྐྱེ། །ཚེ་དང་དཔལ་དང་ལྡན་པ་དང་། །ནད་མེད་གདོན་དང་བྲལ་བར་འགྱུར། །ཚེ་རབས་ཀུན་དུ་སྐྱེ་བ་དྲན། །ལོབས་སྐྱེན་ཐོས་པ་འཛིན་པ་དང་། །བྱང་ཆུབ་སེམས་དཔའི་ཡོན་ཏན་ལྡན། །སྐལ་བ་བཟང་པོ་ཉིད་དུ་འགྱུར། །ཕྱག་འཚལ་ ཕྱག་འཚལ་གནོད་སྦྱིན་རྗེ། །གསང་བདག་ཁྱོད་ལ་ཕྱག་འཚལ་ཏེ། །མ་རུངས་འདུལ་ལ་བརྩོན་པ་པོ། །ལག་ན་རྡོ་རྗེ་ཁྱོད་ལ་འདུད། །སེམས་ཅན་དད་ལ་མཉེས་གཤིན་པ། །ནོར་བཟངས་སྲས་ཀྱི་གྲགས་པ་འདི། །དབུལ་བའི་ནད་ནི་ཞི་བྱེད་པ། །རབ་ཏུ་ བཤད་པ་ལེགས་པར་གསུངས། །དོན་ཀུན་གྲུབ་པ་གསང་བའི་སྔགས། །བདག་གིས་ཀྱང་ནི་འདིར་འབུལ་ཏེ། །དེ་ནི་ལེགས་པར་དྲན་ཙམ་གྱིས། །མི་ནི་དབུལ་ལས་གྲོལ་འགྱུར་ཞིང་། །གཞན་གྱིས་མི་ཚུགས་སྲུང་བར་འགྱུར། །དགྲ་རྣམས་ཀྱིས་ཀྱང་མི་ཆོམས་ཤིང་། །སྐལ་ བ་བཟང་དང་སྐལ་དང་ལྡན། །ལོ་བརྒྱ་ཡང་ནི་འཚོ་བར་འགྱུར། །ལྷ་ཡི་གླང་པོ་རིན་ཆེན་དང་། །རྒྱལ་དང་རྒྱལ་སྲིད་འོས་རྣམས་ཀྱང་། །ངེས་པར་མྱུར་དུ་ཐོབ་འགྱུར་ཏེ། །རྒྱལ་སྲིད་ཀྱང་ནི་ཐེ་ཚོམ་མེད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོྃ་ཧྲཱིཾ་ ཧྲཱིཾ་ཀྵཱ་ཛྲཱོཾ་ཧྲཱཾ་ཧྲཱྃ། །དཱི་བྱ་ར་ཏྲཱཽ་ག་བ་རི་ཤ་ན་ཨ་ཏ་བཱ་ཀ་དེ་བ་ཡཀྵ་ས་མ་ཡ་མ་ནུ་སྨར་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། །ཨཱརྱ་ཛམྦྷ་ལ་ཤྲཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གནོད་ འཛིན་དཔལ་ཞེས་བྱ་བའི་གཟུངས། གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་གནས་དམ་པ་ན་འཁོར་གནོད་སྦྱིན་དུ་མས་བསྐོར་ཏེ་བཞུགས་སོ། །དེའི་ཚེ་ གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་ལ་གསང་བ་པའི་བདག་པོས་བཀའ་སྩལ་པ། སེམས་ཅན་དབུལ་ཞིང་སྡུག་བསྔལ་བ་དེ་དག་ཞི་བའི་ཕྱིར་རང་གི་སྲོག་གི་སྙིང་པོ་དང་། རིག་སྔགས་ཁྱོད་ཀྱིས་སྟོན་ཅིག །ངས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གནོད་འཛིན་ དཔལ་གྱིས་གསོལ་བ། གསང་བའི་བདག་པོ་བཅོམ་ལྡན་འདས། །སེམས་ཅན་སྡུག་བསྔལ་ཞི་བའི་ཕྱིར། །རིག་སྔགས་བདག་གིས་བསྟན་པར་བགྱི། །སྡུག་བསྔལ་སྤོང་ཞིང་བདེ་བ་ཐོབ། །ཚོགས་ཆེན་གཉིས་ནི་རྫོགས་འདོད་པས། །རང་ལུས་བསྲུང་ཕྱིར་རིག་སྔགས་ འདི། །བཟླས་ཤིང་ཡོངས་སུ་གཟུང་བར་བྱ། །ན་མ་ཨཱརྱ་ཛམྦྷ་ལ། མ་ཧཱ་ཛམྦྷ་ལ། ཏདྱ་ཐཱ། ར་ར་ར་ར། ཀུ་ནུ། ཀུ་ནུ། ཁུ་ནུ། ཁུ་ནུ། གུ་ནུ་གུ་ནུ། ས་པ་ས་པ། ཀ་ར་ཀ་ར། མ་ཧཱ་བི་ར་རམ། མ་ཧཱ་ཀ་ར་དོ། མ་ར་ཥ། ཧ་ར་ཥ། དུ་མ་སརྦ་སྭ་ཏྭཱ་ནཱ་ན་ཙ་སྭཱ་ཧཱ། བཅོམ་ ལྡན་འདས་གསང་བའི་བདག་པོ་སྔགས་འདི་འདོན་པས་སྐུད་པ་སྔོན་པོ་ལ་ལན་བདུན་དུ་སྔགས་ཀྱིས་བཏབ་སྟེ་ལན་རེ་མདུད་པ་རེ་བོར་ནས་དཔུང་པ་ལ་བཅིངས་ན་གནོད་པ་མེད་ཅིང་དགོས་པ་འགྲུབ་པར་འགྱུར་ལགས་སོ། །གུ་གུལ་ཙན་དན་ཏུ་རུཥྐ། །ཀ་ཏ་ར་དང་སྦྱར་བའི་སྨན། །དེ་ ཡིས་མཆོད་པ་དབུལ་བར་བྱའོ། །ན་མ་ཨཱརྱ་ཛམྦྷ་ལ། ན་མོ་དནྟཱ་ཡ། དནྟི་ཤྭ་རཱ་ཡ། ཨཱ་ཀརྵ་ཡ། ཨ་ཀ་ར་མི་ཏ། དན་ཏི་ཤྭ་རཱ་ཡ། བ་ར་མ་ཀ་རྡུ་ནི་ཡ། སརྦ་ས་ཏྭ་ཧི་ཏ་ཛི་ཏ། མ་མ་ད་ན་ཏ། ན་མཿཔ་རི་ཡ་ཤ །ས་མ་ཡ་ཨཱ་ཀ་ར་ཤ་སྭཱ་ཧཱ། རིག་སྔགས་འདི་ལན་བདུན་ ཚང་བར་བཟླས་ཏེ་དེའི་འོག་ཏུ་གསང་བའི་སྙིང་པོ་གདོན་པར་བགྱིའོ། །དེ་ཡང་སྔར་འཕགས་པ་དཀོན་མཆོག་གསུམ་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་མཆོད་ནས་དེའི་འོག་ཏུ་བདག་གི་མིང་ནས་བརྗོད་པར་བགྱིད་ན་ནོར་རྫས་དང་། ཅི་འདོད་པ་དག་འགྲུབ་པར་བགྱིད་ ཅིང་བདེ་བ་སྩོལ་བར་བགྱིད་དོ། །དེ་ནས་བདག་གིས་གསང་སྔགས་ཡིད་བཞིན་གྱི་ནོར་བུ་འདི་འདོན་ཅིང་ཡི་དམ་དུ་བགྱིད་ན་དེའི་དགོས་པ་ཅི་སྨོས་པ་ཐམས་ཅད་སྒྲུབ་པར་བགྱིད་ལགས་སོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་གྱིས་ཉིད་ཀྱི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ ལྟ་བུ་དཔལ་ཕྱག་ན་རྡོ་རྗེ་ལ་ཕུལ་བ། ན་མ་ཨཱརྱ་ཛམྦྷ་ལ། མ་ཧཱ་ཛ་མྦྷ་ལ། ཏདྱ་ཐཱ། སི་མི་སི་མི། །སུ་མུ་སུ་མུ། ཤྩཎྜ་ཤྩཎྜ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སད་ཡ་ད་མ། མ་མ་ནི་ད་མ་ཨ་ན་ན་ཏ། དཱནྟེ་ སྭཱ་ཧཱ། ཨཱརྱ་ཛམྦྷ་ལ་སྭཱ་ཧཱ། དནྟཱ་ཡ་སྭཱ་ཧཱ། མ་ནོར་ཐ་པ་རི་པཱུ་ར་ཀཱ་ཡ་སྭཱ་ཧཱ། དེ་ནས་གནོད་སྦྱིན་གནོད་འཛིན་དཔལ་གྱི་འཁོར་རྣམས་ཀྱིས་དེའི་ཚེ་རང་རང་གི་སྙིང་པོ་སྨྲས་པ། ཨོྃ་ཛམྦྷ་ལ་མ་ཎི་བྷ་དཱ་ཡ་སྭཱ་ཧཱ། ཨོྃ་ཛམྦྷ་ལ་པཱུ་རྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོྃ་ཛམྦྷ་ལ་དན་དཱ་ཏ་བྷ་དྚཱ་ཡ་སྭཱ་ཧཱ། ཨོྃ་ ཛམྦྷ་ལ་མ་ཧཱ་ད་ན་དཱ་ཏ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལི་ཙི་བི་ཀུཎྜ་ལི་སྭཱ་ཧཱ། ཨོྃ་ཛམྦྷ་ལ་ཀི་ལི་མཱ་ལི་ནི་སྭཱ་ཧཱ། ཨོྃ་ཛམྦྷ་ལ་མུ་ཁེནྡྲ་བྷ་དྲཱ་ཡ་སྭཱ་ཧཱ། ཨོྃ་ཛམྦྷ་ལ་ཛ་ལེནྡྲ་བྷ་དྲཱ་ཡ་སྭཱ་ཧཱ། དེ་ནས་གསང་བ་པའི་བདག་པོས་བཀའ་སྩལ་པ། ནོར་གྱི་བདག་པོ་ཁྱོད་ཀྱིས་གང་གཟུངས་འདི་ འཛིན་པ་དང་། འཆང་བ་དང་། འདྲི་བ་དང་། ཀློག་པ་དེ་དག་ཐམས་ཅད་ལ་ཡིད་བཞིན་དུ་བདེ་བ་སྩལ་བར་གྱིས་ཤིག །དེ་ནས་གནོད་འཛིན་གྱིས་གསང་བའི་བདག་པོ་དེ་ལྟར་བགྱིའོ་ཞེས་གསོལ་ཏེ། ལན་གསུམ་དུ་བསྐོར་བ་ཆོས་བཞིན་དུ་བྱས་ཏེ་འཁོད་པར་གྱུར་ཏོ། །འཕགས་པ་གནོད་འཛིན་ དཔལ་ཞེས་བྱ་བའི་གཟུངས་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་རཱ་ཏྲཱི་ནཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ཀྱི་ཆུ་ཏ་ལ་པོ་ཏའི་འགྲམ་ན་འདུག་གོ། །དེ་ནས་ལྷ་ཁ་དོག་མཆོག་དང་ལྡན་པ་ཞིག་ནམ་སྲོས་ནས་དགེ་སློང་ དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུ་ཏ་ལ་བོ་ཏའི་འགྲམ་ཐམས་ཅད་སྣང་བར་བྱས་ཏེ་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་ མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། །ལྷ་འོ་ན་མཚན་མོ་བཟང་པོའི་མདོ་སྡེ་འཚལ་བ་དེ་ལྟ་བུ་སུ་མཆིས། དེས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བོའི་ཁབ་ཀྱི་འོད་མའི་ཚལ་ བྱ་ཀ་ལན་ད་ཀ་གནས་པ་འདི་ན་བཅོམ་ལྡན་འདས་བཞུགས་ཀྱིས། ཁྱོད་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ཁྱོད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ལ་བརྩོན་པར་གྱིས་ཤིག་ཅེས་སྨྲས་ནས་ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེ་ནང་ པར་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མདང་དགུང་ རྨོངས་ནས་བདག་གི་དེར་ལྷ་ཁ་དོག་མཆོག་དང་ལྡན་པ་ཞིག་བདག་ག་ལ་བ་དེར་མཆིས་ཏེ། ཆབ་ཏ་ལ་པོ་ཏའི་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པས་སྣང་བར་བགྱིས་ནས་བདག་ལ་འདི་སྐད་ཅེས་མཆིའོ། །དགེ་སློང་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། བདག་གིས་ དེ་ལ་འདི་སྐད་ཅེས་བགྱིས་སོ། །ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེ་བདག་ལ་འདི་སྐད་ཅེས་མཆིའོ། །དགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། །ལྷ་འོ་ན་མཚན་ མོ་བཟང་པོའི་མདོ་སྡེ་འཆལ་བ་དེ་ལྟ་བུ་སུ་མཆིས། དེས་འདི་སྐད་ཅེས་མཆིའོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་འདི་ན་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ་བཅོམ་ལྡན་འདས་ཀྱིས་དེ་ཁྱེད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་འདི་ཟུང་ལ་བརྩོན་པར་གྱིས་ཤིག་ ཅེས་སྨྲས་ནས་ལྷ་དེ་དེ་ཉིད་དུ་མི་གདའ་བར་གྱུར་ཏོ། །བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ་བདག་འདི་ཡོངས་སུ་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་ལྷ་དེ་ཤེས་སམ། དགེ་སློང་དེས་གསོལ་བ། བཙུན་པ་བདག་གིས་ལྷ་དེ་མ་འཚལ་ཏོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་དེད་དཔོན་ཏེ་ཙནྡན་ཞེས་བྱའོ། །དགེ་སློང་དེས་གསོལ་བ། བཙུན་པ་བདག་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་ཐོས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་དེའི་ཕྱིར་ལེགས་པར་ རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །དགེ་སློང་ཆོས་གསུམ་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །གསུམ་གང་ཞེ་ན་འདི་ལྟ་སྟེ། འདས་པ་ལ་རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེ་བ་མེད་པ་དང་། ད་ ལྟར་བྱུང་བའི་ཆོས་རྣམས་ཀྱིས་མི་ཕྲོགས་པར་གནས་པའི་ཆོས་ཅན་ཏེ། ཆོས་གསུམ་པོ་དེ་དག་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་ཅེས་ གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་དུ་གསུང་ངོ་། །འདས་པ་རྗེས་སུ་ཕྲད་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །འདས་པ་གང་ཡིན་དེ་འགགས་ཏེ། །མ་འོངས་དེ་ནི་མ་ཕྱིན་པའོ། །གང་དག་ད་ལྟར་བྱུང་བའི་ཆོས། །དེ་དང་དེ་ལ་རབ་བལྟས་ནས། །རྣམ་པར་རྟོགས་ པས་མི་ཕྲོགས་པར། །དེ་དག་མཁས་པས་ཁོང་དུ་ཆུད། །སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་རྟུན་དེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཏུ་ཤེས་པ་མ་ཡིན་ནོ། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཐམས་ཅད་ཀྱང་། །བདེ་བ་འབའ་ ཞིག་འགྲུབ་འགྱུར་ཏེ། །ཐམས་ཅད་ཉོན་མོངས་མེད་པར་ཤོག །ཐམས་ཅད་བཟང་པོར་མཐོང་གྱུར་ཏེ། །གང་དག་སྡིག་པར་མ་གྱུར་ཅིག །དེ་ལྟར་གནས་ཤིང་རབ་བརྩོན་ལ། །ཉིན་མཚན་སྙོམ་ལས་མེད་པས་ན། །དེ་ཕྱིར་མཚན་མོ་བཟང་པོ་ཡི། །མདོ་སྡེ་ཐུབ་པས་རྟག་ཏུ་ གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར་མཚན་མོ་བཟང་པོའི་མདོ་སྡེ་འདི་བཤད་ནས། འགྲོ་ལྡིང་པའི་གསང་སྔགས་ཀྱི་གཞི་འདི་དག་གསུངས་སོ། །ཏདྱ་ཐཱ། བི་ནི་བི་ར་ཎི། པ་ནི་པཱུ་ར་ནི། བུདྡྷ་མརྟེ། མ་ནི་ནི། ཎི་ཎི་ཎི་ཎི། ཊི་ཊི་ ཊི་ཊི། པ་ར་ཊི། གཽ་རི། གནྡྷ་རི། ཙཎྜ་ལི། མ་ཏཾ་གི། པུཀྐ་སི། བྷ་མ་ནི། དྲ་མི་དྲི། དྲ་མི་དྲི། ཤ་བ་རི། ས་ར་ལམྦྷེ། ཧཱི་ན་མ་དྷ་མ་དྷ་ཏྲ་ར་ནི། མ་ཧོ་ལ་ན། ད་ལ་བ་ནི། ད་ལ་བ་ནི། ད་ལ་བཏྟེ། མ་ཧཱ་ད་ལི་ནི། ཙ་ལི་ནི། མུཥྚེ་ཙ་ཀྲ་པཱ་ཏི། མ་ཧཱ་ཙཀྲ་བཱ་ཏི། ཤ་བ་རི་ཤ་བ་རི། མ་ཧཱ་ཤ་ བ་རི། བྷཱུ་ཙིདྒི་ནི། བྷཱུ་ཅི་རང་གི་ནི། ནི་མི། ནི་མོང་གི་རི། ནི་མི་ན་དྷི་རི། བྷཱུ་དྷ་ནི་སྭཱ་ཧཱ། ཏདྱ་ཐཱ། ཨེ་ཊུ་ཊུ་ཊུ་ཊུ། ན་ཊུ་མི་རྞི། ཀི་རྞི། ཨེདྐུ། སིད་ད་ཏ་རི། ཙ་ལ་ལུ། ནཾ་ཏུ། ན་ར་ལམ་ལུ། ག་ལ་ལུ། ཨཱ་བ་ཏྲ་ནོ་ནོ། ཤེ་ཀུ་ནི་ར་བ་རང་ས་ལེ། ཏ་ར་ཀེ། ཏ་རེ། ཏ་རོད་ཏུ། ནོར་ཏུ། ཏི་ལ་ ལ་ལུ། བྷཱུ་ཏ་བ་ཏི་ཡ། བ་ཏ་ཡི་ཡེ་སྭཱ་ཧཱ། ཏདྱ་ཐཱ། ཨ་ར་གརྜེ། ན་ར་གརྜེ། བྃ་སུ་ཀ །པཱ་ཡི་ཡེ། ཀ་པོ་ཏ་ཀ་པ་ཡི་ཡེ་ཡེ་ཏ་བོ་དྷ་ནེ་སྭཱ་ཧཱ། དགེ་སློང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར་མཚན་མོ་བཟང་པོའི་ མདོ་དང་། ཚིག་དང་། ཚིགས་སུ་བཅད་པ་དང་། འགྲོ་ལྡིང་བའི་གསང་སྔགས་གཞི་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ན། དེའི་ལུས་ལ་མེས་མི་ཚུགས་པར་འགྱུར། དུག་ གིས་མ་ཡིན། མཚོན་གྱིས་མ་ཡིན། ཆུས་མ་ཡིན། རྒྱལ་པོའི་ཆད་པས་མ་ཡིན། རྐུན་པོའི་ཆད་པས་མ་ཡིན་ཏེ། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་ཡང་མི་འགྱུར་ཞིང་། ངེས་པར་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བར་འགྱུར་རོ། །གང་དང་གང་དུ་སྐྱེས་པར་ཡང་། །མཚན་ མོ་བཟང་པོའི་མདོ་བཀླགས་ན། །སྐྱེ་བ་དྲན་དང་དགྲ་བཅོམ་དང་། །དབང་ཕྱུག་ཏུ་ཡང་ངེས་པར་འགྱུར། །ལན་ཅིག་གིས་ནི་གནས་ཀུན་དུ། །དུས་མིན་འཆི་དང་བར་མ་དོར། །བདག་གིས་བདག་ལ་མི་སྦྱོར་བར། །དུས་མིན་འཆི་དང་ཆོས་མ་ཡིན། །སེམས་ཅན་ཐམས་ཅད་སྲུང་ ཞིང་སེལ། །ནད་དང་མྱ་ངན་འཇིགས་སྐྱེ་དང་། །རྨི་ལམ་མི་ཤེས་མྱ་ངན་དུ། །བརྗོད་ན་དཔལ་དུ་བྱེད་པར་འགྱུར། །གང་གིས་བྲིས་ཏེ་སྐྱེས་པ་དང་། །བུད་མེད་ལུས་ལ་བཏགས་ན་ནི། །སྐལ་བ་བཟང་དང་གཟི་བརྗིད་དང་། །དེ་ཡི་དཔལ་ཡང་སྐྱེ་བར་འགྱུར། །ལུས་དང་ངག་དང་ཡིད་ ཀྱིས་སུ། །མི་དགེ་ཅུང་ཟད་གང་བྱས་བ། །དེ་དག་ཐམས་ཅད་བཟང་པོའི་མདོས། །དུས་མ་ཡིན་པར་འཆི་ལས་སྐྱོབ། །རྒྱལ་པོ་ཆུ་དང་མེ་དང་གློག །ཆོམ་པོ་ནད་དང་དགྲ་དག་དང་། །གཡུལ་སྤྲོད་པ་དང་འཐབ་པར་ཡང་། །བཟང་པོ་དྲན་ན་སྐྱོབ་པར་བྱེད། །རིག་པ་བཟང་པོ་འདི་དང་ ནི། །གསང་སྔགས་འདི་དག་རྟག་བརྗོད་ན། །མི་དག་མི་ཞུམ་གནས་ཀུན་དུ། །དེ་བས་འདི་ནི་ཡིད་ཀྱིས་བརྗོད། །འདས་པ་དང་། མ་བྱོན་པ་དང་། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ ནས་རིག་སྔགས་འདི་དག་བརྗོད་པར་བྱ་སྟེ། རིག་སྔགས་འདིས་བདག་འབྱོར་པར་གྱུར་ཅིག །ཏདྱ་ཐཱ། ནི་མི་ནི་མིན་དྷི་རེ། ཏི་མི་ཏི་མིང་གི་ལི། ཏྲཻ་ལོ་ཀི་ནི། ཨ་ལོ་ཀི་ནི། ཏྲི་ཤཱུ་ལ་དྷ་ར་ཎི། ཨ་ཀུ་པི་ཎི་ཀྲི་མི་ཀྲི་ཏི། ཀོ་ལི་ཀོ་ལི། ཀུད་ཏོ་ཀུད་ཏོ་ ཀུ་ཏོ་ཀི་སི། ཀུ་ཏི། ཀུ་པི་ཏི། བདག་དང་སེམས་ཅན་ཐམས་ཅད་ལག་ན་རྡོ་རྗེ་དང་ལྷན་ཅིག་ཏུ་འཇིགས་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། དུག་ཐམས་ཅད་དང་། རིམས་ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུག་པས་ཟིན་པ་ཐམས་ཅད་དང་། ཆོམ་རྐུན་ ཐམས་ཅད་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དང་། འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་དང་། འཐབ་པ་དང་། རྙོག་པ་དང་། སྡིག་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་དང་། ལུས་དང་། ངག་དང་། ཡིད་ཀྱིས་ ངན་པར་སྤྱད་པ་ཐམས་ཅད་དང་། ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི། ཨི་ལི་མི་ལི། བི་ཤཱི་ཙ་ན། པ་རྞ་ཤ་བ་རི། ཙི་ལི་ཙི་ལི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱ་རྱདྷ་རྨ་སཱ་ག་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་ པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་དང་། དགེ་སློང་དེ་དག་གིས་བཅོམ་ལྡན་ འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ངས་ནི་ཆོས་ཟབ་མོ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། ཆ་ཕྲ་བ། བརྟགས་པ་མཁས་ཤིང་ཤེས་པས་རིག་པར་བྱ་བ་རྟོགས་སོ། །ངས་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ངས་ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ངེས་པ་ཁོ་ནར་བསྒྲུབ་པར་བྱའོ། །དགེ་སློང་དག་ཆོས་ཀྱི་རྒྱ་མཚོའི་ གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲན་པའི་བློ་དང་ལྡན་པ། བློ་གྲོས་ཀྱི་བློ་དང་ལྡན་པ། རྟོགས་པའི་བློ་དང་ལྡན་པ། བརྟན་པའི་བློ་དང་ལྡན་པ། ཤེས་རབ་ཀྱི་བློ་དང་ལྡན་པ། གསུང་གི་མཆོག་དང་ལྡན་པ། སྤོབས་པ་མཆོག་དང་ལྡན་པ། མཁྱེན་ཅིང་གཟིགས་པ་དག་གིས་བསྟན་ཅིང་བཤད་པ་ཡོད་དེ། གང་དག་དེ་ཤེས་པ་དང་། གང་དག་དེ་འཛིན་པ་དེ་དག་གིས་ནི་མྱུར་བ་ཁོ་ནར་ཆོས་ལྔ་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཐོས་པ་འཛིན་པའི་དྲན་པ་དང་ལྡན་པར་འགྱུར་བ་ དང་། བརྗེད་ངས་པ་མེད་པའི་དྲན་པ་དང་ལྡན་ཞིང་ཆོས་བཟུང་བ་རྣམས་ཆུད་ཟ་བར་མི་འགྱུར་བའི་བློ་གྲོས་དང་ལྡན་པར་འགྱུར་བ་དང་། རྣོན་པོ་ཐོབ་པའི་རྟོགས་པ་དང་ལྡན་པར་འགྱུར་བ་དང་། ཡི་གེ་དང་། དོན་དང་ཚིག་ལ་འཇུག་པའི་སྤོབས་པ་ཐོགས་པ་མེད་པ་དང་ལྡན་པར་འགྱུར་བ་དང་། སེམས་ཅན་རྣམས་ཀྱི་རྒྱུའི་ལམ་མངོན་པར་ཤེས་ནས་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་མཁས་པར་འགྱུར་བ་སྟེ། ཆོས་ལྔ་པོ་འདི་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཞག་གོ། །ད་ལྟར་ང་ཡང་འཇོག་གོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་སྡོམ་གྱི་གཞི་བསྡུ་བ་ཁྱོད་ལ་བསྟན་པར་བྱ་སྟེ། དེས་ན་ཁྱོད་ཀྱིས་མ་ཐོས་པའི་ཆོས་རྣམས་ཐོས་པར་འགྱུར་རོ། །ཐོས་པའི་ཆོས་རྣམས་འཛིན་པར་འགྱུར་རོ། །བཟུང་ བའི་ཆོས་རྣམས་ནི་ཉམས་སུ་ལེན་པར་འགྱུར་རོ། །ཉམས་སུ་བླངས་བའི་ཆོས་རྣམས་ནི་གཞན་དག་ལ་ཁོང་དུ་ཆུད་པར་བྱེད་དོ། །ཚིག་གི་རབ་ཏུ་དབྱེ་བ་ལྔ་ནི་འདི་ལྟ་སྟེ། འདུ་བྱེད་ཀྱི་ཚིག་གི་རབ་ཏུ་དབྱེ་བ་དང་། དེ་བཞིན་དུ་མ་ཐོས་པའི་ཆོས་ཀྱི་ཚིག་གི་རབ་ཏུ་དབྱེ་བ་དང་། བླ་ན་མེད་ པའི་ཚིག་གི་རབ་ཏུ་དབྱེ་བ་དང་། ས་ནས་ས་བརྟགས་པའི་ཡི་གེའི་ཚིག་གི་རབ་ཏུ་དབྱེ་བ་དང་། ངེས་པའི་ཚིག་དང་བརྡ་སྣ་ཚོགས་ཀྱི་ཚིག་གི་རབ་ཏུ་དབྱེ་བའོ། །དེ་ལ་འདི་དག་ནི་གཟི་བྱིན་བརྟན་པར་བྱེད་པའི་ཚིག་རིག་སྔགས་དང་ལྡན་པ་སྟེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ ཀྱི་གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་འཛམ་བུའི་གླིང་དུ་ལྷགས་པ་ཐམས་ཅད་ཀྱིས་གང་ཟག་དེ་ལ་ཟས་ཀྱི་སྣ་གྲངས་རྣམས་དང་སྨན་རྣམས་སྦྱིན་པར་འགྱུར་རོ། །དེ་ལ་གསང་སྔགས་ཀྱི་ཚིག་ཆོས་ལས་བྱུང་བ་གཞན་དག་ལ་མི་གནོད་པ། དེ་བཞིན་ གཤེགས་པས་གསུངས་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་མནོས་བ་བསྟན་པ་ཡོངས་སུ་འཛིན་པ་ནི་འདི་དག་ཡིན་ཏེ་ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་ཉོན་ཅིག །ཁྱོད་ཕྱིས་འགྱོད་ཏ་རེ། སྱཱད་ཡ་ཐེ་ད་ན། ཀརྨ་ཀེ་ཏ་མ་ནུཙྪེ། ར་ཏི་རུ་ཏ་གྲ་ན་དྲ་ མ། ཐུ་མ་ན། ནཻ་ལ་ཏ། ཨ་སཾ་ཀུ་ལ་སྠཱ། བུ་མི་ཨ་ནུསྨ་རི། ཨི་ཤྃ་ག་མ་ཨི་ཤ་སྟཱ། ཀླེ་ན་ཨ་ནུ་ག་ཏེ། ཡཱ་མུ་ལ་གུམ་བྷེ། པ་བྷེ་མ་གུ་རྦ་ཡ་བ། ཨ་སྱ་བཱ་ཀྱ་སྱ་བི་ལཾ་ག་བེ་ལ་མ་ཐ་ཤྲཱི་བ་བ་རཱི་བཉྩ་ཀ །བྲ་ས་ཏེ། ཨ་བ་བེ་ལ། ཨ་གྲ་བེ་ལ། ནི་ཤི་ཁུ་ཨུ་ཙེ་ཛུ་མེ། ཨུ་ཛེ་ ཛུ་མེ། ཀུན་དགའ་བོ་འདི་དག་ནི་གནོད་སྦྱིན་གྱི་དབབ་པ་གྲུབ་པ་དང་། གནོད་སྦྱིན་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་བ་ལ་བསྙེན་བཀུར་ཡང་བྱེད་བྱེད། རིམ་གྲོ་ཡང་བྱེད་བྱེད་པ་རྣམས་འཆིང་བ་སྟེ། ཀུན་དགའ་བོ་ ཁྱོད་ཀྱིས་གནོད་སྦྱིན་དབབ་པ་གྲུབ་པ། དེ་བཞིན་གཤེགས་པས་གསུངས་པ་རྣམས་ཟུང་ཤིག །ཀུན་དགའ་བོ་གང་ལ་ལ་གསང་སྔགས་ཀྱི་ཚིག་སྐྱོན་མེད་པའི་ཚིག་འདི་དག་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དེ་ལ་ནི་རྒྱལ་པོ་ཆེན་པོ་བཞི་སེམས་བཞིན་དུ་གནས་ སོ། །ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་གཟུང་བས་ནི་དྲན་པ་དང་ལྡན་པར་འགྱུར་རོ། །སངས་རྒྱས་རྣམས་དང་བྲལ་བར་མི་འགྱུར་རོ། །ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཀྱི་གླིང་ན་ནི་གནོད་སྦྱིན་སྲིད་པ་སྣང་བྱེད་ཅེས་བྱ་བ་གནས་སོ། །ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ ཀྱི་གླིང་ན་ནི་གནོད་སྦྱིན་ཆེར་སྤྱོད་ཅེས་བྱ་བ་གནས་སོ། །ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་གྱི་གླིང་ན་ནི་གནོད་སྦྱིན་རྣམ་གྲགས་ཞེས་བྱ་བ་གནས་སོ། །ཀུན་དགའ་བོ་འཛམ་བུའི་གླིང་ན་ནི་གནོད་སྦྱིན་གྲགས་ཐོབ་ཅེས་བྱ་བ་གནས་ཏེ། ཀུན་དགའ་བོ་གནོད་སྦྱིན་དེ་དག་གིས་ཀྱང་རྗེས་སུ་དྲན་པར་འགྱུར་རོ། ། ཀུན་དགའ་བོ་གནོད་སྦྱིན་གཞན་གཟི་བརྗིད་ཟ་བ་གང་ཡིན་པ་དེ་དག་ཀྱང་དད་པ་ཐོབ་པར་འགྱུར་རོ། །དད་པ་ཐོབ་པར་གྱུར་ནས་ཀྱང་དད་པ་མི་ཕྱེད་པར་ཐོབ་པར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ། །ཀུན་དགའ་བོ་དེ་ལ་འདི་དག་ནི་ཤེས་བཞིན་གྱི་ཚིག་དྲང་སྲོང་གིས་བསྟན་པ་དག་ཡིན་ཏེ། ཀུན་དགའ་བོ་ཁྱོད་ ཀྱིས་དེ་བཞིན་གཤེགས་པ་དྲང་སྲོང་གི་མཆོག་གི་ཚིག་གི་མཆོག་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་རྣམ་པར་མི་འཚེ་བའི་ཚིག་རྣམས་ཟུང་ཤིག་དང་ངས་བཤད་དོ། །ཀུན་དགའ་བོ་དེ་ལ་ངའི་ཕྱི་ན་འབྲང་བའི་གནོད་སྦྱིན་གང་ཡིན་པ་དེ་དག་གིས་ཀྱང་བར་ཆད་བྱེད་མི་ནུས་སོ། །སྱཱད་ཡ་ཐེ་ད་ན། དན་ དྷ་ར་མ་ཧཱ་ཧ་ར། ཧ་ར་མ་པ་ར་ན། རུད་དྲ་ཏྲ། ཀུ་མ་ཏི་དྲི་ཏྲ། ཨིནྡྲ་མནྡུ་ཀེ། ཨ་བ་ཏེ། ས་ཧ་རཱ། ས་དྷུ་མ་ཏི། ཨི་ལ་ལ་པ་མ་ཏི། ཨ་བ་ཏི། ཏ་ར་བ་ར། ཡི་བིཥྚ་ས་ད་བིཥྚ། ཨ་བ་ཏིཥྚ། པ་རི་བརྟ། ཨི་ཤ་བརྟ། ས་ད་བརྟ། ཀྲ་མ་ཀྲ་མ་ཏི་ར་ན། ཨ་སི་བ་ཅེ་མ་ལ་བི་ན་ཧ་ཐི། བྲ་ཤ་སུ་རེ། དྷུ་དྷུ། ཨུཀྐ་མུཀྒྲ། ཨུཀྒྲ་བ་ཏི། བི་ས་ར་གྲ་མ་ཏི། ཐམས་ཅད་དང་ལྡན་པའི་གླིང་བཞི་བ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གནོད་སྦྱིན་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཀླུ་དང་། དྲི་ཟ་དང་། ཤ་ཟ་གནས་པ་གང་ཡང་རུང་བ་དེ་ དག་གིས་ཁྱིམ་གྱི་ནང་ན་གནས་པ་དང་། ལམ་དུ་ཞུགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་ཚིག་འདི་དག་ཐོས་ནས་དགའ་བར་འགྱུར་རོ། །ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་སྔགས་ཀྱི་ཚིག་འདི་དག་ཟུང་ཤིག །ཕྱིས་འགྱོད་ཏ་རེ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གནོད་སྦྱིན་གྲུབ་པ་འདི་དག་ནི། །གླིང་བཞི་དག་ན་གཙོ་ཞེས་བྱ། །གསང་སྔགས་འདི་དག་སུ་འཆང་བ། །དེ་ཡི་དྲན་པ་འཕེལ་བར་འགྱུར། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི། །གནོད་ སྦྱིན་དེ་དག་ལྷགས་ནས་ནི། །ཆོས་རྒྱལ་རྣམས་ཀྱིས་བསྟན་པ་དག །ཉམས་པར་གྱུར་བ་དེ་ལ་སྟོན། །དཔག་ཚད་བརྒྱ་ཕྲག་མང་པོར་ཡང་། །མཐར་གྱིས་སུ་ནི་སོང་ནས་ཀྱང་། །ཟབ་ཅིང་དོན་དང་ལྡན་པ་ཡི། །ཚིག་འདི་དག་ནི་མཉན་པར་བྱ། །འདི་དག་ཆོས་ཀུན་རྩ་བ་སྟེ། ། དེ་དག་མཁས་རྣམས་ཉན་པར་གྱིས། །དྲག་པོ་དག་གིས་ཐོས་ན་ཡང་། །ཕྱི་ནས་མཆོག་ཏུ་དགའ་བ་སྟེ། །གང་ལ་བདེ་དང་སྡུག་བསྔལ་མེད། །དེ་ལ་དེ་ནི་དགའ་བར་འགྱུར། །ས་འདི་ཆགས་པ་མེད་པ་སྟེ། །སངས་རྒྱས་ས་ནི་བསམ་མི་ཁྱབ། །ཆགས་པ་མེད་པར་བསྟན་པ་ ཡི། །བསམ་ཡས་ས་དེ་ཐོབ་གྱུར་ནས། །ཉི་མ་སྤྲིན་ལས་བྱུང་བ་ལྟར། །དེ་ནི་ས་སྟེང་དེ་བཞིན་སྣང་། །འདི་ལ་སྐྱེ་མཆེད་ཕུང་བོ་རྣམས། །བདེན་དང་བྱང་ཆུབ་ཡན་ལག་དབང་། །དགེ་བའི་ཆོས་ནི་ཟབ་མོ་རྣམས། །སངས་རྒྱས་གསུངས་པ་ཅི་ཡང་ཡོད། །དེ་ཡི་ཐོས་པའི་ ཚོགས་རྣམས་གང་། །ནམས་ཀྱང་ཆུད་ཟར་མི་འགྱུར་ཏེ། །མ་ཐོས་ཆོས་རྣམས་དེ་དག་ཐོས། །ཉེས་དང་ཉེས་མིན་རྣམས་ལ་མཁས། །རྟོགས་པར་ཁོང་དུ་ཆུད་པའི་མཆོག །མིག་བཟངས་རྣམས་ཀྱང་དག་པར་འགྱུར། །འཆང་བ་དང་ནི་སྟོན་བྱེད་པ། །དེ་ནི་རྟག་ཏུ་སངས་ རྒྱས་བསྔགས། །སངས་རྒྱས་ཀྱི་ནི་ཆོས་རྣམས་ལ། །ཐེ་ཚོམ་མི་མངའ་བདེན་པ་གང་། །བདེན་དེས་བདག་ལ་ལུང་མནོས་པ། །ཅི་ཡོད་ཐམས་ཅད་གནས་གྱུར་ཅིག །སངས་རྒྱས་རྣམས་ནི་འབྱུང་རྣམས་ལ། །བྱམས་པས་གནས་པའི་བདེན་པ་དེས། །རང་གི་སེམས་ དང་གཞན་སེམས་ལ། །སྟོན་པ་རབ་ཏུ་གནས་གྱུར་ཅིག །གླིང་བཞིའི་གནས་ཀྱི་གནོད་སྦྱིན་དག །མ་དད་པ་དང་དད་པར་བསྟན། །གང་ལ་རྟོགས་པ་མི་གནང་བ། །དེ་ལ་དེ་ཀུན་དོན་སྟོན་འགྱུར། །གནོད་སྦྱིན་སྐར་གདོང་གང་ཡིན་དང་། །གླང་ཆེན་སྣ་དང་ཁྱད་པར་ སྟོབས། །དྲག་པོ་དགའ་བྱེད་གསོད་བྱེད་དང་། །ཟླ་བ་མགོ་མེད་ལུག་གསོད་པ། །དཔའ་སྡེ་དང་ནི་ལག་དཔའ་དང་། །སྲིན་པོ་དང་ནི་ས་འཛིན་པ། །ལྗང་ཁུ་ཁ་དང་རྣ་བཟང་དང་། །རལ་གྲིའི་སྤུ་ཅན་བོང་བུ་རྣམས། །ཐམས་ཅད་གྲུབ་པར་བྱེད་པར་ཤོག །གསང་ སྔགས་འདི་དག་སུ་འཛིན་ལ། །གནོད་སྦྱིན་སྲིན་པོ་དེ་དག་ནི། །སྤྲོ་བར་གྱུར་ནས་འཛུད་པར་བྱེད། །རྟག་ཏུ་དེ་ནི་སྤོབས་པ་དང་། །ཚིག་རྣམས་དང་ནི་ལུང་བསྟན་དང་། །ངེས་པའི་ཚིག་དང་ཆོས་ཀུན་དང་། །ཡི་གེ་རྣམས་ལ་མཁས་པར་འགྱུར། །ལུང་མནོས་པ་ཡང་ཆུད་ མི་ཟ། །རྟོགས་པ་མཐའ་ཡས་འཕེལ་བར་འགྱུར། །རྟག་ཏུ་དོན་དང་ཡི་གེ་ལ། །དེ་ཡི་ཤེས་པ་འཕེལ་བར་འགྱུར། །སུམ་ཅུ་རྩ་གསུམ་ལྷ་རྣམས་དང་། །མི་མཇེད་བདག་པོ་ཚངས་པ་ཡང་། །དེ་ཡི་ལེགས་བཤད་ཉན་པ་རྣམས། །དེ་ཡི་མོད་ལ་དྲན་པར་བྱེད། །སྱཱད་ཡ་ ཐེ་ད་ན། ཧུ་ཀུ་ན། མུ་ཀུ་ན། ཧ་ར་ཎ། བི་ཉ་ར་ཎ། ཨི་ཤ་སྃ་ཀྲ་མ་ཎ། ཨོྃ་སུ་མུ་ཁ། ཏ་ག་ཎ། ཨ་ག་ཎ། ཨ་པྲི་ཡ། ཨུསྠཱ་མེ། ཀོ་བ་ཧ་རེ། ཨུ་རུ་པ། པྲ་བ་ཎ་ཏ་ན། སཾ་གྲ་མེ་བ་ཧ་ཛ་ག་རེ། བྲ་ཤི་ག་རེ། གུ་ཌྷ་བ་ནེ། ཨུཏྟ་ན། བི་ཀུ་ཎ། ཨི་ཤ་ཀུ་ན། ཨ་ ཏུ་ལ་ཏུ་ལ། ཨ་ཊི་བ་ཊི། བ་རི་ཙ་མོ་ཤ །ཧ་ར། ཛ་ག་ཏ། ཨེ་བ་སྃ་པྲ་མུ་ཁེ། ཨ་ག་བ་རེ། ཋ་ཧུ་ས་ཧུ། ཨི་ཏི་ཡ། ཐཱ་ཧུ། ཙ་ཏུ་ར་དྭཱི་བི་ཀཱ་ཡན། ཋ་ཧུ་མ་ཧུ། ཨུཀྒ་ཧུ། དྷཱ་ར་ས་ཧུ། སཾ་གྲ་ཧ། ཨའི་ན་གྲ་ཧ། ཨ་བི་ན་གྲ་ཧ། བྲཛྙཱ་བྲིད་བྷ་ཡེ། ཐ་ཧུ་ས་ཧུ། ཀ་ར་ཀུ་རུ། དྷ་ས་ ཧུ། དེ་ལ་འདི་སྐད་ཅེས་བྱ་སྟེ། གསང་སྔགས་ཀྱི་ནི་ཚིག་འདི་དག །གང་གི་ལག་དང་ལུས་ལ་ཡོད། །དེ་ནི་ཐོས་ལ་རྨོངས་པ་མེད། །དེ་ནི་ཤེས་རབ་མེད་མི་འགྱུར། །སྐར་མདའ་ཇི་བཞིན་ཉི་མ་བཞིན། །ཟླ་བ་ཇི་ལྟར་སྣང་བ་བཞིན། །དེ་ལྟར་ཐོས་དང་དོན་གྱིས་ཀྱང་། །མྱ་ ངན་འདས་པའི་བར་ལ་རེག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གསང་སྔགས་འདི་དག་བཀའ་སྩལ་ཏོ། །སྱཱད་ཡ་ཐེ་དན། ཙ་ར་དྷེ་བི་ཙ་ར་དྷེ། ཨ་མཾ་ཀུ་ཏེ། ཨ་ཏི་མི་ཏི། པ་ར་ཧ་རེ། གྷ་ཎ་བྷེ། ཧི་པ་ར་མེ། མ་ཧཱ་པྲ་ཏི་པཱ་ཧཱ་ནེ། ཛ་ཡ་ཛ་ཡ། ཨ་ནུ་ཀེ། བ་ལ་བ་ལེ། ཨུཀྒྲ་བ་ཏི། སྭ་ར་སྭ་ར། ཨ་བི་ས་རེ། གུ་གུནྡེ། པྲ་བི་བརྡྷེ། ས་མེ། ཨ་ཛི་ཏ་ཛ་ཡེ། ནུ་བ་ལེ་སུ་ཁོ་མ་སུ་སནྡྷི་ནི་ཀུཾ་མ་ནོ། སཀྵེ། ཤཱ་པེ་ཙཱ་པེ། ཙཱ་པེ་ཙཱ་པེ། ཙུ་བེ་ཙུ་བེ། ཙུ་ལུ་ཙུ་ལུ། པུ་ལུ་པུ་ལུ། བྱ་བ་པྲ་ས་རེ། ཀ་ར་ཀ་བྷིནྡྷེ། བི་ཛཱ་བི་ཇེ། ཨ་ པྲ་ཏི་སནྡྷི། ནཱ་ནཱ་ནུ་མ་ཏི། པྲ་ན་ནུ་མ་ཏི། ཨ་རི་ད་སི། ཛེཥྵཱ་ནུ་པ་ནི་དེ། ཨ་སཾ་གྲ་ཨ་བ་ཏི། རིག་སྔགས་བསྡུས་པའི་གསང་སྔགས་ཀྱི་ཚིག་འདི་དག་ལུས་ལ་ཐོགས་ཏེ་འཆང་ན་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། ཡི་ དགས་དང་། ཤ་ཟ་གནས་པ་དེ་དག་ཐམས་ཅད་དབང་དུ་འགྱུར་ཞིང་དབང་དུ་མ་གྱུར་བ་རྣམས་ཀྱང་དབང་དུ་འགྱུར་རོ། །དོན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་གནང་བ་བཞིན་དུ་འཚོ་བའི་མཐར་ཐུག་གི་བར་དུ་འཆི་བར་མི་འགྱུར་མེད་པར་མི་འགྱུར་རོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། དགོན་པར་འདུག་ལ་གཟུངས་སྔགས་འདི་དག་ཐམས་ཅད་ཞག་བདུན་གྱི་བར་དུ་བརྗོད་དེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་དྲན་པར་བྱའོ། །དེ་ནས་ཞག་བདུན་ལོན་པའི་འོག་ཏུ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་ གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་བ་ར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བ་ཧུ་ པུ་ཏྲ་པྲ་ཏི་ས་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་ བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་དེང་འདིར་རྒྱལ་པོ་གསལ་རྒྱལ་དང་འཐབ་རྩོད་མཚང་བྲུས་ཏེ་བཀྱེ་བར་གྱུར་ན། བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །ཁྱིམ་བདག་དེའི་ཕྱིར་ཁྱོད་ཀྱིས་བུ་མང་པོ་རྟོན་པ་ཞེས་བྱ་བའི་རིག་སྔགས་འདི་ཟུང་ཤིག་ཆོངས་ཤིག་ལྷོགས་ཤིག་ཀུན་ཆུབ་པར་གྱིས་ཤིག །ཏདྱ་ཐཱ། ད་ཌེ། བ་ད་ཌེ། ཨུ་པ་ད་ཌ་ད་ཌེ། ཨུ་པ་ད་ཌེ་ད་ཌ། གམ་བྷཱི་རི། ཨ་བརྟ་ནེ། ནི་བརྟ་ནེ། དྷ་ཧི་དྷ་ཧི། ཨ་བརྟ་ ནི། བདག་གི། སརྦེ་ཤཱ་ན་ཀརྨི་ཀཱ་ནཱཾ། པྲ་ཏྱནྲི་ཀཱ་ནཱཾ། པྲ་ཏྱ་མོ་ཏྲི་ཎཱཾ། ཙཀྵུ་མོ་ཧཱ་ནཱཾ་ཀ་རོ་མི། ཤྲོ་ཏྲེ་མོ་ཧཱ་ནཱཾ་ཀ་རོ་མི། ཛི་ཧྭཱ་གྲཱ་ཏཱཾ་ཀ་རོ་མི། ཛ་མབྷཱ་ནཱཾ། སྟམ་བྷ་ནཱཾ། མོ་ཧཱ་ནཱཾ། པྲ་མོ་ཧཱ་ཎཱཾ། ཁྱིམ་བདག་གང་ལ་ལ་ཞིག་བུ་མང་པོ་རྟོན་པའི་གཟུངས་འདི་སྐུད་པ་དམར་ པོ་ལ་ལན་བདུན་སྔགས་ཏེ། ལག་པ་གཡོན་པའི་སོར་མོ་གཅིག་ལ་བཅིངས་ན་དེའི་ལུས་ལ་དུག་དང་མཚོན་དང་ནད་དང་རིམས་ནད་དང་རིམས་དྲག་པོས་མི་ཚུགས་སོ། །འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་རྣམས་ཀྱི་ལན་ཐེབས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ ཅེས་བཀའ་སྩལ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ནི་ཤྩ་ཡ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གདོན་མི་ཟ་བ་ཞེས་བྱ་བའི་གཟུངས། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བེ་ཤ་ལིའི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་བུ་བརྩེགས་པ་ན་བཞུགས་ཏེ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བདག་ལྷ་མ་ཡིན་རྣམས་ཀྱིས་རྒོལ་ཞིང་གཙེས་ཏེ། བདག་དང་ལྷ་མ་ཡིན་དུས་ཡུན་རིང་པོར་མི་མཛའ་ཞིང་དགྲར་གྱུར་ན། བཅོམ་ལྡན་འདས་ཀྱིས་བདག་ལ་ཅི་ནས་ཀྱང་ཡུན་རིང་བོར་ཕན་པ་དང་། བདེ་བར་འགྱུར་བའི་ཕྱིར་དེ་ལྟ་བུའི་ཆོས་བདག་ ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་ཀཽ་ཤི་ཀ་ཁྱོད་ཀྱིས་ངའི་སྙིང་པོ་གདོན་མི་ཟ་བ་ཞེས་བྱ་བའི་རིག་སྔགས་འདི་ལོང་ཤིག །ཏདྱ་ཐཱ། ཨུརྦ་བ། ནི་རྦི་སིརྦི། ཨུརྦུ་རྦུ་རེ། ཧཱུ་ལེ་ཧཱུ་མེ། དི་ཁུ་མེ། པྲ་ཏྱྃ་ག་མ་ཨཱ་གཙྪ་མ་ཧཱ་མ་ཡཱུ་རི་ནཱ་མ། བདག་འཇིགས་པ་ཐམས་ཅད་དང་། འཚེ་བ་ཐམས་ཅད་དང་། འཁོར་ཐམས་ཅད་དང་བཅས་པ་ལ་སྲུངས་ཤིག་སྲུངས་ཤིག །སརྦ་ཀཱ་ཡ་བཱ་ག་མ་ན་ཤྩ་རི་ཏེ་སྭཱ་ཧཱ། བཅོམ་ལྡན་འདས་དགྱེས་ཤིང་དེ་ སྐད་ཅེས་བཀའ་སྩལ་པ་དང་། བརྒྱ་བྱིན་ལྷའི་དབང་པོ་ཡིད་དགའ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འཕགས་པ་གདོན་མི་ཟ་བ་ཞེས་བྱ་ བའི་གཟུངས་རྫོགས་སྷོ།། ༄༅། །རྒྱ་གར་སྐད་དུ། མ་ཧཱ་བི་དྱཱ་ཨ་པ་རཱ་ཛི་ཏ། བོད་སྐད་དུ། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་ལ་ཕྱག་འཚལ་ལོ། །དགྲ་དང་འཇིགས་པ་ཀུན་ལས་རྒལ། །རྣམ་པར་གཟིགས་ནི་གཟི་བརྗིད་ཆེ། །རྫུ་འཕྲུལ་ངོ་བོ་གཙུག་ཏོར་ཏེ། །ཐམས་ཅད་སྐྱོབ་པའི་ཤེས་རབ་དང་། །ལོག་དད་སེལ་བའི་སྟོབས་ཉིད་དང་། །གསེར་ཐུབ་ ཀྱི་ནི་བསླབ་པ་དང་། །འོད་སྲུང་གི་ནི་ཡོན་ཏན་དང་། །ཤཱཀྱ་ཐུབ་པའི་བརྩོན་འགྲུས་ཀྱིས། །བདག་ནི་རྟག་ཏུ་བདེ་བར་ཤོག །ཏདྱ་ཐཱ། ཛ་ཡན་ཏི། བི་ཛ་ཡན་ཏི། ཛ་ཡེ་བི་ཛ་ཡེ། ཛི་ཏི་ཛི་ཏེ། ཨ་པ་རཱ་ཛི་ཏི། བར་སཻ་ནྱ་པྲ་མརྡྷ་ནི་ཡེ་སྭཱ་ཧཱ། གཞན་གྱིས་མི་ ཐུབ་པའི་རིག་པ་ཆེན་མོ་རྫོགས་སྷོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བྲཏཱི་ཏྱ་ས་མུཏྤཱ་ད་ཧྲྀ་ད་ཡ་བི་དྷི་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་བོའི་ཆོ་གའི་གཟུངས། སངས་རྒྱས་དང་། བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་བྱུང་དེ་དག་ནི། །རྒྱུ་ལས་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཚིག་འདི་བསྒྲུབ་པའི་ཆོ་ག་ནི། །སེམས་ཅན་རྣམས་ལ་ཕན་བྱེད་པ། ། ལས་ཀུན་གྲུབ་པར་བྱེད་པའི་ཕྱིར། །དེ་བཞིན་གཤེགས་པས་རབ་ཏུ་གསུངས། །རིགས་ཀྱི་བུ་དག་གང་གིས་ནི། །དང་པོར་བཅོམ་ལྡན་སངས་རྒྱས་ལ། །གུས་ཤིང་དང་བའི་སེམས་བསྐྱེད་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྟེན་འབྲེལ་ཟབ་མོའི་ཆོ་ ག་བཤད། །ཐམས་ཅད་ལས་དང་མཐུན་པར་གསུངས། །དང་པོར་འཇུག་པའི་ཚིག་གསུངས་པ། །འདི་ལྟར་ལས་དང་ཉོན་མོངས་ཡོད་གྱུར་ན། །སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ། །ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག །བདེན་པ་ འདི་ཡིས་བདག་གི་བསམ་པ་གྲུབ་གྱུར་ཅིག །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་ རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པའི་ བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཅན་གྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོྃ་ཡེ་དྷརྨཱ་ཧེ་ཏུཔྲ་བྷ་བཱ་ཧེ་ཏུ་ན་ཏེ་ཥཱྃ་ཏ་ ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ལས་རྣམས་ཀུན་གྱི་ཆོ་ག་ལ། །ཚིགས་སུ་བཅད་པ་འདི་དག་བརྗོད། །བསམ་རྒྱུད་རང་གི་ལག་མཐིལ་ལ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ། །སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན། ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །མེ་ཡི་ཁམས་ལ་བཞུགས་པར་བསྒོམ། །ད་ནི་ལྷ་དག་རྗེས་སུ་དྲན། །ད་ནི་སྦྱོར་བའི་ལས་བཤད་དེ། །རིམ་པ་བཞིན་དུ་སོ་སོར་བསྟན། །རིམས་ཀྱིས་བཏབ་ནས་ན་བ་དང་། །ཀླད་པ་ན་དང་མིག་ནད་དང་། །ཁོང་ནད་ལ་སོགས་ ནད་རྣམས་ལ། །ཚིགས་བཅད་འདི་དང་སྙིང་པོ་འདི། །མང་པོར་བཟླས་ཤིང་ལངས་ནས་ནི། །ལག་པ་གཡས་པའི་ཁུ་ཚུར་གྱིས། །དབྱུང་པའི་ཐབས་སུ་བྱབ་པར་བྱའོ། །ནད་རྣམས་ཐམས་ཅད་སོས་པར་འགྱུར། །ཉིན་གཅིག་ཉིན་གཉིས་ཉིན་གསུམ་དང་། །ཉིན་ བཞི་རྟག་པའི་རིམས་རྣམས་ལ། །བུ་མོ་གཞོན་ནུས་བཀལ་བ་ཡི། །སྐུད་པ་དཀར་པོ་སུམ་སྒྲིལ་ལ། །བཟླས་བརྗོད་ཉི་ཤུ་བརྒྱད་བཟླས་ནས། །མགུལ་དུ་བཏགས་ན་བདེ་བར་འཚོ། །ནད་ལ་ཕན་པའི་སྨན་རྣམས་ལ། །གཟུངས་སྔགས་འདི་དག་བཟླས་ཤིང་བཏང་། ། སྙིང་ནད་རྩིབ་ལོགས་ན་བ་དང་། །ཁོང་ན་ནད་རྣམས་ཅི་ཡོད་ལ། །ཆུ་ལ་སྔགས་འདི་མང་བཟླས་ནས། །བླུད་ན་ཕན་ཞིང་བདེ་བར་འགྱུར། །ནད་ལ་ཕན་པའི་སྨན་རྣམས་ལ། །བཟླས་ཤིང་བཏང་ན་འཚོ་བར་འགྱུར། །གཡན་པ་དང་ནི་འབྲུམ་བུ་དང་། །ཕོལ་མིག་ དང་ནི་རྨ་རེད་ལ། །གྲོག་ཚང་ས་ལ་སྙིང་པོ་འདི། །མང་དུ་བཟླས་ཤིང་བཏབ་ན་འཚོ། །གཞང་འབྲུམ་གཞང་ནད་ཟ་ཁུ་དང་། །ཕོ་མཚན་སྐྲངས་ཤིང་ན་བ་ལ། །སྐྱེར་པའི་ཁཎྜའི་རིལ་བུའམ། །བྱང་ཆུབ་སེམས་དཔའི་རིལ་བུ་ལ། །ཉི་ཤུ་བཟླས་ཤིང་ བསྐུས་ན་ཕན། །ནད་ཀྱི་རྣམ་པར་གང་ན་ཡང་། །ན་ཚབས་ཆེ་ཆུང་ཚོད་བརྟགས་ནས། །ཚིགས་སུ་བཅད་པའི་བཟླས་བརྗོད་ལ། །མང་ཉུང་ནད་དང་སྦྱར་ནས་ཀྱང་། །ལུས་ལ་བྱབ་ཅིང་བཟླས་ན་ཕན། །འཁྲུ་བ་གནད་ཀྱིས་བཏབ་པ་ལ། །སྨན་ནམ་རིལ་ བུ་ཁ་ཟས་ལ། །བདུན་ནམ་ཉི་ཤུ་བཟླས་ནས་ཀྱང་། །ཁོང་དུ་བཏང་ན་ཕན་པར་འགྱུར། །དེ་ཡི་བཟླས་བརྗོད་སྔ་མ་སྟེ།།འདི་དག་རབ་ཏུ་བཟླས་བར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོྃ་ཡེ་ངྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུ་ན་ཏཱེ་ཎཱི་ཏ་ཐཱ་ག་ཏོ་ཧྱ་བ་དཏཱ། །ཏེ་ཥཱ་ཉྩ་ཡ་ན་རཏྣ་ཨཾ་ བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསཱཧཱ། དེ་དག་བཟླས་ན་ནད་རྣམས་འཚོ། །དེ་ནི་ནད་རྣམས་འཚོ་བའོ། །དེ་ནས་ཡང་ནི་བཀའ་སྩལ་བ། །ནས་དང་གྲོ་དང་སྲན་མ་དང་། །འབྲས་དང་སྲན་ཆུང་མོན་སྲན་དང་། །ཤིང་ཏོག་རྒུན་འབྲུམ་ཨ་རུ་ར། །དེ་དག་ཀུན་ལ་ཟ་བ་ཡི། ། སྲིན་བུ་སྦུར་བུ་ཕྱེ་མ་ལེབ། །བྱིའུ་དང་བྱི་བ་ནེ་ཙོ་དང་། །ལོ་ཏོག་ཟ་བ་ཁ་བཅིང་ན། །ཞིང་གི་ཁྱོན་དང་སྦྱར་ནས་ཀྱང་། །བྱེ་མ་ས་དང་ཐལ་བ་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །ཞིང་དང་ཤིང་ཏོག་གཏོར་བྱས་ན། །དེ་དག་ཀུན་ཀྱང་ཁ་བཅིངས་འགྱུར། ། ཧ་ཅང་ཆར་པ་ཆེས་པ་ན། །བཅོམ་ལྡན་འདས་ལ་ཕུལ་བ་ཡི། །མེ་ཏོག་སྨན་མ་རེ་རེ་ལ། །བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ། །གཙང་ཞིང་བདེ་བའི་གནས་དག་ཏུ། །དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ། །བུམ་པ་གང་བའི་སྟེང་དག་ཏུ། །ཁམ་ཕོར་གཙང་མའི་ནང་དུ་ ཡང་། །མེ་ཏོག་གཙང་མ་བཟླས་པ་དེ། །བསྲེགས་ན་ཆར་པ་འཆད་པར་འགྱུར། །སེར་བ་དྲག་པོ་འོང་བ་ན། །སེ་བ་ཉ་མིག་ལྕུག་མ་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །སེར་བ་གང་ནས་ཡོང་ངོས་སུ། །ཀླད་ལ་བསྐོར་ཞིང་བྱབས་ན་འཆད། ཡང་ན་ཐལ་ ཆེན་ཡུངས་ཀར་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ། །ཐུམ་པོ་བྱས་ཏེ་ལྕུག་མ་ལ། །བཏགས་ཏེ་བཙུགས་ན་སེར་བ་ཆད། །འབྱུང་པོ་ཤ་ཟ་ཡི་དགས་དང་། །བརྗེད་བྱེད་གདོན་གྱིས་ཟིན་པ་ལ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ ལ། །བུམ་པ་གཙང་མ་ལྔ་བཞག་སྟེ། །གུ་གུལ་དུད་པས་བདུགས་ནས་ཀྱང་། །ཡུངས་ཀར་ག་པུར་ཙནྡན་དང་། །གླ་རྩི་ལ་སོགས་སྨན་སྦྱར་ཏེ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས། །གོས་དང་ཟས་ནི་དཀར་པོ་སྦྱར། །དཀྱིལ་འཁོར་དེ་ཡི་ནང་དུ་གཞུག ། བུམ་པའི་ཆུ་ཡིས་བཀྲུ་བར་བྱ། །སངས་རྒྱས་སྐུ་བསིལ་བྱས་པའི་ཆུས། །བཀྲུས་ཤིང་བླུད་ན་རབ་ཏུ་ཕན། །ནད་དང་གནོད་པ་ཀུན་ལས་ཐར། །འབྱུང་པོ་བརྗེད་བྱེད་ཤ་ཟ་ཡིས། །གླགས་ཀྱང་རྙེད་པར་མི་འགྱུར་རོ། །བྱིས་པ་གདོན་གྱིས་འཇིགས་པ་ལ། ། གི་ཝང་ལ་ནི་སྔགས་བཟླས་ནས། །སྙིང་པོ་སྟོབས་ཆེན་འདི་བྲིས་གདགས། །ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭནྶ་ཡ་ཛ་ཊི་ལོཾ་བྷོ་དྷ་ར་ཨུ་ཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། །གཙང་སྦྲ་བྱས་ཏེ་མགུལ་པར་གདགས། །དེ་བཞིན་ཡུངས་ཀར་དག་ལ་ཡང་། །བཟླས་ བརྗོད་བྱས་ཏེ་བཏུམས་ལ་གདགས། །མཁའ་འགྲོའི་གདོན་གྱིས་ཟིན་པ་ན། །ཡུངས་ཀར་དང་ནི་གུ་གུལ་ལ། །སྔགས་གཉིས་ལན་ནི་བདུན་བདུན་བཟླས། །དུད་པས་བདུགས་ན་འཚོ་བར་འགྱུར། །དེ་ལ་ཐེ་ཚོམ་མི་ཟའོ། །བྱིས་པ་གདོན་དང་ནད་ལས་ཐར། །བུད་ མེད་བུ་ནི་ཐོགས་གྱུར་ན། །ཆུ་ལ་བཟླས་བརྗོད་ལྔ་བདུན་བྱས། །བླུད་ན་ལེགས་པར་བཙས་པར་འགྱུར། །བུད་མེད་མོ་ཤམ་བུ་མེད་ལ། །སངས་རྒྱས་སྐུ་བསིལ་བྱས་པའི་ཆུ། །དེ་ལ་བཟླས་བརྗོད་ཉི་ཤུ་བྱ། །ཁྲུས་བྱས་ལུས་ནི་གཙང་མ་ལ། །ཆུ་དེ་བླུད་ན་བུ་ཚ་ འཕན། །རིགས་རྒྱུད་དག་ནི་འཕེལ་བར་འགྱུར། །ལམ་དུ་ཞུགས་ཏེ་འགྲོ་བ་ན། །སྐུད་པ་དང་ནི་གོས་ཀྱི་གྲྭར། །བཟླས་བརྗོད་བདུན་བཟླས་མདུད་པ་བདུན། །མདུད་ཅིང་བཟླས་ཏེ་སོང་བ་ན། །བདེ་བར་འགྲོ་ཞིང་དོན་ཡང་འགྲུབ། །དགྲ་དང་ཉེ་ཞོ་མེད་པར་འགོ། །ཡིད་ ནི་གཞུངས་པར་འདོད་པ་ན། །ཤུ་དག་ཚོན་གང་ཙམ་པ་དང་། །མར་སྲང་སུམ་བརྒྱ་དྲུག་ཅུ་ལ། །བཟླས་བརྗོད་བྱས་ཏེ་བསྲེས་ནས་ཀྱང་། །བུམ་པ་གཅིག་ཏུ་བླུགས་ལ་དཀྲུགས། །ཉི་མ་རེ་རེ་ལོ་གཅིག་ཏུ། །ཤུ་དག་དག་ནི་དུམ་རེ་དང་། །མར་སྲང་དག་ནི་རེ་རེ་ ལ། །བཟླས་བརྗོད་རེ་རེ་བྱ་ཞིང་བཟའ། །དེས་ནི་ཡིད་གཞུངས་བློ་ལྡན་འགྱུར། །དེ་བཞིན་བ་ནི་སེར་སྐྱ་མའི། །མར་དང་འོ་མ་དག་ལ་ཡང་། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་དུ། །བཟླས་ཏེ་འོ་ཐུག་དཀྲུག་ཅིང་བཟའ། །ཡིད་གཞུངས་བ་ཡི་མཆོག་ཏུ་འགྱུར། ། མི་དང་འགྲོགས་ཤིང་མཛའ་འདོད་ན། །གང་དག་ཡིད་དང་འཐད་པ་ལ། །མེ་ཏོག་དང་ནི་རྩྭ་ཤིང་ལ། །འབྲས་བུ་འམ་ནི་འཇིམ་པ་དག །ལག་པ་གཡས་པའི་ཆང་པར་བཅུག །བཟླས་བརྗོད་བརྒྱ་ནི་རྩ་གཅིག་གདབ། །གང་གི་ལག་ཏུ་བྱིན་པ་ན། །དེ་དང་ རྟག་ཏུ་མཇའ་བར་འགྱུར། །རྟ་ལ་སོགས་པའི་ཕྱུགས་རྣམས་ཀུན། །འཆི་བར་ཉེ་བར་གནས་པ་ན། །ཆུ་དང་ཡུངས་ཀར་བཅས་པ་ལ། །བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ། །དེ་ལ་གཏོར་ན་སོས་པར་འགྱུར། །ཡང་ན་ཡུངས་ཀར་བརྒྱ་བརྒྱད་ལ། །བཟླས་ པའི་ཐུམ་པོ་མགུལ་དུ་གདགས། །དེས་ནི་ནད་མེད་བདེ་བར་འགྱུར། །མི་རྣམས་འཆི་བས་འཇིགས་གྱུར་ན། །ཡུངས་ཀར་ལ་ནི་བཟླས་བརྗོད་བྱ། །ཐུམ་བོ་བྱས་ཏེ་སྒོ་ལ་གདགས། །བཟླས་བརྗོད་བརྒྱ་སྟོང་འབུམ་ཡང་བཟླས། །མི་ནད་དང་ནི་ཕྱུགས་ནད་ཀུན། ། མིང་ཡང་མེད་ཅིང་བདེ་བར་འགྱུར། །དེ་དག་ཀུན་གྱི་བཟླས་བརྗོད་ནི། །འདི་དག་ཀུན་དུ་རྒྱ་ཆེར་གསུངས། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱྃ་ཏ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྕ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། རྟག་ཏུ་བཟླས་བརྗོད་ བྱས་ན་ནི། །བསམ་པ་ཡོངས་སུ་རྫོགས་པར་འགྱུར། །གནོད་པ་ཅེས་ཀྱང་ཚུགས་མི་འགྱུར། །དམ་ཆོས་ཡོངས་སུ་བཟུང་བར་འགྱུར། །ཚིགས་སུ་བཅད་པ་འདི་དག་ནི། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །ཆོ་ག་འདི་དག་ཐམས་ཅད་ནི། །གང་ལ་དད་ པས་ཡིད་ཆེས་ན། །འགྲུབ་པར་ཐེ་ཚོམ་མེད་པར་འགྱུར། །བཟླས་བརྗོད་འབུམ་ནི་བྱས་གྱུར་ན། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །སྟོན་པ་ཤཱཀྱའི་ཐུགས་རྗེ་འདི། །དགེ་སློང་ནེར་བན་རཀྵི་ཏས། །ཐོ་གར་ཡུལ་ནས་རྙེད་པ་སྟེ། ། འགྲོ་བ་ཀུན་གྱི་དཔལ་དུ་ཤར། །འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་རྫོགས་སྷོ།། ༄༅། །རྒྱ་གར་སྐད་དུ། །ཨཱརྱ་པྲཏཱི་ཏྱ་ས་མུཏྤཱ་ད་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ཨར་མོ་ནི་ག་ལྟ་བུའི་རྡོ་ལེབ་ལ། ཚེ་ དང་ལྡན་པ་རྟ་ཐུལ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་དང་། འཕགས་པ་བྱམས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ་རྣམས་དང་། མི་ མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་བ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་