Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 101_གཟུངས་འདུས།_ཝཾ

Văn bản gốc(Tây Tạng)

Trang 3 / 17 (50.000 ký tự/trang)
ང་གསོལ་པ། སྟོབས་པོ་ཆེའི་སྙིང་པོ་འཛིན་པ་ལ་ནི་གནོད་སྦྱིན་ནམ། གནོད་སྦྱིན་གྱི་བུའམ། སྲིན་པོའམ། སྲིན་པོའི་བུའམ། གྲུལ་བུམ་མམ། གྲུལ་བུམ་གྱི་བུའམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་
གི་བུའམ། ཀླུའམ། ཀླུའི་བུའམ། དྲི་ཟའམ། དྲི་ཟའི་བུའམ། ཤ་ཟའམ། ཤ་ཟའི་བུའམ། སྨྱོ་བྱེད་དམ། སྨྱོ་བྱེད་ཀྱི་བུའམ། མཁའ་འགྲོ་མའམ། མཁའ་འགྲོ་མའི་བུའམ། སྒྲུབ་པའམ། སྦྲུལ་འཛིན་བཅས་ལ་སོགས་པ་དང་། བརྗེད་བྱེད་དམ།
ལུས་སྲུལ་པོའམ། རོ་ལངས་ལ་སོགས་པ་དང་། གཅོད་པའི་གདོན་ཐམས་ཅད་དང་། བརྗེད་བྱེད་ལ་སོགས་པས་མི་ཚུགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་
ན་རྡོ་རྗེ་ལེགས་སོ་ལེགས་སོ། །སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་དོ། །ཕྱི་མའི་མཐའ་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་དོ། །དེ་བཞིན་ཉིད་སྟོང་པ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་
འདི་སྐད་ཅེས་གསོལ་ཏོ། །གང་མདོ་སྡེ་འདི་རབ་ཏུ་སྟོན་པ་དེ་མཆོད་པར་བགྱི་བ་དང་། ཕྱག་བགྱི་བ་དང་། རིམ་གྲོར་བགྱི་བ་དང་། བསྐོར་པར་བགྱི་བའི་འོས་སུ་འགྱུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ་སྟོབས་པོ་
ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཨོྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ལག་ན་མདུང་རྩེ་གསུམ་ཐོགས་པ་དྲག་ཤུལ་ཅན་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཨོྃ་ཛྱོ་ཏིརྣཱ་ད། ཧཱུྃ་ཧཱུྃ་ཧཱུྃ། ཨོྃ་ཨོྃ་ཨོྃ། ཕཊ་ཕཊ་ཕཊ། སྟོབས་པོ་ཆེ་ལ་སྭཱ་ཧཱ། ཨོྃ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ་ཧ་ན་ད་ཧ།

བ་ཅམ་ཐ། བི་ཀི་ར། བི་དྷྭནྶ་ཡ། ཛ་ཊི་ལ་ལཾ་བོ་ད་ར་ཨུ་ཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོྃ་ཛྭ་ལ་ཛྭ་ལ། སརྦ་དུཥྚ་ན། སྟམྦྷ་ཡ། སྟམྦྷ་ཡ། དུ་རཱ་ཙ་རཱ་ན་དུཥྚ་ན་ནི་བཱ་ར་ཡ། བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཨོྃ་ཨ་ནནྟ་བི་ཛ་ཡ། མ་ཧཱ་ཙ་ཎྜི་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་དྷྲི་ཀ་
ཧཱུྃ་ཕཊ། ཨོྃ་ཤི་རི་ཤི་རོ། མཱ་ལི་ནི། སི་ནི་སི་ནི། ཤི་ཤི་ནི་ཤི་ཤི་ནི། ཨོྃ་སརྦ་ཨཱཏྨ་ཛ། མ་ཧཱ་ཏེ་ཛོ། བཛྲ་ཨ་ཤ་ནི་བཛྲ་པཱ་ཤ །ཨ་ནུ་པྲ་བི་ཤ་སརྦ་དུཥྚན། སྟམྦྷ་ཡ་སྟམྦྷ་ཡ་ཧཱུྃ་ཕཊ། ཨོྃ་ཧཱུྃ་བནྡྷ་བནྡྷ་ཧཱུྃ། ཨོྃ་ཨ་ནནྟ་བི་ཛ་ཡ། མ་ཧཱ་ཙཎྜི་ཧཱུྃ་ཕཊ། ཨོྃ་ཕཊ་ཕཊ་ཕཊ།
བཛྲ་ཀྲོ་དྷ་ཧཱུྃ་ཕཊ། ཨོྃ་བཛྲ་ཀརྟ་རི། ཀ་ར་ཀ་ར། ཚིནྡྷ་ཚིནྡྷ། ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་དྷ་ཀ་དྷ་ཀ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཨོྃ་བི་པུར་རཀྵ་བཛྲ་པཉྩ་ར་ཧཱུྃ་ཕཊ། ཨོྃ་ཀི་ལི་ཀི་ལ་བཛྲ་བཛྲིར་བྷཱུར་བནྡྷ་བནྡྷ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ་ཧཱུྃ་ཕཊ།
ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ད་ར་ད་ར། དྷཱ་ར་ཡ་དྷཱ་ར་ཡ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ཧ་ན། ད་ཧ་ད་ཧ། ད་ར་ད་ར། དཱ་ར་ཡ་དཱ་ར་ཡ། པ་ཊ་ཡ་པ་ཊ་ཡ། མོ་ཊ་ཡ་མོ་ཊ་ཡ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་པ་ཡ་ཏ་ཌ་ཏ་ཌ། ཏཱ་ཌ་ཡ་ཏཱ་ཌ་ཡ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཛྭ་
ལ་ཛྭ་ལ། བྲ་ཛྭ་ལ་བྲ་ཛྭ་ལ། དཱི་བྱ་དཱི་བྱ། དཱི་པ་ཡ་དཱི་པ་ཡ་ཧཱུྃ་ཕཊ། ཨོྃ་ཙུ་རུ་ཙུ་རུ། ཨུ་ཙྪུཥྨ་ཀྲོ་དྷ་ཤི་ཁ། ཧ་ར་ཧ་ར་ཧཱུྃ་ཕཊ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཙཎྜ་ཧ་ན།
ད་ཧ་པ་ཙ། མ་ཐ། བི་ཀ་རི། བི་དྷྭནྶ་ཡ། བཅོམ་ལྡན་འདས་ཚུར་གཤེགས་ཚུར་གཤེགས། ཧ་ན་ཧ་ན། ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷྭནྶ་ཡ། བིདྷྭནྶ་ཡ། ལྷ་དང་ལྷ་མ་ཡིན་གྱི་དབང་པོས་མཆོད་པ། ཐམས་ཅད་ཀྱི་བདག་ཉིད་ལས་སྐྱེས་པ་གཟི་བརྗིད་ཆེན་པོ།
སུ་རུ་སུ་རུ། མུ་རུ་མུ་རུ། ཀུ་རུ་ཀུ་རུ། གྷུ་རུ་གྷུ་རུ། ཀུརྦ་ཀུརྦ། མ་ཧཱ་ཀུརྦ། བི་ཀུརྦ། ཀུ་ནཊྚི་ཀུ་ནཊྚི། ན་ཊི་ན་ཊི། ཤི་ནི་ཤི་ནི། ཁི་ནི་ཁི་ནི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཁུ་རུ་ཁུ་རུ། ཏུ་ཊུ་ཏུ་ཊ། ཏྲཊྚ་ཏྲ་ཊྚ། ཏུ་རུ་ཏུ་རུ། འབྱུང་པོའི་བདག་པོ། ཀླུའི་

བདག་པོ། ལྷ་མ་ཡིན་གྱི་གྲོང་ཁྱེར་རྣམ་པར་འཇོམས་པར་བྱེད་པ་ཁྲོ་བོ་ཆོལ་པ་སྟོབས་པོ་ཆེ། དྷ་མ་དྷ་མ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། སུ་རུ་སུ་རུ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། ད་ཧ་ད་ཧ་ཧཱུྃ་ཕཊ། པ་ཙ་པ་ཙ་ཧཱུྃ་ཕཊ། ཧྲཱི། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོྃ་ཙུ་ལུ་
ཙུ་ལུ་རུ་སྭཱ་ཧཱ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སརྦ་དུཥྚན་སྟམྦྷ་ཡ་སྟམྦྷ་ཡ། མོ་ཧ་ཡ་མོ་ཧ་ཡ་ཧཱུྃ་ཕཊ། ཨོྃ་ཧ་ཧ། ས་ར་ས་ར། བི་ས་ར་བི་ས་ར། གྷཱ་ཏ་ཡགྷཱ་ཏ་ཡ། ཨོྃ་བི་ས་ར། སནྟྲ་ཡ་ཧཱུྃ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ར་ཧ་ར། ཁ་ཁ་ཁཱ་ཧི་ཁཱ་ཧི། ནཱ་ཤ་ཡ་ནཱ་ཤ་ཡ་ཧཱུྃ་ཕཊ།
ཧཱུྃ་ཧཱུྃ། མཱ་མ་མཱ་མ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ནི་བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཨོྃ་མ་ཧཱ་བ་ལ་བཛྲ་དྷ་ར། ཀ་ར་ཀ་ར། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོྃ་ཛྭ་ལ་གྲ་ས། ཨུ་ཙྪུཥྨ་ས་ག་ར་ཧཱུྃ། རྡོ་རྗེའི་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་པོ་དེ་དག་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པ་བྱེད་པར་
འགྱུར་རོ། །ལག་ན་རྡོ་རྗེས་སྨྲས་པ། གང་གཟུངས་འདི་འཆང་བ་ནི་དགེ་བར་འགྱུར། དུག་གནོན་པར་འགྱུར་ཤི་བ་སོས་པར་བྱེད་པར་འགྱུར། དགྲ་རྣམས་ཀྱིས་མི་ཚུགས་པར་འགྱུར། བུ་མང་བར་འགྱུར་རོ། །ས་ཕྱོགས་ཀྱང་གསལ་བར་འགྱུར་རོ། །གསང་སྔགས་
ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །ལས་ཐམས་ཅད་ཀྱང་ནུས་པར་འགྱུར་རོ། །གདུག་པས་ཟིན་པ་རྣམས་ལ་སྐྱོར་ཆུས་འཚོ་བར་འགྱུར་རོ། །དུག་ཐམས་ཅད་ཀྱང་དུག་མ་ཡིན་པར་བྱེད་པར་འགྱུར་རོ། །མངལ་ན་གནས་པའི་ཁྱེའུ་དང་བུ་མོ་ཡང་བདེ་བར་བཙས་པར་འགྱུར་
རོ། །མདོ་སྡེ་འདི་ཞག་གསུམ་བཅངས་ན་རྒྱས་པར་འགྱུར་རོ། །ཞག་བདུན་བཅངས་ན་ཞི་བ་ཆེན་པོར་འགྱུར་རོ། །དེ་ནས་འབྱུང་པོའི་བདག་པོ་དབང་བདག་རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་བསྐོར་བ་འཁོར་གྱི་དཀྱིལ་འཁོར་དེ་ནས་ལངས་ཏེ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོབས་པོ་ཆེའི་བསྟན་པ་ཐོགས་པ་མེད་པ། སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ་ལག་

ན་རྡོ་རྗེ་དགའ་བ། ལྷ་དང་། ལྷ་མ་ཡིན་དང་། ཚངས་པ་དང་། དབང་པོས་ཕྱག་བྱས་པ། གནོད་སྦྱིན་དང་། སྲིན་པོ་དང་། རོ་ལངས་དང་། སྲུལ་པོ་དང་། ལུས་སྲུལ་པོ་འཇིགས་པར་བྱེད་པ། སྨྱོ་བྱེད་དང་། སྐྲོད་པ་དང་། གསོད་པ་དང་། སྐེམ་བྱེད་དང་། སྒོ་གླེགས་
དང་། འཁྲུལ་འཁོར་དང་། གཏན་པ་དང་། རྡོ་རྗེས་རྣམ་པར་འཇོམས་པ། ལས་ཐམས་ཅད་བྱེད་པ། དཀྱིལ་འཁོར་གསང་བ་དང་བཅས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་དུ་གསོལ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས་འབྱུང་པོའི་
བདག་པོ་དབང་བདག་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྤར་ཏེ་རྡོ་རྗེ་ལ་བཞུགས་པའི་ཚུལ་གྱིས་བཞུགས་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ཏེ། རྡོ་རྗེ་མི་བཟད་པ་ཁྲོ་བོ་ཆེན་པོ་བདུད་ཀྱི་
དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་འབར་ཞིང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་དགའ་བ་ཀུན་དུ་སྟོན་པ་ཞེས་བྱ་བའི་
ཏིང་ངེ་འཛིན་དང་། བདུད་ཐམས་ཅད་ཀྱི་ཡུལ་འཇོམས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྐུ་ཞེས་བྱ་
བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་སྡོམ་བག་ཅན་དུ་རྡོ་རྗེ་སྤར་ཏེ། དེ་ནས་རྡོ་རྗེ་པདྨ་ལ་གནས་པའི་ཚུལ་གྱིས་གནས་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱི་
དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ། རྡོ་རྗེ་མི་བཟད་པའི་ཁྲོ་བོ་ཆོལ་པ་ལུས་སྦྲུལ་གྱི་སྐ་རགས་ཀྱིས་བརྒྱན་པ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཁྲོ་བོ་ཆོལ་པས་བགེགས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་འདར་ཏེ་

གཟིར་བ་བདག་ཉིད་ཀྱིས་མཐོང་ངོ་། །དེ་དག་ཚིག་ནས་སྨྲེ་ཞིང་སྲོག་བཏང་སྟེ་སྲེག་པའི་བསྐལ་པ་སྙམ་དུ་སེམས་ཤིང་ཉམ་ཐག་པའི་སྐད་ཀྱིས་ངུས་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་གན་དུ་སོང་ནས་བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ།
བྱང་ཆུབ་སེམས་དཔའ་ཡོངས་སུ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་ནི་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆོལ་པས་གཟིར་ཅིང་མྱོས་ཏེ་ཕོངས་ནས་སྲོག་ལ་མི་ལྟའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་སྨྲས་པ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ་མཐུ་ཆེ་བའོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ་མཐུ་ཆེ་བའོ། །དེ་ནས་བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་བལྟས་ནས་འབྱུང་པོའི་བདག་པོ་དབང་ལྡན་ལ་ཁྲོ་བོ་ཆོལ་པའི་དཀྱིལ་འཁོར་གསང་བ་དང་བཅས་པ་སྨྲས་པ། ཨོྃ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ཧ་ན་ད་ཧ། པ་ཙ། བིདྷྭ་ནྶ་ཡ། ཛ་ཊི་ལམ་བོ་དྷ་ར་ཨུ་ཙྪུཥྨ་
ཀྲོ་དྷ་ཧཱུྃ་ཕཊ། ཨ་ཨཱཾ། མ་ཧཱྃ་སྭཱ་ཧཱ། གྲོགས་པོ་དག་གང་ལ་ལ་ཞིག་ཁྲོ་བོ་སྟོབས་པོ་ཆེ་འདིའི་དཀྱིལ་འཁོར་དུ་ཞུགས་ན་དེའི་ལས་ཐམས་ཅད་གྲུབ་པར་འགྱུར་རོ། །དུས་མ་ཡིན་པར་འཆི་བས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེའི་ལུས་ལ་དྲག་པོའི་ལས་དང་ནད་ཐམས་ཅད་
ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལ་མི་དང་བགེགས་དང་། ལོག་འདྲེན་གྱིས་གླགས་མི་རྙེད་པར་འགྱུར་རོ། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དགྲ་ཐམས་ཅད་མེད་པར་འགྱུར་རོ། །འདིར་ཞུགས་ན་གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཁྲོ་བོ་ཐམས་
ཅད་ཀྱི་ཆོ་ག་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་འགྲུབ་པར་འགྱུར་རོ། །འདིར་དབང་བསྐུར་ན་བཀྲ་མི་ཤིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དཔལ་གྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་ཁྲོ་བོ་ཆེན་པོ་ལ་ལན་ཁྲིས་སྔར་སྤྱད་པ་བྱས་ཏེ། ཁྲོ་བོ་ཆེན་པོའི་

དཀྱིལ་འཁོར་བྱེད་པ་བྱས་པ་གཟོ་བ། རྒྱུད་ཤེས་པ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། གསུམ་ལ་སྐྱབས་སུ་སོང་བ། བྱང་ཆུབ་ཀྱི་སེམས་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེ་ཅན་དུ་གྱུར་པ། དཀྱིལ་འཁོར་མཐོང་བ། དབང་བསྐུར་བ། བླ་
མ་རྣམས་ཀྱིས་ལུང་བྱིན་པ། ཆོ་ག་གང་བདུད་ཐམས་ཅད་དང་སྡང་བའི་སེམས་རྣམ་པར་འཇིག་པར་བྱེད་པ། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བ་འདི་འཆང་བ་དང་། ཀློག་པ་དེ་བདུད་དང་དགྲ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་།
ཡི་དགས་དང་། ཤ་ཟ་དང་། སུལ་པོ་དང་། མཁའ་འགྲོ་མ་དང་། བརྗེད་བྱེད་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་ལ་སོགས་པ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཐར་བར་འགྱུར་རོ། །
གསད་པ་དང་། བཅིང་བ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གཅད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །རྨུགས་བྱེད་དང་། རེངས་བྱེད་དང་། རྨོངས་བྱེད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཀླུའི་འཇིགས་པ་ཐམས་ཅད་ལས་ཐར་
བར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །སེམས་ཅན་དབུལ་པོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་དུས་གསུམ་དུ་འཆང་ངམ། ཀློག་གམ། ཡིད་ལ་བྱེད་དམ། རྗེས་སུ་དྲན་པར་བྱེད་ན། དབུལ་པའི་སྡུག་བསྔལ་ཐམས་ཅད་
ལས་ཐར་བར་འགྱུར་རོ། །ལོ་ཉེས་བྱུང་བའི་ཚེ་སྟོབས་པོ་ཆེ་ལན་བདུན་བཀླགས་ན་སྤྲིན་ཆེན་པོ་ལས་ཆར་འབབ་པོ། །གལ་ཏེ་ཆར་མི་འབབ་ན་སྤྲིན་གྱི་ལྷ་རྣམས་ཀྱི་སྲོག་སྐམ་པར་འགྱུར་རོ། །ཀླུའི་རྒྱལ་པོ་ནག་པོ་དང་། ཀླུའི་རྒྱལ་པོ་འཁོར་ལོ་དང་། ཀླུའི་རྒྱལ་པོ་
མཐའ་ཡས་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་ཀྱིས་སྤྲིན་ཆེན་པོ་ལས་ཆར་འབེབས་སོ། །གལ་ཏེ་མི་འབེབས་ན་སྲོག་སྐམ་པར་འགྱུར་རོ། །གོང་དུ་སྨས་པའི་ཆོ་ག་བཞིན་དུ་ཕྱོགས་ཀྱི་ཆའམ། ཀླུང་གི་ངོས་སམ། རྒྱ་མཚོའི་འགྲམ་མམ། མཚོ་འགྲམ་མམ། མཆོད་རྟེན་

གྱི་གནས་སུ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་མཆོད་པ་ཆེན་པོ་བྱས་ཏེ། ཙནྡན་དཀར་པོ་དང་། ཀ་ར་བཱི་རའི་མེ་ཏོག་དང་། པདྨ་དམར་པོ་དང་། ཨ་ཏི་མུ་ཀ་ཏ་ཀའི་མེ་ཏོག་དང་། ཙམ་པ་ཀའི་མེ་ཏོག་དང་། རྒྱལ་མཚན་དང་། བ་དན་དམར་པོ་ལ་
སོགས་པ་དང་། བུམ་པ་སྤོས་ཆུས་བཀང་བ་ལ་སོགས་པས་མཆོད་པ་བྱས་ནས་གང་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དེ་གཡུལ་དེ་ཐམས་ཅད་དུ་ཞུགས་ཀྱང་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་
ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྟོབས་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་ངོར་སོང་ན་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ། །གསང་སྔགས་གྲོ་ག་ལ་བྲིས་ཏེ་སྤྱི་བོར་བཏགས་ན་གཡུལ་ངོར་མཚོན་ཆ་རྣམས་མེ་ཏོག་བཞིན་དུ་ལྟུང་བར་འགྱུར་རོ། །དེ་
ནས་བདུད་དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་སྟོབས་པོ་ཆེ་ཞེས་བགྱི་བ་ཅི་ལགས་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །སྟོབས་པོ་ཆེ་
ཞེས་བྱ་བ་ནི་ཆོས་སོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཚུལ་ལོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ལག་ན་རྡོ་རྗེའོ། །དེ་ནས་བདུད་སྡིག་ཅན་གྱིས་སྨྲས་པ། གསང་བ་པའི་བདག་
པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སྐྱབས་སུ་མཆིའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །དགེ་བསྙེན་གྱི་ཡན་ལག་གཟུང་བར་བགྱིའོ། །བདེ་དང་ཐར་དང་མཐོ་རིས་དང་། །
མཁས་པ་དག་དང་སེམས་ཅན་ནི། །དམ་པ་ཀུན་དང་ཕན་པའི་ཕྱིར། །སྟོབས་པོ་ཆེ་ནི་གཟུང་བར་བགྱི། །དེ་ནས་བདུད་སྡིག་ཅན་ཆོས་ལ་དགའ་ཞིང་ཡིད་བདེ་བ་དང་རངས་བར་གཟིགས་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་

པོ་སྟོབས་པོ་ཆེའི་མདོ་སྡེ་འདི་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ལས་ཐར་བར་བྱེད་པའོ། །དེ་བསྐལ་པ་སྟོང་ཕྲག་ཉི་ཤུར་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ། །བསྐལ་པ་མཐའ་ཡས་པར་གླིང་བཞི་ལ་དབང་བའི་འཁོར་
ལོས་སྒྱུར་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པར་བྱེད་དོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་སྙིང་པོ་འདི་ནི་གཙང་སྦྲ་ཅན་ནམ། གཙང་སྦྲ་མེད་པའམ། སྨྱུང་བ་བྱས་པའམ། སྨྱུང་བ་མ་བྱས་པའམ། འཁྲིག་པའི་ཆོས་ལ་སྟེན་
པ་ལ་ཡང་འགྲུབ་པར་བྱེད་པའོ། །དེ་ལ་བར་ཆད་དུ་མི་འགྱུར་རོ། །དེ་ནས་རབ་འབྱོར་འཁོར་དེ་ཉིད་ན་འདུག་པར་གྱུར་པས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ཅི་ཞིག་སྩོལ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ལག་ན་རྡོ་རྗེ་ལ་དྲི་བ་དྲིས་ཤིག །རབ་འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ནི་ཅི་ཞིག་སྦྱིན་པར་བྱེད། ལག་ན་རྡོ་རྗེས་སྨྲས་པ། འབྲུ་སྦྱིན་པར་བྱེད་དོ། །གོས་སྦྱིན་པར་བྱེད་དོ། །དངུལ་སྦྱིན་པར་བྱེད་དོ། །
གསེར་སྦྱིན་པར་བྱེད་དོ། །བ་ལང་སྦྱིན་པར་བྱེད་དོ། །དམ་པ་གང་འདོད་པའི་དམ་པ་དེ་སྦྱིན་པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། སྤྱིའི་འབྲས་བུ་ཞེས་བྱ་བའམ། ལག་ན་རྡོ་རྗེས་སྨྲས་པ། རབ་འབྱོར་དེ་དེ་བཞིན་ཏེ། སེམས་ཅན་ཉོན་མོངས་བས་བསྒྲིབས་པ་རྣམས་ནི་
འབྲས་བུའི་དུས་སུ་གནས་སོ། །འབྲས་བུའི་དུས་ཀྱིས་ཡོན་ཏན་གྱི་དོན་དུ་གནས་སོ། །ཡོན་ཏན་གྱི་དོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་འཇོག་པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་ལེགས་སོ་ལེགས། །གསང་བའི་མཚན་
ཉིད་ལྡན་པ་སྟེ། །སྟོབས་པོ་ཆེ་ནི་ཤེས་རབ་ལྡན། །གསང་བའི་མཚན་ཉིད་ཕུན་སུམ་ཚོགས། །སྤྱི་ནས་དབང་བསྐུར་ཡིད་ཀྱང་གཞུངས། །མཚན་དང་ཡང་དག་ལྡན་པ་སྟེ། །སྦྱིན་དང་ཚུལ་ཁྲིམས་ཤེས་རབ་ཆེ། །རྫུ་འཕྲུལ་ཆེ་ཞིང་སྟོབས་ཀྱང་ཆེ། །དབང་ཆེར་གྲགས་

ཤིང་བསོད་ནམས་ཆེ། །ཡོན་ཏན་རྩེ་མོ་སྟོབས་པོ་ཆེ། །མདོ་སྡེ་འདི་ལ་དབང་བསྐུར་ཕྱིར། །སངས་རྒྱས་བརྒྱད་སྟོང་དེར་གཤེགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་མདོ་སྡེ་འདི་ཉིད་ཀྱིས་མི་འཇིགས་པའི་ལག་པ་སྤྱི་བོར་བཞག་སྟེ། དགེ་བར་
བྱེད་པར་འགྱུར་རོ། །གང་གིས་གསང་སྔགས་འདི་སའམ། རིའམ། ཀླུང་གི་ངོགས་སམ། རྒྱ་མཚོའི་དྲུང་དུ་བཅངས་ན་འཇིགས་པ་ཐམས་ཅད་ཀྱིས་འཇིགས་པ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་
གསོལ་ཏོ། །སུ་མདོ་སྡེ་འདི་འཆང་ངམ། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་བྲོ་ནད་མ་མཆིས་པར་ལོ་བརྒྱར་འཚོ་བར་འགྱུར་རོ། །ལག་ན་རྡོ་རྗེས་ཡང་གསོལ་པ། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བར་ཟུང་ཤིག །ཆོས་ཀྱི་ཉི་མ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཀྱི་ཟླ་བ་ཞེས་བྱ་བར་ཡང་ཟུང་ཤིག །དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཅེས་བྱ་བར་ཡང་ཟུང་ཤིག །སྡིག་པ་ཐམས་ཅད་འབྱང་བར་བྱེད་པའི་གཟུངས་སྔགས་ཞེས་བྱ་བར་ཡང་ཟུང་ཤིག །རིག་སྔགས་འཆང་ཐམས་ཅད་འགྲུབ་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུང་ཤིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་
ཟུང་ཤིག །ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བར་ཡང་ཟུང་ཤིག །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བར་ཡང་ཟུང་ཤིག །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཡི་གེར་
འདྲིར་འཇུག་པ་དང་། བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པ་བྱེད་པ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །འདས་པ་དང་།

མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་མཆོད་རྟེན་སྐུ་གདུང་དང་བཅས་པ་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །ལག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །ཤིན་ཏུ་ཟབ་པའི་ཆོས་བསྟན་པ་དང་། ཆོ་འཕྲུལ་གྱི་ཡོན་ཏན་གྱི་རྒྱན་གྱི་ཆོས་བསྟན་པ་
གཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་མདོ་སྡེ་འདི་འཆང་བ་དེ་ལ་སྡང་བའི་སེམས་ཅན་རྣམས་ཆུ་འགྲམ་གྱི་ཤིང་ལྟ་བུར་མ་རུང་བར་འགྱུར་རོ། །སྤོས་དང་། མེ་ཏོག་དང་། བདུག་པ་དང་། རྒྱལ་མཚན་དང་།
བ་དན་སྣ་ཚོགས་ལ་སོགས་པས་མཆོད་པ་བྱས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་ལ་བར་ཆད་འབྱུང་བར་མི་འགྱུར་རོ། །མདོ་སྡེ་འདི་གནས་གང་ཡང་རུང་བ་ན་འཆང་ན་ལྷ་དང་། མིར་བཅས་པས་མཆོད་པ་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་
རྒྱལ་པོ་སྟོབས་པོ་ཆེ་བགེགས་དང་ལོག་འདྲེན་ཐམས་ཅད་འཆིང་བ་ཡིད་ལ་བྱེད་ན་སངས་རྒྱས་བརྒྱད་སྟོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་དྲང་སྲོང་ཆེན་པོ་རྣམས་དང་། ལྷ་དང་། ཀླུ་དང་། དྲི་ཟར་བཅས་པ་རྣམས་དགྱེས་དགའོ། །སྟོབས་པོ་ཆེའི་
གཟུངས་སྔགས་འདི་ལ་དགྱེས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་མི་བྱེད་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུར་རོ། །གསང་བ་པའི་བདག་
པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པ་བྱེད་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ཡི་གེ་འདྲི་འམ། ཚིག་མཉན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་རོ། །ལག་ན་རྡོ་རྗེས་
གསོལ་པ། ཐུབ་པའི་ཆོས་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་ཟབ་པ། བསམ་གྱིས་མི་ཁྱབ་པ་ལ་སེམས་ཅན་རྣམས་ཀྱི་ནང་ནས་གང་ལོག་པར་སེམས་པ་དེ་མྱོས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སེམས་ཅན་རྣམས་ཀྱི་

དོན་གྱི་ཕྱིར་མདོ་སྡེ་འདི་བཤད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་བ་དང་། ཞི་བར་བྱ་བ་དང་། རྒྱས་པར་བྱ་བ་དང་། དབང་བསྐུར་བ་དང་། བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་བར་བྱ་བ་དང་། དཔལ་གྱིས་བྱིན་གྱིས་བརླབ་པར་བྱ་བ་དང་།
སྡིག་པ་ཐམས་ཅད་བྱང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་བཤད་པར་བྱའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་བརྒྱ་སྟོང་དོང་བར་མཛད་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་མཛད་དེ་ཐལ་
མོ་སྦྱར་ནས་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ་ཞེས་མངོན་པར་དགྱེས་པ་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སངས་རྒྱས་དེ་དག་ལ་སླར་གསུངས་པ། བཅོམ་ལྡན་འདས་དག་ལེགས་པར་རབ་ཏུ་གསུངས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། །སྟོབས་པོ་ཆེ་གསང་བའི་ཆོས་བསྟན་པ་འདིའི་མཐུས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་སྡང་བའི་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི་སྙིང་འདར་ཞིང་འགུལ་བར་མཐོང་ངོ་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་
ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་པྲ་ཛྭ་ལ། སུ་རུ་སུ་རུ། མུ་རུ་མུ་རུ། ཀ་ཊང་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཇི་ཏེ། ཨ་པ་རཱ་ཛི་ཏེ། མཱ་ར་སེ་ནྱ་པྲ་མརྡ་ནཱ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བགེགས་དང་ལོག་འདྲེན་ཐམས་ཅད་སྡིགས་ཤིག་སྡིགས་ཤིག །ཆིངས་ཤིག་ཆིངས་ཤིག །རྣམ་པར་ཆིངས་ཤིག །མ་གྲུབ་པ་རྣམས་གྲུབ་པར་གྱིས་ཤིག །གྲུབ་པ་རྣམས་དུལ་བར་གྱིས་ཤིག །དུལ་བ་
རྣམས་ཆུད་མི་ཟ་བར་གྱིས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འབབ་པར་གྱིས་ཤིག །ལྷ་དང་ཀླུ་ཐམས་ཅད་ཚུར་ཤོག་ཚུར་ཤོག །ངས་སྟོབས་པོ་ཆེ་ཁྲོ་བོའི་མཐུས་དགེ་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་

བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པའི་མཚན་ཉིད་ཇི་ལྟ་བུ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །འདུ་བྱེད་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་གློག་དང་། སྤྲིན་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཁྱིམ་དང་དབུ་བ་དང་འདྲའོ། །
འདུ་བྱེད་ཐམས་ཅད་ནི་མར་མེ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཆུ་བུར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཆུ་ཤིང་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་རི་མོའི་རྣམ་པ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་མེ་ཏོག་དང་འདྲའོ། །འདུ་བྱེད་ཐམས་
ཅད་ནི་རྨི་ལམ་དང་འདྲའོ། །འདུ་བྱེད་འདི་དག་ནི་བདེ་བ་དང་སྡུག་བསྔལ་གྱི་འཁོར་ལོ་དང་འདྲའོ། །འདུ་བྱེད་འདི་དག་ནི་བདེ་བ་དང་སྡུག་བསྔལ་གྱི་ཀླུང་དང་འདྲའོ། །འཁྲུག་པར་འགྱུར་བས་རྒྱ་མཚོ་དང་འདྲའོ། །སྐར་མ་དང་འདྲའོ། །སེམས་ཅན་རྣམས་
ནི་འདུ་བྱེད་འདི་དག་སྐྱེ་བར་མི་སེམས། མི་མཐོང་། མི་ཤེས། མི་མཇལ་གྱི། དེ་བཞིན་གཤེགས་པ་ཉིད་ཀྱིས་གཟིགས་སོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མཇལ་ལོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །འདུ་བྱེད་ཐམས་ཅད་སྟོང་པ་ཉིད་དུ་
མཚན་ཉིད་གཅིག་པར་མཁྱེན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །དེ་བཞིན་ཉིད་
སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་མཚན་ཉིད་འདི་ཉིད་མཐོང་ཞིང་། མཚན་ཉིད་འདི་ཉིད་ཤེས་ཏེ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་།

བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །མཚན་ཉིད་འདི་ཉིད་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་
ཕྱུག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་འདི་མཚན་ཉིད་གང་གིས་ན་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་ལས་རྣམས་མདོ་སྡེ་འདིས་བྱེད་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་བ་ཞེས་བྱའོ། །མདོ་སྡེ་འདི་
ཡོངས་སུ་ནུབ་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །མདོ་སྡེ་འདི་འཚོ་ཞིང་སྡོད་ན་དེ་བཞིན་གཤེགས་པའི་བསྟན་པ་ཡང་འཚོ་ཞིང་སྡོད་དེ། མཚན་ཉིད་དེས་ན་དེ་བཞིན་
གཤེགས་པའི་སྤྲུལ་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ལ་ཕྱག་འཚལ་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་
ནས་བཀའ་ལུང་བཞིན་དུ་བགྱི་ཞིང་སུ་མདོ་སྡེ་འདི་འཆང་བའི་གན་དུ་མཆིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱང་འོང་ངོ་། །ལྷ་ཐམས་
ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ་བདག་ཅག་ཀྱང་དམ་པ་སྩོལ་བར་མངོན་པར་དགའ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དམ་པ་འདི་ཉིད་སྩོལ་བར་མཛད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེའི་གསང་བའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་མཚན་ཉིད་གང་གིས་ན་མདོ་སྡེ་འདི་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས་ཞག་སུམ་ཅུ་རྩ་གཉིས་ལོན་པའི་ཉིན་མོ་རི་བཏང་བཟུང་ཆེན་པོར་མདོ་སྡེ་འདི་ཉིད་ཀྱིས་
ཆོས་བསྟན་ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ་མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་
སྡེ་འདི་ཉིད་ཀྱི་མཐུས་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་དག་རྒྱུན་དུ་ཞུགས་པར་གྱུར་ཏོ། །རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྲས་སུ་འདུ་ཤེས་སྐྱེད་དོ། །འཁོར་བ་དེ་ཉིད་དུ་འཆི་བའི་དུས་བྱས་ནས་མྱ་ངན་ལས་
འདས་པའི་ལམ་ལ་འཇོག་པར་བྱེད་དོ། །ལག་ན་རྡོ་རྗེས་གསོལ་པ། སངས་རྒྱས་འཁོར་བ་བགྲོད་དཀར་སེམས་ཅན་གྱི། །སྲིད་པའི་ཕུར་པ་འབྱིན་ཅིང་ཤེས་རབ་ཀྱིས། །སྲིད་ཕུར་སེམས་ཀླུང་འཇོམས་ཤིང་ཐུབ་པ་ཡི། །ཆོས་བསྟན་པས་ནི་སྡིག་འཇོམས་
ལེགས་ཆོས་སྤྱོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེས་གསོལ་པ། སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པས་
བསོད་ནམས་ཀྱི་ཕུང་པོ་ཅི་ཞིག་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ངས་ནི་ཏིང་ངེ་འཛིན་བྱེ་བ་ཐོབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་འཁོར་དང་བཅས་པ་བྱེ་བ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་ནས་བསམ་པ་རྒྱ་ཆེན་པོས་བསྟི་སྟང་བྱེད་པར་འགྱུར་རོ། །བླ་མར་བྱེད་པར་འགྱུར་རོ། །
རིམ་གྲོར་བྱེད་པར་འགྱུར་རོ། །མཆོད་པར་བྱེད་པར་འགྱུར་རོ། །ཆོས་གོས་དང་བསོད་སྙོམས་དང་། མལ་ཆ་དང་ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་འབུལ་ལོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བདེ་བར་སྦྱར་བ་སྒྲུབ་བོ། །དགེ་འདུན་གྱི་ཚོགས་ལ་ཡང་རིམ་གྲོ་བྱེད་པར་འགྱུར་རོ། །
དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ། །དེ་དག་གི་ཆོས་བསྟན་པ་ལ་ཡང་བསྟི་སྟང་དུ་བྱས་ཏེ་ཉན་ཏོ། །
ལེན་ཏོ་འཛིན་ཏོ་ཀློག་གོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཇི་ལྟ་བ་དང་མཚུངས་པར་སྟོབས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ། །སྟོབས་པོ་ཆེ་ཕ་རོལ་གནོན་པ་ཁྲོ་བོ་དེའི་མཐུས་བདག་དང་སེམས་ཅན་ཐམས་ཅད་སྭ་སྟི་སྭ་སྟི། སིད་དྷི་སིད་དྷི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་
སྩལ་ནས། འཕགས་པ་བྱམས་པ་དང་འཇམ་དཔལ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་
འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྲིན་པོ་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལག་ན་རྡོ་རྗེ་ཡི་རངས་ཏེ་བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཀ་ལྤ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་
རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ་མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན་ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ་ཀླུ་ནག་པོ་སེ་ར་ལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་
བས་རྣ་ཆ་བྱས་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུ་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ།
བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་
རླག་པར་བྱེད་པ། གད་རྒྱངས་ཆེན་པོ་དགོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། གཤིན་རྗེའི་གཟུགས་ཅན། ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་རྣམས་འཆིང་བར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་
གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། བྷོ་བྷོ་བཱནྣཱ་ག་ཨ་དྷི་པ་ཏ་ཡེ། ཨིད་ནྣཱི་ལཱྃ་བར་དྷ་ར་ཤ་རཱི་རྃ། བཛྲ་པཱ་ཎི་ཧྲྀ་ད་ཡྃ། ཡཿས་མཱ་ཏི་ཀྲ་མ་ཐ། ཨུཏྶ་ད་ནྃ་བྷ་བི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་ཕུདྡྷ། བི་བུདྡྷ་བི་བུདྡྷ། མ་ཧི་པྲཱ་པྟ། ཧ་ར་ཧ་ར་ནཱ་གཱ་ནཱྃ། བྲ་ཧ་ར་པྲ་ཧ་ར་ནཱ་
གཱ་ནཱྃ། ཙྪིནྡ་ཙྪིནྡ་ནཱ་ག་ཧྲི་ད་ཡཱ་ནི། བྷིནྡྷ་བྷིནྡྷ་ནཱ་ག་མ་རྨཱ་ཎི། བི་སཱི་རྱནྟུ་ནཱ་ག་ཤ་རཱི་རཱ་ཎི། བིསྤོ་ཊ་ཡ་ནཱ་ག་ནཱ་ཡ་ནཱ་ནི། ཏདྱ་ཐཱ། ཧཱུྃ་ཕཊ། ནཱ་ག་བི་ད་ར་ཎཱ་ཡ་ཕཊ། ནཱ་གོཏྶ་ད་ནཱ་ཡ་ཕཊ། ནཱི་ལཱྃ་པ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀཏཱནྟ་རཱུ་པཱ་ཡ་

ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུམྦྷ་ཎྜོཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙི་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵཱ་བཱ་སྨར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷཱྃ་བིནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུྃ་སྃ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། །
ཨོྃ་ནཱི་ཡཱྃ་པ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེའི་ཆོ་ག་ལ་གནོད་སྦྱིན་གྱིས་ཟིན་པ་ལ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་གཏོར་ན་བཏང་བར་འགྱུར་རོ། །ཀླུ་བཟློག་པར་འདོད་ན་སྨྱག་ཤད་ཀྱི་ལྕུག་མའམ། དལ་པོའི་སེའུའི་ལྕུག་མས་བྱའོ། །ཡི་དགས་དང་། བརྗེད་བྱེད་རྣམས་ལ་སྐུད་པས་བྱའོ། །
རིམས་ནད་མེད་པར་བྱ་བ་དང་། གཞོགས་ཕྱེད་ན་བ་དང་། ཡི་གེ་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ནོར་འདོད་ན་ཞག་གཅིག་སྨྱུང་བར་འདུག་སྟེ་པོག་ཕོར་གྱིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་ལ་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ། །རྒྱས་བཏབ་པ་
དགྲོལ་བར་འདོད་ན་ཐལ་བས་བྱའོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ། །འཇིགས་པ་ཐམས་ཅད་བསྲུང་བ་ལ་ནི་མར་རྙིང་པའམ། ཐལ་བའམ་ཡུངས་ཀར་གྱིས་བྱའོ། །ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་
ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པར་འདོད་ནས་ས་བྱའོ། །དུག་ལ་ནི་རྩྭ་ཀུ་ཤས་བྱབ་པར་བྱའོ། །བདག་བསྲུང་བ་ལ་ནི་ཡིད་ཀྱིས་
སམ་ཆུས་བྱའོ། །གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་མམ། བདུན་ནམ། བཅུ་བཞིའམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ། །མཆོད་རྟེན་སྐུ་གདུང་དང་ལྡན་
པའི་དྲུང་དུ་མེ་ཏོག་སྔོན་པོས་མཆོད་དེ། སྔགས་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་དཱི་བྃ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོཙྪ་བ་རྒྱ་བརྩོན་འགྲུས་སེང་

གེས་དཔལ་ན་ལན་དྲའི་སྒོ་འགྲམ་དུ་བསྒྱུར།། ༄༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེས་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་
ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་
ཐམས་ཅད་ཀྱི་མཐུ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་
དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ།
གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། འབྱུང་པོ་ཐམས་ཅད་ཚར་གཅོད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། །མ་
གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་སྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་
རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེན་པ་ཏ་ཡེ། ཏདྱ་ཐཱ། ཨོྃ་ཏུ་ཊ་ཏུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷྲུརྞྞ་གྷྲུརྞྞ། གྷུརྞྞཱ་པ་ཡ་གྷཱུརྞྞཱ་བ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་

བོ་དྷ་ཡ། སྃ་བོ་དྷ་ཡ། བྷྲ་མ་བྷྲ་མ། སྃ་བྷྲ་མ་ཡ་སྃ་བྷྲཱ་མ་ཡ། སརྦ་བྷཱ་ཏཱ་ནི། ཀུ་ཊ་ཀུ་ཊ། སྃ་ཀུ་ཊ་ཡ་སྃ་ཀུ་ཊ་ཡ། སརྦ་ཤ་ཏྲཱུ་ན། གྷ་ཊ་གྷ་ཊ། སྃ་གྷཱ་ཊ་ཡ་སྃ་གྷཱ་ཊ་ཡ། སརྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ།
ཨཊྚ་ཧཱ་ས་ནཱི་ལ་བཛྲ། སུ་བཛྲཱ་ཡ་སྭཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། ནི་གྲི་ཧྣ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུ་ལླུ། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་
བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་ཀྲོ་དྷ་བཛྲ་ཀཱི་ལེ་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ། ཙཎྜ་ཀཱི་ལི་ཀཱི་ལཱ་ཡེ་སྭཱ་ཧཱ། ཧྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྟ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫནཱ་ཡ་
སྭཱ་ཧཱ། མ་ཏི་སྠི་ར་བཛྲ། ཤྲུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨོ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤཱིགྷྲཾ་བཛྲཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀཱུ་ལ་མཱ་བརྟཱ་ཡ་སྭཱ་ཧཱ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། ནམ་སྶ་མནྟ་བཛྲཱ་ཎཱཾ། སརྦ་བ་ལྃ་ཨཱ་
བརྟ་ཡ། མ་ཧཱ་བ་ལེ། ཀ་ཏ་བ་ལེ་ཏ་ཏ་ལེ། ཨ་ཅ་ལེ། མཎྜ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲཱྃ་ཀུ་ཤ་ཛྲ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ།
ན་མ་ཤྩཎྜ་བཛྲ་པཱཎ་ཡེ། མ་ཧཱ་ཡཀྵ་ས་ནཱ་བ་ཏ་ཡེ། ཏདྱ་ཐཱ། ཨྃ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ནམ་ཤཱ་ཎྜ་བཛྲ་ཀྲོ་དྷཱ་ཡ།
ཧུ་ལུ་ཧུ་ལུ །ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲཾ་ཏེ་ཧཱུྃ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ན། །སྡུག་བསྔལ་ཐམས་ཅད་མེད་པར་འགྱུར། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་

ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབས་པས་ནི་གནོད་པ་དང་། །མྱ་ངན་ངལ་ལས་གནོད་པ་
དང་། །འཇིགས་པ་དང་ནི་འཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་
སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་
དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་དཱུར་བ་དང་། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་
དཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་
ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་
བཅས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས། གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱིས། བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་
མཆིས་ལ་སེམས་ཅན་རྣམས་གདུལ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་གང་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི་ཁྱོད་གཏུམ་པ་
ཡིན། བསྟེན་པར་དཀའ་བ་ཡིན། ཤིན་ཏུ་ཐུབ་པར་དཀའ་བ་ཡིན། འཕགས་པའི་ཚུལ་མེད་པ་ཡིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ། །ལག་ན་རྡོ་རྗེ་དེ་བས་ན་རྡོ་
རྗེའི་རིགས་འདི་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱི་མིང་བརྒྱད་པོ་གསང་བ་གསང་སྔགས་ཀྱི་འཁོར་དང་བཅས་པ་གང་ཐོས་ན་མཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་འབྱང་བར་འགྱུར་བ་དང་། ལག་ན་རྡོ་རྗེ་ཁྱོད་ཀྱང་
མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེར་བར་འགྱུར་བ་དང་། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པ་ཡང་ཚངས་པར་སྤྱད་པར་འགྱུར་བ་དང་།
ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་བ་དང་། སྨྱུང་བ་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སྲུང་བར་མཛད་པ་དང་།
ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བར་འགྱུར་བ་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མིང་བརྒྱད་པོ་གསང་བ་གསང་སྔགས་ཀྱི་

འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བཤད་ཀྱིས་ཉོན་ཅིག །འདི་ལྟ་སྟེ། ཁྱོད་ནི་གླང་པོ་ཆེའི་རྣ་བ་ཅན་ཡིན། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། །ཁྱོད་ནི་རིན་པོ་ཆེའི་འབྱུང་
གནས་ཡིན། ཁྱོད་ནི་བདེན་པའི་སྤྲིན་ཉིད་ཡིན། །ཁྱོད་ནི་གཟུགས་སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན་ནོ། །ཁྱོད་ཀྱི་མིང་འདི་དག་མཁས་པ་དག་གིས་ཐོས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་
བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ། །ཆོས་བསྟན་པ་དེས་ན་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ། །ན་མོ་བུདྡྷ་སྱ། ན་མོ་དྷ་རྨ་སྱ། ན་མཿསྃ་གྷ་སྱ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཨ་ཊྚེ། མ་ཊྚེ། ཁ་ར་ཊྚེ། སོ་མེ་སོ་མཱ་སུ་ཁི། ཧི་རི་ཧི་རི། མི་རི་ཀི་རི། བྷི་བྷི་བི་ས་ནི་སིདྡྷ་ནྟུ་སརྦ་ཀཱརྱཱ་ཎི་སཱ་དྷ་
ཡ་མནྟྲ་པ་ད་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །འདི་ལྟར་གསང་བ་ཆེན་པོ་བཀའ་སྩལ་བ་གང་ལགས་པ་དེ་ནི་ལེགས་ཏེ། བཅོམ་ལྡན་འདས་དེ་དེ་
ལེགས་སོ། །དེ་དེ་ལེགས་ཏེ། བཅོམ་ལྡན་འདས་རིག་པ་མཆོག་སྒྲུབ་པ་ནི་བཟླས་བརྗོད་བགྱིད་པ་དང་སྒྲུབ་པའི་ཚེ་མཆོད་པ་བགྱིས་ལ་མིང་བརྒྱད་པོ་བཀླག་པར་བགྱིའོ། །བཀླགས་ན་བདག་བསྟོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩལ་བར་འཚལ་ལོ། །བགེགས་ཀྱང་འབྱུང་
བར་མི་འགྱུར་ལ་ལྷ་རྣམས་ཀྱང་དགའ་ནས་མྱུར་དུ་དངོས་གྲུབ་སྩོལ་བར་བགྱིད་དོ། །ཉལ་བའི་ཚེ་བཀླགས་ན་རྨི་ལམ་ངན་པ་མཐོང་བར་མི་འགྱུར། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་དུ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མཚམས་

མེད་པ་ལྔ་བགྱིད་པ་ཡང་བསྐལ་པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་བདག་མཆིའོ། །ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་བཅས་པ་རྫོགས་སྷོ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་ད་ཤ་བཛྲ་པཱ་ཎི་ཧྲྀ་ད་ཡ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་
ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུའི་མིང་
ཤེས་སམ། རུས་ཤེས་སམ། གསང་སྔགས་ཤེས་པ་དེ་ལ་བྱད་ཀྱིས་མི་ཚུགས་སོ། །གནོད་སྦྱིན་དག་རྣམ་པར་འཚེ་བར་མི་འགྱུར་རོ། །སྲིན་པོ་རྣམས་དང་། ལྷག་མ་ཟ་བ་རྣམས་དང་། བདུག་པ་ཟ་བ་རྣམས་འཚེ་བར་མི་འགྱུར་རོ། །ཕྱིས་འཇོག་པ་རྣམས་ཀྱང་
གནོད་པར་མི་འགྱུར་རོ། །ཏདྱ་ཐཱ། ཨུ་ཀི་རི་མ་ཀི་རི། མི་རཱི་ཅ་པརྞ་ཤ་བ་རི། ཨུ་ལི་མེ། མི་ལི་མེ། ཨི་ལི་མེ། མི་ལི་མེ། ཨི་ལི་མེ། མི་ལི་མེ། ཨི་ལི་མ་ལི་མེ། ཧིག་ཀེ་དྷིག་ཀེ། ཧུག་ཀེ། དྷུ་དྷུ་རེ། པྲ་དྷ་རེ། ཨ་ལྃ་ཕ་ལེ། ཕཱ་ལྃ་ཕ་ལེ། ཁུ་ཁུ་མེ་ཏི་ཀུ་མེ་ཏུ་
མེ། ཁི་རི་ཁི་རི། སྭ་དྷ་སཱ་དྷ། སརྦ་བག་ཀྭ་ལེ། བན་དྷ་མ་བག་ཀྭ་ལེ། ཀུན་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ནས་བདག་གཉིད་ལག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ཡང་བསྲུང་བ་དང་།
ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱི་བཀས་གསོལ་བ་ཐོབ་ཤིག །འདི་ལྟ་སྟེ། རྒྱལ་བ་ཁྱུ་མཆོག་དང་། འབྲོག་གནས་དང་། གངས་གནས་དང་། ལྔས་རྩེན་

དང་། ནོར་བུ་བཟང་པོ་དང་། གྲགས་པ་བཟང་དང་། ལུས་ངན་གྱི་བུས་མཛེས་བྱེད་དང་། ཕྲེང་བ་མཛེས་དང་། རྒྱལ་པོ་ཆེན་པོ་ཆོས་སྐྱོང་རྣམ་ཐོས་ཀྱི་བུ་སྟེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་འབྲང་བར་གྱུར་ནས་བདག་གཉིད་ཀྱིས་
ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ན་ཡང་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱི་བཀས་གསོལ་བ་ཐོབ་ཤིག །གསང་སྔགས་ཀྱི་གཞི་འདི་
རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། ཏདྱ་ཐཱ། ས་ར་ས་ར་ཎེ་སྭཱ་ཧཱ། དེ་ལ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་ཀྱི་གཞི་རྣམས་ནི་འདི་དག་ཡིན་ཏེ། ཏདྱ་ཐཱ། ཨུ་གེ་ཏེ། ཀེ་ཏེ། སྃ་ཀ་ཏེ། ཨུདྡུ་ལེ། དྷ་དྷེ། ཏ་ཏེ། ཏ་པཏྟེ་སྭཱ་ཧཱ། ཙི་ཙེ་ཙི་ཙེ། ཙི་ཁེ་ལོ་ཙྪེད་ནེ། བྷེད་ནི། སརྦ་
བིརྱ་ཚེ་ད་ནི། སརྦ་ཀྲ་ཏ་ཀཱ་ཁོརྡ། པ་ར་ཀྲྀ་ཏནཱ་ཤ་ནི། དེ་ལ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་ཀྱི་གཞི་དམ་པ་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨ་ལེ་ལཀྵེ། བ་ཀེ་ལེ་ལ་ཀྵེ། ཨ་ཀེ། པ་ཀེ། ཡཀྵེ་སྭཱ་ཧཱ། ཏདྱ་ཐཱ། ཧུ་ཏུ་ཧུ་ཏུ། ཧུ་ཏུ་ཏུ། བི་
ཏུ་བི་ཏུ། བི་ཏུ་ཏུ། གཙྪ། སབ་ཏེ། པ་ཏ་ཧ་ཏ་ཡེ་སྭཱ་ཧཱ། ན་མོ་བྷ་ག་བཱ་ཏེ་བུདྡྷ་སྱ་སིདྡྷྱ་ན་ཏུ་མནྟྲ་པ་དཱ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་
ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་
པ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོྃ་མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དན་ཏི་རི་སྭཱ་ཧཱ།

ཆོ་ག་ནི་ཆུ་ཁྱོར་བ་གང་ལ་བཟླས་པ་བྱས་ཏེ་འཐུངས་ནས་སེམས་བཞིན་དུ་ཉལ་ན་ལག་ན་རྡོ་རྗེས་རྨི་ལམ་བསྟན་པར་འགྱུར་རོ། །རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་གཞོན་ནུའི་རིག་སྔགས་བཤད་དོ། །དངོས་གྲུབ་ཐོབ་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཡོངས་སུ་སྐྱོབ་པ། གདོན་ཐམས་ཅད་ཡོངས་སུ་འདུལ་བ། ཀུན་དུ་སྲུང་བ། སླར་ལྡོག་པ་འདི་ནི་རྡོ་
རྗེ་འཛིན་པས་བཤད་དེ། ཏདྱ་ཐཱ། བཛྲེ་བཛྲེ། ས་ར་ས་ར། ཨ་མོ་གྷ་བཛྲེ། བཛྲ་ཀ་ལ་ཀ་ལ་ཨཱ་ཅི་ཏ་བཛྲེ་ནི། རཀྵ་རཀྵ་ར། ན་མཿསརྦ་གྲ་ཧོ་སུ་བཏྲ་བེ་བྷྱེཿ། ཀ་ཏ་ཀ་ཏ། ཧ་ན་ཧ་ན། སརྦ་དུཥྚ་ནཱན། ཀ་ར་མ་ནི་ཏྲནཱ་ཡ། བྲ་ས་ར་བྲ་ས་ར། ད་མ་ད་ར། ཤ་མ་ཤ་མ། གྷུ་མ་
གྷུ་མ། གྷུ་མེ་གྷུ་མེ། བཛྲ་མ་ལ་ད་རི། ཙྪིན་ད་ཙྪིན་ད། ཙ་ཀྲེ་ཧྲྀ་ད་ཡ། ནི་ར་མི་ཏེ། ནཱི་ལ་བ་སེ་ནེ། སོ་མ་ཀ་སཱ་ཡ། བི་ཙི་ན་དྲ། ས་ནན་ཏི་ས་ཀ་ལ་རསྟྲི། ཀྲི་ཤན་པྃ་ག་ལི། བེ་ཀྲི་ཏྲ་བེ་ཏ་ལི་རཀྵ་རཀྵ་མན། སརྦ་ཏ་སརྦ་ཏ། བྷྱ་ཡེ་བྷྱཿ། སརྦ་པ་ལཱ་ཡ། བྷྱི་སས་སྱ། སརྦཱ་
ད་ཏྲ་རཀྵ་ཀུ་རུ་ཀུ་རུ། བ་རི་བ་པ་རི་གྲཱ་མ་ལ་ན་ཤཱན་ཏིང་སྭ་སྱ་ཡ་ནྃ། ད་ན་ར་པ་རི་ཧ་རྃ། ཤསྟ་ཐ་རི་ཧ་རྃ། བི་ཤ་ཏུ་ཤ་ནན། སརྦ་ཨ་མྲྀ་ཏནི་པ་ར་ནན། ཏདྱ་ཐཱ། བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲེ་མཱ་ལ་དྷ་རི། བཛྲ་ནི་ད་ནི། བདག་དང་སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་སྲུངས་ཤིག །
གདུག་པ་ཐམས་ཅད་མེད་པར་མཛོད་ཅིག །ཧ་ད་ཧ་ཧ་ཧ་ད། གདོན་ཐམས་ཅད་ལའོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། དྷ་ཀ་དྷ་ཀ །ཀ་ད་ཨུག་ཀ་རུ་པི་ནི་པ་ཙ་པ་ཙ། པྲ་མེན་མ་ཐམས་ཅད་བསྐྲད་དོ་བཟློག་གོ། །ཨ་བེ་ཨ་བེ་རྡོ་རྗེ་གཞོན་ནུ་རྡོ་རྗེ་གཞོན་ནུས་འཐེན་པ་རིམས་ཐམས་
ཅད་མེད་པར་བྱེད་པ། གདོན་ཐམས་ཅད་འཇོམས་པ། བྷྃ་ཛ་བྷྃ་ཛ། ཏ་མ་ཏ་མ། བདག་ལ་སུ་ཞིག་སྨོད་དེ། ཏདྱ་ཐཱ། ས་ར་ས་ར། ད་ར་ཡ་ད་ར་ཡ། གདོན་ཐམས་ཅད་འགོག་པ་དང་། རྡོ་རྗེ་གཞོན་ནུ་སླར་ལྡོག་པའི་རིག་སྔགས་འདི་ལ་སུ་ཞིག་འདའ་བར་བྱེད་ན། དེ་ལ་རྡོ་རྗེ་

གཞོན་ནུ་འབར་བས་སྤྱི་བོ་ཚལ་བ་བདུན་དུ་འགས་སོ། །སྥོ་ཊ་ཡ་སྥོ་ཊ་ཡ། གྲ་ས་ཙྪིནད་ཙྪིན་ད། སུ་ཞིག་བདག་ལ་གཞན་གྱིས་རིག་སྔགས་དང་། བྱད་སྟེམས་བྱེད་པ་དང་། བྱེད་དུ་འཇུག་པ་དེ་དག་གི་ལུས་ལ་སླར་འགྲོ་ཞིང་སླར་འབར་བར་འགྱུར་རོ། །ག་ག་ཏེ་ཨ་ཙ་
ལེ། རི་པེ་རི་པེ། པྲ་ཧ་ར་སྟམ་བྷ་ནི། པྲ་ཧ་ར་སྃ་ཀ་མ་ནི། འཚོ་བའི་དབང་པོ་ལ་སྲུངས་ཤིག་སྲུངས་ཤིག །སུ་ཞིག་བདག་ལ་བགེགས་བྱེད་པ། སྡིག་པ་ཐམས་ཅད་དུ་གདུང་བར་བྱེད་པའི་རིག་སྔགས་ཀྱི་ཕྲེང་བས་སོ། །ས་ར་ས་ར། སུ་རེ་ཎ་ཌེ་སུ་རེ་ཎ་ཌེ། རྡོ་རྗེའི་ཕོ་ཉ་
མོས་ཕྱོགས་ཐམས་ཅད་བཅིང་ངོ་བཅིང་བར་བྱའོ། །ཏདྱ་ཐཱ། མོ་ཧ་ནི། ཛམྦྷ་ནི། སྟམྦྷ་ནི། ནད་ཐམས་ཅད་འཇིལ་བ། སུ་ཞིག་རིག་སྔགས་འདི་ལས་འདའ་བར་བྱེད་ན་དུག་ཆེན་པོར་འགྱུར་རོ། །གང་ཞིག་རིག་སྔགས་འདི་ལུས་ལ་འཆང་བ་དང་། ཁ་ཏོན་བྱེད་ན། དེ་
ལ་ནམ་ཡང་དུག་གིས་མི་ཚུགས། མ་རུངས་པའི་གདོན་ཐམས་ཅད་ཀྱང་འདའ་བར་མི་བྱེད། ཕྲ་མེན་མ་ཐམས་ཅད་ཀྱང་འདའ་བར་མི་བྱེད། མཐོང་བ་ཙམ་གྱིས་ཀྱང་དབང་དུ་འགྱུར་རོ། །འཐབ་མོ་དང་། རྩོད་པ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །རིག་སྔགས་འདིའི་སྟོབས་
ཀྱིས་ཐམས་ཅད་སྒྲོལ་ལོ། །ཨ་མྲྀ་ཏེ་སྃ་བྷ་བ་སྭཱ་ཧཱ། བདག་ལ་སྲུངས་ཤིག་སྲུངས་ཤིག །དགྲ་ཐམས་ཅད་ཀྱི་ནང་དུ་སོང་ཡང་རུང་། འཚེ་བའི་དུས་སུ་ཡང་རུང་། དུར་ཁྲོད་དུ་སོང་ཡང་རུང་། བཙོན་རའི་ནང་དུ་སོང་ཡང་རུང་། འཇིགས་པ་ཐམས་ཅད་རབ་ཏུ་འཇིལ་བར་
བྱེད་པའི་རྒྱལ་མོ་ལས་མ་འདའ་ཤིག །ལྷ་དང་འཇིག་རྟེན་དང་བཅས་པ་དང་། བདུད་སྡེ་དང་བཅས་པ་དང་། ཚངས་པར་བཅས་པས་ཀྱང་མི་འདའ་ན་འདྲེ་གདོན་ངན་པ་ལྟ་ཅི་སྨོས། ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོའི་གཟུངས་རྫོགས་སྷོ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཨ་ཛི་ཏ་ཨ་ན་ལ་པྲ་མོ་ཧ་ནཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་

བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རིན་པོ་ཆེའི་རྩེ་མོའི་ཁང་པ་བརྩེགས་པ་ཅན་གྱི་རི། གངས་རི་སུལ་གྱི་མཆོག །རི་རབ་ཀྱི་སྨད་དང་རྐེད་ལྟར་གསེར་གྱི་རྡོ་སྣ་ཚོགས་ཀྱིས་གང་ཞིང་རེའུར་བྲེས་པ་འབར་བ། རིན་པོ་ཆེའི་རྡོ་དུ་མའི་འོད་སྣ་
ཚོགས་འཇའ་ལྟ་བུ་བྱུང་བའི་རྡོ་ལེབ་ཡངས་པ། མེ་ཏོག་དྲི་ཞིམ་པོ་བཀྲམ་ཞིང་ཕྱེ་མ་དང་། བདུག་པ་དྲི་ཞིམ་པ་མང་པོས་ཕུག་གི་ནང་དང་ནགས་བསྒོས་པ། གདུགས་དང་། ཨ་ག་རུ་དང་། ཕྱེ་མ་དང་། དྲིལ་བུ་དང་། བླ་རེས་མཛེས་པར་བྱས་པའི་རི་བོ་མཆོག་ལ་བཞུགས་
ཏེ། དེ་ནས་བཅོམ་ལྡན་འདས་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མིའམ་ཅི་རྣམས་
དང་། སྲིན་པོ་རྣམས་དང་། དྲི་ཟ་རྣམས་དང་། རིག་སྔགས་འཆང་གྲུབ་པ་རྣམས་དང་། འབྱུང་པོ་རྣམས་དང་། ལོག་འདྲེན་རྣམས་དང་། ཤ་ཟ་རྣམས་དང་། སྣང་བ་དང་མི་སྣང་བའི་མ་མོའི་ཚོགས་ཁྱབ་པར་བྱེད་པ་རྒྱ་ཆེན་པོ་དག་གིས་དཔག་ཚད་ལྔ་བརྒྱར་འཁོར་གྱི་དཀྱིལ་
འཁོར་དུ་གྱུར་པར་འདུས་ཏེ། དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་དང་། དགེ་སློང་ཁྲི་ཉི་སྟོང་ལྔ་བརྒྱ་དང་ཐབས་ཅིག་གོ། །བཅོམ་ལྡན་འདས་ནི་ཆོས་སྟོན་ཏེ། གནས་པར་བདེ་བ། མཉན་ན་བདེ་བ། འཁོར་བ་ལས་ངེས་པར་འབྱུང་བའི་ཆོས་སྟོན་ཏོ། །
དེ་ན་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མི་འམ་ཅི་རྣམས་དང་། སྲིན་པོ་རྣམས་
དང་། སྲིན་པོའི་བུ་རྣམས་དང་། དྲི་ཟ་རྣམས་དང་། རིག་སྔགས་འཆང་གྲུབ་པ་རྣམས་དང་། འབྱུང་པོ་རྣམས་དང་། ལོག་འདྲེན་རྣམས་དང་། ཤ་ཟ་རྣམས་དང་། སྣང་བ་དང་། མི་སྣང་བའི་མ་མོའི་ཚོགས་རྣམས་དང་། འབྱུང་པོའི་ཚོགས་རྣམས་དང་། འབྱུང་

པོའི་ཚོགས་རྣམས་རྣམ་པར་རྒྱུ་ཞིང་ཀུ་ཅོ་དང་། འཇིགས་པ་དང་། ཉམ་ཐག་པའི་སྒྲ་འབྱིན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྒྲ་དེ་དག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་བཞིན་
བཟངས་དག་ཅིའི་ཕྱིར་ཀུ་ཅོ་དང་། འཇིགས་པ་དང་། ཉམ་ཐག་པ་དང་། འཁྲུག་པའི་སྒྲ་འབྱིན། དེ་དག་གིས་གསོལ་བ། བཅོམ་ལྡན་འདས་བདག་ཅག་ནི་དབང་དུ་བགྱིས་ཏེ། གནོད་པ་དང་དྲང་བས་བཀུག་ཅིང་དྲངས་ཏེ་ཐོ་བཙམས་ན། བཅོམ་ལྡན་འདས་བསྐྱབ་ཏུ་
གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཀྱི་སྟེང་གི་དཀྱིལ་འཁོར་ཡངས་པ་སྟོན་པའི་མཆོག་གི་བློ་གྲོས་དང་། བློ་དང་། ལས་དང་། ལས་ཀྱི་མཐའ་དང་ལྡན་པ། ས་ཆེན་པོ་ལས་ས་གཞན་ཐོབ་པ་རྒྱལ་ཚབ་ཏུ་ཉེ་སྟེ། ཆོས་ཀྱི་རྒྱལ་སྲིད་ལ་
དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་དགོངས་པར་མཛད་པ་ཙམ་གྱིས་འོངས་ཏེ། རྡོ་རྗེའི་ཟོམ་ལྟར་དཔུང་མགོ་ཡངས་པ། རྡོ་རྗེ་ལྟར་མཁྲེགས་པའི་ཅོད་པན་འོད་ཟེར་འཚེར་བ་ཅན། རྡོ་རྗེའི་དཔུང་རྒྱན་དང་ལྡན་པ། ལུས་མཁྲེགས་ཤིང་སྲ་བ།
ལག་ན་རྡོ་རྗེ་དང་། ཞགས་པ་དང་། ལག་ཆ་བརྟན་པོ་འབར་བ་ཐོགས་པ། རྡོ་རྗེ་ཕུར་བུ་སྲ་བས་རབ་ཏུ་འཇོམས་པར་བྱེད་པ། མཐུ་ཆེན་པོ་གཡོག་བཞི་འབུམ་ལྔ་ཁྲི་དང་ལྡན་པ། འཇིག་རྟེན་གྱི་ཁམས་འདི་ཀུན་དུ་སྣང་བར་བྱེད་ཅིང་རྡོ་རྗེའི་རིགས་ཀྱི་གཞོན་ནུ་དང་། རྡོ་རྗེའི་སྡེ་
དང་། རྡོ་རྗེའི་བེ་ཅོན་དང་། རྡོ་རྗེའི་སྙིང་པོ་དང་། རྡོ་རྗེའི་ཏོག་དང་། རྡོ་རྗེའི་སྣང་བ་དང་། རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེའི་རྡོ་རྗེ་དང་། གསང་བའི་རྡོ་རྗེ་དང་། འཁོར་ལོ་རྡོ་རྗེ་ལ་སོགས་པ་དང་། རྡོ་རྗེའི་དམག་དཔོན་ཆེན་པོ་རྣམས་དང་། དམག་སྐྱོང་རྣམས་དང་།
ས་སྐྱོང་རྣམས་དང་། རྡོ་རྗེ་རིག་པའི་རྒྱལ་པོ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་ཡང་དག་པར་རྟོགས་པ་རྣམས་དང་། རྡོ་རྗེའི་ཡུམ་རྣམས་དང་། རྡོ་རྗེ་རྣམ་པར་འདྲེན་རྣམས་དང་ལྷན་ཅིག་ཏུ་རྡོ་རྗེ་གཞོན་ནུའི་གདོན་རྣམས་དང་། རྡོ་རྗེ་གནོན་པོ་རྣམས་དང་། རྡོ་རྗེ་རྨི་ལམ་ངན་

བྱེད་རྣམས་ཡང་དག་པར་སྐུལ། རྣམ་པར་སྐུལ་ཞིང་འཁོར་གྱི་ཁྱམས་ཆེན་པོར་འདུས་པ་ཐམས་ཅད་ལ་ཀུན་དུ་སྣང་བར་བྱེད། རྣམ་པར་སྣང་བར་བྱེད། གསལ་བར་བྱེད། རྣམ་པར་གསལ་བར་བྱེད། རབ་ཏུ་དགའ་བར་བྱེད། ཡང་དག་པར་སྐུལ། སོ་
སོར་སྐུལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བླ་གོས་ཕུད་ནས་ཞབས་ལ་ཅོད་པན་གྱིས་གཏུགས་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་དེ། རྡོ་རྗེ་འཆང་ཁྱོད་སོང་ལ་ལྷ་རྣམས་
དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ནམ་མཁའ་ལྡིང་གི་བུ་རྣམས་དང་། འདུས་པ་ཆེན་པོའི་བར་དག་སྒྲ་འབྱིན་ཅིང་ཉམ་ཐག་པ་མྱོང་བ་རྣམས་ཀྱི་
བསམ་པ་རྫོགས་པར་གྱིས་ཤིག །དེ་ནས་རྡོ་རྗེ་འཆང་སྟན་ལས་ལངས་ཏེ། ལྷ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། འབྱུང་པོའི་ཚོགས་ཀྱི་ནང་དུ་སོང་ནས་རྗེས་སུ་སྟོན་ཅིང་རྡོ་རྗེ་མཚོན་ཆའི་མེ་སྒྲོན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།
རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མེ་ལྕེ་འབར་བའི་འོད་འཕྲོ་བ་དང་། མེ་སྟག་རྣམ་པར་འཕྲོ་བ་དང་། ལྕེ་འབེབས་པའི་གློག་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྣམས་གཟིར་ཏོ། །དེ་ནས་བསྐལ་པ་ཆེན་པོ་ལྔར་རྨི་ལམ་དང་། ཆུ་དང་། གང་གཱའི་ཀླུང་
གི་བྱེ་མའི་གྲངས་ཀྱི་ཚད་ཙམ་དག་གིས་མདངས་དང་། གཟི་བརྗིད་དང་། ཚངས་པར་སྤྱོད་པ་དང་། གཙང་མ་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། རང་གི་ལོངས་སྤྱོད་ཐམས་ཅད་ལས་བྱུང་བའི་ལས་གྲུབ་པའི་རྡོ་རྗེ་དེ་བྱང་ཆུབ་
སེམས་དཔའ་ལག་ན་རྡོ་རྗེ་དེའི་ལག་ཏུ་བྱིན་ནོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་རབ་ཀྱི་ཆོས་སྟོན་པར་གྱུར་པ་དགྲ་བཅོམ་པ་རྣམས་ཀྱི་ཆོས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་།

བཟོད་པ་དང་། སྙིང་རྗེ་བྱེད་པ། རང་གི་རྡོ་རྗེ་དང་། རིགས་ཀྱི་རིག་པ་དང་། དཀྱིལ་འཁོར་དང་། བཀླགས་པའི་ཚུལ་དུ་གྱུར་པ་དྲག་པོ་དང་། དབང་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་གདུལ་དཀའ་བ་རྣམས་འདུལ་བ་
སྟེ། དེ་ལྟར་དེ་ལས་བྱུང་བའི་བཅོམ་ལྡན་འདས་ཁྲོ་བོ་དྲག་པོ་རྣམས་རྨོངས་པར་བྱེད་པ། སྒྱུ་དང་ལྡན་པ་རྣམས་རྨུགས་པར་བྱེད་པ། སྡང་བ་རྣམས་སྐྱོད་པ། རྨོངས་པ་རྣམས་འཇིག་པ། དམ་པོ་རྣམས་རྩད་ནས་འདོན་པ། རྒྱས་པ་རྣམས་སྤུར་མར་རློག་པ། ཡོན་པོ་རྣམས་
སྲོང་བ། གཅོད་པ་རྣམས་སྙིང་རྗེས་བྱེད་པ། འབྱུང་པོ་རྣམས་སྐྲག་པར་བྱེད་པ། སྲིན་པོ་རྣམས་དངངས་པར་བྱེད་པ། རང་གི་གསང་སྔགས་རྣམས་རྫོགས་པར་བྱེད་པ། གཞན་གྱི་གསང་སྔགས་རྣམས་ཕུར་བུས་འདེབས་པ། ནུབ་པ་རྣམས་སྟོན་པར་བྱེད་པ། གསོད་པར་
བྱེད་པ། གསོད་པ། གནོད་པར་བྱེད་པ། ཕུང་བར་བྱེད་པ་དེ་དེར་སོང་ནས་ལྷ་རྣམས་དང་། ལྷའི་བུ་རྣམས་དབང་དུ་བྱེད་དེ། དེ་ལྟར་དྲག་པོ་པ་དྲག་པོ་གྲུབ་པ་དང་། ཁྱབ་འཇུག་པ་ཁྱབ་འཇུག་གྲུབ་པ་དང་། ལྷ་མ་ཡིན་པ་ལྷ་མ་ཡིན་གྲུབ་པ་དང་། དེ་དག་སྤྱིར་སྐུལ་ཞིང་
དཀྱིལ་འཁོར་དུ་འཇུག །སྐྱོད་པར་བྱེད། མཐུ་སྟོན་པར་བྱེད། རྗེད་པར་བྱེད། རྣམ་པར་སྐྲག་པར་བྱེད་དོ། །སྟོབས་བཅུས་དགོངས་པ་བཀའ་སྩལ་པའི་རྡོ་རྗེ་འཆང་གིས་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་གསུང་བ་དང་། གཟུངས་འདིའི་སྟོབས་
དང་། བདེན་པའི་བྱིན་གྱི་བརླབས་ཀྱིས་འོད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པོ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་ན་རྡོ་རྗེ་བསྐུལ་ནས། འོད་དེས་དེ་རབ་ཏུ་དགའ་སྟེ་རྡོ་རྗེ་ལས་སྣང་བ་བཀྱེ་བ་རྣམས་ཀྱིས་ས་གསུམ་གྱི་སྟོན་གྱི་སྐར་མ་དང་། ཟླ་བའི་འོད་ཟིལ་དུ་
བརླག་པར་བྱས་ནས་སྣང་བ་གཅིག་བུར་བྱེད་ཅིང་རྒྱ་མཚོ་ཆེན་པོ་ནི་སྐེམས། རིའི་རྒྱལ་པོ་རི་རབ་ནི་གཡོ་བར་བྱེད། གློག་གི་འཁོར་ལོ་དང་། ལྕེ་འབེབས་པའི་འབྲུག་ནི་བསྒྲགས། སྒྲ་དྲག་པོ་ནི་ཕྱུང་། བསྒྱིངས་པའི་སྒྲ་ནི་བསྒྲགས། སྐྲག་པར་ནི་བྱས་སོ། །དེ་ན་རྡོ་རྗེ་མི་ཕམ་པ་མེ་ལྟར་

རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་མེ་ལྕེ་འོད་འཕྲོ་ཆེན་པོ་ཁོང་ན་འདུག་པ། སྐྲ་ཚོགས་གསེར་དང་རིན་པོ་ཆེ་འདྲ་བ། རྡོ་རྗེ་འཆང་བ་རྡོ་རྗེའི་བུ་མོ་ཞེས་བྱ་བའི་བཅོམ་ལྡན་འདས་མ་དེས་ལན་གསུམ་བསྐོར་བ་བྱས་ནས། ཡིད་པས་ཆེས་མགྱོགས་པའི་ཤུགས་འོད་འཕྲོ་ཞིང་འབར་བ་
ལྟ་བུར་དྲག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་ཆེན་པོ་ལ་སྐྱབས་སུ་སོང་ངོ་། །དེ་འོངས་པ་དང་། འཕགས་པ་རྡོ་རྗེ་འཆང་གིས་སྨྲས་པ། སྐལ་བ་ཆེན་པོ་དགེ་མ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སེམས་དང་ལྡན་མ། འདི་དག་ལ་ལག་ཆ་དང་མཐུན་པར་བྱ་བའི་སྟོབས་
བྱིན་ཅིག །དེ་ནས་གཟུངས་ཀྱིས་སྨྲས་པ། འདི་དག་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ་ཞེས་ལན་གསུམ་ཚིག་ཏུ་སྨྲས་སོ། །ཐོར་ཚུགས་གསུམ་མ། ས་གསུམ་དང་། དུས་གསུམ་དང་། དྲག་པོ་རྩེ་གསུམ་དང་། ཁྱབ་འཇུག་གི་འཁོར་ལོ་དང་། གཤིན་རྗེའི་བེ་ཅོན་དང་། ལུས་ངན་གྱི་དབྱུག་ཐོ་
དང་། དབང་པོའི་རྡོ་རྗེ་དང་། ཆུ་ལྷའི་ཞགས་པ་དང་། ལོག་འདྲེན་རྣམས་ཀྱི་བགེགས་དང་། ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང་། རླུང་ལྷ་རྣམས་ཀྱི་གཟི་དང་། ཤུགས་དང་གྲུབ་པ་རྣམས་ཀྱི་རྨོངས་བྱེད་དང་། མ་མོའི་ཚོགས་རྣམས་ཀྱི་གཅོད་པ་དང་། ཀླུ་རྣམས་ཀྱི་དམ་ཚིག་དང་། དུག་དང་།
ཁྲོ་བོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མིའམ་ཅི་དང་། ཤ་ཟ་དང་། འབྱུང་པོ་དང་། ཚངས་པའི་སྲིན་པོ་དང་། གྲུལ་བུམ་དང་། བདེན་བྲལ་དང་། གནོན་པོ་དང་། རོ་ལངས་ཀྱི་སྐབས་སུ་རྒོལ་བ་རྣམས་དང་། དེ་བཞིན་དུ་ཐམས་ཅད་ཀྱང་སྦྱོངས་ཤིག །མིག་གི་འཛུམས་
པ་ཙམ་གྱིས་ཡུད་ཙམ་ལ་ཐམས་ཅད་མཆོད་ནས་ལག་ན་རྡོ་རྗེ་ལ་སྙིང་པོ་འདི་ཕུལ་ཏེ་སྨྲས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏ་ཐཱ་ག་ཏ་ས་མཱ་དྷི་དྷཱ་ར་ཎཱི། མ་ཧཱ་ཨ་བརྟ་ཡི་ཥྱཱ་མི། ཨ་ཧི་
བཛྲེ། ཀུ་ཊི་ལི། ཀོ་ཊི་པཱ་བ་ཀཱ་ཀུ་ལ་ཤི་ཁི། ཀ་བི་ལ་ཀེ་ཤི། ཏ་ཊི་ཙི་ཊ་ཙི་ཊི་མ་ཊ་ནི། ཀརྐ་ཊ་མུ་ཊི་བཊྚི་བཛྲེ། མ་ཧཱ་བི་དྷུ་ལློ་ལོ་ལེ། པ་གུ་པུ་ལུ། སུ་མུ་སུ་མུ། ས་ར་ས་ར། སྥ་ཊ་སྥ་ཊ། སུ་དྱོ་ཏེ། པིཾ་ག་ལེ་ཅི་ཊེ། བི་ཙ་ཊི། །ཛྲ་ལ་བི་ག་ལེ། སརྦ་དེ་བག་

ན། པྲ་ཧ་ར་ཎ་མཱ་ཡཱ། སིདྡྷ་དཱ་ཡི་གེ། སུ་རུ་ཀེ། སུ་རུ་ཀེ། བཛྲ་གྷོ་ཎེ། བཛྲ་ཌྜྷི། སཱ་ར་པྲ་ཧ་ར་ཎེ། རཏྞ་ཏྲ་ཡ། དི་ཀྲ་ལ་བུདྡྷེ་ཏེ། བཛྲ་དྷ་ར་བི་ཤྭ་ས་ནི་ཀ། ཨ་པྲ་ཏི་ཧ་ཏ་པྲ་མརྡ་ནི་སྭཱ་ཧཱ། གང་གསང་སྔགས་འདི་རྗེས་སུ་དྲན་ནས་ཀློག་གམ། སྒོམ་མམ། འཛིན་
པ་དེ་ཐོས་ན་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དམ་ཚིག་དང་ཕྱག་རྒྱ་ལ་ཞུགས་པར་འགྱུར་རོ། །བསམ་པ་དང་རྗེས་སུ་ཡི་རང་བས་འགུགས་
པར་བྱེད་དོ། །དུག་དང་། གསང་སྔགས་དང་། མདུད་པ་དང་། རྡེག་པ་དང་། འཆིང་བའི་འཇིགས་པ་ལ་སོགས་པས་རྣམ་པར་སྐྲག་པར་བྱེད་དོ། །དེ་ནས་ལྷ་དང་། ལྷའི་བུ་དེ་དག་གིས་དེའི་མཐུས་བཅོམ་ལྡན་འདས་རྡོ་རྗེ་འཆང་དེའི་རྣམ་པར་རོལ་པ་དང་།
བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པ་མང་པོ་དུ་མ་ཡང་མྱོང་ནས་སྟེང་གི་གནས་གཙང་མ་དང་། འོག་མིན་གྱི་ལྷ་དང་། འཇིག་རྟེན་གྱི་ཁམས་གཞན་ན་གནས་པ་དག་གིས་འོད་དང་ལྡན་པའི་མེ་ཏོག་དང་། བདུག་པའི་སྤྲིན་དང་། རིན་པོ་ཆེ་མང་པོའི་ཆར་
རྒྱ་ཆེན་པོས་མཆོད་ནས་བསྟོད་པ་སྙན་པས་བསྟོད་དེ་སྙན་ཅིང་ཟབ་ལ་རྔ་སྒྲ་ལྟ་བུ་དང་། བསིལ་བ་དང་། བསོད་ནམས་ཀྱི་ཚིགས་སུ་བཅད་པ་དག་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་
སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། བཛྲ་སཱུ་ཀྵྨ་ཨ་པྲ་ཏི་ཧ་ཏ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་
རྡོ་རྗེ་རིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སངས་རྒྱས་ཀྱི་མཐུས་གསང་བ་པའི་བདག་པོ་རྡོ་རྗེ་ཧཱུྃ་ཞེས་བྱ་བས་བཞིན་རབ་ཏུ་འབར་བ་བསྟན་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་འདུག་གོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྤྲུལ་པ་ལས་བྲམ་ཟེའི་ཁྱེའུ་ཅིག་བྱུང་སྟེ།
གསང་བ་པའི་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ། རིག་པའི་བདག་པོ། གཟུངས་ཀྱི་བདག་པོ། ལྷ་གནས་གསུམ་པོ་དག་ན་ལྷ་ཉམ་ཆུང་བ་དང་། ཀླུ་ཉམ་ཆུང་བ་ལ་ཟིལ་གྱིས་གནོན་པ་དྲག་པོས་རབ་ཏུ་གཞོམ་པའི་གསང་སྔགས་དང་རིག་སྔགས་
གཟུངས་སྔགས་རྣམས་རབ་ཏུ་བརྗོད་དུ་གསོལ། ལག་ན་རྡོ་རྗེས་སྨྲས་པ། བྲམ་ཟེའི་ཁྱེའུ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ང་ཡིས་བདེ་གཤེགས་ཁྲོ་བོ་ཐམས་ཅད་ཀྱིས་རྟག་ཏུ་བརྗོད་པའི་ཡང་སྙིང་འདི་རབ་ཏུ་སྨྲས་སོ། །ན་མ