Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 099_རྙིང་རྒྱུད།_ག
Văn bản gốc(Tây Tạng)
Trang 12 / 17 (50.000 ký tự/trang)
ཨ་བྷི་ཤིཉྩ་ཧཱུྃ་ཕཊ་ཅེས་བརྗོད་པས་སྐུ་ཅིར་ཡང་འགྱུར་བའི་ཕྱག་རྒྱ་བཅས་ཏེ། རྐང་ལག་བཞིའི་ཚོགས་ བསྐུམ་མགོ་མགྲིན་འཁྲིལ་ཅིང་བསྒྲིལ་ལ་ཧཱུྃ་ཞེས་ཚིག་འབྲུ་དྲག་པོས་གཡས་གཡོན་དུ་ལྟ་བའི་ཚུལ་དྲག་པོ་རེ་རེ་བགྱི། སུམ་བྷ་ནི་སུམ་བྷ་ཧཱུྃ་ཞེས་དྲག་ཏུ་བརྗོད་དོ། །རྡོ་རྗེ་དྲིལ་བུ་གསིལ་ཏེ། བརྐྱང་བསྐུམ་བསྒྲེང་ལ་འགྱིང་ཞིང་དཀྱིལ་འཁོར་ཕྱོགས་སུ་ མཆོངས་ལ། ཁམས་གསུམ་ནས་འབྱུང་སེམས་ཅན་རྣམས། །རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་དུ་བསྡུས་ནས་ཀྱང་། །དེ་དག་བདག་གི་ལུས་ལ་གཟུང་། །སྤྲོ་བ་རྡོ་རྗེ་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་མཆོག་གིས་བྱ། །ཐར་པའི་བླ་མེད་དཀྱིལ་ འཁོར་འདིར། །བྲོད་པ་ཅན་རྣམས་དར་བ་ལྟར། །སྐལ་དང་ལྡན་པ་རིགས་ཀྱི་བུ། །བདེ་བར་འོངས་པ་ལེགས་པ་འོངས། །རྩེ་རྒྱལ་བསྟན་པའི་གནས་ཆེན་འདིར། །བོ་དྷི་ཙིཏྟའི་གནས་ཉིད་དུ། །ཁམས་གསུམ་འཁོར་བ་ཀུན་བསྡུའོ། །ཆོས་ཉིད་སྐྱེ་འགག་མེད་ པ་ལས། །དབྱིངས་སུ་ཐིམ་པས་གཉིས་སུ་མེད། །ཀུན་གྱི་ངོ་བོ་མཉམ་ཉིད་དེ། །ཐམས་ཅད་སྙིང་པོ་བྱང་ཆུབ་ལས། །མ་སྐྱེས་པས་ན་འགག་པ་འཇིག །བདག་ཉིད་མེད་པས་མཉམ་པའི་སྐུ། །ཐུགས་རྗེ་ཆེན་པོ་ཅིར་མི་མཛད། །སེམས་ཅན་མ་རིག་རྨོངས་པའི་ བློས། །བདག་དང་བདག་གིས་སོ་སོར་ཕྱེ། །ལོག་རྟོག་ཕྱིན་ཅི་ལོག་བཞིས་བཅིངས། །འཁོར་བ་རྒྱུད་ལྔ་ཡི་ཁ་བྲིམས། །མྱ་ངན་མི་འདའ་ཡུན་རིངས་ཏེ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་བཀྱེ། །གསུང་གིས་མཐའ་ཡས་ སེམས་ཅན་སྒྲོལ། །ཐུགས་ནི་ཚད་མེད་བཞི་དང་ལྡན། །སྐུ་གསུམ་འགྲོ་བའི་ཚུལ་སྟོན་པས། །དུས་ལ་བབ་པའི་སེམས་ཅན་དག །ལས་ལ་བབ་པའི་རྣལ་འབྱོར་པས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཐུགས་རྗེ་ལྕགས་ཀྱུས་བཀུག་ནས་ནི། །ཡང་དག་ཉིད་ལ་ ཡང་དག་གྲོལ། །ཡང་དག་བསྒྲལ་ནས་བདེ་ཆེན་ཐོབ། །མི་ལྡོག་ས་ལ་ངེས་པར་ཕྱིན། །ཕྱིན་པ་ཙམ་གྱིས་དབང་ཐོབ་ནས། །རྒྱལ་བའི་ཞིང་ཁམས་དབྱིངས་ཉིད་མཐོང་། །རྒྱུད་དྲུག་གནས་སུ་མི་སྐྱེ་ཕྱིར། །དཔའ་བོ་འབྲུ་ལྔས་ལམ་ལྔ་དགག །ཕུང་པོ་ཁམས་དང་སྐྱེ་ མཆེད་རྣམས། །འཁྲུག་པའི་བག་ཆགས་བག་ལ་ཉལ། །བདེ་འགྲོ་ལམ་ལ་སྒྲིབ་པའི་རྣམས། །ཡེ་ཤེས་འབར་བའི་མེས་བསྲེགས་ཏེ། །མཚན་ཉིད་མེད་པར་སྟོང་པར་འགྱུར། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་ཕཊ། །གསང་བའི་དབྱིངས་སུ་ཧཱུྃ་གིས་བསྡུ། །སྐུར་བསྐྱེད་ཡེ་ཤེས་ སྐུར་བསྡུས་པས། །འོག་མིན་གནས་མཆོག་དམ་པ་རུ། །ཆོས་ཀྱི་འཁོར་ལོ་སྐོར་ཞིང་གཤེགས། །སྟོང་གསུམ་མ་ལུས་གདོན་པ་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །སྐྱེས་བུ་ཆེན་པོའི་རྣལ་འབྱོར་གྱིས། །བསྐལ་པ་འབར་ཞིང་སྙིང་རྗེའི་མཆོག །ཉན་ཐོས་དགྲ་བཅོམ་རང་ རྒྱལ་དང་། །ས་བཅུ་བྱང་ཆུབ་སེམས་དཔའ་དང་། །འཇིག་རྟེན་འདས་པའི་མཆོད་པས་མཆོད། །དེ་ནས་འགྱིང་ཞིང་དཀྱིལ་འཁོར་ཕྱོགས་སུ་མཆོངས་ལ། མ་ཏང་གི་གནས་དང་ལུང་གི་ཚུལ་དུ་སྨོས་པ་བཞིན་གསལ་བར་བསྒོམས་ཏེ། དེའི་འཁོར་འབྱུང་པོ་མང་པོ་ཡང་མངོན་དུ་ བཀུག་པར་བསམས་ཏེ། རྐང་པ་གཉིས་བསྣོལ་བའི་དྲུང་དུ་ཕྱིན་ནས་བྱང་ཤར་མཚམས་སུ་ཁ་བལྟས་ཏེ། བདག་ཉིད་བརྐྱང་བསྐུམ་གྱི་ཚུལ་དུ་འགྲེང་ལ། མཛུབ་མོ་གཉིས་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ། །གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་ བཅད་དམ་ཅི། །གཟུང་འཛིན་རྐ་ལག་བསྣོལ་བའི་སྒོ། །ཡུལ་ལས་འདས་པའི་ཞབས་ཀྱིས་ཕྱེ། །དེ་ནས་ཧཱུྃ་ཕཊ་བྲ་བེ་ཤ་ཧཱུྃ་ཕཊ། རྐང་པས་ཤག་གིས་ཕྱེ་བར་བསམ། །དེ་ནས་ལག་པ་གཡས་པ་རྡོ་རྗེ་གསུམ་པའི་ཕྱག་རྒྱ་བྱ། །གཡོན་པའི་འཛུབ་མོ་སྙིང་གར་བསྒྲེང་སྟེ། ཨོྃ་ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷན་ཙ་ཧཱུྃ་ཕཊ་སྭཱ་ཧཱ། །ཟུང་མཐར་བྱེད་ཀྱིས་གཟུང་། ལས་མཐར་བྱེད་གང་གིས་མནན་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། བརྐྱང་བསྐུམ་དུ་བསྒྲེང་ལ་ཨ་ཨ་ཞེས་བརྗོད་ལ། ལྕགས་ཀྱུས་སྙིང་གར་སྒོ་ཕྱེ་བར་བསམ། གཡས་ ནས་རྒྱབ་ཏུ་བསྐོར་ཏེ། ལུས་ཀྱི་ནང་དུ་ཞུགས་མ་ཐག་ཏུ་རྐང་པ་གཤིབས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ཧཱུྃ་ཞེས་སྒོ་ཕྱེ་བར་བསམ། གཡས་རྒྱབ་ཀྱིས་བསྐོར་བས་འབོད་པར་བྱ། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཤ །དྲྃ་ཀརྨ་བཛྲ་ཧཱུྃ་ཕཊ། མ་ཧཱ་དེ་བ་མ་ཏ་རུ་དྲ་ཛ། ཞེས་རྡོ་རྗེ་ གར་གྱི་གོམ་པ་འདོར་ཞིང་ལྟེ་བའི་ཕྱོགས་སུ་སོང་ལ། ཤིན་ཏུ་དམར་པོ་བཞི་ལྟེ་བའི་ཕྱོགས་བཞིར་དགོད་དོ། །ཡི་གེ་ཧཱུྃ་མཆོག་ཏུ་བརྗོད་ཅིང་། གཡས་གཡོན་དུ་ལན་ཅིག་ཏུ་གར་གྱིས་བསྐོར་བར་བྱའོ། །དེ་ནས་སྙིང་པོ་འདི་བརྗོད་པར་བྱའོ། །དྷོ་ཙེ་ཕྱ་དྷོ་ཙེ་ཕྱ། མ་ནུ་དྷ་ རྃ། ཨ་མ་དྷ་རྃ། ཤྲཱི་མ་ཧཱ་ཀ་པཱ་ལ། དྷོ་ཙ་ཕྱྃ། པདྨ་རཀྟ་དྷ་རྃ། བཛྲ་དྷ་རྃ། བཛྲ་མ་ཧཱ་མྃ་བ་དྷ་རྃ། ཞེས་བརྗོད་དོ། །དེ་ནས་གར་གྱི་ཚུལ་དུ་སྙིང་ག་ཕྱོགས་སུ་སོང་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཅི་ལྟར་བདེ་བ་གཏོར་མ་སྦྱིན་པར་མཁྱེན་པ་ནི་ཤེས་རབ་མཁའ་ དབྱིངས་དང་། མ་ཏང་གི་ལུས་སུ་དབྱེར་མེད་པར་གཞལ་ཡས་ཁང་འབར་བའི་ནང་དུ་ཁྲོ་བོ་ཧེ་རུ་ཀ་ཕྱིའི་ཕྲ་མེན་ལ་སོགས་པ་འཁོར་དང་བཅས་པ་བཀོད་དེ། སྤྱན་དྲང་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་དབྱིངས་ནས་ཡི་གེ་ཛ་ལས་ལྕགས་ཀྱུས་གསལ་བར་ཕྱོགས་བཅུར་ འཕྲོས་ཏེ། ཕྱིའི་རྣལ་འབྱོར་དགུག་ཅིང་སྤྱན་དྲང་བའི་ཕྱག་རྒྱ་གསལ་བ་ལས་འཁོར་དང་བཅས་པ་སྤྱན་དྲང་ངོ་། །མི་གསང་བའི་གསང་བ་ཆེན་པོ་ཆོས་ཉིད་ཀྱིས་བསྒྲལ་བ་དང་། སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་གྱིས་བསྒྲལ་བ་དང་། བདག་ཉིད་ཆེན་པོ་ལྷུན་གྱིས་ གྲུབ་པས་བསྒྲལ་ལོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་གསང་བ་ཟབ་མོའི་དོན་བདུད་འདུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཧེ་རུ་ཀའི་ལས་ཀྱི་བཟླས་པ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །འདས་པའི་ དུས་ན་སྔོན་བྱུང་བ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་དུ་སྔོན་འབྱུང་སྟེ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་ཞིང་གདུག་པར་གྱུར། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡང་། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ ཐབས་ཀྱི་ངོ་བོ་ཡིས། །ཁྲོ་བས་དེ་བཞིན་གཤེགས་ཀུན་མཛད། །སངས་རྒྱས་ཐུགས་རྗེས་ཁྲོས་པ་ཡིས། །ཐམས་ཅད་འཇིགས་པའི་མཆོག་ཡིན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ ཕྱག་རྒྱར་གསལ། །ཧཱུྃ་བཞིས་ཧེ་རུ་ཀ་བསྒོམ། ཧས་ཧེ་རུ་ཀ་ལ་སོགས་པ་བསྒོམ། ཧེས་སིང་ཧ་ལ་སོགས་པ་བསྒོམ། ཕཊ་ཀྱིས་སྒོ་བ་ལ་སོགས་པ་བསྒོམ། ཧཱུྃ་ཧ་ཧེ་ཕཊ་ཀྱིས་ཏིང་ངེ་འཛིན་བཟླས། སྔགས་འདིས་སྤྱན་དྲང་ངོ་། །སརྦ་དུཥྚཾ་ན་ས་མ་ཡ་མུད་ཏྲ་ པྲ་བྷན་ཙཀྲ་ཧཱུྃ་ཕཊ། ཨེ་ཧྱེ་ཧི་བྷ་ག་བ་ན། །ཛཿཧཱུྃ་བྃ་ཧོཿ། རུ་ལུ་རུ་ལུ། ཛཿཧཱུྃ་བྃ་ཧོཿ། ཨེ་ཧྱེ་ཧི་ཏྲི་ཤ་ཧོ་ས་མ་ཡ་ཧོ། ཨེ་ཧྱེ་ཧི་ཨ་ར་ལི་དྷིང་དྷིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། ། གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་ པ་མང་པོའི་ཚོགས་དང་གཤེགས། །ཨོྃ་ཤྲཱི་ཧེ་རུ་མ་ཧཱ་བཛྲ། སརྦ་དུཥྚཾ་ས་མ་ཡ་མུ་དྲ་པྲ་བེ་ཤ་ཡ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཨོྃ་ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ། བདེར་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་ བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང་། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། །ཨོྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་ས་མ་ཡ་ཧི། སརྦ་དུཥྚཾ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཧཱུྃ་ཕཊ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་ བདག་ལ་དགོངས་ནས་ཀྱང་། །མི་གཉིས་དོན་ཕྱིར་དངོས་གྲུབ་མཆོག་གི་རྣམས། །བདག་ཅག་སྩལ་ཅིང་བརྟན་པར་བཞུགས་སུ་གསོལ། །ཨོྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་ཏྲ་ཨ་མ་བ་སྟམ་བྷ་ཀ་ཧཱུྃ་ཕཊ། ཨོྃ་གུ་ཧྱ་ཏྲི་ཤ་ས་མ་ཡ། གུ་ཧྱ་ཏྲི་ཤ་ས་མ་ཡ་ཧོ། ཨོྃ་ བཛྲ་གུ་ཧྱ་ཏྲི་ཤ་ས་མ་ཡ་ཧཱུྃ། དམ་ཚིག་ས་ལ་བཞེངས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་མ་གཤེགས་སམ། །གྲུབ་པ་མཆོག་དག་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བའོ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་ མུ་དྲ་བྲ་བྷན་ཙཀྲ་བྷཀྵ་ཡ་བཱཀྵ་ཡ་བི་ཏོ་ག་ས་ཡ་བི་ཏོ་ག་ས་ཡ། ཧེ་བྷ་ག་བན། བུདྡྷ་ཀྵེ་ཏྲཾ་པྲ་ཏི་སྟམ་བྷ་ཀ་ཧཱུྃ་ཕཊ། སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོ་ཚོགས་བཅས་བསྡུས་པའོ། །ཨོྃ་ཤྲཱི་ བཛྲ་ཀ་ར་མུ་ཀ་ཤ་ར་ཡཱ་ཡ་ན་མཿ། ཨོྃ་བཛྲ་ར་ག་ས་མ་ཡཱ་ཡ་ན་མཿ། ཨོྃ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་མ་ཡཱ་ཡ་ན་མཿ། ཨོྃ་ཤྲཱི་གན་དྷེ་ཛ་ཡཱ་ཡ་ན་མཿ། ཨ་ཏི་བུ་ཧོ། པྲ་ཏི་པུ་ཧོ། ཏ་ཐཱ་བྷན་དྷ་ནྃ་ཀ་རོ་ཡ་མི་མ་ཧཱ་ཡོ་གི་ནི། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། བདག་མེད་ཕྱོགས་བྲལ་དོན་དམ་ ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་སྒྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་ པའི་ཚུལ་གྱིས་འགྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཡ་ཧཱ་ཨི་དན་པུ་ཡ་ཏི་བ་ལིན་ཏ། པྲ་ཏི་ཛ་ཧོ། །ཤྲཱི་བན་ཁ་ཁ་ཁཱ་ཧི་ཁཱ་ཧི་ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་བེ་ཤ་ཡ། པྲ་བེ་ཤ་ཡ། ཧཱུྃ་ཁཱ་ཧི། ཧེ་རུ་ ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་ གཤེགས་ཤིང་བསྣམས་སུ་གསོལ། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་དྲ་བྲ་བྷན་ཙཀྲ །ཁ་ཁ་ཁཱ་ཧི་ཁཱ་ཧི་ད་ཡན་བི་བ་ཧཱུྃ་ཕཊ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། ། ཤ་རུས་ལ་སོགས་བཟའ་བར་བྱ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ན་ས་མ་ཡ། མ་ཧཱ་མཾ་ས་མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ལེ་ལེ་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ། རང་འབྱུང་གདོད་ནས་དག་པའོ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། ། རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། །ཐུགས་དམ་དབྱིངས་ཉིད་བསྐུལ་ བའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་དུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། དཔལ་ལྡན་ཤྲཱི་ཧེ་རུ་ཀ་དང་། །ཡུམ་ཆེན་ཀྲོ་དྷི་ཤྭ་རི་ ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་དུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ། །ཨོྃ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། །དཔལ་ཆེན་བཛྲ་ཧེ་རུ་དང་། བཛྲ་ཀྲོ་དྷཱི་ཤཱ་རི་ལ། དམ་ཚིག་གི་ནི་མཆོད་པ་འབུལ། །དཔལ་ ཆེན་རཏྣ་ཧེ་རུ་དང་། རཏྣ་ཀྲོ་དྷཱི་ཤྭ་རི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །དཔལ་ཆེན་པདྨ་ཧེ་རུ་དང་། །པདྨ་ཀྲོ་དྷཱི་ཤྭ་རི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །དཔལ་ཆེན་ཀརྨ་ཧེ་རུ་དང་། །ཀརྨ་ཀྲོ་དྷཱི་ཤྭ་རི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ཨོྃ་སརྦ་ ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། དཔལ་ཆེན་མི་ཕམ་རྡོ་རྗེ་དང་། མ་ཚོགས་དབང་ཕྱུག་འཁོར་གྱི་རྐྱེན། །གཽ་རི་ལ་སོགས་བརྒྱད་རྣམས་དང་། སིང་ཧ་ལ་སོགས་བརྒྱད་རྣམས་ལ། དམ་ཚིག་མཆོག་གི་མཆོད་པ་འབུལ། །མ་མོ་ཆེན་མོ་བདུན་རྣམས་དང་། སྲིང་མོ་ ཆེན་མོ་བཞི་རྣམས་དང་། མཁའ་འགྲོ་འཁོར་བཅས་ཐམས་ཅད་ལ། དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་དུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ། ཨོྃ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། ཤྲཱི་བན་ཁེ་ཧི། དཔལ་ ཆེན་སེམས་དཔའ་འཁོར་རྒྱ་མཚོ་དང་བཅས་པ་དང་། དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ །བཛྲ་ཌཱཀྐི་ནཱི་འཁོར་རྒྱ་མཚོ་དང་བཅས་པ་དང་། གཞན་ཡང་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མཆེད་ལྕམ་དྲལ་འཁོར་རྒྱ་མཚོ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ་ལོ། །དིང་གནས་མཆོག་ དམ་པ་འདིར་འཕགས་པ་ཐམས་ཅད་མཆོད་པ་དང་། རྡོ་རྗེ་མཆེད་ལྕམ་དྲལ་ཕྱོགས་བཅུ་ན་བཞུགས་པ་དང་། ད་ལྟར་བཞུགས་པའི་ཐུགས་དམ་བསྐང་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་གནས་སུ་བསྒྲལ་བའི་ཕྱིར་རྒྱུ་མཆོག་རྐང་བཞི་པ་ཞིག་ཡོན་དུ་འབུལ་ཞིང་ མཆིས་ན། ཐུགས་རྗེས་བཟུང་ཞིང་བསྒྲལ་དུ་གསོལ་ལོ། །རྒྱུ་མཆོག་འདི་ཐུགས་རྗེས་བཟུང་ནས་མ་བསྒྲལ་ན། འདི་ལ་སྤྱོད་པ་ཞིག་མཆིས་ཏེ། རྣལ་འབྱོར་ཐེག་པའི་གཞུང་ལས་ཀྱང་ཚུལ་བཞིན་དུ་མ་བགྱིས་ཏེ། དེ་བཞིན་གཤེགས་པའི་ཚད་མ་ཁྱད་དུ་བསད་པ་ དང་། རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་ལ་ངན་སེམས་དང་དཔྱ་སེམས་བསྐྱེད་པ་དང་། མཆེད་ལ་འཁུས་པ་དང་། དམ་ལས་འདས་པ་དང་། སྤ་ལོ་དང་སྒྱུ་གསོག །བརྫུན་དང་ཁ་གསག །ཕྱི་ཚུལ་དང་རྒྱབ་ཉན་བགྱིས་ནས་རྡོ་རྗེ་སློབ་དཔོན་སྙིང་ནས་སྨོད་ཅིང་བླ་མ་ལ་དབང་ ཟོས་པ་དང་མཉམ་པའི་སྤྱོད་ཡུལ་སུན་ཕྱུང་སྟེ། སྦྱོར་སྒྲོལ་སྒོ་བཀག་པ་དང་། དད་པ་ཅན་གྱི་ཚོགས་བཅག་སྟེ། གདུང་སེམས་ཀྱི་རྒྱུན་བཅད་པས་ཕྲག་དོག་དབང་གིས་སྐུ་གསུང་ཐུགས་ཀྱི་གདུང་འཚོབ་པའི་བར་ཆད་ཀྱིས་ད་ལྟར་ངན་སོང་གི་གནས་ན་འཁྱམས་ཤིང་རྟོག་པའི་ དྲ་བས་ནི་བཅིངས། འཁོར་བའི་རྙིས་ནི་ཟིན་ནས་དམྱལ་ཁམས་ཀྱི་གཏིང་བརྒྱུད་པར་ངེས་ཏེ། ཞིང་བཅུ་དང་ལྡན་པ་འདི་དམ་ཚིག་ཚུལ་བཞིན་དུ་བསྒྲལ་བས། འདིའི་རྣམ་པར་ཤེས་པ་བླ་ན་མེད་པའི་གནས་སུ་བསྒྲལ་བ་ཡང་གནས་སྟོབས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྔ་ཕུང་གི་ཡན་ལག་ནི་ཀུན་དུ་བཟང་པོ་མཆོད་པའི་སྤྲིན་ཕུང་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དགྱེས་པའི་ངང་དུ་ཐིམ་པར་སྨོན་ཏོ། །སྨོན་ལམ་བརྗོད་དེ་བསྒྲལ་བར་བྱའོ། །སྤྱི་གཙུག་ཏུ་ཨོྃ། ལག་པ་གཡས་པར་སྭཱ། གཡོན་པ་ལ་ཧཱ། སྙིང་ གར་ཧཱུྃ། ལུས་ལ་ཨོྃ། ཨོྃ་མ་ཧཱ་སུ་ར་ཏ་སྟྭྃ། ཛཿཧཱུྃ་བྃ་ཧོཿ། ས་མ་ཡ་སྟྭྃ། ཨོཾ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཨ་ཨ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཡཀྵ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ནི་ལ་དནྜ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་པ་ཙ་པ་ཙ་ ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་བྃ་དྷ་བྃ་དྷ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀཎྜ་ལི་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་བྷིན་ད་བྷིན་ད་ཧཱུྃ་ཕཊ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ ལ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། མ་མ་མ་མ། བོ་བོ་བོ་བོ། ཛཿཛཿཛཿཛཿ །མི་འགྱུར་ནམ་མཁའི་རང་བཞིན་ལས། །གཟུགས་སྣང་རྟོག་པ་རྣམ་པར་བསྒྲིབས། །བག་ཆགས་མ་ལུས་སྦྱོང་བའི་ཕྱིར། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །སེམས་ཅན་ ཐམས་ཅད་གསད་པར་བྱ། །མ་སྐྱེས་ཕྱིར་ཡང་གསད་པར་བྱ། །རྣམ་ཤེས་ཧཱུྃ་གིས་བསྡུས་ནས་ཀྱང་། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲ་བས་ཆགས་པ་ཡི། །དམར་ཆེན་དག་གི་རྒྱ་མཚོ་ལ། །འཁོར་གྱི་མཁའ་འགྲོ་ཚོགས་དང་ རོལ། །མ་རུངས་གདུག་པས་མ་ཆགས་ཤིང་། །དམ་ཚིག་ལ་སྡང་དགྲ་ཆེན་རྣམས། །ཐུགས་རྗེ་བྱམས་སེམས་ལྡན་པ་ཡིས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །པྲ་བེ་ཤ་ཡ་ཕཊ། ཙི་ཏ་ཐུྃ། སུམ་བྷ་ནི་སུམ་བྷ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བཛྲ་ཌཱ་ཀི་ནི། ཨ་ཡང་། སྥ་ར་ན་ཕཊ། བཛྲ་ཡུ་ཏི་ཛ། དྲག་པོ་ལས་ཀྱིས་བསྒྲལ་བའི་རྣམས། །འཁོར་བའི་ལམ་ལྔ་སྒོ་ཡང་གཅད། །རྣམ་ཤེས་ཧཱུྃ་གིས་བསྡུས་བརྔུབས་ནས། །འོག་མིན་གནས་མཆོག་བླ་མེད་འདིར། ། གཙོ་བོ་ལྔ་དང་གཙོ་མོ་ལྔ། །སེམས་དཔའ་དང་ནི་སེམས་མ་དང་། །ཁྲོ་བོ་དང་ནི་ཁྲོ་མོ་ཡི། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ ཡང་མེད། །འདོད་ཆགས་རྡོ་རྗེ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །ཡུད་ཙམ་གྱིས་ནི་དབང་མཛད་དེ། །དབང་དུ་མ་གྱུར་གང་ཡང་མེད། །ང་རྒྱལ་རྡོ་རྗེ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །དཔལ་ལྡན་གཟི་བརྗིད་ཆེན་ པོ་རྣམས། །ཡུད་ཙམ་གྱིས་ནི་རྒྱས་པར་མཛོད། །གཏི་མུག་རྡོ་རྗེ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་དེ། །ཞི་བར་གྱུར་པས་དབྱིངས་ལ་རོལ། །བདག་ཅག་མཆེད་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་དབང་ཟོས་ པ་དང་། ཕྲག་དོག་གི་དབང་གིས་མཆེད་ལྕམ་དྲལ་ངན་སེམས་དང་དབྱེ་སེམས་བགྱིས་པ་དང་། གཉིད་དབང་གིས་ལེ་ལོར་གྱུར་པ་དང་། །སེམས་གཡེངས་པས་སྔགས་དང་ཕྱག་རྒྱ་ཟུར་ཆག་པ་དང་། དམ་ཚིག་དང་དུ་ལེན་རྔོ་མ་ཐོགས་པས་སྨད་པའི་དམ་ ཚིག་ཉམས་སོ་འཚལ་ཐམས་ཅད་མཐོལ་ཞིང་བཤགས་སོ། །རྒྱུ་མཆོག་རྐང་བཞི་པ་འདི་ཕྲིན་ལས་རྣམ་བཞིས་བསྒྲལ་བ་ཡང་གནས་སྟོབས་པར་སྨོན་ཏོ། །བདག་ཅག་མཆེད་ལྕམ་དྲལ་འདི་ཚོགས་པ་རྣམས་ཀྱིས་ཡིད་ལ་རྟག་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག ། ཤྲཱི་ཧེ་རུ་ཀ་བྱ་ཤན། བཛྲ་བེ་ར་བ་ན་ཤན། བཛྲ་ཀ་ར་ཛ་ལི་ཏ། ཨོྃ་བཛྲ་ཀྲོ་དྷ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཨུར་ཏ་ཀེ་ཤ་པྲ་ལ་བན། ཤ་ཏ་ཤ་པྲ་དྲ། ཤ་མ་བ་ར་ན་ཤྲ་མ་ལ་ཧ་ཧ་ཧ་ཧཱུྃ། ཀ་ར་བྃ། བཛྲ་ཀ་ར་བྃ། བཛྲ་ཀ་ར་ན་ཏ། ཏྲི་ཤཱུ་ལ་ཨ་གུ་ཛ། པ་ར་ཤ་ར་ན་སུ་ཤོ་ མ་མ། པྲ་ཡོ་མ་ཧཱ་ཙཎྜ། སུ་རེ་བ་རུ་ན། ཀུ་བེ་ར་ན། ནི་ར་པ་པྲི་ཙི་ཏི་མ་ཧཱ་ཀུ་རུ་ནན། ཤྲཱི་ཧེ་རུ་ཀ་ཏ་ན་ཏི། ལ་ལ་གན་དུ་ས་ཏ་མ་ཧང་ཡ་ཀུར་ཀ་ཏེ། ཀུ་ཤ་ལ་ཛི་མོ་ཧ། བ་ར་མོ། གན་ཏ་གན་ཏ། ཀར་ཏ་ཀ །ག་བོ་ཛ་ལ་ནི། བ་བུར་ཏི་བ་ཏ། ཀོ་ཤ་བི་ཤ་ལ། ཨི་སན་པདྨ་ཙནྡྲི་ན་ཀ །མང་གུ་ན་ད་རོ། ཙི་རི་ཀ་ཏ། ཙི་ཏ་སྟི། ཛ་བི་སྟྲ། བྷན་དྷ་ཧེ་རུ་ཀ །བཛྲ་མ་རང་ས་ནས་རང་། བ་མུན་ཀན། ཏིག་ཤྣ། ཏྲྃ་སྟང་ག་ཡ། ཛ་ཡ་བ་ཀེ་དོང་། བི་ཀ་ར་བི་ར། མ་ར་མ་ཧཱ། རི་ཙ་ཡང་སང་སར། མ་ཧཱ་རུ་ན། ཛཱ་ལ་པ་ནི། ཧོ་ཧོ་ཧ། རོ་ན་རོ་ཧཱུྃ་ཧཱུྃ། རེ་ན་རོ་དེ་ན། ཧེ་ཧེ་ར་ན་རོ། བཞི་ལ་བསྟོད། ཐ་མེད་ཏང་བ་ཏིང་། བ་བ་ཏི་ཀ་བ་ར་མཉྫུ། གྲི་ན་ཛ་ལ་པ་ར་ཧོ། ཧེ་ཧེ་རོ་ན་རོ། ཨོྃ་ཕུར་བུ་སྲ་སྟི་སྲ་ཧོ། ཨོྃ་ཕུར་བུ་ཤ་ཤྃ་ཀ །ཕུར་བུ་བ་ཏ་བ་ཏི་ཧོ། ཕུར་བུ་བ་སྦ་སར་ཧཱུྃ། བྱིན་གྱིས་བརླབས་ པ། ཨོྃ་ཨེ་ཤ་ཧཱུྃ་བེ་ཤེ་ཧཱུྃ་ས་མ་ཡ་བཀྵ་ཧཱུྃ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཁ་རྃ་པྲ་ཏི་ཛ་ཧོ། མཆོད་པ་འབུལ། བཤགས་པ་བྱ། སྨོན་ལམ་གདབ། ཕྱོགས་བཅུ་མཐས་ཀླས་མུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་འཁོར་རྒྱ་མཚོ་དང་བཅས་པ་དང་། དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་བཛྲ་ཌཱ་ཀི་ནཱི་ཚོགས་ཀྱི་དམ་ཚིག་གིས་ས་ལ་གཞེས་པའི་ནང་གི་རྣལ་འབྱོར་དང་། ཕྱིའི་གྲུབ་པ་ལ་སོགས་ཏེ། ཕྲ་མེན་གྱི་འཁོར་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྡོ་རྗེ་ཐེག་པ་བསྲུང་བར་ཞལ་འཆེས་པའི་འཕགས་པ་ཐམས་ཅད་དང་། རིག་འཛིན་སྩལ་འཆང་དུ་གྱུར་པའི་མི་ལ་སོགས་ཏེ། སྤྲུལ་པ་སྣ་ཚོགས་སུ་སྐུ་བཞེངས་ནས་སློབ་དཔོན་གྱི་ས་ལ་བཞེངས་ཤིང་སེམས་ཅན་གྱི་དོན་མཛད་པ་ལ། བདག་ཅག་མཆེད་ལྕམ་དྲལ་འདིར་ཚོགས་པ་རྣམས་ཀྱིས་མཆོད་པའི་ཞལ་ཟས་འདི་དག་ཚུལ་བཞིན་ དུ་བྱིན་གྱིས་བརླབས་ནས་འབུལ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ཤེས་བླ་མའི་ས་ནོན། དམ་ཚིག་ཉམས་པ་ཐམས་ཅད་སྐོངས་པར་གྱུར་ནས་སོ་སོའི་ཐུགས་དམ་སྐོངས་པར་སྨོན་ཏོ། །རྣལ་འབྱོར་སྔ་རབས་སྐུ་ཚེ་འདས་པ་རྣམས་ཀྱང་སྒྲིབ་པ་ རྣམ་གཉིས་ནི་བྱང་ཚོགས་གཉིས་ནི་རྫོགས། བདག་ཅག་གི་སྟོང་གྲོགས་སུ་གྱུར་ཅིག །བདག་གིས་སྔ་སླད་དམ་རྫས་བསྒྲལ་བ་དང་། སེམས་ཅན་གྱི་སྲོག་བཀུམ་མོ་འཚལ་ཐམས་ཅད་ཀྱང་ཡེ་ཤེས་ངང་གིས་བསྒྲལ་ཞིང་རྣལ་འབྱོར་གྱི་སྐལ་བ་ཅན་དུ་གྱུར་ ཅིག །བདག་ཅག་རྣམས་ཀྱི་ཚེ་སྔ་མ་ནས་ད་ལྟར་གྱི་སློབ་དཔོན་དུ་གྱུར་པ་དང་། རྒྱུད་གཅིག་ཅིང་ཡི་དམ་གཅིག་པའི་ཐུགས་དམ་ལ་མཉེས་པར་ཕོག་པ་དང་། བདག་གི་སྙིང་རྗེ་ཆུངས་པའི་རྐྱེན་གྱིས་འཕགས་པ་ཐུགས་དམ་བསྐུལ་བའི་རྩལ་འཕང་ དམས་པ་དང་། གནང་བའི་དབང་ལས་ཕམ་པར་གྱུར་པ་དང་། གཏི་མུག་མ་ཚོར་བའི་རྐྱེན་གྱིས་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་མི་བཟོད་དེ། ལུས་ངག་ཡིད་གསུམ་གྱིས་སེམས་དཀྲུགས་ནས་མ་ཡིན་པའི་ཆོས་སྨྲ་བ་དང་། སྤྱོད་ལམ་མི་མཁས་པའི་རྐྱེན་གྱིས་ དམ་ཚིག་གི་ལྷ་དང་། སློབ་དཔོན་དང་། དགེ་བའི་བཤེས་གཉེན་དང་། རྡོ་རྗེ་མཆེད་ལྕམ་དྲལ་ཐུགས་དམ་གྱི་ལྷ་ཡལ་བར་བཞག་ནས་དངོས་གྲུབ་ཐམས་ཅད་འཕང་བར་གྱུར་པ་དང་། མཁྱེན་གསལ་གོང་མ་རྣམས་དང་བྲལ་བའི་རྐྱེན་གྱིས་མཆོད་པའི་ཡོ་བྱད་ རྒྱུན་མི་གཅིག་པ་དང་། མཆོད་པ་མ་ཡིན་པའི་གྲོགས་པོ་ལ་བརྟེན་ནས་རྒྱུན་མི་གཅིག་པ་དང་། བསོད་ནམས་འདྲེས་པས་རྩལ་ཚད་མར་གྱུར་ཏེ། ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་གྱུར་ནས་ཐུགས་རྗེའི་གནས་སུ་མ་གྱུར་ཏེ། ཡེ་ཤེས་ལྷ་དང་སྲུང་ མ་རྣམས་འཕང་བར་གྱུར་པ་དང་། རྒྱང་འཕེན་གྱི་ཆོས་ཀྱི་གདུངས་ནས་བདེ་བའི་ཡོ་བྱད་དང་བྲལ་ཏེ། ཉེས་པ་བསགས་པའི་ཆ་ཤས་དང་། མཆོད་སྦྱིན་མི་ཆུད་པའི་སྒྲིབ་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཐེ་ཚོམ་གཅོད་པའི་ བསམ་པ་མ་ཡིན་པ་བྱུང་བ་དང་། ཤིན་ཏུ་སྡུག་བསྔལ་བར་གྱུར་པ་རྣམས་རྗེས་སུ་དྲན་ཞིང་གནོང་བའི་སེམས་ཀྱིས་མཐོལ་ཞིང་བཤགས་སོ། །བཤགས་བྱ་འདི་ནི་བརྗོད་པ་ཙམ་གྱིས་ཚོར་བ་དང་མ་ཚོར་བ་དང་བག་ཆགས་བྱང་བར་སྨོན་ཏོ། །གནས་ཐོབ་ པ་དང་རྒྱུད་བྱང་བས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག །ལྷ་དང་སློབ་དཔོན་གྱི་དབང་དང་སྔོན་ཅི་ལྟར་དཀྱིལ་འཁོར་གནང་བ་དང་། མི་སྐྱོལ་ཞིང་དངོས་གྲུབ་རྣམ་བཞི་ཡང་ཐོབ་པར་གྱུར་ཅིག །སྐྱོན་བརྗོད་པ་ཐམས་ཅད་དང་བྲལ་ཞིང་དགེ་བའི་རྩ་བ་ བསགས་པ་རྣམས་ཡོན་ཏན་ཚད་མ་བཞིན་ཐོབ་པར་གྱུར་ཅིག །དེ་ནས་ཚོགས་ཀྱི་གཏོར་མ་གཏང་། ཨོྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཌཱ་ཀི་ནཱི་ནཱྃ། བཛྲ་གཽ་རི་ཧ། བཛྲ་ཙཽ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་པེ་ཏ་ལི། བཛྲ་པུཀྐ་སི། བཛྲ་གྷསྨ་རི། བཛྲ་ཙཎྜ་ལི། བཛྲ་སྨ་ ཤ་ནི། བཛྲ་ཧེ་རུ་ཀ་ས་མ་ཡ་ཡོ་གི་ཤྭ་རི། སརྦ་ཌཱ་ཀི་ནན། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དབྱུག་པའི་བརྡ་ཡིས་མཚོན་ནས་ཀྱང་། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཐལ་མོ་བརྡ་ཡིས་མཚོན་ནས་ ཀྱང་། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །གླུ་ཡི་བརྡ་ཡིས་མཚོན་ནས་ཀྱང་། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། དམ་ཚིག་ཚུལ་བཞིབ་གཤེགས་སུ་གསོལ། །བསྐལ་པ་མེ་ལྟར་འབར་བ་ ཡིས། །འོད་ཟེར་འདུ་འཕྲོ་ཀློང་དཀྱིལ་ན། །སྐུ་ནི་དུད་ཁ་ཆེན་པོ་ལ། །ཞལ་གསུམ་པོ་ལ་ཕྱག་དྲུག་སྟེ། །གནག་དང་མཐིང་ག་དམར་བའི་དབུ། །གཡས་ཀྱི་གསུམ་ན་ཐོགས་པ་ནི། །རྡོ་རྗེས་བཀུག་ཅིང་ཞལ་དུ་གསོལ། །ཁྱུང་གི་ཁྲ་ཆེན་འབར་བའོ། །གཡོན་ པ་གསུམ་ན་ཐོགས་པ་ནི། །སྟི་རའི་རྒྱུ་མའི་ཞགས་པ་དང་། །ཐོད་རློན་དམར་གྱིས་བཀང་བ་དང་། །སྟི་ར་ཕྲ་མོ་གསུས་པ་ནས། །གློ་སྙིང་ནང་གྲོལ་འབྱིན་ཅིང་ཟ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞིང་ལྤགས་གཡང་གཞི་ཤམ་ཐབས་ཅན། །ཐོད་རློན་ཕྲེང་བས་རྒྱན་དུ་ བྱས། །མ་ལུས་པ་དག་གསན་དུ་གསོལ། །རྒྱུ་ལས་བྱུང་བས་དེ་བཞིན་གཤེགས། །སྟོན་ནི་མ་ནོར་དོན་མཛད་པ། །མངག་པའི་གནས་སུ་ཡུད་ཙམ་གྱིས། །ཐམས་ཅད་ཁོ་ནར་དབང་མཛད་མཛོད། །སྲུངས་ཤིག་མྱུར་དུ་རྣམ་རྒྱལ་དཔལ། །ཐལ་བ་བཞིན་དུ་རབ་ཏུ་ རློགས། །རོལ་ཅིག་དགོངས་ཤིག་དེ་བཞིན་གཤེགས། །མཱ་ར་ན་ཏ་ཐ། འབྱུང་པོའི་ཤ་ནི་ཟན་པས་ཞིམ། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འབྱུང་པོའི་རུས་པ་ཞིམ་པ་སྟེ། །ཐམས་ཅད་གསོལ་ཏེ་དགྱེས་པར་མཛོད། །དཔལ་ཆེན་ཧེ་རུ་ཀ །མཁའ་འགྲོ་འབར་ བའི་ཚོགས་ཆེན་པོ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །ནམ་མཁའི་ཁམས་ཀུན་ཁྱབ་པར་སྤྲུལ། །ལྷིང་ནག་གཅེར་བུ་རལ་པ་ཅན། །མི་ལྤགས་རློན་པ་གོས་སུ་གྱོན། །ཐལ་བའི་མཚན་མས་བྱུགས་པ་སྟེ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཕྲེང་ བ་མང་པོས་རྒྱན་དུ་བྱས། །ལག་ན་ཏི་ཤཱུལ་ཐོད་པ་ཐོགས། །དུག་གསུམ་བཤིགས་པར་དམ་བཅས་པའི། །རྡོ་རྗེ་མེ་ཕུང་འཁྲུག་པའི་ཚུལ། །རེ་བ་ཐམས་ཅད་སྐོང་མཛད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཐེག་ཆེན་རྣལ་འབྱོར་སྤྱོད་པ་ལ། །གནོད་པའི་དགྲ་བགེགས་ གཏན་ནས་ཕྱུང་། །ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་། །རྡུལ་ཕྲན་བཞིན་དུ་བརླག་པ་དང་། །སེམས་ཉིད་ཐེག་པ་ཆེན་པོ་ཡི། །རྣམ་ཐར་ལ་ནི་དགོད་པར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་ རྒྱལ་བར་མཛོད། །མ་ལུས་པ་དག་བསྣམས་སུ་གསོལ། །རྣམ་པ་སྣ་ཚོགས་འདོད་ཆགས་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །དེ་ ན་ཏེ་ཐེ་ཧཱུྃ། །རྣམ་པ་སྣ་ཚོགས་དག་པའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མའི་བདེ་མཆོག་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུྃ་ཧཱུྃ་ཧཱུྃ། རྣམ་པ་སྣ་ཚོགས་ཁྲོ་བོ་རྒྱུད་ཀྱིས་ སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །རྣམ་པ་སྣ་ཚོགས་ཐབས་ཀྱི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་ མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུྃ་ཨེ་ཤ་ཧཱུྃ་པེ་ཤ་ཧཱུྃ། །ན་མོ་རཏྣ་ཏྲེ་ཡཱ་ཡ། ན་མཤྩ་ཎྜ་དྷ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ཏདྱ་ཐཱ། ཨེ་ཧྱེ་ཧི་ས་མ་ཡ། ཨཱ་ན་ཡ་བཛྲ་ ཤན་ཏིང་། །བཛྲ་ཀྲོ་དྷ་ན། བཛྲ་ཙཀྲོ་བཛྲ་གན། བཛྲ་མུ་སྟིང་། བཛྲ་ཏི་བ་ཏི། བཛྲ་གན་ཏི། བཛྲ་གན་ད། བཛྲ་ཨ་ཀྲིང་། བཛྲ་རཀྵ། བཛྲ་དང་ཥྚཱྃ། བཛྲ་ཤན་ཏིང་། བཛྲ་ཨེ་ཀ་ར་ཙ་མ། བཛྲ་མ་ནོ་ཧ་ར་མ། བཛྲ་དུན་ཏིང་། བཛྲ་ནཱི་ལམ། བཛྲ་ ན་ལམ། བཛྲ་གྲི་ཏ། བཛྲ་མུ་ཀྲིང་། བཛྲ་ཀི་ལམ། བཛྲ་ཨུས་སྨ། བཛྲ་མ་ཀ་རད་ཝ། བཛྲ་བིདྱ་ཙ་ར་ཙ་ནི་ཀ །ཁ་ན་ཁ། ཏུ་ཏ་ཁ། སརྦ་ཨ། ཤ་ས་ཁ། སརྦ་མ་ཨཱ་ཀཪྵ་ཡ། བྲ་བེ་ཤ་ཡ། བྷན་དྷ་ཡ་བྷན་དྷ་ཡ། སརྦ་ཌཱ་ཀི་ནི་ནན། ཨེ་ཨ་ར་ ལི་མ་ནུ་སྨ་ར་ཡ་ཕཊ། མི་ཡི་སྲིན་མོ་ཚངས་མ་དང་། །ཁྲོ་བོ་དང་ནི་འཇུག་སྲེད་མོ། །གཞོན་ནུ་མ་དང་དབང་པོ་དང་། །རྡོ་རྗེ་དམར་མོ་བདུད་རྩི་མོ། །ཞི་བ་མ་དང་བེ་ཅོན་མོ། །ཟིན་མོ་དང་ནི་ཟ་བ་མོ། །རྡོ་རྗེ་དགའ་བ་མོ་དང་ནི། །ཤིན་ཏུ་ཁྲག་འཐུང་མོ། །གཅིག་པུ་སྤྱོད་དང་ ཡིད་འཕྲོག་མོ། །གྲུབ་མོ་དང་ནི་རླུང་མོ་དང་། །རྡོ་རྗེ་ཡང་ནི་གསོད་ཆེན་མོ། །མེ་མོ་ཕག་མོ་རྒན་བྱད་མོ། །སྣ་ཆེན་མོ་དང་ཆུ་ལྷ་མོ། །རྡོ་རྗེ་ནག་མོ་ཆེན་མོ་དང་། །རྡོ་རྗེ་ར་སྟེ་དམར་སེར་མོ། །རྡོ་རྗེ་སྔོ་ནག་བུམ་རྣ་མོ། །རྡོ་རྗེ་དམར་སེར་དྲིལ་འཁྲོལ་མ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱིས། ། ཇི་ལྟར་ཁས་བླངས་དམ་བཅས་པའི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡེ་ཤེས་ཐོབ་པར་བྱ་བ་དང་། །བསྒྲུབ་པ་རྣམས་ཀྱི་ལས་བྱ་ཞེས། །རྡོ་རྗེ་བྱིན་ནས་མིང་བཏགས་ཏེ། །དམ་བཅས་བཞིན་དུ་ཧེ་རུ་ཀ །ད་ལྟར་ཁྱོད་ཀྱིས་གཟུགས་མཆོག་རྣམས། །མངོན་པར་སྟོན་ལ་ གྲུབ་པ་འཕྲུལ། །ཅི་སྙེད་གྲུབ་མཆོད་མ་ཕུལ་ཞིང་། །ཁྱེད་རྣམས་མངོན་དུ་མ་གྱུར་ན། །རབ་ཏུ་སྟ་ནའི་དཀྱིལ་འཁོར་འདིར། །འདུག་ལ་ལས་རྣམས་ཀུན་གྱིས་ཤིག །ཨོྃ་པདྨ་བ་ད་མུ་མུ་ཀ །ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། བཛྲ་ཌཱ་ཀི་ནཱི་ཧྲྀ་ད་ཡན། ཨོྃ་ཨོྃ་ཧཱུྃ། གཏོར་མ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བསྒྱུར་ལ་ཁ་བྷན་དྷ་དང་རས་ཆེན་གྱིས་བཅད་ལ་རྟ་མགྲིན་དབང་གི་ཕྱག་རྒྱ་བཅས་ལ་མཆོད་དོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས། ཁྲོ་བོ་བསྐྱེད་རྫོགས་ལས་ཀྱི་ བཟླས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཞི་བའི་མཆོག་གཏན་ཕྲེང་བའི་ཕྲིན་ལས་རབ་བསྡུས་པ། ཚད་མེད་སྙིང་རྗེ་སྐྱེད་པ་དང་། །བྱང་ཆུབ་སེམས་དཔའ་ དག་ལ་ནི། །སྔོན་དུ་འགྲོ་བའི་ལས་མཆོག་སྟེ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཁྲག་འཐུང་ཐུགས་སུ་གནས་པ་ནི། །ཡེ་ཤེས་གཙོ་མོ་མཆོག་ཉིད་དེ། །གསུམ་པ་ལས་ནི་འདས་པའི་ཕྱིར། །རྩེ་མོ་མེད་པའི་ལས་སུ་བསྟན། །དེ་ནི་གཟུགས་དང་བྱིན་རླབས་དང་། །བཟླས་བརྗོད་དང་ ནི་ཕྲིན་ལས་དང་། །དུས་དང་གནས་དང་བདག་ཉིད་དག །ཕུན་སུམ་ཚོགས་པ་བདུན་པོ་སྟེ། །བཏབ་ནི་ཅི་འདོད་སྦྱིན་ནོ་ཞེས། །དམ་ཚིག་བདག་པོས་རབ་ཏུ་གསུངས། །འདས་ན་ལྷ་ཡང་བརླགས་པའི་ཕྱིར། །རང་གི་བཀའ་ལས་རང་མི་འདའ། །གཟུགས་ནི་ཐུགས་ཀྱི་ཕྱག་རྒྱ་ དབྱིངས་ལ་སྟེ། །ལྕགས་དང་ལྕགས་ལྔ་སེང་ལྡེང་ལ་སོགས་པ་ཚེར་མ་ཅན་གྱི་ཤིང་ལས་སོར་བརྒྱད་དམ་བཅུ་གཉིས་པར་བྱས་པ་མགོ་མཇུག་མ་ནོར་བར་ཤིང་རྩ་བ་ཕྱོགས་སུ་མགོ་བྱས་ལ། སོར་བརྒྱད་ལ་སོར་གཅིག་ལ་རྒྱ་མདུད། རྐེད་པར་སོར་གཅིག་ལ་རྒྱ་མདུད་ སྟོད་ཟུར་བརྒྱད། སྨད་ཟུར་གསུམ་དུ་བྱས་ལ། རི་རབ་ལྟར་བརྗིད་པ་འདུག་པ་ནི་གཟུགས་སོ། །བྱིན་རླབས་ནི་ཐོག་མ་ཉིད་སྐུ་གསུམ་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་འོག་ཏུ་རྒྱ་མདུད་གཞལ་མེད་ཁང་དུ་དམིགས་ཏེ། ཕྱོགས་བཞི་དབུས་དང་ལྔར། །ཧཱུྃ་བསྒྲིལ་མ་ལྔ་ བཞག་སྟེ། དབུས་སུ་ཧེ་རུ་ཀ །ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་སྟོབས་པོ་ཆེ་འདི་རྣམས་སོ་སོའི་སྙིང་པོ་དྲན་པ་ཙམ་གྱིས་བསྐུལ་ཏེ་ཕྱི་ནང་གི་མཆོད་པ་ཅི་འབྱོར་པ་ཕུལ་ཏེ། དམ་ཚིག་རྗེས་སུ་བཀུག་ནས་ གཉིས་སུ་མེད་པའི་རྒྱན་རྫོགས་པར་མཛད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབ་བོ། །དེ་ནས་སྲས་ཕུར་བུའི་ཁྲོ་བོ་བསྐྱེད་པ་ནི། །ཨོྃ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་མ་ན་ཕཊ། ཅེས་བརྗོད་པས་ལྟེ་བ་ཡན་ཆད་མཐིང་ནག་ལ་དབུ་སྐྲ་ཁམ་པ་ཟུར་གསུམ་པའི་ཐབས་སུ་ བསྒྲེང་ལ། བྲང་གིས་འགྲོ་ཆེན་པོ་དང་། ཐོད་རློན་གྱིས་བཅིངས་ཤིང་བཤམས་ལ། སྤྱན་གསུམ་སྡང་མིག་ཏུ་བགྲད་དེ། ཕྱག་གཡོན་པའི་ཕུར་བུ་ལ་གཟིགས། མཆེ་བ་གཙིགས་པ། རབ་ཏུ་རྔམ་པ། དུར་ཁྲོད་ཀྱི་མེ་ཕུང་གི་ནང་དུ་ལྟེ་བ་མན་ཆད་ལྕགས་ཀྱི་ ཕུར་པ་ཟུར་གསུམ་པ། ཨེའི་ནང་དུ་སུམ་ཆ་ཙམ་ནུབ་པ་ལ་ཕྱག་བཞི་ལ་གཡས་ཀྱི་གོང་མ་སྟ་རེ་ཁ་ཡར་བསྟན་ཏེ་བརྡེག་པར་བྱ་སྟེ། གཡོན་པ་རི་རབ་ཀྱིས་གནོན་པའི་སྟོབས་སུ་འཛིན་པ། གཡོན་དང་པོས་རྡོ་རྗེ་ཁ་ཊྭཱཾ་ག་འཁྲོལ་ཞིང་བདུད་ཀྱི་ཁམས་ འཇིགས་པ། འོག་མ་ཕུར་བུ་ཟུར་གསུམ་འདེབས་པའི་སྟབས་སུ་གཟས་ཤིང་། ངན་སོང་གསུམ་དུ་འཇིགས་པ། སྟོབས་དང་མཐུ་ལ་སོགས་པ་ཁྲོ་བོ་ཐམས་ཅད་འདུས་པས་ཀྱང་ཆེ་བ་གཅིག་ཕྱུང་སྟེ། རྟག་པ་ཆེན་པོ་བཞུགས་པར་བསྟན་པ་ནི་སྤྲུལ་པའི་སྐུར་བྱིན་ གྱིས་བརླབ་བོ། །དེ་ལ་རིགས་ལྔར་བྱིན་གྱིས་བརླབ་པར་བྱ་སྟེ། འབྲུ་ལྔས་གནས་ལྔ་བྱིན་གྱིས་བརླབ་བོ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་གཙུག་ཏུ་ཨོྃ། རྐེད་པར་ཧྲི། རྩེ་མོར་ཕཊ་བསམ་མོ། །དེའི་འོག་ཏུ་ཐུགས་ཀྱི་ཡེ་ཤེས་རྩེ་ གཅིག་པར་བྱིན་གྱིས་བརླབ་པར་བྱ་སྟེ། ཟུར་གསུམ་དུ་ཕཊ་གསུམ། ངོས་གསུམ་དུ་ཧཱུྃ་གཞག་གོ །དེ་ནས་སྐུ་བལྟས་པ་དང་། རིགས་སོ་སོའི་ཁྲོ་བོ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱ་སྟེ། ཁྲོ་བོ་དཀྱིལ་འཁོར་དེ་དག་ཉིད་ཕྱོགས་བཅུར་འཕྲོས་པ་སླར་ འདུས་ནས། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྱིན་ཅིང་། དེའི་སྐུ་ལ་བསྟིམས་ཏེ། དབང་དང་བྱིན་རླབས་ཐམས་ཅད་བརླན་པར་བྱའོ། །དེ་ནས་འགྲོ་བའི་དོན་ལ་གཤེགས་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་དང་། སྔོན་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལགས་ པས་དེས་གྲོས་མཛད་ཅིང་བསྐུལ་བ་ལ་བཞུགས་པ་དང་། བདག་ཉིད་ཀྱང་བདག་ཉིད་ཆེན་པོ་ཡིན་པས་ཕུར་པ་ཡང་བདག་ཉིད་ཆེན་པོ་ཉིད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ལག་པ་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ ཧཱུྃ། གཡོན་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཏ་བསམ་མོ། །གུང་མོ་ལ་ཨོྃ། མཐེ་བོ་ལ་ཧཱུྃ། མཛུབ་མོ་ལ་ཏྲྃ། སྲིན་ལག་ལ་ཧྲི། མཐེའུ་ཆུང་ལ་ཧ། འདི་རྣམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་གཞག་སྟེ། སུ་ར་ད་སྟྭྃ་ཞེས་ བརྗོད་པས་ཐལ་མོ་མཉམ་པར་སྦྱར་ལ། ཨོྃ་བཛྲ་ཨ་ཛ་ལི་ཧཱུྃ། ཞེས་བརྗོད་པས་སོར་མོ་ཅུང་ཟད་བསྣོལ་ལོ། །ཨོྃ་བཛྲ་བན་དྷ་ཧཱུྃ་ཞེས་བརྗོད་པས་སོར་མོ་རྒྱབ་ཏུ་བསྣོལ་ལ་བསྡམ་མོ། །ས་མ་ཡ་སྟྭྃ་ཞེས་བརྗོད་པས་ཕུར་པ་བླངས་ཏེ་ཆང་པའི་ནང་དུ་བཅུག་ལ། ལག་པ་ཆང་ པ་ཕྱེ་ལ་མཐེ་བོ་དང་སྲིན་ལག་དང་མཐེའུ་ཆུང་དང་གཉིས་ཀྱི་བར་དུ་ཡང་གཞུག །མཐེ་བོས་ཆུང་ཟད་བསྒུལ་ཞིང་དྲུད་དོ། །ཨོྃ་བཛྲ་ཨཱ་བེ་ཤ་ཡ། ཨ་ཨ་ཞེས་བརྗོད་པས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཞེ་སྡང་ རྗེས་སུ་དྲན་པའི་སྐུ་ཡུངས་འབྲུ་ཙམ་པར་མཚམས་མེད་པར་ཕུར་པ་ལ་བསྡུ་ཞིང་བསྟིམ་མོ། །སྐུ་གསུང་ཐུགས་ཀྱི་བདག་པོ་ཆེན་པོ་ཉིད་དུ་རྫོགས་པའི་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ་སྟེ། སོར་མོ་རྒྱབ་ཏུ་བསྣོལ་ལ་གུང་མོ་གཤིབས་ཏེ། བསྒྲེང་བའི་བར་དུ་ཕུར་ བུ་བཅུག་ལ། །ཨོྃ་བཛྲ་ས་ཏྭ་ར་ཛ་ཧཱུྃ་ཕཊ་ཞེས་བརྗོད་པས་བཟླས་སོ། །དེ་ནས་སོར་མོ་བུག་བུག་བྱས་ཏེ། ལག་པས་ཕུར་པ་བཟུང་ལ། །ཨོྃ་ཧཱུྃ་ཧྲིཿ ཕུར་བུ་བ་ཕཊ་ཞེས་བརྗོད་པས་དེ་ནས་སོར་མོ་རྒྱབ་ཏུ་བསྣོལ་ལ་མཐེ་བོང་གཉིས་གཤིབས་པའི་ཆང་པར་བཅུག་ནས། ཨོྃ་ཙྪིན་ད་ཙྪིན་ད། ཧ་ན་ཧ་ན། ཏི་བ་ཏ་ཙཀྲ་ཧཱུྃ་ཕཊ་ཅེས་བརྗོད་ནས་དྲིལ་ཏེ། བདག་ཉིད་ཆེན་པོ་ཐམས་ཅད་གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་གཟི་བྱིན་ཐམས་ཅད་ཕུར་པའི་སྐུ་ལ་བསྟིམས་པས་སྟོང་གསུམ་གང་བར་མེ་སྟག་འཕྲོ་ཞིང་དམིགས་པ་ཐམས་ཅད་སྒྲུབ་པའི་ བྱིན་དང་། དབང་དང་ལྡན་པར་གྱུར་ཏེ། མདུན་གྱི་ནམ་མཁའ་ལ་ཨེའི་གདན་ལ་བཞུགས་པར་གསོལ་ནས་ཡུངས་ཀར་གྱི་རྒྱལ་པོས་བྲབ་ཅིང་གུ་གུལ་སྦྱར་བས་བདུགས་ལ། ཕྱི་ནང་གི་མཆོད་པ་ཐམས་ཅད་མཆོད་པར་བྱའོ། །དེ་ནས་ཡིད་ལ་བརྣག་པའི་ཕྲིན་ལས་བཅོལ་ཏེ་ དེའི་བྱིན་བརླབས་སོ། །བཟླས་བརྗོད་ནི་བདག་ཉིད་ལས་ཀྱི་ལྷའི་ཏིང་ངེ་འཛིན་དུ་བཞུགས་ལ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་མཐིང་ནག་པ་གཅིག་བསམ་ལ། །ཨོྃ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ་ཅེས་བརྗོད་པས་ཕུར་བུའི་ཁྲོ་བོ་ཅི་འདྲ་བ་ཞིག་དེ་ལས་ བྱུང་སྟེ་ཕྱོགས་བཅུ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་ཕུར་བུ་ལ་བསྟིམ་མོ། །འདི་འབུམ་མམ། བདུན་འབུམ་མམ། ས་ཡ་བྱེ་བ་སྙེད་བྱ་སྟེ་བསྙེན་པ་གཏོང་བར་འདོད་ན་ཕུར་བུ་ཉིད་སྙིང་ག་ལ་བསྡུ་སྟེ། འདི་ནི་བཟླས་བརྗོད་དོ། །ཕྲིན་ལས་ནི་ཐོག་ མ་ཉིད་བརྟག་པའི་ས་རྙེད་ནས་བསྐྲད་པ་དང་མཚམས་གཅད་པ་ལ་སོགས་པ་བྱས་ནས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་ཁྲོ་བོའི་སྡང་མིག་དང་། མཚོན་ཆའི་ཆར་དང་། རྡོ་རྗེ་གནོད་སྦྱིན་ལ་སོགས་པས་བསྐྲད་ནས་ཕུར་པ་བཅུ་ཁྲོ་བོ་བཅུར་བྱིན་གྱིས་བརླབས་ཏེ་ ཕྱོགས་བཅུར་བཏབ་ནས་ཅི་ཙམ་འདོད་པ་ཐམས་ཅད་མཚམས་གཅད་དོ། །རིགས་ལྔའི་ལྷ་མཉེས་པར་བྱ་སྟེ། དེ་ནས་ལས་ཀྱི་ལྷ་མཉེས་པར་བྱས་ནས་དེ་ནས་ཏིང་ངེ་འཛིན་གོང་ནས་བྱུང་བ་དང་། བསྙེན་པ་ཚང་ནས་གནས་ཆེན་པོར་དཀྱིལ་འཁོར་གྲུ་གསུམ་ ལ་རྩེ་མོ་ལྷོ་ཕྱོགས་སུ་བསྟན་ཏེ། ཞིང་ཆེན་གྱི་ཐལ་བ་དང་། སྐེ་ཚེ་དང་། ལན་ཚྭ་དང་ཞིང་ཆེན་གྱི་རཀྟ་དང་། སྲུབ་མའི་ལོ་མའི་ལོ་མ་དང་། ཁྲེ་དང་ཅི་ཙེ་དང་། སུམ་མ་དང་། གྲོག་མཁར་གྱིས་དང་། བོང་བུའི་བདུད་རྩི་ལས་སྦྲུས་ཏེ། ཞིང་ཆེན་གྱི་ཐལ་བ་མ་རྙེད་ན་ ཏིལ་ནག་པོ་ལས་གཞི་བླངས་ཏེ་གཟུགས་བྱས་ཀྱང་རུང་། རི་མོ་བྲིས་ལ་མདོག་སྨུག་ནག་ཏུ་བགྱིས་ཏེ་ཤུལ་བ་ལ་སོགས་པ་ལ་ཞིང་ཆེན་གྱི་རཀྟས་ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བྲིས་ཏེ། སྙིང་གར་གླན་ཏེ་དཀྱིལ་འཁོར་གྱི་སྟེང་དུ་གན་རྒྱལ་དུ་བཞག་སྟེ། མགོ་བོ་ལྷོ་ ཕྱོགས་སུ་བསྟན་ཏེ། གདོན་དེ་ཉིད་དགུག་པ་ནི་མངག་གཞུག་གམ། ཁྲོ་བོ་སུམ་བྷ་ནི་སྦྱོར་བ་ཡང་རུང་སྟེ། གསང་བའི་ཐུགས་ཀའམ་སྙིང་གར་ཟླ་བའི་དཀྱིལ་འཁོར་དམར་པོ་ཞིག་བཞག་ལ་ཛཿ། ཧཱུྃ་བྃ་ཧོཿ བཛྲ་ཨཾ་ཀུ་ཤ་ཆེ་གེ་མོ་ཞིག་ཧཱུྃ་ཞེས་བརྗོད་ནས་ཁྲོ་བོ་ལྕགས་ ཀྱུ་ཅན་གྲངས་མེད་པ་རྒྱུད་མ་ཤ་སྟག་བྱུང་བས་བགེགས་ཀྱི་སྙིང་ག་ནས་བཟུང་སྟེ། དེར་འོངས་པ་དང་། ཛཿཧཱུྃ་བྃ་ཧོཿ ཆེ་གེ་མོ་མཱ་ར་ཡ་པྲ་བེ་ཤ་ཕཊ་རན་ཙམ་དུ་བརྗོད་ལ། གཟུགས་མ་རི་མོ་ལ་ཕབ་ལ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་གི་ཕྱག་རྒྱ་བཅིངས་པ་ དང་། བསྡམས་པ་དང་། དེའི་སེམས་མ་འཁྲུགས་པར་དག་པར་བྱས་ནས་ཨེའི་ནང་དུ་རྩེ་མོ་འོག་ཏུ་སོང་བར་བསམ། དེ་ནས་ཕུར་པ་བླངས་ཏེ། ལས་ཀྱི་ལྷའི་སྙིང་པོ་དང་བཅས་པས་དྲག་ཏུ་ཆུད་ཟད་བསྐུལ་ལོ། །ཐལ་མོ་སྦྱར་ཕུར་བུ་ཐབས་ཀྱིས་གསོར་ལ་རྡོ་རྗེ་སྡེར་མོའི་སྔགས་ བཟླས་ནས་ཏིང་ངེ་འཛིན་གསལ་བར་མ་ཁུགས་ཀྱི་བར་དུ་དྲིལ་ན་ཏིང་ངེ་འཛིན་ལ་ཞུགས་པ་དང་། གདན་གྱི་སྟེང་དུ་རྩེ་མོ་ནས་གང་ཙམ་མ་རེག་པར་གཟས་ལ་ཁྲོ་བོའི་སྐྱེའམ་རྐེད་པ་ནས་ལག་པ་གཡོན་པས་བཟུང་སྟེ། རྡོ་རྗེ་ཐོ་བའི་སྟ་རེ་ལག་པས་རྡེག་ཅིང་རྡོ་རྗེ་སྡེར་མོའི་སྔགས་ ལན་གསུམ་དང་ཉི་ཤུ་རྩ་གཅིག་གདབ་ཅིང་བཟླས་ཏེ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་གཅིག་སྙིང་གར་བཏབ་དཔྲལ་བར་གཅིག་གདབ། དཔུང་མགོ་གཉིས་དང་བརླའི་ནང་རོལ་གཉིས་སུ་ཡང་གདབ། ལྟེ་བ་ཁུང་དུ་ཡང་གདབ། སྡེར་མོའི་སྔགས། ན་མཿས་མན་ཏ་ ཀཱ་ཡ་བཱཀ་ཙི་ཏ་བཛྲ་ནན། ཨོྃ་གྷ་གྷ་གྷཱ་ཏ་ཡ། སརྦ་དུཥྚན། མཱ་ར་ཡ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་སརྦ་པཱ་བཾ་ཕཊ། །ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་དྷ་རོད། །ཨཱཛྙ་པ་ཡ་ཏི་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ་དྲག་ཏུ་བརྗོད་དོ། །ཕུར་པ་དེ་བཏབ་ཟིན་ནས་དེའི་སྟེང་དུ་ལས་ཀྱི་ལྷ་ཕྱག་རྒྱ་ དང་སྔགས་ཀྱིས་མནན་ཏེ་ལག་པ་གཉིས་སོར་མོ་བསྣོལ་བ་མཐེ་བོ་དང་མཐེའུ་ཆུང་རྩེ་སྦྱར་བརྐྱང་ནས་གཞན་ནི་དྲག་པོར་རྒྱབ་ཏུ་བསྐྱེད་དེ་དེའི་སྔགས། །ཨོྃ་བཛྲ་ཀརྨ་ཀྲོ་དྷ་ཧཱུྃ་ཕཊ། ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གཡས་ཕྱོགས་སུ་བསྐོར་ཏེ་ཀཱི་ལ་ཡའི་མགོ་ལ་ལན་གསུམ་ བདུག་གོ། །དེ་ནས་ཕུར་པ་སླར་མི་འབྱུང་བ་དང་། སུས་ཀྱང་མི་ཕྱིན་པ་དང་། །ལྷག་པར་ཡང་ཟད་ཅིང་ཐལ་ཕྱིན་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། །སོར་མོ་རྣམས་རྒྱབ་ཏུ་བསྣོལ་ལ་བཅངས་ནས་གུང་མོ་གཉིས་རྒྱབ་སྦྱར་རྩེ་མོ་རྣོན་པོར་བསྒྲེང་ལ་ཕུར་པའི་ ཀླད་དུ་གནོན། ཕུར་པའི་ལྷ་དང་བགེགས་ཆེ་གེ་མོ་ཁྱོད་དམ་ཚིག་འདི་ལས་མ་འདའ་ཞིག་པར་བསྒོ་ཞིང་སྔགས་འདིས་ལན་བདུན་བཟླས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏཱ་ས་མ་ཡ་ཧཱུྃ་ཕཊ་ཅེས་བྱའོ། །འདི་ནི་སེམས་མ་དམ་ཚིག་གི་སྔགས་དང་ཕྱག་རྒྱ་སྟེ། བསྒོ་བ་ཐམས་ཅད་ཉན་ པར་བསམ་སོར་མོ་གཉིས་ནང་དུ་བསྣོལ་ཏེ། མཐེ་བོ་དང་མཐེའུ་ཆུང་ངོ་སྦྱར་ལ་བསྒྲེང་། ཁུ་ཚུར་མི་བཅང་བར་སོར་མོ་རྣམས་ཕྱིར་བསྐྱེད་དེ་ཕུར་པའི་སྟེང་དུ་མནན་ཅིང་སྔགས་འདི་བརྗོད་དོ། །ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བན་དྷ་བན་དྷ། ཙྪིན་ད་ཙྪིན་ ད་རྦ་ན་རྦ་ན་ཕཊ། ཉི་ཤུ་རྩ་གཅིག་བཟླས་སོ། །སྟོབས་པོ་ཆེའི་སྔགས་དང་ཕྱག་རྒྱ་སྟེ། གོང་དུ་བཀའ་ཉན་པས་བདག་གི་དབང་དུ་གྱུར་ནས་ཅི་བསྒོ་བ་ཐམས་ཅད་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །ཡུངས་ཀར་གྱི་རྒྱལ་པོས་བརྡེག །གུར་གུམ་སྦྱར་མས་བདུགས་ལ་ གཞག་གོ། །དེ་ནས་ལག་པ་གཉིས་སྦྱར་ལ། མཐེའུ་ཆུང་གཉིས་གཅིག་ལ་གཅིག་འཁྱུད་མཛུབ་མོ་གཉིས་སྦྱར་ཏེ་མཐེའུ་ཆུང་གཉིས་གཅིག་ལ་གཅིག་འཁྱུད། མཛུབ་མོ་གཉིས་ཁ་གྲམ་ལ་གཡས་གཡོན་དུ་སྒྲེང་། ཡིད་ཙམ་དགུ་བར་བྱ་ལྷག་མ་རྣམས་ནང་དུ་བཅང་ལ་ མཛུབ་མོ་གཉིས་མཆེ་བར་བསམས་ཏེ་རྐང་པ་གཡོན་པས་བགེགས་ཀྱི་སྙིང་གར་མནན་ཏེ་ལན་བདུན་བཟླས། ཨོྃ་བཛྲ་ཀྲོ་དྷ་ཡཀྵ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ། ཕཊ་ཕཊ་ཅེས་བརྗོད་དེ། དེ་ནས་རྡོ་རྗེ་བེ་ཅོན་གྱི་སྔགས་དང་ཕྱག་རྒྱ་སྟེ། ལག་པ་གཉིས་རྡོ་རྗེ་ལུ་གུ་རྒྱུད་དུ་ སྦྲེལ་ལ་མཐེ་བོང་གཡོན་པའི་སྟེང་དུ་གཞག །མཛུབ་མོ་གཉིས་ངོ་སྦྱར་ཏེ་བསྒྲེང་ནས་སྡང་མིག་ཏུ་བགྲད་ལ་རྡེག་ཅིང་སྔགས་འདི་ལན་བདུན་གསུམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་སོ། །ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ་ཛ་ཊི་ལམ་བོ་དྷ་ར་ ཨུ་ཙྪུས་མ་ཀྲོ་དྷ་ཧཱུྃ་ཕཊ་ཅེས་བརྗོད་དོ། །དེ་ནས་ཡུངས་ཀར་གྱི་རྒྱལ་པོ་བརྡེག་ཅིང་ལས་འདི་ཤིན་ཏུ་བརྟན་ཞིང་གྲུབ་པར་བཅོལ་ལོ། །རྡོ་རྗེ་བརྗིད་གནོན་གྱི་བསམ་གཏན་གྱིས་གནན་པར་བྱའོ། །ཁྲོ་བོ་རྣམས་ཀྱི་སྤྱི་བོ་ནས་འདུས་པའི་སྟེང་དུ་ཧཱུྃ་མཐིང་ནག་ལ་རྡོ་རྗེ་ལྕགས་ ཀྱུའི་རྒྱ་གྲམ་མེ་ལྕེའི་ཕྲེང་བས་བསྐོར་བའི་རྒྱ་གྲམ་གྱི་དཀྱིལ་འཁོར་ཡི་གེ་གསུམ་གསེར་བཙོ་མའི་མདོག་འདྲ་བ་ཞིག་ཏུ་གནས་པ་ལས། ཨོྃ་བཛྲ་བཛྲ་མེ་རྟ་ཧཱུྃ་ས་མ་ཡ་སྟྭྃ་ཞེས་བརྗོད་པ་ལས་གསེར་གྱི་རི་རབ་དཔག་ཚད་བྱེ་བ་གྲུ་བཞི་པ་གཅིག་ཏུ་གྱུར་ ལ་དེའི་སྟེང་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་དབུ་གསུམ་ཕྱག་དྲུག་ལ། ཕྱག་གཡས་དང་པོ་རྡོ་རྗེ་འབར་བ་ཕྱར་ཏེ་བསྣམས། གཡོན་དང་པོ་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བསྟན། འཁོར་དཔག་ཏུ་མེད་པའི་ཕོ་བྲང་གཏམས་པ་ཁྲོ་བོ་རྣམས་ཀྱིས་ཤིན་ཏུ་གཟིར་ ཅིང་མི་གཡོ་བ་དང་། ལས་མ་གྲུབ་ན་བསྐལ་པ་མཐར་ཐུག་ན་ཡང་གནས་པར་བསམ། ཕྲིན་ལས་ཀྱང་དེ་བཞིན་དུ་བཅོལ་ཏེ་གཞག་གོ། །ཡོ་བྱད་ཐམས་ཅད་ཀྱང་ནག་པོར་བསམ། གཏོར་མ་ནག་པོ་ཆ་གཅིག་བཤམས་ཏེ་དམ་ཚིག་ཅན་གྱི་འཁོར་དང་བཅས་པ་དང་། འཇིག་ རྟེན་ཐམས་ཅད་ལ་བསྔོ་ཞིང་དབུལ་ལོ། །དྲག་པོའི་གཏོར་མ་ཆ་གཅིག་གནོད་བྱེད་དེ་ཉིད་བཀུག་སྟེ་ཟར་གཞུག་གོ། །ཕྲིན་ལས་འདིའི་དུས་སུ་ཕྲ་མེན་མ་དང་། གནོད་སྦྱིན་མོ་དང་། སྲིན་མོ་རྣམས་ཀྱང་སྤྱན་དྲངས། གཏོར་མ་དབུལ་ལོ། ཛཿཧཱུྃ་བྃ་ཧོཿ ཨེ་ཧྱེ་ཧི་བྷ་ག་བཱན་ བྱ་ད་ཡཀྵ་ཛ། བྷྱོ་རུ་ལུ་རུ་ལུ་ཧཱུྃ་ཞེས་ལན་གསུམ་བརྗོད་དེ་སྤྱན་དྲང་། པྲ་ཏཱིཙྪ་ཧོ་ཞེས་བརྗོད་ལ་གཏོང་། ཨོྃ་ས་མ་ཡ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་ལན་གསུམ་བརྗོད་ལ་ཨ་མྲྀ་ཏ་ཕུལ་ལ་ལས་བཅོལ་ལོ། །འདིའི་ཕྲིན་ལས་སོ། །དུས་ནི་ཚེས་བཅུ་བདུན་ནམ་མར་གྱི་ངོ་ལ་ ཉིན་མཚན་གྱི་གུང་དུ་གཟའ་དང་སྦྱར་བ་དང་། བསྙེན་པ་ཚང་བ་དང་། རྟགས་བྱུང་བ་ལ་སོགས་ཏེ་འདི་ནི་དུས་སོ། །གནས་ནི་ཤིང་རྐང་གཅིག་པ་དང་གནོད་པར་ངེས་པ་སྟེ། འདི་ནི་གནས་སོ། །བདག་ཉིད་བྱང་ཆུབ་སེམས་ལ་གཞོལ་ཞིང་མང་དུ་ཐོས་པ་དང་། ལས་ལ་མཁས་པ་ དང་། ལྷ་ཉེ་བར་གྱུར་པ་དང་། མི་ཕྱེད་པའི་དད་པ་ཐོབ་པ་དང་། དྲག་ཅིང་ལྟོས་པ་མེད་པའི་སེམས་དང་ལྡན་པ་དང་། ཕྲག་དོག་མེད་པ་དང་། གཞན་ལ་རེ་བ་མེད་པ་དང་། དམ་ཚིག་མ་ཉམས་པའོ། །འདི་ནི་བདག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང་གསུང་དང་ ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། མནན་བཟློག་དྲུག་ཏུ་བཀའ་སྩལ་ཏོ། །ཞི་བའི་ཞི་བ་ཆེན་པོ་ནི་དཀྱིལ་འཁོར་འདོམ་གང་ཐབ་ཁུང་ཟླུམ་པོ་ཆག་གང་ཐབ་ཀྱི་དཀྱིལ་དུ་འཁོར་ལོ་རྩིབས་བཞི་མཐོ་གང་ཟླུམ་པོ་ཕར་སོར་གཅིག །འཇིམ་པའམ་ བོང་བ་ལ་འབུར་དུ་བརྐོས་ཏེ་གཞག །ཐབ་ཀྱི་ཁ་ཁྱེར་རྡོ་རྗེ་ར་བས་བསྐོར། དེའི་ཕྱི་རིམ་ཟླུམ་པོ་ལ་པདྨ་འདབ་བརྒྱད་བྲི། བཀྲ་ཤིས་ཀྱི་ལྷ་མོ་དང་། མཆོད་པའི་ལྷ་མོ་དགོད། བསྲེག་པའི་རྫས་ཤུ་གུ་ཤུག་ཤགས། མར་དཀར། ཁ་ར། སྦྲང་རྩི། འབྲས་ཅན། འབྲས་ཐུག །འབྲས་ཡོས། ཏིལ་ཞོ། ནས་ཐུག་སོ་བ། གྲོ་སོ་བ། ཏིལ་སོ་བ། སྲན་མ་ཤ། ཡུངས་ཀར། འབྲས་ཀྱི་ལག་པ་ན། གཏོར་མ་དཀར་པོ་འབྲས་ལས་བགྱི། ཡོ་བྱད་ཐམས་ཅད་དཀར་པོ། ཚོན་དཀར་པོས་བྲི། ཆས་གོས་གསུམ་དཀར་པོ། ལྷའི་སྐུ་མདོག་ཀྱང་ དཀར་པོ། གྲངས་དང་སྦྱར་ནས་མཆོད་པར་བྱའོ། །རྒྱས་པའི་དཀྱིལ་འཁོར་འདོམ་གང་གྲུ་བཞི། ལྷ་ནི་སྔ་མའི་སྟེང་དུ་གནོད་སྦྱིན་མོ་བརྒྱད་ཀྱིས་བསྣན། ཕོ་ཉ་ཡང་འབྱུང་ངོ་། །ཡོ་བྱད་ཐམས་ཅད་ཀྱང་སེར་པོ། དགང་གཟར་སེར་པོ། ཕྲུགས་སུ་བཅས་པ་གྲངས་བཞིན་དུ་དབུལ་ ལོ། །དབང་གི་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དཀྱིལ་འཁོར་གྱི་སྟེང་དུ་ཟླ་གམ་ཕྱེད་པར་བཅད་པའི་ཚུལ་དུ་བྱ། ལས་ཀྱི་ལྷ་པདྨ་གར་གྱི་དབང་ཕྱུག་དགོད། བསྲེག་རྫས་དམར་པོ། གཏོར་མ་དམར་པོ། ཆས་གོས་དམར་པོ། ལྷའི་གྲངས་བཞིན་དུ་དབུལ། དྲག་པོའི་དཀྱིལ་ འཁོར་འདོམ་གང་གྲུ་བཞི་དབུས་སུ་གྲུ་གསུམ་ཟབས་སུ་ཁྲུ་ཕྱེད། གྲུ་གསུམ་དུ་མདའ་གཞུ། མཐའ་ཐོད་པ་གསར་སྙིང་གིས་བསྐོར། དཔལ་ཆེན་པོ་དང་ཁྲོ་བཅུ་དགོད། ཡོ་བྱད་ཐམས་ཅད་ནག་པོ། བསྲེག་རྫས་ནག་པོ། དཀྱིལ་འཁོར་ཡང་ནག་པོ། གཏོར་མ་ཡང་ནག་པོ། ལས་ཀྱི་ ཁྲོ་བོ་བཅུ་དང་། ཕྲ་མེན་མ་ཆས་གོས་ནག་པོ། སྦྱིན་སྲེག་ལྷའི་གྲངས་བཞིན་དུ་དབུལ་ལོ། །ཨོྃ་ཤན་ཏིང་གན་ཏིང་ཏི་ཀར་པྲ་ཤ་མ་ནི་རཱ་ཙ་ཏ། ཨ་བ་བ་སྭ་བ་བ། ཨ་མུ་ཀ་སི། སྭ་སྟི་ཤི་བྃ། ཀུ་རུ་སྭཱ་ཧཱ། ཞི་བའོ། པ་ཤང་ཀུ་རུ་པྲ་ཤ་མ་ན་ཡེ་ཧོ། པུཥྟིཾ་ཀུ་རུ་སྭཱ་ཧཱ། སུམ་ བྷ་ནི་སུམ་བྷ་ཧཱུྃ། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ཧེ་རུ་ཀ་རོལ་པ་ལས་ཁྲོ་བོ་མནན་བཟློག་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ཐུགས་གསང་བའི་དཀྱིལ་འཁོར་འདི་ཕྱུང་ངོ་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཐིག་བཞི་གདབ་པས་རེའུ་ཆ་དགུ། །དབུས་སུ་ཟླ་བ་ཕྱེད་པར་བཅས་པའི་ཚུལ་དུ་བྱ། དེའི་ཕྱི་རིམ་ཕྲ་མེན་མ་བཅུ་དྲུག །སྒོ་བ་བཞི། ཁམ་ཕོར་རི་མོར་བྲིས་པ་དགུ། སྣང་བའི་འོད་བཅས་པ་དགྲམ། ཚིལ་ཆེན་དང་ནི་ཙིཏྟའི་ཏོག །རས་ཆེན་འཕན་གདུགས་ལ་སོགས་པ། དཀྱིལ་འཁོར་རྒྱུན་ཏུ་བྲི་བར་བྱ། བྷན་དྷའི་གནམ་ཡོལ། ཞིང་གི་རྒྱལ་མཚན། ཐོད་པའི་ཕྲེང་བ་ལ་སོགས་པ་དགོད། རཀྟ་དྲི་ཆེན་གྱི་མཎྜལ་བྱ། ཡོ་བྱད་ཐམས་ཅད་ཚང་བར་བསོགས་ལ་འཕགས་པ་མཆོད་ཅིང་བདག་ཀྱང་བཟའོ། །དམ་མ་འདྲེས་ཤིང་མི་གཅིག་པ། སྤྱོད་ལམ་ཡན་ཆད་ཅིའི་སྒོ་ནས་ཀྱང་སྒྲུབ་པའི་ཞལ་ཟས་དང་ཚོགས་རྣམས་ཕྱི་རོལ་ཏུ་བྱུང་ངོ་། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་པ་པོ་ཉིད་ཏིང་ངེ་འཛིན་གཉིད་དབང་དུ་མི་གཏང་། སྤྱོད་པའི་རྣལ་འབྱོར་པས་སྐུ་གསུང་ཐུགས་དངོས་གྲུབ་ཀྱི་དབྱིག་བསྒྲུབ་པ་དང་། སྲིད་པ་ གསུམ་གྱི་སེམས་ཅན་རྒྱུའི་སྡུག་བསྔལ་གྱིས་གདུངས་པ་རྣམས་གྲོལ་བར་མཛད་པའི་ཕྱིར་ཚུལ་མཁས་པ་དང་། སྤྱོད་པ་གཟོབ་པས་རྣལ་འབྱོར་བསྒྲུབ་པ་ལ་འཇུག་པར་བྱའོ། །དེ་ལ་དང་པོར་སྒྲུབ་པ་ལ་བགེགས་མི་འཇུག་པར་བྱ་བའི་ཕྱིར་མཚམས་གཅད་དོ། །ཏིང་ངེ་འཛིན་ དང་ལྟ་བ་དང་། སྔགས་དང་ཕྱག་རྒྱ་དང་། རྒྱལ་མཚན་དང་རྫས་འདི་དག་གིས་རབ་ཏུ་གཅད་པར་བྱའོ། །བསྙེན་པ་ཉེ་བསྙེན་དབང་ཡང་རྫོགས། །རྫོགས་ནས་དངོས་གྲུབ་བླང་བར་བྱ། །ལྷའི་གྲངས་བཞིན་བསྙེན་པ་དབུལ་བར་བྱའོ། །སྙིང་པོ་ནི། ཨོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་དྲང་ ངོ་། །དེ་ནས་བསྙེན་བསྒྲུབ་ལགས་པ་དང་། ཡོ་བྱད་རྣམས་ཕྱི་རོལ་དུ་མི་འབྱུང་། གནས་སུ་མི་བགྱེར་ལྷ་དང་བདག་མཆོད་ལ་སོགས་པའི་རྗེས་ལ་ལྷག་མ་དཀྱིལ་འཁོར་སའི་འོག་ཏུ་རིན་པོ་ཆེས་ཁ་བཅད་ལ་སྦ་བར་བྱའོ། །དོན་དེ་ལྟར་བྱས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་ དཔའི་སྲས་སུ་སྐྱེའོ། །དེ་ལྟར་མ་བྱས་ན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲ་མེན་མའི་སྒྲུབ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་གཽ་རི། དེའི་ཕྱི་རིམ་པདྨ་འདབ་མ་ བརྒྱད་ལ་ཤར་དུ་སྟག་གི་མགོ་ཅན། ལྷོ་རུ་གཡག་གི་མགོ་ཅན། ནུབ་ཏུ་སེང་གེའི་མགོ་ཅན། བྱང་དུ་གཟིག་གི་མགོ་ཅན། ཤར་ལྷོ་ཕ་བང་གི་མགོ་ཅན། ལྷོ་ནུབ་ཏུ་པུ་ཤུད་ཀྱི་མགོ་ཅན། ནུབ་བྱང་དུ་སྲིན་བྱའི་མགོ་ཅན། བྱང་ཤར་དུ་སྐེ་གའི་མགོ་ཅན། སྒོ་བ་བཞི་ དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཙཽ་རི། དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ། ཤར་དུ་སྨིགས་བུའི་མགོ་ཅན། ལྷོར་བྱ་རྒོད་ཀྱི་མགོ་ཅན། ནུབ་ཏུ་ཤ་བའི་མགོ་ཅན། བྱང་དུ་ཁུ་བྱུག་གི་མགོ་ཅན། མཚམས་བཞིར་ཕ་ཝང་གི་མགོ་ཅན། ཁྲ་མགོ་ཅན་ དང་། བྱན་ལག་གི་མགོ་ཅན་དང་། ཕོ་རོག་གི་མགོ་ཅན་དང་རྣམས་སོ། །སྒོ་བ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་པྲ་མོ་ཧ། དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ་ཤར་དུ་འུག་པའི་མགོ་ཅན་དང་། ལྷོར་སྤྱང་ཀིའི་མགོ་ཅན་དང་། ནུབ་ཏུ་སྦྲུལ་ གྱི་མགོ་ཅན་དང་། བྱང་དུ་གཟིག་གི་མགོ་ཅན། མཚམས་བཞིར་སྲེ་མོའི་མགོ་ཅན། དྲེད་མགོ་ཅན་དང་། སྡིག་པའི་མགོ་ཅན་དང་། ཝའི་མགོ་ཅན་རྣམས་སོ། །སྒོ་བ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་བེ་ཏ་ལི། པདྨ་འདབ་མ་བཅུ་དྲུག་ལ་ཡེ་ ཤེས་ཀྱི་ཁྲོ་མོ་བཅུ་དྲུག་དགོད་དོ། །མཚམས་བཞིར་ཡེ་ཤེས་ཀྱི་ཁྲོ་མོ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་པུཀྐ་སི། དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ་ཤར་དུ་རྟའི་མགོ་ཅན། ལྷོར་ནམ་མཁའ་ལྡིང་གི་མགོ་ཅན། ནུབ་ཏུ་ཁྱིའི་མགོ་ཅན། བྱང་དུ་ སྤང་ཏིའི་མགོ་ཅན། མཚམས་བཞིར་ཡང་སྦྲུལ་བཞི་དགོད་དོ། །དེའི་ཕྱི་རིམ་སྒོ་བ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་གྷསྨ་རི། དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་དབྱིངས་ཕྱུག་མ། ལྷོར་རིན་ཆེན་དབྱིངས་ཕྱུག་མ། །ནུབ་ཏུ་པདྨ་ དབྱིངས་ཕྱུག་མ། བྱང་དུ་ལས་ཀྱི་དབྱིངས་ཕྱུག་མ། ནུབ་ཏུ་ཁྱིའི་མགོ་ཅན། མཚམས་བཞིར་ཕག་གི་མགོ་ཅན་མ། བྱི་ལའི་མགོ་ཅན། ཆུ་སྲིན་གྱི་མགོ་ཅན། རའི་མགོ་ཅན་རྣམས་སོ། །སྒོ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་སྨ་ཤ་ནི། དེའི་ ཕྱི་རིམ་པདྨ་འདབ་བརྒྱད་ལ་ཤར་དུ་སྟི་རའི་གནས་ཉུལ་མ། ལྷོར་རྡོ་རྗེ་ཕུང་ཉུལ་མ། ནུབ་ཏུ་མཆོད་པའི་ཚོགས་ཉུལ་མ། བྱང་དུ་དེ་བྱའི་སྦྱོར་ཉུལ་མ། ཤར་ལྷོར་དམ་ཚིག་རྗེས་གཅོད་མ། ལྷོ་ནུབ་ཏུ་ཕྱི་ནང་གི་མཚམས་ཉུལ་མ། དུར་ཁྲོད་གནས་ཕྱུག་མའི་ལྷག་ཉུལ་མ། དེའི་ མཚམས་བཞིར་རྡོ་རྗེ་སྒྲོལ་ཉུལ་མ། བསྙེན་པའི་མཚམས་ཉུལ་མ། དགོངས་པའི་དོན་ཉུལ་མ། དུར་ཁྲོད་གནས་ཉུལ་མ་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཙཎྜ་ལི། པདྨ་འདབ་མ་བཞི་ལ། ཤར་དུ་རྡོ་རྗེ་སྡེར་མོ། ལྷོར་རྡོ་རྗེ་གཏུམ་མོ། ནུབ་ཏུ་དུར་ ཁྲོད་བདག་མོ། བྱང་དུ་རྡོ་རྗེ་སྒྲོལ་མ། དེའི་མཚམས་བཞིར་རྡོ་རྗེ་ཏིབ་ཏིབ་དང་། རྡོ་རྗེ་ཏེག་ཏེག་དང་། རྡོ་རྗེ་འཛིན་མ་དང་། རྡོ་རྗེ་ཡིད་གཡོ་མ་དང་། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་སིང་ཧ་མུ་ཁ་པདྨ་འདབ་མ་བརྒྱད་ལ། ཆུ་སྲིན་གྱི་ལུས་ ལ་སེང་གེའི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་བྱ་གྷྲྀ་མུ་ཁ། པདྨ་འདབ་མ་བརྒྱད་ལ། ཀང་ཀའི་ལུས་ལ་སྟག་གི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་སྲི་ལ་མུ་ཁ། པདྨ་འདབ་མ་བརྒྱད་ལ་སེང་གེའི་ལུས་ལ་ཝའི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་ཤྭ་ན་མུ་ཁ། པདྨ་འདབ་མ་བརྒྱད་ལ་ཕོ་རོག་གི་ལུས་ལ་ཁྱིའི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་ཀྲྀ་དྷ་མུ་ཁ། པདྨ་འདབ་མ་བརྒྱད་ལ་ཀང་ཀའི་ལུས་ལ་བྱ་རྒོད་ཀྱི་མགོ་ཅན་བརྒྱད་ཀྱིས་བསྒོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཀང་ཀ་མུ་ཁ། པདྨ་འདབ་མ་བརྒྱད་ལ། སྤྱང་ཀིའི་ལུས་ལ་ཀང་ཀའི་མགོ་ ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཀང་ཀ་མུ་ཁ། པདྨ་འདབ་མ་བརྒྱད་ལ་འུག་པའི་ལུས་ལ་ཕོ་རོག་གི་མགོ་བཏགས་པ་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཨུ་ལུ་ མུ་ཁ། པདྨ་འདབ་མ་བརྒྱད་ལ་ཕོ་རོག་གི་ལུས་ལ་འུག་པའི་མགོ་བཏགས་པ་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དེ་ནས་བཅོམ་ལྡན་འདས་ཕྲ་མེན་མའི་ཏིང་ངེ་འཛིན་དུ་བཞུགས་ནས་འགྲོ་བ་རྣམས་ཀྱི་དོན་མཛད་དོ། །བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་ཕྲ་མེན་མ་བསྒྲུབ་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དང་གསུང་དང་ཐུགས་དངོས་གྲུབ་ཀྱི་ཏིང་ངེ་འཛིན་དུ་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །སྐུ་དང་གསུང་དང་ཐུགས་ལས་སྤྲུལ་ པའི་ཧེ་རུ་ཀ །ཆོས་དབྱིངས་དོན་དམ་རིག་པའི་དབྱིངས་ན་བཞུགས། །ཕྱག་རྒྱ་ཡུམ་གྱི་མཁའ་ལ་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཡེ་ཤེས་ཁྲོ་རྒྱལ་སྤྲུལ་པ་མང་པོ་འཕྲོ། །ཕྱག་མཚན་སྣ་ཚོགས་འགྲོ་དོན་མང་པོར་མཛད། །ལས་བྱེད་མཁའ་ འགྲོ་ཆོས་དབྱིངས་སྐུ་ལ་འཁྲིལ། །ཡེ་ཤེས་ཁྲོ་རྒྱལ་དངོས་གྲུབ་བདག་ལ་སྩོལ། །ཕྲ་མེན་ཟ་བྱེད་མཆེ་གཤོག་འབར་བའི་ཚོགས། །དབང་ཕྱུག་འཇུག་བྱེད་ཡིད་འཕྲོག་ནུ་མ་ཅན། །རྡོ་རྗེ་མཆུ་ཅན་སྡེར་ཆེན་གཤོག་པ་ཅན། །ཕྲ་མེན་ཟ་བྱེད་ཆེན་མོ་དངོས་གྲུབ་བདག་ལ་སྩོལ། ། རྡོ་རྗེ་ཡང་སྤྲུལ་ཆེན་པོ་ཆོས་དབྱིངས་མཁའ་ལ་ཤར། །མཚོན་ཐོགས་སྤྲུལ་པ་སྣ་ཚོགས་འགྲོ་དོན་མཛད། །རྟག་ཏུ་དོན་མཛད་ཐུགས་རྗེ་ཤུགས་ལས་བྱུང་། །ཕྲ་མེན་ཡང་སྤྲུལ་ཆེན་པོ་དངོས་གྲུབ་སྩོལ། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་ སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །སེམས་ཅན་རྣམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །ཡེ་ཤེས་ཆོས་དབྱིངས་སྐད་ཚོགས་ཟླ་ཉའི་ཞལ། །ལས་མཛད་ཡེ་ཤེས་ནན་ཏན་དོན་ལ་བཞུགས། །རྒྱུ་འབྲས་གཉིས་ཀྱིས་འགྲོ་བའི་དོན་མཛད་པ། །སྒོ་བ་ཡབ་ཡུམ་ དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་མཁའ་འགྲོ་དབྱིངས་ཀྱི་ཡེ་ཤེས་ཡུམ། །ལས་བྱེད་མ་མོ་ཀུན་ལ་དབང་མཛད་མ། །ཕྱག་བརྙན་སྤྲུལ་པ་སྣ་ཚོགས་འགྲོ་དོན་མཛད། །རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བདག་ལ་སྩོལ། །རྡོ་རྗེ་གཤོག་པ་ཐོགས་པའི་ཡིད་འཕྲོག་མ། །རྡོ་རྗེ་ སྡེར་མོ་ཕྱོགས་བཅུར་སྤྲུལ་པ་འཕྲོ། །རྡོ་རྗེ་ལས་བྱེད་མ་མོ་བརྒྱ་ཡང་འགྱེད། །དབང་ཕྱུག་ཕོ་ཉའི་དངོས་གྲུབ་བདག་ལ་སྩོལ། །མི་མཉམ་པ་ཡི་ལྷ་ཁྱོད་རྟག་ཏུ་ནི། །ཐུགས་རྗེ་ཅན་གྱིས་གཟིགས་ཤིང་འགྲོ་བའི་དཔལ། །བླ་མེད་བྱང་ཆུབ་བསྒྲུབ་པར་དམ་བཅས་པ། །བདག་ཅག་ལས་ཀྱི་ འབྲས་བུ་མཆིས་པར་མཛོད། །དེ་ནས་བཅོམ་ལྡན་འདས་ལ་འཁོར་རྣམས་འདུས་ནས་གསོལ་པ། སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །དེ་ཡི་འཁོར་དུ་གཏོགས་པ་མ་དང་མཁའ་འགྲོ་མ། །རྩེ་གཅིག་བསྙེན་ཀྱང་ཡེ་ཤེས་ལྷ་དང་ཕྲ་མེན་ཁྱོད་བསྙེན་བསྙེན། །བསྙེན་པའི་ དུས་ན་རྒྱང་མ་རིང་། །བསྒྲུབ་པའི་དུས་ན་མཐུ་མ་ཆུང་། །ཡང་བསྙེན་ནི་ཡང་ཡང་བསྙེན་ན། །དཔལ་ཆེན་ཕྲ་མེན་ཁྱེད་ལྟར་མ་ལགས་ཀྱི། །ལང་ཀ་ཚོགས་ཀྱི་སྲིན་མོ་ཡང་། །ཕ་བས་བྱམས་ཤིང་ཁུ་བས་གདུང་། །ཡང་བསྒྲུབ་པ་ནི་ཡང་བསྒྲུབས་ན། །ལང་ཀའི་ཚོགས་ ཀྱི་སྲིན་མོ་ཡང་། །མ་བས་བྱམས་ཤིང་སྲིང་བས་གདུང་། །གདུངས་པའི་མཆི་མའི་ཚུལ་དུ་དཀུ། །ཡེ་ཤེས་ལྷ་ཡི་ཐུགས་ཀྱིས་བཟོད་ལགས་སམ། །དངོས་གྲུབ་སྐལ་དང་ལྡན་པར་མི་དམིགས་ཀྱང་། །སྔོན་གྱི་ཐུགས་དམ་དབང་གིས་དངོས་གྲུབ་སྩོལ། །དེ་སྐད་ཅེས་གསོལ་པ་ དང་། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་དངོས་གྲུབ་འཁོར་རྣམས་ལ་སྩལ་ཏོ། །འཁོར་རྣམས་ཀྱིས་ཀྱང་རྡོ་རྗེ་ཆོས་ཀྱི་སྡུད་པ་པོར་དངོས་གྲུབ་སྩལ་ཏོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག་བསྒྲུབ་པའི་ལེའུ་སྟེ་ བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའི་དམ་པའི་དོན་གྱི་གསང་བ་ཟབ་མོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ནས་སྤྲུལ་པ་ལྕམ་དྲལ་འདི་མགོ་མཇུག་གི་དོན་རྒྱུ་དང་འབྲས་བུ་གཉིས། དབྱིངས་དང་ཡེ་ཤེས་གཉིས། ཐབས་དང་ཤེས་ རབ་གཉིས། ཀུན་རྫོབ་དང་དོན་དམ་གཉིས། མདོར་བསྡུས་ན་དོན་དམ་ལ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་སུ་བསྡུའོ། །རྒྱུད་འདིའི་མགོ་མཇུག་གི་དོན་དཔལ་ཀུན་དུ་བཟང་པོར་འདུས་སོ། །ཀུན་དུ་བཟང་པོ་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་དང་། གསུང་མི་ཟད་ རྒྱན་གྱི་འཁོར་ལོ་དང་། ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་དང་། སྐུ་གསུང་ཐུགས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱང་འདུས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཀུན་དུ་བཟང་པོར་འདུས་པའི་དོན་ནི་བཅོམ་ལྡན་ འདས་ཀྱིས་སྡུད་པ་པོ་རྡོ་རྗེ་ཆོས་ལ་གཏད་དོ། །སྐུ་གསུང་ཐུགས་ཀྱི་དོན་གསང་བ་ཟབ་མོ་འདི་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་ལ་གཏད་དོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ཆོས་ཀྱི་སྡུད་པ་པོས་ལུས་ངག་ཡིད་གསུམ་རྗེས་སུ་ཡི་རང་སྐྱེས་ཏེ། བཅོམ་ལྡན་འདས་ལ་བསྟོད་པ། ཀུན་ གཞི་རྣལ་འབྱོར་རྫོགས་པའི་དཀྱིལ་འཁོར་ན། །ཟབ་ཅིང་གཏིང་དཔག་དཀའ་བ་རྒྱལ་བའི་སྐུ་བཞུགས་སོ། །སྤྲུལ་པ་མང་པོས་འགྲོ་དོན་རྫོགས་པར་མཛད། །དཔལ་ཆེན་ཀུན་བཟང་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཁྲོ་བོ་ཆོས་ཉིད་དབྱིངས་ན་བཞུགས། །སྤྲུལ་པའི་ ཁྲོ་བོས་ལས་རྣམས་རྫོགས་པར་མཛད། །ཕྲ་མེན་ཡང་སྤྲུལ་ཡེ་ཤེས་དབྱིངས་སུ་འཁྱིལ། །ཁྲོ་བོ་འཁོར་མོའི་ཚོགས་ལ་ཕྱག་འཚལ་ལོ། །སྐུ་གསུང་དངོས་གྲུབ་ཡ་མཚན་ཆོ་འཕྲུལ་ཅན། །སྐུ་གསུང་ཐུགས་ལས་སྤྲུལ་པ་མང་པོ་འཕྲོ། །མཁའ་འགྲོ་ཟ་བྱེད་ཕྲ་མེན་ཕོ་ཉ་མ། །མགྱོགས་ པའི་ཚོགས་ལ་ཕྱག་འཚལ་ལོ། །ལས་རྣམས་དྲག་ཤུལ་མཛད་པའི་ཁྲོ་རྒྱལ་སྐུ། །དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས། །ཀླུང་ནས་གྲོལ་བར་མཛད་པ་ཡེ་ཤེས་ཡུམ། །སྒོ་བ་སྒོ་མའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ རྗེས་སུ་ཡི་རངས་ཏེ། ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཀའ་དམ་པ་གསང་བ་ཟབ་མོའི་ཏན་ཏྲ་འདི་སྡུད་པ་པོ་རྡོ་རྗེ་ཆོས་ལ་གཏད་དོ། །དེ་ནས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ཧེ་རུ་ཀ་འཁོར་དང་བཅས་པ་རྣམས་ལ་སྐུ་གསུང་ ཐུགས་ཀྱི་བཤགས་པ་ཕུལ་ལོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར་པས་ན། །ལུས་ངག་སེམས་ཀྱིས་སྡིག་བགྱིས་མཐོལ་ཞིང་བཤགས། །ཐེག་པ་དམན་པའི་དབང་དུ་གྱུར་པས་ན། །ཐབས་ཆེན་སྤྱད་དང་མ་སྤྱད་མཐོལ་ཞིང་བཤགས། །མ་རིག་ལོག་པའི་ དབང་དུ་གྱུར་པས་ན། །ཡང་དག་དོན་མ་རྟོགས་པ་མཐོལ་ཞིང་བཤགས། །སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་དུ་གྱུར་པས་ན། །འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགས། །ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པས་ན། །བསྒོམ་དང་བསྒྲུབ་ལ་གཡེལ་བ་མཐོལ་ཞིང་བཤགས། ། སེར་སྣ་འཇུར་འགེགས་དབང་དུ་གྱུར་པས་ན། །མཆོད་པ་ལོ་ཟླ་འདས་པ་མཐོལ་ཞིང་བཤགས། །ང་རྒྱལ་ཁེངས་སེམས་དབང་དུ་བསྡུས་པ་ན། །སློབ་དཔོན་སྐུ་མ་མཉེས་པ་མཐོལ་ཞིང་བཤགས། །བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ན། །གྲོགས་མཆེད་ཐུགས་ དང་འགལ་བ་མཐོལ་ཞིང་བཤགས། །ཟ་རོག་ངན་པའི་དབང་དུ་གྱུར་པས་ན། །ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགས། །ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིས། །ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཕུད་ཉུལ་ཐུགས་དང་འགལ་ བའི་སྐྱོན་དབང་གིས། །མཁའ་འགྲོ་བཀའ་ཆད་གནས་སུ་གྱུར་པ་མཐོལ་ཞིང་བཤགས། །སྒྲོལ་བའི་དུས་སུ་སྙིང་རྗེ་ཆུང་བ་ཡིས། །སེམས་ཅན་གནས་མ་སྟོབས་པ་མཐོལ་ཞིང་བཤགས། །ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིས། །ཡུན་གྱི་སྒྲིབ་པར་ གྱུར་པ་མཐོལ་ཞིང་བཤགས། །སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བས། །གཟུངས་མ་ཐུགས་དང་འགལ་བའི་སྐྱོན་དབང་གིས། །ཆགས་ཤིང་འཁོར་བའི་གནས་སུ་མཐོལ་ཞིང་བཤགས། །བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དེ་སྐད་ཅེས་ བཟོད་པ་ཕུལ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཚངས་པ་གནང་སྟེ། བཀའ་དམ་པ་འདི་ཡང་ནས་ཡང་དུ་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་ལ་གཏད་དོ། །དེ་ནས་རྡོ་རྗེ་ཆོས་ཀྱིས་བཀའ་དམ་པ་འདི་མ་ཆགས་པའི་དབང་གིས་བཀའ་བཞིན་བྱས་སོ། །དེ་ནས་འཁོར་དེ་དག་ཐལ་ མོ་སྦྱར་ནས་རྗེས་སུ་ཡི་རང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསང་བའི་སྙིང་པོ་ཟབ་མོ་མཆོག་དཔལ་སྙིང་རྗེ་རོལ་པའི་རྒྱུད་རྫོགས་སྷོ།། །།རྒྱ་གར་གྱི་ལོཙྪ་བ་མཁས་པར་ ལོབས་པ་བལ་པོ་ཤྲཱི་ཀཱིར་ཏིས་གཏན་ལ་ཕབ་སྟེ། སྐད་གསར་པས་བསྒྱུར་ནས་སོག་པོ་མཆོག་གི་སྙིང་པོ་དང་། ཨན་བཀྲ་ཤིས་དང་། བལ་པོ་བཟང་བཀྲ་ཤིས་རྒྱ་མཚོས་ཡོན་བདག་བགྱིས་ནས་མང་ཡུལ་བྱམས་སྤྲིན་གཙུག་ལག་ཁང་གི་ཡ་ཐོག་གི་དབུ་ རྩེར་ཤིན་ཏུ་གསང་སྟེ། སྐད་གསལ་བར་བསྒྱུར་རོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་པཉྩ་ཨ་མྲྀ་ཏ། ས་ར་སིདྡྷི་མ་ཧཱ་དུ་ཀ །ཧྲྀ་ད་ཡཱ་ན་པ་ར་བིད་ཏྭན་ཨཥྚ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་བམ་པོ་ཆེན་པོ་བརྒྱད་པ། དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གསང་བ་མཆོག་གི་དཀྱིལ་འཁོར་ན། །ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཚོགས། །རྒྱལ་བ་རྒྱ་མཚོ་འཁོར་དང་བཅས། །སྐལ་ལྡན་རྣམས་དང་ ཐབས་ཅིག་བཞུགས། །གནས་མཆོག་ཡུམ་གྱི་དཀྱིལ་འཁོར་ན། །གཉིས་མེད་ལྷུན་གྱིས་གནས་པའི་ཚེ། །དེ་ཚེ་ཉན་ཐོས་དགེ་འདུན་དང་། །རང་རྒྱལ་ཐེག་ཆེན་མདོ་སྡེ་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །ཉན་ཐོས་དགེ་འདུན་ཆེན་པོ་དང་། །དགྲ་བཅོམ་ མིང་ཡང་མེད་ནང་དུ། །ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་ནས། །དགོངས་ཏེ་འདི་སྐད་བསྟན་པའི་ལུང་། །བཤད་ཅིང་འགྲེལ་པའི་དུས་གཅིག་དང་། །འདི་སྐད་བསྟན་པའི་དུས་གཅིག་ན། །སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ཡེ་ནས་རྫོགས་སངས་རྒྱས། ། ཀུན་དུ་བཟང་པོའི་ཐུགས་དཀྱིལ་ནས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་སྩལ་པ། །ཟབ་མོའི་ཀློང་ནས་ཕྱུང་སྟེ་བསྟན། །དེ་ནས་བདེར་གཤེགས་ཐམས་ཅད་དང་། །ཐབས་ཅིག་བཞུགས་ཏེ་ དགོངས་པ་ནི། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཡེ་ཤེས་མཉམ་ཉིད་ཉམས་རྙེད་ནས། །རྡོ་རྗེ་གསང་བའི་གྲལ་བཀོད་དེ། །ཀུན་གྱི་དམ་པར་འདི་གསུངས་སོ། །བཀའ་ཡི་དམ་པ་མཆོག་གི་ལུང་། །ངེས་པར་ཕྱུང་སྟེ་གསུངས་པ་འདིའོ། །སྒྲུབ་དང་བསྒྲུབ་པར་བྱ་བ་དང་། །འབྲས་བུ་ ཐོབ་པར་བྱ་བའི་ཕྱིར། །གསང་སྔགས་གསང་བའི་མན་ངག་འདི། །བདུད་རྩི་དམ་པ་མཆོག་གི་ལུང་། །སྙིང་པོར་བསྡུས་པའི་ངེས་པར་འདི། །བྱང་ཆུབ་འབྱུང་བ་སྙིང་པོ་མཆོག །ལྟ་བ་དང་ནི་སྤྱོད་པ་དང་། །དམ་ཚིག་བསྒྲུབ་པ་ཕྲིན་ལས་དང་། །ངེས་པར་སྒྲུབ་དང་བསྒྲུབ་བྱའི་ ཕྱིར། །ཟབ་མོ་བསྡུས་པའི་ལུང་འདི་གསུངས། །བསམ་གྱིས་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་གསུངས། །གསང་ཉིད་ཐེག་པར་བསྡུས་དང་བཞི། །ལྡེམ་པོར་དགོངས་དང་དོན་དམ་ཡང་། །བཀྲི་བའི་དོན་དེ་ སངས་རྒྱས་ཡིན། །རྣ་བརྒྱུད་བསྟན་པས་ཐུགས་བརྟོལ་ཏེ། །ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར། །ངེས་པའི་ལུང་ཡང་སངས་རྒྱས་སོ། །སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ། །ངེས་པའི་ལུང་ཡང་རྣམ་གཅིག་ཏུ། །གསང་སྔགས་གསང་བས་སངས་རྒྱས་ཏེ། ། བྱང་ཆུབ་སེམས་འདི་ཀུན་དུ་དག །རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། །མ་ལུས་མཐའ་དག་ཉིད་ཀྱི་རྒྱ། །ཡེ་ནས་བྱ་མེད་བྱ་མི་དགོས། །རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ། །མི་རྟོག་སྦྱོང་བའི་ཡུལ་མིན་ནོ། །དེ་ལྟའི་ཡུལ་དུ་རྟོག་འཛིན་གྱིས། །འཁོར་བའི་རྒྱ་ མཚོར་གྱུར་པ་ཡིན། །ངེས་འབྱུང་ཆོས་སྐུ་ཆེན་པོ་ལ། །བྷ་གར་ཇི་བཞིན་བཞག་པས་ན། །བྱང་ཆུབ་ཉིད་དེ་ལྟུང་གནས་མེད། །བུ་གཅིག་མ་རྩོལ་བདེ་བར་གནོས། །རྒྱུད་དང་ལུང་དང་མན་ངག་ཀྱང་། །དམངས་དང་རྗེའུ་དང་རྒྱལ་པོའི་ཚུལ། །ཁྱད་པར་རྩལ་འཕང་ ཐག་རིང་ཡང་། །གཅིག་ལ་གཅིག་རྟེན་གཅིག་གི་ངང་། །དབྱེར་མེད་ཚུལ་གཅིག་རང་བཞིན་པས། །ཅིག་སྟེ་རྣམ་གྲངས་ཡོངས་ཀྱིས་མེད། །དབྱེར་མེད་ངང་དུ་རྟོགས་པ་ལ། །བདུད་རྩི་ཞེས་ནི་དེ་ལ་བྱའོ། །དེ་བས་སྐུ་གསུང་ཐུགས་ཀྱི་བདག །སྐུ་དང་རྒྱན་དང་འཁོར་ ལོ་ཡང་། །ལུང་ཆེན་ཟབ་མོའི་ནང་ན་གསལ། །ལྔ་བཞི་ནང་དུ་འཁོར་བ་ཡང་། །ཡེ་ཤེས་སངས་རྒྱས་དེ་ལས་མེད། །དབྱིངས་སུ་གྱུར་པས་མཉམ་གནས་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །བདུད་རྩི་ཞེས་ནི་དེ་ལ་བརྗོད། །སྐྱེ་ཤི་མེད་པའི་ དབྱིངས་སུ་གྱུར། །དབྱིངས་འགྱུར་དག་མཉམ་ལྷུན་གྲུབ་པས། །ལྟ་བ་འདི་ལ་གནས་པ་ཡི། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །ཅི་སྤྱད་ཅི་བསྒོམས་ཅི་བསྒྲུབས་ཀྱང་། །བདུད་རྩི་ཉིད་དེ་སྨན་གྱི་མཆོག །བདེར་གཤེགས་ཉིད་ཀྱི་ཐུགས་དམ་ཉིད། །བྱིན་བརླབས་ ངོ་མཚར་རྒྱ་ཆེར་འབྱུང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས། །སངས་རྒྱས་བདེ་ཆེན་ཉིད་ལས་བྱུང་། །ཐམས་ཅད་མ་ལུས་བདུད་རྩི་འདི། །སྤྲོས་མེད་ཐིག་ལེར་གནས་པ་ལས། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །རང་ལ་མཆོད་ཅིང་རང་གིས་བཟའ། ། སྒྲུབ་པ་པོས་ནི་ནན་ཏན་བྱོས། །ཞེས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས། ཡེ་ཤེས་ཆེན་པོའི་ཐུགས་ནས་དགོངས་ཏེ་བཀའ་སྩལ་པའོ། །བདུད་རྩི་ཆེན་པོ་མཆོག་གི་ལུང་ལས་བྱང་ཆུབ་སེམས་དེ་ཁོ་ན་ཉིད་ལྟ་བར་བསྟན་པའི་མན་ངག་ཆེན་པོ་གསང་བའི་ དོན་དང་པོ་སྟེ། ཐུགས་ཀྱི་རྒྱ་མཚོའི་ནང་ནས་གསང་བའི་མཛོད་ཆེན་པོ་ལས་བམ་པོ་ཆེན་པོ་བརྒྱད་པའི་དང་པོ།། ༄༅༅། །རྒྱ་གར་སྐད་དུ། ཨ་མྲྀ་ཏ་ར་ས་ཡ་ན། ཏ་ན་ཛྷ་ཡ། པྲ་ཤསྟ་པྲ་མ་ན་ཤྲི་ཀྲ་ན་པྲ་ཤསྟ་ཡ་ན་མོ། བོད་སྐད་དུ། ཚངས་པ་ལ་སོགས་པ་དྲང་སྲོང་དང་། ལྷ་དང་ཀླུ་དང་མིའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་པའི་གཙོ་བོ་མཆོག །དུང་གི་ཐོར་ཚུགས་ཁོང་སེང་ཅན། །ཚངས་པ་ཀུན་གྲོལ་ཆེན་པོ་དང་། །དྲང་སྲོང་ཆེན་པོ་ལྗང་སྔོན་དང་། །ཙ་ར་ཀ་དང་ན་བ་སོ་ སྐྱེས། །ཐ་སྐར་བུ་དང་ལྷ་སྐབས་དང་། །རྒྱུན་ཤེས་པ་དང་གཡོན་ཕྱོགས་ལྷ། །ཐང་ལ་གནས་དང་མེ་བཞིན་འཇུག །དཀའ་གཉིས་སྤྱོད་དང་ཀ་ལ་ཡན། །ཤིང་ཁྱེར་དང་ནི་ལྗང་སྔོན་བུ། །ཉི་མ་ཟླ་བ་ཀླུ་རུ་བཅས། །ཤིང་གི་ལྷ་མོ་འོད་འཆང་མ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། ། འདི་ཀུན་འཁོར་དང་བཅས་པ་ཡིས། །ཀུན་བཟང་ལྷ་ལ་ཕྱག་འཚལ་ནས། །སྨན་གྱི་དབང་དང་དམ་ཚིག་མནོས། །དྲང་སྲོང་རྣམས་ལ་རྗེས་སུ་གནང་། །དེ་ནས་ཀུན་བཟང་བདེར་གཤེགས་ཀྱིས། །སྨན་གྱི་རྒྱལ་པོ་བདུད་རྩི་མཆོག །ངེས་པའི་ལུང་འདི་བཀའ་སྩལ་ཏོ། །དེ་ནས་ཐུགས་རྗེའི་ཆོ་ འཕྲུལ་གྱིས། །ས་རྣམས་རབ་ཏུ་གཡོས་ནས་ནི། །སྟོང་གསུམ་འཇིག་རྟེན་ས་སྟེངས་སུ། །ཐམས་ཅད་སྨན་ཆེན་ར་ས་ཡན། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །དེ་ལྟར་སྨིན་པར་བྱེད་པ་ཡང་། །ཐུགས་རྗེ་རྒྱ་མཚོ་ཆེན་པོ་ལས། །ཐུགས་རྗེ་སྤྲིན་ནི་ཁྱབ་པ་ཡིས། །སྤྲིན་ཆེན་གློག་གི་ཕྲེང་བ་ཅན། ། ཡུད་ཙམ་སྒྲ་དང་བཅས་པ་ཡིས། །ས་སྟེངས་ཁེངས་པར་ཆར་ཕབ་ནས། །དེ་ཉིད་ཐུགས་རྗེ་སྙོམས་པའི་མགོན། །ཆུ་ཡི་ཕུང་པོ་བདུད་རྩི་ཡིས། །མ་ལུས་པར་ནི་ངོམས་པར་བྱས། །བདུད་རྩིའི་རྒྱ་མཚོ་ཐིགས་ཆེན་གྱིས། །ས་དང་སྨན་རྣམས་ཀུན་གྱི་གསོས། །རི་རབ་རྩེ་དང་རི་སུལ་ དང་། །སྨན་ལྗོངས་དང་ནི་ནགས་ཚལ་དང་། །ལྕང་ལོ་ཅན་གྱི་འཁོར་ཀུན་དུ། །སྤྲིན་ཆེན་བདུད་རྩི་ཆར་གྱིས་བརླན། །ཆུ་དེ་ཐམས་ཅད་རོ་གཅིག་སྟེ། །ཆུ་ཡི་བཅུད་ལས་སྐྱེས་པ་ནི། །དཔག་བསམ་ཤིང་དང་གེལ་པའི་ཤིང་། །ལྗོན་ཤིང་དང་ནི་ཙུ་ཏའི་ཤིང་། །ས་སྟེངས་ཁེབས་ པར་སྐྱེས་པ་སྟེ། །བདུད་རྩིར་གྱུར་ཏེ་ཐམས་ཅད་རྒྱས། །སྡོང་པོ་དང་ནི་སྡོང་ཆེན་དང་། །རྩ་བ་སྡོང་པོ་ཤུན་ལྤགས་དང་། །སྙིང་པོ་ཡལ་ག་ལོ་མ་དང་། །འདབ་མ་མེ་ཏོག་འབྲས་བུར་བཅས། །དེ་བཞིན་འབྲུ་ཡི་རྣམ་གྲངས་ཀུན། །ཐམས་ཅད་བངས་ཤིང་སྨིན་པར་མཛད། ། འཐུངས་ན་ངོམས་ཏེ་རྒྱས་པར་གྱུར། །སོ་སོའི་ཡུལ་དང་གནས་དག་དང་། །མདོག་དང་རོ་དང་དྲི་དང་མཐུ། །གང་གི་ས་བོན་དེ་ཉིད་ལས། །དེ་དག་རང་རང་འབྱིན་པར་བྱེད། །དེ་བཞིན་སྲོག་ཆགས་ཐམས་ཅད་ཀུན། །ར་ས་ཡ་ནའི་རྫས་ལ་སྤྱོད། །འགྲོ་བ་དྲུག་གི་གསོས་སུ་ འགྱུར། །བདུད་རྩི་སྒོ་ནི་རྣམ་པར་ཕྱེ། །འཇིག་རྟེན་མགོན་པོས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རྣོན་པོས་བསྡུས་ཏེ་བཀའ་སྩལ་པ། ལྷ་དང་ཀླུ་དང་དྲང་སྲོང་དང་། མིའི་བྱང་ཆུབ་སེམས་དཔའི་དགེ་བསྙེན་ཆེན་པོ་དྲི་མ་ མེད་པར་གྲགས་པ་ལི་ཙྪ་བི་ལ་སོགས་པ་ལ་བདུད་རྩི་ར་ས་ཡ་ན་ཏན་ན་ཛྷ་ཡ་འདི་དག་བསྟན་ནོ། །དང་པོར་བསྒྲུབ་པའི་ཡུལ་དང་གནས་ནི། ཨུ་ཧུ་སི་ཏི་པ་ཙ་ཞེས་བྱ་ས