Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 099_རྙིང་རྒྱུད།_ག
Văn bản gốc(Tây Tạng)
Trang 9 / 17 (50.000 ký tự/trang)
བྱོར་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ་ཤིན་ཏུ་དགྱེས་པའི་རྡོ་རྗེ་དབྱངས་ ཀྱིས་མགུར་ལེན་ཅིང་། རྡོ་རྗེ་རྣམ་པར་རོལ་པ་ཡིས། བཅོམ་ལྡན་འདས་དགྱེས་བཞད་པས་བཞད་ཅིང་། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བའི་ཐུགས་ཀ་ནས་མ་ཧཱ་སུ་ཁ་ཧཱུྃ་ཞེས་བརྗོད། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མོ་ཡེ་ ཤེས་ཀྱི་དབྱིངས་དབང་ཕྱུག་མ་འདི་ཕྱུང་ངོ་། །ཟླ་གམ་སྟེང་དུ་ལྡན་པ་ཡི། །ཡེ་ཤེས་གཉིས་པོ་མ་ལྟ་བུ། །ཐིག་ལེ་མཚན་དུ་ལྡན་བྱས་ནས། །གསལ་བ་ཡེ་ཤེས་རྣལ་འབྱོར་མ། །ཨཱ་ལི་ཀཱ་ལི་འདྲེན་བྱས་མ། །རི་མོ་དབུས་སུ་བརྟག་བྱས་ཏེ། །དེ་ཡི་མགོ་དང་ མཇུག་ཉིད་དུ། །ཁྲོ་བོ་གཉིས་པོ་མཆོག་པོས་བྱ། །འདི་ནི་བཙུན་མོ་རབ་གསང་བའི། །རྡོ་རྗེ་དཀྱིལ་འཁོར་རྣལ་འབྱོར་མའི། །དྲན་པ་ཙམ་གྱིས་འདི་དག་ཀྱང་། །བསོད་ནམས་ཀུན་གྱིས་བྱིན་བརླབས་འགྱུར། །ཨཱ་ལི་གཉིས་དབུས་རི་མོ་བྲི། །འདྲེན་པ་ ཡང་དག་ལྡན་པ་སྟེ། །སྟེང་དུ་ཟླ་གམ་ཐིག་ལེར་དགའ། །མགོ་མཇུག་ཏུ་ཡང་གཞན་ཡང་བྲི། །འདི་ནི་གསལ་བའི་དོན་དམ་སྟེ། །རྣལ་འབྱོར་རིན་ཆེན་དབང་བསྐུར་སྦྱིན། །བསྟན་པས་བསོད་ནམས་ཐོབ་འགྱུར་ཏེ། །སྡིག་པ་རྣམས་ཀྱང་འཇིག་པར་བྱེད། ། ཨཱ་ལི་གཉིས་དང་ལྡན་བྱ་སྟེ། །ཚེག་དྲག་ཡི་གེ་གཉིས་སུ་བཤད། །འདི་ནི་རབ་འགལ་ཀུན་དུ་ཆགས། །ཆུ་སྲིན་མ་ཞེས་བསྟན་པ་ཡིན། །དང་པོ་བསྐལ་པ་ཆེན་པོ་ཡི། །ཚེག་དྲག་པོ་དང་བཅས་པར་བཞག །སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །བདག་ ཉིད་ལ་མ་བཞག་ཡང་རུང་། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །བསྒྲུབ་བྱ་དཀྱིལ་འཁོར་སྒྲུབ་བྱེད་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དཀྱིལ་འཁོར་དམ་པ་རྣམས་ཀྱི་མཆོག །ཡེ་ཤེས་ཕྱག་རྒྱ་མངོན་གནས་པའི། །འཛིན་པའི་བསོད་ནམས་ཅི་ འདྲ་བའི། །བྲིས་པ་ཡིས་ཀྱང་ཁྱབ་པར་འགྱུར། །ཨེ་མའོ་བདེ་བ་ཡེ་ཤེས་ཆེ། །འདི་ནི་ཡེ་ཤེས་སྐུ་འདི་ལ། །གནོད་བྱེད་པ་ནི་བསྟེན་བྱེད་ཅིང་། །འདི་ཡི་ཚུལ་གྱིས་ཐོབ་པར་འགྱུར། །ཁམས་གསུམ་མཆོག་གི་དཀྱིལ་འཁོར་འདིར། །འདི་ལས་རྒྱ་ ཆེན་གཞན་མེད་དོ། །སྒྲུབ་པ་པོ་དང་སེམས་ཅན་ཀུན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཆེ་མཆོག་ཧེ་རུ་ཀ་གསང་བ་འདི་བཅོམ་ལྡན་འདས་དམ་ཚིག་གི་དཀྱིལ་འཁོར་རྒྱས་པ་མཆོག་ཏུ་གསང་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ བཙུན་མོ་རྣམས་ཀྱི་གསང་བ་ཆེན་པོ་རྣལ་འབྱོར་མ་དབང་ཕྱུག་ཆེན་མོ་རྣམས་ཀྱིས་མཆོག་ཏུ་གསང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་མཚར་དུ་གྱུར་ཏེ། དགྱེས་པའི་ཡིད་ཆེས་ པ་དང་། མགུ་བ་དང་། ཡིད་དགའ་བ་སྐྱེས་ནས་ཤིན་ཏུ་དགྱེས་པ་ཆེན་པོ་རྡོ་རྗེ་བཞད་པས་མཛད་ཅིང་། ཡང་ཧེ་རུ་ཀའི་སྐུ་མདོག་ནི་སྣ་ཚོགས་པའོ། །བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ཞབས་བརྒྱད་ཕྱག་མཚན་སྣ་ཚོགས་པའོ། །དེ་ལས་སྤྲོས་ནས་ཕྱག་སྟོང་སྤྱན་སྟོང་གིས། སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ན། །ཤིན་ཏུ་མི་སྲུན་པས་གདུག་པ་ང་རྒྱལ་ཆེ་ཞིང་དྲེགས་པ་ཅན་ཐམས་ཅད་ལ་བཛྲ་ཛ་ལིའི་སྒྲ་སྣ་ཚོགས་འོད་ཟེར་དུ་གྱུར་ཏེ། དེ་ལས་སྤྲོས་པས་རིགས་བཞི་ཧེ་རུ་ཀ་དྲེགས་པ་ ཅན་ཐམས་ཅད་ཚར་གཅོད་པའི་ཕྱིར། རཀྵ་ཧེ་རུ་ཀ་ཉོན་མོངས་བའི་དུག་གསུམ་དབང་དུ་སྡུད་ཅིང་འཇོམས་པའི་ཕྱིར་རཀྵ་ཧེ་རུ་ཀ །ཡེ་ཤེས་ཀྱི་དོན་དང་ལྡན་པའི་ཕྱིར་བྱི་ཤ་ཧེ་རུ་ཀ །དམ་ཚིག་ལས་མི་འདའ་བའི་ཕྱིར་ས་མ་ཡ་ཧེ་རུ་ཀ །དེ་ལས་འཕྲོས་པས་ཧེ་རུ་ཀ་ སྟོང་རྩ་བརྒྱད། སྐུ་མདོག་དང་ཕྱག་མཚན་ཅིར་ཡང་སྤྲུལ་ནས་འགྲོ་བའི་དོན་མཛད་དོ། །ཀྲོ་དྷི་ཤྭ་རི་སྐུ་མདོག་སྣ་ཚོགས་པའོ། །དབུ་དགུ་ཕྱག་བཅྭ་བརྒྱད། ཞབས་བཞི་ཕྱག་ཆ་སྣ་ཚོགས་པའོ། །ཞབས་བརྒྱད་རྡོ་རྗེ་འབར་བ་མེ་དཔུང་གི་ནང་ན། ཧེ་རུ་ཀ་བཞི་ཞབས་བཞིས་མནན་ པ། བཛྲ་ཧེ་རུ་ཀ །པདྨའི་སྦུབས་སུ་དཔྲལ་བའི་སྤྱན་ཕྱེད་ཙམ་ནུབ་པར་བཞུགས་པ། ཤིན་ཏུ་རྔམ་པའི་ཁྲོ་མོ་དབུའི་སྟེང་ན་ཧེ་རུ་ཀ་ཞབས་བརྒྱད་ཀྱིས་ཁྲོ་མོ་དབུ་བརྒྱད་མནན་པ་ཡང་དབུས་ཀྱི་གྱེན་དུ་བལྟས་པའི་ཞལ་ནི་ནང་དུ་རྡོ་རྗེ་བཅུག་ནས་གཉིས་སུ་མེད་པར་སྦྱོར་ཞིང་ བྱང་ཆུབ་ཀྱི་སེམས་ཡུམ་གྱི་སྐུ་ལ་བསྟིམས། །བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཀྱི་ཧེ་རུ་ཀ་ཞབས་འོག་ཏུ་མནན་པ་ཡང་གཉིས་སུ་མེད་པར་སྦྱར་ཞིང་བྱང་ཆུབ་ཀྱི་སེམས་འབེབས། བཛྲ་ཛ་ལིའི་སྒྲ་སྣ་ཚོགས་པས་རབ་ཏུ་གཡོས་པར་གྱུར་ཏེ། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམ་ པར་རབ་ཏུ་སྐྲག་ནས་སྐྱབས་སུ་གསོལ་ལོ། །མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏེ། རྡོ་རྗེ་འབར་བ་མེ་དཔུང་གིས། །བསྐལ་པ་བས་ཀྱང་བསྲེག་མཛད་ཅིང་། །འཇིགས་ཆེན་རྔམ་པའི་ཁྱད་པར་ཅན། །དབུ་མང་བསྒྲུབ་པའི་ཚིག་སྒྲོགས་ཤིང་། །ཕྱག་མང་འཇིགས་པའི་ མཚོན་ཆ་བསྣམས། །ཞི་བའི་ཕྱག་སྟོང་སྤྱན་སྟོང་ཡང་། །འཇིག་རྟེན་རབ་ཏུ་སྤ་བཀོང་ན། །ཁྲོ་གཉེར་ཕྱག་སྟོང་སྤྱན་སྟོང་ཡང་། །རྒོད་དང་གཤེ་ཞིང་ཟ་བྱེད་པ། །འབར་བའི་མཚོན་ཆ་སྣ་ཚོགས་ཅན། །འཇིག་རྟེན་ཐལ་བར་རློག་མཛད་པ། །ཁྲོ་ཆེན་ཁྱོད་ལ་སྐྱབས་ སུ་མཆི། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་སླས་འདི་རྣམས་ཕུལ་ནས་སྐྱབས་སུ་གསོལ་ལོ། །ཆགས་པ་མེད་པའི་དབང་གི་ཐབས་ཀྱི་སྦྱོར་བས་དབང་བསྡུས་ཏེ། དམ་ཚིག་དང་མིང་བཏགས་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་འཆང་གི་གྲལ་དུ་དགོད་དོ། །དེ་ནས་བཅོམ་ ལྡན་འདས་དཔལ་ཀུན་དུ་བཟང་པོ་ཧེ་རུ་ཀ་རོལ་པ་ཆེན་པོའི་དོན་གྱི་གསང་བ་རབ་ཏུ་རྟོགས་པའི་ཡེ་ཤེས་རྒྱལ་པོ་སྐུ་དང་གསུང་དང་ཐུགས་ཀྱི་རོལ་པ་འདི་ཕྱུང་ངོ་། །དཀྱིལ་འཁོར་འདི་དག་ཐམས་ཅད་ནི། །གྲུ་བཞི་སྒོ་བཞི་མུ་ཁྱུད་བཅས། །ཐིག་གིས་ཡོངས་སུ་འཁོར་ བར་བཏབ། །དབུས་སུ་པདྨ་འདབ་བརྒྱད་བྲི། །དབུས་ཀྱི་པདྨའི་སྙིང་པོ་ལ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ། །ཤར་དུ་བཛྲ་ཧེ་རུ་ཀ། །ལྷོ་རུ་རཏ་ན་ཧེ་རུ་ཀ། །ནུབ་ཏུ་པདྨ་ཧེ་རུ་ཀ། །བྱང་དུ་ཀར་མ་ཧེ་རུ་ཀ། །ཤར་ལྷོར་རཀྴ་ཧེ་རུ་ཀ། །ལྷོ་ནུབ་ཡཀྵ་ཧེ་རུ་ཀ། །ནུབ་བྱང་ བྱི་ཤ་ཧེ་རུ་ཀ། །བྱང་ཤར་ས་མ་ཡ་ཧེ་རུ་ཀ། །བདེར་གཤེགས་ཡུམ་དང་བཅས་པ་དགོད། །དེའི་ཕྱི་རིམ་སྣམ་བུ་ལ་ཡེ་ཤེས་ལས་གྲུབ་པའི་ཕྲ་མེན་མ་བཅུ་དྲུག་དགོད། དེ་ཡི་ཕྱི་རིམ་སྒོ་བཞི་ཐོད་པས་བསྐོར། །གཤིན་རྗེ་འཇོམས་དང་སྟོབས་པོ་ཆེ། །རྟ་མགྲིན་དང་ ནི་བདུད་རྩི་འཁྱིལ། །སྒོ་བཞི་དག་ཏུ་རིམ་བཞིན་ནོ། །སྐུ་དང་ཕྱག་མཚན་ཅིར་ཡང་འགྱུར་ཏེ་གཅིག་ཏུ་མ་ངེས་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་དེ་ཁོ་ན་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཅོམ་ལྡན་འདས་དཔལ་པདྨ་ ཧེ་རུ་ཀ་དབུ་ལྔ་ཕྱག་བཅུ་དྲུག་པ། གཤོག་པ་རྡོ་རྗེས་གཏམས་པ། ཞབས་བརྒྱད་ཆས་དང་བརྒྱན་ཅིང་། ཕྲ་མེན་མ་བཅུ་དྲུག་གི་འཁོར་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་འཁོར་གྱིས་བསྐོར་ནས་བཞུགས་ཏེ་སྤྲུལ་པ་ལས་བཅོམ་ལྡན་ འདས་རྟ་མཆོག་ཆགས་པ་ཆེན་པོ་རཀྟ་དང་། རུས་གོང་གསར་སྙིང་གི་ནང་ན་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་ཞིང་བསྣོལ་མའི་གདན་ཁྲི་ལ་བཞུགས་སོ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ཀླུ་ཆེན་པོ་རྣམས་བརྫིས་པ། རྡོ་རྗེ་བྲག་རིས་གཏམས་པ་རྡོ་རྗེ་མེ་ཕུང་ འབར་བའི་ནང་ན་བཞུགས་པ། དབུ་གཙུག་ནས་རྟ་མགོ་ལྗང་གུ་ལྔ་བྱུང་བ། སྦྲུལ་ནག་གི་ཆུན་པོ་སྟག་ལྤགས་ཀྱི་ཤམ་ཐབས་བགོས་པ། ཐོད་པའི་ཕྲེང་བས་བརྒྱན་པ། ཞིང་བསྣོལ་མའི་ཁྲི་ལ་བཞུགས་པ། བཅོམ་ལྡན་འདས་རྟ་མཆོག་ཆགས་པ་ཆེན་པོས་ འདི་སྐད་ཅེས་བཀའ་སྩལ་ཏོ། །ཧཱུྃ་ནུབ་ཕྱོགས་སངས་རྒྱས་ཞིང་ཁམས་ནས། །དེ་ཉིད་རང་སྣང་མཉམ་ཉིད་དཀྱིལ་འཁོར་ན། །བདེ་བ་ཆེན་པོ་དཔལ་འབར་མཆོག་གི་ལྷ། །འདུ་འབྲལ་མེད་པ་ཐུགས་རྗེ་དབང་གི་ལྷ། །དབང་མཆོག་ངོ་མཚར་རྔོམ་བརྗིད་དབང་གི་ལྷ། ། དཔལ་ཆེན་པདྨའི་ཐུགས་ནི་རིན་པོ་ཆེ། །ཁྲོ་བོར་སྟོན་ཀྱང་ཞི་བའི་ཆ་ལུགས་ཅན། །སྙིང་རྗེ་ཡུམ་གྱི་མཁའ་ལ་སྤྲུལ་པ་སྣ་ཚོགས་ཅིར་འགྱུར་ཡང་། །འགྲོ་བའི་དོན་དུ་དཔལ་ཆེན་བཞེངས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་རྟ་མགྲིན་དེ་ཉིད། ཡུལ་ལ་མ་ ཆགས་བྲག་ཕུག་དགོན་པ། ཟས་ལ་མ་ཆགས་རྩྭའི་རྩ་བ། གོས་ལམ་ཆགས་ཤིང་གི་ཤུན་པ། སྐོམ་ལ་མ་ཆགས་བྲག་གི་ཐིགས་པ། བྲག་རི་མི་བརྟེན་ཤིང་ལ་བརྟེན། ཤིང་ལ་མི་བརྟེན་ཆུ་ལ་བརྟེན། ཆུའི་སྙིང་པོ་འཚེར་བ་གཅིག་ཏུ་སྤྲུལ་ནས་འགྲོ་བའི་དོན་མཛད་དོ། །ཧ་ཡ་ གྲཱི་བ་རྟ་མཆོག་དཔལ། སྐུ་མདོག་དམར་པོ་སྟག་གི་ཤམ་ཐབས་ཅན། །སྦྲུལ་ནག་སྟོང་གིས་བརྒྱན་པས་བརྗིད་ཆགས་པས་དབུ་སྐྲ་ཁམ་ནག་རལ་པ་མུན་ཙ་ཅོད་པན་ཅན། དབུའི་གཙུག་ནས་བདུད་རྩི་རྣམ་སྤྲུལ་པ། །སྨིན་མཚམས་སྣ་བྲག་ཀུན་ནས་ གློག་སྟོང་འཕྲོ། །དབུའི་གཙུག་ནས་རིགས་ལྔའི་སངས་རྒྱས་བསྐྱེད་ནས་ནི། །སྙན་ནས་སྒྲ་བྱུང་འབྲུག་སྐད་ལྡིར། །སྤྱན་ནས་མེ་བྱུང་ཁམས་གསུམ་སྲེག །ཤངས་ནས་རླུང་འབྱུང་འཇིག་རྟེན་འཐོར། །ཞལ་ནས་ཁྲག་འཛག་རྒྱ་མཚོར་འཁྱིལ། །མ་མོ་དམ་ཅན་ རྣམས་ཀྱང་དམ་ལ་འདུ། །རྟ་སྐད་ཐེང་གསུམ་འཚེར་བས་སྲིད་པ་དབང་དུ་སྡུད། །རྟ་བྲོ་ཐེང་གསུམ་བརྡུངས་པས་བདུད་བཞི་ཟིལ་གྱིས་མནན། །པདྨ་རྒྱལ་པོ་རྟ་མཆོག་དཔལ། །དཀར་པོའི་མདོག་ལ་དམར་པོའི་ཞལ། །སྐུ་མདོག་མཐིང་གའི་ཁྲོ་གཉེར་ཅན། །སྙན་ ནི་དུང་གི་ཁོང་སེང་ཅན། །མུ་མེད་ཁམས་ནི་ཅི་མཆིས་གསན། །སྤྱན་གཉིས་ཉི་ཟླའི་ཕྲུགས་སུ་བཅས། །ཁམས་གསུམ་དག་ནི་ཅི་མཆིས་གཟིགས། །རྟོག་པ་མཚོན་གྱི་ལྕང་ལོ་ཅན། །རྔ་མ་ལྕགས་ཀྱི་གཡབ་མོས་འདེབས། །ཤངས་ནས་མེ་ཕུང་འབར་བའི་ཚུབ་མ་ འཐོར། །ཞལ་ནས་མི་བཟད་ལྕགས་ཀྱི་སེར་ཆེན་འབེབས། །གཡས་པ་གསུམ་པོ་བ་དན་འཕྱར། །གཡོན་པ་སྡིགས་པའི་མཛུབ་མོ་བསྒྲེང་། །གེའུ་རི་གཤོག་པ་གསང་བའི་ཕྱག་རྒྱ་ཡིས། །ན་བ་རྣམས་ནི་སོས་པར་བྱེད། །རྟ་སྐད་བཞད་ལ་རྟ་བྲོ་བརྡུང་། །རྟ་ སྐད་ཆེན་པོ་ཐང་གཅིག་གིས། །ཀླུ་རྒྱལ་རིས་དྲུག་དབང་དུ་སྡུད། །རྟ་སྐད་ཆེན་པོ་ཐང་གཅིག་གིས། །མ་ཚོགས་དབང་ཕྱུག་དབང་དུ་སྡུད། །རྟ་སྐད་ཆེན་པོ་ཐང་གཅིག་གིས། །བགེགས་ཀྱི་ཚོགས་རྣམས་དབང་དུ་སྡུད། །རྟ་བྲོ་ལན་གསུམ་བརྡུངས་པ་ཡིས། ། བདུད་བཞི་ཀུན་ཀྱང་ཟིལ་གྱིས་གནོན། །དཔག་ཚད་འོག་ན་བདུད་གནས་པ། །ཀླད་དུ་རྒྱོབ་ལ་ཐལ་བར་རློགས། །ཡབ་གཅིག་རེ་བྱམས་རྟ་མཆོག་དབང་། །རྟ་རྐུན་ཚུལ་དུ་གར་བྱེད་ཀྱིས། །གར་གྱི་བརྡ་ལ་ད་ཚུར་སྤྱོན། །རྟ་རྐུན་ཚུལ་དུ་སྤྱུགས་འདོར་གྱིས། ། སྤྱུགས་པའི་རྟ་ལ་ད་ཚུར་སྤྱོན། །རྟ་རྐུན་ཚུལ་དུ་གཡབ་འདོར་གྱིས། །གཡབ་མོ་བརྡ་ལ་ད་ཚུར་སྤྱོན། །ཧཱུྃ་གིས་རྒྱུ་དྲུག་རྩ་ནས་གཅོད། །ཕྲིན་ལས་ཞི་བར་མཛོད་ཅིག་རྟ་མཆོག་དབང་། །སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བའི་མཐུ། །ཆེ་བཙན་ཀུན་ལས་ འཕགས་པས་པདྨ་གར་གྱི་དབང་ཕྱུག་ཆེ། །གར་མཁན་སྒྱུ་འཕྲུལ་ཀུན་ལས་ཐབས་ཀྱི་རྒྱལ་པོར་གྲགས། །བྱམས་ལྡན་གར་གྱི་དབང་གིས་ཕྲིན་ལས་མཛོག །རྟག་ཏུ་གྲུབ་མཆོག་རེ་ཞིང་འབོད་འགྲོགས་ན། །བྱམས་ལྡན་མགོན་པོ་བདག་ལ་ ཅི་ཕྱིར་ཐུགས་མི་བརྩེ། །ལྟ་མཆོག་བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་ན། །ཡེ་ཤེས་ལྷ་མཆོག་ཁྱོད་ཀྱིས་ཐུགས་རྗེར་རུང་ལགས་སམ། །དངོས་གྲུབ་སྩོལ་བར་མི་དམིགས་ཀྱང་། །སྔོན་གྱི་ཐུགས་དམ་དབང་གིས་དངོས་གྲུབ་སྩོལ། །ཡུམ་ཆེན་ཨེ་ཀ། ། ཛ་ཊི་མ། །རལ་པ་གཅིག་མས་དེ་སྐད་བསྐུལ་ལོ། །ཡང་ཡབ་ཀྱིས་བསྐུལ་བ་འཁྱུད་པར་བསྟེན་པའི་རྣལ་འབྱོར་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །འདོད་པའི་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་ཆེན་མོ་རེ་མ་ཏི། །མ་ཆེན་ཨེ་ཀ་ཛ་ཊི་མ། །གུ་ཧྱ་ གསང་ཆེན་རལ་གཅིག་མ། །རེ་ཏ་ཆེན་མོ་ཙ་མུན་ཊ། །སྲིན་མོ་དཀར་མོ་ཆེན་མོའི་ཚོགས། །དཔལ་ལྡན་རྡོ་རྗེ་དམ་ཤིན་ཏི། །ནམ་མཁའི་ཁམས་ཀྱི་རྣམ་རྒྱལ་དཔལ། །ཡི་དམ་རྒྱལ་མོ་གཡུ་འཕྲོ་མ། །ལས་ལ་འཁྲིལ་ཅིང་ཆོས་ལ་བསྟན། །དབུ་རྣམས་འབྱིན་ཅིང་ འདུད་པའི་ཚུལ། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །པདྨ་ཏ་ཀྲིད་ཧ་ཡ་གྲི་བ། ཧུ་ལུ་ཧུ་ལུ། ཨེ་ཨཱ་ར་ལི་ཧྲིང་ཧྲིང་ཧྲིང་། ཨེ་ཀ་ཛ་ཊི་ས་མ་ཡ་ཧཱུྃ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སྔགས་ཀྱི་ཕྱག་རྒྱ་སྦྱོར་བ་ཡིས། །དབྱིངས་གསུམ་རྣམ་པར་ དག་པས་བསྒྲུབ། དེ་ནས་སྐྱོ་ནས་བསྡུ་བ་ནི། །ཧཱུྃ་ཧཱུྃ་ཞེས་ནི་རབ་བརྗོད་དེ། །ཕྱག་རྒྱ་ཆེན་པོ་སྐུ་གཉིས་ནི། །སང་ཧ་ར་ན་ཧཱུྃ་ཞེས་རབ་ཏུ་བརྗོད། །ཡབ་ཀྱང་ཡུམ་ལ་བསྡུ། །ཡུམ་ཡང་ཆོས་ཀྱི་དབྱིངས་སུ་བསྡུ། །བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་དང་། །ཁོ་ན་ ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྟ་མགྲིན་དབང་གི་དཀྱིལ་འཁོར་ནི། །ཆ་ནི་བཅུ་གཉིས་ཚད་དུ་བྱ། །དཀྱིལ་འཁོར་དབང་གི་རང་བཞིན་དམར་པོ་ནི། །དབུས་སུ་པདྨ་འདབ་བརྒྱད་བྲི་བར་བྱ། །པདྨོའི་སྙིང་པོ་ལ་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབུ་ གསུམ་ཕྱག་དྲུག་ལ་ཤར་གྱི་པདྨ་ལ་བཛྲ་ཧེ་རུ་ཀ །ལྷོར་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀར་མ་ཧེ་རུ་ཀ །མཚམས་བཞིར་ཡུམ་བཞི། དེའི་ཕྱི་རིམ་དུ་ཀོའུ་རིམ་བརྒྱད་དང་། །སིང་ཧ་མ་བརྒྱད་དང་བཅུ་དྲུག །སྒོ་བཞི་སྒོ་ཁྱུད་དང་བཅས་པའོ། །སྒོ་བཞི་རིམ་ བཞིན་དང་མཐུན། དེ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཁོ་ན་ཉིད་རབ་གསང་བའི་ཐུགས་ཀ་ནས་ཕྱུང་ངོ་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཟ་བྱེད་ཆེན་མོ་ཚོགས་ཀྱི་བདག །ཡོན་ཏན་ཕྲིན་ལས་རྫོགས་མཛད་པ། །རྡོ་རྗེ་ཤུགས་ཅན་དང་། རྡོ་རྗེ་འཇིགས་ སུ་རུང་བ་དང་། རྡོ་རྗེ་གྲགས་པ་དང་། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་སྒྱུ་འཕྲུལ་དང་། རྡོ་རྗེ་གསུས་པོ་ཆེ་དང་། རྡོ་རྗེ་གད་མོ་དང་། རྡོ་རྗེ་གད་རྒྱངས་ཅན་དང་། རྡོ་རྗེ་གྲགས་ཅན་དང་། རྡོ་རྗེ་ཧ་ཧ་གད་མོ་ཅན་དང་། རྡོ་རྗེ་ཧེ་ཧེ་གྲགས་ཆེན་དང་། རྡོ་རྗེ་བགེགས་གནོན་པའི་རྒྱལ་པོ་ དང་། རྡོ་རྗེ་གཤིན་རྗེ་གཤེད་པོ་ཅན་དང་། རྡོ་རྗེ་ལས་ཀྱི་བདག་པོ་དང་། རྡོ་རྗེ་མི་གཡོ་མགོན་པོ་དང་། རྡོ་རྗེ་བསྒྱིངས་པ་དང་། རྡོ་རྗེ་གླང་པོ་ཆེ་དང་། རྡོ་རྗེ་ཀོ་བ་རློན་པ་དང་། རྡོ་རྗེ་སེམས་དཔའ་ཆེན་པོ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་མིག་མི་ཟད་དང་། རྡོ་རྗེ་བདེ་ བ་དང་། རྡོ་རྗེ་སོའི་ཕྲེང་བ་ཅན་དང་། རྡོ་རྗེ་དུང་ཆེན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ཏིང་ངེ་འཛིན་དང་། རྡོ་རྗེ་གཡབ་མོ་དང་། རྡོ་རྗེ་དགའ་བ་དང་། རྡོ་རྗེ་འདེགས་པ་དང་། རྡོ་རྗེ་ཧཱུྃ་ཆེན་དང་། རྡོ་རྗེ་མདའ་དང་། རྡོ་རྗེ་གཞུ་བདུངས་དང་། རྡོ་རྗེ་རལ་གྲི་དང་། རྡོ་རྗེ་རྡོ་རྗེ་ དང་། རྡོ་རྗེ་གཡུལ་ཟློག་དང་། རྡོ་རྗེ་འབར་བ་དང་། རྡོ་རྗེ་ས་དང་། རྡོ་རྗེ་ཆུ་དང་། རྡོ་རྗེ་མེ་དང་། རྡོ་རྗེ་རླུང་དང་། རྡོ་རྗེ་ནམ་མཁའ་དང་། རྡོ་རྗེ་ཡང་དག་དང་། རྡོ་རྗེ་སྒྲ་འབར་དང་། རྡོ་རྗེ་འབེབས་པ་དང་། རྡོ་རྗེ་མིག་བརྒྱ་མ་དང་། རྡོ་རྗེ་བ་སྤུ་མ་དང་། རྡོ་རྗེ་སེན་ མོ་སྐྱེས་པ་དང་། རྡོ་རྗེ་ཟངས་ཀྱི་པགས་པ་ཅན་དང་། རྡོ་རྗེ་ལྕགས་ཀྱི་མཆེ་བ་ཅན་དང་། རྡོ་རྗེ་སྤུ་གྲི་སོ་ཅན་དང་། རྡོ་རྗེ་པགས་པ་མཁྲེགས་པ་དང་། རྡོ་རྗེ་ཕྲེང་བ་ཐོགས་པ་དང་། རྡོ་རྗེ་རྒྱན་པ་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་ཀཱི་ལ་ཡ་དང་། རྡོ་རྗེ་དཔལ་ ལྡན་པ་དང་། རྡོ་རྗེ་རྣམ་པར་དག་པའི་སྙིང་པོ་དང་། རྡོ་རྗེ་ཟ་བྱེད་དང་། རྡོ་རྗེ་འཇམ་པའི་དབྱངས་དང་། རྡོ་རྗེ་ཆེན་པོ་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་སྨྲ་བ་དང་། རྡོ་རྗེ་སྐྱེས་མཆོག་དང་། རྡོ་རྗེ་སེང་གེ་དང་། རྡོ་རྗེ་ཀུན་དུ་ལྟ་བ་དང་། རྡོ་རྗེ་མཆོག་ ཏུ་དགའ་བ་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་འོད་བཟངས་དང་། རྡོ་རྗེ་གྲགས་པ་དང་། རྡོ་རྗེ་སྣང་བ་པོ་དང་། རྡོ་རྗེ་སྐུ་དང་། རྡོ་རྗེ་གསུང་དང་། རྡོ་རྗེ་ཐུགས་དང་། རྡོ་རྗེ་འོད་གསལ་བ་དང་། རྡོ་རྗེ་སྤྲིན་རྣམ་པར་འཐོར་བ་དང་། རྡོ་རྗེ་ཆར་པ་སྟོན་དང་། རྡོ་རྗེ་རྣལ་འབྱོར་ཆེན་པོ་དང་། རྡོ་རྗེ་རིན་ཆེན་ཀུན་བདག་དང་། རྡོ་རྗེ་འཆང་བ་པོ་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་སྣང་བ་དང་། རྡོ་རྗེ་ཟླ་བ་དང་། རྡོ་རྗེ་དྲི་མ་མེད་པ་དང་། རྡོ་རྗེ་ཆགས་པ་བྲལ་བ་དང་། རྡོ་རྗེ་སྐྱིལ་ཀྲུང་དང་། རྡོ་རྗེ་འོད་པོ་ཆེ་དང་། རྡོ་རྗེ་པདྨ་སྐྱེས་པ་དང་། རྡོ་རྗེ་ཐམས་ཅད་ཀུན་མཁྱེན་དང་། རྡོ་རྗེ་ མཛོད་འཛིན་པ་དང་། རྡོ་རྗེ་ཕ་རོལ་ཕྱིན་པ་དང་། རྡོ་རྗེ་རབ་ཏུ་ལྡན་པ་དང་། རྡོ་རྗེ་རྣམ་པར་དག་པ་དང་། རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་གཤོག་པ་ཅན་གྱི་ཚོགས་དང་། རྡོ་རྗེ་ནུ་མ་ཅན་གྱི་ཚོགས་དང་། རྡོ་རྗེ་སྡེར་མོ་ཅན་གྱི་ཚོགས་དང་། རྡོ་ རྗེ་མཆེ་བ་ཅན་གྱི་ཚོགས་དང་། རྡོ་རྗེ་བཞད་པ་དང་། རྡོ་རྗེ་ཏིང་ངེ་འཛིན་དང་། རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང་། རྡོ་རྗེ་སྤྲུལ་པའི་སྐུ་དང་། རྡོ་རྗེ་རྒྱུད་འཆང་བ་པོ་དང་། རྡོ་རྗེ་ཕྱོགས་བཅུར་སྤྲུལ་པ་དགྱེས་པ་པོ་དང་། རྡོ་རྗེ་དོན་བྱེད་པ་པོ་དང་། རྡོ་རྗེ་ལྷའི་དབང་པོ་དང་། རྡོ་རྗེ་ལྷ་མིན་ བདག་པོ་དང་། རྡོ་རྗེ་འཆི་མེད་ལྷའི་དབང་པོ་དང་། རྡོ་རྗེ་འཇོམས་པར་བྱེད་པ་དང་། རྡོ་རྗེ་ཆོས་ཀྱི་སྦྱིན་བདག་དང་། རྡོ་རྗེ་བྱམས་པ་དང་། རྡོ་རྗེ་ཤེས་རབ་རྣོན་པོ་དང་། རྡོ་རྗེ་ཐོག་ཐོག་ལྕགས་ཀྱི་གསོར་ཆེན་འབེབས་པ་དང་། རྡོ་རྗེ་ཏེག་ཏེག་སྟོང་གསུམ་འགྱེད་པ་དང་། རྡོ་རྗེ་ཐིབ་ཐིབ་མྱོས་པར་བྱེད་པ་དང་། རྡོ་རྗེ་འུར་འུར་འབྲུག་སྒྲ་སྒྲོགས་པ་དང་། རྡོ་རྗེ་ཆེམ་ཆེམ་གནན་ལྕགས་འབེབས་པ་དང་། རྡོ་རྗེ་ཡུད་ཙམ་གློག་འབྱིན་པ་དང་། རྡོ་རྗེ་ཤིག་ཤིག་ཁམས་གསུམ་བསྒུལ་བ་དང་། རྡོ་རྗེ་ཡེ་ཤེས་འབོག་བྱེད་དང་། རྡོ་རྗེ་མི་སྲུང་ སྨྱང་བར་བྱེད་པ་དང་། རྡོ་རྗེ་ཁ་ཊྭཱཾ་རྒྱལ་བར་བྱེད་པ་དང་། རྡོ་རྗེ་དབང་ཕྱུག་སྡིགས་ཤིང་སྡང་བར་བྱེད་པ་དང་། རྡོ་རྗེ་སྦྲུལ་གྱི་ཞགས་པ་དང་། རྡོ་རྗེ་གནོད་སྦྱིན་སྲོག་གཅོད་པ་དང་། རྡོ་རྗེ་ཁྲག་འཐུང་སྙིང་ཁྲག་འཐུང་བ་དང་། རྡོ་རྗེ་དཔལ་སྙིང་སྲེག་པ་དང་། རྡོ་རྗེ་མདུང་ཐུང་ འབུགས་པར་བྱེད་པ་དང་། རྡོ་རྗེ་ཁྲག་ཟ་བར་བྱེད་པ་དང་། རྡོ་རྗེ་ཚིལ་ཟ་བར་བྱེད་པ་དང་། རྡོ་རྗེ་རྐང་ཟ་བར་བྱེད་པ་དང་། རྡོ་རྗེ་ཤ་ཟ་བར་བྱེད་པ་དང་། ཡེ་ཤེས་ལས་སྤྲུལ་པའི་ཁྲོ་བོ་འདི་རྣམས་ཀྱང་འཐུང་བར་བྱེད། ཞལ་དུ་འདྲེན་པར་བྱེད། མཁའ་ལ་རློམ་པར་ བྱེད། ཞལ་དུ་རྔུབ་ཅིང་ཟ་བར་བྱེད། དབང་དུ་སྡུད་ཅིང་ཚར་གཅོད་པར་བྱེད། ཐོ་བས་རྡེག་པར་བྱེད། ཕུར་བུས་འདེབས་པར་བྱེད། རལ་གྲིས་གཅོད་པར་བྱེད། བེ་ཅོན་གྱིས་རྡུང་བར་བྱེད། འཁོར་ལོས་ལུས་གཏུབ་པར་བྱེད། དགྲ་སྟས་གཤེག་པར་བྱེད། རྡོ་རྗེས་མགོ་ མཇུག་མེད་པར་རྡེག་པར་བྱེད། རྡོ་རྗེ་རྒྱ་གྲམ་གྱིས་ཕྱེད་ཚལ་དུ་བྱེད། རྡོ་རྗེ་མདས་གཏིང་འབུགས་པར་བྱེད། མཚོན་སྤུ་གྲི་མ་ལས་གཤེག་ཅིང་དྲལ་བར་བྱེད་ཅིང་ལྕགས་ཀྱུས་འགུགས་པར་བྱེད། ཞགས་པས་འཆིང་བར་བྱེད། ལྕགས་སྒྲོག་གིས་སྡོམ་ པར་བྱེད། རྡོ་རྗེ་རྒྱ་གྲམ་ཕྱེད་ཀྱིས་དབང་དུ་བསྡུས་ནས་ལས་ཐམས་ཅད་གྲུབ་པར་བྱེད་དོ། །རྡོ་རྗེ་མཚོན་ཆའི་སྔགས་སོ། །ཨོྃ་བི་ཤྭ་བཛྲ་ཀྲོ་ངྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུྃ། བཛྲ་ཛ་མན་ཏྲ་སུཾ་བྷ་ནི། ཨོྃ་བྲུྃ་ཧཱུྃ་བྲུྃ་ཏྲུྃ་བྲུྃ་ཧི་བྲུྃ་ཧ་བྲུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ ཕཊ་ཕཊ་ཕཊ་ཕཊ། གྲངས་ངེས་པ་འདིར་བསྟན་ཏོ། །ལན་གྲངས་ཉི་ཤུ་རྩ་བརྒྱད་བཟླས་ཏེ། དེ་སྐད་ཅེས་རྡོ་རྗེ་མཚོན་ཆའི་ཆར་འདེབས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚེ་བསྒྲུབ་པ་འདི་ཕྱུང་ངོ་། ། དཀྱིལ་འཁོར་འདི་དག་ཐམས་ཅད་ནི། །ཆག་ནི་དགུ་ཡི་ཚད་དུ་བྱ། །ཐིག་གིས་ཡོངས་སུ་འཁོར་བར་གདབ། །དབུས་སུ་འཁོར་ལོ་རྩིབས་བཞི་བྲི། །འཁོར་ལོ་དག་གི་ལྟེ་བ་ལ། །བཅོམ་ལྡན་ཀུན་དུ་བཟང་པོ་བྲི། །ཤར་དུ་རྡོ་རྗེ་སེམས་དཔའ་བྲི། །ལྷོ་ རུ་རིན་ཆེན་འབྱུང་ལྡན་བྲི། །ནུབ་ཏུ་སྣང་བ་མཐའ་ཡས་བྲི། །བྱང་དུ་དོན་ཡོད་གྲུབ་པ་བྲི། །ཕྱི་རིམ་རྡོ་རྗེ་ར་བས་བསྐོར། །གྲྭ་བཞིར་དགོད་པར་བྱ་བ་ནི། །ཤར་དུ་རྡོ་རྗེ་དབྱིངས་ཕྱུག་བྲི། །ལྷོ་རུ་རིན་ཆེན་དབྱིངས་ཕྱུག་བྲི། །ནུབ་ཏུ་པདྨ་དབྱིངས་ཕྱུག་བྲི། །བྱང་ དུ་ལས་ཀྱི་དབྱིངས་ཕྱུག་བྲི། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྒོ་བཞི་སྒོ་ཁྱུད་བཅས་པར་དགོད། །སྒོ་བཞི་ནི་དཀྱིལ་འཁོར་གཞན་དང་མཐུན། དེ་རྣམས་ཀྱང་ཕྱག་མཚན་ཚེའི་བུམ་པ་རེ་རེ་འཛིན་ཅིང་བསྣམས་པ། གདན་པདྨ་ལ་བཞུགས་པ་ཤ་དག་གོ། །དེ་ནས་ཚེ་ དབུབ་པར་བྱ་བ་དང་། ཚེ་གཤིན་རྗེ་ནག་པོའི་ལག་ནས་དབྲོག་པ་དང་། །ཚེ་གང་གཡབ་པ་དང་། ཚེ་བཅིང་ཞིང་བསྡམས་པ་དང་། ཚེ་དབང་དུ་བསྡུ་བ་དང་། ཚེ་ཡོངས་སུ་སྤེལ་བ་དང་། ཚེ་རྒྱས་པར་བྱ་བ་དང་། ཚེ་རིང་ཞིང་བདུད་ཀྱིས་བར་མི་ཆོད་པར་བྱ་བ་དང་། ཚེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བ། ཚེ་སྐྱེ་ཤི་མེད་པའི་འབྲས་བུ་ཆོས་ལྷུན་གྱིས་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོས་ལྷ་མོ་ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་སྤྲོས་ནས། །ཨོྃ་བྲུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཞེས་བཀའ་སྩལ་པ་དང་། བདུད་གཤིན་རྗེ་ནག་པོའི་སྙིང་དྲལ་ཏེ། ཤོག་ཤོག་སྐྱ་བོ་རླུང་གིས་བཏབ་པ་བཞིན། དུན་དུན་ཁྱར་ཁྱར་འོང་བ་དེ་ལ་གཤིན་རྗེའི་ཅོ་ཏོ་ནས་བཟུང་ནས་འདྲད་ཀྱིས་བསྒྱེལ་ཏེ། རྡོ་རྗེ་སྙིང་གར་བཞག་ནས། ལག་པ་ནས་ཧུར་གྱིས་ཕྲོགས་ནས། ཚེའི་གཡབ་དར་ དང་། ཕྱག་རྒྱས་གཡབ་པ་དང་། རི་རབ་རྩེ་ལ་སྦས་པ། རྒྱ་མཚོའི་གཏིང་དུ་སྦས་པ། བར་སྣང་གི་ཁམས་ལ་སྦས་པ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ་ནས་བཀུག་ཅིང་ཚེ་བླངས་ཏེ་ཞགས་པའི་ཚོགས་ཀྱིས་བཅིངས། ལྕགས་སྒྲོག་གི་ ཚོགས་ཀྱིས་བསྡམས་ནས་དབང་དུ་བསྡུས་ཏེ། རྒྱ་ཆེར་ཡོངས་སུ་སྤེལ་བར་བྱའོ། །ཨོྃ་བྲུྃ་བཛྲ་ཨཱ་ཡུ་ཤེ་བཛྲ་ཧཱུྃ་ཨ་ཞེས་བརྗོད་པས། བདེ་བར་གཤེགས་པ་ལྔའི་ཕྱག་རྒྱས་བསྟན་ནས་རྒྱས་པར་བྱའོ། །ཨོཾ་བཛྲ་དྷ་ར། རད་ན་དྷ་ར། པདྨ་དྷ་ར། ཀརྨ་དྷ་ར། ཏ་ཐཱ་ག་ཏཱ། ས་མ་ཡ་ཏི། ཡ་མ་ཡ་ཏི་ཀྲ་ས་མ་ཡ་ཡ་དྷ་ར་ཀོ྅ཧྃ་ཞེས་བརྗོད་པས་བདུད་གཤིན་རྗེ་ནག་པོའི་ལག་ནས་ཚེ་ཕྲོགས་ཏེ། གཤིན་རྗེ་ཡང་བརྒྱལ་ཞིང་སྔངས་ནས་བསྒྲལ་ཞིང་རྡོ་རྗེ་ཁྲག་འཐུང་ཆེན་པོས་སྙིང་ཁྲག་འཐུངས་ཏེ། ཚེའི་བར་ཆོད་བྱས་ཏེ། ཨོྃ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ་ཎྱེ། ཨ་བ་ར་མི་ཏ་ཨཱ་ཡུ་པུ་ཎྱ། ཛྙཱ་ན་སམྦྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་བཟླས་པས། སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་དངོས་གྲུབ་ཐོབ་པ་དང་། ཚེ་སྲོག་གི་སྙིང་པོ། ཨོྃ་བྲུྃ་བཛྲ་ཨཱ་ཡུ་ཤེ་བཛྲ་ཧཱུྃ་ཨ་ཞེས་བཟླས་པས། ཚེ་སྐྱེ་ཤི་མེད་པའི་གཡུང་ དྲུང་གི་སྐུ་ཚེ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཚེའི་ལས་འདི་གསུངས་སོ། །དབང་ཕྱུག་གཙོ་དང་རིགས་ཀྱི་ཡུམ། །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །བདེ་བ་ཆེན་པོས་ཡོངས་བརྒྱན་ཏེ། །དཀྱིལ་འཁོར་རྫོགས་པར་ཕུན་སུམ་ ལྡན། །རྡོ་རྗེ་སེམས་གཙོ་མཉེས་མཛད་པ། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ཨྃ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་ཏྲི་ཤ་ཧོ། ས་མ་ཡ་སྟྃ། ཛཿཧཱུྃ་བྃ་ཧོཿ། བརྟན་པར་བཞུགས་པ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། ། དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོྃ་བཛྲ་ས་མ་ཡ་ཨོྃ། ཨྃ་བཛྲ་ས་མ་ཡ་ཨྃ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧྃ་བཛྲ་ས་མ་ཡ་ཧྃ། ལས་ལ་བཞུགས་པ། ཨོྃ་ཤར་གྱི་ཕྱོགས་ན་བཞུགས་པ་ནི། །རྡོ་རྗེ་ལྷ་ མོ་དཀར་མོ་ལྕགས་ཀྱུ་ཛ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །དཀར་མོ་ཞི་བྱེད་མགྱོགས་མ་འོད་འཕྲོ་ཅན། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད། །བྲུྃ་བཛྲ་ཨཱ་ཡུ་བཛྲ་ཨྃ་གུ་ཤ་ཛཿཛཿཛཿ། ལྷོ་ ཡི་ཕྱོགས་ནས་འགུགས་པ་ནི། །སེར་མོ་ཡིད་བཞིན་གློག་ཕྲེང་འཛིན། །ཕྱག་ན་རིན་ཆེན་སྦྲུལ་གྱི་ཞགས་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད། །ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། ། དམར་མོ་བཀྲ་གསལ་དབང་སྡུད་མ། །ཕྱག་ན་ཆུ་སྲིན་རྒྱལ་མཚན་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད། །བྱང་གི་ཕྱོགས་ནས་འགུགས་པ་ནི། །ནག་མོ་མིག་གཅིག་རལ་པ་ཅན། །དུང་ གི་ཚེམས་ལ་ལྕགས་ཀྱི་སྤུ། །ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད། །དེ་ནས་བཅོམ་ལྡན་འདས་ཀྱིས་དབྱིངས་ཕྱུག་མ་རྣམས་བསྐུལ་བ། །དབྱིངས་ཕྱུག་མཁའ་ལྡན་པདྨའི་དབྱིངས། །ཕྱག་རྒྱ་ བདེ་མཆོག་དབྱིངས་ཀྱི་ཡུམ། །ཡེ་ཤེས་སྤྲུལ་པའི་ཕྱག་རྒྱ་མ། །དབྱིངས་སུ་མཁའ་ལ་ཚེ་དང་གཟི་བརྗིད་དྲོངས། །བཛྲ་ཨཾ་གུ་ཤ་ཧཱུྃ་ཛཿ། སྟོང་གསུམ་དབྱིངས་ལ་ཚེ་ཡི་མངའ་བརྙེས་པ། །ཁམས་གསུམ་མ་ལུས་དབང་སྡུད་མ། །ཞིང་ལ་རྔམ་ཞིང་བརྐམ་སྟོབས་ཅན། །སྟོང་ གསུམ་དབྱིངས་ནས་ཚེ་དང་གཟི་བརྗིད་དྲོངས། །དབྱིངས་མ་དཀར་དང་རྐུན་མོ་གཉིས་མེད་ཚོགས། །བདེ་ཆེན་རྨོངས་བྱེད་ཐལ་བྱེད་མ། །གཏུམ་མོ་དབྱིངས་སུ་སྒྲོལ་མཛད་སྙིང་འབྱིན་མ། །དཔལ་ཆེན་རྒྱལ་མོ་དགྱེས་པའི་འཁོར། །དུང་ཕྲེང་ཆེན་མོ་འཁོར་དང་བཅས། ། ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །དབྱིངས་སུ་མཁའ་ལ་ཚེ་དང་གཟི་བརྗིད་དྲོངས། །ལོག་པར་ལྟ་བྱེད་བདུད་དཔུང་འདུལ་མཛད་མ། །འདོད་ཁམས་མ་དང་གཉིས་མེད་རོལ་པའི་སྲས། །དབང་ཕྱུག་ཕྲ་མེན་འབར་བའི་ཚོགས། །ཚེ་ལ་གནོད་ཅིང་འགལ་བྱེད་ ཀུན་བསྒྲལ་ནས། །གཤིན་རྗེ་ལག་ནས་ཚེ་དང་གཟི་བརྗིད་དྲོངས། །ཤར་གྱི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་ལྕགས་ཀྱུ་མ། །ཕྱག་ན་ཤེལ་གྱི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་སྒྲོལ་བར་བྱེད། །ལྷོ་ཡི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་ མོ་ཞགས་པ་མ། །ཕྱག་ན་མཐིང་ཤིང་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་འཆིང་བར་བྱེད། །ནུབ་ཀྱི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་ལྕགས་སྒྲོག་མ། །ཕྱག་ན་ཟངས་ཀྱི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་སྡོམ་པར་བྱེད། ། བྱང་གི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་དྲིལ་བུ་མ། །ཕྱག་ན་གཡུ་ཡི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་དབང་དུ་སྡུད། །སྟེང་གི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་དབྱིངས་ཕྱུག་མ། །ཕྱག་ན་དངུལ་གྱི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་ འགལ་བྱེད་དབང་དུ་སྡུད། །འོག་གི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་བསྟན་ལྡན་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཚེ་ལ་གནོད་བྱེད་ལུས་དབང་དུ་སྡུད། །ཨོྃ་བྲུྃ་བཛྲ་ཨཱ་ཡུ་ཡུད་ཏེ་རད་ན་ཡུ་ཏི། དྷརྨ་ཡུ་ཏི། ཀརྨ་ཡུ་ཏི། བྲུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨ། དེ་ནས་དངོས་གྲུབ་བླང་བ་ནི། །དཔལ་ལྡན་སངས་རྒྱས་ཀུན་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པའི། །བྱིན་གྱིས་བརླབ་པའི་གནས་མཛོད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅་ཧྃ། དཔལ་ལྡན་རྡོ་རྗེ་གསུང་ འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དེང་བདག་སངས་རྒྱས་ཀུན་འཆང་བ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཨོྃ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དེང་བདག་སངས་རྒྱས་ ཐུགས་འཛིན་པའི། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། དམ་ཚིག་ཉམས་པ་ཐམས་ཅད་སྐོངས་པར་གྱུར་ཅིག །ལྟ་བ་ཡོན་པོ་ཐམས་ཅད་སྲོངས་པར་གྱུར་ཅིག །ཆོ་ག་ཉམས་པ་ཐམས་ཅད་རྫོགས་པར་ གྱུར་ཅིག །ཚེ་སྐུ་གསུང་ཐུགས་ཀྱི་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་སྤྲུལ་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་དུ་བཞུགས་སོ། །དཀྱིལ་འཁོར་ འདོམ་གང་གྲུ་བཞི་ལ། །མ་ཧཱ་རཀྟའི་མགོ་ལ་ཡན་གྱིས་བྱུགས་ལ། དབུས་སུ་བཛྲ་ཧེ་རུ་ཀ །ཡུམ་ཀྲོ་དྷི་ཤྭ་རི། འཁོར་ལོ་རྩིབས་བཞི་ལ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོར་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །སྐུ་མདོག་ཕྱག་མཚན་རྒྱུད་ གཞན་དང་མཐུན། དེའི་ཕྱི་རིམ་སྣམ་བུ་ལ། ཕྲ་མེན་མ་བཅུ་དྲུག །དེའི་ཕྱི་རིམ་སྒོ་བཞི་ལ་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དྲི་ཆེན་གྱིས་མཎྜལ་བྱུགས་ལ་དབུས་སུ་ཡཀྴ་ཧེ་རུ་ཀ །དབུ་དགུ་ཕྱག་བཅྭ་བརྒྱད། ཞབས་བརྒྱད་གཤོག་པ་རྡོ་རྗེས་ གཏམས་པ། དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་པ་ལ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོར་ཡཀྵ་ཧེ་རུ་ཀ །ནུབ་ཏུ་བྱི་ཤ་ཧེ་རུ་ཀ །བྱང་དུ་ས་མ་ཡ་ཧེ་རུ་ཀ །མཚམས་བཞིར་ཁྲོ་མོ་དབང་ཕྱུག་མ་ཡུམ་བཞི་བཞུགས། གདན་ཞིང་བསྣོལ་མའི་ཁྲི་ལ་བཞུགས་སོ། །དེའི་ཕྱི་རིམ་ སྣམ་བུ་ལ་ཕྲ་མེན་དང་ཁྲོ་བོ་ཕ་བཅུ་མ་བཅུ་དགོད་ཅིང་བཞུགས་སོ། །སྒོ་བཞིར་ལྕགས་ཀྱུ་མ་ལ་སོགས་པ་བཞི་དགོད་དོ། །ཁྲོ་བོ་ཆེན་པོ་ནཱི་ལ་དཎྜ་དབུས་སུ་བྲི། །དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་ལ་སྤྲུལ་པའི་ཁྲོ་བོ་ཤུགས་ཅན་དང་། འཇིགས་སུ་རུང་བ་དང་། རྡོ་རྗེ་ གྲགས་པ་དང་། རྡོ་རྗེ་སྒྱུ་འཕྲུལ་དང་། རྡོ་རྗེ་གསུས་པོ་ཆེ་དང་། རྡོ་རྗེ་གད་མོ་དང་། གད་རྒྱངས་ཅན་དང་། འདི་རྣམས་གོ་རིམས་བཞིན་བྲི། སྒོ་བཞི་གཞན་དང་མཐུན། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། རྣམ་པར་རྒྱལ་བ་དབུས་སུ་བྲི། པདྨ་འདབ་མ་བཞི་ལ། ཤར་ དུ་རྡོ་རྗེ་གྲགས་ཆེན། ལྷོར་ཁྲོ་བོ་གད་མོ་ཅན། ནུབ་ཏུ་ཁྲོ་བོ་ཧེ་ཧེ། གྲགས་ཆེན་དང་། བྱང་དུ་རྡོ་རྗེ་བགེགས་གནོན་པའི་རྒྱལ་པོ་བྲི། དེའི་ཕྱི་རིམ་སྒོ་རྣམས་བྲི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་གཤིན་རྗེ་གཤེད་པོ་བྲི། ཕྱི་རིམ་པདྨ་འདབ་ བརྒྱད་ལ། ཕྲ་མེན་མ་སིང་ཧ་ལ་སོགས་པ་བརྒྱད་བྲི། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁྲོ་བོ་མི་གཡོ་མགོན་པོ་དབུས་སུ་བྲི། དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ་ཁྲོ་བོ་འགྱིང་བ་དང་། ཁྲོ་བོ་གླང་པོ་ཆེ་དང་། ཁྲོ་བོ་ཀོ་བ་རློན་པ་ ཅན་དང་། ཁྲོ་བོ་མིག་མི་བཟང་བ་བཞི་རིམ་པ་བཞིན་དུ་བྲིའོ། །ཕྱིའི་སྒོ་སྣམ་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཧ་ཡ་གྲཱི་བ་བྲི། པདྨ་འདབ་མ་བརྒྱད་པ་ལ། ཀེའུ་རི་མ་བརྒྱད་བྲི། ཕྱི་རིམ་སྒོ་སྣམ་དགོད། དཀྱིལ་འཁོར་འདོམ་གང་ གྲུ་བཞི་ལ། ཊ་ཀི་ར་ཛ་དབུས་སུ་དགོད། ཕྱི་རིམ་མཎྜལ་བརྒྱད་པ་ལ་ཁྲོ་བོ་བདེ་བ་དང་། སོའི་ཕྲེང་བ་དང་། དུང་ཆེན་དང་། ཁུ་ཚུར་དང་། གཡབ་མོ་དང་། དགའ་བ་དང་། འདེགས་པ་དང་། ཧཱུྃ་ཆེན་དང་ནི་འདི་རྣམས་བྲི། སྒོ་སྣམ་དགོད། དཀྱིལ་འཁོར་འདོམ་ གང་གྲུ་བཞི་ལ། དབུས་སུ་བདུད་རྩི་འཁྱིལ་པ། འཁོར་ལོ་རྩིབས་བཞི་ལ། ཤར་དུ་རྡོ་རྗེ་སྤུ་ཅན་དང་། ཟངས་ཀྱི་གཤོག་པ་ཅན་དང་། ལྕགས་ཀྱི་མཆེ་བ་ཅན་དང་། སྤུ་གྲི་སོ་ཅན་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁམས་གསུམ་རྣམ་ པར་རྒྱལ་བ་དབུས་སུ་དགོད། དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ་སྟག་གི་མགོ་ཅན་དང་། གཡག་གི་མགོ་ཅན་དང་། ཤ་བའི་མགོ་ཅན་དང་། བྱི་ལའི་མགོ་ཅན་རྣམས་སོ། །སྒོ་བཞི་རིམ་བཞིན་དུ་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁྲོ་བོ་ ཧཱུྃ་ཀ་ར་དབུས་སུ་དགོད་དོ། །འཁོར་ལོ་རྩིབས་བཞི་ལ་སྤྱང་ཀིའི་མགོ་ཅན་དང་། ཝའི་མགོ་ཅན་དང་། དོམ་གྱི་མགོ་ཅན་དང་། དྲེད་མགོ་ཅན་རྣམས་དགོད་དོ། །སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་སྟོབས་པོ་ཆེ་དབུས་སུ་དགོད། འཁོར་ ལོ་རྩིབས་བཞི་ལ། ཤར་དུ་རྡོ་རྗེ་གདེངས་མོ། ལྷོར་ནི་རྡོ་རྗེ་སྡེར་མོ། ནུབ་ཏུ་དུར་ཁྲོད་བདག་མོ། བྱང་དུ་རྡོ་རྗེ་གཏུན་ཁུང་རྣམས་རིམ་བཞིན་དུ་དགོད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཁྲོ་བོ་དེ་རྣམས་ཀྱི་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་སོ། །དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི། །དབུ་དགུ་ཕྱག་ནི་བཅྭ་བརྒྱད་དེ། །གཤོག་པ་རྡོ་རྗེ་གཏམས་པ་གདེངས། །ཞབས་ཀྱང་རྣམ་པ་བརྒྱད་དུ་བསྟན། །དེ་ཡི་འཁོར་གྱི་ཁྲོ་མོ་ནི། །ཕྱག་ཀྱང་སྲིན་མོ་ལྟར་མཐུན་ཏེ། །ཞབས་ཀྱང་དེ་དང་ འདྲ་བར་བསྟན། །ཤར་གྱི་ཕྱོགས་ན་བཞུགས་པ་ནི། །ཁྲོ་བོ་རྣམ་པར་རྒྱལ་བ་སྟེ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །དྲི་ཟ་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་ སྐྱོང་བ་འདུལ་ཚུལ་ལོ། །ཤར་ལྷོ་མཚམས་ན་བཞུགས་པ་ནི། །ཁྲོ་བོ་དབྱུག་པ་སྔོན་པོ་ཅན། །སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །མེ་ལྷ་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་ སྐྱོང་བ་འདུལ་ཚུལ་ལོ། །ལྷོ་ཡི་ཕྱོགས་ན་བཞུགས་པ་ནི། །ཡ་མཱན་ཏ་ཀ་གཤིན་རྗེ་གཤེད། །སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །མ་ཧེ་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ ཚུལ་ལོ། །ལྷོ་ནུབ་མཚམས་ན་བཞུགས་པ་ནི། །ཁྲོ་བོ་མི་གཡོ་མགོན་པོ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །བདེན་བྲལ་བསྣོལ་མའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ ལོ། །ནུབ་ཀྱི་ཕྱོགས་ན་བཞུགས་པ་ནི། །ཧ་ཡ་གྲཱི་པ་རྟ་མཆོག་དབང་། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །ཀླུ་བདག་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །ནུབ་ བྱང་མཚམས་ན་བཞུགས་པ་ནི། །ཁྲོ་བོ་ཊ་ཀི་ར་ཛ་སྟེ། །སྐུ་མདོག་དུད་ཀ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །རླུང་ལྷ་བསྣོལ་མའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །བྱང་གི་ཕྱོགས་ན་ བཞུགས་པ་ནི། །ཁྲོ་བོ་བདུད་རྩི་འཁྱིལ་པ་སྟེ། །སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །གནོད་སྦྱིན་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །བྱང་ཤར་མཚམས་ ན་བཞུགས་པ་ནི། །ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །སྐུ་མདོག་ལྗང་སྐྱ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །པི་ནཱ་ཡ་ཀའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །སྟེང་གི་ཕྱོགས་ ན་བཞུགས་པ་ནི། །ཁྲོ་བོ་ཧཱུྃ་མཛད་ཧཱུྃ་ཀ་ར། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །ཉི་ཟླ་གཟའ་སྐར་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །འོག་གི་ཕྱོགས་ན་བཞུགས་པ་ནི། ། མ་ཧཱ་བ་ལ་སྟོབས་པོ་ཆེ། །སྐུ་མདོག་གནག་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །ས་བདག་བསྣོལ་མའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཡ་མཱན་ཏ་ ཀའི་ཏིང་ངེ་འཛིན་དུ་བཞུགས་ནས་འདི་སྐད་ཅེས་བསྐུལ་ལོ། །བདུད་རུ་ཏྲ་ནག་པོ་འདུལ་བར་མཛད་དོ། །ཧཱུྃ་གཏུམ་ཆེན་རབ་འཇིགས་འཇིག་རྟེན་འཇོམས་མཛད་ལ། །ཉི་མ་འབུམ་པས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་ཆ་མང་པོ་བསྐལ་པའི་མེ་བཞིན་འབར། །རབ་ འབར་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་པགས་རློན་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཚུལ་གྱིས་རབ་འཇིགས་གཤིན་རྗེ་གནོན། །ཞིང་ཆེན་ཁྲག་འཛག་ཐོད་རློན་སྐུ་ལ་བརྒྱན། །མི་ཟད་རྒྱལ་པོ་ གདོང་དྲུག་ཧཱུྃ་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྔགས་མཛད་ཞབས་དྲུག་པོ། །ཤ་ཟའི་མགོ་གཅོད་དབུ་ཡི་རྒྱན་དུ་ཐོགས། །སྤྱན་བཟློག་ཙམ་གྱིས་ཐོག་འབེབས་མེ་ལྟར་འཕྲོ། །ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་ཐོག་འབེབས་ཤིང་། །མ་མོ་རྣམས་ ཀྱང་སྒྲེན་མོར་འདར་ཞིང་འབྲོས། །སྟོང་གསུམ་མིད་པར་མཛད་པའི་ཞལ་གདངས་ལ། །ཚངས་པའི་འཁོར་བཅས་ཁྲག་གི་ཐིགས་འཛག་ཅིང་། །ནད་སྟོང་སྲིན་མོའི་ཚོགས་རྣམས་འབར་ཞིང་འབྲོས། །རྐན་སྒྲ་གཏོགས་པ་ལྷ་ཆེན་ཁྱབ་འཇུག་ཀྱང་། ། འབུམ་འགྱེལ་བཅས་པར་ཁྲག་སྐྱུགས་ཉིད་ལ་འདུད། །ཕྱག་ན་མི་ཐོད་རློན་པ་བསྣམས་པ་ནི། །དངོས་གྲུབ་ཕྱག་གིས་གླད་ཁྲག་ཞལ་དུ་སྟོབས། །ཚངས་པའི་མགོ་བཅད་དབུ་ཡི་རྒྱན་དུ་བྱས། །ཞིང་ཆེན་མགོ་ནས་ཆེམ་ཆེམ་ཟ་བར་བྱེད། །རྒྱུ་ ཕྲེང་ཁྲག་དང་བཅས་པར་ཐོགས་ནས་ནི། །ཁྱོད་མཐོང་ཙམ་གྱིས་རབ་འཇིགས་ཉིད་ལ་འདུད། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། །སྤྲུལ་པའི་ཁྱེའུ་བཟང་དབུ་གསུམ་ཕྱག་དྲུག་པ་བརྒྱ་རྩ་བརྒྱད་བྱུང་ནས་བཅོམ་ལྡན་འདས་ལ་འཛུམ་ པའི་མདངས་ཀྱིས་མེ་ཏོག་གཏོར་བཀའ་ནོད་པའི་ཚུལ་དུ་གོང་དེ་བཞུགས་པ་དེ་ལ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགུང་ལ་ཐོག་ཐོག་མི་བཟད་པ། །ཁྱིའུ་ཆུང་སྔོན་མོ་མཁའ་ལ་ལྡིང་། །ཡ་མཱན་ཏ་ཀ་ཁྲོ་བོ་སྟེ། །སྐུ་ཡང་ཆེ་ལ་བམ་ལྡིར་ བཟང་། །སྐུ་མདོག་སྟང་ཟིལ་བཅག་པ་འདྲ། །ཕྱག་གཉིས་དང་པོ་ཁ་ཊྭཱཾ་ག །བར་ན་རྡོ་རྗེ་དྲིལ་བུ་བསྣམས། །ཐ་མ་མདའ་དང་གཞུ་བསྣམས་ཏེ། །འཁོར་ནི་ཕྲ་མེན་བརྒྱད་ཀྱིས་བསྐོར། །ང་ཉིད་ཡིན་ཏེ་སྐལ་བ་བཟང་། །སྐལ་བཟང་ང་ཡི་དམ་ཚིག་གིས། །དོག་ལ་ཆེམ་ཆེམ་མི་ བཟད་པ། །བསྒྲགས་པ་རལ་པ་གཅིག་མ་ཡིན། །དམ་ཚིག་དུས་ལས་མ་འདའ་ཞིག་ཅེས་སྒོའོ། །ཅི་བཀའ་སྩལ་པ་བཞིན་དུ། ལས་ཐམས་ཅད་ཀྱང་གྲུབ་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་མ་དང་ཕྲ་མེན་མའི་ཏིང་ངེ་འཛིན་དུ་ ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལས་བཅོལ་བར་མཛད་དོ། །ཀྲོ་དྷི་ཤྭ་རི་དཔལ་འབར་མ། །ཁམས་གསུམ་སྲིད་ལ་མངའ་མཛད་མ། །ལས་སུ་གསོད་ལ་དགའ་བ་མོ། །ཤན་པ་སྤུ་གྲི་རྣོན་པོ་སོ། །རོ་ལ་རྔམ་པའི་ཁ་ཊྭཱཾ་ག །འབྱུང་པོ་ཙིཏྟ་མཆོག་ལ་ རོལ། །མཐིང་ག་མཆོག་སྟོན་དཔལ་གྱི་ཡུམ། །རྡོ་རྗེ་ཐུགས་ཀྱི་དབང་ཕྱུག་མ། །ཀིའུ་རི་མ་ཡི་མཆོད་པས་རོལ། །གསེར་གྱི་འོད་འཕྲོ་མདའ་གཞུ་འགེངས། །རིན་ཆེན་སྐུ་ཡི་དབང་ཕྱུག་མ། །ཙིའུ་རི་མ་ཡི་མཆོད་པས་རོལ། །པྲ་མོ་ཆུ་སྲིན་རྒྱལ་མཚན་འཛིན། ། པདྨའི་གསུང་གི་དབང་ཕྱུག་མ། །པྲ་མོ་ཧ་ཡི་མཆོད་པས་རོལ། །ནག་མོ་རལ་པ་ཐོད་པས་འགེངས། །ཀརྨ་ལས་ཀྱི་དབང་ཕྱུག་མ། །བེ་ཏཱ་ལི་ཡི་མཆོད་པས་རོལ། །གཏུམ་མོ་ཞེ་སྡང་སྤུ་གྲི་སོ། །ཞེ་སྡང་འཇོམས་པའི་དབང་ཕྱུག་མ། །གྷ་སྨ་རི་ཡི་མཆོད་ པས་རོལ། །པདྨ་འཇོམས་པའི་ཆར་ཆེན་འབེབས། །འདོད་ཆགས་འཇོམས་པའི་དབང་ཕྱུག་མ། །པུཀྐ་སི་ཡི་མཆོད་པས་རོལ། །རིན་ཆེན་མེ་ལྕེ་གློག་ཕྲེང་འཛིན། །གཏི་མུག་འཇོམས་པའི་དབང་ཕྱུག་མ། །སྨ་ཤ་ན་ཡི་མཆོད་པས་རོལ། །ལས་སུ་དགྲ་སྟ་འབར་བ་འཛིན། །ང་ རྒྱལ་འཇོམས་པའི་དབང་ཕྱུག་མ། །ཙན་དྷ་ལི་ཡི་མཆོད་པས་རོལ། །སིང་ཧ་གསོད་བྱེད་སེང་གེ་མགོ། །རོ་མཆོག་ཟ་བའི་ཕྲ་མེན་མ། །བྱཱ་གྷྲྀ་མགོ་གཅོད་སྟག་གི་མགོ། །ཐོད་རློན་ཟ་བའི་ཕྲ་མེན་མ། །སྲི་ག་དུར་རྐུན་ཝ་ཡི་མགོ། །དུར་སྲི་མ་ཡི་ཕྲ་མེན་མ། །ཤྭ་ན་ཤ་ འདྲད་སྤྱང་མོ་མོ་མགོ། །ཤ་ཆེན་ཟ་བའི་ཕྲ་མེན་མ། །གྲྀ་དྷ་ཁྲག་འཐུང་བྱ་རྒོད་མགོ། །ཁྲག་ཚིལ་ཟ་བའི་ཕྲ་མེན་མ། །ཀང་ཀ་མུ་ཀ་དུར་བྱའི་མགོ། །དུག་གསུམ་འཇོམས་པའི་ཕྲ་མེན་མ། །ཁྭ་ཁ་རྒྱུ་འདྲེན་ཕོ་རོག་མགོ། །དགྲ་བགེགས་འདུལ་བའི་ཕྲ་མེན་མ། །ཧུ་ལུ་ཚེ་ འཕྲོག་འུག་པའི་མགོ། །གློ་སྙིང་ཟ་བའི་ཕྲ་མེན་མ། །སྟག་གཡག་ཤ་བ་སེང་གེའི་མགོ། །བྱི་ལ་སྤྱང་ཀི་ཝ་ཡི་མགོ། །དོམ་དྲེད་ཕག་གི་མགོ་ཅན་རྣམས། །ཐུགས་དམ་བཞིན་དུ་ལས་བྱོས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། ཆགས་པ་མེད་པའི་སྦྱོར་བས་ སྐུ་ལ་འཁྲིལ་ཅིང་། ལས་མཐར་ཕྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒོ་བ་རྣམས་ལ་བཀའ་སྩལ་པ། །ཛཿཛཿལྕགས་ཀྱུ་གློ་སྙིང་འདྲེན། །ཨ་མོ་སྔོན་མོ་ཐོད་སྦྲུལ་ཞགས། །ཨ་ལི་དམར་མོ་ལྕགས་སྒྲོག་སྡོམ། །བས་ནི་ལྗང་གུ་དྲིལ་འཁྲོལ་ དགྱེས། །བཀའ་སྩལ་པ་བཞིན་དུ་ཉན་པར་མཛད་དོ། །བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་ཡེ་ཤེས་ཀྱི་ཁྲོ་བོ་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ལྷ་མོ་སྦྱོར་བའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྣལ་འབྱོར་མའི་དཀྱིལ་འཁོར་འདི་བྱུང་ངོ་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་རྣམ་པ་བཞིས་ནི་བརྒྱན། །དར་དང་དྲིལ་བུ་ཆུན་པོ་དང་། །ཉི་མ་ཟླ་བས་རྣམ་པར་བརྒྱན། །རིན་ཆེན་མུ་ ཏིག་འབྲས་བུས་སྤྲས། །དོ་ཤལ་རྐང་གདུབ་རྣམས་ཀྱིས་བརྒྱན། །སྣ་ཚོགས་གཟུགས་ནི་རྣམ་བྲེས་པ། །སྣ་ཚོགས་ཕྲེང་བ་གོས་ཀྱིས་བརྒྱན། །སྲད་བུ་བཞི་དང་ལྡན་པ་སྟེ། །ཀ་བ་མཆོག་བརྒྱད་ཡང་དག་ལྡན། །དབུས་སུ་དགའ་བྱེད་སྟན་ལ་ནི། །དངུལ་ལ་ སོགས་པས་རྣམ་པར་བརྒྱན། །སྣ་ཚོགས་པདྨའི་དར་གྱིས་གཡོགས། །ཐམས་ཅད་སྟན་ལ་དེ་དག་ཅེས། །དབུས་སུ་རྡོ་རྗེ་སེམས་དཔའ་ནི། །སྟན་དེ་ལ་ནི་གཞག་པར་བྱ། །ཚད་མེད་པདྨོ་དམར་འདྲ་བ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །ཡིད་བཞིན་ནོར་བུ་ དབུ་རྒྱན་ལྡན། །རིན་ཆེན་གཙུག་ནི་རྣམ་པར་མཛེས། །ཚད་མེད་དང་ནི་སྦྱང་བ་ཡི། །དབུ་ལ་ཆུན་པོས་མཛེས་པར་བྱས། །སྣ་ཚོགས་ཡེ་ཤེས་རབ་ཏུ་གནས། །ཆུ་སྐྱེས་སྤྱན་ནི་རབ་ཏུ་རྒྱས། །དགའ་བྱེད་ཡིད་ཙམ་གཡོན་དུ་འདུད། །གཡས་ཀྱི་ཕྱག་གིས་རྡོ་རྗེ་ཆེ། ། སྙིང་གར་གསོར་ལ་རབ་ཏུ་བརྩོན། །བདེ་ལ་སོགས་པ་ཡོན་ཏན་ལྡན། །ཐོག་མ་ཉིད་དུ་རྣམ་པར་གཞག །སློབ་མའམ་ཡང་ན་གཞན་ཡང་རུང་། །མཚན་ཀུན་གྱིས་ནི་རྣམ་བརྒྱན་ལ། །ཚུལ་བཞིན་བྱིན་གྱིས་བརླབས་བྱ་སྟེ། །དབུས་ཀྱི་དཀྱིལ་དུ་གཞག་པར་བྱ། ། བདག་ཉིད་ཀྱང་ནི་མཉམ་བཞག་སྟེ། །དེ་ལ་སོགས་པ་ཡོན་ཏན་གཙོ། །དབུས་ཀྱི་སྟན་ལ་འདུག་པ་ནི། །བདག་ནི་རབ་དགྱེས་རྗེས་སུ་སྨྲ། །དེར་ནི་སློབ་མ་བྱིན་བརླབས་ཏེ། །ཐམས་ཅད་ལས་བྱེད་ཕུན་སུམ་ཚོགས། །རྡོ་རྗེ་པདྨ་ལས་བྱུང་བའི། །གསང་བ་ཡིས་ཀྱང་དབང་ བསྐུར་རོ། །རབ་དགྱེས་ལ་སོགས་ཡོན་ཏན་ལྡན། །ཡིད་འོང་བུ་མོ་བཙལ་བྱ་སྟེ། །སྙིང་ག་མཚོག་མ་མགྲིན་སྤྱི་བོར། །ལྷ་རྣམས་ལ་སོགས་འབྲུ་བསྒོམས་ཏེ། །མཚན་མ་ཕྱག་རྒྱ་རབ་འབར་བའི། །རྡོ་རྗེ་པདྨ་མཉམ་སྦྱོར་བའི། །རང་ལ་འཁྱུད་པའི་ཕྱག་རྒྱ་ ཡིས། །ཚུལ་བཞིན་ཐམས་ཅད་གཞག་པར་བྱ། །མདུན་དུ་ལྷ་མོ་མྱོས་བྱེད་མ། །མ་མཆུ་འཛིན་པའི་རོ་ལ་དགྱེས། །དཀར་དམར་ཁ་དོག་འདྲེས་པ་ཡིས། །ཐམས་ཅད་རྒྱན་དང་ཡང་དག་ལྡན། །ལོ་ནི་བཅུ་དྲུག་ལོན་པ་མཆོག །ཤེས་རབ་ཅན་གྱིས་མདུན་དུ་ གཞག །གཡས་སུ་ལྷ་མོ་གསོད་བྱེད་མ། །མཚོན་ཆའི་མདའ་ནི་འདྲེན་པར་བརྩོན། །དོ་ཤལ་རྐང་གདུབ་དག་གིས་བརྒྱན། །ལོ་གྲངས་ཉི་ཤུ་ལོན་པ་སྟེ། །གསེར་གྱི་རི་བོ་ཞུ་བ་འདྲ། །ཆུ་སྐྱེས་སྤྱན་ནི་ཡིད་ཙམ་སྔོ། །སེམས་དཔའ་ཆེ་ལ་མཉེས་མཛད་ཅིང་། །དེ་ཡི་ཚུལ་ བཞིན་གཞག་པར་བྱ། །རྒྱབ་ཏུ་ལྷ་མོ་རྨོངས་བྱེད་མ། །པདྨ་དམར་པོ་མདོག་གི་འོད། །ཆུ་སྲིན་རྒྱལ་མཚན་མཛེས་པའོ། །སྐུ་ཡི་ཚད་ནི་ཉི་ཤུ་གཅིག །དགའ་བྱེད་འདོད་པའི་རོ་ལ་དགྱེས། །སྣ་ཚོགས་ན་བཟའ་ཡང་དག་གསོལ། །སྣ་ཚོགས་རྒྱན་གྱིས་རྣམ་པར་ བཀླུབས། །སྣ་ཚོགས་པདྨོ་སྦྱོར་ལ་སོགས། །གར་གྱི་བྱ་བ་རབ་རླག་གཞག །གཡོན་དུ་སྣ་ཚོགས་ཆེན་མོ་སྟེ། །སྣ་ཚོགས་དགོས་པ་རྗེས་བརླབས་པ། །སྐུ་ཡི་ཚད་ནི་བཅུ་གཉིས་ལྡན། །རྣལ་འབྱོར་ལ་ནི་ཤིན་ཏུ་བརྩོན། །ལྷ་དང་ལྷ་མིན་མི་ཡི་རྣམས། །འགྲོ་བ་ ཐམས་ཅད་མྱོས་མཛད་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །སྣ་ཚོགས་དར་ནི་ན་བཟའ་གསོལ། །གྲྭ་རྣམས་དག་ནི་ཐམས་ཅད་དུ། །གཟུགས་སྒྲ་དྲི་རོ་རེག་རྣམས་དང་། །བདུག་པ་མེ་ཏོག་བསུང་ལྡང་བ། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །ཅི་ རིགས་པར་ནི་གཞག་པར་བྱ། །སྒོ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རང་གི་ལས་ཀྱི་ཕྱག་རྒྱར་ལྡན། །སྐལ་ལྡན་འགའ་ལ་རྣམས་མོས་པ། །སྒོ་སྲུང་བཞི་ནི་གཞག་པར་བྱ། །གཞན་ཡང་རྣམ་པ་སྣ་ཚོགས་རྣམས། །པི་ཝང་གླིང་བུ་བརྡབ་པ་དང་། །རྫ་རྔ་ རྔ་ཆེན་ཀུ་མུ་ད། །མུ་ར་ཙ་དང་ད་ར་དང་། །གར་དང་དབྱངས་དང་བཞད་པ་ཆེ། །རོལ་མོ་ཡོ་བྱད་སྣ་ཚོགས་རྣམས། །དགའ་བྱེད་དཀྱིལ་འཁོར་གཞག་པར་བྱ། །ཕྱི་ཡི་དཀྱིལ་འཁོར་ཐམས་ཅད་དོ། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ། །རྡོ་རྗེ་ནམ་མཁར་འགྲོ་ མ་གཞང་། །ཡི་དགས་ཕྱག་རྒྱ་ཡང་དག་ཞོན། །དཔའ་བོ་འཇིགས་བྱེད་གཟུགས་འཛིན་ཏེ། །སྐལ་ལྡན་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱིས་བསྡིགས་བྱེད་ཅིང་། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་སྤྱོད་པ། །དཀྱིལ་འཁོར་ བྱས་ཏེ་བདུག་པ་ནི། །ཚོགས་ཀྱི་དཀྱིལ་འཁོར་གཞག་པར་བྱ། །དགའ་བར་བྱེད་དང་འདྲེན་པར་བྱེད། །གསོད་པར་བྱེད་དང་འཕྲོག་པར་བྱེད། །རྡོ་རྗེ་མཁའ་འགྲོ་ཚོགས་ཀྱི་རྣམས། །ཤར་གྱི་ཕྱོགས་སུ་གཞག་པར་བྱ། །གཟི་བརྗིད་ཆེ་དང་འབར་བྱེད་མ། ། འཇོམས་བྱེད་བོང་བུ་ལྷོ་རུ་སྟེ། །གཙུག་ལག་མཐོང་བའི་རྒྱུ་ཡིས་ནི། །མཁས་པས་ཚུལ་བཞིན་གཞག་པར་བྱ། །ཆགས་ཆེན་པོ་དང་ཆགས་བྲལ་དང་། །འཁོར་ལོ་མ་དང་རྒྱས་འདེབས་མ། །རབ་ཏུ་འབྱོར་བས་འབྱོར་བྱས་ཏེ། །ཅི་རིགས་ནུབ་ཏུ་གཞག་པར་བྱ། །སྣ་ ཚོགས་ལུས་དང་སྲུང་བ་དང་། །གནོད་སྦྱིན་མོ་དང་ཡང་དག་འཕྲོག །སྔགས་དང་ཕྱག་རྒྱ་བྱིན་བརླབས་ནས། །སྔགས་མཁན་ཅི་རིགས་བྱང་དུ་བཞག །ཤར་གྱི་གྲྭ་རུ་གཞག་པ་ནི། །བྱ་རོག་གདོང་ནི་མིག་འབྲུ་སྟེ། །འཇིགས་པའི་མིག་དང་འཇིགས་པའི་གདོད། །ཅི་ ལྟར་རྗེས་སུ་མཐུན་བྱས་ཏེ། །ཡི་དགས་སྟན་ལ་ཡང་དག་འདུག །སྣ་ཚོགས་མཆོག་གི་གདོང་འཛིན་ཏེ། །ལག་པར་གྲི་དང་ཁར་གཞོང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ཟ་བའོ། །ནུབ་དང་ལྷོ་ཡི་མཚམས་གཞག་པ། །བཞད་དང་འུག་པའི་གདོང་རིང་མ། །ཁྲོས་པའི་ ཁྲི་དང་ཕག་གི་གདོང་། །གསུས་པོ་ཆེ་ལ་ལྟོ་འཕྱངས་རྣམས། །ནུབ་དང་བྱང་གི་མཚམས་དག་ཏུ། །རྔ་མོ་བོང་བུ་གདོང་འཛིན་མ། །ཁྲོས་པར་དང་ཁྱི་ཡི་གདོང་། །རྒྱུ་མའི་མགོ་ནས་ཤ་བར་བྱེད། །ཤར་དང་བྱང་གི་མཚམས་དག་ཏུ། །ཀེང་རུས་དཀར་པོ་འཛིན་པ་སྟེ། ། ཁྲོས་པ་རུས་པའི་ཕྲེང་བས་བཀླུབས། །ལྟོ་འཕྱངས་པོ་ལ་བུམ་པ་འཛིན། །ཕན་ཚུན་འཐབ་པར་བརྩོན་པ་ཡི། །ཅེ་སྤྱང་གི་ནི་འཁོར་གྱི་རྣམས། །འཇིགས་བྱེད་གདོང་ནི་མཆེ་བ་འཛིན། །རྣམ་པར་བསྒྱུར་བའི་གཟུགས་འཛིན་མ། །སྒོ་རྣམས་ཀྱི་ནི་ཕྱོགས་རྣམས་ཀུན། །སྒོ་ བཞི་རྣམས་ནི་གཞག་པར་བྱ། །བྱང་གི་ཕྱོགས་སུ་འབོད་འགྲོགས་ཏེ། །བུམ་པ་རྣམས་ནི་ཤར་ཉིད་དུ། །ནུབ་ཏུ་རྣམ་པར་འཇིགས་པའོ། །ལྷོ་རུ་གཤིན་རྗེ་རྒྱལ་པོ་བཞག །དེ་དང་གཞན་ཡང་རྒྱལ་པོ་མཆོག །ནམ་མཁར་འགྲོ་བས་ཀུན་དུ་བསྐོར། །དེ་ནས་བཅོམ་ ལྡན་འདས་དཔལ་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའ་ཡུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དགྱེས་ཤིང་སྤྱན་ནི་རྒྱས་པ་ཡིས། །བཞེངས་ནས་དགྱེས་པ་ཆེན་པོ་ཡི། །བརྗིད་པའི་ཕྱག་གིས་གར་མཛད་ཅིང་། །ཐལ་མོ་སྦྱོར་ནས་གཙུག་ཉིད་དུ། །གཞག་པ་ཡིས་ནི་ འདུད་པར་བྱེད། །བསྐུལ་བ་ཡིས་ནི་དབྱངས་འདི་ཡིས། །དེ་དག་གཙོ་ལ་མཉེས་པར་བྱེད། །ཀྱེ་མ་ཆོས་ནི་ངོ་མཚར་ཆེ། །ཀྱེ་མ་སྤྱོད་པ་ངོ་མཚར་ཆེ། །ཀྱེ་མ་སྦས་པ་ངོ་མཚར་ཆེ། །ཀྱེ་མ་བདེ་བྱེད་ཡང་དག་འབྱུང་། །ཀྱེ་མ་ཀུན་དུ་བཟང་པོ་དོན། །ཀྱེ་མ་རབ་དགྱེས་ཡང་དག་ འགྲོགས། །ཀྱེ་མ་བདེ་བ་དགའ་བ་ཆེ། །ཀྱེ་མ་བདེ་བ་བདེ་མཆོག་སྟེ། །ཀྱེ་མ་སྔགས་ཀྱི་ཡང་དག་སྦྱོར། །ཀྱེ་མ་སྙིང་པོ་ཡང་དག་སྦྱོར། །ཀྱེ་མ་ཕྱག་རྒྱ་ཡང་དག་བཞུགས། །ཀྱེ་མ་བསྒྲུབ་པ་རྨད་འབྱུང་བའི། །ཀྱེ་མ་ཕ་རོལ་ཕྱིན་པ་ཡིས། །ཀྱེ་མ་ཅི་ལྟར་མཐུར་རིགས་པ། །ཀྱེ་ མ་དགོས་པ་སྣ་ཚོགས་ཆེ། །ཀྱེ་མ་དག་པ་གསུམ་སྦྱར་བ། །ཀྱེ་མ་རྡོ་རྗེ་མཉམ་སྦྱོར་བའི། །ཀྱེ་མ་པདྨ་རྣམ་ཕྱེ་བ། །ཀྱེ་མ་དབང་པོ་གཉིས་སྦྱོར་བའི། །ཀྱེ་མ་མཆོག་དང་མཉམ་སྦྱོར་བའི། །ཀྱེ་མ་གར་ནི་དགའ་བ་ཆེ། །ཀྱེ་མ་གླུ་རབ་དྲི་མ་མེད། །ཀྱེ་མ་སིལ་སྙན་རྣམ་པར་ འཁྲོལ། །ཀྱེ་མ་གདའ་དང་མུན་སེལ་བ། །ཀྱེ་མ་དགའ་བྱེད་མེ་ཏོག་ཕྲེང་། །ཀྱེ་མ་མར་མེ་མུན་པ་སེལ། །ཀྱེ་མ་དྲི་ནི་ཤིན་ཏུ་བསིལ། །ཀྱེ་མ་རྣལ་འབྱོར་མཉམ་སྦྱོར་བའི། །ཀྱེ་མ་སྒྱུ་མ་ནམ་མཁའ་འདྲ། །ཀྱེ་མ་སངས་རྒྱས་ནམ་མཁའ་འདྲ། །ཀྱེ་མ་རིན་ཆེན་བདེ་མཆོག་ སྐྱེད། །ཀྱེ་མ་སྣ་ཚོགས་སྒྱུ་མ་མཛད། །ཀྱེ་མ་ངོ་མཚར་སངས་རྒྱས་དང་། །ཀྱེ་མ་ངོ་མཚར་དབང་པོ་རྣམས། །ཀྱེ་མ་ངོ་མཚར་སེམས་དཔའ་ཆེ། །ཀྱེ་མ་ངོ་མཚར་ལྷ་ཡི་རྣམས། །ཤིན་ཏུ་དགྱེས་ཆེ་རྡོ་རྗེ་ལ། །རྒྱལ་བ་ཀུན་གྱིས་བསྟོད་བྱས་ཏེ། །རྡོ་རྗེ་སེམས་དཔའ་ འགྱིང་བ་ཡིས། །དགའ་དང་བདེ་བྱེད་སྐྱེས་པར་འགྱུར། །ཆུ་སྐྱེས་ཞལ་ནི་འཛུམ་བཅས་པ། །ཡངས་པའི་སྤྱན་གྱིས་གར་མཛད་དེ། །སྤྱན་དང་ཞབས་ནི་བསྒྱུར་བ་ཡིས། །རབ་ཏུ་དགྱེས་ལྡན་སྨིན་མ་བསྒྱུར། །ཡངས་པའི་སྤྱན་གྱིས་གར་མཛད་དེ། །སྤྱན་ དང་ཞབས་ནི་བསྒྱུར་བ་ཡིས། །ཡིད་ཙམ་མཛེས་པའི་སྤྱན་ཟུར་གཟིགས། །ཤ་རྒྱས་བརླ་ནི་ནུ་མར་འདུད། །རྐེད་པའི་དབྱེས་ནི་རྣམ་པར་ཡངས། །རྣམས་ཀྱི་གོས་ཀྱང་ཆེ་ལ་མཛེས། །ཆགས་པ་ཅུང་ཟད་ཚེམས་ཀྱི་གནོན། །ཚེམས་ཀྱི་ཕྲེང་བ་ཀུན་ད་ཟླ། །མི་དྲག་ ཟློས་པའི་དབུགས་འབྱིན་ཅིང་། །རབ་ཏུ་དགའ་ཆེན་དགྱེས་པས་བསྟོད། །བུད་མེད་གཟུགས་ལྡན་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཀྱིས་གནས་གསུམ་གྱིས། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོ་ མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །འོད་ཟེར་སྣ་ལྔས་ཁྱབ་པ་ཡིས། །པདྨོ་རྡོ་རྗེ་བསྒོམ་པར་བྱ། །འབར་བཅས་ཟླ་འོད་བཞིན་དུ་དཀར། །ཡིད་དུ་འོང་བ་བསྒོམ་པར་བྱ། །བཞིན་བཟངས་ ཕན་པར་འདོད་པ་ཡིས། །བུད་མེད་རྙེད་ན་ཆོ་ག་བཞིན། །བདེ་བར་མཆོད་པར་བརྩམ་པར་བྱ། །ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །དབུས་སུ་གཟུགས་ནི་བསྒོམ་པར་བྱ། །སྔགས་ཤེས་པས་ནི་གནས་བཞིན་དུ། །བུད་མེད་རྟག་ཏུ་གཞག་པར་བྱ། །རྒྱན་རྣམས་ཐམས་ཅད་ ཡོངས་སུ་རྫོགས། །བུ་མོ་ལོ་གྲངས་བཅུ་གཉིས་པ། །དབེན་པའི་གནས་སུ་ཁྱད་པར་དུ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །མཚན་ཉིད་དག་ནི་ཡོངས་སུ་དག །རབ་ཏུ་བཟང་ལ་བཞིན་ཡང་མཛེས། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །པང་པར་བཞག་ནས་རྣམ་པར་ བསྒོམ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །བུ་མོ་ཨུཏྤལ་མཐིང་གའི་མདོག །འདྲ་བ་དག་ནི་རྟག་ཏུ་བསྒྲུབ། །སྦྱོར་བའི་ཆོ་ག་དེ་ཉིད་ནི། །བྱས་ན་ལས་རྣམས་བརྩམ་པར་བྱ། །བུད་མེད་སེམས་ནི་རབ་བརྟན་པ། །ལོ་གྲངས་བཅུ་གཉིས་ལོན་པ་ལ། །རིགས་ཀྱི་སྦྱོར་བ་ རབ་བསྒོམས་ཏེ། །བདག་གི་ཁུ་བས་མཆོད་པར་བྱ། །འདིས་ནི་དེ་བཞིན་གཤེགས་པའི་སྐུ། །ན་ཆུང་གཞོན་ནུ་མིག་བཟང་བཙལ། །གཟུགས་བཟང་གཞོན་པས་བརྒྱན་པ་ཡི། །ལོ་གྲངས་ཉི་ཤུ་ལྔ་ལོན་པའི། །བཟུང་ནས་བྱོལ་སོང་སྐྱེས་གནས་བརྟག །བཞིན་ བཟངས་ཤིན་ཏུ་མཛེས་པ་ཡི། །ན་ཆུང་མཚན་ལྡན་སྐལ་བ་མཆོག །མིག་བཟང་བརྟན་པའི་བློ་ལྡན་པས། །ཁུ་བ་བླངས་ནས་བཟའ་བར་བྱ། །དབེན་ཞིང་རབ་ཏུ་ཉམས་དགའ་བར། །སྦྱོར་བ་མཆོད་པ་ཀུན་བརྩམས་ན། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །ཟླ་བ་ཕྱེད་ཀྱིས་ ངེས་པར་གྲུབ། །སྨིན་དཀྱུས་རིང་ཞིང་སྐྲ་ལོ་འཇམ། །ལུས་ལྡེམ་དབྱིབས་སྒུ་བློ་དག་ཅིང་། །བརྟན་པ་ཆགས་ཤིང་བཅོས་སུ་བཏུབ། །ལུས་ཉན་ཅི་ལ་ཐོགས་པ་མེད། །རྐེད་པ་ཕྲ་ལ་རོ་སྨད་ཟླུམ། །སྟོད་ནི་དྲང་ལ་ཤིན་ཏུ་རྒྱས། །ཚེམས་དཀར་མགུལ་རིང་ཕྱག་སོར་ རིང་། །དཀར་ལ་དམར་ཆགས་ནོར་བུའི་མདོག །གཟུངས་མ་མཚན་ལྡན་སྤྱད་པར་བྱ། །མཉེན་ལྕུག་འཁྲིལ་ལྡེམ་རབ་ཏུ་མཛེས། །ཡིད་འོང་འཛུམ་ཕྲན་སྤྱན་ཟུར་གཟིགས། །མཁུར་ཚོས་དཀར་པོས་གདབ་པར་བྱ། །དཀར་འཛིན་ཕྱིར་ནི་མཉེ་བྱ་སྟེ། །པདྨའི་ཟེ་བ་ ཆེན་པོས་གདབ། །པདྨ་ལན་གསུམ་མཉེས་བྱ་སྟེ། །མཆན་ཁུང་མངོན་སུམ་རྣ་བ་གཉིས། །ཟངས་ཀྱི་མདོག་གིས་གཟུང་བར་བྱ། །དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བཙུན་མོ་དང་བཅས་པར་གྱུར་ཏོ། །དེ་ནས་འདི་བརྗོད་པར་མཛད་དོ། །ཞི་བ་ཁ་དོག་ དཀར་ལ་འཚེར། །བཏང་སྙོམས་ཀུན་གྱི་སྤྲོ་བསྡུ་ཡིས། །གསུམ་པ་རྫོགས་པར་ལྡན་པ་དང་། །ཕྱག་རྒྱ་ཚོགས་མཆོག་དེ་དག་ལ། །རྒྱལ་མོ་དག་དང་མཉམ་དུ་སྐྱེས། །ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འཛིན། །བཅུ་གསུམ་པ་ཡི་ཆ་ལུགས་འཛིན། །ཆེ་ཆུང་མེད་ པར་གསལ་བར་བསྒོམ། །དབུ་ལ་གཉིས་པའི་ཡི་གེར་ལྡན། །གསལ་བ་ཉིད་ཀྱིས་དུས་དག་ཏུ། །ཅོད་པན་ལྔ་ཡི་རིན་ཆེན་ལས། །རྒྱན་གྱི་རིགས་ནི་གསལ་བ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་ཕྱག་རྒྱའོ། །མཐིང་ག་ འབར་བའི་ཡི་གེ་ཆེ། །རིགས་ཀྱི་རིན་ཆེན་སྤྲོ་བསྡུ་ལས། །ཕྱག་རྒྱ་གསལ་བའི་སྐུར་གསལ་བའི། །རྒྱལ་མོ་དག་དང་མཉམ་དུ་སྐྱེས། །སྒྲིབ་པ་ཀུན་སྤང་སྡིག་བྱེད་སྟོབས། །གཉིས་པ་ཡི་ནི་ཡི་གེ་ལས། །ཐམས་ཅད་བློ་དབྱངས་ཡི་གེ་གཏེར། །མཉམ་ པར་འཁྲིལ་བའི་ཚུལ་འཛིན་པ། །རིན་ཆེན་རིགས་ཀྱི་ཕྱག་རྒྱར་གསལ། །ལས་འདི་ཐམས་ཅད་ཀུན་གྱི་མཆོག །རྒྱལ་པོ་རྣམ་པར་རོལ་པའོ། །པདྨ་རཱ་ག་འདྲ་བའི་མདོག །ཆོས་སྐུ་ཟླ་ཚེས་རབ་ལྡན་པ། །གསལ་བའི་ཁ་དོག་མཛེས་པ་ན། །ཐམས་ཅད་མ་ལུས་ དབང་དུ་མཛད། །སྦྱོར་དང་སྐྱེ་དང་བསྡུ་བ་ཡིས། །ཕྱག་རྒྱ་གསལ་བར་དབང་གིས་བསྐུར། །བཙུན་མོ་དག་དང་མཉམ་དུ་སྐྱེས། །གཉིས་སུ་མེད་པར་འཁྲིལ་བ་ཡིན། །དབུ་རུ་ཡི་གེ་གཉིས་པར་ལྡན། །རིན་ཆེན་རིགས་ཀྱི་སྤྲོ་བསྡུ་ལས། །ཅོད་པན་རིགས་ལྔའི་ཁ་དོག་སྟེ། །ཅི་ བཞིན་པ་ཡི་ཏིང་འཛིན་གྱིས། །ཕྱག་རྒྱ་བཞུགས་ཚུལ་པདྨོའི་ཚུལ། །མཉམ་པར་གསལ་བས་དཀྱིལ་འཁོར་ཡིན། །མི་ཕྱེད་པ་ཡི་ཏིང་འཛིན་གྱིས། །རྫོགས་པའི་དཀྱིལ་འཁོར་ཀུན་འདུས་མཆོག །པདྨ་རིགས་ཀྱི་ཕྱག་རྒྱར་གསལ། །རིགས་ཀུན་གྱི་ནི་ཕྱག་རྒྱར་གསལ། ། མུན་པ་སེལ་བའི་མར་མེ་བཞིན། །གསལ་དག་ཡིད་གཉིས་མེད་པར་བསྒོམ། །ཆུ་སྐྱེས་འཇམ་པ་འོག་ཏུ་ལྡན། །སྟེང་དང་སྤྲོད་པའི་རོལ་མོ་ཡིས། །དགྱེས་ཤིང་མཉམ་པའི་མཆོད་པ་བཤམ། །འདི་ལྟར་གསལ་བ་དབང་ཡང་རྫོགས། །ཐམས་ཅད་བསྡུ་བ་ཞེས་བྱ་བ། ། དེ་བཞིན་དབང་སྟེ་ལས་ཐམས་ཅད། །དུས་གསུམ་པ་ཡི་མཛད་པ་ཆེ། །རིགས་ཀུན་འདུས་པར་བདེ་བར་གཤེགས། །མཉམ་པ་ཅི་བཞིན་ཏིང་འཛིན་ཏེ། །ཡི་གེ་འབྲུ་གཅིག་ཀུན་གྱི་མཆོག །བཤད་པར་ཁྱད་པར་ལས་ཀུན་རྫོགས། །ཆུ་སྐྱེས་གསལ་བར་འདབ་མའི་ སྟེང་། །གཉིས་སུ་མེད་པར་གསལ་བས་ན། །རྣམ་པ་གཉིས་ཀྱི་བྱེ་བྲག་གིས། །འདུས་པར་གསལ་བར་སྐུར་གྱུར་པ། །འདོད་ཅིང་ཆགས་པ་མ་ཡིན་ཞིང་། །བློ་ལ་ཡིད་གཉིས་མེད་པས་ན། །ཕྱག་རྒྱ་གསལ་བར་རྒྱལ་བའི་སྐུ། །རྒྱལ་མོ་དང་ནི་མཉམ་དུ་སྐྱེས། ། དབུ་ལ་གཉིས་པའི་ཡི་གེར་ལྡན། །སྦྱིན་པ་རྒྱ་ཆེན་ཁེབས་པས་ན། །རང་གི་འདོད་པའི་གནས་སུ་བསྡུ། །བོང་ཚོད་ལོ་གྲངས་ཁྱད་པར་མེད། །གཉིས་སུ་མེད་པར་འཁྲིལ་བར་གསལ། །དུས་ཀུན་དུ་ནི་མཉམ་ལྡན་པ། །གསང་བ་མཆོད་པ་རབ་ཏུ་རྫོགས། །ཟླ་རྒྱས་ ལྟ་བུ་གཙོ་བོ་བསྒོམ། །ཆགས་པ་མེད་པར་འདོད་བསྡུ་ཡི། །ཡུམ་དང་ལྷན་ཅིག་སྒོམ་པ་ནི། །ཨཱ་ལི་ཀཱ་ལིར་བྱེད་པའི་དོན། །ཕྱག་རྒྱ་ལས་ཀྱི་བྱེ་བྲག་གིས། །བདེ་བ་ཆེན་པོ་ཚུལ་གནས་པ། །རྒྱལ་བ་ཀུན་ཀྱང་དེ་དང་མཐུན། །ཕྱག་རྒྱ་བསྣོལ་བར་གནས་པ་ཡི། །ཀུན་ཀྱང་སེམས་དཔའི་ དཀྱིལ་འཁོར་རོ། །ཕྱག་རྒྱ་རྡོ་རྗེ་ཐལ་མོ་ནི། །ཀུན་ཀྱང་ཡུམ་གྱི་རྒྱབ་ཏུ་བསྣོལ། །ཞལ་གཉིས་མཛེས་པར་རབ་སྦྱར་བ། །ཟླ་གམ་པ་ཡི་ལྗགས་གཉིས་མཛེས། །དུང་གི་ཕུར་བུས་མཁུར་ཚོས་ལ། །འདེབས་ཤིང་རྡེག་པའི་ཚུལ་དུ་བཞུགས། །བསྙེན་པ་ཉེ་བསྙེན་དབང་རྫོགས་པ། ། རྒྱལ་བ་ཀུན་གྱི་སྐུ་ཡི་མཆོག །བཞད་དང་འཛུམ་པའི་གཙོ་གཟུགས་བསྒོམ། །རྣལ་འབྱོར་དཀའ་ཐུབ་ཆེན་པོའི་དོན། །གསང་བ་སྤྱོད་པ་ཤིན་ཏུ་དགྱེས། །གསང་བ་ཉིད་དུ་སེམས་ཅན་འདྲེན། །ཐམས་ཅད་ཀུན་གྱི་རྨོངས་པ་སེལ། །ཡུམ་གྱི་ལས་ཀྱིས་ཁྱད་པར་ནི། ། ས་ཡི་རིམ་པ་ཀུན་སྦྱོར་ཞིང་། །ཟས་དང་མགོ་དབང་མེད་པ་ཡི། །ཉན་ཐོས་འགོག་པ་ལ་སོགས་པ། །བྱང་ཆུབ་སེམས་ཀྱི་ཆར་ཆེན་གྱིས། །པདྨོར་བཅིངས་པ་ཚར་གཅོད་མཛད། །དམ་ཚིག་ཆེན་པོ་སྡོམ་པ་སྟེ། །རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཡིན། །ཕྱག་རྒྱ་ ཆེན་པོ་ཚོགས་མཆོག་སྟེ། །དགའ་བ་དོན་དུ་རིགས་མཆོག་ཡིན། །མྱུར་བར་རྟག་ཏུ་མ་ཡེངས་ན། །གདོན་མི་ཟ་བར་གྲུབ་པ་ནི། །འདོད་ཁམས་ལྷ་ཡི་ཉིན་ཕྱེད་ཀྱིས། །གསང་བ་ཀུན་དང་མཉམ་པར་འགྱུར། །དེ་བཞིན་གཤེགས་པ་གསང་བའི་དོན་དང་མཉམ་ པའི་ཕྱག་རྒྱའོ། །ཀུན་དུ་བཟང་པོ་རྣལ་འབྱོར་མཆོག །གསང་བ་ཉིད་ཀྱིས་མཁའ་དབྱིངས་སོ། །ཡི་གེ་ཨྃ་ལྡན་ཚེག་དྲག་བཅས། །རྣལ་འབྱོར་བདེ་ཆེན་ཉིད་ཀྱི་སྲས། །གཟུགས་ཁམས་ལྷ་ཚོགས་བྱིན་བརླབས་ཏེ། །ཕྱག་མཚན་འཁོར་ལོ་གསལ་བ་དང་། ། བདེ་བ་རྣལ་འབྱོར་དེ་བཞིན་གཤེགས། །གཙོ་བོ་གསེར་གྱི་ཁ་དོག་གསལ། །ཉི་མ་གསེར་གྱི་འོད་བཞིན་དུ། །གསལ་བ་འཚེར་བ་བཅོམ་ལྡན་འདས། །དབུ་རུ་ཡི་གེ་གཉིས་པ་ལ། །རིན་ཆེན་མྱུ་གུ་ཁང་པ་འབར། །སངས་རྒྱས་ལྔ་ཡི་དབུ་རྒྱན་གྱིས། ། ལེགས་པར་བརྒྱན་པ་མཚན་རྣམས་རྫོགས། །རྫོགས་པ་ཆེན་པོ་བཞུགས་ཚུལ་དང་། །ཏིང་འཛིན་མཐུན་པ་འགྲོ་ལ་གཟིགས། །པདྨ་གེ་སར་དབུས་གནས་པའི། །ཐིག་ལེར་གསང་བ་བཞིན་དང་ལྡན། །མདུན་དུ་ལྷ་མོ་ཆགས་པ་མོ། །ལོ་གྲངས་ཉི་ཤུ་མཛེས་ དང་ལྡན། །མ་ཧཱ་སུ་ཁེ་གནས་ལ་དགྱེས། །མཛེས་པའི་ལག་པ་གར་དང་བཅས། །གཉིས་སུ་མེད་པའི་བཞུགས་ཚུལ་ནི། །གཙོ་ལ་རྟེན་པའི་ཚུལ་དུ་བཞུགས། །རྒྱབ་ཏུ་ལྷ་མོ་དགྱེས་ཆེན་མོ། །སངས་རྒྱས་བསྙེན་པར་མཛེས་ཚུལ་གྱིས། །ཐལ་སྦྱར་འཛིན་པ་སྐུ་བརྟེན་པ། ། སྐུ་ཚེ་བཅུ་དྲུག་བརྩན་དམར་སྐུ། །སངས་རྒྱས་གདུང་འཛིན་ཚངས་པར་སྦྱོར། །འདོད་ཆགས་ཅན་ལ་མཐུན་པར་མཛད། །གཡས་སུ་ཞེ་སྡང་འདུལ་བ་མོ། །རྡོ་རྗེ་པདྨོ་སྦྱོར་ལ་དགྱེས། །མ་དད་པ་རྣམས་དབང་མེད་པར། །དྲག་པོ་སྦྱོར་མཛད་ཞེ་སྡང་སེལ། །ཆགས་པ་ཆེན་ པོ་བཅོམ་ལྡན་འདས། །གཉིས་སུ་མེད་པར་སྦྱོར་བ་ཡིས། །གཏོང་བ་མེད་པར་བསྟན་པའི་ཚུལ། །སྔོ་བསངས་མདོག་ལྡན་ཁྱད་པར་ཆེ། །སྐུ་ཚད་བཅྭ་ལྔ་ཆགས་པ་ཅན། །དུས་མཐའ་མེད་པར་སྦྱོར་ལ་དགྱེས། །སྟེག་དང་སྒེག་པའི་ཆ་ལུགས་ཀྱིས། །སེམས་ཅན་ཀུན་ གྱི་སྡུག་བསྔལ་འཁྲུ། །རབ་ཏུ་སྤྲས་པའི་འགོག་པ་རྣམས། །བསླངས་ནས་རྒྱལ་བའི་སྲས་སུ་མཛད། །ཨརྟ་མ་ལི་ཕྲིན་ལས་ཀྱིས། །ཐམས་ཅད་བྱང་ཆུབ་ཆེན་པོ་མཛད། །མིག་གཉིས་འཛུམས་དང་སྦོམ་པོ་ཡིས། །དབང་མོར་ལྡན་པར་བྱས་པ་ན། །གཉིས་སུ་མེད་ པར་སྦྱོར་འདོད་ཡིན། །སྣ་ཡི་རྩེ་མོར་མཐེའུ་ཆུང་འཛིན། །མ་ཏ་བཞུགས་པར་བརྩོན་བྱས་པའོ། །སོ་སོ་རྣམས་བསྡམས་ཁ་ཕྱེ་བ། །དུས་ལ་བབ་ཅེས་བྱ་བ་སྟེ། །ཏིང་འཛིན་གསལ་བར་གྱུར་པ་ན། །དུས་ལ་བབ་ཅེས་བྱ་བ་ཡིན། །འདི་ལྟར་བརྡ་ལྡན་ཏིང་འཛིན་ལ། ། དམ་ཅན་བུད་མེད་རྣམས་མི་འདུད། །དངོས་གྲུབ་མི་ཐོབ་དམ་ཚིག་ཉམས། །ཚེ་རབས་ཀུན་དུ་བརླག་པར་འགྱུར། །འདི་ལྟར་བརྩོན་པར་བྱེད་པ་ན། །གཡོན་པ་སྐྱེད་པ་རྣམ་བཞི་ཡིས། །སྐྱེས་པ་ན་ཆུང་ཚུལ་བཞིན་དུ། །རྡོ་རྗེ་པདྨའི་མཚམས་ཉིད་དུ། །དབྱིངས་ཕྱུག་ལྔ་ ལ་སྦྱར་བ་ཡིས། །དལ་བུས་དལ་བུས་གཞུག་པ་དང་། །དལ་བུས་དལ་བུས་རབ་བསྐུལ་ཏེ། །དྲག་པོ་ཚིག་གིས་སྤྲོ་བ་དང་། །བྱང་ཆུབ་སེམས་ཀྱིས་པདྨ་དགང་། །སྦོམ་པོ་དབང་ངམ་ལྔ་རྣམས་ཀྱིས། །ཡུམ་གྱིས་བླངས་ལ་གཙོ་ལ་མཆོད། །ཉེ་བའི་བསྙེན་པ་ལ་སོགས་ཏེ། །བསྙེན་ པ་ཆེ་ཆུང་རྫོགས་པར་བསྒོམ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས། །མཆོད་པ་བརྒྱད་ཀྱིས་མཆོད་པར་སྟོན། །དེ་ལྟར་ལོངས་སྤྱོད་རྫོགས་པ་དང་། །གཉིས་སུ་མེད་པར་ལུགས་བཞིན་དུ། །མཉམ་པར་འཁྲིལ་བའི་ཚུལ་དུ་བསྟན། །དུས་གསུམ་ཀུན་གྱི་གདུང་འཛིན་ ལ། །གཡོན་ཕྱོགས་བསྟེན་པའི་སྐལ་དང་ལྡན། །ན་ཚོད་ལོ་ནི་བཅུ་དྲུག་པ། །སྡོང་པོ་རུལ་པ་དག་ལ་དགྱེས། །གཡས་པ་ཟུར་གྱི་སྤྱན་གྱིས་གཟིགས། །དྲིལ་བུ་སྒྲ་སྙན་འཁྲོལ་ལ་བརྩོན། །རྡོ་རྗེ་རབ་ཏུ་སྒྲོགས་བྱེད་མ། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །མངོན་དུ་སྦྱོར་ལ་ རབ་བརྩོན་པ། །བརྡ་དང་བཅས་པ་གར་གྱིས་ནི། །སངས་རྒྱས་ཀུན་ལ་སློང་མཛད་མ། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་གྱིས། །མཆོད་པ་ཆེན་པོ་རབ་མཆོད་མཉེས། །སྤྲུལ་པ་བསམ་ཡས་མཐའ་ཀླས་པ། །དུས་གསུམ་འཁོར་ལོ་བསྐོར་བར་བསྐུལ། །སོ་སོར་ ཆགས་པའི་མདངས་ཀྱིས་ནི། །མཉེན་དང་བཅས་པའི་གར་གྱིས་མཆོད། །དེ་ནས་གསང་བ་ཆེན་མོ་དང་གཉིས་སུ་མེད་པར་འཁྲིལ་བ་ཆེན་པོར་གྱུར་ཏེ། །གཡོན་པ་སྐྱེད་པ་མང་པོས་མཉེས་པ་དང་པདྨ་སྤང་བ་ལ་སོགས་པ་འབྱུང་བ་མཉེས་པར་མཛད་ནས་རབ་ ཏུ་དགྱེས་ཏེ་གླུ་འདི་བླངས་སོ། །ཆོས་ཀུན་དངོས་པོ་མེད་པར་རབ་གསལ་བ། །འབྱུང་གནས་ཆེན་པོ་ཡ་མཚན་འབྱུང་བར་མཁྱེན། །ཨེ་མའོ་ངོ་མཚར་ཆེའོ་ཞེས་བླངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་པ། མདངས་བཟང་ མིག་གི་དཀྱུས་ཀྱང་རིང་། །སྐུ་ནི་ལྡེམ་ལ་ཙན་དན་དྲི། །ཡན་ལག་ལྕུག་མ་བཞིན་དུ་མཉེན། །ཚེམས་དཀར་སུམ་ཅུ་རྔ་རྔོ་མེད། །མགུལ་བ་ཟླུམ་རིངས་རབ་ཏུ་ལེགས། །གསེར་ལ་གཡུ་སྤྲས་གཡས་སུ་འཁྱིལ། །གཟུངས་མ་འདི་དག་བསྟེན་པར་བྱ། ། སྐད་གདངས་མི་སྙན་ར་ར་པོ། །ཡང་ན་རྨོངས་བག་སུ་བསུབ་པོ། །སྦྲང་བུས་གཙེས་པའི་སྣ་སྒྲ་བཞིན། །སེམས་ཅན་དག་ལ་ཁྲོ་ཞིང་འཚོག །དམ་ཅན་དག་ལ་གཡེལ་བར་མཛོད། །ཕྱི་ནང་སྲ་ཞིང་འབྲས་བུ་ཅན། །དེ་ བསྟེན་ན་ནི་དངོས་གྲུབ་ཉམས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བུད་མེད་ཀུན་གྱི་སྒྱུ་མ་ལ། །རབ་ཏུ་འཕྲུལ་ཏེ་འཆར་བ་ཡིན། །བདེན་གཉིས་སོ་སོར་སྣང་བ་ཡིས། །ཡུམ་གྱི་མཁའ་ཞེས་རྒྱལ་བས་གསུངས། །མ་ནོར་ལམ་ཆེན་ཀུན་བསྒོམས་ནས། །ཀུན་དུ་བཟང་མོ་བསྒོམས་པས་གྲུབ། ། བུད་མེད་ལ་ནི་མཆོད་བསྟེན་ན། །ཡེ་ཤེས་ཆེན་པོ་གྲུབ་པར་གསུངས། །དཔལ་ཀུན་དུ་བཟང་པོ་ཐམས་ཅད་ཤེས་རབ་ཀྱི་ལོངས་སྤྱོད་འདི་གསུངས་སོ། །མངོན་སྤྱོད་ལས་ཀྱི་འཇུག་པ་འདི། །ཕན་ཚུན་དུ་ནི་དགའ་སྤྱོད་ན། །རྣལ་འབྱོར་སྡོམ་པ་གནས་པ་ཡིན། །དེ་ལ་མཆོད་ པ་དམ་པ་ནི། །སྦྱོར་བ་རབ་ཏུ་སྦྱོར་བ་སྟེ། །ཀུན་དུ་ཁྱབ་པ་ཀུན་དུ་སྦྱོར། །རྗེས་སུ་ཆགས་པ་དམ་ཚིག་མཆོག །དེ་བྱི་དཀར་ཤམ་མདོག་དང་ལྡན། །བཅུ་དྲུག་བོང་ཚོད་རིང་བ་དང་། །ལུགས་སུ་བླུགས་པ་ལྟ་བུ་སྟེ། །ལུས་ལེགས་མཛེས་དང་ལྡན་པ་དང་། །དཔྲལ་བ་ དབྱེས་ཆེ་ཀོས་ཀོ་ཕྲ། །ནུ་མ་ཆུང་ཞིང་སོར་མོ་རིང་། །ཡིད་ཙམ་མིག་དཀྱུས་རིང་བ་དང་། །སོ་དཀར་ཐགས་བཟངས་མཚམས་ཐུང་ཞིང་། །སྐད་བཟང་མདངས་དང་ལྡན་པ་ནི། །རྡོ་རྗེ་སེམས་དཔའི་གནས་མཆོག་སྟེ། །འདི་ལ་བརྩོན་པར་བྱེད་པ་ནི། །རིགས་ཀྱི་རྡོ་རྗེ་གདོན་མི་ཟ། ། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །གནས་རབ་བདེན་པར་རབ་བརྟགས་ཏེ། །ཤ་དཀར་མདངས་བཟང་མདོག་དང་ལྡན། །ལུས་འབྲིང་ཟླུམ་པ་ཆ་བྱད་ཅན། །སོ་དཀར་ཐགས་བཟངས་མིག་དཀྱུས་རིང་། །སྐད་ཕྲ་མདོག་དགོད་སྤྲོ་རིང་བ། །དཔྲལ་དབྱེས་ལ་སོགས་བཟང་ གནས་པ། །རྨ་ནག་ལ་སོགས་གནས་པ་ནི། །རྟག་ཏུ་ཆོས་ལ་འདུད་པ་ཡིན། །ཚངས་པ་དབྱངས་ཀྱི་རིན་ཆེན་ལས། །འདི་ལས་བརྩོན་བྱས་བསྒྲུབས་པ་ཡི། །དེ་བཞིན་རིགས་ཀྱི་ཏིང་འཛིན་ལས། །ཕན་ཚུན་དུ་ནི་དགའ་སྤྱོད་ན། །ཚངས་པའི་སྔ་དྲོ་གཅིག་ཙམ་གྱིས། ། གདོན་མི་ཟ་བར་འགྲུབ་པར་འགྱུར། །རྣལ་འབྱོར་སྤྱོད་པ་དགའ་བ་ནི། །སྦྱོར་བ་བརྩོན་པས་འགྲུབ་པར་གསུངས། །བུད་མེད་ཆ་ལུགས་ལེགས་པ་ནི། །བོང་ཚོད་མི་རིང་ལུས་ཕྲ་ཞིང་། །རྐང་ལག་ཆུང་ཞིང་སྐད་གསལ་བ། །མིག་ལེགས་ངོ་ཟླུམ་བརྩན་དམར་ཆེ། །བླུན་དུ་ ཆགས་པ་མི་ཤེས་མེད། །ལུས་ལ་མཚན་གྱི་རྨད་འདྲས་བརྒྱན། །ཚིག་གསལ་རྨི་ལམ་ཉུང་བ་དང་། །སོ་དཀར་མཆུ་ལེགས་དད་པར་ལྡན། །ཆོག་ཤེས་པ་ཡི་ཏིང་འཛིན་གྱིས། །གསང་བའི་མཁའ་ལ་ཉི་ཟླའི་འོད། །རྡོ་རྗེ་པདྨོར་ལྡན་བྱས་ཏེ། །ཕན་ཚུན་དུ་ནི་དགའ་སྤྱད་ ན། །འདོད་པའི་ཁམས་ལྷའི་སྐད་ཅིག་གིས། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ལུས་ཟླུམ་གཏུམ་པ་ང་རྒྱལ་ཅན། །ཁོང་ན་སེམས་རྣོག་སེམས་ལ་འཛིན། །བྱ་བ་འདྲ་ལ་མི་གཏོང་ལྡན། །བསླབ་པའི་བློ་རྟུལ་ཤ་རུས་ཆེ། །མདངས་བཀྲག་བརྟགས་ན་ཕྱི་ཕྱིར་གསལ། །སྦྱིན་ལ་དགའ་ ཞིང་ཆོས་ལ་དད། །རིན་ཆེན་རིགས་ཀྱི་ཏིང་འཛིན་གྱིས། །བག་ཆགས་ཡི་གེ་ཚར་གཅོད་ཅིང་། །ཏིང་འཛིན་བློ་ལ་གསལ་བ་ན། །བསྒྲུབ་པའི་དུས་ལ་བབ་པ་སྟེ། །དེ་ཚེ་རབ་ཏུ་རྩེན་པ་ཡིས། །ཡུམ་གྱི་པདྨ་ཁ་ཕྱེ་ཞིང་། །བདེ་བ་ཐུགས་ཀྱི་འཕྲོ་འདུ་ཡིས། །ཕན་ ཚུན་དུ་ནི་དགའ་སྤྱད་ན། །རིགས་ཀྱི་རིན་ཆེན་གྲུབ་པ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཐུགས་རྗེས་མཛད་སྤྱོད་བྱེ་བྲག་གིས། །འཇིག་རྟེན་དག་ན་དམན་པའི་རིགས། །རབ་ཏུ་བཀུག་སྟེ་དགའ་སྤྱད་ན། །སྙིང་རྗེ་མཆོག་དང་ཐབས་ལྡན་པའི། །རྣལ་འབྱོར་ སྤྱོད་པ་ཆེན་པོ་གསུངས། །ཤན་པའི་རིགས་ངན་སྨད་འཚོང་མའི། །ན་བའི་རིགས་དང་འདོད་སྤྱོད་རྣམས། །འཇོམས་པ་ཆེན་པོའི་ཏིང་འཛིན་གྱིས། །མྱུར་དུ་སྤྱད་ན་འགྲུབ་པར་གསུངས། །ཡི་དགས་གནོད་སྦྱིན་བྱོལ་སོང་དང་། །ཁྱི་དང་རུས་སྦལ་སྤྲེའུ་ལ་སོགས། ། མི་དང་ལྷ་ཡི་གནས་མཆོག་ཀུན། །སོ་སོ་འཚམ་པ་དགའ་སྤྱད་ན། །ལས་མཆོག་དམ་པ་འགྲུབ་པར་གསུངས། །རབ་ཏུ་ཆགས་ལ་ཆགས་པའི་མཆོག །རབ་ཏུ་རྨུགས་པ་རྨུགས་པ་སེལ། །ཞེ་སྡང་ཅན་ལ་འཚམ་པར་སྟོན། །གྲགས་པ་ཅན་ལ་ཞི་བ་ཆེ། ། རྩེན་པ་དག་ལ་རྩེན་པར་མཛད། །ཐབས་ཀྱི་མཛད་པ་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕྱིན་ཅི་ལོག་ཏུ་གང་སྤྱོད་རྣམས། །གདུལ་བར་མཛད་པ་སྣ་ཚོགས་ཀྱིས། །མི་མཛད་པ་ནི་ཅི་ཡང་མེད། །ཤིན་ཏུ་གཏུམ་པའི་ཆ་ལུགས་ཀྱིས། །གཏུམ་པོ་ ཐམས་ཅད་དབང་དུ་མཛད། །ཤིན་ཏུ་ཞི་བའི་ཆ་ལུགས་ཀྱིས། །གྲགས་པ་ཅན་རྣམས་དབང་དུ་མཛད། །ཤིན་ཏུ་མདངས་ལྡན་ཆ་ལུགས་ཀྱིས། །ཆགས་པའི་ཡིད་རྣམས་དབང་དུ་མཛད། །ཨེ་མ་འོ་ཤིན་ཏུ་ངོ་མཚར་ཆེ། །དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་ཆེན་པོས་རབ་ ཏུ་བརྩོན་པར་མཛད་པ། །ཡིད་ཀྱི་འཕྲོ་བ་དང་། ཟླ་གམ་མེད་པ་དང་། གྱད་འགྱེད་པ་དང་། ཁུར་བ་བླ་ན་མེད་པས་ཕན་ཚུན་དུ་དགའ་བ་སྤྱོད་དོ། །ཤ་མདོག་དཀར་ལ་ནུ་མ་འབུར། །སྟོད་སྨད་ཕྱེད་ལ་སྨིན་དཀྱུས་རིང་། །པདྨའི་དྲི་ཡང་དུང་ལྟར་འཕྲོ། །པདྨ་ལེགས་པ་གྲོ་ བོས་འདྲ། །ཟླུམ་པ་ཆེ་ཆུང་སྙོམས་པའོ། །ཤ་མདོག་དཀར་ལ་སྨེ་བ་ཅན། །སྟོད་སྨད་ཕྱེད་ལ་སོར་མོ་རིང་། །ནུ་མ་ཆུང་ཞིང་མཁྲང་བ་སྟེ། །དྲི་ཡང་པདྨའི་དྲི་རུ་བྲོ། །མགུལ་པ་ལེགས་ལ་རིང་ཐུང་རན། །པདྨ་དམར་ལ་མཁུར་ཚོས་ལེགས། །སྤྱན་ཡང་ཟླུམ་ལ་འོག་ནས་ ལྟ། །ཤ་མདོག་སེར་ལ་ནུ་མ་ཟླུམ། །རྐེད་པ་ཕྲ་ལ་རོ་སྨད་ཟླུམ། །རྐང་པའི་སོར་མོ་ནང་དུ་སྐྱོར། །ལུས་ཀྱང་ལེགས་ལ་ཆེ་ཆུང་སྙོམས། །ཚེམས་ཀྱང་དམར་ལ་ཐགས་ཀྱང་དམ། །སོར་མོ་རྣམས་ཀྱང་ཕྲ་ལ་རིང་། །དྲི་ཡང་ཙན་དན་དྲི་རུ་བྲོ། །ཡན་ལག་ལྕུག་མ་བཞིན་ དུ་མཉེན། །པདྨ་སེར་ལ་ཕྲ་ལ་རིང་། །སྤྱན་ཡང་ཕྲ་ལ་ཟུར་དུ་གཟིགས། །ཤ་མདོག་གནག་ལ་སྨེ་བ་གནག །ཤ་ཡང་གནག་ལ་རྩུབ་པ་སྟེ། །སྐད་གདངས་མི་སྙན་གཉིད་ར་རོ། །རྨོངས་ལ་མི་ཤེས་སུབ་སུབ་མོ། །ནུ་རྡོག་ཆེ་ལ་ནུ་བཤལ་རིང་། །རྐང་པ་སྦོམ་ལ་སོར་ མོ་ཐུང་། །གདོང་ཡང་ལེབ་ལ་སྨེ་བ་མཐུག །སྨིན་མ་ཐུང་ལ་མིག་མི་སྡུག །ལུས་པོ་སྦོམ་ཐུང་མཇིང་པ་ཐུང་། །པདྨ་གནག་ལ་ཡངས་པ་སྟེ། །བ་ལང་ཅན་གྱི་རིགས་ཞེས་པའོ། །གཟུངས་མ་མཚན་དང་ལྡན་པ་བཙལ་བའི་དོན་ནི། རང་དབང་ཐོབ་པ་ད་ལོ་ཡང་། །བཅོས་སུ་ བཏུབ་ལ་ལུང་ཉན་པ། །སྐད་གསལ་ལྟ་བས་ཐག་ཆོད་པ། །སྤྱོད་པ་ལ་དོར་རྟོག་པ་ཆོམས། །ཡིད་གཞུངས་བློ་རྣོ་དབང་པོ་གསལ། །སེམས་དག་གཞུང་བཟང་ཞལ་ངོ་རྟག །དམ་ཚིག་ཕོག་ལས་མི་འདའ་བ། །ཚིག་ལ་བརྫུན་གྱི་གྲོན་ཐེབ་མེད། །དད་པ་སྐྱོ་དང་དུབ་པ་མེད། །སྤྱོད་ པ་བླང་ཞིང་དོར་བ་མེད། །བརྩོན་འགྲུས་ཐང་དང་ལྷོད་པ་མེད། །ངོ་ཚ་ཤེས་དང་ཁྲེལ་ཡོད་པ། །གོམ་པ་དལ་ལ་སྤྱོད་པ་གཟོབ། །མིག་འབྲུ་ཚུགས་སུ་མི་ལྟ་ཞིང་། །འོག་དང་ཟུར་གྱིས་རྟོགས་པར་ལྟ། །དབུ་ལོ་འཇམ་ལ་ལྕང་ལོར་འཁྱིལ། །སྤྱན་བཀྲ་ཕྲ་ལ་དཀྱུས་རིང་བ། །སྣ་ གཟུར་ཟོར་ལ་རྒྱུད་མ་ཆད། །ཡ་ཡོ་ཉག་དད་ཆད་པ་མེད། །སོ་དཀར་སུམ་ཅུ་ཐགས་བཟངས་ལ། །ཀོས་ཀོ་སོགས་བུ་ཡུལ་གཟུངས་འདྲ། །མདོག་སྡུག་དཀར་དམར་མདངས་ཕྱེད་པ། །རྐེད་ཕན་ཆག་གང་ཟླུམ་པ་དང་། །མགུལ་པ་ཟླུམ་ལ་ཕྲ་ལ་རིང་། །ངང་མོ་བྱ་ཡི་ ཚུལ་དང་འདྲ། །སྣ་ཟླུམ་བལྟ་མཛེས་ཆུང་བ་དང་། །ཕྱག་གི་སོར་མོ་ཕྲ་ལ་རིང་། །རྣ་བ་གྲོ་བ་གཅུས་པ་འདྲ། །ལྕེ་ནི་དར་བལྟབ་ཁུག་པ་བཞིན། །དབུགས་རྒྱུ་ཕྱི་ནང་མེད་པ་འདྲ། །གཉིད་ཆུང་ཤ་ཡང་སྡུད་པ་མེད། །ཁ་སྣབས་མེད་ལ་དྲི་ཞིམ་པ། །སྣ་ཚོགས་སྤོས་དྲི་ལུས་ལ་ བྲོ། །བསྐྱོད་པར་མཁས་ཤིང་ལས་ལ་དཔའ། །སྦྱོར་དྲོད་རིག་དང་ཏིང་འཛིན་རིག །པདྨ་དམ་ལ་སྤྱད་ན་དོག །ནུ་མ་དག་ནི་ཆུང་ལ་སྲ། །ཁ་མཆུ་སྲབ་ལ་བཟང་བའོ། །ལྷ་ཡི་སྦྱོར་བ་ཙོག་པུ། །མིའི་གན་རྐྱལ། ཡི་དགས་ཟུར་གྱིས་སྦྱོར། བྱོལ་སོང་ཁ་སྦུབ་ཏུ་སྦྱོར་ རོ། །གཟུངས་མ་མཚན་དང་ལྡན་པ་རྣམས་ལ་ཞག་ཟླའི་ཚད་བཟུང་སྟེ། དམ་དུ་བཅས་ནས་མཆོད་དུས་མི་ཆག་པར་ཕྱི་ནང་མི་བསྲེ། དམ་བཅས་པ་ལ་མ་གཏོགས་པ་གཞན་དང་སྦྱར་བར་མི་བྱའོ། །གཞན་དུ་སྦྱོར་བ་བྱས་ན་དམ་ལས་འདས་ཏེ། །མངལ་གྱི་སྲིན་ བུ་ཁ་དམར་དུ་སྐྱེའོ། །དམ་ལས་མ་འདས་བཀའ་བཞིན་དུ་བསྲུངས་ན། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྲས་སུ་སྐྱེའོ། །གཟུངས་མ་འདི་དག་དང་བཀའ་མཐུན་པར་བསྒྲུབས་ན་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་ སེམས་དཔས་གསུངས་སོ། །ཧེ་རུ་ཀ་རོལ་པ་ལས་གསང་བའི་ལྷ་མོ་མཆོད་པའི་སྦྱོར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་རུ་ལུའི་བསྙེན་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཞུགས་ ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །རུ་ལུ་ཆོས་ཉིད་དུ་ཤེས་པ་ནི་ཨོྃ་ལ་དཔལ་ཆེན་པོ་ཡབ་ལྔ་ལ་ཡུམ་ཁྲག་འཐུང་རྒྱལ་མོ་ལྔ་ཡང་སྐུ་ལ་རྫོགས་སོ། །དེ་ཉིད་ལྟ་བས་སྲིན་པོར་སོང་གིས་དོགས་ནས་ཡེ་ཤེས་ལྔར་བསྟན་ཏོ། །ཨ་ལྟར་སྣང་ བ་ཆ