Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 045_མདོ་སྡེ།_ཀ
Văn bản gốc(Tây Tạng)
Trang 16 / 22 (50.000 ký tự/trang)
།སྲས་པོ་བློ་ལྡན་བློ་ བཟངས་རིམ་གྲོ་པ། །ཡེ་ཤེས་འགྲོས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ལ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །ཆགས་མེད་དངོས་པོ་མེད་པར་སོང་བ་པོ། །བྱེ་ཕྲག་སུམ་ཅུ་གཉིས་གཉིས་ཚང་བར་ཡོད། །མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དྲུག་པ་གསེར་གྱི་བླ་རེར་ལྡན། །དེ་བཞིན་གཤེགས་པ་ཚངས་པའི་དབྱངས་དག་གི། །སྐྱེ་བའི་ཡུལ་ནི་མཆོད་རྟེན་ མཆོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་ཚངས་བཟངས་ཡིན། །ཆོས་ཀྱི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་ཕམ་མེད་རིམ་གྲོ་པ། །དགྲ་འཇོམས་པ་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་འཇིགས་པ་མེད་ པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་གཉིས་ཀུན་ལའང་། །སྲིད་གསུམ་རྣམ་གྲོལ་ཡིད་ལྡན་མི་སློབ་པར། །ཐེར་འབུམ་ཐེར་འབུམ་དག་ནི་ཡོད་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ ཁྲི་ཚང་བར་གནས་པར་འགྱུར། །ལྷ་མི་དག་ལ་ཕན་དང་བདེ་བའི་ཕྱིར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །འཇིག་རྟེན་མཆོག་མ་དབྱངས་ནི་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་ཡིད་འོང་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཡབ་ནི་ ཚངས་བཟངས་ཡིན། །གྲགས་ལྡན་ང་རོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་རབ་ཞི་ལེགས་ཞི་རིམ་གྲོ་པ། །རབ་ཞི་དགའ་ཞེས་བྱ་བ་མཁས་པ་སྟེ། །གསལ་བར་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །འཇིག་རྟེན་ཕན་ཕྱིར་གནས་པའི་དགྲ་ བཅོམ་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་ཆོས་ལོ་གྲངས་ཉི་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་བརྒྱ་པ་གཅིག་ནི་འབྱུང་འགྱུར་ཏེ། །རིན་ཆེན་སྟོང་སྙེད་དག་གིས་རྣམ་པར་སྤྲས། ། རྒྱལ་བ་ཤེས་རབ་ཆེན་པོའི་སྟེགས་དག་གི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་ཚོགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་བློ་གྲོས་ཅན། །ཤེས་རབ་མཆོག་མ་རྒྱལ་ཡུམ་ཤེས་རབ་ཅན། །སྲས་ཡིན་ཤེས་རབ་བཟང་པོ་རིམ་གྲོ་པ། །ཤེས་ རབ་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །ཤེས་རབ་སྣང་བར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །རྒྱ་མཚོ་ལྟ་བུའི་བློ་དང་ལྡན་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །དམ་ཆོས་ལོ་གྲངས་སུམ་ ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ལ། །དཔག་ཚད་སུམ་ཅུ་པ་སྟེ་གསེར་ལས་བྱས། །མུ་ཏིག་བླ་རེར་ལྡན་ཞིང་གསེར་གྱིས་སྤྲས། །དེ་བཞིན་གཤེགས་པ་བློ་གྲོས་ཟླ་མེད་པའི། །སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། ། རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ལྟེ་བ་བཟང་པོ་ཡབ། །ཡོན་ཏན་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་བློ་ལྡན་དྲན་ལྡན་རིམ་གྲོ་པ། །བྱང་ཆུབ་འོད་ཅེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ བདུན་ཅུ་ཀུན་ལ་ཡང་། །འཁྲུལ་མེད་ཡོན་ཏན་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །བདེན་པ་གསུང་བ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བདུན་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་ཐེར་འབུམ་དགུ་བཅུ་འབྱུང་། །དེ་བཞིན་གཤེགས་པ་རྡོ་རྗེ་མཁྲེགས་པ་ཡི། །སྐྱེ་ཡུལ་རབ་ཏུ་འདུལ་བར་དཀའ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱེར་མེད་ཡིན། །མི་ཐུབ་ཐུབ་ནི་རྒྱལ་ ཡུམ་བསམ་གཏན་འགྲོ། །སྲས་ཡིན་ཆགས་པ་མེད་པ་རིམ་གྲོ་པ། །མཐུ་རྩལ་བརྟན་པོ་ཞེས་བྱ་མཁས་པ་སྟེ། །འགྲོས་མི་འཁྱིལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །མཆོག་ཏུ་ཞི་བར་ཕྱིན་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་བརྒྱད་ ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །སྐུ་གདུང་མཆོད་རྟེན་དཔག་ཚད་བཅུ་གཅིག་པ། །གཅིག་སྟེ་རིན་ཆེན་བརྒྱ་སྙེད་དག་གིས་སྤྲས། །དེ་བཞིན་གཤེགས་ པ་བྱང་ཆུབ་བློ་གྲོས་ཀྱི། །སྐྱེ་བའི་ཡུལ་ནི་བློ་གྲོས་འཆང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ཤེད་བུ་ཡིན། །སྤོས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བློ་ལྡན་བློ་ཆེན་རིམ་གྲོ་པ། །བྱང་ཆུབ་རྒྱལ་མཚན་ཞེས་བྱ་ མཁས་པ་སྟེ། །བྱང་ཆུབ་ཚོགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་གཉིས་ཀུན་ལའང་། །ཁུར་བོར་རྣམ་པར་གྲོལ་བར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་ དག །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །མི་ཡི་མཆོག་མ་ལྗོན་ཤིང་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་དབང་པོ་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ ཚད་བརྒྱ་ཡོད་རྒྱལ་བའི་དབང་པོ་ཡབ། །ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐར་མཁན་ལེགས་སྣང་རིམ་གྲོ་པ། །ཡོན་ཏན་དག་གིས་བརྒྱན་པ་མཁས་པ་སྟེ། །འཇིགས་པ་མེད་པའི་ཕྲུག་གུ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བྱེ་བ་ཕྲག་ ནི་བདུན་ཅུ་བཞི་བཞི་ཡོད། །གཞན་ཡང་བརྒྱད་ཁྲི་བརྒྱད་ཁྲི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །ཡོན་ཏན་མཐའ་ཡས་པ་ཡི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་ཉིས་སྟོང་གནས་པར་འགྱུར། །ལྷ་མི་དག་ལ་ཕན་ཞིང་བདེ་བའི་ཕྱིར། །རྒྱལ་བའི་སྐུ་གདུང་དག་ ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་གདངས་སྙན་སྐྱེ་བའི་ཡུལ། །ཡིད་དུ་འོང་བའི་དབྱངས་དང་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་རབ་ཏུ་དགའ་བ་ཡབ། །མཆོག་མཐོང་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྒྱལ་མཆོག་ ཆོས་ཅན་རིམ་གྲོ་པ། །བདུད་རྩི་ང་རོ་ཞེས་བྱ་མཁས་པ་སྟེ། །འཕགས་པས་བསྔགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་ཞི་བ་གཏི་མུག་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་ སྟོང་ཡིན། །ཆགས་པ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་བདུན་ཅུ་རྩ་བདུན་པ་གཅིག་འབྱུང་། །དེ་བཞིན་གཤེགས་པ་བསོད་ནམས་སྟོབས་དག་གི། །སྐྱེ་ཡུལ་བསོད་ ནམས་སྣང་བར་བྱེད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གསུམ་ཡབ་ནི་བསོད་ནམས་འོད། །བསོད་ནམས་ཟླ་བ་རྒྱལ་བའི་ཡུམ་ཡང་ཡིན། །སྲས་པོ་བློ་ལྡན་བློ་ཆེན་རིམ་གྲོ་པ། །བློ་ཆེན་འོད་ནི་བློ་གྲོས་ཅན་ཡིན་ཏེ། ། བློ་གྲོས་རྣམ་པར་གྲོལ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །སྲིད་པ་ཀུན་ལ་ཆགས་བྲལ་ཡིད་ལྡན་པ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་ཡིན། །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང་། ། དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །དེ་བཞིན་གཤེགས་པ་མཐུ་ཡི་དཔལ་དག་གི། །སྐྱེ་བའི་ཡུལ་ནི་བརྟན་པར་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་ འོད་དཔག་ཚད། །དགུ་བཅུ་རྩ་གཉིས་ཡབ་ནི་ལེགས་མཐུ་ཡིན། །ཡོན་ཏན་མཐུ་བདག་རྒྱལ་ཡུམ་ཡང་དག་གནས། །སྲས་ཡིན་གནས་པའི་དབང་པོ་རིམ་གྲོ་པ། །ཡེ་ཤེས་གནས་ཞེས་བྱ་བ་མཁས་པ་སྟེ། །མཐུ་རྩལ་ལེགས་པར་གནས་པ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་ཐམས་ཅད་རྣམ་པར་གྲོལ་གྱུར་པ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲི་ལྔ་སྟོང་བར་དུ་གནས། ། རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་ལས་བྱས་པ་ཡིན། །དེ་བཞིན་གཤེགས་པ་འཕགས་པ་དགྱེས་པ་ཡི། །སྐྱེ་ཡུལ་དྲང་སྲོང་དད་པར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་ བཟང་ཡིན། །དགྲ་བཅོམ་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོད་པ་མཆོད་ལྡན་རིམ་གྲོ་པ། །འཕགས་པའི་འོད་ཅེས་བྱ་བ་མཁས་པ་སྟེ། །འཕགས་པ་དད་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །ཉོན་མོངས་གསུམ་གྱི་ དྲི་མ་མེད་གྱུར་པ། །དེ་དག་ཐེར་འབུམ་ཐེར་འབུམ་འདུས་པར་འགྱུར། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་བྱིན་གྱིས་བརླབས་ནས་ཀྱང་། །འཇིག་རྟེན་ སྐུ་གདུང་རྒྱས་ཤིང་གང་བར་འགྱུར། །འཇིག་རྟེན་མགོན་པོ་མཐུ་སྟོབས་སྐྱེ་བ་ཡི། །ཡུལ་ནི་ཡོན་ཏན་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །ལྷ་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྒྲ་གཅན་ སྐར་མ་རིམ་གྲོ་པ། །ཡོན་ཏན་དག་གིས་བརྒྱན་པ་མཁས་པ་སྟེ། །འཇིག་རྟེན་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །རྫུ་འཕྲུལ་རྐང་བཞིས་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་གྱི་མགོ་རྒྱན་ལྡན། །སངས་རྒྱས་སྐར་མ་ལ་ནི་དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་འོད་འཕྲོ་སྣང་ཞེས་བྱ། ། རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །མཆོག་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྟ་བྱེད་འོད་འཕྲོ་རིམ་གྲོ་པ། །ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །མཚོ་ལྟར་གང་བའི་བསམ་གཏན་པ་ཡི་གྲངས། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སུམ་ཁྲིའི་བར་དུ་གནས། །ལྷ་མི་དག་ལ་ ཕན་ཕྱིར་རྒྱལ་བ་ཡི། །སྐུ་གདུང་རྒྱས་ཤིང་རྣམ་པར་གང་བར་འགྱུར། །དེ་བཞིན་གཤེགས་པ་སྤྲིན་གྱི་རྔ་སྒྲ་ཡི། །སྐྱེ་བའི་ཡུལ་ནི་བདུད་རྩིའི་དབྱངས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་གཉིས་ཡབ་ནི་ལེགས་བཟང་ཡིན། །གདངས་སྙན་མ་ཞེས་བྱ་བ་ རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐོང་དགའ་སྦྱངས་རིམ་གྲོ་པ། །ཡོན་ཏན་ངེས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ངེས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་ཐམས་ཅད་ཆགས་པ་མེད་གྱུར་པ། །བྱེ་བ་ཕྲག་ ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །མཐའ་ཡས་འདུལ་བར་མཛད་པའི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དྲུག་པ་ཁོར་ཡུག་བླ་རེར་ལྡན། །དེ་བཞིན་ གཤེགས་པ་སྤྱན་སྡུག་པ་ཡི་ཞལ། །སྐྱེ་བའི་ཡུལ་ནི་མཐོང་བས་མཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་སྤྱན་ལེགས་ཡིན། །མིག་སྦྱིན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཇིག་རྟེན་ཆགས་མེད་རིམ་གྲོ་པ། །ཡོན་ཏན་མཐོང་ ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །ཐེག་པ་མཆོག་གིས་ལེགས་གནས་འབྲས་ཐོབ་པ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་བཞི་སྟོང་ཡིན། །འགོག་པར་ཕྱིན་པའི་ དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །ཞིང་གྲངས་སྟོང་སྙེད་དག་ཏུ་གང་བར་འགྱུར། །དེ་བཞིན་གཤེགས་པ་ཡེ་ཤེས་བཟང་ལྡན་གྱི། །སྐྱེ་ཡུལ་ཡེ་ཤེས་སྒྲོན་མ་ཞེས་ཀྱང་བྱ། །དེའི་རིགས་ བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡེ་ཤེས་སྐར་མདའ་ཡབ། །ཡེ་ཤེས་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཤེས་དགའ་ཤེས་འབྱོར་རིམ་གྲོ་པ། །ཡེ་ཤེས་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །ཡེ་ཤེས་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ཅན། །འདུས་པ་ ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཁོར་ཡུག་ལྟ་བུར་གཡོ་བ་མེད་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་ མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱ་པ་ཁོར་ཡུག་བླ་རེར་ལྡན།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་པ། འཇིག་རྟེན་བླ་མ་འབྱོར་པར་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། ། རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་བློ་གྲོས་ཅན། །ཡོན་ཏན་ཚོགས་ནི་རྒྱལ་ཡུམ་ཡོན་ཏན་མཆོག །སྲས་ཡིན་ཡོན་ཏན་གཟི་བརྗིད་རིམ་གྲོ་པ། །ཡོན་ཏན་གཟི་བརྗིད་འཆང་བ་བློ་ཅན་ཏེ། །ཡོན་ཏན་ཀུན་གྱིས་མཆོད་པ་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །སྲེད་ལྕུགས་དྲ་བ་དག་ལས་གྲོལ་བ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་ཅུ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲི་བདུན་སྟོང་བར་དུ་གནས། །ཁམས་ གསུམ་ཀུན་གྱི་འགྲོ་ལ་ཕན་པའི་ཕྱིར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །སངས་རྒྱས་ཡོན་ཏན་ཕུང་པོ་སྐྱེ་བའི་ཡུལ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ལྷ་ཡི་རྫུ་འཕྲུལ་ཡབ། ། རྫུ་འཕྲུལ་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྣམ་སྒྲོགས་དྲག་ཤུལ་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །ཡོན་ཏན་སྒྲོན་མའི་མཆོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །སྲིད་གསུམ་འདམ་གྱིས་གོས་པ་མེད་པ་པོ། །བྱེ་ བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བརྒྱད་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲི་བརྒྱད་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གཉིས་པ་གཅིག་ལྷ་རྫས་བླ་རེར་ལྡན། །འཇིག་ རྟེན་བླ་མ་གསལ་བ་སྐྱེ་བའི་ཡུལ། །འཇིགས་པ་མེད་པའི་བསོད་ནམས་ཞེས་ཀྱང་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་གྲགས་པའི་དབང་པོ་ཡབ། །ལྷ་གྲགས་འཛིན་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གྲགས་འཛིན་ཟླ་སྡུག་རིམ་ གྲོ་པ། །སྙན་པར་གྲགས་པ་ཐོབ་པ་བློ་ཅན་ཏེ། །སྙན་པར་གྲགས་པ་གསལ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །འཇིག་རྟེན་དག་གིས་མཆོད་འོས་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་བྱེ་བ་ བདུན་ཅུ་དྲུག །སེམས་ཅན་སྙིང་པོའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བྱེ་བ་ཉི་ཤུ་གཉིས་སུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་དེ་ཀུན་རིན་ཆེན་བདུན་ལས་བྱས། །དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་གྱི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ ཚོགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་ཡབ་ནི་མྱ་ངན་མེད། །རིན་ཆེན་རྒྱལ་མཚན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཤེས་མཆོག་འཕགས་པ་རིམ་གྲོ་པ། །བདུད་རྩིའི་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ། །འཇིགས་པ་མེད་པར་གྲགས་ པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང་། །འཇིག་རྟེན་ཆོས་བརྒྱད་དག་ལས་གྲོལ་བ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་ཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་གི་ མཆོད་རྟེན་ནི། །དཔག་ཚད་བཅུ་པ་གཅིག་སྟེ་གདུགས་ཀྱི་གྲངས། །སྟོང་ཕྲག་བདུན་ཅུ་སྙེད་ཀྱིས་རྣམ་པར་བརྒྱན། །སངས་རྒྱས་ཡེ་ཤེས་ང་རོ་སྐྱེ་བ་ཡི། །ཡུལ་ནི་ཡེ་ཤེས་རབ་ཏུ་གནས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཡོན་ཏན་ མཆོག །གཙོ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྡེ་བཟངས་ཁྱད་འཕགས་རིམ་གྲོ་པ། །ཆོས་ཀྱི་སྒྲ་ཞེས་བྱ་བ་མཁས་པ་སྟེ། །ཐར་པའི་སྒྲ་དབྱངས་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ལྔ་ཀུན་ལའང་། །དགྲ་བཅོམ་བྱས་བསྲུངས་ཤེས་རབ་ རྣམ་གྲོལ་བ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་སྟོང་ སྙེད་ཀྱིས་གང་བར་འགྱུར། །འཇིག་རྟེན་མཆོག་མ་ནམ་མཁའ་སྐྱེ་བ་ཡི། །ཡུལ་ནི་གཟི་བརྗིད་སྒྲོན་མ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་བཞི་ཡབ་ནི་རི་དབང་ཡིན། །འགྲོས་བརྟན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གནས་མེད་ཐོགས་ མེད་རིམ་གྲོ་པ། །གནས་ལ་དགའ་ཞེས་བྱ་བ་མཁས་པ་སྟེ། །ཆགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །སྲིད་པ་ཀུན་ནས་གྲོལ་བའི་ཡིད་ལྡན་པ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། ། ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱི་བླ་རེ་ལྡན། །སངས་རྒྱས་མཆོད་སྦྱིན་ང་རོ་སྐྱེ་བ་ཡི། །ཡུལ་ནི་ཆོས་རྣམས་སྣང་བར་བྱེད་ཅེས་བྱ། ། རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་སྒྲོན་མ་ཡིན། །ཡོན་ཏན་གདངས་སྙན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་སྦྲང་རྩི་སྐད་སྙན་རིམ་གྲོ་པ། །སྤོབས་པའི་དབྱངས་ནི་བློ་གྲོས་ཅན་ཡིན་ཏེ། །དབྱངས་མཆོག་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རྣམ་ཐར་བརྒྱད་ཀྱི་ཕ་མཐར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་ གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །སངས་རྒྱས་ཤེས་རབ་རྣམ་འགོད་ང་རོ་ཡི། །སྐྱེ་བའི་ཡུལ་ནི་མཆོག་ཏུ་དགའ་ཞེས་བྱ། །བདེ་བར་གཤེགས་པའི་རིགས་ནི་རྒྱལ་རིགས་ཡིན། །འོད་ནི་སྟོང་གསུམ་ཚད་ཙམ་བློ་བཟངས་ཡབ། །དེས་ པའི་སྒྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྣང་བྱེད་ལྷ་ནི་རིམ་གྲོ་པ། །བལྟ་ན་སྡུག་ཅེས་བྱ་བ་མཁས་པ་སྟེ། །རྣམ་པར་སྣང་བྱེད་ལྷ་ནི་རྫུ་འཕྲུལ་ཅན། །འདུས་པ་དག་ནི་མཐའ་ཡང་ཡས་པ་སྟེ། །གཟུངས་རྣམས་ཐོབ་པ་ཕྱིར་ནི་མི་ལྡོག་པ། །བྱང་ཆུབ་སེམས་དཔའི་ འཁོར་རྣམས་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བརྒྱད་འབུམ་ཡིན། །བྱང་ཆུབ་བསྲུང་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བརྒྱད་འབུམ་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་ཞིང་རྣམས་གང་། །གསེར་རྒྱན་བྱེ་ བ་དག་གིས་བརྒྱན་པར་འགྱུར། །སངས་རྒྱས་ཡོན་ཏན་འོད་ཟེར་གཟི་བརྗིད་ཀྱི། །སྐྱེ་ཡུལ་ཡོན་ཏན་ཀུན་དང་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཡབ་ནི་ཡོན་ཏན་འོད། །ཡོན་ཏན་འོད་བཟངས་རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་ རྒྱ་མཚོ་ཟླ་བ་རིམ་གྲོ་པ། །ཟླ་བ་འཕགས་ཞེས་བྱ་བ་མཁས་པ་སྟེ། །ཡོན་ཏན་མཆོག་གིས་མཆོད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན་པ་པོ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ ནི་དྲུག་ཁྲི་ཡིན། །འགྲོ་ལ་ཕན་ཕྱིར་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་མཆོད་ཅིང་བཀུར་བར་འགྱུར། །མི་ཡི་འདྲེན་པ་དྲང་སྲོང་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་འཕགས་པས་ བལྟས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གསུམ་ཡབ་ནི་གསལ་བ་ཡིན། །འཕགས་མཉམ་མ་ནི་རྒྱལ་ཡུམ་དྲང་སྲོང་བྱིན། །སྲས་ཡིན་འཕགས་པའི་མེ་ཏོག་རིམ་གྲོ་པ། །ཡོན་ཏན་གཟི་བརྗིད་འཆང་བ་བློ་ཅན་ཏེ། །ཡེ་ཤེས་རྣམ་པར་འཕྲུལ་ པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གསུམ་ཀུན་ལའང་། །མིང་རྣམས་གསལ་ཞིང་མདུད་པ་སྤངས་པ་པོ། །བྱེ་བ་སྟོང་ཕྲག་དག་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མཐའ་ཡས་འདུལ་བར་མཛད་པའི་དམ་ཆོས་དག །ལོ་གྲངས་ བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་ནོར་བུས་རྣམ་པར་སྤྲས། །མི་ཡི་འདྲེན་པ་བློ་དང་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་མཛངས་པས་བལྟས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། ། དཔག་ཚད་བརྒྱ་ཡོད་ཡབ་ནི་དྲན་ལྡན་ཡིན། །དགེ་བའི་ང་རོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་མེ་ཏོག་མཁས་པ་རིམ་གྲོ་པ། །ཡོན་ཏན་ཁ་ལོ་སྒྱུར་བ་བློ་ཅན་ཏེ། །ཕན་འདོད་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །སྲིད་པ་སྤངས་ པའི་སེམས་དང་ལྡན་པ་པོ། །དེ་དག་ཐེར་འབུམ་ཕྲག་ནི་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །སྣང་མེད་ཐོབ་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་ བཅུ་འབྱུང་། །དེ་བཞིན་གཤེགས་པ་སྤོབས་པའི་ཚོགས་དག་གི། །སྐྱེ་བའི་ཡུལ་ནི་མཆོད་ཅིང་བསྒོམས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་གསུམ་ཡོད་ཡབ་ནི་རྟོགས་ལྡན་ཡིན། །ཡེ་ཤེས་སྟོབས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཕགས་ པ་དགྲ་བཅོམ་རིམ་གྲོ་པ། །ཡོན་ཏན་ཕུང་པོ་ཞེས་བྱ་མཁས་པ་སྟེ། །ཡེ་ཤེས་ཡོན་ཏན་འབྱུང་གནས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །འགྲོ་བའི་མཆོག་ལ་དགའ་བའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་སུམ་ཅུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉིས་ཁྲི་ཉིས་ སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱིས་རྣམ་པར་སྤྲས། །འཇིག་རྟེན་མཆོག་མ་མཆོད་སྦྱིན་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་མཆོད་སྦྱིན་ གསལ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་ལྔ་མཆོད་སྦྱིན་བཟང་པོ་ཡབ། །ཐར་པའི་ང་རོ་རྒྱལ་ཡུམ་སྲས་པོ་ནི། །བསོད་ནམས་འབྱུང་གནས་རྒྱལ་བ་རིམ་གྲོ་པ། །ངེས་པས་བྱས་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་སྟོབས་ནི་རྫུ་འཕྲུལ་ ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །དགྲ་བཅོམ་ཐམས་ཅད་ཆགས་པ་མེད་གྱུར་པ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་ལྔ་སྟོང་བར་དུ་གནས་པར་ འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་གིས་འཁོར་བར་བསྐོར། །དེ་བཞིན་གཤེགས་པ་ཟླ་བའི་ཞལ་སྐྱེ་བའི། །ཡུལ་ནི་རྣམ་པར་སྣང་བྱེད་ལྷ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ ཅུ་ཡབ་ནི་ཡུལ་འཁོར་བཟང་། །ཡུལ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐོང་ཕན་འདོད་རིམ་གྲོ་པ། །མེ་ཏོག་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །སྣང་བར་བྱེད་པའི་ལྷ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཐེག་པ་མཆོག་ གིས་རྣམ་པར་གྲོལ་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་ གསེར་གྱི་བླ་རེར་ལྡན། །དེ་བཞིན་གཤེགས་པ་ཤིན་ཏུ་གཟིགས་པ་ཡི། །སྐྱེ་བའི་ཡུལ་ནི་སྐར་མ་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་རི་དབང་ཡིན། །འོད་མཐའ་ཡས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་པད་མ་རིམ་ གྲོ་པ། །དགའ་བའི་དབྱངས་ཞེས་བྱ་བ་མཁས་པ་སྟེ། །ཡོན་ཏན་མཆོག་གསལ་བ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །ཐེག་པ་མཆོག་གིས་གཏི་མུག་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཀུན་ཚེ་ལོ་བརྒྱ་ནི་སུམ་ཅུ་ཡིན། །ཡོངས་ སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་བཅུ་དྲུག་པ་གཅིག་གསེར་གྱིས་སྤྲས། །ཡོན་ཏན་རྒྱ་མཚོ་རྡུལ་དང་བྲལ་བ་ཡི། །སྐྱེ་ཡུལ་ཡོན་ཏན་ཀུན་དང་ལྡན་ཞེས་བྱ། །རིགས་ ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་ཡོན་ཏན་དབང་པོ་ཡབ། །ཡོན་ཏན་བདེན་འཛིན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་བཟང་ལྡན་ལེགས་སེམས་རིམ་གྲོ་པ། །སྟོབས་བཅུའི་འོད་ཅེས་བྱ་བ་མཁས་པ་སྟེ། །ཚོགས་དབང་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །འཇིག་རྟེན་ཆོས་དང་མཚུངས་མེད་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། ། འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །ཞིང་རྣམས་དག་ཏུ་རྒྱས་ཤིང་གང་བར་འགྱུར། །དེ་བཞིན་གཤེགས་པ་ཡོན་ཏན་ཚོགས་དག་གི། །སྐྱེ་བའི་ཡུལ་ནི་གྲགས་པ་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་ཡོན་ཏན་འོད། ། ཡོན་ཏན་གཟི་བརྗིད་འཛིན་པ་རྒྱལ་བའི་ཡུམ། །སྲས་པོ་མཆོད་རྟེན་ལེགས་སྤྱད་རིམ་གྲོ་པ། །སྐད་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་ཟླ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །ཆོས་ཀྱི་མཆོག་མ་ཐོབ་པ་དགྲ་བཅོམ་པ། །བྱེ་བ་ཕྲག་ ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་རྒྱལ་མཚན་མཆོག་གིས་སྤྲས། །མི་ཡི་འདྲེན་ པ་ཏོག་དང་ལྡན་པ་ཡི། །སྐྱེ་ཡུལ་ཏོག་ནི་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་བློ་གྲོས་ཅན། །ཡོན་ཏན་མིག་ནི་རྒྱལ་ཡུམ་སྲས་པོ་ནི། །སྐལ་ལྡན་ཤིང་རྟ་འབྱོར་པ་རིམ་གྲོ་པ། །ཡེ་ཤེས་འོད་ཅེས་བྱ་བ་མཁས་པ་སྟེ། ། རིན་ཆེན་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །ཡོན་ཏན་མཆོག་གི་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་བཅུ་གཉིས་བཅུ་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །གསེར་གྱི་རྒྱལ་མཚན་མཆོག་བརྒྱས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་བསོད་ནམས་རྒྱལ་མཚན་གྱི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་སྤྲུལ་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་བློ་གྲོས་ལྡན། །བལྟ་བཟོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྩི་སྨན་མདངས་བཟངས་རིམ་གྲོ་པ། །ཆོས་ཀྱི་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་ གྲངས་བདུན་ཅུ་ཀུན་ལ་ཡང་། །འཇིག་རྟེན་ཟང་ཟིང་མེད་པའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་ རྟེན་གཅིག་ཡིན་ཏེ། །དཔག་ཚད་བདུན་པ་གསེར་གྱི་བླ་རེར་ལྡན། །དེ་བཞིན་གཤེགས་པ་ཡུལ་འཁོར་སྤོབས་པ་ཡི། །སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་དགུ་ཡབ་ནི་ཡོན་ཏན་དོན། །དོན་སྨྲ་བ་ཞེས་བྱ་བ་ རྒྱལ་བའི་ཡུམ། །སྲས་པོ་ལྟ་བྱེད་ལེགས་མཐོང་རིམ་གྲོ་པ། །བློ་གྲོས་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །མཆོག་ཏུ་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་ཀུན་ལ་ཕན་ཕྱིར་སྙིང་བརྩེ་བ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་ གྲངས་ཁྲི་ཕྲག་སྟོང་རྩ་བཞི། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །ཞིང་རྣམས་དག་ཏུ་རྒྱས་ཤིང་གང་བར་འགྱུར། །སངས་རྒྱས་རིན་ཆེན་རབ་སྦྱིན་སྐྱེ་བ་ཡི། །ཡུལ་ནི་ཐམས་ཅད་སྣང་བར་བྱེད་ ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་འབྱོར་པའི་ལྷ། །ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ལྷ་དགའ་ལྷ་ནི་རིམ་གྲོ་པ། །བདུད་རྩིའི་དབྱངས་ཞེས་བྱ་བ་མཁས་པ་སྟེ། །གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱས་པའི་མཐར་ཕྱིན་ཞི་བར་གྱུར་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་ དག་གི་མཆོད་རྟེན་ནི། །དཔག་ཚད་བཅུ་གསུམ་པ་གཅིག་གསེར་གྱིས་སྤྲས། །དེ་བཞིན་གཤེགས་པ་ཟླ་བ་དགྱེས་པ་ཡི། །སྐྱེ་ཡུལ་ཟླ་བ་རྣམ་པར་སྣང་བྱེད་ཡིན། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ཆགས་མེད་ཡིན། །ལྷ་ཡུལ་མཆོད་ ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པད་མ་སྣང་ལྡན་རིམ་གྲོ་པ། །ཡེ་ཤེས་མཆོག་ཅེས་བྱ་བ་མཁས་པ་སྟེ། །ཡུལ་འཁོར་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ངར་མི་འཛིན་པ་མཁའ་དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་བརྒྱད་ཅུ་ གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །འཇིག་རྟེན་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །ཁམས་གསུམ་དག་ཏུ་རྒྱས་ཤིང་གང་བར་འགྱུར། །དེ་བཞིན་གཤེགས་པ་སེང་གེའི་ སྟོབས་སྐྱེ་བའི། །ཡུལ་ནི་སེང་གེ་རྣམ་པར་བསྒྱིངས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ཕན་དོན་ཡིན། །ལྷ་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བདེན་སྨྲ་དགེ་བ་རིམ་གྲོ་པ། །ལྷུན་པོའི་འོད་ཅེས་བྱ་བ་མཁས་པ་སྟེ། །གནས་པ་མཐའ་ ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །བདུད་དང་སྲེད་པའི་དྲ་བ་འཇོམས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དྲུག་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། ། རྒྱལ་བའི་སྐུ་གདུང་ཐམས་ཅད་རྒྱས་འགྱུར་ལ། །གསེར་གྱི་རྒྱལ་མཚན་དག་གིས་འཁོར་བར་བསྐོར། །དེ་བཞིན་གཤེགས་པ་དབང་སྒྱུར་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་བཅུ་རབ་ཏུ་གདུང་བ་ཡབ། ། གྲགས་ཏོག་འཛིན་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དབང་ཕྱིན་ཆོས་སྦྱིན་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །བཀོད་པ་སྣང་བར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང་། །ལམ་རབ་མཆོག་གིས་ཤིན་ཏུ་དུལ་བ་པོ། །ཐེར་ འབུམ་ཕྲག་ནི་བཅུ་བཅུ་ཚང་བར་འགྱུར། །མི་ཚེ་ལོ་གྲངས་ཆིག་ཁྲི་ལྔ་སྟོང་ཡིན། །བདེ་བར་གཤེགས་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་ཆིག་ཁྲི་ལྔ་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །གསེར་གྱི་རྟ་བབས་མུ་ཏིག་བླ་ རེར་ལྡན། །དེ་བཞིན་གཤེགས་པ་བདུད་རྩི་གསལ་བ་ཡི། །སྐྱེ་ཡུལ་འཇིག་རྟེན་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་གྲགས་བྱིན་ཡིན། །བདུད་རྩི་གྲགས་ཞེས་བྱ་བ་རྒྱལ་བའི་ཡུམ། །ཡོན་ཏན་འོད་སྲས་གཙོ་བོ་རིམ་ གྲོ་པ། །ས་ལ་འགྲོ་ཞེས་བྱ་བ་མཁས་པ་སྟེ། །རྣམ་པར་དག་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །རྫུ་འཕྲུལ་རྐང་པ་མཆོག་ལ་དབང་གྱུར་པ། །བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་ འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲི་ལྔ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་དཔག་ཚད། །གསུམ་པ་ནོར་བུའི་ཆུན་པོ་བླ་རེར་ལྡན། །དེ་བཞིན་གཤེགས་པ་བསམ་གཏན་སྙོམས་པ་ཡི། །སྐྱེ་བའི་ཡུལ་ནི་འཕགས་པས་བལྟས་ཞེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱངས་བཟངས་ཡིན། །དབྱངས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་པ་མ་སྨད་རིམ་གྲོ་པ། །དུལ་གནས་དགའ་ཞེས་བྱ་བ་མཁས་པ་སྟེ། །ཉི་མ་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ ཤུ་གཉིས་ཀུན་ལའང་། །དགྲ་བཅོམ་གཡོ་མེད་དྲི་མ་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲི་བདུན་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། ། དཔག་ཚད་བཅུ་གཅིག་པ་ལ་རིན་ཆེན་སྤྲས། །མི་ཡི་འདྲེན་པ་འཁྲུག་པ་མེད་པ་ཡི། །སྐྱེ་བའི་ཡུལ་ནི་བྱམས་པས་བལྟས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་ལྔ་ལྷ་ཡི་རྫུ་འཕྲུལ་ཡབ། །ལྷ་དགའ་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །ལྷ་བྱེད་ན་ཚོད་བཟང་པོ་ རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །ཤིན་ཏུ་བསྒོམས་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་ཐམས་ཅད་བདག་ཉིད་དུལ་བ་པོ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། ། ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲི་བརྒྱད་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་རྣམས་ཀུན་ཏུ་མཆོད་རྟེན་དག་གིས་གང་། །དེ་བཞིན་གཤེགས་པ་དྲི་མ་རབ་ཞི་བའི། །སྐྱེ་བའི་ཡུལ་ནི་ཞི་བའི་འོད་ཅེས་བྱ། །རིགས་ནི་བྲམ་ ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་རབ་ཏུ་ཞི་བ་ཡབ། །དབང་པོ་དུལ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཛེས་པ་ལེགས་ཞི་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །ཐར་པར་གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ ལའང་། །བདུད་དང་ཉོན་མོངས་རབ་ཏུ་འཇོམས་པ་པོ། །དེ་དག་ཐེར་འབུམ་གཉིས་གཉིས་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་བདུན་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་ཆིག་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ ཏེ། །དཔག་ཚད་བརྒྱད་པ་ཀུན་ནས་མཛེས་པར་བྱས། །དེ་བཞིན་གཤེགས་པ་ཕྱོགས་མ་བསླད་པ་ཡི། །སྐྱེ་ཡུལ་ཀུ་མུ་ད་ཡི་གཟི་བརྗིད་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཅིག་ཆོས་ཀྱི་སྐར་མདའ་ཡབ། །ཕྱོགས་ལྟ་རྒྱལ་ཡུམ་སྲས་པོ་གཟི་བརྗིད་ཅན། །གི་ མི་ལ་ཞེས་བྱ་བ་རིམ་གྲོ་པ། །ཡོན་ཏན་མཐུ་རྩལ་ཞེས་བྱ་མཁས་པ་སྟེ། །སྤོང་སྤོབས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །སྲེད་པ་ཀུན་ལ་ཆགས་བྲལ་ཡིད་ལྡན་པ། །བྱེ་བ་ཕྲག་ནི་བཅུ་བཞི་བཅུ་བཞི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན། ། མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །ཞིང་རྣམས་རྒྱས་ཤིང་རྣམ་པར་གང་བར་འགྱུར། །མི་ཡི་འདྲེན་པ་མཛེས་པ་སྐྱེ་བ་ཡི། །ཡུལ་ནི་རྣམ་པར་བརྒྱན་པའི་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་ རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་དབང་ཡིན། །འཇིག་རྟེན་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གཙོ་བོ་ཐར་འབྱོར་རིམ་གྲོ་པ། །རབ་ཏུ་བརྒྱན་ཅེས་བྱ་བ་མཁས་པ་སྟེ། །མཐུ་རྩལ་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་ པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ལྟ་བ་ཕལ་ཆེན་མ་ལུས་སྤོང་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །མཆོད་རྟེན་དཔག་ཚད་བཅྭ་ལྔ་པ་གཅིག་སྟེ། །གསེར་དང་ནོར་བུ་ཀུན་གྱི་ལྡ་ ལྡི་བཤམས། །གདུགས་གྲངས་བརྒྱ་སྙེད་དག་གིས་འཁོར་བར་བསྐོར། །འཇིག་རྟེན་མཆོག་མ་ཞལ་བཟངས་སྐྱེ་བ་ཡི། །ཡུལ་ནི་འཇིག་རྟེན་ལེགས་པར་ལྟ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལུས་བཟངས་ཡིན། །མཉམ་ཉིད་མཆོག་ མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཁ་སྒྱུར་བློ་ལྡན་རིམ་གྲོ་པ། །ཤེད་སྐྱེས་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །ལེགས་དུལ་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །ལྷ་མི་དག་ལ་ཕན་ཕྱིར་གནས་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་ ཡོད། །མི་ཚེ་ལོ་གྲངས་སུམ་ཅུ་རྩ་བདུན་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱིས་མཛེས་པར་བྱས། །རྒྱལ་བ་ཤུགས་གནས་ཡེ་ཤེས་ ལྡན་པ་ཡི། །སྐྱེ་ཡུལ་བསོད་ནམས་ལེགས་པར་བསགས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བདུན་ཡོད་ཡབ་ནི་ཡོན་ཏན་དོན། །དོན་གྱི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཀུན་འཕགས་དགའ་བོ་རིམ་གྲོ་པ། །ཤེས་བཟོད་ཅེས་ནི་བྱ་ བ་མཁས་པ་སྟེ། །རྣམ་པར་གྲགས་པའི་སྒྲོན་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །ཡོན་ཏན་མཆོག་གི་མེ་ཏོག་ཁ་རྒྱས་པ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག ། ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་དག །འགྲོ་ལ་ཕན་ཕྱིར་ཞིང་རྣམས་གང་བར་འགྱུར། །འཇིག་རྟེན་མཆོག་མ་གསུང་བའི་དབང་པོ་ཡི། །སྐྱེ་ཡུལ་སྨྲ་བའི་དབང་ཕྱུག་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །སུམ་ ཅུ་རྩ་གཉིས་ཤིང་རྟ་དབང་པོ་ཡབ། །འཕགས་པའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གྲགས་དགའ་བསོད་ནམས་རིམ་གྲོ་པ། །དགེ་བའི་སྟོབས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ཀྱི་ང་རོ་མཆོག་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བླ་མེད་བྱང་ཆུབ་ མཆོག་ལ་ངེས་གྱུར་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །ལྷ་མི་དག་ལ་ཕན་ཕྱིར་རྒྱལ་བ་ཡི། །སྐུ་གདུང་དག་གིས་རྒྱས་ཤིང་གང་བར་འགྱུར། ། མཚུངས་པ་མེད་པ་གཟི་བརྗིད་ཆེན་པོ་ཡི། །སྐྱེ་ཡུལ་ལྷ་ཡིས་ཕྱག་བྱས་པ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་ལྷ་རྫས་བཟང་པོ་ཡབ། །ལྷ་ཡི་དབང་ཕྱུག་རྒྱལ་ཡུམ་ཡོན་ཏན་མཆོག །སྲས་ཡིན་ཡོན་ཏན་གྲགས་པ་རིམ་གྲོ་པ། །ཐར་ པའི་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ། །དོན་ལེགས་བསམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང་། །དགྲ་བཅོམ་འབྲས་བུ་མཆོག་ནི་ཐོབ་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། ། ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅྭ་ལྔའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །དེ་བཞིན་གཤེགས་པ་བློ་གྲོས་ཟབ་མོ་ཡི། །སྐྱེ་བའི་ཡུལ་ནི་ཡུལ་འཁོར་མཆོག་ཅེས་བྱ། །རྒྱལ་ བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་གྲགས་དོན་ཡིན། །ཡོན་ཏན་བརྒྱན་པ་རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་མཆོག་མ་གྲུབ་པ་རིམ་གྲོ་པ། །བྱང་ཆུབ་ཡོན་ཏན་འཛིན་པ་བློ་ཅན་ཏེ། །མཆོད་བསྔགས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ ཀུན་ལའང་། །དགྲ་བཅོམ་བྱེ་བ་ཕྲག་ནི་བརྒྱད་བརྒྱད་དང་། །གཞན་ཡང་ས་ཡ་ཕྲག་ནི་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སུམ་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་ གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གཉིས་པ་གཅིག་མུ་ཏིག་བླ་རེར་ལྡན། །འཇིག་རྟེན་མགོན་པོ་བདུད་རྩི་སྐྱེ་བ་ཡི། །ཡུལ་ནི་གཟི་བརྗིད་དཔག་ཏུ་མེད་ཅེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་གཉིས་ཡབ་ནི་མཐའ་ཡས་ཡིན། །ང་རོ་མཐའ་ཡས་རྒྱལ་ཡུམ་ སྲས་པོ་ནི། །ཀུ་མུ་ད་ཡིན་ལྟ་བྱེད་རིམ་གྲོ་པ། །འཇིག་རྟེན་དགའ་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་དད་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །གང་ཟག་དམ་པ་དགྲ་ནི་ཆོམས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ ཉི་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་ཆིག་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་དགུ་བཅུ་འབྱུང་། །དེ་བཞིན་གཤེགས་པ་ཆོས་སྟོབས་སྐྱེ་བའི་ཡུལ། །བསོད་ནམས་ཏོག་གི་རྒྱལ་མཚན་ ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ཚངས་བཟངས་ཡིན། །ཚངས་པའི་མཆོད་རྟེན་རྒྱལ་ཡུམ་སྲས་པོ་ནི། །དབང་པོ་ཐུལ་ཡིན་ཞི་བ་རིམ་གྲོ་པ། །ཡོན་ཏན་སྣང་བར་བྱེད་པ་མཁས་པ་སྟེ། །ཡོན་ཏན་མཆོག་ལ་གནས་པ་རྫུ་འཕྲུལ་ ཅན། །འདུས་པ་ལན་གྲངས་དགུ་བཅུ་དྲུག་ཀུན་ལའང་། །རྡུལ་ཞི་དྲི་མ་གསུམ་དང་བྲལ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །བློ་གྲོས་མཐའ་ཡས་པ་ཡི་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། ། རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བཅུ་གཅིག་པ་གཅིག་རིན་ཆེན་དྲ་བར་ལྡན། །དེ་བཞིན་གཤེགས་པ་མཆོད་ལྡན་སྐྱེ་བའི་ཡུལ། །བསོད་ནམས་དག་གིས་བསྒྲུབས་པ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་ཟླ་བའི་དབང་པོ་ ཡབ། །ཟླ་བའི་ཏོག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་མ་དེས་པ་རིམ་གྲོ་པ། །ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་དགེ་བ་འཆད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་བཞི་ཀུན་ལའང་། །དགྲ་བཅོམ་ཞི་བའི་ཡིད་ལྡན་བསམ་གཏན་པ། །ཐེར་ འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བདུན་པ་ཀུན་ནས་མཛེས་པར་བྱས། །དེ་བཞིན་ གཤེགས་པ་མེ་ཏོག་འོད་དག་གི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་འཕགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཅུ་ཡབ་ནི་ཞུམ་མེད་ཡིན། །ཡོན་ཏན་རྟོགས་བྱེད་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཀུན་རྒྱལ་རྒྱལ་དཀའ་རིམ་གྲོ་པ། །ཡོན་ཏན་དབང་ཕྱུག་ཅེས་ བྱ་མཁས་པ་སྟེ། །རབ་ཏུ་ཞི་བར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །མ་སྨད་རྨ་མ་བྱུང་བའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང་། །དམ་ ཆོས་ལོ་གྲངས་དགུ་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །འཇིག་རྟེན་ཞིང་རྣམས་ཀུན་ཏུ་གང་བར་འགྱུར། །སངས་རྒྱས་ཁམས་གསུམ་དག་གི་མཆོད་གནས་ཀྱི། །སྐྱེ་བའི་ཡུལ་ནི་ཡུལ་འཁོར་འཕེལ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། ། དཔག་ཚད་གསུམ་ཡོད་ཡབ་ནི་ལག་བཟངས་ཡིན། །དགེ་བའི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་སྐར་མཁན་མིག་ལྡན་རིམ་གྲོ་པ། །ཤེས་རབ་དགའ་བའི་དབྱངས་ནི་བློ་ཅན་ཏེ། །མཐའ་ཡས་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བྱང་ ཆུབ་སྤྱོད་པ་མཆོག་ལ་ངེས་གྱུར་པ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་བླ་ རེས་མཛེས་པར་བྱས། །རྒྱལ་བ་སྒྲ་གཅན་ཉི་མའི་སྙིང་པོ་ཡི། །སྐྱེ་ཡུལ་འཇིག་རྟེན་ཤིན་ཏུ་འཕགས་ཞེས་བྱ། །རིགས་ནི་རྒྱལ་རིགས་སྟོང་གསུམ་འོད་དག་གིས། །རྒྱས་འགྱུར་ཤིང་རྟ་འདྲེན་པའི་དབང་པོ་ཡབ། །ནམ་མཁའ་དགའ་ཞེས་བྱ་བ་རྒྱལ་བའི་ ཡུམ། །སྲས་པོ་གཟི་ལེགས་ཆོས་ལྡན་རིམ་གྲོ་པ། །རྒྱལ་བའི་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །མཆོག་གི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །བླ་མེད་བྱང་ཆུབ་དག་ལ་ངེས་གྱུར་པ། །བྱེ་བ་ཕྲག་ནི་བདུན་ཅུ་བརྒྱད་བརྒྱད་ཡོད། །མི་ ཚེ་ལོ་གྲངས་དག་ནི་དུང་ཕྱུར་ཡིན། །དམ་པའི་ཆོས་དག་ལོ་གྲངས་ཁྲི་ཕྲག་ནི། །ཐེར་འབུམ་བརྒྱད་ཅུའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་གང་བར་འགྱུར། །དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་པ་ཡི། །སྐྱེ་ བའི་ཡུལ་ནི་ལྷ་དད་ཅེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཏོག་བཟང་ཡིན། །མེ་ཏོག་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཙན་དན་ཙམ་ཀ་རིམ་གྲོ་པ། །ལྷ་ཡི་ཁ་ལོ་སྒྱུར་བ་མཁས་པ་སྟེ། །ཀླུ་ཡིས་འཇིགས་པ་མེད་པ་རྫུ་ འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བདུད་རྩིའི་གོ་འཕང་ཞི་ལ་ལེགས་དུལ་བ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་དྲུག་སྟོང་བར་དུ་ གནས། །སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །འཇིག་རྟེན་ཕན་ཕྱིར་སྐུ་གདུང་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་ཐར་པའི་རྒྱལ་མཚན་གྱི། །སྐྱེ་ཡུལ་འཇིག་རྟེན་དད་པར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་དགུ་ཡབ་ནི་སྟེགས་ བཟངས་ཡིན། །སངས་རྒྱས་དབྱངས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཤེས་མཆོག་ཤེས་ལེགས་རིམ་གྲོ་པ། །གསེར་མཆོག་བརྩེགས་ཞེས་བྱ་བ་མཁས་པ་སྟེ། །དབྱངས་མཆོག་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །འཇིག་ རྟེན་ཆོས་ལས་རྣམ་གྲོལ་བསམ་གཏན་པ། །བྱེ་བ་ཕྲག་ནི་བརྒྱད་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་དགུ་ཁྲིར་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་ རྟེན་བྱེ་བ་སྟོང་ཕྲག་དགུ་བཅུ་འབྱུང་། །དེ་བཞིན་གཤེགས་པ་དགེ་བའི་གཙུག་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉིས་བརྒྱའོ། །ཡབ་ནི་རིན་ཆེན་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་དཔལ་གྱི་བཟང་མཆོག་མ་ཞེས་བྱའོ། ། སྲས་ནི་ལེགས་མཐོང་ཞེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་མེ་ཏོག་ཁ་རྒྱས་པ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་ལྔའོ། །གཉིས་པ་ ལ་ནི་དུང་ཕྱུར་ཕྲག་དྲུག་གོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །བཞི་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །ལྔ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ བདུད་རྩིའི་འོད་སྐྱེ་བའི་ཡུལ་ནི་ཡོན་ཏན་གཟི་བརྗིད་ལྟ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་། །ཡབ་ནི་རིན་ཆེན་མཐའ་ཡས་འོད་ཅེས་བྱའོ། །ཡུམ་ནི་རྣམ་པར་ཐར་པར་དགའ་ཞེས་བྱའོ། །སྲས་ནི་སྟོན་པ་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་ འཕགས་དད་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཚོགས་ཀྱི་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་ བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྡོ་རྗེ་སྐྱེ་བའི་ཡུལ་ནི་གདུལ་དཀའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་སེང་ གེས་བྱིན་ཞེས་བྱའོ། །ཡུམ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །སྲས་ནི་ཡོན་ཏན་མཆོད་རྟེན་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་གྱིས་བསྔགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་སྒྲིབ་པ་མེད་པའི་གོ་འཕང་རྣམ་པར་གནོན་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་འབུམ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་བརྟན་པ་སྐྱེ་བའི་ཡུལ་ནི་ཐོགས་པ་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །ཡབ་ནི་མཐོང་བས་སྤོང་བར་བཟོད་ཅེས་བྱའོ། །ཡུམ་ནི་ཐར་པ་དགའ་ཞེས་བྱའོ། །སྲས་ནི་སྒྲིབ་པ་མེད་པར་མཐོང་བ་དང་ལྡན་ པ་ཞེས་བྱའོ། །རིམ་གྲོ་པ་ནི་བདེན་སྨྲ་བརྡ་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་པ་མེད་པར་སྟོན་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཐམས་ཅད་དུ་རྣམ་པར་གྲགས་པ་ཐོབ་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ ལ་ཡང་བྱེ་བ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་སྐྱེ་བའི་ཡུལ་ནི་ཡོན་ཏན་གྱི་ཚོགས་ དང་ལྡན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་། །ཡབ་ནི་ཡུལ་མཆོད་ཅེས་བྱའོ། །ཡུམ་ནི་ལྷ་དགའ་ཞེས་བྱའོ། །སྲས་ནི་ནོར་སྦྱིན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་ཡང་དག་འཕགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ ཡོན་ཏན་ཐམས་ཅད་རྣམ་པར་འབྱེད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེམས་པ་ཐོགས་མེད་སྨྲ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་དྲུག་སྟོང་ངོ་། །ཡབ་ནི་རིན་ཆེན་ཏོག་འོད་ཅེས་བྱའོ། ། ཡུམ་ནི་གསལ་ལྡན་མཐོང་ཞེས་བྱའོ། །སྲས་ནི་ཀུན་ཏུ་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་བལྟ་སྡུག་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཡང་དག་འཕགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐམས་ཅད་བལྟས་སེམས་ཞེས་བྱའོ། ། འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་མ་ལྟར་གཤེགས་པ་སྐྱེ་བའི་ཡུལ་ནི་དག་པར་མཐོང་ཞེས་ བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཁྲི་ཉིས་སྟོང་ངོ་། །ཡབ་ནི་དགའ་བའི་ཟླ་བ་ཞེས་བྱའོ། །ཡུམ་ནི་ལེགས་མཐོང་མ་ཞེས་བྱའོ། །སྲས་ནི་དགའ་འོད་ཅེས་བྱའོ། །རིམ་གྲོ་པ་ནི་སྟོན་པ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་རྣམ་པར་ དག་བྱེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལེགས་མཆོད་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་ གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དག་པའི་འོད་སྐྱེ་བའི་ཡུལ་ནི་མཛེས་སེམས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་སེང་གེའི་འགྲམ་པ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་མཐོང་ཞེས་བྱའོ། །སྲས་ ནི་ཆོས་ཀྱི་སྒྲོན་མ་ཞེས་བྱའོ། །རིམ་གྲོ་པ་ནི་མཐོང་བས་སྤོང་བའི་བློ་གྲོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷུན་པོ་བརྩེགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དོན་ལེགས་སེམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་ བདུན་འབུམ་དྲུག་ཁྲི་དྲུག་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་གཙུག་སྐྱེ་བའི་ཡུལ་ནི་རིན་པོ་ཆེས་བརྒྱན་པ་ཞེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་ཅུ་རྩ་བཞིའོ། །ཡབ་ནི་མེ་ཏོག་སྒྲོན་མ་ཞེས་བྱའོ། །ཡུམ་ནི་ཟླ་ལེགས་ཞེས་བྱའོ། །སྲས་ནི་ལྷ་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་སྟོན་པ་མཐའ་ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོན་གསལ་སེམས་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཛེས་དགའ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་དཔལ་རྫོགས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་ཚངས་ལྷ་ཞེས་བྱའོ། །ཡུམ་ནི་ཚངས་བདག་མ་ཞེས་བྱའོ། །སྲས་ནི་རིན་ཆེན་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་སྟོན་ བཟོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་རྟེན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་བཟངས་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེང་གེའི་སྟབས་སྐྱེ་བའི་ཡུལ་ནི་གཙུག་གི་ཡོན་ཏན་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་བཞི་ བརྒྱའོ། །ཡབ་ནི་མཐུ་རྩལ་བག་མི་ཚ་ཞེས་བྱའོ། །ཡུམ་ནི་མཐུ་རྩལ་འཇིགས་མེད་མ་ཞེས་བྱའོ། །སྲས་ནི་འཇིག་རྟེན་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བརྩོན་པ་མི་འདོར་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་ཕྲག་བདུན་ཅུའོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་བརྒྱད་ཅུའོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་དགུ་བཅུའོ། །བཞི་པ་ལ་ནི་ཐེར་འབུམ་ཕྲག་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གྱེན་དུ་འཕགས་སྐྱེ་བའི་ཡུལ་ནི་དགའ་བ་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་ལྷ་གདུགས་ ཞེས་བྱའོ། །ཡུམ་ནི་བདུད་རྩིའི་མེ་ཏོག་ཅེས་བྱའོ། །སྲས་ནི་སྤོབས་པའི་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲོལ་བའི་ཕུང་པོ་ཞེས་བྱའོ། །འདུས་ པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མེ་ཏོག་བྱིན་ སྐྱེ་བའི་ཡུལ་ནི་མེ་ཏོག་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ས་ཡ་ཕྲག་གསུམ་མོ། །ཡབ་ནི་ཡོན་ཏན་མེ་ཏོག་ལྷ་ཞེས་བྱའོ། །ཡུམ་ནི་ལྷའི་མེ་ཏོག་ཅེས་བྱའོ། །སྲས་ནི་བདུད་རྩིའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་སྤོས་འོད་ཅེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་རྣམ་པར་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩི་གྲགས་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ། །ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བརྒྱད་ཅུ་བརྒྱད་ཅུའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དྲུག་གོ། །དམ་པའི་ཆོས་ ནི་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་འགྱེད་པ་སྐྱེ་བའི་ཡུལ་ནི་རིན་ཆེན་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཤུའོ། །ཡབ་ནི་ནོར་སྦྱིན་གསལ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་བྱིན་ཞེས་བྱའོ། །སྲས་ནི་ཉི་ མའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་འོད་མཆོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་འབྱུང་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མཛེས་པ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་ གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ནི་དཔག་ཚད་བཅུ་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་པད་མ་སྐྱེ་བའི་ཡུལ་ནི་རྣམ་པར་སྣང་བྱེད་འོད་ཅེས་བྱའོ། །རིགས་ ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཁྲིའོ། །ཡབ་ནི་ལྷས་མཆོད་ཅེས་བྱའོ། །ཡུམ་ནི་ཡེ་ཤེས་འཛིན་ཅེས་བྱའོ། །སྲས་ནི་མཁས་པའི་བློ་གྲོས་ཞེས་བྱའོ། །རིམ་གྲོ་པ་ནི་ཐོགས་པ་མེད་པའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱེ་བོའི་མཆོད་རྟེན་ཞེས་བྱའོ། །འདུས་པ་ནི་ལན་བཅུ་གཉིས་ཏེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བཞི་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་ཡེ་ཤེས་དགྱེས་སྐྱེ་བའི་ཡུལ་ནི་ཐར་པའི་མེ་ཏོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་འབྱོར་བྱིན་ཞེས་བྱའོ། །ཡུམ་ནི་ལེགས་སྤོང་བྱིན་ཞེས་བྱའོ། །སྲས་ནི་དགའ་བའི་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་བཀོད་པ་མཐའ་ཡས་པ་ཞེས་ བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་མཆོག་དད་པའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་རིན་ཆེན་འོད་ཅེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། །ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བཀོད་པ་མཛེས་སྐྱེ་བའི་ཡུལ་ནི་ཡེ་ཤེས་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་བསོད་ནམས་བཀོད་པ་ ཞེས་བྱའོ། །ཡུམ་ནི་བཀྲ་ཤིས་གསལ་ཞེས་བྱའོ། །སྲས་ནི་བསོད་ནམས་ལག་ཅེས་བྱའོ། །རིམ་གྲོ་པ་ནི་ཤེས་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱ་མཚོའི་བློ་ཞེས་བྱའོ། །འདུས་ པ་ནི་ལན་བྱེ་བ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ནི་དཔག་ཚད་བཅུ་གཉིས་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ གཏི་མུག་མེད་པར་གནས་པ་སྐྱེ་བའི་ཡུལ་ནི་སྒྲིབ་པ་མེད་པའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་རིན་ཆེན་གཏོང་ཞེས་བྱའོ། །ཡུམ་ནི་ལྷའི་འོད་ཟེར་ཞེས་བྱའོ། །སྲས་ནི་ལྷ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གཞོལ་ཞེས་ བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐྱོན་མེད་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐར་པའི་ཕུང་པོ་འོད་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་ཁྲི་ཕྲག་བཅུ་གསུམ་བཅུ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྨ་མེད་པ་སྐྱེ་བའི་ཡུལ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་སྟོང་ངོ་། །ཡབ་ནི་ཀུན་ཏུ་འོད་ཅེས་བྱའོ། །ཡུམ་ནི་བདེན་ལྡན་ མ་ཞེས་བྱའོ། །སྲས་ནི་རྣམ་པར་སྣང་བྱེད་མིག་ཅེས་བྱའོ། །རིམ་གྲོ་པ་ནི་ཀུན་དུ་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐའ་ཡས་གྲགས་ཞེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ནི་དཔག་ཚད་བཅྭ་ལྔ་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཏོག་གི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་ཏོག་གི་ འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །ཡབ་ནི་བསོད་ནམས་ཏོག་ཅེས་བྱའོ། །ཡུམ་ནི་བདེན་སྨྲ་ཞེས་བྱའོ། །སྲས་ནི་ཤེས་རབ་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་ཞེས་བྱའོ། །ཤེས་རབ་ཅན་ རྣམས་ཀྱི་མཆོག་ནི་བློ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་མཐུ་རྩལ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དགུ་བཅུ་རྩ་དགུ་དགུ་ཡོད་དོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ ཆོས་ཀྱང་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདེ་བར་དགོངས་སྐྱེ་བའི་ཡུལ་ནི་བདེ་བ་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ཉིས་བརྒྱའོ། །ཡབ་ནི་ཐར་སེམས་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་དབང་པོ་དུལ་ ཞེས་བྱའོ། །སྲས་ནི་དོན་གྱི་བློ་གྲོས་ཞེས་བྱའོ། །རིམ་གྲོ་པ་ནི་ཐར་པའི་མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་དག་པའི་དོན་ཅེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་ ཐེར་འབུམ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཏི་མུག་མེད་པའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་མཆོག་ཏུ་སྤོང་བ་ཞེས་བྱའོ། །རིགས་ནི་བྲམ་ ཟེའོ། །འོད་ནི་དཔག་ཚད་བཅུ་དྲུག་གོ། །ཡབ་ནི་ལྷ་མཆོད་ཅེས་བྱའོ། །ཡུམ་ནི་བཟང་ལྡན་མ་ཞེས་བྱའོ། །སྲས་ནི་རྩལ་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་མཐུ་རྩལ་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཚོགས་ཐམས་ཅད་རབ་ཏུ་གནས་པ་ཞེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབྱངས་སྙན་གནས་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ནི་དཔག་ ཚད་དྲུག་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཆོག་མཁྱེན་སྐྱེ་བའི་ཡུལ་ནི་སྒྲོན་མ་མཆོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་ཏོག་ཅེས་བྱའོ། །ཡུམ་ནི་ཡིད་འཐད་དཔལ་ཞེས་བྱའོ། །སྲས་ནི་ལེགས་མཐོང་ཞེས་བྱའོ། །རིམ་གྲོ་པ་ ནི་ཞུམ་མེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མེ་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་རྒྱལ་མཚན་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་ལྔ་སྟེ། །ཐམས་ཅད་ལ་ཡང་འབུམ་ཕྲག་ཉི་ཤུ་རྩ་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ནི་དཔག་ཚད་བདུན་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དག་པའི་རྒྱ་མཚོ་སྐྱེ་བའི་ཡུལ་ནི་རྟོགས་པ་སྤོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་ དཔག་ཚད་སྟོང་ངོ་། །ཡབ་ནི་བསོད་ནམས་འཕགས་ཞེས་བྱའོ། །ཡུམ་ནི་སྒྲ་གཅན་མེ་ཏོག་ཅེས་བྱའོ། །སྲས་ནི་མཐུ་རྩལ་འགྲོས་ཞེས་བྱའོ། །རིམ་གྲོ་པ་ནི་བཟང་དཔལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་བརྩེགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་ཟིལ་གྱིས་མི་ནོན་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་ ཆེན་མངའ་སྐྱེ་བའི་ཡུལ་ནི་རིན་ཆེན་མཐའ་ཡས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ངོ་། །ཡབ་ནི་ཤིན་ཏུ་མཐོར་འགྲོ་ཞེས་བྱའོ། །ཡུམ་ནི་སཱ་ལའི་སྒྲ་རྒྱལ་ཞེས་བྱའོ། །སྲས་ནི་ལྷའི་འོད་ཟེར་ཞེས་བྱའོ། །རིམ་གྲོ་པ་ནི་ཟླ་གདུགས་ཞེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ཏོག་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་སྤོས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུ་ཡོད་དོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་ གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ནི་དཔག་ཚད་བཅུ་གསུམ་པ་སྟེ་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་དམའ་བ་སྐྱེ་བའི་ཡུལ་ནི་འཆི་བ་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་སྟོང་ངོ་། །ཡབ་ནི་དགྲ་འདུལ་ ཞེས་བྱའོ། །ཡུམ་ནི་བཞིན་གསལ་མ་ཞེས་བྱའོ། །སྲས་ནི་བལྟ་སྡུག་ཅེས་བྱའོ། །རིམ་གྲོ་པ་ནི་གཟི་བརྗིད་མཐའ་ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔལ་འཛིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆུ་བོ་སྤོང་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་གཉི