Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 045_མདོ་སྡེ།_ཀ
Văn bản gốc(Tây Tạng)
Trang 15 / 22 (50.000 ký tự/trang)
་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་སྐྱེ་བའི་ཡུལ་ནི་འཇིགས་པ་མེད་པའི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་གསུམ་མོ། །ཡབ་ནི་ཆུ་ལྷས་བྱིན་ཞེས་ བྱའོ། །ཡུམ་ནི་ལྟ་བས་མཐོང་ཞེས་བྱའོ། །སྲས་ནི་མི་ཟད་པའི་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཤིན་ཏུ་འཕགས་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་བ་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐེ་ཚོམ་མེད་པའི་བློ་གྲོས་ཞེས་བྱའོ། ། ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་ པ་གསེར་མཆོག་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །ཡུམ་ནི་བཻ་དཱུརྱའི་འོད་ཅེས་བྱའོ། །སྲས་ནི་རིན་ཆེན་ཡོངས་དག་ཅེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་འབྱུང་གནས་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཐའ་ཡས་སྒྲོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ཐམས་ཅད་མངོན་པར་ཤེས་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་བདུན་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ ལོ་ཉི་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་གཙུག་སྐྱེ་བའི་ཡུལ་ནི་དགའ་བ་མཐོང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་རྨོག་གྱོན་ཞེས་བྱའོ། ། ཡུམ་ནི་ཉི་མ་གསལ་བྱེད་ཅེས་བྱའོ། །སྲས་ནི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་པ་ནི་ཆགས་མེད་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གཡོ་བ་མེད་པར་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་མཆོག་ཁ་ལོ་སྒྱུར་བ་ཞེས་ བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཞི་བཅུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་ དོ། །དེ་བཞིན་གཤེགས་པ་ཆོས་ལྡན་སྐྱེ་བའི་ཡུལ་ནི་ཆོས་ཀྱི་སྐར་མདའ་སྣང་བ་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ། །ཡུམ་ནི་བྱང་ཆུབ་དད་ཅེས་བྱའོ། །སྲས་ནི་འགྲོ་བའི་འོད་ཟེར་ཞེས་བྱའོ། ། རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་བཅུད་ཀྱི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོ་དད་གཟི་བརྗིད་ཅེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བརྒྱད་ཅུ་རྩ་དྲུག་དྲུག་གོ། ། སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤོས་གནས་སྐྱེ་བའི་ཡུལ་ནི་འགྲོ་བ་ཐམས་ཅད་དད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་བདུན་ནོ། །ཡབ་ ནི་གནས་དང་གནས་མ་ཡིན་པ་སྤོང་བ་ཞེས་བྱའོ། །ཡུམ་ནི་རྟོགས་པའི་དོན་ལ་གནས་པ་འདོར་བ་ལྡོག་པར་བྱེད་པ་ཞེས་བྱའོ། །སྲས་ནི་འགྲོ་བ་ཐམས་ཅད་མི་འབྱུང་བར་གྱུར་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཀླུའི་བདག་པོ་ཁྱིམ་བློ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བ་ ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྣང་བ་ཐོབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྟོགས་པ་དང་བློ་གྲོས་ཀྱིས་ཡོངས་སུ་སྤངས་པར་སེམས་པ་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བདུན་ཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དྲེགས་པ་སྤངས་པ་སྐྱེ་བའི་ཡུལ་ནི་མཁས་པའི་བློ་གྲོས་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་ཁེངས་པ་ མེད་པའི་བློ་ཞེས་བྱའོ། །ཡུམ་ནི་སྤྱོད་པ་མ་འཁྲུལ་ཞེས་བྱའོ། །སྲས་ནི་སེང་གེའི་མཐུ་རྩལ་དོར་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་མཆོག་ཐོབ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཕགས་པ་ལ་དད་པའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་སྤྱོད་པའི་བློ་གྲོས་ ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་མཛོད་སྐྱེ་བའི་ཡུལ་ནི་ཡོན་ཏན་མཐའ་ཡས་པ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བརྒྱད་ཙམ་མོ། །ཡབ་ནི་གཟུགས་ཀྱི་བརྡ་ཟད་མི་ཤེས་པའི་བློ་གྲོས་ཞེས་བྱའོ། །ཡུམ་ནི་ འོད་གསལ་བློ་གྲོས་མ་ཞེས་བྱའོ། །སྲས་ནི་དགའ་བའི་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་ཀླུ་དབྱངས་སེམས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་རྣམ་པར་གྲོལ་བའི་རིན་པོ་ཆེ་ལ་རབ་ཏུ་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་བ་ བརྩེགས་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ཉི་ཤུ་རྩ་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་ཚངས་པར་གཤེགས་པ་སྐྱེ་བའི་ཡུལ་ནི་སྙིང་རྗེ་དང་གཏི་མུག་མེད་པ་རིན་པོ་ཆེ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་སྙིང་རྗེ་ཆེར་སེམས་ཞེས་བྱའོ། །ཡུམ་ནི་སྒྲིབ་མེད་བྱམས་པ་མཐོང་ཞེས་བྱའོ། །སྲས་ནི་བལྟ་བཟོད་ཅེས་བྱའོ། ། རིམ་གྲོ་པ་ནི་ལུས་བཟངས་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཐམས་ཅད་ཡང་དག་པར་འཕགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་ཀུན་ཏུ་མཛེས་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ ལ་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཙན་དན་སྐྱེ་བའི་ཡུལ་ནི་ཡུལ་འཁོར་བརྟན་ཞེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །ཡབ་ནི་མཁས་བརྩོན་ཞེས་བྱའོ། །ཡུམ་ནི་བརྩོན་པ་མི་གཏོང་བ་ཞེས་བྱའོ། །སྲས་ནི་མཐུ་རྩལ་གནས་ཞེས་བྱའོ། །རིམ་གྲོ་པ་ནི་གཞན་གྱིས་མི་ཐུབ་པའི་མཐུ་རྩལ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ མཐུ་རྩལ་སྦྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་འོས་ཐོབ་ཅེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་ གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མྱ་ངན་མེད་པ་སྐྱེ་བའི་ཡུལ་ནི་མྱ་ངན་དང་བྲལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཁྲི་བཞི་སྟོང་ངོ་། །ཡབ་ནི་གསལ་དག་ཅེས་བྱའོ། །ཡུམ་ནི་མྱ་ངན་ཐམས་ཅད་གཏོང་ཞེས་བྱའོ། ། སྲས་ནི་སྨོན་ལམ་མ་འཁྲུལ་བ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་མ་འཛིངས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་འདྲེས་པར་སེམས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྟ་གསལ་བློ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ ལ་ཡང་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་ སྐྱེ་བའི་ཡུལ་ནི་བདག་མེད་པ་དང་ལྡན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་དྲུག་གོ། །ཡབ་ནི་ཆོས་མཐོང་ཞེས་བྱའོ། །ཡུམ་ནི་སྟོང་པ་ཉིད་ལ་གནས་པ་ཞེས་བྱའོ། །སྲས་ནི་ཀུན་ཏུ་ལྟ་བ་ཅན་ཞེས་བྱའོ། །རིམ་གྲོ་པ་ནི་བཀོད་པ་མི་གནས་པ་ཞེས་བྱའོ། ། ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོངས་མཐོང་བློ་ངེས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ ཉི་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡུལ་འཁོར་ཏོག་སྐྱེ་བའི་ཡུལ་ནི་ཡུལ་འཁོར་མཐའ་ཡས་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ ཚད་བརྒྱའོ། །ཡབ་ནི་ཏོག་གི་ང་རོ་ཞེས་བྱའོ། །ཡུམ་ནི་ཏོག་འབྲངས་ཞེས་བྱའོ། །སྲས་ནི་མཐའ་ཡས་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་རིན་ཆེན་རྣམ་པར་གྲགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་ཏོག་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་ མཆོག་ནི་ལྷ་དགའ་ཁ་ལོ་སྒྱུར་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གཉིས་ཏེ། ཐམས་ཅད་ལ་ཡང་སྟོང་ཕྲག་བཅྭ་ལྔ་བཅྭ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བཞི་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་ རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་པད་མའི་སྙིང་པོ་སྐྱེ་བའི་ཡུལ་ནི་མེ་ཏོག་ཐམས་ཅད་འབྱུང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་གཉིས་སོ། །ཡབ་ནི་སྙན་པ་ཐོབ་ཅེས་བྱའོ། །ཡུམ་ནི་ཡེ་ཤེས་ཅན་ཞེས་བྱའོ། །སྲས་ནི་ གཞལ་མེད་གཟི་བརྗིད་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ལྷའི་ཚོགས་ཀྱི་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་བ་ཚོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྟ་བ་མཐའ་ཡས་འཕགས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ ལ་ཡང་བྱེ་བ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་སྐྱེ་བའི་ཡུལ་ནི་ཡོན་ ཏན་གཟི་བརྗིད་ཀྱིས་རྣམ་པར་བརྒྱན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུའོ། །ཡབ་ནི་ལྷས་མཆོད་ཅེས་བྱའོ། །ཡུམ་ནི་འོད་སྦྱིན་མ་ཞེས་བྱའོ། །སྲས་ནི་བློའི་སྒྲོན་མ་ཞེས་བྱའོ། །རིམ་གྲོ་པ་ནི་མཐའ་ཡས་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ ནི་དགེ་བ་ཀུན་ཏུ་འབྱུང་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སོ་བཟངས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་འོད་ཟེར་སྐྱེ་བའི་ཡུལ་ནི་ལྷ་དད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །ཡུམ་ནི་མཆོད་དོན་ཞེས་བྱའོ། །སྲས་ནི་མཆོད་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་མེ་ཏོག་བྱིན་ ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་ཆེན་ཐོབ་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་མཐུ་རྩལ་སྟོབས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཤེས་རབ་མེ་ཏོག་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མེ་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ ནི་ཡོན་ཏན་མེ་ཏོག་ཅེས་བྱའོ། །ཡུམ་ནི་བདུད་རྩིའི་མེ་ཏོག་ཅེས་བྱའོ། །སྲས་ནི་བསོད་ནམས་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་མྱ་ངན་ལས་འདས་པའི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་གྱི་མེ་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ ཆེན་མེ་ཏོག་གཟི་བརྗིད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཁས་པ་ སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཅུ་རྩ་བཞིའོ། །ཡབ་ནི་པད་མའི་སྙིང་པོ་ཞེས་བྱའོ། །ཡུམ་ནི་མེ་ཏོག་བཟང་པོའི་གཟི་བྱིན་མ་ཞེས་བྱའོ། །སྲས་ནི་བསོད་ནམས་གཟི་བརྗིད་གཟུགས་བརྙན་གཟི་བྱིན་སེམས་ཞེས་བྱའོ། ། རིམ་གྲོ་པ་ནི་སྤ་གོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་སྦྱིན་གོ་བགོས་ང་རོའི་བློ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་གསལ་དྲི་མེད་སེམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་ འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱོར་ལྡན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་འབྱོར་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བརྒྱའོ། ། ཡབ་ནི་རིན་ཆེན་གཟི་བརྗིད་སྣང་བ་ཅེས་བྱའོ། །ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །སྲས་ནི་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །རིམ་གྲོ་པ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་བཟང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཟང་ མཆོག་དཔལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དགུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་ དོ། །དེ་བཞིན་གཤེགས་པ་ཚངས་པའི་དབྱིག་སྐྱེ་བའི་ཡུལ་ནི་དབྱིག་སྣང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་གཟུངས་ཀྱི་ང་རོ་ཞེས་བྱའོ། །ཡུམ་ནི་ཚངས་མཆོག་དཔལ་ཞེས་བྱའོ། །སྲས་ནི་ཐར་པ་ལ་དམིགས་པའི་རྒྱལ་པོ་ཞེས་བྱའོ། ། རིམ་གྲོ་པ་ནི་ཕུང་པོ་མཐའ་ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་རྒྱལ་མཚན་རྒྱལ་ཆེན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བདུད་རྩི་གནས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་ བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ། ། ཡབ་ནི་རིན་ཆེན་ལག་ཅེས་བྱའོ། །ཡུམ་ནི་རིན་ཆེན་མཐའ་ཡས་མ་ཞེས་བྱའོ། །སྲས་ནི་ཡོན་ཏན་རྣམ་པར་ལྟ་ཞེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་མིག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་བཀོད་པའི་ལུས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལུས་མ་ སྨད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་ གཤེགས་པ་དབང་ལྡན་སྐྱེ་བའི་ཡུལ་ནི་དབང་པོའི་རྒྱན་བཀོད་པ་རྣམ་པར་གྲགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུའོ། །ཡབ་ནི་དབང་པོས་བྱིན་ཞེས་བྱའོ། །ཡུམ་ནི་ལྷ་མ་ཡིན་གྱི་གཟི་བརྗིད་ཅེས་བྱའོ། །སྲས་ནི་དབང་གསལ་བྱིན་ཞེས་བྱའོ། །རིམ་ གྲོ་པ་ནི་དཔལ་བརྩེགས་དབང་པོ་བརྟན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་སྣང་བྱེད་རྒྱལ་མཚན་གྲགས་པ་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆགས་པ་མེད་པར་གནས་པ་ལ་མཁས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་ སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་དྲུག་ཅུ་དྲུག་ཅུའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྫོགས་པར་གསུང་བ་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། ། འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་མི་ཐུབ་ཐུལ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་གསལ་ཞེས་བྱའོ། །སྲས་ནི་བློ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་ཞི་བ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཕགས་དད་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་ པར་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ ཟད་དོ། །དེ་བཞིན་གཤེགས་པ་མཆོག་གསུང་སྐྱེ་བའི་ཡུལ་ནི་ཤིན་ཏུ་བལྟ་ན་གསལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་འོད་མཆོག་དཔལ་ཞེས་བྱའོ། །ཡུམ་ནི་ཟིལ་གྱིས་མི་ནོན་པའི་མདོག་ཅན་ཞེས་བྱའོ། །སྲས་ནི་རྣམ་ གྲགས་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་བདུད་རྩིའི་སྒྲོན་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐའ་ཡས་སྤྱད་པའི་བློ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྒྲ་ལ་ཆགས་པ་མེད་པར་སྟོན་པའི་བློ་གྲོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་རྩ་ བརྒྱད་དེ། ཐམས་ཅད་ལ་ཡང་འབུམ་ཕྲག་བརྒྱད་ཅུ་རྩ་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཆོད་འོས་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་པ་ཞེས་བྱའོ། ། རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་དོན་དཔྱོད་ཅེས་བྱའོ། །ཡུམ་ནི་སྐར་འོད་ཅན་ཞེས་བྱའོ། །སྲས་ནི་འཇིག་རྟེན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་པ་དད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བས་མཆོག་ཅེས་བྱའོ། །རྫུ་ འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྤོབས་པ་རྣམ་པར་ངེས་པའི་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་ སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྐར་རྒྱལ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུམ་ཅུ་ཙམ་མོ། །ཡབ་ནི་ཡོན་ ཏན་རིན་ཆེན་ཏོག་འོད་གྲགས་ཞེས་བྱའོ། །ཡུམ་ནི་སྤོབས་པའི་རྒྱན་བཀོད་པའི་རྒྱལ་མོ་ཞེས་བྱའོ། །སྲས་ནི་ཡོན་ཏན་རིན་ཆེན་མངོན་པར་ཤེས་པ་ཞེས་བྱའོ། །རིམ་གྲོ་པ་ནི་བདུད་རྣམ་པར་སྐྲག་པར་བྱེད་པ་གཞན་གྱིས་མི་ཐུབ་པའི་བློ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བག་ཚ་བ་མེད་ པས་རྣམ་པར་རྩེ་བའི་མངོན་པར་ཤེས་པ་ཐོབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཐུབ་པ་མེད་པའི་ཚོགས་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ དྲུག་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་མ་སྐྱེ་བའི་ཡུལ་ནི་ཉི་མའི་འོད་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་ཕྱོགས་གསལ་ གྲགས་ཞེས་བྱའོ། །ཡུམ་ནི་ཉི་མའི་སྙིང་པོ་འོད་ཅེས་བྱའོ། །སྲས་ནི་དྲི་མེད་འོད་འཕྲོ་ཏོག་འབྱུང་བློ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་གྱི་སྤྱོད་པ་བས་མཆོད་པའི་བཀོད་པའི་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་པོས་ཕ་རོལ་གནོན་པར་གྲགས་པ་མ་ སྨད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་རིན་པོ་ཆེའི་མེ་ཏོག་རྣམ་པར་རྩེ་བའི་དབྱངས་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། ། དམ་པའི་ཆོས་ནི་ལོ་དགུ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འདམ་ལས་རྒལ་བ་སྐྱེ་བའི་ཡུལ་ནི་དགའ་བ་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ ནི་ཆུ་བོ་སྤོང་ཞེས་བྱའོ། །ཡུམ་ནི་ཡོན་ཏན་རིན་ཆེན་རྒྱ་མཚོའི་བློ་གྲོས་ཞེས་བྱའོ། །སྲས་ནི་དབྱངས་སྙན་བཀོད་པའི་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་མེ་ཏོག་མངོན་པར་ཤེས་པའི་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཏི་མུག་མེད་པའི་གནས་པ་རྣམ་པར་བརྩེ་བའི་ གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་བཅུ་ལ་རྟོག་ཅིང་མི་ཚུགས་པར་གྲགས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཐེར་འབུམ་ཕྲག་རེ་རེ་དང་། དུང་ཕྱུར་ཕྲག་བདུན་བདུན་ དང་བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་བརྙེས་སྐྱེ་བའི་ཡུལ་ནི་ཡེ་ཤེས་ཀྱིས་རྣམ་པར་སྤྲུལ་ཞིང་གསལ་བ་རབ་ཏུ་བརྒྱན་པ་ཞེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ཡེ་ཤེས་འཕེལ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་སྙིང་པོ་ཞེས་བྱའོ། །སྲས་ནི་ཡེ་ཤེས་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་ཉན་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུལ་ཐམས་ཅད་ཀྱིས་བདེན་ པའི་ཁྱད་པར་གྱི་སྒྲ་སྒྲོགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་འཕྲུལ་པ་ཐམས་ཅད་ཀུན་ཏུ་སྟོན་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་དགུ་པ། དེ་བཞིན་གཤེགས་པ་གྲུབ་པ་སྐྱེ་བའི་ཡུལ་ནི་ནོར་བུ་རིན་པོ་ཆེས་ཁོང་ སྣུམས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་བརྒྱའོ། །ཡབ་ནི་བྱང་ཆུབ་ལ་དད་པའི་མིད་པ་ཞེས་བྱའོ། །ཡུམ་ནི་ཉི་ཟླ་རྣམ་པར་མཐོང་བའི་འོད་ཅེས་བྱའོ། །སྲས་ནི་རིན་ཆེན་མེ་ཏོག་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་སྣང་བའི་སེམས་ཞེས་ བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ནོར་སྦྱིན་མཐུ་རྩལ་མ་འཁྲུལ་སེམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ལྔ་སྟོང་ངོ་། ། དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྨ་བྱ་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ལག་ ཤུགས་སྒྲ་སྐད་ཅེས་བྱའོ། །ཡུམ་ནི་མིའམ་ཅིའི་དབྱངས་ཞེས་བྱའོ། །སྲས་ནི་བརྡ་དང་སྒྲ་ཐམས་ཅད་པ་ཞེས་བྱའོ། །རིམ་གྲོ་པ་ནི་གཏི་མུག་མེད་པའི་དབང་ཕྱུག་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རང་གི་སྒྲ་སྣང་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགེ་བ་བརྒྱ་ སྟོང་གིས་རབ་ཏུ་བརྒྱན་པའི་ང་རོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་ པ་ཆོས་སྦྱིན་སྐྱེ་བའི་ཡུལ་ནི་འོད་ཀྱི་བཀོད་པ་ཡང་དག་པར་བསྒྲུབས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །ཡུམ་ནི་ལེགས་པར་བསམས་པ་སེམས་པ་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ཆོས་རིན་པོ་ཆེའི་ ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཆོས་ཀྱི་སྒྲོན་མའི་རྒྱལ་པོ་ཆེན་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཐམས་ཅད་སྣང་བར་བྱེད་པའི་རྫུ་འཕྲུལ་ཐོབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཕུང་པོ་འཕགས་པའི་གཟི་བརྗིད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ ཉི་ཤུ་རྩ་ལྔ་སྟེ། ཐམས་ཅད་ལ་ཡང་ཉི་ཤུ་ཉི་ཤུའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཕན་པར་བཞེད་པ་སྐྱེ་བའི་ཡུལ་ནི་གྲགས་པ་མ་ སྨད་པའི་གཟུགས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བརྒྱའོ། །ཡབ་ནི་དྲང་སྲོང་སེམས་གསལ་ཞེས་བྱའོ། །ཡུམ་ནི་ཉི་མའི་གཟུགས་བརྡ་སྟོན་ཞེས་བྱའོ། །སྲས་ནི་སྐྱེ་བའི་ཚུལ་སྣང་བར་བྱེད་པར་གྲགས་པ་ཞེས་བྱའོ། །རིམ་གྲོ་པ་ནི་དགེ་བས་རབ་ཏུ་བརྒྱན་ པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་པ་མེད་པར་བརྩེགས་པའི་རྒྱལ་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཐམས་ཅད་ཀྱིས་བག་ཚ་བ་མེད་པར་གནས་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་ བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་ལྡན་སྐྱེ་བའི་ཡུལ་ནི་ཡེ་ཤེས་ཀྱིས་རྣམ་པར་བརྒྱན་པའི་གཟི་བརྗིད་ཅེས་བྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཡེ་ཤེས་ཀྱི་འབྱུང་གནས་མཐའ་ཡས་པ་ཞེས་བྱའོ། །ཡུམ་ནི་སྤོབས་པ་ཐམས་ཅད་སྟོན་པ་ཞེས་བྱའོ། །སྲས་ནི་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་སེང་གེའི་སྒྲ་རྣམ་པར་སྒྲོགས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཉི་མའི་གཟི་བརྗིད་ ཀྱིས་རབ་ཏུ་བརྒྱན་པའི་ང་རོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒོམ་པ་ལ་དད་པའི་ཁྱིམ་གཏི་མུག་མེད་ཅིང་སྒྲིབ་པ་མེད་པར་གནས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་གནས་པའི་བཀོད་པ་ཐུབ་པ་མེད་པའི་ཚོགས་སྟོན་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གྲགས་པ་ སྐྱེ་བའི་ཡུལ་ནི་དགའ་བས་རྒྱས་པ་ཡང་དག་པར་རྟོགས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཞི་བཅུ་སྙེད་ཙམ་མོ། །ཡབ་ནི་བསམ་པ་ཐམས་ཅད་འཕགས་ཞེས་བྱའོ། །ཡུམ་ནི་ཡིད་ཀྱིས་སེམས་པ་ཡོངས་སུ་ཚིམ་པར་བྱེད་པ་ ཞེས་བྱའོ། །སྲས་ནི་བརྡ་སྐད་ཐམས་ཅད་ལ་རབ་ཏུ་སྤོབས་པ་ཞེས་བྱའོ། །རིམ་གྲོ་པ་ནི་མི་ཐུབ་པའི་ཚོགས་ཀྱི་མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷུན་པོའི་རྣ་རྒྱན་སྡུག་པ་ཉམས་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ཀུན་ཏུ་འོད་ཅེས་བྱའོ། ། ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་སུམ་ཅུ་རྩ་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་ཟེར་གྱི་དྲ་བ་སྐྱེ་བའི་ཡུལ་ནི་ རིན་པོ་ཆེའི་དྲ་བ་མཐའ་ཡས་པ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་སྙེད་ཙམ་མོ། །ཡབ་ནི་ཐུབ་པ་མེད་པའི་ཚོགས་སྟོན་པའི་བློ་གྲོས་ཞེས་བྱའོ། །ཡུམ་ནི་དགྲ་ཐུལ་གཟི་བརྗིད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་འདོད་བཞོ་ ཡུལ་འཁོར་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་བརྡ་སྐད་ཟད་མི་ཤེས་པའི་བློ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེའི་དྲ་བས་རྣམ་པར་བརྒྱན་པའི་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཕ་རོལ་གནོན་པའི་བློ་ཅན་ཞེས་བྱའོ། ། ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་པར་བཅོམ་པ་སྐྱེ་བའི་ཡུལ་ ནི་མྱ་ངན་མེད་པའི་རྒྱལ་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་། །ཡབ་ནི་སེང་གེ་རྣམ་པར་རྩེ་བའི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་རིན་ཆེན་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་བརྟུལ་ཞུགས་འབྱུང་བའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་ སྣང་བྱེད་འོད་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱགས་པའི་སྐྱོན་དང་སྒྲིབ་པ་ཐམས་ཅད་སྤངས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་བར་བརྩེགས་པའི་སེམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་སྟོང་ ཕྲག་ཉི་ཤུ་རྩ་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བཻ་དཱུརྱའི་སྙིང་པོ་སྐྱེ་བའི་ཡུལ་ནི་གློག་སྣང་བར་བྱེད་པ་ཤིན་ཏུ་འཕགས་པའི་གཟི་ བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་རིན་ཆེན་སྙིང་པོ་འོད་ཅེས་བྱའོ། །ཡུམ་ནི་བྱི་རུ་གསལ་ཞེས་བྱའོ། །སྲས་ནི་བཟང་མཆོག་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་བརྟན་པོས་ཕ་རོལ་གནོན་པ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ ཀྱི་མཆོག་ནི་རིན་ཆེན་བཀོད་པའི་གོ་གྱོན་སེང་གེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕྱོགས་བཅུ་མཐོང་བས་རྣམ་པར་རྩེ་བའི་མངོན་པར་ཤེས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མེ་ཏོག་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མེ་ཏོག་གིས་རབ་ཏུ་བརྒྱན་པ་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ ནི་དཔག་ཚད་བརྒྱད་ཅུ་རྩ་བཞིའོ། །ཡབ་ནི་རིན་པོ་ཆེའི་མེ་ཏོག་ཐམས་ཅད་སྣང་བ་ཞེས་བྱའོ། །ཡུམ་ནི་རིན་པོ་ཆེའི་མེ་ཏོག་གིས་རབ་ཏུ་བརྒྱན་པའི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །སྲས་ནི་འཁྲུལ་པ་མེད་པའི་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་མཐུ་རྩལ་ལེགས་པར་སྤྱོད་ཅེས་བྱའོ། །ཤེས་ རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ལྟ་བས་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྡ་སྐད་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་གཉིས་བཅུ་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་ པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་དགའ་བའི་ཉི་མ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ ནི་ལྷ་དད་རབ་བརྒྱན་ཅེས་བྱའོ། །ཡུམ་ནི་རིན་ཆེན་ལྷའི་སྙིང་པོ་ཞེས་བྱའོ། །སྲས་ནི་ངན་སོང་ལས་འདས་པར་སེམས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཆགས་མེད་སྤོབས་པ་བརྩེགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པའི་རྒྱལ་པོ་བྱང་ཆུབ་འཕགས་ཞེས་བྱའོ། ། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་པ་ཐམས་ཅད་མགུ་ཞིང་མངོན་པར་དགའ་བར་སེམས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། ། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་ཚིག་ལ་མངོན་པར་དགའ་བ་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་འཇིག་རྟེན་པས་བསྔགས་པ་ཞེས་བྱའོ། །ཡུམ་ནི་སེམས་གསལ་མ་ཞེས་བྱའོ། །སྲས་ནི་འཇིག་ རྟེན་ཀུན་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་མཆོག་གི་ཡེ་ཤེས་རྒྱལ་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྲགས་པ་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་རྒལ་བའི་བློ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་ སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དྲན་པའི་འོད་སྐྱེ་བའི་ཡུལ་ནི་དྲན་པའི་ གོ་བགོས་པ་གནས་ཀྱི་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་མོ། །ཡབ་ནི་བསྐལ་པ་གྲངས་མེད་མཐོང་བར་སེམས་ཞེས་བྱའོ། །ཡུམ་ནི་དུས་གསུམ་མཉམ་ཉིད་བློ་ཞེས་བྱའོ། །སྲས་ནི་རིན་པོ་ཆེའི་ཚོགས་ཀྱི་ མཛོད་ཅེས་བྱའོ། །རིམ་གྲོ་པ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱིས་རྣམ་པར་རྩེ་བའི་ང་རོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མྱ་ངན་སེལ་བ་བག་ཚ་བ་མེད་པ་ཐོབ་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐོས་པ་ཐམས་ཅད་ཀྱིས་རྣམ་པར་སྤྲུལ་པ་བཀོད་པ་ཞེས་བྱའོ། ། འདུས་པ་ནི་ལན་བརྒྱ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་སུམ་ཅུ་སྙེད་དོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་ པར་འགྱུར་རོ། །དེ་བཞིན་གཤེགས་པ་དགེ་བའི་འོད་དག་གི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་མཁས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཡབ་ནི་ལེགས་སེམས་ཡིན། །ཡོན་ཏན་བུ་ནི་རྒྱལ་ཡུམ་ཡོན་ཏན་སེམས། །སྲས་ཡིན་ཡོན་ཏན་ནོར་ནི་ རིམ་གྲོ་པ། །ཡོན་ཏན་ཚོགས་ཀྱི་ཏོག་ནི་བློ་ཅན་ཏེ། །ཡོན་ཏན་ཐམས་ཅད་མཆོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང་། །བྱང་ཆུབ་དག་ལས་ཕྱིར་ནི་མི་ལྡོག་པ། །བྱེ་བ་འབུམ་ཕྲག་འབུམ་ཕྲག་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དགུ་ ཁྲི་ཉིས་སྟོང་ཡིན། །སྲིད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་ཁམས་ཀུན་ཏུ་སྐུ་གདུང་དག་གིས་ཁྱབ། །སངས་རྒྱས་ཡོན་ཏན་མཆོག་མ་ཀུན་འོད་ཀྱི། །སྐྱེ་བའི་ཡུལ་ནི་རྫུ་འཕྲུལ་ སྣང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་དྲི་མེད་འོད། །དཔག་ཚད་བཅུ་ཡོད་འོད་ཀྱི་དབང་པོ་ཡབ། །ཡོན་ཏན་ཚོགས་ནི་རྒྱལ་ཡུམ་ཡོན་ཏན་མཆོག །སྲས་ཡིན་ཡོན་ཏན་དབང་པོ་རིམ་གྲོ་པ། །ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །ཡོན་ཏན་དབང་པོ་གནས་པ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །མཚུངས་མེད་ཡོན་ཏན་ཀུན་བསགས་སྣང་མེད་ཐོབ། །སྦྱོར་བསྲེགས་བྱེ་བ་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་ བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གསུམ་པ་བཀོད་པས་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་རིན་པོ་ཆེ་ཡི་དཔལ། །སྐྱེ་བའི་ཡུལ་ནི་དཔལ་གྱི་ཚོགས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་གྲགས་པའི་དབང་པོ་ཡབ། །དཔལ་ མཆོད་མ་ནི་རྒྱལ་ཡུམ་རིན་པོ་ཆེ། །སྲས་ཡིན་རིན་ཆེན་དཔལ་ནི་རིམ་གྲོ་པ། །གྲགས་པར་གནས་པ་ཤེས་རབ་ཅན་ཡིན་ཏེ། །མཁས་པ་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །ཀུན་ཀྱང་རི་བོ་ལྷུན་ལྟར་མི་གཡོ་བ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་སྙེད་ཡོད། །ཡོངས་སུ་མྱ་ངན་འདས་པའི་དམ་ཆོས་དག ། ལོ་གྲངས་སུམ་ཁྲི་བརྒྱད་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་ས་ཡས་ཞིང་རྣམས་ཁྱབ་པར་འགྱུར། །དེ་བཞིན་གཤེགས་པ་སྐྱེས་བུ་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་ཟླ་བས་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ ཚད་དགུ་ཡོད་ཡབ་ནི་ལེགས་མཆོད་ཡིན། །ཟླ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཟླ་བཟང་ཟླ་བ་རིམ་གྲོ་པ། །བཞིན་ལྡན་ཞེས་ནི་བྱ་བ་མཁས་པ་སྟེ། །འཇིག་རྟེན་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །ངར་མི་འཛིན་པ་མཁའ་ དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །སུམ་ཅུ་རྩ་བདུན་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །གསེར་གྱི་རྒྱལ་མཚན་མཆོག་སྟོང་ སྙེད་ཀྱིས་སྤྲས། །འཇིག་རྟེན་མགོན་པོ་སྒྲ་གཅན་སྐྱེ་བ་ཡི། །ཡུལ་ནི་ལྷ་མིན་མཆོད་རྟེན་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ལྷ་དབང་ཡིན། །ལྷ་མ་ཡིན་དབང་བདག་མོ་རྒྱལ་བའི་ཡུམ། །སྲས་པོ་ནོར་ལྡན་ནོར་བཟངས་རིམ་ གྲོ་པ། །དུལ་གནས་དགའ་ཞེས་བྱ་བ་མཁས་པ་སྟེ། །དགྲ་ཡིས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་། །སྲེད་པ་འགོག་པར་ཐར་ལ་དགའ་བ་པོ། །ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ ཡིན། །སྲིད་མཐར་ཕྱིན་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །སྲིད་པ་གསུམ་པོར་མཆོད་ཅིང་བཀུར་བར་འགྱུར། །དེ་བཞིན་གཤེགས་པ་བདུད་རྩི་འོད་སྐྱེ་བའི། །ཡུལ་ནི་ཡོན་ཏན་སྣང་བར་བྱེད་ ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་མཐུ་ལྡན་ཡིན། །དད་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གོ་བགོས་དུལ་བ་རིམ་གྲོ་པ། །བདུད་རྩིའི་ང་རོ་ཞེས་བྱ་མཁས་པ་སྟེ། །བསམ་གཏན་པ་ལ་དད་བྱེད་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །ཉོན་མོངས་བདུད་ཀུན་འཇོམས་པར་བྱེད་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། །དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ ཏེ། །དཔག་ཚད་བཅུ་གཉིས་གསེར་གྱི་བླ་རེར་ལྡན། །རིན་ཆེན་མཆོག་གི་རྣ་རྒྱན་དག་གིས་བརྒྱན། །བདེ་གཤེགས་འཇིག་རྟེན་མཆོག་མ་སྐྱེ་བའི་ཡུལ། །ཤིན་ཏུ་སྙན་པའི་གཏམ་དང་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གསུམ་ མེ་ཏོག་བཟང་པོ་ཡབ། །དཔལ་རྒྱལ་མེ་ཏོག་ཡུམ་ཡིན་མེ་ཏོག་གསལ། །སྲས་ཡིན་ཙམ་པ་ཀ་ནི་རིམ་གྲོ་པ། །མེ་ཏོག་སྡུག་ཅེས་བྱ་བ་མཁས་པ་སྟེ། །འཇིགས་མེད་མེ་ཏོག་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང་། །ཆགས་ལས་འདས་པ་འཇིག་རྟེན་མི་ ལྟ་བ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ལྔ་སྟོང་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཞི་པ་མུ་ཏིག་བླ་རེར་བཅས། །བཻ་དཱུརྱ་ཡི་རྣ་རྒྱན་བརྩེགས་པར་ལྡན། །དེ་བཞིན་ གཤེགས་པ་སྐར་མའི་འོད་དག་གི། །སྐྱེ་བའི་ཡུལ་ནི་འོད་འཕྲོ་ཅན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་སྣང་བའི་དབང་པོ་ཡབ། །འོད་འཕྲོ་སྣང་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མེད་བྱིན་འོད་ལྡན་རིམ་གྲོ་པ། །གློག་འོད་གཟི་བརྗིད་བློ་གྲོས་ ཅན་ཡིན་ཏེ། །འོད་འཕྲོ་གསལ་བའི་དཔལ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །ཆུ་བོ་བཞི་ཡི་ཕ་མཐར་ལེགས་གནས་པ། །བྱེ་བ་ཕྲག་ནི་ཉི་ཤུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན། །ཡོན་ཏན་སློབ་དཔོན་དག་གི་དམ་ཆོས་དག ། ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཚན་མོ་མར་མེ་སྟོང་སྙེད་འོད་ཀྱང་འབར། །དེ་བཞིན་གཤེགས་པ་ཞི་བའི་སྟོབས་དག་གི། །སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ ཤུ་རྩ་བདུན་ཡབ་ནི་རྣམ་གྲོལ་ཡིན། །དགྲ་བཅོམ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཆད་མཁན་དགེ་ལེགས་རིམ་གྲོ་པ། །མཆོད་རྟེན་ཆེན་པོ་ཞེས་བྱ་མཁས་པ་སྟེ། །རྒོལ་བས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །འཇིག་ རྟེན་ཟང་ཟིང་མེད་པའི་དགྲ་བཅོམ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །དམ་ཆོས་ལོ་གྲངས་སུམ་ཁྲི་ཆིག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཞི་པ་རིན་ཆེན་ཕལ་པོ་ཆེའི། །དྲ་བས་སྤྲས་པས་ འོད་ནི་མཐའ་ཡང་ཡས། །དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་ཡི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ཚོགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གསུམ་ཡབ་ནི་ཡོན་ཏན་ཡིན། །དོན་འདོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་གཞི་ཟླ་དབང་རིམ་ གྲོ་པ། །མཆོད་རྟེན་ཤིང་རྟ་ཞེས་བྱ་མཁས་པ་སྟེ། །འཇིགས་མེད་ཡེ་ཤེས་ལྡན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །སྲེད་པའི་རྒྱ་མཚོ་རྣམ་པར་སྐེམས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །རྒྱལ་ བ་མྱ་ངན་འདས་ནས་དམ་ཆོས་དག །འོན་ཀྱང་ལོ་གྲངས་སྟོང་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ཞིང་རྣམས་ཀུན་ཏུ་འོད་ནི་མཐའ་ཡང་ཡས། །ཆོས་ཀྱི་དབང་ཕྱུག་རི་ཡི་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་མཛེས་པར་སྤྲས་ཞེས་བྱ། །རྒྱལ་བའི་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཙན་དན་སྤོས་བཟངས་རིམ་གྲོ་པ། །རིན་ཆེན་འགྲོས་ཞེས་བྱ་བ་མཁས་པ་སྟེ། །ཆོས་ལ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ ཀུན་ལའང་། །དགྲ་བཅོམ་ཐམས་ཅད་ཆགས་པ་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་དམ་པའི་ གྲངས། །བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང་། །མི་ཡི་མགོན་པོ་རབ་ཏུ་ཞི་བ་ཡི། །སྐྱེ་བའི་ཡུལ་ནི་གྲགས་པར་སྣང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཤིན་ཏུ་ཞི་བ་ཡབ། །ཞི་གནས་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཞི་བྱིན་ཞི་ དབང་རིམ་གྲོ་པ། །བདུད་བཞི་བྱེད་པ་བློ་གྲོས་ཅན་ཡིན་ཏེ། །ཡིད་དབང་ཤིན་ཏུ་ཞི་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །སྲིད་པར་འཛིན་པའི་མདུད་པ་རྣམ་གྲོལ་བ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སུམ་ ཁྲི་སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་རིན་ཆེན་བདུན་ལས་བྱས། །དེ་བཞིན་གཤེགས་པ་ཡོན་ཏན་མཐུ་སྟོབས་ཀྱི། །སྐྱེ་བའི་ཡུལ་ནི་ ལེགས་པར་སྐྱེས་ཞེས་བྱ། །རིགས་ནི་བྲམ་ཟེ་ཁྱད་པར་འཕགས་པའི་འོད། །དཔག་ཚད་བདུན་ཅུ་ཡབ་ནི་ལེགས་བརྩེགས་ཡིན། །ཡོན་ཏན་འོད་འཕྲོ་རྒྱལ་ཡུམ་ཡོན་ཏན་མཆོག །སྲས་ཡིན་ཡོན་ཏན་གཙོ་བོ་རིམ་གྲོ་པ། །ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །ཡོན་ཏན་དབང་པོ་ གསལ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །དགྲ་བཅོམ་ཐམས་ཅད་ཆགས་མེད་གནས་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་ གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བདུན་པ་ཏོག་མཆོག་བླ་རེར་ལྡན། །བདེ་བར་གཤེགས་པ་ལྷ་ཡི་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་དབང་པོས་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ དབང་ཆེན་ཡིན། །དགེ་དབང་བློ་གྲོས་རྒྱལ་ཡུམ་སྲས་པོ་ནི། །ཚིག་ལེན་ནོར་ཀུན་བཟང་པོ་རིམ་གྲོ་པ། །དབང་པོའི་རྒྱལ་མཚན་ཏོག་ནི་བློ་ཅན་ཏེ། །བག་ཡོད་རྣམ་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང་། །འཆིང་དང་དྲ་བ་འདོར་བར་བྱེད་པ་ པོ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སུམ་ཁྲི་དྲུག་སྟོང་གནས། །མཆོད་རྟེན་དཔག་ཚད་བརྒྱད་པ་འབྱུང་འགྱུར་ཏེ། །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །མི་ཡི་ འདྲེན་པ་དབྱངས་དག་སྙན་པ་ཡི། །སྐྱེ་བའི་ཡུལ་ནི་དབྱངས་ཀྱི་ཡན་ལག་ཡིན། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱངས་སྙན་ཡིན། །གདངས་སྙན་མ་ནི་རྒྱལ་ཡུམ་སྲས་པོ་ནི། །མཆོག་མ་ཤིན་ཏུ་རྒྱལ་དཀའ་རིམ་གྲོ་པ། །ཡོན་ཏན་གྲགས་ པའི་དབང་ཕྱུག་བློ་ཅན་ཏེ། །འཇིག་རྟེན་དག་གིས་མི་འཇིགས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །རིགས་ནི་འོད་ལྡན་ལུང་ནི་མཚུངས་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །མི་མཆོག་མྱ་ངན་འདས་ནས་སྐུ་གདུང་ནི། །མཆོད་རྟེན་དཔག་ཚད་སུམ་ཅུ་པ་གཅིག་འབྱུང་། །དེ་བཞིན་གཤེགས་པ་ངོས་བཟངས་སྐྱེ་བ་ཡི། །ཡུལ་ནི་གཟི་བརྗིད་སྣང་བར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་ལྷ་བཟང་ཡིན། །རིལ་བ་སྟོབས་བརྟན་རྒྱལ་ཡུམ་སྲས་པོ་ནི། །དཀའ་ཐུབ་ཆེན་པོ་མཐོང་ལྡན་རིམ་གྲོ་པ། །ཕྱོགས་རྣམས་རྣམ་པར་ལྟ་བ་མཁས་པ་སྟེ། །འཇིག་རྟེན་སྒྲོན་མ་འབྱིན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། ། དྲི་གསུམ་དྲི་མེད་ཐེར་འབུམ་ཐེར་འབུམ་ཡོད། །མི་རྣམས་དག་གི་ཚེ་ཡི་ཚད་དག་ཀྱང་། །ལོ་གྲངས་བདུན་ཁྲི་སུམ་སྟོང་ཐམ་པ་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བདུན་ཁྲི་ཚང་བའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །ལྷ་མི་ དག་གིས་བསྟོད་ཅིང་མཆོད་པར་འགྱུར། །མི་ཡི་འདྲེན་པ་དོན་ལ་གནས་པ་ཡི། །སྐྱེ་ཡུལ་དོན་སྟོན་བློ་གྲོས་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་དོན་བྱས་ཡིན། །དོན་སྒྲ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་མ་འགྲོས་ ལྡན་རིམ་གྲོ་པ། །འགྲོ་དོན་སྐྱོང་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་སྒྲོན་མ་འབྱིན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །དགྲ་བཅོམ་ངར་མི་འཛིན་པ་སྡིག་སྦྱངས་པ། །ལེགས་གནས་དེ་དག་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་ སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་འབུམ་ཕྲག་སྙེད་ཀྱིས་བརྒྱན་པར་འགྱུར། །དེ་བཞིན་གཤེགས་པ་ཡོན་ཏན་གཟི་བརྗིད་དཔལ། །སྐྱེ་ཡུལ་ ཡོན་ཏན་ཐམས་ཅད་འབྱུང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་ཡབ་ནི་གཟུགས་བཟང་ཡིན། །གཟི་བརྗིད་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །གཟི་བྱིན་ཡོན་ཏན་གཟི་བརྗིད་རིམ་གྲོ་པ། །ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །བདུད་རབ་འཇོམས་ ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །དགྲ་བཅོམ་བྱེ་བ་བཅུ་དྲུག་བཅུ་དྲུག་ཡོད། །མི་རྣམས་དག་གི་ཚེ་ཡི་ཚད་དག་ཀྱང་། །ལོ་གྲངས་ཉི་ཁྲི་བདུན་སྟོང་ཐམ་པ་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སུམ་ཁྲིའི་བར་དུ་ གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །པད་མ་འབུམ་ཕྲག་སྙེད་ཀྱིས་བརྒྱན་པར་འགྱུར། །དེ་བཞིན་གཤེགས་པ་མཁྱེན་ལྡན་ཟླ་མེད་པ། །སྐྱེ་ཡུལ་ཤེས་ལྡན་སྣང་བར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གསུམ་མཆོད་ སྦྱིན་བཟང་པོ་ཡབ། །ཡེ་ཤེས་ཅན་ནི་རྒྱལ་ཡུམ་ཤེས་ལྡན་བྱིན། །སྲས་ཡིན་ལེགས་པའི་མཆོད་སྦྱིན་རིམ་གྲོ་པ། །ཡེ་ཤེས་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །ཆགས་མེད་རྣམ་པར་གྲོལ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང་། །སྲེད་ཕྱོགས་དྲི་མ་དག་ དང་བྲལ་བ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་སྟོང་ཡང་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་གྲངས། །བཅུ་གསུམ་པ་སྟེ་གཅིག་ཅིག་འབྱུང་འགྱུར་ལ། །གསེར་གྱི་བླ་རེ་བརྒྱ་ཕྲག་ སྙེད་ཀྱིས་བརྒྱན། །དེ་བཞིན་གཤེགས་པ་ང་རོ་དཔག་མེད་ཀྱི། །སྐྱེ་བའི་ཡུལ་ནི་རྟ་སྐད་དབྱངས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ཉི་ཤུ་ཡབ་ནི་དབྱངས་སྙན་ཡིན། །ཤེས་ལྡན་དབྱངས་ནི་ཡུམ་ཡིན་སྲས་པོ་ནི། །བྱེ་བརྒྱད་པ་ཡིན་སྙན་ལྡན་རིམ་གྲོ་ པ། །གདངས་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །བདུད་རྣམས་རྣམ་པར་འཇིག་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཐུབ་པའི་དགྲ་བཅོམ་ཡེ་ཤེས་མཆོག་ལྡན་པ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་ དགུ་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་སྟོང་ཕྲག་སྙེད་ཀྱིས་ཀུན་ཏུ་གང་། །སྐྱེས་བུ་དམ་པ་འོད་བཟང་སྐྱེ་བ་ཡི། །ཡུལ་ནི་འོད་ཀྱིས་ལེགས་པར་ བརྒྱན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་མཐུ་ལྡན་ཡིན། །གཟི་བརྗིད་ཆེན་མོ་ཅན་ནི་རྒྱལ་བའི་ཡུམ། །སྲས་པོ་ཚངས་སྦྱིན་ཡུལ་ས་རིམ་གྲོ་པ། །ཉི་མའི་འོད་ཅེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །ཚངས་པར་སེམས་བཟང་ལྷ་ཡིས་མཆོད་འགྱུར་བ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་ སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འཇིག་རྟེན་ཕན་ཕྱིར་རྒྱལ་བས་རྣམ་པར་བཀང་། །འཇིག་རྟེན་མཆོག་མ་ཤིན་ཏུ་ཐུགས་གཞུངས་པའི། །སྐྱེ་བའི་ཡུལ་ནི་བྱང་ཆུབ་ཚོགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་གསལ་བ་ཡིན། ། གཟི་བརྗིད་འོད་ལྡན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཡུལ་སྡུག་ལེགས་མཐོང་རིམ་གྲོ་པ། །མི་སྙོམས་ཏོག་ནི་བློ་གྲོས་ཅན་ཡིན་ཏེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང་། །ཐམས་ཅད་ཟང་ཟིང་མེད་པའི་ཆོས་སྦྱིན་བྱེད། །བྱེ་བ་ཕྲག་ནི་ ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །འཕང་སྲིད་དུ་ནི་དཔག་ཚད་བཞི་འཕགས་ལ། །གསེར་གྱི་རྒྱན་དག་གིས་ནི་འཁོར་བར་བསྐོར། །དེ་བཞིན་གཤེགས་པ་ དོན་དགོངས་གཏི་མུག་བྲལ། །སྐྱེ་ཡུལ་རྣམ་པར་གྲོལ་བ་མཆོག་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གསུམ་ཡབ་ནི་ལེགས་བཟང་ཡིན། །བཟང་བྱེད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བཟང་ལྡན་ཟླ་ལེགས་རིམ་གྲོ་པ། །ཡོན་ ཏན་གྲགས་པར་བྱེད་པ་བློ་ཅན་ཏེ། །འཇིག་རྟེན་རྣམ་པར་སྣང་བྱེད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་གཅིག་ཀུན་ལའང་། །ཁུར་བོར་ཕ་རོལ་དག་ཏུ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཆིག་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་ཀུན་ནས་ལེགས་པར་སྤྲས། །སངས་རྒྱས་དབྱངས་ཀྱི་ཡན་ལག་ཁྱད་འཕགས་ཀྱི། །སྐྱེ་ཡུལ་ཁྱད་འཕགས་སྣང་བར་བྱེད་ཅེས་བྱ། །རིགས་ནི་རྒྱལ་ རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་ང་རོ་མཆོག །གདངས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །ཁ་ལོ་སྒྱུར་སྲས་ཡིད་འཐད་རིམ་གྲོ་པ། །རབ་ཏུ་ཞི་བའི་ང་རོ་མཁས་པ་སྟེ། །དབྱངས་ཀྱི་ཡན་ལག་ཁྱད་འཕགས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ ཉི་ཤུ་དྲུག་ཀུན་ལའང་། །ལྟ་བ་བསལ་བ་གཏི་མུག་མེད་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། ། དཔག་ཚད་བརྒྱད་པ་གསེར་གྱིས་མཛེས་པར་བྱས། །རྒྱལ་བ་མཆོག་ཏུ་མཛེས་པར་གཤེགས་པ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་བསྔགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་བཟང་ཡིན། །ཆོས་ཀྱི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། ། སྲས་པོ་ཐར་བྱེད་རྣམ་ཐར་རིམ་གྲོ་པ། །ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །རྣམ་གྲོལ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གསུམ་ཀུན་ལའང་། །དགྲ་བཅོམ་ཟླ་བ་ཉ་དང་འདྲ་བ་པོ། །དེ་དག་ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་ ཉི་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཉི་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །གསེར་གྱི་བླ་རེ་རྒྱལ་མཚན་དག་གིས་བསྐོར། །འཇིག་རྟེན་མཆོག་མ་ཞི་དོན་སྐྱེ་བའི་ཡུལ། །རྣམ་པར་གདོན་མི་ཟ་བའི་ དོན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་གཟི་བརྗིད་དབང་པོ་ཡབ། །གཟི་བརྗིད་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྟོན་བྱེད་ཡུལ་བཟངས་རིམ་གྲོ་པ། །ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །ཡོན་ཏན་ཀུན་གྱི་མཆོག་མ་རྫུ་འཕྲུལ་ ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །མི་ཁོམ་སྲེད་པའི་དྲ་བ་གཅོད་པ་པོ། །དེ་དག་བྱེ་ཕྲག་བཅུ་བཞི་བཅུ་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་ཉི་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་ སྐུ་གདུང་དག་ནི་རྒྱས་འགྱུར་ལ། །སྟོང་གསུམ་འགྲོ་བ་ཐམས་ཅད་དབང་དུ་མཛད། །ཆོས་ཀྱི་དབང་ཕྱུག་སྐྱོན་མེད་སྐྱེ་བ་ཡི། །ཡུལ་ནི་སྐྱོན་རྣམས་རབ་ཏུ་སེལ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཡབ་ནི་རྒྱ་ཆེན་ཡིན། །ལྷ་མཆོག་མ་ཞེས་བྱ་བ་རྒྱལ་ བའི་ཡུམ། །སྲས་པོ་ཁ་སྒྱུར་མཐུ་རྩལ་རིམ་གྲོ་པ། །ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །བསམ་གཏན་པ་ཡིས་བསྔགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །མཚོ་ལྟར་གང་བ་དེ་དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། ། མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །རྒོལ་བ་ཚར་གཅོད་པ་ཡི་དམ་ཆོས་དག །ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གཅིག་པ་བླ་རེ་སྟོང་དང་ལྡན། །བདེ་བར་གཤེགས་པ་བློ་དབྱངས་དགེ་བ་ཡི། །སྐྱེ་ཡུལ་དགེ་བ་ སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་བློ་བཟངས་ཡིན། །དགེ་འོད་མ་ནི་རྒྱལ་ཡུམ་སྲས་པོ་ནི། །གཟུངས་ཀྱི་དབང་ཕྱུག་རྒྱལ་བའི་རིམ་གྲོ་པ། །ཕྱོགས་མཆོད་པ་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་སྣང་བར་བྱེད་པ་རྫུ་འཕྲུལ་ ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཐམས་ཅད་ཆགས་མེད་གྱུར་པ་བསམ་གཏན་པ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་བཞི་སྟོང་བར་དུ་ གནས། །འགྲོ་བའི་དོན་དུ་རྒྱལ་བའི་སྐུ་གདུང་དག །འཇིག་རྟེན་གསུམ་ཀུན་རྒྱས་ཤིང་གང་བར་འགྱུར། །རྡུལ་དང་བྲལ་བའི་པད་མའི་མཛོད་སྐྱེ་བའི། །ཡུལ་ནི་པད་མའི་ཕུང་པོ་ཞེས་ཀྱང་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་དྲུག་ཡབ་ནི་པད་མ་བཟང་། ། པད་དཔལ་མ་ནི་རྒྱལ་ཡུམ་སྲས་པོ་ནི། །སྙིང་རྗེ་ཆེན་པོ་ཐོག་ནི་རིམ་གྲོ་པ། །ཡོན་ཏན་མེ་ཏོག་འཛིན་པ་བློ་ཅན་ཏེ། །མཆོག་སྲེད་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་། །ཆ་གཉིས་དག་ལས་རྣམ་གྲོལ་དགྲ་བཅོམ་མཆོག །བྱེ་བ་ཕྲག་ནི་ཉི་ཤུ་བཞི་ བཞི་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །དམ་ཆོས་ལོ་གྲངས་ཉི་ཁྲི་བཞི་སྟོང་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བཅུ་དྲུག་སྟེ། །མཆོད་རྟེན་དེ་ཀུན་རིན་ཆེན་བདུན་ལས་བྱས། །འཇིག་རྟེན་མཆོག་མ་འོད་ཟེར་བཟང་པོ་ཡི། །སྐྱེ་ཡུལ་ འོད་ཟེར་སྣང་བར་བྱེད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་བཞི་འོད་ཟེར་ཆེན་པོ་ཡབ། །དགའ་བ་གྲགས་འཛིན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་པད་མ་ལེགས་མཐོང་རིམ་གྲོ་པ། །ཆགས་པ་མེད་པའི་སྒྲ་ནི་བློ་ཅན་ཏེ། །གླེང་བའི་ང་རོ་ཞེས་བྱ་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །མེ་འོད་འཕྲོ་བ་ལྟར་ནི་ཆགས་མེད་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་ཉི་ཁྲི་ལྔ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་ གཅིག་ཡིན་ཏེ། །དཔག་ཚད་བརྒྱ་པ་གསེར་གྱི་འོད་དང་ལྡན། །དེ་བཞིན་གཤེགས་པ་སྤོབས་པའི་མདོག་དག་གི། །སྐྱེ་བའི་ཡུལ་ནི་སྤོབས་པའི་མདོག་ཅེས་བྱ། །རྒྱལ་བ་དེ་ཡི་རིགས་ནི་བྲམ་ཟེ་ཡིན། །འོད་ནི་མཐའ་ཡས་བདག་ཉིད་ཆེན་པོ་ཡབ། །འོད་ཀྱི་ཁ་དོག་ཅན་ནི་རྒྱལ་བའི་ ཡུམ། །རིན་ཆེན་མཆོག་སྲས་ཤེས་ལྡན་རིམ་གྲོ་པ། །སྤོབས་པའི་དབྱངས་ནི་བློ་གྲོས་ཅན་ཡིན་ཏེ། །ཤེས་རབ་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཆགས་དང་བྲལ་བར་གྱུར་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་ གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །ཡོན་ཏན་མངོན་དགྱེས་པ་ཡི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་དྲུག་ཅུ་འབྱུང་། །མི་ཡི་འདྲེན་པ་སྟེགས་ནི་བཟང་པོ་ཡི། །སྐྱེ་ཡུལ་ འཕགས་པ་དད་པར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གསུམ་ཡབ་ནི་དོན་ཆེན་ཡིན། །བདུད་རྩིའི་ང་རོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཞི་བ་ཉེར་ཞི་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །མཐུ་རྩལ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། ། འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །འཇིག་རྟེན་བདེ་དང་ཕན་ཕྱིར་གནས་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་ཆོས་ལོ་གྲངས་སུམ་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ལ། །དཔག་ ཚད་བཅུ་གསུམ་པ་སྟེ་གསེར་གྱིས་སྤྲས། །རྒྱལ་མཚན་བྱེ་བ་སྟོང་གིས་མཛེས་པར་བྱས། །ཡོན་ཏན་རྒྱ་མཚོ་ཚོགས་ཀྱི་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་དབང་པོས་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཅིག་དགའ་བའི་དབང་པོ་ཡབ། །ཚོགས་ ཅན་སྤོང་ནི་རྒྱལ་ཡུམ་སྲས་པོ་ནི། །འཕགས་པ་དད་བྱེད་དེས་པ་རིམ་གྲོ་པ། །ཐར་པ་དགའ་ཞེས་བྱ་བ་མཁས་པ་སྟེ། །བདེན་ལ་དད་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །མི་སློབ་འབྲས་བུ་དག་ནི་ཐོབ་པ་པོ། །འབུམ་ཕྲག་ཉི་ཤུ་བཞི་བཞི་ འདུས་པར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་ཡིན། །དམ་ཆོས་ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་མུ་ཏིག་བླ་རེར་ལྡན། །གསེར་གྱི་རྒྱལ་མཚན་སྟོང་གིས་འཁོར་བར་བསྐོར། །དེ་ བཞིན་གཤེགས་པ་བསྙེངས་དང་བྲལ་བ་ཡི། །སྐྱེ་བའི་ཡུལ་ནི་མི་འཇིགས་སྦྱིན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་སྐྲག་མེད་ཡིན། །ཀླུ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་བྱེད་མཐུ་རྩལ་རིམ་གྲོ་པ། །གནོད་ མེད་པ་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པའི་མཆོད་རྟེན་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །ཆ་གཉིས་དག་ལས་རྣམ་གྲོལ་མི་སློབ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །མྱ་ངན་འདས་ པ་དེ་ཡི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འཇིག་རྟེན་ཁམས་རྣམས་ཐམས་ཅད་གང་བར་འགྱུར། །བདེ་བར་གཤེགས་པ་ཡེ་ཤེས་བཞེད་པ་ཡི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་སྒྲོགས་ཞེས་བྱ། །རྒྱལ་བའི་རིགས་ ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལེགས་ཤེས་ལྡན། །ཡེ་ཤེས་ལྷུན་གྲུབ་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཤེས་མཆོག་ནུས་ལྡན་རིམ་གྲོ་པ། །ཡེ་ཤེས་རི་བོ་ཞེས་བྱ་མཁས་པ་སྟེ། །ཡེ་ཤེས་མཐོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ ཀུན་ལའང་། །པད་མ་ལྟ་བུར་སྲིད་པས་མི་གོས་པ། །བྱེ་བ་ཕྲག་ནི་སུམ་ཅུ་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་ལྔ་ཡིན། །དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཅུ་པ་རིན་པོ་ཆེས་སྤྲས་ཤིང་། ། རྣ་རྒྱན་དག་གིས་མཛེས་བྱས་གསེར་གྱིས་སྤྲས། །དེ་བཞིན་གཤེགས་པ་སྤོབས་པའི་སྤྱན་དག་གི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་མཐོང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གསུམ་ཡབ་ནི་སྤྱན་ལེགས་ཡིན། །མིག་སྡུག་མ་ཞེས་བྱ་བ་ རྒྱལ་བའི་ཡུམ། །སྲས་པོ་གཉེན་པོ་བློ་ཆེན་རིམ་གྲོ་པ། །སྤོབས་པའི་སྙིང་སྟོབས་བློ་གྲོས་ཅན་ཡིན་ཏེ། །རྣམ་པར་གྲོལ་བར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་དྲུག་ཅུ་སྟེ། །འབྲས་བུའི་མཆོག་མ་དགྲ་བཅོམ་ཐོབ་པ་པོ། །འབུམ་ཕྲག་ཉི་ཤུ་རྩ་ནི་གཉིས་ གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན། །འཇིག་རྟེན་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །མྱ་ངན་འདས་ནས་ལོ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་དུ་ཚང་བར་འགྱུར། །དེ་བཞིན་གཤེགས་པ་བློ་ཡི་མཆོག་མ་ཡི། ། སྐྱེ་བའི་ཡུལ་ནི་བློ་ཡི་ཚོགས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་བློ་བཟངས་ཡིན། །འོད་འཕྲོ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་ལྡན་ཆོས་བཟངས་རིམ་གྲོ་པ། །སྤོབས་པའི་བློ་ནི་བློ་གྲོས་ཅན་ཡིན་ཏེ། །ལེགས་པ་བསགས་ པའི་བློ་ནི་རྫུ་འཕྲུལ་ཅན། །དྲི་གསུམ་དྲི་མ་ཤིན་ཏུ་དྲི་མེད་པ། །དགྲ་བཅོམ་བསམ་གཏན་པ་ནི་ཐེར་འབུམ་སྙེད། །དེ་དག་ཐམས་ཅད་ལྷ་མི་ཕན་ཕྱིར་འདུས། །མི་ཚེ་ལོ་གྲངས་དགུ་ཁྲི་བརྒྱད་སྟོང་ཡིན། །མྱ་ངན་འདས་ནས་དེ་ཡི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་དྲུག་སྟོང་བར་དུ་གནས། ། རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་ཁོར་ཡུག་བླ་རེར་ལྡན། །ཆོས་ཀྱི་དབང་ཕྱུག་ཟླ་བ་སྐྱེ་བ་ཡི། །ཡུལ་ནི་སྣང་བ་གསལ་བར་བྱེད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་མིག་བཟངས་ཡིན། །ཟླ་བཞིན་མ་ ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཞི་ལྡན་ལྷ་དབང་རིམ་གྲོ་པ། །མཆོད་རྟེན་ཆེན་པོ་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་བསྔགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང་། །དགྲ་བཅོམ་ཐམས་ཅད་ཟང་ཟིང་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་ རེ་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་དགུ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །ཐུགས་རྗེ་ཆེན་པོའི་རྒྱལ་བའི་སྐུ་གདུང་དག །ཞིང་རྣམས་དག་ཏུ་རྒྱས་ཤིང་གང་བར་འགྱུར། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་ ཀྱི། །སྐྱེ་བའི་ཡུལ་ནི་བློ་གྲོས་ཏོག་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གསུམ་ཡབ་ནི་འོད་ལྡན་ཡིན། །ལྷ་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཐའ་ཡས་བཞིན་སྡུག་རིམ་གྲོ་པ། །སྣང་བྱིན་ཅེས་བྱ་བློ་གྲོས་ཅན་ཡིན་ཏེ། །འཕགས་པར་ གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་བཞི་ཀུན་ལའང་། །གཏི་མུག་མེད་གྱུར་ཞི་བའི་བསམ་གཏན་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ལྔ་སྟོང་ཡིན། །མགོན་པོ་མཆོག་མ་མྱ་ངན་འདས་ནས་ ཀྱང་། །དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱ་པ་ཁོར་ཡུག་བླ་རེར་ལྡན། །འཇིག་རྟེན་མགོན་པོ་བསྙེངས་པ་མེད་པ་ཡི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་ཚོགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་མཐུ་ལྡན་ཡིན། །འགྲོ་བས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བྱམས་ལྡན་སྐྱོན་མེད་རིམ་གྲོ་པ། །ཡོན་ཏན་མཐུ་རྩལ་ཞེས་བྱ་མཁས་པ་སྟེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ ལ་ཡང་། །བདུད་ཀྱི་དཔུང་དག་དཔུང་མེད་བྱེད་པ་པོ། །བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་དྲུག་བར་དུ་གནས་པར་འགྱུར། །ལྷ་མི་དག་ལ་ཕན་ཕྱིར་རྒྱལ་བ་ཡི། །སྐུ་གདུང་ རྒྱས་ཤིང་རྣམ་པར་གང་བར་འགྱུར། །དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་ལྟ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་རྩ་དགུ་གཟི་བརྗིད་བཟང་པོ་ཡབ། །ཟླ་ལྟ་མ་ཞེས་བྱ་བ་རྒྱལ་བའི་ཡུམ།