Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 68
Văn bản gốc(Tây Tạng)
Trang 11 / 22 (50.000 ký tự/trang)
་པ་ལས་ཐིག་ལེ་ལྔ་བསྐུ་ཞིང་། ཨོཾ་བུདྡྷ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་དྷཱ་ར་ནི་ཨ་བྷི་ཥིཉྩ་ཨཿ། ཞེས་བྱ་བས་གཟུངས་ཀྱི་དབང་བསྐུར་བར་བྱའོ། །དེ་ནས་བཀྲ་ཤིས་པའི་རྫས་ ཐམས་ཅད་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་བཀྲ་ཤིས་བཏོན་ལ་རིན་པོ་ཆེའི་ཐུར་མའམ་གསེར་ལ་སོགས་པའི་ཐུར་མ་ཐོགས་ལ་མདུན་དུ་འདུག་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་ཐམས་ ཅད་རྒྱལ་བས་བསལ། །ཞེས་བརྗོད་ལ། ཨོཾ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཞེས་བྱ་བས་མིག་དབྱེ་བར་བྱའོ། །དེ་ནས་མེ་ལོང་བླངས་ལ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་ དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་གཉིས་མེད་གནས་མེད་པར། །དེ་ལྟར་ཆོས་ནི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་དྲིལ་བུ་བླངས་ནས་དཀྲོལ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཆོས་རྣམས་ནམ་མཁའི་མཚན་ཉིད་ དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་དལ་འབྱོར་གྱིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་མཉེས་པར་གྱིས་ཤིག་ཅེས་བརྗོད་ལ། ཧོ་ཞེས་བྱ་བས་གཞུ་བྱིན་ལ་ཕྱོགས་བཞིར་མདའ་བཞི་དང་། སྟེང་ དུ་གཅིག་དང་འོག་ཏུ་གཅིག་འཕེན་དུ་བཅུག་ལ། ལྷའི་བུའི་བདུད་ལ་སོགས་པ་བདུད་ཐམས་ཅད་ཀྱི་སྙིང་ལ་བསྣུན་ཏེ། ཨོཾ་སརྦ་མཱ་ར་བིད་ས་ན་ཧཱུཾ། ཞེས་བྱའོ། །དེ་ནས་ཡང་མེ་ལོང་བྱིན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། ཨོཾ་བཛྲ་སཏྭ་ཨ། ཞེས་བྱས་ལ་གང་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་རྐང་པ་གཉིས་ཀྱི་བར་དུ་གསེར་གྱི་འཁོར་ ལོ་རྩིབས་བརྒྱད་པ་བཞག་ལ། ལག་པ་གཡས་པར་དུང་བྱིན་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་ མེད་ཀྱིས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །འདོད་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པ་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ ཀུན་ཀྱང་། །ཁྱོད་ལ་ཀུན་ནས་སྲུང་བར་བྱེད། །ཨོཾ་བཛྲ་ཙཀྲ་པྲ་བརྟི་ཨཱ། བཛྲ་བྷཱ་ཥ་དྷརྨ་ཧྲཱིཿ། ཞེས་བྱ་བས་དབང་བསྐུར་བར་བྱའོ། །དེ་ནས་བདུད་ཀྱི་དཔུངས་མ་ལུས་པར་འཇོམས་པའི་གླང་པོ་ལ་སོགས་པའི་རིན་པོ་ཆེ་བདུན་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་ ཙཀྲ་རཏྣ་ཨ་བྷི་ཥིཉྩ། ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་དམ་ཚིག་རྣམས་བསྒྲགས་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་བྱ་བའི་རྒྱུད་ལས་འབྱུང་བའི་དམ་ཚིག་རྣམས་བརྗོད་པར་བྱའོ། །དེ་ནས་ཨོཾ་བུདྡྷ་ཀརྨ་ཨ་བྷི་ཥིཉྩ་ཨོཾ། །ཨོཾ་བཛྲ་ཀརྨ་ཨ་བྷི་ ཥིཉྩ་ཧཱུཾ། ཨོཾ་རཏྣ་ཀརྨ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཨཿ། ཞེས་བྱ་བ་རྣམས་ཀྱིས་དབང་བསྐུར་ལ། ཁྱོད་ཀྱིས་དབུས་སུ་སོང་ནས་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། ། ཞེས་བྱས་ལ། ལག་ཏུ་འཁོར་ལོ་སྦྱིན་པར་བྱའོ། །དེ་ནས་ལག་ཏུ་རྡོ་རྗེ་བྱིན་ལ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །ཞེས་བྱའོ། །དེ་ནས་ལག་ཏུ་རིན་པོ་ཆེ་བྱིན་ལ། ལྷོ་ཕྱོགས་ ཀྱི་སྒོར་ཁྲིད་དེ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །ནོར་བུའི་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ནུབ་ཕྱོགས་ཀྱི་སྒོར་ཁྲིད་དེ་ལག་ཏུ་པདྨ་བྱིན་ཏེ། འཇིག་རྟེན་ཀུན་ལ་ཐམས་ཅད་ དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །པདྨའི་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་བྱའོ། །དེ་ནས་བྱང་གི་སྒོར་ཁྲིད་དེ་ལག་ཏུ་སྣ་ཚོགས་རྡོ་རྗེ་བྱིན་ལ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་ བ་སྣ་ཚོགས་ཀྱིས། །ལས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་བརྗོད་པར་བྱའོ། །དེ་ནས། སངས་རྒྱས་བསྟན་ལ་གནོད་བྱེད་དང་། བླ་མ་སྨོད་བཙོན་ལ་སོགས་ལ། །སྙིང་རྗེ་རབ་ཏུ་ལྡན་པ་ཡི། །སྔགས་མཁན་གྱིས་ནི་བསྒྲིམས་ཏེ་བསད། །ཅེས་བྱ་བ་ལ་སོགས་པའི་བཀའ་ བསྒྲགས་པར་བྱ་སྟེ། དེ་དག་གིས་སློབ་དཔོན་གྱི་དབང་ཞེས་བྱའོ། །དེ་ནས་སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། དེའི་ལྟེ་བ་ལ་ཧཱུཾ་གནས་པའི་སྦྱོར་བས་ལུས་ཐམས་ཅད་ལ་ཁྱབ་པར་གྱུར་པ་དང་། དེས་རྣམ་པར་འགྱུར་བའི་ལུས་དེ་ཉིད་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུར་གྱུར་པ་རྣམ་པར་སྣང་མཛད་ཆེན་པོ་གནས་པ་དང་། གསང་བ་མཆོག་གི་ཕྱག་རྒྱ་ཁུ་ཚུར་དམ་པར་བཅིངས་ཏེ། ག་པུར་གྱིས་ཐིག་ལེ་ལྔ་རྡོ་རྗེ་རྩེ་མོ་ལྔ་པའི་རྩེ་མོ་ལས་གདོང་གི་པདྨར་བཏང་བ་དང་། དེའི་སྙིང་གར་ཆོས་དང་ཟང་ཟིང་ཐམས་ཅད་མཆོག་ཏུ་གྱུར་པའི་ རྣམ་པར་སྣང་མཛད་བསམས་ལ། ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨཿ། ཞེས་བྱས་ལ། གསང་བའི་དབང་བསྐུར་བར་བྱའོ། །དེ་ནས་ཐབས་དང་ཤེས་རབ་གཉིས་ སུ་མེད་པའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲོ་པ་ཡ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ། ཞེས་བྱས་ལ་སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་རྡོ་རྗེ་བླ་ན་མེད་པའི་སྐུ་རྣམ་པར་སྣང་མཛད་གང་ཆེན་མཚོ་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔའི་གཟུགས་ཀྱིས་བཞག་ལ་ཡིད་བཞིན་ནོར་བུ་ནམ་མཁའ་ལྟར་མཉམ་པའི་སྦྱོར་བས་སློབ་མ་ལ་བསྐྱེད་དེ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཡེ་ཤེས་མཁའ་འདྲ་བ། །རྟོག་པ་ཐམས་ཅད་བྲལ་བ་སྟེ། །སྒྱུ་མ་ལྟ་བུའི་སེམས་ཉིད་སྐུ། །སེམས་དཔའི་རྡོ་རྗེ་བླ་ན་མེད། །ཅེས་ བྱའོ། །དེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པས་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྐང་པ་གཞག་སྟེ། གདུགས་དཀར་པོ་རིན་པོ་ཆེའི་ཡུ་བ་དང་བཅས་པ་ཕུལ་ཏེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་གཟུགས་སུ་བསྒོམས་པས། སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གང་ཁྱོད་འདི་མཆོག་ཏུ་གསང་བའི་ཆོ་གས་ལུང་བསྟན་པར་བྱས་པ་ལས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱིས་ འདི་སྐད་དུ་སངས་རྒྱས་ཀྱི་ཞིང་ཁམས་རིན་པོ་ཆེའི་མཛོད་བླ་ན་མེད་པ་ཞེས་བྱ་བ་ནས། རིགས་ཀྱི་བུ་ཆེ་གེ་མོ་ཞེས་བྱ་བ་ཞིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞེས་པ་དང་། གསང་སྔགས་འདི་དང་། དཀྱིལ་འཁོར་འདི་ཞེས་བྱ་ བའི་མཐུས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་དོ་ཞེས་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བྱཱ་ཀ་ར་ཎཱ་མི་སྟྭཾ། ཨ་མུ་ཀ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་བྷ་བ་ཏུ་ག་ཏི་ཨ་ཏི་ཏ་ར་ཎ་སྥ། ཞེས་བྱའོ། །དེ་ནས་གང་ཁྱོད་ཀྱི་ཐམས་ཅད་ཀྱི་ཐམས་ཅད་དུ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོའི་མཆོག་ཏུ་སེམས་བསྐྱེད་པ་ཙམ་གྱི་མཐུ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཡིན་ལ། ཕྱིར་མི་ལྡོག་པ་ཉིད་ཀྱིས་ན་ངེས་པའི་ཕུང་པོ་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་ཕྱིར་མ་འོངས་པའི་སངས་རྒྱས་ཡིན་ལ། དུས་གསུམ་ནི་མཉམ་ པ་ཉིད་ཡིན་པས་ན་ད་ལྟར་བྱུང་བ་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་བྱས་ལ་དབུགས་དབྱུང་བར་བྱའོ། །དེ་ནས་རྡོ་རྗེ་བླངས་ལ་དེའི་ལག་པར་གཏད་ལ་སྙིང་གར་ལག་པ་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་པ་ ལས། ཨེ་མ་རྡོ་རྗེ་སེམས་དཔའ་དེང་ནས་ཁྱོད། །ཡིད་ནི་རབ་ཏུ་དང་བའི་རྡོ་རྗེ་ཡིས། །རང་གི་དམ་ཚིག་མི་བཟད་བདེ་ལ་བརྟེན། །འགྲོ་བའི་བདེ་བ་ཆུང་ལ་སངས་རྒྱས་ནི། །ཀུན་དང་འདྲ་མཉམ་རྟག་པར་ཁྱོད་འགྱུར་ཏེ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་ གནས། །ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་སཏྭ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ། ཧི་ཧི་ཧི་ཧི་ཧཱུཾ། ཞེས་བྱ་ལ་རྡོ་རྗེ་བརྟུལ་ཞུགས་འཛིན་དུ་གཞུག་གོ། །དེ་ནས་གསང་བ་ཆེན་པོའི་དམ་ཚིག་བརྗོད་ལ་སློབ་མ་དེ་ཉིད་ ལ་སྒེག་མོ་ལ་སོགས་པ་མཆོད་པའི་ཚོགས་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་དེ། བླ་ན་མེད་པའི་སྒྲུབ་པ་ཆེན་པོའི་ཆོས་ཉེ་བར་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བཅུ་གཉིས་ཡོངས་སུ་དག་པའི་རྣལ་ འབྱོར་ཆེན་པོ་བྱིན་ལ་སྟོན་ཟླ་ར་བའི་ཡར་གྱི་ངོའི་ཚེས་བརྒྱད་ནས་བཟུང་ལ། སློབ་མ་རྣམས་ཀྱིས་ཡོངས་སུ་བསྒྲུབ་པར་བྱའོ། །དེ་ནས་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་དང་ཐུན་མོང་དུ་བྱས་པས་ཕྱག་རྒྱ་ཆེན་པོར་ཡོངས་སུ་བསྔོས་ལ། སངས་རྒྱས་ཐམས་ཅད་གཤེགས་སུ་གསོལ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་ཐམས་ཅད་ཕྱགས་ལ། དམན་མ་རྣམས་དང་གཏོར་མ་ཆེན་པོ་དང་། མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ལ། ཆུ་བོ་ཆེན་པོར་དོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་སྒོར་ལས་ཐམས་ཅད་པའི་ཐབ་ཁུང་ བྱས་ལ། ཞི་བའི་སྦྱིན་སྲེག་དེ་བཞིན་གཤེགས་པའི་རྩ་བའི་སྔགས་ཀྱིས་སྦྱིན་སྲེག་འབུམ་དུ་ཚང་བར་བྱ་བ་དང་། ཡུམ་གྱི་དཀྱིལ་འཁོར་ཆེན་པོར་སྦྱིན་སྲེག་སྟོང་དུ་ཚང་བར་བྱ་བ་དང་། དཀྱིལ་འཁོར་གྱི་སྙིང་པོའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱའོ། །དེའི་རྗེས་ལ་ཕྱོགས་སྐྱོང་བ་ལ་སོགས་པ་སེམས་ཅན་ ཐམས་ཅད་ལ་ཡང་སྲེག་བླུགས་བརྒྱ་རྩ་བརྒྱད་དུ་ཚང་བར་བྱའོ། །དེའི་རྗེས་ལ་རྡོ་རྗེ་སྲུང་བས་ཡོངས་སུ་བསྲུངས་ནས། དེ་བཞིན་གཤེགས་པའི་འཁོར་ལོ་རྩིབས་བཅུ་གཉིས་པ་ལ་བསྲུང་བའི་འཁོར་ལོ་བྲིས་ནས། རབ་ཏུ་གནས་པར་བྱས་ནས། གསེར་ལ་སོགས་པས་དཀྲིས་ནས་ཚོན་སྐུད་ སྣ་ལྔའི་སྐུད་པས་དཔུང་པ་གཡས་པར་གདགས་པར་བྱ་ཞིང་། དགེ་སློང་གི་དགེ་འདུན་གྱི་ཚོགས་ཆེན་པོ་ལ་ཡང་མཆོད་སྟོན་ཆེན་པོ་དང་སྦྱིན་པའི་ཚོགས་ཆེན་པོས་གང་བར་བྱའོ། །ངན་སོང་ཀུན་སྦྱོང་དཔལ་དང་ལྡན། །སྡིག་སྦྱོང་རྒྱལ་པོ་རྒྱུད་ཀྱི་ནི། །དམ་ཚིག་ཐམས་ཅད་བསྡུས་པ་ལས། ། དགེ་བ་དྲི་མེད་གང་ཐོབ་དེས། །འགྲོ་བ་སྐྱེ་བོའི་ཚོགས་ཀུན་དང་། །བདག་གིས་དྲི་མ་ཀུན་སྤངས་ཏེ། །རྒྱལ་པོ་ཀུན་གྱིས་དབང་བསྐུར་བ། །དཔལ་ལྡན་རྡོ་རྗེ་འཛིན་པར་ཤོག །ཡུལ་སིངྒ་ལའི་རྡོ་རྗེ་སློབ་དཔོན་ཆེན་པོ། རྡོ་རྗེ་གོ་ཆའི་སློབ་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀི་རེ་ཎ་ཀ་ར་བརྨ་དང་། ལོ་ཙཱ་བ་དགེ་སློང་ཁྱུང་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་བེ་ཏ་ཧོ་མ་བི་དྷིཿ། བོད་སྐད་དུ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་ཆོ་ག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་ བ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ངན་སོང་ཀུན་སྦྱོང་རྒྱལ་པོ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །ངན་སོང་ཀུན་སྦྱོང་རྒྱུད་ཀྱི་ནི། །རོ་སྲེག་ཆོ་ག་བཤད་པར་བྱ། །འགྲོ་རྣམས་སྙིང་ལས་ཆུང་ངུ་ཡིས། །ཤི་བའི་རོ་ལ་འབད་བྱས་ན། །དེ་ནི་མཚམས་མེད་ལྔ་བྱས་ཀྱང་། །རྣམ་པར་ གྲོལ་བ་ཐེ་ཚོམ་མེད། །དེ་ལྟ་དེ་ཡི་ཆོ་ག་ནི། །དྲི་མེད་རྒྱུད་རྣམས་ཐམས་ཅད་ལས། །རིགས་ནི་རྣམ་པ་བཞིར་བཤད་པས། །དེ་ཡི་དབྱེ་བ་ཤེས་བྱས་ལ། །གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་དགའ་ར། །བྱང་ཆུབ་སེམས་དཔའི་གནས་རྣམས་དང་། །གཞན་ཡང་ རང་གི་གནས་རྣམས་སུ། །བསྙེན་པ་ལ་ནི་གནས་བྱས་ལ། །དུར་ཁྲོད་འཇིགས་པ་སྤང་བའི་སར། །རོ་ཡི་སྦྱིན་སྲེག་བྱ་བ་ནི། །རྣལ་འབྱོར་རིག་དང་ལྡན་པ་ཡིས། །ས་ནི་བྱིན་རླབས་ལ་སོགས་པ། །རིམ་པ་བཞིན་དུ་བྱས་པ་ནི། །མཆོག་ཏུ་དགེ་ཞིང་བཀྲ་ཤིས་འགྱུར། །དེ་ལ་དང་པོར་ རྣལ་འབྱོར་པ་སྙིང་རྗེ་ཆེན་པོ་དང་ལྡན་པ་རྟོག་པའི་དྲི་མས་མ་གོས་པ་སེམས་དཔའ་དང་ལྡན་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་ལ། སའི་ཆོ་ག་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། སྟེགས་བུ་ཁྲུ་ཉི་ཤུ་རྩ་བཞི་པ་བརྩིགས་ལ་བའི་རྣམ་ལྔ་དང་། དྲི་དང་འོ་མ་དང་། བྱུག་པ་ལ་སོགས་པས་ལེགས་པར་བྱུགས་ལ། དེའི་དབུས་སུ་རྒྱར་ཁྲུ་བཞི་པ། ཟབས་སུ་ཁྲུ་དོ་པའི་ཁུང་བུ་བྱས་ལ། དྲི་ལ་སོགས་པས་བྱུགས་ཏེ། དེའི་མུ་རན་སོར་བཅུ་གཉིས་པ་བྱའོ། །དེའི་སྟེང་དུ་ཐིག་གདབ་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་རྒྱུད་ཕྱི་མར་གསུངས་པའི་རྩ་བའི་ དཀྱིལ་འཁོར་ཆེན་པོ་ལ་ཐིག་གི་རིམ་པ་ཇི་ལྟ་བ་བཞིན་འདིར་ཡང་གོ་བར་བྱ་སྟེ། དེ་ལ་དང་པོར་ཁྲུ་གང་ལྟེ་བར་གོ་བར་བྱ་སྟེ། སོར་མོ་བཅུ་གཉིས་ནི་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་ཏུ་བྱའོ། །སོར་གཉིས་ནི་མུ་ཁྱུད་དུ་བྱའོ། །སོར་མོ་བཅུ་ནི་སྒོ་རུ་བྱའོ། །སོར་མོ་བཅུ་ནི་རྟ་བབས་སུ་ བྱའོ། །སོར་མོ་དྲུག་ནི་ཕྲེང་བ་གསུམ་དུ་བྱའོ། །དེ་ནས་འཁོར་ལོ་དེའི་ལྟེ་བ་ལ་རྡོ་རྗེ་ལ་སོགས་པའི་མཚན་མའི་ཀ་བ་བརྒྱད་དང་ལྡན་པར་བྲིས་ལ། དེ་དག་གི་དབུས་སུ་པདྨ་དམར་པོའི་ལྟེ་བ་ལ་དབུས་སུ་ནི་ཨོཾ་དཀར་པོའི་འོད་ཟེར་དང་ལྡན་པ་བྲིའོ། །ཤར་ཕྱོགས་སུ་ཧཱུཾ་དཀར་པོ་བྲིའོ། །ལྷོ་ཕྱོགས་སུ་ ཏྲཱཾ་སེར་པོ། ནུབ་ཕྱོགས་སུ་ཧྲཱིཿདམར་པོ། བྱང་ཕྱོགས་སུ་ཨཿལྗང་གུའོ། །དེ་དག་གི་ཤར་ལྷོར་ནི་ལཱཾ་དཀར་པོ། ལྷོ་ནུབ་ཏུ་མཱཾ་སེར་པོའོ། །ནུབ་བྱང་དུ་པཾ་དམར་པོ། བྱང་ཤར་དུ་ཏྲཱཾ་ལྗང་གུ་བྲི་བར་བྱའོ། །དེ་བཞིན་དུ་འཁོར་ལོའི་རྩིབས་རྣམས་ལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ སྙིང་པོ་པདྨའི་སྟེང་དུ་རིམ་པ་ཇི་ལྟ་བ་བཞིན་དུ། ཧཱུཾ་དང་། ཛ་དང་། ཧོ་དང་། དྷུ་དང་། ཏྲཾ་དང་། རྱཾ་དང་། བྷྲི་དང་། ཧཾ་དང་། ཧྲི་དང་། དྷི་དང་། ཀྲུཾ་དང་། བྷ་དང་། ཀཾ་དང་། རཾ། ཀྵཾ། སཾ་རྣམས་བྲིའོ། །དེ་བཞིན་དུ་སྒེག་མོ་ལ་སོགས་པའི་སྙིང་པོ་གྲྭ་རྣམས་སུ། ལཱཾ་དང་། མཱཾ་དང་། གཱི་དང་། ནཾ་དང་། དྷུ་དང་། པུ་དང་། ཨཱ་དང་། ག་རྣམས་བྲིའོ། །རྟ་བབས་ཀྱི་ཁྱམས་སུ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བོན་པདྨའི་སྟེང་དུ་སུ་དང་། ས་དང་། ཙ་དང་། བྷ་དང་། ཛྷ་དང་། ག་དང་། བྷ་དང་། ཨ་དང་། ཤོ་དང་། ཛ་དང་། མ་དང་། ཀུ་དང་། ཏྲེ་དང་། དུཾ་དང་། ཛ་དང་། སི་རྣམས་བྲི་བར་བྱའོ། །སྒོ་རྣམས་སུ་ནི་ཛཿདང་ཧཱུཾ་དང་། བཾ་དང་ཧོཿ། རྣམས་བྲི་བར་བྱའོ། །ཕྲེང་གསུམ་གྱི་ཕྱི་རོལ་དུ་སྣམ་བུ་སོར་གསུམ་པ་གཅིག་ལ་ནི། ཤར་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ། ཨི་དང་། ཡ་དང་། བ་དང་། ཀུ་དང་། ས་དང་། ང་དང་། བ་དང་། ར་རྣམས་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་སྣམ་བུ་ལ་ནི་འགྲོ་བ་རིགས་དྲུག་གི་དཀྱིལ་འཁོར་ཆ་དྲུག་པ་བྱས་ལ། ལྷའི་གནས་སུ་ནི་བདུད་རྩིའི་བུམ་པ་གསུམ་ལ་སུ་དཀར་པོ་དང་ལྡན་པ་བྲི་བར་བྱའོ། །མིའི་གནས་སུ་ནི་ཤིང་རྟའི་སྟེང་དུ་མ་སེར་པོ་དང་ལྡན་པར་བྲི་བར་བྱའོ། །ལྷ་མ་ཡིན་གྱི་ གནས་སུ་ནི་རལ་གྲིའི་རྩེ་མོ་ལ་ཨ་དམར་པོ་དང་ལྡན་པ་བྲི་བར་བྱའོ། །དུད་འགྲོའི་གནས་སུ་ནི་རི་དང་རྫིང་བུའི་སྟེང་དུ་ཏི་ལྗང་གུ་དང་འདྲ་བར་བྲིའོ། །ཡི་དགས་ཀྱི་གནས་སུ་ནི་མེའི་རྩེ་མོ་ལ་པྲེ་སྔོན་པོ་དང་ལྡན་པར་བྲིའོ། །དམྱལ་བའི་གནས་སུ་ནི་ཤལ་མ་རིའི་སྡོང་པོའི་རྩེ་མོ་ལ་ན་ནག་པོ་དང་ ལྡན་པ་བྲིའོ། །དེ་ནས་འདིར་བཅོམ་ལྡན་འདས་ཀྱིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་འདི་ཉིད་དུ་རེ་ཞིག་སོ་སོ་སྐྱེ་བོའི་ཁྱིམ་ན་གནས་པ་ཉིད་ཀྱི་རོ་བསྲེག་པ་གསུངས་པས། ཁུང་བུའི་ནང་དུ་རས་དཀར་པོ་དྲིས་བསྒོས་པས་བཀབ་ལ། དེའི་སྟེང་དེ་ཉིད་དུ་སྟན་དང་སྔས་དང་ བཅས་པའི་རོ་བཞག་ལ། དེའི་སྟེང་དུ་པདྨ་དཀར་པོ་ལ་སོགས་པའི་ཤིང་གྲུ་བཞི་པའི་རྣམ་པར་བརྩིག་པར་བྱ་བ་ཉིད་དོ། །དེ་ཡང་དང་པོར་རོ་གང་ཡང་རུང་བ་ལ་སྦྱོར་བའི་དུས་སུ། ཤི་ནས་ཞག་བདུན་ལོན་པ་སྲིན་བུ་ལ་སོགས་ཤི་བ་དང་། རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱི་སྙིང་གར་རཾ་ལས་ཉི་མའི་ དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམས་ལ། དེ་གྱུར་པ་ལས་རྡོ་རྗེའོ། །དེ་དག་ཡོངས་སུ་གྱུར་པ་ལས། བདག་ཉིད་ཁྲོ་བོ་སྟོབས་པོ་ཆེ་ཁ་དོག་སྔོན་པོ་ཞལ་གཅིག་པ་ཕྱག་བཞི་པ། མཆེ་བ་གཙིགས་པ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་བེ་ཅོན་དང་རྔ་ཡབ་འཛིན་པ། ཕྱག་གཡོན་པ་གཉིས་ན་ ཞགས་པ་དང་། སྦྲུལ་གྱི་རྒྱན་ཆ་བདུན་དང་ལྡན་པར་བསམས་ཏེ། སྟང་སྟབས་དང་བཅས་པས་དེ་ལ་གནས་པའི་བགེགས་བསྐྲད་པར་བྱས་ཏེ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་སརྦ་བིགྷྣཱན་བི་དྷྭན་ས་ཡ་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ། །དེ་ནས་ལག་པ་ནས་བཟུང་ ནས་བླངས་ནས་གནས་དབེན་པར་འོ་མ་དྲི་ཆུ་དང་འདག་ཆལ་ལ་སོགས་པ་ལ་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར་བསྐྱེད་དེ། ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་པི་ཤོ་དྷ་ནི་བི་ཤུདྡྷེ་ སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པས་བཀྲུ་བར་བྱའོ། །དེ་ནས་ཡང་ག་པུར་ལ་སོགས་པའི་དྲིས་བྱུགས་ལ་ཁྱིམ་པ་ལ་ནི་རས་དཀར་པོའི་སྟོད་གཡོགས་སྨད་གཡོགས་སུ་བཅས་པས་དཀྲིས་ལ། དེའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་སུ་ དཀར་པོའོ། །དེ་ཡོངས་སུ་གྱུར་པ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པ་སྤྱི་བོའི་གཙུག་ན་ནོར་བུ་རིན་པོ་ཆེ་འབར་བ་དང་ལྡན་པར་བསམ་པར་བྱའོ། །དགེ་བསྙེན་ལ་ནི་རས་དཀར་པོས་སྟོད་ གཡོགས་དང་སྨད་གཡོགས་བྱས་ལ། མགོ་ལ་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། ལག་པའི་ཐལ་མོ་སྙིང་གར་སྦྱར་ལ་དེའི་སྙིང་གར་ཟླ་བ་ལ་ཡི་གེ་མུཾ་སེར་པོ། དེ་གྱུར་པ་ལས་ཨུཏྤ་ལ་སེར་པོ། དེ་དག་ཡོངས་སུ་གྱུར་པ་ལས་དེ་ཉིད་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་སྐུ་མདོག་ སེར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ན་ཨུཏྤ་ལ་དང་སྐྱབས་སྦྱིན་མཛད་པར་བསམ་པར་བྱའོ། །དགེ་སློང་ལ་སོགས་པ་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་རྣམས་ལ་ནི་ཆོས་གོས་དང་ཤམ་ཐབས་ལ་སོགས་པ་རང་གི་ཆ་ལུགས་ཀྱིས་ལེགས་པར་བརྒྱན་པ་ལག་པ་གཡོན་པ་ལྟེ་བ་ཁོང་དུ་མཉམ་པ་ ཉིད་དུ་བྱའོ། །གཡས་པ་སྐྱབས་སྦྱིན་མཛད་དུ་བྱས་ཏེ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲི་དམར་པོ། དེ་གྱུར་པ་ལས་པདྨའོ། །དེ་དག་ཡོངས་སུ་གྱུར་པ་ལས་དེ་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་དམར་པོ་བདེ་བར་གཤེགས་པའི་ཆ་ལུགས་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་ བསམ་པར་བྱའོ། །རྡོ་རྗེ་སློབ་དཔོན་ལ་སོགས་པ་ཐེག་པ་ཆེན་པོ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་མངོན་པར་དད་པ་དཀྱིལ་འཁོར་ཆེན་པོ་དབང་བསྐུར་བ་རྣམས་ནི་རས་དཀར་པོས་སྟོད་གཡོགས་དང་སྨད་གཡོགས་སུ་བྱས་ཏེ། དབུ་རྒྱན་ལ་སོགས་པ་རྒྱན་ཆ་ལྔས་ཉེ་བར་བརྒྱན་པ། བཅོམ་ལྡན་ འདས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་ན་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་སྔོན་པོ། དེ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། །དེ་དག་ཡོངས་སུ་གྱུར་པ་ལས་དེ་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། རྡོ་རྗེ་རྩེ་ལྔ་པ་དྲིལ་བུ་དང་ བཅས་པའི་ཕྱག་རྒྱ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོན་ཀའི་ཟླ་བ་གང་བ་ལྟ་བུར་བསམ་པར་བྱའོ། །དེ་དག་གི་དབང་པོ་ཡོངས་སུ་དག་པའི་ཕྱིར་ནི། ཁྲུས་བྱས་པའི་རྗེས་ཐོགས་སུ་ཤིང་ཤུན་ནམ་རས་ལ་སོགས་པ་ལ་པདྨ་འདབ་མ་བཞི་པ་བྱས་ལ། ཙནྡན་དཀར་པོས་ལེགས་པར་བྱུགས་ཏེ། དེའི་ལྟེ་བ་ལ་གུར་ཀུམ་གྱིས། ཨོཾ་སརྦ་བིད་བཛྲ་ཨཱ་བ་ར་ཎཱ་བི་ཤོ་དྷཱ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་བྱ་བ་བྲིས་ཏེ་སྙིང་གར་བག་ཆུས་གླན་པར་བྱའོ། །དེ་བཞིན་དུ་མིག་གཉིས་སུ་ནི། ཨོཾ་སརྦ་བིད་ཧཱུཾ། ཞེས་པའོ། །རྣ་བ་གཉིས་སུ་ནི། ཨོཾ་སརྦ་བིད་ཧྲི། སྣའི་རྩེ་མོར་ནི། ཨོཾ་སརྦ་བིད་ཨཿ། ཞེས་པའོ། ། ཀོ་སྐོར་ཨོཾ་སརྦ་བདི་ཏྲཊ། ཅེས་པའོ། །དཔྲལ་བར་ནི། ཨོཾ་སརྦ་བིད་ཨོཾ། ཞེས་པའོ། །སྤྱི་བོར་ནི། ཨོཾ་སརྦ་བིད་ཧཱུཾ། ཞེས་པའོ། །དཔུང་པ་གཉིས་སུ་ནི། ཨོཾ་སརྦ་བིཏ་སྭ། ཞེས་པའོ། །གྲུ་མོ་གཉིས་སུ་ནི། ཨོཾ་སརྦ་བིད་ཨོཾ། ཞེས་པའོ། །ལོང་བུ་གཉིས་སུ་ནི། ཨོཾ་སརྦ་བིད་ཏྲཊ། ཅེས་པའོ། །གསང་བ་ལ་ནི། ཨོཾ་སརྦ་བིད་ཕཊ། ཅེས་པའོ། །རྐེད་པར་ནི། ཨོཾ་སརྦ་བིད་ཨོཾ། ཞེས་པའོ། །གཙུག་ཕུད་ལ་ནི། ཨོཾ་བཛྲ་ཨ་དྷིཥྛ་ན་ཛྙཱ་ས་མ་ཡེ་ཧཱུཾ། ཞེས་པའོ། །མཆན་འོག་གཉིས་སུ། ཨོཾ་བཻ་རོ་ཙ་ན་ཨོཾ། ཞེས་པའོ། །བརླ་གཉིས་སུ། ཨོཾ་སརྦ་དུརྒ་ ཏཾ་པ་རི་ཤོ་དྷ་ནེ་ཧཱུཾ། ཞེས་པའོ། །བྱིན་པ་གཉིས་སུ་ནི། ཨོཾ་རཏྣ་ཀེ་ཏུ་ཏྲཾ། ཞེས་པའོ། །པུས་མོ་གཉིས་སུ་ནི། ཨོཾ་ཤཱཀྱ་མུ་ནེ་ཨ། ཞེས་པའོ། །བོལ་གོང་གཉིས་སུ་ནི། ཨོཾ་ཏྲཊ་ཨཱ་གཙྪ། ཞེས་པ་གདགས་པར་བྱའོ། །དེ་ནས་རྩ་བའི་སྔགས་ཀྱིས་མངོན་པར་བསྔགས་པའི་བདུག་ པས་བདུགས་ཤིང་མེ་ཏོག་གི་ཕྲེང་བས་སོ་སོའི་ཆ་བྱད་ཇི་ལྟ་བ་བཞིན་བརྒྱན་ཏེ། འགྲོ་བ་ཐམས་ཅད་ཡོངས་སུ་དག་པའི་དཀྱིལ་འཁོར་ཆེན་པོར་ཡོན་དང་བཅས་པས་དབང་བསྐུར་ལ་སོ་སོའི་རིགས་ཇི་ལྟ་བ་བཞིན་བྱིན་གྱིས་བརླབས་ཏེ་རབ་ཏུ་གནས་པར་བྱའོ། །དེ་ནས་སྲེག་ཁང་གི་ནང་དུ་ གནས་པར་བྱ་སྟེ། དེ་ལ་དགེ་བསྙེན་གྱི་སྲེག་ཁང་གི་ཁང་བུ་བུད་ཤིང་ལ་སོགས་པས་ཁ་བཀབ་ལ་ཞལ་ཞལ་གྱིས་འཐས་པར་བྱས་ཏེ། དེའི་སྟེང་དུ་སེང་ལྡེང་གི་ཤིང་ཟ་མ་ཏོག་གི་དབྱིབས་ལྟ་བུར་བརྩིག་པར་བྱའོ། །དགེ་སློང་ལ་སོགས་པའི་ཁུང་བུའི་གྲྭ་བཞིར་ཀ་བ་ཁྲུ་རེ་བ་བཞི་བཙུགས་ ལ། དེའི་སྟེང་དུ་སོར་མོ་བཅུ་གཉིས་པའི་སྟེགས་བརྩེགས་པར་བྱའོ། །དེ་ཉིད་ཁ་ཁྱེར་དང་ལྡན་པར་བྱ་ཞིང་དེའི་འོག་ཏུ་བླ་རེ་དབུབ་ཅིང་སྟེང་དུ་དཀར་པོའི་ཤིང་མཆོད་རྟེན་གྱི་དབྱིབས་ལྟ་བུར་བརྩིག་པར་བྱའོ། །རྡོ་རྗེ་སློབ་དཔོན་ལ་སོགས་པའི་ཉིས་བརྩེགས་སུ་བརྩིགས་ལ། སྟེང་དུ་ནི་ཙནྡན་ སྦྲུལ་གྱི་སྙིང་པོ་ལ་སོགས་པའི་ཤིང་གཞལ་ཡས་ཁང་གི་དབྱིབས་ལྟ་བུར་བརྩིགས་ལ། བར་ཁང་དུ་དཀྱིལ་འཁོར་བྲིས་ལ་འོག་ཏུ་འཛག་པའི་ཁུང་བུར་རྡུལ་ལ་སོགས་པའི་སྣོད་གཞག་པར་བྱ་བ་ཉིད་དོ། །དེ་ནས་དེའི་དབུས་སུ་གཞག་པར་བྱ་བ་ནི་དབང་ལ་སོགས་པ་རྫོགས་པར་བྱས་པའི་ རྗེས་ལ་ཞུན་མར་ལ་སོགས་པས་བསྒོས་པའི་སྟན་ནང་ཚངས་ཅན་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱིས། ཨོཾ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་གཞག་པར་བྱའོ། །དེའི་སྟེང་དུ་བདེ་བར་གཤེགས་པའི་རྩ་བའི་སྔགས་བརྒྱ་རྩ་བརྒྱད་བཏབ་པའི་རས་ཀྱིས་ གཡོགས་ལ། སྲེག་ཁང་གི་ཕྱི་རོལ་དུ་མེ་ཏོག་གི་ཕྲེང་བ་དང་། རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་བྲི་བར་བྱ་བ་ཉིད་དོ། །དེ་ནས་ཡེ་ཤེས་ཀྱི་སྲེག་ཁང་ཆེན་པོར་ཉོན་མོངས་པའི་དྲི་མ་དང་བག་ཆགས་ཀྱི་དྲི་མ་མ་ལུས་པར་བསྲེག་པར་བྱ་བ་དང་། ངན་སོང་རྣམ་པ་གསུམ་གྱི་རྒྱུད་ཡོངས་སུ་སྦྱང་བའི་ ཕྱིར། རྣལ་འབྱོར་པ་སྙིང་རྗེ་ཆེན་པོ་དང་ལྡན་པས། སྲེག་པའི་རྫས་མེ་ཏོག་དཀར་པོ་དང་། སྤོས་ཀྱི་ཕྱེ་མ་དང་། ཞུན་མར་དང་། ཏིལ་དང་། ཡུངས་ཀར་དང་། འོ་ཐུག་དང་། འབྲས་ཆན་དང་། འབྲས་ཡོས་དང་། མངར་གསུམ་དང་། ལ་དུ་དང་། དེ་བ་ཏ་ཏྲུ་དག་སྟེ། དེ་དག་ ཐམས་ཅད་ལ་ག་བུར་དང་གུར་ཀུམ་ལ་སོགས་པའི་དྲི་ཞིམ་པོས་བསྒོས་ལ། རྩ་བའི་སྔགས་གོང་དུ་སྨོས་པས་མངོན་པར་བསྔགས་ཏེ། མཐའ་ལོགས་སུ་གཞག་པར་བྱའོ། །དེ་བཞིན་དུ་ཡམ་ཤིང་ཙནྡན་ལ་སོགས་པ་ལས་སོར་མོ་ཉི་ཤུ་རྩ་བཞི་པ་བྱས་ཏེ། རྩ་བ་ཟླུམ་པོར་བྱ། རྩེ་མོ་རལ་གྲི་ལྟར་ བྱས་ལ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏཱིརྱ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་མངོན་པར་བསྔགས་ལ་གཞག་པར་བྱའོ། །དེ་ནས་བདག་ཉིད་སེམས་ཅན་དང་ཚེ་འདས་པའི་དོན་དུ་སེམས་བླ་ན་མེད་པ་བསྐྱེད་ དེ་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སརྦ་བིགྷྣཱཾ་ཧ་ན་ཧ་ན་ཧཱུཾ་ཕཊ། རཀྵ་རཀྵ་མཾ། ཞེས་པས་ཕྱོགས་བཅུར་བགེགས་བསྐྲད་ཅིང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་ནས་ནམ་མཁའི་བར་སྣང་ལ་ པདྨ་འདབ་མ་བརྒྱད་པའི་སྟེང་དུ། །བདེ་བར་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ལ་ཞབས་བསིལ་དང་། འཐོར་འཐུང་དང་གདན་རྣམས་ཕུལ་ཏེ། ཕྱག་བཙལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་ལ་སོགས་ པ་བདུན་རྣམ་པར་དག་པར་བྱས་ནས་རྩ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་སྡོམ་པ་གཟུང་བ་ལ་སོགས་པ་བྱས་ལ། ཏིང་ངེ་འཛིན་རྣམ་པ་གསུམ་གྱིས། ཏིང་ངེ་འཛིན་རྣམ་གསུམ་ལ་མཉམ་པར་བཞག་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་གྱིས་ཛཿཧཱུཾ་བཾ་ཧོཿ། ཞེས་པའི་སྔགས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པ་ལ་སོགས་པས་ལེགས་པ་ཉིད་དུ་བྱས་ཏེ། གཟུགས་བརྙན་ཀྱི་དཀྱིལ་འཁོར་ལ་ཞུགས་པ་ཉིད་དུ་བྱས་ཏེ། མེ་སྦར་བར་བྱ་བ་ནི་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་ནམ་ མཁའི་ཕྱོགས་སུ་སྤྲོས་ཏེ། དེས་ཡེ་ཤེས་ཀྱི་མེ་ལྷ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྐུ་མདོག་དཀར་པོ་ཅུང་ཟད་ཁྲོས་པའི་ཆ་ལུགས་ཉིད་ཅན་ལ། ཕྱག་བཞི་པ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་ཞགས་པ་བསྣམས་པ། གཡོན་གཉིས་ན་པདྨ་དང་། སྡིགས་མཛུབ་མཛད་ པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མི་བསྐྱོད་པའི་དབུ་རྒྱན་ཅན། ཞབས་གཉིས་ཀྱིས་གང་ཟག་དེའི་སྡིག་པ་གནོན་པ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་ཅན་གྱིས་སྤྱན་དྲངས་ལ་ཨརྒྷས་ཞབས་བསིལ་ཕུལ་ལ་དེ་རང་གི་མདུན་དུ་ བཞུགས་པར་བསམ་མོ། །དེ་ནས་ལས་ཀྱི་མེ་ལྷ་དྲང་སྲོང་ཆེན་པོ་སྤྱན་དྲངས་ཏེ་ཁ་དོག་དམར་སེར་ཕྱག་བཞི་པར་སྐྱེས་ཁམ་པ་ལ་ཞོན་པ། ཕྱག་གཡས་པ་གཉིས་ཀྱིས་ཕྲེང་བ་དང་། བླུགས་གཟར་འཛིན་པ། གཡོན་པ་གཉིས་ཀྱིས་རིལ་བ་དང་དགང་གཟར་འཛིན་པ། དྲང་སྲོང་གི་ཆ་ ལུགས་ཅན་སྤྱན་དྲངས་ལ། མེ་སྦར་བར་བྱ་སྟེ། ཞུན་མར་གཟར་བུ་ལྔ་ཡམ་ཤིང་ལ་བླུགས་ལ། ཨོཾ་ཏི་པི་ཤཱཀྱ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཨོཾ་ཧ་བྱ་ཀ་བྱ་ཛྭ་ལ་རཾ་སྭཱ་ཧཱ། ཞེས་བརྗོད་ལ། མེ་སྦར་ཏེ་གཞུག་པར་བྱའོ། །དེ་ནས་ཨགྣ་ཡེ་རཾ་རཾ་ད་ཧ་ད་ཧ་ཤཱནྟིཾ་ཀུ་རུ་ སྭཱ་ཧཱ། ཞེས་བརྗོད་ལ། མར་ཁུ་གཟར་བུ་གསུམ་བླུགས་པར་བྱའོ། །དེ་ནས་བདེ་བར་གཤེགས་པ་རྣམས་སྔ་མའི་སྦྱོར་བས་སྤྱན་དྲངས་ལ། ཐུགས་རྗེ་ཆེན་པོ་རྒྱུན་གྱིས་ནི། །སེམས་ཅན་རྣམས་ལ་མགོན་བྱེད་པའི། །བླ་ན་མེད་པའི་དཀོན་མཆོག་གསུམ། །འབར་བའི་ནང་དུ་ བཞུགས་སུ་གསོལ། །ཞེས་བརྗོད་ལ། མཆོད་ཡོན་གྱིས་ཞབས་བསིལ་ཏེ། འཐོར་འཐུང་ལ་སོགས་པ་བྱས་ལ། མཆོད་པའི་ཚོགས་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱ་སྟེ། དེ་ཉིད་ཀྱི་ལག་པ་ན་སྣོད་དང་ལྡན་པས་དབུལ་བར་བྱ་བ་ཉིད་དོ། །དེ་ནས་སྲེག་རྫས་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་ མེ་ལྷ་ཁྲོ་བོ་ཆེན་པོ་ལ། མཆོག་སྦྱིན་པའི་ཕྱག་རྒྱ་ཆེན་པོས། ཨོཾ་ཨ་མྲྀ་ཏེ་ཨ་མི་ཏོད་བྷ་བེ་ཨ་མི་ཏ་བི་ཀྲཱནྟ་ག་མི་ནི་སྭཱ་ཧཱ། ཞེས་པས་རྫས་ཐམས་ཅད་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧ་བྱ་ཀ་བྱ་ཨ་དི་བྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ལན་གསུམ་དུ་དབུལ་བར་བྱའོ། །དེ་ ནས་དཀོན་མཆོག་གསུམ་ལ། ཨོཾ་ན་མོ་བུདྡྷཱ་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ན་མོ་དྷརྨཱ་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ན་མཿསཾ་གྷཱ་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་རྫས་ཐམས་ཅད་ལན་གསུམ་དབུལ་བར་བྱ་བ་ཉིད་དོ། །དེ་ནས་མེ་ལྷ་ཉིད་ལ། ཨོཾ་ཨགྣ་ཡེ་སརྦ་རྀ་ཥི་ནཱ་ཐ་ཨུ་པ་དྲ་ བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་དབུལ་བར་བྱ་བ་ཉིད་དོ། །དེ་ནས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་འཛིན་པས་སྟོད་པར་བྱེད་ན། ཁྲོ་བོ་ཆེན་པོ་བདུད་འཇོམས་མི་བཟད་པ། །ལས་དང་ཉོན་མོངས་ཁམས་སྲེག་ཅིང་། །ཡེ་ཤེས་གཟི་བརྗིད་སྤྲོ་མཛད་པ། །འཇིག་རྟེན་གསུམ་རྒྱལ་ཕྱག་ འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པའོ། །བསོད་ནམས་རྒྱ་མཚོ་ཡོན་ཏན་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་ གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་པ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་བསྟོད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཀུན་གྱི་མགོན་གྱུར་ པ། །དགེ་བ་དྲི་མེད་ཕྱག་འཚལ་བསྟོད། །ཅེས་ཡོངས་སུ་བསྟོད་ལ། མེ་ཏོག་ཐོགས་ཏེ། ཁྲོ་བོའི་རྒྱལ་པོ་ཆེན་པོས་སེམས་ཅན་ཚེ་འདས་པ་མིང་འདི་ཞེས་བྱ་བའི་སྡིག་པ་མ་ལུས་པར་ཞི་བར་མཛད་དུ་གསོལ་ལོ་ཞེས་ལས་བཅོལ་བར་བྱའོ། །དེ་བཞིན་དུ་མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེན་ པོས་ས་ཕྱོགས་འདིར་གནོད་པར་གྱུར་པའི་གདོན་བགེགས་གནོད་པ་དང་། འཚེ་བ་དང་། བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་མཛད་དུ་གསོལ་ལོ་ཞེས་བརྗོད་དེ་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ལ་མཆོད་པའི་ ཚོགས་ཀྱིས་ཡང་དག་པར་མཆོད་དེ། ལན་གྲངས་བརྒྱ་རྩ་བརྒྱད་དུ་བསྲེག་པའི་རྫས་ཐམས་ཅད་དབུལ་བར་བྱ་བ་ནི། ཨོཾ་བཻ་རོ་ཙ་ན་ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་ཧཱུཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་རཏྣ་ཀེ་ཏུ་སྭ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཤཱཀྱ་མུ་ནེ་ཨ་སརྦ་པཱ་ པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྲ་ཊ་ཨཱ་གཙྪ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བུདྡྷཱ་ལོ་ཙ་ན་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་མཱ་མ་ཀཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་པདྨ་པཎྜ་རེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཀརྨ་ཏཱ་རེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ཧཱུཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་རཱ་ཛ་ཛ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་རཱ་ག་ཧོ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་སཱ་དྷུ་དྷུ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་རཏྣ་ཏྲཱཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་སཱུརྱ་རཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀེ་ཏུ་བྷྲི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཧ་ས་ཧཱཾ་ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་དྷརྨ་ཧྲི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཏཱིཀྵྞ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཙཀྲ་བྲུཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བྷ་བ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀརྨ་ཀཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་རཀྵ་རཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ སྭཱ་ཧཱ། ཨོཾ་བཛྲ་ཡཀྵ་ཀྵཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་སནྟི་ཏི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་མཱ་ལེ་ཏྲཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་གཱི་ཏི་ཧྲི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ནིརྟྱ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ དྷུ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པུ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ག་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿསརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཤ་ཧཱུཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་སྥོ་ཊ་བཾ་ བཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་སནྟི་ཧོཿསརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཤཱུ་རདྒ་མ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཙནྡྲ་པྲ་བྷཱ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བྷ་དྲ་པཱ་ལ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཛཱ་ལ་ནཱ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ སྭཱ་ཧཱ། ཨོཾ་ག་ག་ན་ཛ་ཏ་དུ་ཏི་སྟི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་གརྦྷཱ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་མི་ཏ་བྷཱ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་ཤོ་ཀ་ཏ་ནིརྒ་ཏཱ་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཛྙཱ་ན་ཀེ་ཏུ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཀྵ་མ་ཏི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ སྭཱ་ཧཱ། ཨོཾ་གནྡྷ་དུ་ཏི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་མཻ་ཏྲི་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་ཨ་པ་ཡ་ཛ་ཧ་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་གནྡྷ་ཧ་སྷི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་དབུལ་བར་བྱ་བ་ཉིད་དོ། །དེ་ནས་ཡང་ རྡོ་རྗེ་དྲིལ་བུ་རོལ་བར་ལྡན་པས་བསྟོད་པར་བྱ་བ་ནི་རྡོ་རྗེ་སྙིང་གར་བཟུང་ལ། དྲིལ་བུ་གནས་གསུམ་དུ་དཀྲོལ་བ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རོལ་པའི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་བུ་སྙིང་གར་ཐལ་མོ་སྦྱར་བ་དང་། དེ་ཉིད་དགུ་དང་སྙིང་གར་གནས་པ་ཉིད་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ བསྟོད་པར་བྱ་སྟེ། རྣམ་སྣང་རྡོ་རྗེ་ཆོས་དབྱིངས་སྐུ། །མི་འཇིགས་སེང་གེའི་ཁྲི་སྟེང་ན། ཏིང་འཛིན་མཆོག་གི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །བརྗིད་པ་གླང་ཆེན་ཁྲི་སྟེང་ན། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཕྱག་འཚལ་ ངན་སོང་སྦྱོང་བ་ལའོ། །ཤུགས་ཆེན་རྟ་ཡི་ཁྲི་སྟེང་ན། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཕྱག་འཚལ་རྡོ་རྗེ་ཆེན་པོ་ལའོ། །མཛེས་པ་རྨ་བྱའི་ཁྲི་སྟེང་ན། །ཆོས་འཆད་ཆེན་པོའི་ཕྱག་རྒྱ་མཛད། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཕྱག་འཚལ་ཤཱཀྱ་ ཐུབ་པ་ལའོ། །མཁའ་ལྡིང་ཆེན་པོའི་ཁྲི་སྟེང་ན། །སྐྱབས་མཛད་ཆེན་པོའི་ཕྱག་རྒྱ་མཛད། །ནན་ཏན་ཡེ་ཤེས་ངོ་བོ་ཉིད། །ཕྱག་འཚལ་མེ་ཏོག་ཆེ་རྒྱས་ལའོ། །སྟོང་པ་ཉིད་ཀྱི་རྡོ་རྗེ་ལས། །རྡོ་རྗེ་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་ཡེ་ཤེས་སེམས་མའི་གཙོ། །ཕྱག་འཚལ་རྡོ་རྗེ་སྤྱན་ མ་ལའོ། །མཚན་མ་མེད་པའི་རྡོ་རྗེ་ལས། །རིན་ཆེན་རིགས་རྣམས་སྐྱེད་མཛད་པ། །རྡོ་རྗེ་རིན་ཆེན་དབང་བསྐུར་མཆོག །ཕྱག་འཚལ་རྡོ་རྗེ་བདག་ཉིད་ལའོ། །སྨོན་པ་མེད་པའི་རྡོ་རྗེ་ལས། །པདྨའི་རིགས་རྣམས་སྐྱེད་མཛད་མ། །རྡོ་རྗེ་གསང་བ་པདྨའི་མཆོག །ཕྱག་ འཚལ་རྡོ་རྗེ་དཀར་མོ་ལའོ། །རྡོ་རྗེ་མངོན་འདུ་མི་བྱེད་ལས། །ལས་ཀྱི་རིགས་རྣམས་སྐྱེད་མཛད་མ། །རྡོ་རྗེ་མཆོད་པ་རབ་ཏུ་རྩོམ། །ཕྱག་འཚལ་རྡོ་རྗེ་སྒྲོལ་མ་ལའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་དུ་བཟང་། །ཕྱག་ འཚལ་ཕྱག་ན་རྡོ་རྗེ་ལའོ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་གཙོ། །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལའོ། །རྡོ་རྗེ་ཆགས་པ་བདེ་བ་ཆེ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་ གཞུ་ཁྱོད་ལའོ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ལའོ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལའོ། ། རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལའོ། །རྡོ་རྗེ་རྒྱལ་མཚན་སེམས་ཅན་དོན། །རྡོ་རྗེ་མཆོག་ནི་རྣམ་དག་པ། །རྡོ་རྗེ་ཆེན་པོ་རིན་ཆེན་ཏོག །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལའོ། །རྡོ་རྗེ་བཞད་པ་དགའ་ བ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །མཆོག་ཏུ་རབ་དགའ་རྡོ་རྗེ་སྟེ། །ཕྱག་འཚལ་རྡོ་རྗེ་བཞད་པ་ལའོ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨ་མཆོག་གྲུབ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལའོ། །རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལའོ། །རྡོ་རྗེ་རྒྱུ་ནི་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་སྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལའོ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་བཟླས་པ་རབ་བསྒྲུབ་སྦྱིན། །མི་གསུང་ རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལའོ། །རྡོ་རྗེ་ལས་རབ་རྡོ་རྗེའི་བཀའ། །ལས་ཀྱི་རྡོ་རྗེ་ཀུན་གྲུབ་པ། །རྡོ་རྗེ་ངེས་པར་ཀུན་གྲུབ་པ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལའོ། །རྡོ་རྗེ་གསུང་བ་བསྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་དཀའ་བ། །ཕྱག་ འཚལ་རྡོ་རྗེ་བརྩོན་འགྲུས་ལའོ། །རྡོ་རྗེ་གནོད་སྦྱིན་ཐབས་པོ་ཆེ། །རྡོ་རྗེ་མཆེ་བ་གཙིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་ཁྱོད་ལའོ། །རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུད། །རྡོ་རྗེ་བཅིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་ཆེ། །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ ལའོ། །རྡོ་རྗེ་ཆགས་པས་རབ་སྒེག་ཅིང་། །རྡོ་རྗེ་རོལ་པ་བརྩོན་བྱེད་པ། །རྡོ་རྗེ་ཀུན་གྲུབ་འགྱིང་བར་ལྡན། །ཕྱག་འཚལ་རྡོ་རྗེ་སྒེག་མོ་ལའོ། །རྡོ་རྗེ་རིན་ཆེན་ཕྲེང་འཛིན་ཅིང་། །རྡོ་རྗེ་དབང་བསྐུར་ཀུན་འགྲོ་ནི། །རྡོ་རྗེ་སྤྲིན་བཞིན་ནོར་བུ་འཆང་། །ཕྱག་འཚལ་རྡོ་རྗེ་ཕྲེང་མ་ལོའོ། །རྡོ་རྗེ་པདྨ་ དབྱངས་མཁན་མ། །རྡོ་རྗེ་སངས་རྒྱས་ངེས་པར་བསྐྱེད། །རྡོ་རྗེ་ཆོས་དོན་རབ་སྒྲོགས་པ། །ཕྱག་འཚལ་རྡོ་རྗེ་གླུ་མཁན་མ་ལའོ། །རྡོ་རྗེ་གར་མཁན་འགྱིང་བག་ལྡན། །རྡོ་རྗེ་ཕྱོགས་འདུས་གཟུགས་ལྡན་མ། །རྡོ་རྗེ་ལས་ཀྱི་འཁོར་ལོས་སྒྱུར། །ཕྱག་འཚལ་རྡོ་རྗེ་གར་མཁན་མ་ལའོ། །རྡོ་རྗེ་ཟླ་ ཁམ་འོད་དུ་འཕྲོ། །རྡོ་རྗེ་བདུག་པ་བསིལ་མཛད་ཅིང་། །རྡོ་རྗེ་དེ་བཞིན་གཤེགས་པའི་ཡུམ། །ཕྱག་འཚལ་རྡོ་རྗེ་བདུག་པ་ལའོ། །རྡོ་རྗེ་མེ་ཏོག་རབ་མཛེས་མ། །རྡོ་རྗེ་ནོར་བུ་རྡོ་རྗེ་དོན། །རྡོ་རྗེ་མཆོད་པ་བླ་ན་མེད། །ཕྱག་འཚལ་རྡོ་རྗེ་མེ་ཏོག་ལའོ། །རྡོ་རྗེ་སྣང་བ་རབ་རིབ་མེད། །རྡོ་རྗེ་ སྤྱན་མ་དྲི་མེད་འོད། །རྡོ་རྗེ་ཀུན་དུ་མུན་སེལ་བ། །ཕྱག་འཚལ་རྡོ་རྗེ་སྣང་བ་ལའོ། །རྡོ་རྗེ་དད་པ་སྲེད་པ་ཆེ། །རྡོ་རྗེ་བདེ་གཤེགས་སྤྱན་འདྲེན་ཅིང་། །རྡོ་རྗེ་ཤུགས་ཀྱི་བརྩོན་འགྲུས་ཆེ། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལའོ། །རྡོ་རྗེ་དྲ་བ་དོན་ཡོད་སྟོབས། །རྡོ་རྗེ་ཞགས་པས་འཇུག་མཛད་ པ། རྡོ་རྗེ་སྟོབས་ནི་འཇིག་པ་པོ། །ཕྱག་འཚལ་རྡོ་རྗེ་ཞགས་པ་ལའོ། །རྡོ་རྗེ་ཏིང་འཛིན་རྡོ་རྗེའི་གཙོ། །རྡོ་རྗེ་ལྕགས་སྒྲོག་འཆིང་བྱེད་ཅིང་། །རྡོ་རྗེ་ཕྱོགས་རྣམས་སྐྲག་བྱེད་པ། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོག་ལའོ། །རྡོ་རྗེ་ཤེས་རབ་མཆོག་འཆང་བ། །རྡོ་རྗེ་བསྟན་པ་རབ་ཏུ་ འཇོམས། །རྡོ་རྗེ་སྒྲ་ཆེན་སྒྲོགས་མཛད་པ། །ཕྱག་འཚལ་རྡོ་རྗེ་དྲིལ་བུ་ལའོ། །རྒྱལ་སྲས་དཔའ་འགྲོ་ཀུན་དུ་བཟང་། །ཟླ་འོད་བཟང་སྐྱོང་ཀུན་དུ་བཟང་། །ས་བཅུ་ལ་ནི་གནས་ནས་ཀྱང་། །འགྲོ་བའི་དོན་མཛད་ཕྱག་འཚལ་བསྟོད། །རྒྱལ་སྲས་དྲ་བ་ནམ་མཁའི་མཛོད། །རྡོ་རྗེ་ སྙིང་པོ་འོད་དཔག་མེད། །མངོན་དགའ་མཆོག་ཏུ་དཔལ་ལྡན་པ། །ལྷོ་ཕྱོགས་སེམས་དཔའ་ཕྱག་འཚལ་བསྟོད། །རྒྱལ་སྲས་གདུང་སེལ་ཡེ་ཤེས་ཏོག །བློ་གྲོས་མི་ཟད་སྤོབས་པ་བརྩེགས། །རྣམ་དག་ཆེན་པོ་མཆོག་འཆང་བ། །ནུབ་ཕྱོགས་སེམས་དཔའ་ཕྱག་འཚལ་བསྟོད། ། རྒྱལ་སྲས་བྱམས་པ་ངན་སོང་འདྲེན། །སྤོས་ཀྱི་གླང་པོ་དོན་ཡོད་གྲུབ། །བདེ་ལྡན་སངས་རྒྱས་སྐྱོང་བ་པོ། །བྱང་ཕྱོགས་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་ཡོངས་སུ་བསྟོད་དེ། མེ་ཏོག་ལག་པར་ཐོགས་ཏེ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་ལ་བསྲེག་ཁང་དུ་བོར་བར་བྱའོ། ། དེའི་རྗེས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་པ་སྐུ་མདོག་དམར་སེར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན། སྐྱབས་མཛད་ ཀྱི་ཕྱག་རྒྱ་ཅན། པདྨའི་གདན་ལ་བཞུགས་པ་ཅིག ཏིང་ངེ་འཛིན་གྱིས་སྤྱན་དྲངས་ཏེ། ཡེ་ཤེས་ཀྱི་བསྲེག་ཁང་ཆེན་པོར་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ལ། མེ་ཏོག་ལག་པར་ཐོགས་ཏེ། ཚེ་འདས་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པས། ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ། ཞེས་བརྗོད་ལ། ཞབས་བསིལ་དང་། འཐོར་འཐུང་དང་། ཉེ་རེག་དང་། གདན་ཕུལ་ལ། མཆོད་པའི་ཡོ་བྱད་ཐམས་ཅད་ཕུལ་ལ། དེ་བཞིན་གཤེགས་པའི་རྩ་བའི་ཕྱག་རྒྱ་འཐབ་སྟེ། བཅོམ་ལྡན་གཟི་བརྗིད་འོད་དཔག་མེད། །ངན་སོང་ཐམས་ཅད་ཀུན་སྦྱོང་ བ། བདེ་བའི་སྟོབས་ལྡན་ཐམས་ཅད་མཁྱེན། །ཐུགས་རྗེ་ཆེན་པོའི་རྒྱུན་གྱིས་ནི། །ཚེ་འདས་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ། ན་མོ་བྷ་ག་བ་ཏེ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛཱ་ཡ་ཨ་མུ་ཀ་ཡཾ་བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་པའི་སྙིང་པོ་དེའི་སྙིང་གར་བསམ་པར་ བྱའོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ལ་སྲེག་རྫས་ཐམས་ཅད་ལ་རིམ་པ་ཇི་ལྟ་བ་བཞིན་དུ། ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་ཨ་མུ་ཀཾ་སརྦ་ བཱ་པཾ་ཀླེ་ཤ་ཀྵ་ཡཾ་ཀ་རི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལན་གྲངས་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་བྱ་བ་ཉིད་དོ། །དེ་ནས་ཞི་བའི་ཕུར་བུ་དངུལ་ལམ་ཙནྡན་དཀར་པོ་ལ་སོགས་པའི་ཤིང་ལས་སོར་བརྒྱད་དུ་འདུག་པ་རྩེ་མོ་ཟླུམ་པོར་བྱས་ཏེ། དེའི་ངོས་ལ་བདེ་བར་གཤེགས་པ་སྲས་ དང་བཅས་པ་རྣམས་བསམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་མུ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་གང་ཟག་དེའི་སྡིག་པའི་ཚོགས་ལ་བཏབ་ལ། དེ་ནས་ཡུ་བ་ཙནྡན་དཀར་པོ་ལས་བྱས་ཤིང་མགོ་བོ་དངུལ་ལས་བྱས་པའི་ཐོ་བ་ཟླུམ་པོ་ཁྲུ་གང་བ་བྱས་པ་སྟེ། དེའི་སྟེང་དུ། ཨོཾ་ཤཾ་པ་ཏ་ ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཾ་པ་ཏ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་བརྡུང་བར་བྱ་བ་དེ་ཁོ་ནའོ། །དེ་ནས་ཡང་མེ་ཏོག་ལག་ཏུ་ཐོགས་ཏེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དེ། བཟོད་པར་གསོལ་ལ་ མཉེས་པར་བྱ་བ་ཉིད་དོ། །དེ་ནས་ཡང་རང་གི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་བ་རྣམས་སྤྱན་དྲངས་ནས་རང་རང་གི་གནས་སུ་བཞུགས་སུ་གསོལ་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཚངས་པ་ཆེན་པོ་མཆོག་གྱུར་པའི། །འཇིག་རྟེན་མགོན་པོ་བདག་ཉིད་ཆེ། །འདི་ཞེས་ བྱ་བའི་སྡིག་སྦྱང་ཕྱིར། །འབར་བའི་ཁང་པར་སྲེག་བླུགས་བཞེས། །ཞེས་བརྗོད་ལ། ཞབས་བསིལ་བ་ལ་སོགས་པས་ཞབས་ལ། བསྲེག་པའི་རྫས་ཐམས་ཅད་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མཆོད་སྦྱིན་ཆེན་པོའི་ཕྱག་རྒྱས་གཟར་བུ་སྙིང་གར་ཐོགས་ལ། ཨོཾ་བྲཧྨ་ཎཱ་ཡ་སརྦ་ཨུ་པ་དྲ་ བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨིནྡྲཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་དྷྲྀ་ཏ་རཥྛཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་བྷ་ཀཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སརྦ་ཨུ་བ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨིནྡྲཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ ཀུ་རུ་སྭཱ་ཧཱ། ཨོཾ་ཡ་མཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཀུ་བེེ་རཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་རུ་དྲཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་རཀྵ་ ས་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བ་ཡ་བྱ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཙནྡྲཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་དཱི་ཏཱ་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བྷཱུ་མི་པ་ཏི་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་དེ་བཱི་ཡ་སརྦ་ཨུ་པ་དྲ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ པས་དབུལ་བར་བྱ་བ་ཉིད་དོ། །དེ་ནས་ཡང་རང་གི་ས་བོན་ལས་འོད་ཟེར་སྤྲོས་པ་ལས་སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་བཀུག་ལ་རང་གི་གནས་སུ་བཞག་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཧཱུྃ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་མིའམ་ཅི། །དྲི་ཟ་མཁའ་ལྡིང་ལྷ་མིན་ལུས་ སྲུལ་པོ། །མིའམ་ཅི་དང་ཡི་དགས་དུད་འགྲོ་དང་། །མཁའ་འགྲོ་མ་དང་དམྱལ་བ་ལ་སོགས་པའི། །འགྲོ་དྲུག་སེམས་ཅན་སྐྱེ་བཞིས་བསྡུས་པ་རྣམས། །འདི་ཞེས་བྱ་བའི་རྣམ་སྨིན་སྦྱང་སླད་དུ། །རང་རང་གནས་སུ་ལྷག་པའི་བསམ་པས་གནོས། །ཞེས་བརྗོད་དེ། བསྲེག་པའི་རྫས་ཐམས་ ཅད་ལ་རིམ་པ་ཇི་ལྟ་བ་བཞིན་དུ། དེའི་བག་ཆགས་དང་རྣམ་པར་སྨིན་པ་སྦྱང་བའི་ཕྱིར་བསྲེག་པར་བྱ་སྟེ། བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྣལ་འབྱོར་དང་ལྡན་པར་བྱས་ལ། སྔགས་འདི་དག་བརྗོད་དོ། །ཨོཾ་ཨཱཿཧཱུཾ་ཨ་མ་སུ་ཏི་པྲེ་ན་ཡ་སརྦ་སཏྭཱ་ཡ་ཨ་མུ་ཀཾ་སརྦ་ཀརྨ་ཤཱནྟིཾ་ཀུ་རུ་ སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ཨ་མ་སུ་ཏི་པྲེ་ན་ཡ་སརྦ་སཏྭཱ་ཡ་ཨ་མུ་ཀཾ་སརྦ་ཀརྨ་ཨཱ་བ་ར་ཎ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ། ཨ་མ་སུ་ཏི་པྲེ་ན་ཡ་སརྦ་སཏྭཱ་ཡ་ཨ་མུ་ཀཾ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་ལན་གྲངས་ཉི་ཤུ་རྩ་གཅིག་ཏུ་བསྲེག་པར་བྱའོ། །དེ་ནས་གཏོར་མ་རྣམས་ལ་རྣལ་འབྱོར་ ཆེན་པོའི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབས་ལ་ཕྱོགས་སྐྱོང་རྣམས་ལ་བྱིན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྣལ་འབྱོར་གྱིས་དངོས་པོ་རྣམས་བསྒྱུར་ལ་ཚིམ་པར་གྱུར་པ་དང་། ཆེད་དུ་བརྗོད་པའི་ཆེད་དུ་བརྗོད་དོ། །འཇིག་རྟེན་རྣམས་ཀྱི་མེས་པོ་མཆོག །ཁ་དོག་སེར་པོ་སྤྱི་ བླུགས་འཛིན། །བདེར་གཤེགས་བསྟན་པ་སྲུང་མཛད་པ། །ཚངས་པ་ཆེན་པོ་ཕྱག་འཚལ་བསྟོད། །རྣམ་པར་རྒྱལ་བའི་ཁང་བཟངས་ན། །མདོག་དཀར་ཤེས་རབ་རལ་གྲི་ཅན། །ཆོས་ཀྱིས་ཆབ་སྲིད་གསལ་མཛད་པ། །མཆོག་གི་བརྒྱ་བྱིན་ཕྱག་འཚལ་བསྟོད། །ཤར་ཕྱོགས་རྒྱལ་པོ་ དྲི་ཟའི་བདག །མདོག་དཀར་དགུ་པོ་རྒྱུད་མངས་འཛིན། །ཀུན་དུ་བདེར་གཤེགས་བསྟན་པ་སྲུང་། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་རྒྱལ་པོ་གྲུལ་བུམ་བདག །མདོག་སྔོ་ལག་ན་རལ་གྲི་འཛིན། །ཀུན་དུ་བདེར་གཤེགས་བསྟན་པ་སྲུང་། །འཕགས་ སྐྱེས་པོ་ལ་ཕྱག་འཚལ་བསྟོད། །ནུབ་ཕྱོགས་རྒྱལ་པོ་ཀླུ་ཡི་བདག །མདོག་དམར་ལག་ན་ཞགས་པ་འཛིན། །ཀུན་དུ་བདེར་གཤེགས་བསྟན་པ་སྲུང་། །མིག་གི་བཟང་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་རྒྱལ་པོ་གནོད་སྦྱིན་བདག །མདོག་སེར་ལག་ན་བེ་ཅོན་འཛིན། །ཀུན་དུ་ བདེར་གཤེགས་བསྟན་པ་སྲུང་། །གླང་པོའི་སྟེང་ན་རྡོ་རྗེ་འཛིན། །ཤེལ་མདོག་བསྟན་པ་སྲུང་བར་མཛད། །ཁྱོད་ནི་ལྷ་ཡི་རྒྱལ་པོ་སྟེ། །ལྷ་ཡི་རྒྱལ་པོ་ཕྱག་འཚལ་བསྟོད། །མ་ཧེའི་སྟེང་ན་ཐོད་དབྱུག་འཛིན། །སྤུག་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་གཤིན་རྗེའི་རྒྱལ་པོ་སྟེ། ། གཤིན་རྗེའི་འཁོར་བཅས་ཕྱག་འཚལ་བསྟོད། །ཆུ་སྲིན་སྟེང་ན་སྦྲུལ་ཞགས་འཛིན། །ཁྲག་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་ཀླུ་ཡི་རྒྱལ་པོ་སྟེ། །ཀླུ་རྒྱལ་འཁོར་བཅས་ཕྱག་འཚལ་བསྟོད། །སེང་གེའི་གདན་ལ་དབྱུག་ཏོ་འཛིན། །གསེར་མདོག་བསྟན་པ་སྲུང་མཛད་པ། ། ཁྱོད་ནི་གནོད་སྦྱིན་རྒྱལ་པོ་སྟེ། །གནོད་སྦྱིན་འཁོར་བཅས་ཕྱག་འཚལ་བསྟོད། །ཁྱུ་མཆོག་སྟེང་ན་རྩེ་གསུམ་འཛིན། །ཐལ་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་འབྱུང་པོའི་རྒྱལ་པོ་སྟེ། །འབྱུང་པོའི་འཁོར་བཅས་ཕྱག་འཚལ་བསྟོད། །ར་སྐྱེས་སྟེང་ན་ཧོམ་གཟར་འཛིན། །མེ་ མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་དྲང་སྲོང་རྒྱལ་པོ་སྟེ། །དྲང་སྲོང་འཁོར་བཅས་ཕྱག་འཚལ་བསྟོད། །མི་རོའི་སྟེང་ན་རལ་གྲི་འཛིན། །ཆུ་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་སྲིན་པོའི་རྒྱལ་པོ་སྟེ། །སྲིན་པོའི་འཁོར་བཅས་ཕྱག་འཚལ་བསྟོད། །ཤ་བའི་སྟེང་ན་བ་དན་ འཛིན། །དུང་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་རླུང་ལྷའི་རྒྱལ་པོ་སྟེ། །རླུང་ལྷ་འཁོར་བཅས་ཕྱག་འཚལ་བསྟོད། །ཤིང་རྟའི་སྟེང་ན་པདྨ་འཛིན། །ཁྲག་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་གཟའ་ཡི་རྒྱལ་པོ་སྟེ། །གཟའ་ཡི་འཁོར་བཅས་ཕྱག་འཚལ་ བསྟོད། །ངང་པའི་སྟེང་ན་ཨུཏྤལ་འཛིན། །དུང་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་སྐར་མའི་རྒྱལ་པོ་སྟེ། །སྐར་མའི་འཁོར་བཅས་ཕྱག་འཚལ་བསྟོད། །ཕག་གི་སྟེང་ན་ལྕགས་ཀྱུ་འཛིན། །སོལ་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་ཡི་དགས་རྒྱལ་པོ་སྟེ། །ཡི་དགས་འཁོར་ བཅས་ཕྱག་འཚལ་བསྟོད། །པདྨའི་སྟེང་ན་བུམ་པ་འཛིན། །གསེར་མདོག་བསྟན་པ་སྲུང་མཛད་པ། །ཁྱོད་ནི་ནོར་འཛིན་རྒྱལ་པོ་སྟེ། །ནོར་འཛིན་འཁོར་བཅས་ཕྱག་འཚལ་བསྟོད། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །ལྷ་མིན་མི་དང་ལྟོ་འཕྱེ་ཆེ། །ཤ་ཟ་གཤིན་རྗེ་མཁའ་འགྲོ་ མ། །སྲིན་པོ་ཡི་དགས་ནམ་མཁའ་ལྡིང་། །མིའམ་ཅི་དང་དྲི་ཟ་དང་། །གྲུལ་བུམ་དང་ནི་སྲིན་པོ་དང་། །ལུས་སྲུལ་མ་མོའི་མདོག་རྣམས་དང་། །བྱ་དང་གཞོན་ནུ་སྐེམ་བྱེད་པ། །གྲིབ་གནོན་དང་ནི་བརྗེད་བྱེད་དང་། །སྨྲ་བྱེད་དང་ནི་ཕྲ་མེན་མ། །དུད་འགྲོ་དམྱལ་བ་མི་མ་ཡིན། །གདོན་ རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གཞན་ཡང་སྐྱེ་བ་བཞིས་བསྡུས་པའི། །སེམས་ཅན་འགྲོ་བ་ཐམས་ཅད་ལ། །མཆོད་སྦྱིན་ཆེན་པོ་འདི་སྟེར་བས། །སེམས་ཅན་འདི་ཞེས་བྱ་བ་ཡི། །ལན་ཆགས་ཐམས་ཅད་བྲལ་བར་གྱིས། །ནང་དང་སྡུག་བསྔལ་འཁྲུག་པ་དང་། །དུས་མིན་ འཆི་དང་བཀྲ་མི་ཤིས། །དེ་བཞིན་གནོད་པ་སྣ་ཚོགས་དང་། །མཆོད་སྦྱིན་འདི་ཡིས་ཞི་གྱུར་ནས། །ཚེ་དང་བསོད་ནམས་འཕེལ་བ་དང་། །དབང་ཕྱུག་ནོར་ནི་འབྱོར་པ་དང་། །ལོ་ལེགས་བདེ་བ་རྙེད་པ་དང་། །ནད་མེད་པ་དང་བཀྲ་ཤིས་ཤོག །དེ་བཞིན་ཕ་རོལ་ཚོགས་གཞོམ་ དང་། །དགྲ་རྣམས་མ་ལུས་གཞོམ་པ་ནི། །མཆོད་སྦྱིན་འདི་ཡི་སྟོབས་ཀྱིས་ནི། །བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་བརྗོད་དེ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་བརྗོད་དེ། མེ་ཏོག་གི་ཕྲེང་བ་དོར་བར་བྱའོ། །དེ་ནས་ཕོ་ཉའི་སྦྱིན་སྲེག་བྱ་སྟེ། དེ་ནས་ རང་གི་ས་བོན་ལས་འོད་ཟེར་འཕྲོས་པས། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་གོང་དུ་སྨོས་པའི་ཆ་ལུགས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ། ཞབས་བསིལ་ལ་སོགས་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་མཆོད་དེ། དེ་ནས་སྲེག་རྫས་ཐམས་ཅད་སྣོད་གཅིག་ཏུ་བསྲེས་ལ། བདུད་རྩིར་ བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨ་མི་ཏ་ཨ་མི་ཏེ་ཨ་མི་ཏོདྦྷཱ་བེ། ཨ་མི་ཏ་སཾ་བྷཱ་བེ། ཨ་མི་ཏ་བི་ཀྲཱནྟེ། ག་མི་ནི། སརྦ་ཀརྨ་ཀླེ་ཤ་ཀྵ། ཞེས་པས་བསྟན་ཏེ། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ཏེ། ཁུ་ཚུར་བསྣོལ་བའི་སྡིགས་མཛུབ་གཉིས་སྙིང་གར་བྱ་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ ལོཀྱ་བི་ཛ་ཡ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏཱིརྱ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡ་སརྦ་ཀརྨ་ཨཱ་པ་ར་ཎ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡ་སརྦ་ཀླེ་ཤ་ཨཱ་བ་ར་ཎ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཏྲཻ་ལོཀྱ་བི་ཛ་ ཡ་སརྦ་ཨཱ་བ་ར་ཎ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡ་སརྦ་ཀརྨ་ཨཱ་བ་ར་ཎ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པའི་སྙིང་པོ་བརྒྱ་ཕྲག་སྟོང་ངམ། བྱེ་བའི་ཚད་དམ། ཡང་ན་སྟོང་གི་གྲངས་སམ། ཡང་ན་བརྒྱ་རྩ་བརྒྱད་པ་ལ་སོགས་པས་དེའི་མིང་དང་བསྲེས་པས་བསྲེག་པར་བྱ་བ་ཉིད་ དོ། །དོན་དེ་ལྟར་ཕོ་ཉའི་སྦྱིན་སྲེག་བྱས་ནས་ཚེ་འདས་པའི་སྡིག་པ་བཅོམ་པའི་རྟགས་ནི། དེས་རྒྱུད་དུ་གསུངས་པའི་མཚན་མ་ལས་ཤེས་པར་བྱ་སྟེ། དེ་ཡང་སྡིག་པ་དང་ཉོན་མོངས་པ་བཅོམ་པའི་རྟགས་ནི་སྟེང་དུ་དྲང་པོར་འབར་བ་དང་། དུ་བ་ལ་སོགས་པས་ནག་ནོག་མེད་པ་དང་། ཟླུམ་ཞིང་སྟེང་དུ་མི་འཕྲོ་བ་དང་། དལ་གྱིས་གློག་བཞིན་དུ་མདངས་གསལ་བ་དང་། སྒྲ་ལ་སོགས་པ་ཆུང་བར་འབར་བ་དང་། ཡང་ན་མེ་ལྷ་ཉིད་ཀྱིས་གཟུགས་ཇི་ལྟ་བ་བཞིན་དུ་བསྲེག་ཁང་གི་ནང་དུ་གསལ་བར་སྟོན་པ་ན། རྟགས་དེ་དག་གིས་ཚེ་འདས་པ་དེ་སེམས་ཅན་དམྱལ་བ་ལ་སོགས་ པའི་གནས་ནས་གྲོལ་ཏེ། ལྷ་ལ་སོགས་པའི་གནས་བདེ་འགྲོར་སྐྱེ་བར་ཤེས་པར་བྱ་བ་ཉིད་དོ། །དེ་ནས་རྩ་བའི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ཏེ། ཚེ་འདས་པའི་དོན་དུ་ཕྱོགས་བཞིར་འཁོར་ལོས་སྒྱུར་བའི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་ནི། དེ་ཉིད་ཚེ་དང་ལོངས་སྤྱོད་རྒྱས་པར་བྱ་བ་དང་ ནད་པ་ལ་སོགས་པའི་གནོད་པའི་ཚོགས་ཞི་བར་བྱ་བ་དང་། ལྷ་ལ་སོགས་པའི་འཇིག་རྟེན་གསུམ་དབང་དུ་གྱུར་པ་དང་། དགྲ་དང་མ་རུངས་པའི་ཚོགས་གཞོམ་པར་བྱ་བའི་དོན་དུའོ། །དེ་དག་གི་རྗེས་ལ་ཇི་ལྟར་གོང་དུ་སྨོས་པའི་བསྟོད་པ་བྱས་ལ། བཟོད་པར་གསོལ་ལ་ གཤེགས་པར་བྱ་སྟེ། དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ཏིང་ངེ་འཛིན་གྱིས་གཤེགས་སུ་གསོལ་བར་བྱ་སྟེ། གཟུགས་བརྙན་གྱི་དཀྱིལ་འཁོར་ནི་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་སྭ་བྷཱ་བ་སརྦ་དྷརྨ་ཤཱུ་ནྱ་ཏཱ་སྭ་བྷཱ་བ་ཧཾ། ཞེས་བརྗོད་པས་ཐམས་ཅད་བསྡུ་བར་ བྱའོ། །དེ་ནས་ཐལ་བར་གྱུར་པ་དང་། ཐལ་བ་བསྡུ་བའི་ཆོ་ག་བྱ་སྟེ། དེ་ལ་དང་པོར་ཁྲོ་བོའི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་ནས། ས་ཕྱོགས་དེའི་བགེགས་བསྐྲད་ལ། དེ་ནས་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའི་སྐུར་བསྒོམ། རྩ་བའི་སྔགས་བརྒྱ་ རྩ་བརྒྱད་བཏབ་པའི་རིགས་ལྔའི་ཕྱག་རྒྱས་རིན་པོ་ཆེ་སྣ་ལྔའི་ཕྱེ་མར་བྱིན་གྱིས་བརླབས་ནས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཧཱུཾ། ཞེས་པའི་སྔགས་ཀྱིས་རས་དཀར་པོ་གཙང་མའི་ནང་དུ་བསྡུ་བར་བྱའོ། །དེ་ནས་དེ་ཉིད་ཀྱི་ཚེ་ཐལ་བར་གྱུར་པ་དང་། སྐུ་གདུང་གི་ལས་བརྩམ་པར་བྱ་སྟེ། དེ་ལ་དང་པོར་ཐལ་བ་དང་རུས་པ་ཕྱེ་མར་བཏགས་པ་ལ། ག་པུར་ལ་སོགས་པའི་དྲི་ཆུ་ལ་རྩ་བའི་སྔགས་ཀྱིས་བཏབ་སྟེ་བའི་འོ་མ་དང་། མར་དང་། ཞོ་དང་། ཆུ་དང་། ལྕི་བ་ལ་སོགས་པ་རྩ་བའི་སྔགས་འབུམ་དུ་བཟླས་པས་བརྫིས་ཏེ། དེ་དང་ ས་ཁ་དོག་དཀར་པོ་ལ་ག་བུར་ལ་སོགས་པའི་དྲིས་བསྒོས་པ་དང་། འཇིམ་པ་ལེགས་པར་བསྲེས་ལ་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་བྱ་བའམ། རང་གི་ལྷའི་གཟུགས་སུ་བྱ་བའམ། ཡང་ན་མཆོད་རྟེན་གྱི་གཟུགས་སུ་བྱས་ཏེ། དེ་ནས་ཡོངས་སུ་དག་པའི་ཆོ་ག་བྱ་བ་ནི། རྣལ་ འབྱོར་པས་སྲིད་པ་བར་མ་དོའི་སེམས་ཅན་ལ་ནི། འདི་ལྟར་བདུན་པ་གཉིས་པ་ལ་ནི་དམྱལ་བའི་དཀྱིལ་འཁོར་གླིང་བཅུ་དྲུག་པ་ལ་རོ་དོང་ཟབ་བུ་བཅས་པའི་དབུས་སུ་གཙུག་ཏོར་དགུ་པའི་དཀྱིལ་འཁོར་བཞེངས་ལ། དེ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཡོངས་སུ་མཆོད་ལ་རྫིང་བུའི་ནང་ནས་ཉ་ བཏོན་པ་ལྟར། རྩ་བའི་སྔགས་བུམ་པ་དཀར་པོ་ལ་བསྔགས་པས་སྲིད་པ་བར་མ་དོའི་སེམས་ཐིག་ལེའི་གཟུགས་སུ་གནས་པ་གདོན་པར་བྱའོ། །བདུན་པ་གསུམ་པ་ལ་ཡི་དགས་ཀྱི་དཀྱིལ་འཁོར་གླིང་བཞི་པའི་དབུས་སུ་གོང་བུ་སྨོས་པའི་དཀྱིལ་འཁོར་གྱི་བུམ་པ་ལ་བཟླས་པའི་ཐིག་ལེའི་གཟུགས་ གདོན་པར་བྱ་བ་དང་། བཞི་པ་ལ་དུད་འགྲོའི་དཀྱིལ་འཁོར་གླིང་བཞི་པའི་དབུས་སུ་དཀྱིལ་འཁོར་བྲིས་པས་ཐིག་ལེའི་གཟུགས་དུད་འགྲོའི་གནས་ནས་གདོན་པར་བྱ་བ་དང་། ལྔ་པ་ལ་ལྷ་མ་ཡིན་གྱི་དཀྱིལ་འཁོར་ཟླུམ་པོའི་དབུས་སུ་དཀྱིལ་འཁོར་ལ་བརྟེན་ཏེ། ཐིག་ལེའི་གཟུགས་ ལྷ་མ་ཡིན་གྱི་གནས་ནས་གདོན་པར་བྱ་བ་དང་། དྲུག་པ་ལ་མིའི་དཀྱིལ་འཁོར་གླིང་བཞི་པའི་དབུས་སུ་དཀྱིལ་འཁོར་བྲིས་ལ་ཐིག་ལེའི་གཟུགས་དབུལ་པོའི་གནས་ནས་གདོན་པར་བྱ་བ་དང་། བདུན་པ་ལ་ལྷའི་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་པའི་དབུས་སུ་དཀྱིལ་འཁོར་བྲིས་ལ། ཐིག་ལེའི་གཟུགས་ལྷ་ཚེ་རིང་པོའི་གནས་ནས་གདོན་ཅིང་རྣམ་པར་གྲོལ་བ་ལ་སོགས་པའི་མཚན་མར་གྱུར་ན། དེ་ཉིད་ཀྱི་མཚན་མོ་སྲིད་པ་བར་མ་དོའི་སེམས་ཅན་གྱི་ཀུན་གཞི་རྣམ་པར་ཤེས་པ་འཁོར་བ་ལས་ལྡོག་པའི་རྒྱུས་འཇུག་པ་ཡིན་ཏེ། དེའི་ཚེ་དེའི་རིགས་ཀྱི་གཙོ་བོ་རྒྱལ་པོ་ལ་ སོགས་པའི་མིའི་གཟུགས་བྱས་ཏེ། གཟུགས་དེའི་སྙིང་གར་བྲིས་པའི་མིང་དང་ཙནྡན་དཀར་པོ་དང་དམར་པོ་བསྲེས་པའི་སྦྱོར་བས་ཕ་དང་མ་ཚོགས་པའི་ཚུལ་བྱས་ཏེ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ལ་དམིགས་པར་བྱས་པ། དེའི་སྐད་ཅིག་མ་ལ་སྙོམས་པར་འཇུག་ པའི་སྦྱོར་བ་ལ་དམིགས་པས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་ཞུགས་ནས་ཐབས་དང་ཤེས་རབ་ཁ་སྦྱོར་བའི་རྣལ་འབྱོར་གྱིས་རང་གི་པདྨར་བཅུག་ནས་དཀྱིལ་འཁོར་དུ་དབང་བཅུ་རྫོགས་པར་བསྐུར་ལ། ཕྱག་རྒྱ་ཆེན་པོའི་གཟུགས་སུ་བཏགས་ཏེ། མེ་ཏོག་གི་ཕྲེང་བ་ཐོགས་ནས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཡ་ཐཱ་ས་མ་ཡོ་ག་ཐཱ་ སིདྡྷ་སྭཱ་ཧཱ། ཨོཾ་ཀཱ་ཡ་བི་ཡ་སྟཱ་ཡ་སྭཱ་ཧཱ། ཨཱཿབཱཀ་བི་ཡ་སྟཱ་ཡ་སྭཱ་ཧཱ། ཧཱུྃ་ཙིཏྟ་བི་ཡ་སྟཱ་ཡ་སྭཱ་ཧཱ། ཞེས་བརྗོད་པས། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་རབ་ཏུ་གནས་པར་བྱ་བ་ཉིད་དོ། །དེ་ནས་གཟུགས་དེ་ཉིད་རྒྱལ་པོ་ལ་སོགས་པའི་ཆ་ལུགས་སུ་བྱས་པས། དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་དང་ལྡན་པའི་ནང་དུ་བཅུག་ལ་ལོ་བཞིའམ་ལྔའམ་གཅིག་གམ། ཟླ་དྲུག་གམ་གསུམ་མམ། གཅིག་གི་བར་དུ། དེ་བཞིན་གཤེགས་པའི་རྩ་བའི་སྔགས་སྟོང་ངམ། འབུམ་ལ་སོགས་པ་བཟླས་ནས་དེར་མཆོད་པ་རྣམ་པ་ལྔས་མཆོད་ལ། ཞག་རེ་བཞིན་དུ་མཆོད་རྟེན་གྱི་གཟུགས་ལ་བདེ་བར་གཤེགས་པ་ལྔའི་ཕྱག་རྒྱ་བཅས་པས་གནས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱ་བ་ཉིད་དོ། །དེ་ནས་ངན་འགྲོ་ལས་རྣམ་པར་གྲོལ་བར་གྱུར་པ་ནི་མཆོད་རྟེན་འབར་བ་དང་། གཟུགས་འཛུམ་པ་དང་། ག་པུར་ལ་སོགས་པ་དྲིའི་ཐིག་ ལེའི་སྐུད་པ་དང་། བདུག་པའི་ཚེ་འོད་སྣང་བ་དང་། དྲི་ཡིད་དུ་འོང་བ་ཚོར་བ་དང་། སྐུ་གདུང་ལ་སོགས་པ་འབར་བ་དང་། ས་གཡོ་བ་དང་། མེ་ཏོག་དང་། རྒྱན་ལ་སོགས་པ་འོད་འབར་བ་དང་། དུང་དང་པི་ཝང་ལ་སོགས་པའི་སྒྲ་གྲགས་པ་ན། སྡིག་ཅན་གང་ཟག་དེ་ ངན་འགྲོ་ལས་གྲོལ་བར་ཤེས་པར་བྱའོ། །ཡང་སྡིག་པ་ཆེན་པོ་བྱས་པའི་སེམས་ཅན་དེ་ཉིད་ངན་སོང་གསུམ་ལས་མ་གྲོལ་བ་ནི། རྟགས་དང་མཚན་མ་དེ་དག་མི་འབྱུང་བ་སྟེ། དེ་ལ་རྣལ་འབྱོར་མཆོག་གི་སྙིང་རྗེ་ཆེན་པོ་དང་ལྡན་པས་ཡིད་སྐྱོ་བ་མེད་པས་བརྩེ་བ་ཆེན་པོ་བསྐྱེད་དེ། དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ལ། མཆོད་པ་རྒྱ་ཆེན་པོ་བྱས་ལ། དེ་བཞིན་གཤེགས་པའི་རྩ་བའི་རིག་པའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འབུམ་ཕྲག་སྟོང་ངམ། ཡང་ན་ ཇི་སྲིད་མཚན་མ་བྱུང་གི་བར་དུ། དེ་བཞིན་གཤེགས་པ་ཡིད་ལ་བྱེད་པའི་སེམས་མཉམ་པར་གཞག་པས་བཟླས་པར་བྱ་བ་ཉིད་དོ། །དེའི་རྗེས་ལ་བཟླས་པའི་གྲངས་སུ་ཐིམ་པ་དང་། མཚན་མ་བྱུང་བའི་མཚན་མོ་ཐོག་ཐག་ཏུ་མཆོད་པ་དང་། གཏོར་མའི་ཚོགས་ཆེན་པོ་བྱས་ ཏེ། མི་ཉལ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་སྙིང་པོ་བཟླས་པས། ཚེ་འདས་པ་དེ་ཉིད་ལྷའི་གཟུགས་སུ་གྱུར་ཏེ། དེ་ལ་རྣལ་འབྱོར་པས་བདག་གི་དོན་ཕུན་སུམ་ཚོགས་ པར་བྱ་བའི་ཕྱིར་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བཅོལ་བ་དང་། གཞན་ཡང་བདག་ཉིད་ཇི་ལྟ་བུར་གྱུར་པའི་གཏམ་དང་། དམ་ཚིག་ཆེན་པོའི་དབང་གིས་བདག་ཇི་སྲིད་འཇིག་རྟེན་འདི་ན་གནས་ཀྱི་བར་དུ་ཁྱོད་ཀྱིས་འཇིག་རྟེན་པ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་ བདག་གི་རྣ་ལམ་དུ་སྒྲོགས་ཤིག་ཅེས་བརྗོད་ལ། མེ་ཏོག་གི་ཕྲེང་བ་ལ་དེ་བཞིན་གཤེགས་པའི་སྔགས་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ་སྤྱི་བོར་བཞག་སྟེ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། རཀྵནྟུ་མ་མ་སརྦ་སག་ཛ་ཀུརྦནྟི་ཧཱུྃ། ཞེས་བརྗོད་ལ་གཏང་བར་བྱ་སྟེ། དེས་ཀྱང་ བདག་གིས་ཁྱོད་ཀྱི་བཀའ་ཇི་ལྟ་བ་བཞིན་དུ་ཞེས་བརྗོད་དེ། དེ་དགའ་ཞིང་མགུ་ནས་འགྲོ་བར་འགྱུར་རོ། །དེ་ནས་གལ་ཏེ་མེའི་ནང་དུ་རྟགས་རྣམས་མཐོང་ན་ནི། སྙིང་ལས་ཆུང་ངུས། ཐལ་བ་དང་། རུས་པ་དང་། བྱེ་མ་དང་། ཉུངས་ཀར་ལ་དེ་བཞིན་གཤེགས་པའི་ སྔགས་སྟོང་ལ་སོགས་པ་བཏབ་ནས། བདག་ཉིད་རྡོ་རྗེ་འཛིན་པའི་གཟུགས་ཀྱིས་དེ་དག་གི་རྡུལ་རེ་རེ་ལ། དེ་བཞིན་གཤེགས་པའི་རྒྱལ་པོ་རེ་རེར་བསྒོམས་ལ། དེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་བཀའ་ཡང་དག་པའི་བདེན་པ་དང་། བདེན་པའི་བྱིན་གྱི་རླབས་དང་། སྔགས་དང་ཕྱག་རྒྱའི་བདེན་པ་དང་། བདེན་པའི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས། རྡུལ་འདི་དག་དེ་བཞིན་གཤེགས་པའི་སྐུ་རེ་རེར་གྱུར་ནས། འདི་གང་ དུ་གནས་པ་དང་། འདི་གང་ལ་རེག་པའི་སེམས་ཅན་ཐམས་ཅད་སྡིག་པའི་ལམ་ནས་གྲོལ་ནས། དགེ་བའི་ལམ་ལ་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། གཏོར་མ་དང་བཅས་པ་རྒྱ་མཚོར་འབབ་པའི་ཆུ་བོའམ། མཚེའུ་འམ། འབབ་ཆུ་ལ་སོགས་པའི་ནང་དུ་དོར་བར་བྱའོ། །རྒྱུད་ཀྱི་རྒྱལ་པོ་དྲི་མེད་ལས། །བདག་གིས་རོ་སྲེག་རྒྱས་བཤད་ལས། །བསོད་ནམས་རྒྱ་ཆེན་གང་ཐོབ་དེས། །འགྲོ་ཀུན་རྡོ་རྗེ་རྒྱལ་པོར་ཤོག །སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། ངན་ སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོའི་རོའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང་། དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་ པ་རི་ཤོ་དྷ་ན་མ་ར་ཧོ་མ་བི་དྷི་ཀརྨ་ཀྲ་མ། བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ངན་སོང་ཐམས་ཅད་ཡོངས་སུ་ སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གང་ཞིག་དམ་ཚིག་ལ་བརྟན་པར་གནས་ཤིང་། བླ་མ་དང་རྗེ་བཙུན་ལ་དབང་ཚུལ་བཞིན་དུ་ཐོབ་པ། གསང་སྔགས་ཀྱི་རྒྱུད་དང་། ཆོ་གའི་བྱེ་བྲག་ལ་མཁས་པ། བདག་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དེས། བྱམས་པ་དང་སྙིང་རྗེའི་སེམས་ཀྱིས། སེམས་ཅན་གང་དག་ཤི་བའི་དུས་བྱས་ཏེ་མི་དགེ་བའི་རྣམ་པར་སྨིན་པས་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བར་འགྱུར་བ་དང་། ཉམ་ང་བའི་གནས་ནས་འདོན་ཅིང་། མཐོ་རིས་ཀྱི་བདེ་བ་ལ་དགོད་པར་བྱ་བའི་ཕྱིར། ངན་སོང་རྣམ་པར་ སྦྱོང་བའི་བརྟག་པ་ལས་བྱུང་བའི་ཤི་བའི་ཆོ་ག་བྱ་བར་འོས་སོ། །དེ་ནས་རྣལ་འབྱོར་པ་དེས། བུམ་པ་ཚུལ་བཞིན་དུ་བྱིན་གྱིས་བརླབས་པ་ལ། སེམས་ཅན་ཚེ་འདས་པ་དེའི་མིང་དང་སྔགས་སུ་སྤེལ་ཞིང་། འབུམ་ཕྲག་སྟོང་ངམ། བརྒྱ་ཕྲག་སྟོང་དུ་ཚང་བའམ། བྱེ་བའི་ཚད་ དུ་བཟླས་ན་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །དེ་ནི་སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ནས་སའི་ཆོ་ག་བྱ་བ་ནི། ས་སྔོན་དུ་སྦྱངས་པའི་གཉུག་མའམ། ལྷ་ཁང་ངམ། མཆོད་རྟེན་ནམ། གནག་གི་ལྷས་སམ། ཆུ་འགྲམ་མམ། སྐྱེད་མོས་ཚལ་ལམ། དེར་ནི་སའི་ཆོ་ག་ ཕྱེ་མི་དགོས་སོ། །དེ་ལྟ་བུའི་གནས་མ་རྙེད་ན། སའི་ཕྱོགས་བརྟགས་པར་སའི་ཆོ་ག་གཞུང་བཞིན་དུ་བྱས་ལ། དཀྱིལ་འཁོར་ངོས་གཅིག་ལ་ཁྲུ་དྲུག་པ་གྲུ་བཞི་འཕང་དུ་ཁྲུ་གང་བ་གཅིག་བྱས་པའི་དབུས་སུ། མེ་ཐབ་ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞི་པ་ཟླུམ་པོ། ཟབས་སུ་ཁྲུ་དོ་པ་གཅིག་བྱ་ སྟེ། མུ་རན་འཕང་དང་ཞེང་སོར་བརྒྱད་པ་ཟླུམ་པོར་བསྐོར། ལྕི་བས་སྐྱང་ནུལ་ལེགས་པར་བྱས། ས་དཀར་པོས་བསྐུ་ཞིང་དྲིས་བྱུགས། དེ་ནས་ཐིག་སྐུད་ཐོགས་པ་ཞིག་གིས། ཐབ་ཁུང་གི་ནང་རེ་མིག་དགུ་རུ་གདབ། དེ་ནས་རྡོ་རྗེ་ར་བའི་ས་བཅད། ཐབ་ཁུང་གི་ཕྱི་རོལ་དུ་ འཁོར་ལོ་རྩིབས་བཅུ་དྲུག་པར་གདབ། དེའི་ཕྱི་རོལ་དུ་གྲུ་ཆད་བྱ། དེའི་ཕྱི་རོལ་དུ་སྣམ་བུ་གཉིས་བྱ། དེ་ནས་སྒོ་བྱང་ནས་ཚོན་འབྲས་ཁ་དོག་ལེགས་པར་བསྒྱུར་བ། ཚོན་ཕྱོགས་དང་མདུན་དུ་སྣོད་གཙང་མ་དྲིས་བསྒོས་པ་བསོགས་ལ། དེ་མི་དམིགས་པ་ལས་ཡི་གེ་ལྔ་ལས་བྱུང་ བའི་ས་ཚོན་བསམས་ལ། ཡེ་ཤེས་ཀྱི་ཚོན་བཀུག་ལ་བསྟིམས་ལ་ཚོན་ཕྱེ་སྣ་ལྔས་བྲི་བ་ནི། མེ་ཐབ་ཀྱི་རེ་མིག་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་དགོད། ཤར་དུ་རྡོ་རྗེ་ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ་བྱང་དུ་སྣ་ཚོགས་རྡོ་རྗེ་རྣམས་རིམ་བཞིན་དུ་དགོད་དོ། །མུ་རན་རྡོ་རྗེ་རྐྱང་པ་རྩེ་ལྔ་ པས་བསྐོར། དེའི་ཕྱི་རིམ་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ། ཤར་གྱི་རྩིབས་བཞི་ལ། རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། མགུ་བར་སྟོན་པ་རྣམས་དགོད། ལྷོའི་འཁོར་ལོ་རྩིབས་བཞི་ལ། ནོར་བུ་རིན་པོ་ཆེ་དང་། ཉི་མའི་དཀྱིལ་འཁོར་དང་། ཡིད་བཞིན་གྱི་ནོར་ བུའི་རྒྱལ་མཚན་དང་། སོའི་ཕྲེང་བ་རྣམས་དགོད། ནུབ་ཀྱི་འཁོར་ལོ་རྩིབས་བཞི་ལ། རྡོ་རྗེ་པདྨ་དང་། རལ་གྲི་དང་། འཁོར་ལོ་དང་། དུང་རྣམས་དགོད། བྱང་གི་འཁོར་ལོ་རྩིབས་བཞི་ལ། རྡོ་རྗེ་ཁ་བཞི་པ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་མཆེ་བ་དང་། རྡོ་རྗེ་ཁུ་ཚུར་ བཅིངས་པ་རྣམས་དགོད། དེའི་ཕྱི་རིམ་གྱི་གྲུ་ཆད་ཀྱི་ཤར་ལྷོར། སྨིན་མ་འདེགས་པའི་ཚུལ་དང་། སྤོས་མེ། ལྷོ་ནུབ་ཏུ་རིན་པོ་ཆེའི་ཕྲེང་བ་དང་། མེ་ཏོག །ནུབ་བྱང་དུ་ཡིད་དུ་འོང་བའི་གླུ་དང་མར་མེ། བྱང་ཤར་དུ་གར་བྱེད་པའི་མཚན་ཉིད་དང་། བྱུག་སྤོས་རྣམས་དགོད་དོ། །དེའི་ཕྱི་རིམ་གྱི་ སྣམ་བུ་དང་པོ་ལ། ཤར་དུ་རྡོ་རྗེ་གདེངས་པ་དང་ཟླ་བ། ཤར་ལྷོར་མེ་ཐབ། ལྷོར་དབྱུག་པ། ལྷོ་ནུབ་ཏུ་རལ་གྲི། ནུབ་ཏུ་ཞགས་པ་དང་། བུམ་པ་དང་ཉི་མ། ནུབ་བྱང་དུ་བ་དན། བྱང་དུ་བེ་ཅོན། བྱང་ཤར་དུ་མདུང་རྩེ་གསུམ་པ་རྣམས་དགོད་དོ། །དེའི་ཕྱི་རིམ་གྱི་སྣམ་ བུ་གཉིས་པ་ལ། མིང་ངམ། བརྡ་འམ། ཐིག་ལེར་བྱས་ནས་དགོད་པ་ནི། ཤར་གྱི་སྣམ་བུ་ལ། པ་བ་སངས་དང་། མིག་དམར་གཉིས་ཀྱི་བར་དུ་རིམ་བཞིན་དུ། སྨིན་དྲུག་སྣར་མ། མགོ་ལག །ནབ་སོ། རྒྱལ། སྐག་རྣམས་དགོད་དོ། །ལྷོའི་སྣམ་བུ་ལ་རིམ་བཞིན་དུ། ཕུར་བུ་ དང་། ཉི་མ་གཉིས་ཀྱི་བར་དུ། མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག་རྣམས་དགོད་དོ། །ནུབ་ཀྱི་སྣམ་བུ་ལ་རིམ་བཞིན་དུ། ཟླ་བ་དང་སྒྲ་གཅན་གཉིས་ཀྱི་བར་དུ་རིམ་བཞིན་དུ། ལྷ་མཚམས། སྣྲོན། སྣུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན་རྣམས་དགོད་དོ། །བྱང་གི་སྣམ་ བུ་ལ། གཟའ་ལག་དང་། སྤེན་པའི་བར་དུ། རིམ་བཞིན་དུ། མོན་གྲུ། མོན་གྲེ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ་རྣམས་དགོད་དོ། །དེའི་ཕྱི་རིམ་གྱི་སྣམ་བུ་ལ། སྒོ་བཞིའི་ཤར་དུ་ལྕགས་ཀྱུ། ལྷོར་ཞགས་པ། ནུབ་ཏུ་ལྕགས་སྒྲོག །བྱང་དུ་ཁུ་ཚུར་ བཅངས་པ་རྣམས་དགོད་དོ། །གཞན་ཡང་དཀྱིལ་འཁོར་གྱི་རྒྱན་ཐེམ་སྐས་བཞིའི་ཕྲེང་བ་དང་། ལྡ་ལྡི་དང་། དོ་ཤལ་དང་། ཕྲེང་བ་དང་། དྲིལ་བུ་དང་། རྔ་མ་དང་། སེང་གེ་དང་། བན་གླང་ལ་སོགས་པས་བརྒྱན་པར་བྲིའོ། །དེ་ལྟར་སྦྱིན་སྲེག་གི་དཀྱིལ་འཁོར་བྲིས་ནས། བུམ་ པའམ་བྱ་ཆུས་བཀང་བ། རིན་པོ་ཆེའམ། ས་ལས་བྱས་པའི་བུམ་པ། རྩ་བ་མི་གནག་པ། གསུས་པ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། བྲྀ་ཧ་སྟི་དང་། ཀཎྜ་ཀ་རི་དང་། ཧ་ས་དང་། དཎྜོཏྤ་ལ་དང་། ཤྭེ་ཏ་པར་ཛི་ཏ་སྟེ་སྨན་རྣམས་དང་། ནས་དང་གྲོ་དང་། ཏིལ་ དང་མ་ཤ་སྟེ། འབྲུ་ཐམས་ཅད་དང་། བྱུ་རུ