Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 100_གཟུངས་འདུས།_ཨེ

Văn bản gốc(Tây Tạng)

Trang 16 / 17 (50.000 ký tự/trang)
།བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་
དག་དང་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་ཥ་ཌ་ཀྵ་ར་བིདྱཱ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པའི་རིག་སྔགས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་
ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་གང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་
སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ། ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཏདྱ་ཐཱ། དནྟི་ལེ། ཀནྟི་ལེ། དཎྜི་མ་

ཏི། མ་དྷུ་མ་ཏི། མ་རཎྜེ། ཀོ་རཎྜེ། དྲཱ་བི་ཏི། ཀོ་ཤཱ་རི། ཚ་ཊ་ཛེ། དུ་དུ་མ་ཏི། ཀེ་ཏུ་མ་ཏི། ཙུ་དུནྡྷེ། ཀཽ་ཊ་དཱནྟེ། ཏ་ཧུ་ར་རེ། ཨེ་ན་ནི་གེ། ཧུ་ཏ་བ་ཧུ་ནི། ཀུན་དགའ་བོ་འདི་ནི་ཡི་གེ་དྲུག་པའི་རིག་སྔགས་ཏེ། ཀླད་པ་ན་བ་དང་། མིག་ན་བ་
དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྣ་ན་བ་དང་། ལྕེ་ན་བ་དང་། སྙིང་ན་བ་དང་། ལྟོ་ན་བ་དང་། རྒྱབ་ན་བ་དང་། རྩིབ་ལོགས་ན་བ་དང་། ཆུ་སོ་ན་བ་དང་། བྱིན་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་
དང་། ཟས་མ་ཞུ་བ་དང་། ལྦོས་པ་དང་། མངལ་དུ་ཐོགས་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་བ་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་
གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རིམས་ཡུད་ཙམ་པ་དང་། ཉིན་མོའི་རིམས་དང་། མཚན་མོའི་རིམས་ཀྱིས་བཏབ་པ་ལ་ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་
བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། ཆུས་གཏོར་བ་དང་། སྲད་བུས་བཅིང་བ་བྱས་པ་ལས་གང་ཞིག་འགལ་བར་བྱེད་ན། དེའི་མགོ་ཨརྫ་ཀའི་
དོག་པ་བཞིན་དུ་ཚལ་བ་བདུན་དུ་མི་འགས་པ་ནི། ཀུན་དགའ་བོ་ངས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་
འཇིག་རྟེན་ན་མ་མཐོང་ངོ་། །ཏདྱ་ཐཱ། ཨཎྜ་རེ། པཎྜ་རེ། ཀ་ར་ཏེ། ཀེ་ཡཱུ་རེ། བྷཱུ་ཏྃ་ག་མེ། བྷཱུ་ཏ་ག་ཧེ། བྷཱུ་ཏ་པྲ་ཀྵི་ཏེ། བྷཱུ་ཏ་ཡ་སྨ་ར་ཡ་ནི། པྲི་ཡཱ་བ་ཏི། ཏེ་ཛ་བ་ཏི། ཡ་ཤོ་བ་ཏི། གི་རཱི་ཎི་ནི། ཤ་རི་ཎི་ནི། བདག་འཇིགས་པ་ཐམས་ཅད་དང་གནོད་པ་

ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། གཱ་ཐཱ་དྭི་ཏཱི་ཡ་དྷཱ་ར་ནཱི། བོད་སྐད་དུ། ཚིགས་སུ་
བཅད་པ་གཉིས་པའི་གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང་། །ལེ་ལོ་དང་ནི་ཅུང་ཟད་ཆོག་པར་འཛིན། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་པ་དང་། །འགྱོད་པ་དང་ནི་མ་ངེས་སྤྱོད་པ་
རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་གྱུར་པ་སྟེ། །དེ་ཡི་གཉེན་པོར་ཐེག་པ་མཆོག་བསྟན་པ། །དེ་ཡིས་བར་དུ་གཅོད་པ་དེ་དག་གི། །ཉེས་པ་ཐམས་ཅད་རབ་ཏུ་སྤོང་བར་འགྱུར། །ཏདྱ་ཐཱ། ཨོཾ་བཛྲ་པྲ་ཀཱ་ར། བཛྲ་པྲ་ཀཱ་ར། བཛྲ་ཙཀྲ། དྃཥྚཱ་བྷ་
ཡ་ན་ཀེ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཙུ་ལུ་ཀེ། ཙུ་ལུ་ཙུ་ལུ་སརྦ་བུདྡྷེ་སྭཱ་ཧཱ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། །ཚིག་གམ་དོན་གྱི་སྒོ་ནས་གང་སྦྱོར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེས། །ཕན་ཡོན་རྣམ་པ་བཅུ་དག་ཐོབ་
པར་འགྱུར། །ཁམས་རྣམས་མཐའ་དག་རྟས་པར་འགྱུར་བ་དང་། །འཆི་བའི་ཚེ་ན་མཆོག་དགའ་དམ་པ་འཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང་། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་དང་། །
དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང་། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་འཐོབ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་རྫོགས་སོ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་རུ་ཙི་ར་ཨྃ་ག་ཡཥྛི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་བི་པུ་ལ་
བི་མ་ན་སུ་པྲ་ཏིཥྛི་ཏེ་ཨ་སྃ་ཁེ་ཡ། སཱུརྱ་ཤ་ཏ་ས་ཧ་སྲ་ཨ་ཏི་རེ་ཀ་ཏེ་ཛ། པྲ་བྷ་ཨ་བ་བྷ་སེ་ཏ་མཱུརྟ་ཡེ། མ་ཧཱ་མ་ཎི་མུ་ཀུ་ཊ་ཀུཎྜ་ལ། ཨ་ལྃ་ཀ་ར་དྷཱ་རི་ཎེ་བྷ་ག་བ་ཏེ་པདྨ་པཱ་ཎ་ཡེ། སརྦ་ལོ་ཀ་ཨ་པ་ཡ་ཤ་མ་ནཱ་ཡ། བི་བི་དྷ་ཁུ་ཁ་ས་མ་བཱ་ཤ་ཨ་བིཥྛ། སརྦ་
སཏྭ་པ་རི་མོ་ཙ་ཀཱ་ཡ། ཏདྱ་ཐཱ། ཨོྃ་བྷུ་ར་བྷུ་བ་སྭཱ་ཧཱ། མ་ཧཱ་ཨཱ་ལོ་ཀ་ཀ་རཎ་ཏ་མ་སྟི་མི་ར་པ་ཏ་ལ་བི་ནཱ་ཤ་ཀ། རཱ་ག་དྭེ་ཥ་མ་ཧཱ་མོ་ཧ་ཛྭ་ལ་ཤ་མ་ཀ། ཤ་ས་ཀ་རཀྵ་ཀ། སརྦ་ཨ་པཱ་ཡ་དུརྒ་ཏི་པྲ་ཤ་མ་ཀ། སརྦ་སཏྭ་ས་མཱ་ཤྭཱ་ས་ན་ཀ་ར། སརྦ་ཨཱ་ཤ་
པ་རི་པཱུ་ར་ཀ། སརྦ་ཏ་ཐཱ་ག་ཏ་སྃ་བྷ་ན་ཀ་ར། ཧེ་ཧེ་མ་ཧཱ་བོ་དྷི་སཏྭ། བ་ར་བ་ར་དཱ་ཡ་ཀ། པདྨ་ཨཱ་ལོ་ཀ་སྃ་བྷ་ཏ། མ་ཧཱ་ཀཱ་རུ་ཎི་ཀ། ཛ་ཊཱ་མུ་ཀུ་ཊ། ཨ་ལྃ་ཀྲྀ་ཏ་ཤི་རཱ། མ་ཎི་ཀ་ན་ཀ་རཱ་ཛ། ཤ་ཏ་བཛྲ་བཻཌཱུརྱ་ཨ་ལྃ་ཀྲྀ་ཏ་ཤ་རཱི་ར། ཨ་མི་ཏཱ་བྷ་ཛི་ན་ཀ་མ་ལ་
ཨ་ལྃ་ཀྲྀ་ཏ། པྲ་བྷ་ར་ཎ་རཱ་ཛ་ན་ཤ་ཏ་ས་ཧ་སྲ་ཨ་བྷི་ལ་ཥི་ཏ་ཀཱ་ཡ། མ་ཧཱ་བོ་དྷི་ས་ཏྭ་བར་བི་དྷ་མ་བི་དྷ་མ། བི་ནཱ་ཤ་ཡ། བི་ནཱ་ཤ་ཡ། མ་ཧཱ་ཡཱྃ་ཏྲ་ཀླེ་ཤ་ཀ་བ་ཊཱ་ཨ་བ་བདྡྷ་བི་བོ་དྷི་སཏྭ་སཾ་ས་ར་ཙ་ར་ཀ་པྲ་མ་ཐཱ་ན། པུ་རུ་ཥ་པདྨ། པུ་རུ་ཥ་ནཱ་ག། པུ་རུ་ཥ་སཱ་ག་
ར། པུ་རུ་ཥ་སིཾ་ཧ། བི་ཧ། བི་ར་བི་ར་ཛ། སུ་དཱནྟ་པ་རི་བྲི་ཏ། དྷ་མ་དྷ་མ། ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤཱ་ས་ཡཱ། པྲ་ཤཱ་ས་ཡཱ། པྲ་དྷྭ་ན་སཱ་ཡ། པྲ་དྷྭན་སཱ་ཡ། གྷི་རི་གྷི་རི། དྷི་རི་དྷི་རི། བི་དྷི་རི་བི་དྷི་རི། བི་རི་བི་རི། བི་བི་རི།
བི་བི་རི། ཙི་རི་ཙི་རི། སི་རི་སི་རི། སུ་རུ་སུ་རུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། དྷུ་ན་དྷུ་ན། བི་དྷུ་ན། བི་དྷུ་ན། དྷུ་རུ་དྷུ་རུ། གྷ་ཡ་གྷ་ཡ། གྷཱ་དྷ་ཡ་གྷཱ་དྷ་ཡ། ཧ་ས་ཧ་ས། པྲ་ཧ་ས་པྲ་ཧ་ས། ནཱ་ནཱ་བི་བི་དྷ་ཀླེ་ཤ་བཱ་ས་ནཱ། ཧ་ར་ཧ་ར།

སྃ་ཉ་ར་སྃ་ཧ་ར། དྷུ་རུ་ཊི། དྷུ་རུ་ཊི། མ་ཧཱ་མཎྜ་ཨ་ལཾ་ཀ་ར་ཎ། ཤ་ཏ་པྲ་སེ་ཀ། ཨ་བ་བཱ་སི་ཏ་མ་ཧཱ་བི་ཥ་ཤ་མ་ཀ། མ་ཧཱ་བོ་དྷི་སཏྭ་བ་ར་ད་སྭཱ་ཧཱ། བཅོམ་ལྡན་འདས་ལག་ན་པདྨའི་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས། བྱང་
ཆུབ་སེམས་དཔའི་ཁང་བཟངས་དམ་པ། རྡོ་རྗེ་ཆེན་པོས་བགེགས་པར་གསུངས་པ། ལྷ་དང་། ཀླུ་དང་། སྦྱིན་བྱེད་མའི་བུ་དང་། མིའམ་ཅི་དང་ལྷ་མ་ཡིན་ཆེན་པོས་བསྟོད་པ། རེ་བ་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པ་འདི་སྒྲིབ་པ་ཆེན་པོ་མང་པོས་
བསྒྲིབས་པ་གང་ལ་ལ་ཞིག་ཉན་ཏམ། འཆང་ངམ། འདོན་ཏམ། ཀློག་གམ། མཐོང་ནས་ལེགས་པར་རྟོགས་པར་བྱེད་ན། དེའི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །ནང་པར་ལངས་ནས་ལན་ཅིག་འདོན་ན་ལག་
ན་པདྨ་ཕྱི་བཞིན་འབྲང་བར་འགྱུར་རོ། །ཡིད་ལ་གང་དག་འདོད་པའི་དགོས་པ་བསམས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །གཅིག་པུ་རབ་ཏུ་དབེན་པར་འདུག་སྟེ། སངས་རྒྱས་ཡིད་ལ་བྱ་བ་མངོན་དུ་དམིགས་ནས། བཅོམ་ལྡན་འདས་ལག་ན་པདྨ་རྗེས་
སུ་དྲན་པར་བྱས་ལ། ལན་བདུན་བརྗོད་ན་དམ་པ་ཅི་འདོད་པ་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ། །དེའི་ངན་འགྲོ་ཐམས་ཅད་འགག་པར་འགྱུར་རོ། །ཡུད་ཙམ་ཞིག་འཆག་ཅིང་འདུག་ལ་ཡིད་ལ་བརྗོད་ན་བསྐལ་པ་བྱེ་བ་
འབུམ་ཕྲག་དུ་མར་བསགས་པའི་ལས་བྱང་བར་འགྱུར་རོ། །འཁོར་ལོས་སྒྱུར་བ་སྟོང་གིས་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཚེ་རབས་ཚེ་རབས་སུ་ཡང་པདྨའི་རིགས་ཆེན་པོར་སྐྱེ་བར་འགྱུར་རོ། །སྐྱེ་བོ་ཁྱད་དུ་འཕགས་པས་
བཀུར་བར་འགྱུར་རོ། །མེ་ཏོག་དྲི་ཞིམ་པོས་སྙིམ་པ་བཀང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལན་བདུན་བརྗོད་ན་ཡོན་ཏན་ཆེན་པོ་སྟོང་ཐོབ་པར་འགྱུར་རོ། །སྙིང་རྗེ་ཆེན་པོའི་ཆོས་ཉིད་སྣང་བ་ཡང་དེ་ལ་སྐྱེ་བར་འགྱུར། དམ་པ་ཆེན་པོ་དང་

ལྡན་པར་འགྱུར་རོ། །དེ་ཉིད་ཀྱི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས་ན། བཅོམ་ལྡན་འདས་ཞལ་རྟག་ཏུ་བཞད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་ཞིང་། ཆོས་སྣང་བའི་གསལ་བ་དང་པོ་དྲི་མ་མེད་པར་བྱེད་པ་ཞེས་བྱ་བ་འཐོབ་
པར་འགྱུར་རོ། །ཚེ་འདི་ཉིད་ལ་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་འགྱུར་རོ། །སེམས་མཉམ་པར་བཞག་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་དུ་ལས་ཀྱི་སྒྲིབ་པ་ཐམས་
ཅད་ཟད་པར་བྱེད་པར་འདོད་ན། ཚེས་བཅྭ་ལྔའི་ཟླ་བ་ཉ་བ་ལ་སྨྱུང་བ་བྱས་ལ་གོས་དཀར་པོ་བགོས་ཏེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་སྤྱན་སྔར་ཙནྡན་དཀར་པོས་དཀྱིལ་འཁོར་བསྐུས་ལ། དཀྱིལ་འཁོར་དེ་དང་བཅོམ་
ལྡན་འདས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ། བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་ཞིམ་པོའི་བདུག་པ་དང་། མར་མེ་དང་། སྤོས་ཀྱི་བསྟི་སྟང་བྱས་ཏེ་དེ་ཉིད་དུ་འདུག་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ན། དེས་
སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །མཚམས་མེད་པ་བྱེད་པ་ཡང་སྡིག་པ་བྱང་ཞིང་། ཤིན་ཏུ་ཡོངས་སུ་དག་པའི་སེམས་ཀྱི་རྒྱུད་དང་ལྡན་པ་དང་། ཤིན་ཏུ་ཡོངས་སུ་དག་པའི་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་དང་ལྡན་པར་འགྱུར་རོ། །
དེ་བཞིན་གཤེགས་པ་རྣམས་ཀྱིས་རྟག་པར་རྒྱུན་དུ་ཏིང་ངེ་འཛིན་གྱི་སྟོབས་དང་། དབང་བསྐུར་བའི་སྟོབས་དང་། ས་དང་ཕ་རོལ་དུ་ཕྱིན་པའི་སྟོབས་དང་། ཡེ་ཤེས་ཁྱད་པར་ཅན་གྱི་སྟོབས་སྒྲུབ་པར་མཛད་དོ། །གནམ་ལ་གྱེན་དུ་བལྟས་ཏེ་བཟླས་བརྗོད་བྱས་
ན་ཆར་འབབ་བོ། །ས་ལ་བལྟས་ཏེ་བཟླས་བརྗོད་བྱས་ན་ལོ་ཏོག་ཐམས་ཅད་ལེགས་པར་འགྱུར་རོ། །འབབ་ཆུ་དང་། མཚེའུ་དང་། རྫིང་བུའི་ཤུལ་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆུ་འབྱུང་བར་འགྱུར་རོ། །ནད་ཐམས་ཅད་ལ་ལག་པས་བྱབ་ཅིང་བཟླས་བརྗོད་བྱས་

ན་སོས་པར་འགྱུར་རོ། །དྲན་པ་ཉམས་པའི་མདུན་དུ་བཟླས་བརྗོད་བྱས་ན་དྲན་པ་རྙེད་པར་འགྱུར་རོ། །བཀྲེས་པ་དང་སྐོམ་པའི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཕྱིད་པར་འགྱུར་རོ། །མི་ངས་ཆེན་པོ་བྱུང་ན་རས་ལ་བྲིས་ཏེ་
རྒྱལ་མཚན་གྱི་རྩེ་མོར་བཏགས་ན་དཔག་ཚད་ཚུན་ཆད་མཚམས་གཅད་པ་དང་བསྲུང་བ་བྱས་པར་འགྱུར་རོ། །འཕགས་པ་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་
གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། བོ་དྷི་གརྦྷཱ་ལངྐཱ་ར་ལཀྵ་དྷཱ་ར་ཎཱི། བོད་སྐད་དུ། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་གྱི་གཟུངས།
སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོྃ་ན་མོ་བྷ་ག་བ་ཏེ། བི་པུ་ལ་བ་ད་ན་ཀཱཉྩ་ནོད་ཀྵིཔྟ། པྲ་བྷཱ་ས་ཀེ་ཏུ་མུརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ།
ཨཪྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏ་དྱཐཱ། བོ་དྷི་བོ་དྷི། བོ་དྷ་ནི་བོ་དྷ་ནི། སརྦ་ཏ་ཐཱ་ག་ཏ་གོ་ཙ་རེ། དྷ་ར་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏྟ་དྷཱ་རེ། ཙུ་ལུ་ཙུ་ལུ། ཤ་ཏ་ར་སྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་བྷི་ཥིཀྟེ། གུ་ཎེ་གུ་ཎ་བ་ཏེ།
སརྦ་བུདྡྷ་ཎཱ་བ་བྷ་སེ། མི་ལི་མི་ལི། ག་ག་ན་ཏ་ལེ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྠི་ཏེ། ན་བྷ་སྟ་ལེ། ཤ་མེ་ཤ་མེ། པྲ་ཤ་མེ་པྲ་ཤ་མེ། སརྦ་པཱ་པྃ་པྲ་ཤ་མ་ནེ། སརྦ་པཱ་པྃ་བི་ཤྭ་དྷ་ནེ། ཧུ་ལུ་ཧུ་ལུ། མ་ཧཱ་བོ་དྷི་མཱརྒ་སཾ་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏཱ་སུ་པྲ་ཏིཥྛི་ཏེ་ཤུདྡྷེ་
སྭཱ་ཧཱ། མཱུ་ལ་མནྟྲཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྱ་བ་ལོ་ཀི་ཏེ། ཛ་ཡ་ཛ་ཡ་སྭཱ་ཧཱ། ཧྲྀ་ད་ཡྃ། ཨོྃ་ཧུ་རུ་ཧུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ། ཨུ་པ་ཧྲྀ་ད་ཡྃ། ཨོྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་

ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གཟུངས་འདི་བྲིས་ཏེ། མཆོད་རྟེན་བྱས་ལ་མཆོད་རྟེན་དེའི་ནང་དུ་གཟུངས་འདི་བཅུག་ན། དེས་མཆོད་རྟེན་གཅིག་བྱས་ན་འབུམ་བྱས་པར་འགྱུར་རོ། །ལྷ་རྫས་ཀྱི་མེ་ཏོག་དང་། དྲི་དང་། ཕྲེང་
བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ཀྱང་མཆོད་པར་འགྱུར་ཏེ། མཆོད་རྟེན་འབའ་ཞིག་མཆོད་པ་མ་ཡིན་གྱི། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་
མཆོག་དང་། དགེ་འདུན་དཀོན་མཆོག་རྣམས་ལ་ཡང་མཆོད་པའི་ཡོ་བྱད་དེ་དག་གིས་མཆོད་པར་འགྱུར་རོ། །དགའ་བོ་ངས་མདོ་འདི་བཤད་པ་ནི་བསོད་ནམས་ཞན་པ་དང་། མ་དད་པ་དང་། ལྟ་བ་ལོག་པ་དང་། ཐེ་ཚོམ་ཟ་བ་དང་། མཚམས་མེད་
པ་བྱེད་པ་དང་། ཚེ་ཐུང་བ་དང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། གཤིན་རྗེའི་འཇིག་རྟེན་དང་། མཚམས་མེད་པར་འགྲོ་བའི་སེམས་ཅན་དེ་ལྟ་བུ་དག་གི་ཕྱིར་གཟུངས་འདི་བཤད་དོ། །དགའ་བོ་ཕྱི་མའི་དུས་ཕྱི་མའི་ཚེ་ཁྱིམ་ན་གནས་
པ་དང་། དགེ་སློང་ལས་ཕལ་ཆེར་གཟུངས་འདི་མི་ཀློག་པ་དང་། མཆོད་པར་མི་བྱེད་པ་རྣམས་ཇི་ལྟར་ཁྱིམ་པ་རྣམས་སྡུག་བསྔལ་བར་བཤད་པ་དེ་བཞིན་དུ་རབ་ཏུ་བྱུང་བ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་རོ། །དེ་སྟེ་དེ་བཞིན་དུ་སངས་རྒྱས་མཆོད་ཅིང་
འདི་ལ་ཉན་པས་མཆོད་རྟེན་གཅིག་བྱས་ན་ཆོས་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱང་མཆོད་པར་འགྱུར་རོ། །གཞན་ཡང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་འགྱུར་རོ། །སྡོང་པོས་བརྒྱན་པ་བཀླགས་ཤིང་ཁ་ཏོན་དུ་བྱས་པར་འགྱུར་རོ། །འཇིག་
རྟེན་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཡང་ཞུགས་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་ལས་བཏུས་པ་འབུམ་གྱི་གཟུངས་རྫོགས་སྷོ།། །།

༄༅། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ལ་མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་སྔགས་དང་། ཆོ་ག་
ནི་འཇིམ་པ་ལ་སོགས་པ་ཡོ་བྱད་ཐམས་ཅད་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །ཨོྃ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུ་ཀྵ་མེ་སཱུ་ཀྵ་མེ་ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ་ཨ་ས་མཱ་
རོ་པེ་ཨ་ནཱ་ལཾ་པེ་ཏ་ར་ལ་བེ། ཡ་ཤྭ་བ་ཏི། མ་ཧཱ་ཏེ་ཛོ་ནི་རཱ་ཀུ་ལེ་ནི་ར་བཱ་ཎེ། སརྦ་བུདྡྷ་ཨདྷིཥྛཱ་ན། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཙཻ་ཏྱ་འདེབས་པའི་འཇིམ་པའམ། སྔགས་བྲི་བའི་ཚེ་ལན་བདུན་དུ་གདབ་པའི་སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོྃ་བཛྲ་ཨཱ་ཡུ་ཥེ་
སྭཱ་ཧཱ། འབི་འབིའི་སྔགས་ལ། ཨོཾ་བཛྲོད་བྷ་བ་ཡ་སྭཱ་ཧཱ། ཙཻ་ཏྱ་ཕོར་བུའི་ནང་དང་། ས་ཚའི་ནང་དུ་ཕྱེ་མ་གདབ་པའམ། འབྲུ་མར་བྱུག་པའི་སྔགས་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཕྱག་རྒྱའམ། སྔགས་གཞུག་པའི་སྔགས་ལ། ཨོྃ་དྷརྨ་དྷཱ་
ཏུ་གརྦྷེ་སྭཱ་ཧཱ། ཙཻ་ཏྱ་ཕོར་བུར་འབི་འབི་གཞུག་པའི་སྔགས་ལ། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཐོ་བས་རྡེག་ཅིང་གདབ་པའི་སྔགས་ལ། ཨོྃ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཙཻ་ཏྱ་ཕོར་བུ་ནས་ཕྱིར་དབྱུང་བའི་སྔགས་ལ། ཨོྃ་དྷརྨ་ར་ཏེ་སྭཱ་ཧཱ། འཁོར་
ལོ་དང་། དབུ་ཞུ་གསོལ་བའི་སྔ་གསལ། ཨོཾ་བྷྲ་མ་ཎ་ཡེ་སྭཱ་ཧཱ། ཙཻ་ཏྱའི་དཀྱིལ་འཁོར་ལ་བཞུགས་པའི་སྔགས་ལ། ཨོཾ་སུ་པྲ་ཏིཥྛ་ཏ་བཛྲ་སྭཱ་ཧཱ། ཆོ་ག་དེ་ལྟར་བྱས་ན་ཙཻ་ཏྱ་བཏབ་པས་བྱེ་བ་བཏབ་པར་འགྱུར་རོ། །ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །
དཀྱིལ་འཁོར་བྱས་པའི་ལག་པ་འཇིམ་པ་ཅན་གྱིས་གང་ན་བར་བསྐུས་ན་ནད་མཛེའི་རྣམ་པ་བཅྭ་བརྒྱད་ལ་སོགས་པ་ཐམས་ཅད་མ་ལུས་པར་ཞི་བར་འགྱུར་རོ། །མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་གཟུངས་རྫོགས་སྷོ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་ཙཱུ་ཌ་མ་ཎི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་
འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་ཡས་པ་མ་ལུས་པར་ཁྱབ་པ་མཆོག་ཏུ་རྨད་དུ་བྱུང་ཞིང་རྣམ་པར་དག་པའི་ཐུགས་མངའ་བ་རྣམས་ལ་ཕྱག་
འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ། མི་འཇིགས་པ་སྦྱིན་པ། ཕོངས་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་མཛད་པ། འཇིགས་པ་ཐམས་
ཅད་ལས་རྣམ་པར་ཐར་པར་མཛད་པ། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་འཇིག་པར་མཛད་པ། མི་མཐུན་པ་དང་། རྩོད་པ་དང་། འཐབ་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། སྡིག་པ་ཐམས་ཅད་འཇོམས་
པར་མཛད་པ། འབྱུང་པོ་དང་། རོ་ལངས་དང་། གཤིས་ངན་དུ་འཆི་བ་དང་། རྨི་ལམ་ངན་པ་དང་། བགེགས་ཀྱི་ལོག་འདྲེན་ཐམས་ཅད་འཇིག་པར་མཛད་པ། ཕ་རོལ་གྱི་དམག་ཚོགས་དང་། མུ་གེ་དང་། མྱ་ངན་གྱི་འཇིགས་པ་
ཐམས་ཅད་ཟློག་པར་མཛད་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་འདུན་པར་མཛད་པ། དུག་དང་། འབྲུམ་ཕྲན་
དང་། ཐོར་བུ་དང་། གཤེད་བྱེད་དང་། བྱད་དང་། རོ་ལངས་དང་། བཀྲ་མི་ཤིས་པའི་འཇིགས་པ་ཐམས་ཅད་འཇིག་པར་མཛད་པ་ལ་ཕྱག་འཚལ་ལོ། །གཤེད་བྱེད་ཐམས་ཅད་སེལ་བར་བྱེད། །སྡིག་པ་ཐམས་ཅད་འཕྲོག་པ་ཉིད། །ནོར་དང་

འབྲུ་རྣམས་འཕེལ་མཛད་པ། །བདག་གི་བུ་དང་ཚ་བོ་དང་། །གཡོག་འཁོར་རྟག་ཏུ་མང་གྱུར་པ། །ཕྱིར་ཟློག་པ་འདི་བརྗོད་པར་བྱ། །ལྷ་དང་ལྷ་མིན་གཡུལ་བཀྱེ་སྟེ། །བརྒྱ་བྱིན་ལྷ་མིན་རྣམས་ལས་ཕམ། །དེ་ནས་རིངས་པ་ཁོ་ནར་
ནི། །འཇིག་རྟེན་དབང་གི་དྲུང་འོངས་ཏེ། །དེ་ནས་སྙིང་ནི་རབ་སྐྲག་པས། །འདི་སྐད་ཀྱི་ནི་ཚིག་གསོལ་ཏོ། །ལྷ་མིན་བདག་ཕམ་འཇིག་རྟེན་དབང་། །ཇི་ལྟར་བདག་གིས་ནན་ཏན་བགྱི། །འཇིག་རྟེན་དབང་པོ་བདག་ལ་ནི། །ལྷ་ཡི་གཟིགས་པས་རྟག་ཏུ་
གཟིགས། །བརྒྱ་བྱིན་གྱི་ནི་ཚིག་གསན་ནས། །དབང་ཕྱུག་གིས་ནི་འདི་སྐད་གསུངས། །ལྷ་ཡི་དབང་པོ་ང་ལ་ཉོན། །ཁྱོད་ལ་ངས་ནི་སྲུང་བ་སྦྱིན། །ལྷའི་དབང་པོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་འཇིག་རྟེན་གྱིས་རྣམ་པར་བལྟས་པ་ཞེས་
བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དབང་ཕྱུག་འོད་ལས་ངས་གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་ཟློག་པ་དེ་བཞིན་གཤེགས་པ་བྱེ་བས་གསུངས་པ་བཟུང་ངོ་། །མཁས་པ་གང་གིས་རིག་སྔགས་འདི། །
བྲིས་ནས་སྤྱི་བོར་འདོགས་པའམ། །འདོན་ཏམ་འོན་ཏེ་ཀློག་ན་ཡང་། །དེ་ཡི་འཇིགས་པ་ཀུན་མེད་དེ། །རྟག་ཏུ་བསྲུང་ཞིང་སྦ་བ་དང་། །གཡུལ་འགྱེད་པ་ན་རྒྱལ་བར་བྱེད། །སྡིག་དང་རྨི་ངན་ཞི་བ་དང་། །བསོད་ནམས་བཀྲ་ཤིས་རབ་ཏུ་འཕེལ། །
ལྷ་ཡི་དབང་པོ་དེ་བས་ན། །གང་ཞིག་རྒྱལ་བར་འགྱུར་འདོད་པས། །བྲིས་ཏེ་སྤྱི་བོར་གདགས་པར་བྱ། །ཡིད་ལ་རྟག་ཏུ་དྲན་པར་གྱིས། །གཡུལ་འགྱེད་འབའ་ཞིག་མ་ཡིན་ཏེ། །འདི་ནི་རྟག་ཏུ་སྡིག་པ་འཕྲོག །བུད་མེད་རྣམས་ལ་བུ་ཕོ་སྐྱེད། །མངལ་
ན་གནས་པ་ཡོངས་སུ་སྐྱོང་། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། །སྡིག་པ་ཐམས་ཅད་རབ་ཏུ་འཇིག །འདི་མེད་ཕྱིར་ཟློག་བྱེད་ཅེས་བྱ། །ཡན་ལག་རྣམས་ལ་ཕྱིར་འབབ་བྱེད། །ལྷའི་དབང་པོ་ཕྱིར་ཟློག་པ་ཞེས་བྱ་བ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་

སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། ལྷ་མ་ཡིན་རྣམས་ཕམ་པར་བྱེད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཟུང་ཤིག །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་
དག་པར་རྫོགས་པའི་སངས་རྒྱས་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དག་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་ཛ་ཡ་ཀ་རི། ཡུདྡྷོཏྟ་ར་ཎི་བི་ཙི་ཏྲ་མུ་ཁི། སརྦ་མངྒ་ལ་དྷཱ་ར་ཎི། ཛཱི་མཱུ་ཏེ། ས་ཧ་སྲ་བྷུ་ཛེ།
ས་ཧ་སྲ་ནེ་ཏྲེ། ས་ཧ་སྲ་ཤི་ར་སེ། ནཱ་ནཱ་ལང་ཀཱ་རཱ། བྷི་བྷཱུ་ཥི་ཏེ། མ་ཎི་ཀུཎྜ་ལ་སཾ་ནཱ་ཧ་སནྣ་དྷེ་བི་ཙི་ཏྲ་མཽ་ལི་དྷ་རེ། ཙནྡ་སཱུརྱ་ཨ་ཏི་རེ་ཀེ། ཨཱ་ཀཱ་ཤ་ག་ག་ན་ཙ་རི་ཎེ། མངྒ་ལ་ཤི་རེ་ཛཱི་མཱུ་ཏེ། པ་བཱི་ཏྲ་ཀྲྀ་ཏ་མངྒ་ལྱེ། བྷཱུ་རི་མ་དྷྲི་ཀ་ར་ཎེ། ཙུ་རུ་ཙུ་རུ།
ཤྭེ་ཏེ་པ་སྟེ། མུ་རུ་མུ་རུ་ཤྭེ་ཏེ། ཨ་བ་ནཏྟེ། ཧུ་རུ་ཧུ་རུ། པ་བི་ཏྲ་མུ་ཁི། ཀུ་རུ་ཀུ་རུ། ཙནྡྲ་མུ་ཁི། ཨཱ་དི་ཏྱ་པ་ཤ་བརྟི་ནི། ཛམྦྷ་ཎི། མངྒ་ལ་དྷཱ་ར་ཎི། སྟམྦྷ་ནི། སརྦ་བིདྱཱ་དྷརྨ་ཏེ། མོ་ཧ་ནེ། ཨ་མོ་གྷ་པཱ་ཤ་ཧ་སྟེ། སརྦ་བྷ་ཡ་བི་མོ་ཙ་ནི། རཱ་
ཛ་ཙཽ་ར་ཨགྣི་པི་ཥ་ཨུ་ད་ཀ་བྷ་ཡ་པྲ་ཤ་མ་ནི། ཀ་ཁོ་རྡ་ནི་བཱ་ར་ཎི། ཨོྃ་ཧི་རི་ཧི་རི། ཛ་ཡ་ཀ་རི། བ་ལ་ཀ་རི། དྷ་ན་ཀ་རི། ཏེ་ཛ་སྐ་རི། བི་བཱ་ད་པྲ་ཤ་མ་ནི། ཡུདྡྷ་ནི། བཱ་ར་ཎི། པ་ར་ཙཀྲ་པྲ་ཤ་མ་ནི། པ་ར་སཻ་ནྱ་བི་ནཱ་ཤ་ནི། ཡུདྡྷོཏྟ་ར་ཎི། བྲ་བྷཱུ་ཏ་བེ་
ལ། མ་ཎི་མ་ཎི། མ་ཧཱ་མ་ཎི། མ་ཧཱ་མ་ཎི། མ་ཎཱི་ན་དྷ་རི། ཏྲི་ལོ་ཀ་ཨཱ་ལོ་ཀ་ཀ་རི། ཏྲི་པུ་ར་ན་ག་ར། བི་དྷནྶ་ནི། བ་ར་སཻ་ནྱ་བི་དྲ་བ་ནི། སརྦ་ཀྲྀ་ཏྱ་ཀརྨ་ཎི་སཱུ་ད་ནི། སརྦ་བྱ་དྷཱི་ནཱཾ་པྲ་ཤ་མ་ནི། ཨོྃ་ཙི་ལི་མི་ལེ་སྭཱ་ཧཱ། ཙི་ལེ་མི་ལེ་སྭཱ་ཧཱ། མི་
ལི་མི་ལི་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། ཙ་ཁི་ལི་ཙ་ཁི་ལི་སྭཱ་ཧཱ། ཙཎྜ་ལི་མི་ཊི་ནི་སྭཱ་ཧཱ། ཨཱུ་ར་དྷ་ཀེ་ཤི་པིངྒ་ལེ། པིངྒ་ལཱ་ཀྵེ་ད་དྷི་མུ་ཁི་སྭཱ་ཧཱ། ཨོྃ་ཀ་ར་ཀ་ར། ཙ་ར་ཙ་ར། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མུཉྩ་མུཉྩ། མུཉྩཱ་པ་ཡ། མུཉྩཱ་པ་ཡ།

པྲ་ཤ་མ་ཡ། པྲ་ཤ་མ་ཡ། ཡུདྡྷོཏྟ་རི་ཎ་ཕཊ། ཙིཏྟ་ནི་ར་མ་ལ་ཀ་རི་ཕཊ། ཨ་སུ་ར་ནིརྒྷ་ཏ་ནི་ཕཊ། ཛ་ཡ་ཀ་རི་ཕཊ། པྲི་ཏི་ཀ་ར་ཕཊ། ས་ཧ་སྲ་ཤི་ར་སེ་ཕཊ། ས་ཧ་སྲ་བྷུ་ཛེ་ཕཊ། ས་ཧ་སྲ་ནེ་ཏྲེ་ཕཊ། སརྦ་བིདྱཱ་དྷ་ར་དྷ་ར་ན་མ་སྐྲྀ་
ཏེ་ཕཊ། སརྦ་ཤ་ཏྲཱུྃ་ནཱ་ཤ་ནི་ཕཊ། སརྦ་བྷ་ཡ་བི་མོ་ཀྵ་ཎི་ཕཊ། པ་ར་ཙཀྲ་ནི་བ་ར་ཎི་ཕཊ། པ་ར་སཻནྱ་བི་དྲ་པ་ཎི་ཕཊ། སརྦ་ཀྲྀ་ཏྱ། ཀརྨ་སཱུ་ད་ནི་ཕཊ། སརྦ་བྱཱ་དྷི་པྲ་ཤ་མ་ནི་ཕཊ། སརྦ་གྲ་ཧོཏྶཱ་ད་ནི་ཕཊ། རཀྵ་རཀྵ་མཱྃ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མནྟ་བི་
ཏྲཱ་ཎཱྃ། སོ་བསྟ་ཡ་ཀཱ་ནཱྃ། ས་པ་རི་བཱ་རཱ་ཎཱྃ། ཏེ་ཛ་སྃ་མ་མ་ཤ་རཱི་རཾ། སརྦ་བྷ་ཡོ་བ་དྲ་བེ་བྷྱཿ། སརྦ་ཡུདྷེ་བྷྱ། སརྦ་གྲ་ཧེ་བྷྱཿ། སརྦ་བྱཱ་དྷིབྷྱཿ། སརྦ་དུ་སྐྲྀ་ཏེ་བྷྱཿ། སརྦ་ཀྲྀ་ཏྱ་ཀ་ཁོ་རྡེ་བྷྱཿ། སརྦ་བི་ཥེ་བྷྱཿ། སརྦ་ཀཱ་ཡ་བཱ་ག་ཙིཏྟ་བི་རཱ་དྷེ་བྷྱ་ཤྩ། རཀྵ་
རཀྵ་མཱྃ་སྭཱ་ཧཱ། གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་ཟློག་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཐམས་ཅད་དུ་ཞི་བར་བྱེད་པ། བསོད་ནམས་ཐམས་ཅད་སོགས་པར་བྱེད་པ། སངས་རྒྱས་དང་། བྱང་ཆུབ་
སེམས་དཔའ་ཐམས་ཅད་ཡང་དག་པར་སྟོན་པར་བྱེད་པ། རྣམ་པ་ཐམས་ཅད་དུ་དཔལ་དུ་བྱེད་པ་སྟེ། ཡི་གེར་བྲིས་པ་དང་། སྟོན་པ་དང་། བཀླགས་པ་དང་། བཟུང་བས་བདག་དང་གཞན་སྲུང་བའོ། །དེ་བཞིན་དུ་ཁྲུས་བྱ་བ་དང་། སྦྱིན་སྲེག་
གིས་ཡམས་ཀྱི་ནད་དང་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་
ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་གཟུངས། སངས་རྒྱས་

དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་
མ་ཡིན་རྣམས་ལས་ཕམ། རབ་ཏུ་ཕམ་ནས་དེ་རྟབ་ཅིང་རིངས་པའི་གཟུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་བདག་འདི་ལྟར་ལྷ་མ་ཡིན་དང་གཡུལ་བཀྱེ་བ་ལས། ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ལས་ཕམ། རབ་ཏུ་ཕམ་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཕམ། རབ་ཏུ་ཕམ་ན་བཅོམ་ལྡན་འདས་བདག་ཅག་གིས་དེ་ལ་ཇི་ལྟར་བསྒྲུབ་པར་
བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཁྱོད་ཀྱིས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་ཟུང་ཤིག །ངས་ཀྱང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་
ལས་འདི་མནོས་སོ། །མནོས་ནས་ཀྱང་གཞན་ལ་རྒྱ་ཆེར་ཡང་དག་པར་བཤད་དོ། །མངོན་པར་དྲན་ཏེ་དེ་ཚུན་ཆད་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པའམ། ཐ་ན་སྐད་ཅིག་ཡུད་ཙམ་ཡང་ལུས་ལ་གནོད་པ་བྱུང་མ་མྱོང་ངོ་། །བཅོམ་
ལྡན་འདས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བགྱི་བ་གཞན་གྱིས་མི་ཐུབ་པའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏདྱ་ཐཱ། ཨོཾ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་བཱ་ཧི་ནི། ཤང་ཀ་རི་ཤང་ཀ་རི། པྲ་བྷཾ་ཀ་རི།
བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་ཤཏྲཱུྃ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏེ། ཛ་ཡ་བཱ་ཧི་ནི། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། གྲ་ས་གྲ་ས། ཧ་ས་ཧ་ས། ཧཱུྃ་ཧཱུྃ། ལ་ཧཱུྃ་ལ་ཧཱུྃ། ལ་མྦོ་ད་རི། ཏྲི་ནེ་ཏྲེ།

ཙ་ཏུ་ར་བཱཀྟྲེ། ཙ་ཏུ་ད་དཾཥྚེ། ཙ་ཏུར་བྷུ་ཛེ། ཨ་སི་མུ་ས་ལ། ཙཀྲ་ཏྲི་ཤཱུ་ལ། བཛྲ་ཀ་བ་ཙ་དྷཱ་ར་ཎི། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཨོྃ་བྷ་ག་བ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་
ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཧཱུྃ་ཧཱུྃ། ཕཊ་ཕཊ། བྷཉྫ་བྷཉྫ། པ་ར་སཻ་ནྱྃ་བི་དྷཱནྶ་ཡ། སརྦ་ཤ་ཏྲཱུྃ་ནཱ་ཤ་ཡ། དྷྭ་ཛ་ཨ་གྲ་ཀེ་ཡཱུ་རེ། ཏྲི་ཊ་ཏྲི་ཊ་ཏྲི་ཊ། བྷྲི་ཊ་བྷྲི་ཊ། ཨུ་ལྐཱ་མུ་ཁི། ཨུ་ལྐཱ་དྷཱ་ར་ཎཱི། ཏྲཻ་ལོ་ཀྱ་མ་ཐཱ་ནི།
བི་དྷྭནྶ་ཡ་པ་ར་སཻ་ནྱ་ན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀྃ་པ་ཀྃ་པ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྩ་མུཉྩ། ཨཊྚ་ཧཱ་སཾ། བི་དྷྭནྶ་ཡ་པ་ར་སཻ་ནྱན། བདག་
གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲཱ་མ་ཡ་བྷྲཱ་མ་ཡ། བུདྡྷ་ས་ཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན། ས་ཏྱ་བཱ་དི་ནཱྃ། ས་ཏྱེ་ན། བུདྡྷ་ས་ཏྱེ་མཱ་ཏི་ཀྲ་མ། དྷརྨ་ས་ཏྱེ་མཱ་ཏི་ཀྲ་མ། སཾ་གྷ་ས་ཏྱེ་མཱ་ཏི་ཀྲ་མ། སཏྱ་བཱ་
དི་ནཱྃ། སཏྱ་མཱ་ཏི་ཀྲ་མ། ལམྦོ་ད་རི། ལམྦོ་ད་རི། ཀུ་ཊ་ཀུ་ཊ། ཀུཊྚ་ཀུཊྚ་ཀུཊྚ། ཀུཊྚཱ་བ་ཡ་ཀུཊྚཱ་པ་ཡ། རུ་དྲ་མ་ནཱ་ཡ། བིཥྞུ་མ་ནཱ་ཡ། ཙནྡྲ་སཱུརྱ་པྲཧྨ་མ་ནཱ་ཡ། ཏྲཻ་ལོ་ཀྱ་ཨ་དྷི་པ་ཏི་མ་ནཱ་ཡ། སརྦ་དེ་བ་ཨ་དྷི་པ་ཏི་མ་ནཱ་ཡ། སརྦ་ཡཀྵ་
རཱཀྵ་ས། ག་ན་དྷརྦ། ཀུྃ་བྷཎྜ། མ་ཧོ་ར་ག་ཨ་དྷི་པ་ཏི་མ་ནཱ་ཡ། བི་དྷྭནྶ་ཡ་པ་ར་སཻ་ནྱྃ། རཾ་ག་རཾ་ག། རཾ་གཱ་པ་ཡ་རཾ་གཱ་པ་ཡ། ཛྭཱ་ལ་ཛྭཱ་ལ། པུཥྤ་མཱ་ལི་ནི། རུནྡྷ་རུནྡྷ། རི་ཏི་རི་ཏི། ཙི་ཏི་ཙི་ཏི། དྷྲི་ཏི་དྷྲི་ཏི། བྷྲྀ་ཀུ་ཊི་མུ་ཁ་པ་ར། སེ་ན་
ཀུ་ལོཏྶཱ་ད་ནི་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཧེ་ཧེ། རི་ཎི་རི་ཎི། རི་ཎི་མ་ཏི། ཛྃ་བྷ་དྷྭ་ཛེ། སརྦ་བུདྡྷ། ཨ་བ་ལོ་ཀི་ཏེ། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །སརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ཏེ་སྭཱ་ཧཱ།

གུ་ཎ་རཱ་ཛ་པྲ་བྷཱ་སོཏྟ་མེ་སྭཱ་ཧཱ། སཱུརྱ་ཨརྐ་བི་མ་ལེ་སྭཱ་ཧཱ། ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། སརྦ་གྲ་ཧ་ན་ཀྵ་ཏྲ་དྷེ་མཱི་ཀ་ར་ཎེ་སྭཱ་ཧཱ། བདག་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་
སྭཱ་ཧཱ། ལྷའི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་འདིས་ཁྱོད་གཡུལ་སྤྲོད་པའམ། འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ་མི་འཇིགས་ཤིང་ཐམས་ཅད་དུ་རྒྱལ་བར་
འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོའམ། མགུལ་དུ་བཏགས་ན་མིའི་རྒྱལ་པོ་དང་། སྐྱེས་བུ་དཔའ་བོ་ཐམས་ཅད་ལ་སྲུང་བར་བྱེད་དོ། །བུད་མེད་ཀྱི་གཟུགས་ལྟ་བུར་བསྒྱུར་ནས་མདུན་དུ་འདུག་སྟེ་མི་འཇིགས་པ་སྦྱིན་ཞིང་སྲུང་བར་བྱེད། དཔལ་
སྐྱེད་པར་བྱེད། ཕ་རོལ་གྱི་སྡེ་སྤ་འགོང་བར་བྱེད། བཀྲ་ཤིས་པ་དང་། གཙང་བ་དང་། གྲགས་པ་དང་། དཔལ་དང་། ཕུན་སུམ་ཚོགས་པ་ཀུན་དུ་གནས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་
དབང་པོ་བརྒྱ་བྱིན་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་གཟུངས་རྫོགས་
སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་ཀ་ན་ཀ་བ་ཏི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།

བཅོམ་ལྡན་འདས་ལྷས་མ་ལྟ་བུ་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གཡུལ་ངོར་མཆིས་ཏེ་གཡུལ་འགྱེད་པ་ན། ལྷ་མ་ཡིན་གྱི་སྒྱུ་དང་། རིག་
སྔགས་རྣམས་དང་། གསང་སྔགས་དང་། སྨན་དག་གིས་ཕམ་པར་གྱུར་པ་མཁྱེན་ལགས་སམ། བཅོམ་ལྡན་འདས། བདག་ཅག་རྗེས་སུ་གཟུང་བ་དང་། བདག་ཅག་ལ་ཐུགས་བརྩེ་བ་དང་། ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང་། རིག་སྔགས་
དང་། གསང་སྔགས་དང་། སྨན་རབ་ཏུ་གཞོམ་པ་དང་། རབ་ཏུ་གཞིག་པའི་སླད་དུ་རྣམ་པར་རྒྱལ་བ་ཆེན་པོའི་གསང་སྔགས་ཆེན་པོ་ལེགས་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་
ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ལྷ་མ་ཡིན་དང་གཡུལ་སྦྲད་པ་ན་རིག་སྔགས་རྣམས་དང་། གསང་སྔགས་རྣམས་དང་། སྨན་རྣམས་ཀྱིས་ཕམ་པ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་སྙིང་བརྩེ་བའི་ཕྱིར་ང་འདིར་རིག་སྔགས་བརྗོད་པར་བྱ་སྟེ། སྒྱུ་ཐམས་
ཅད་རེངས་པར་བྱེད་པ། རིག་སྔགས་ཐམས་ཅད་ཟློག་པར་བྱེད་པ། གསང་སྔགས་ཐམས་ཅད་རེངས་པར་བྱེད་པ། འཐབ་པ་དང་། རྩོད་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། གསང་
སྔགས་དང་། སྨན་ཐམས་ཅད་གཅོད་པའི་རིག་སྔགས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རིག་སྔགས་ཆེན་པོ་གསེར་ཅན་བཀའ་སྩལ་པ། གང་བསྐལ་པ་གྲངས་མེད་པ་གསུམ་དུ་གཞན་མུ་སྟེགས་ཅན་སྤྱོད་པ་བ་དང་།

ཀུན་དུ་རྒྱུ་བ་དང་། གཅེར་བུ་པ་རྣམས་ཀྱིས་ངན་དུ་བསམས་ཤིང་བར་ཆད་དུ་བྱས་པ་ལས་ངས་དེ་ཚུན་ཆད་སྒྱུ་དང་ལྡན་པ་རྣམས་ཀྱི་རིག་སྔགས་ཐམས་ཅད་བཟློག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་བ་
དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། འཚེ་བ་རྣམས་ཀྱི་སྒྱུ་དང་། རིག་སྔགས་དང་། གསང་སྔགས་དང་། སྨན་དང་། བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་འཇོམས་པའི་རིག་པ་ཆེན་མོ་དེ་ངས་བཤད་པར་བྱས། ཀཽ་ཤི་ཀ་ཁྱོད་ཀྱིས་སེམས་
ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་གསང་སྔགས་ཆེན་མོ་རྣམ་པར་རྒྱལ་བ་ཆེན་མོ་ཟུང་ཤིག །བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རིག་
སྔགས་ཆེན་མོ་གསེར་ཅན་འདི་དག་བཀའ་སྩལ་ཏོ། །ཏདྱཱ་ཐཱ། ཨོྃ་ཧི་ནི་ཧི་ནི། ཧི་ལི་ཧི་ལི། མི་ལི་མི་ལི། ཧི་ལི་མི་ལི། ནི་ཧི་ནི་ཧི། ནི་ཧི་ར་བི་ནི། ཀཱཉྩ་ནཱ་པ་ཏི། ལོ་ཀཱ་མཱ་ཏེ། བྷུ་ཏེ། བྷུ་ཀུ་ཏ་མནྟྲ། ཨ་དྷི་ཀྲྀ་ཏེ། བེ་དེ་བེ་དེ་བེ་ཏ་མནྟྲ་
ཨ་དྷི་ཀྲྀ་ཏེ། ཧ་ན་ཧ་ན། ཧ་ས་ཧ་ས། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། བྷ་ག་བ་ཏི། ཛ་ཡེ་བི་ཛ་ཡེ། ཛམྦྷ་ནི། སྟམྦྷ་ནི། བནྡྷ་ནི། མོ་ཧ་ནི། ཨ་མོ་གྷ་ཤཀྟྲི་དྷཱ་ར་ཎི། གྲྀཧྞ་གྲྀཧྞ། ཀཱ་ཌ་མ་མཱ་ན་སི། ཛམྦྷ་ཡ་ཛམྦྷ་ཡ། བྷཉྫ་ཡ་བྷཉྫ་ཡ། སྟམྦྷ་
ཡ་སྟམྦྷ་ཡ། བྷནྡྷ་ཡ་བནྡྷ་ཡ། མོ་ཧ་ཡ་མོ་ཧ་ཡ། ལྷའི་སྒྱུ་དང་། ཀླུའི་སྒྱུ་དང་། གནོད་སྦྱིན་གྱི་སྒྱུ་དང་། སྲིན་པོའི་སྒྱུ་དང་། ནམ་མཁའ་ལྡིང་གི་སྒྱུ་དང་། དྲི་ཟའི་སྒྱུ་དང་། ལྷ་མ་ཡིན་གྱི་སྒྱུ་དང་། མིའམ་ཅིའི་སྒྱུ་དང་། ལྟོ་འཕྱེ་ཆེན་པོའི་སྒྱུ་དང་།
རིག་སྔགས་འཆང་གི་སྒྱུ་དང་། རིག་སྔགས་འཆང་གྲུབ་པའི་རྒྱལ་པོའི་སྒྱུ་དང་། དྲང་སྲོང་གི་སྒྱུ་དང་། སེམས་ཅན་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་སྒྱུ་དང་། འབྱུང་པོའི་སྒྱུ་དང་། སྒྱུ་ཐམས་ཅད། ར་ལ་ར་ལ། རཛྫ་རཛྫ། དྷུ་མ་དྷུ་མ། དྷུ་

དྷུ་མ། རཱ་བ་རཱ་བ་རཱ་བ་ན། ཙཀྲཱ་ནནྟ། གྲཱནྠ་ནི། ཧ་ན་ཧ་ན། སརྦ་བིདྱཱ། ཤ་ཏྲཱུཎཱྃ། སྟམྦྷ་ཡ། བཱ་ཡུཾ་སྟམྦྷ་ཡ། སཱུརྱཱཾ་སྟམྦྷ་ཡ། སོ་མཾ་སྟམྦྷ་ཡ། བ་རུ་ཎཱཾ་སྟམྦྷ་ཡ། ཨ་གྣིཾ་སྟམྦྷ་ཡ། ཨུདྡ་ཀཾ་དྷི་ཏི་དྷི་ཏི། དྷཱ་ར་ཎཱི་པཱ་ཤ་
ཧ་སྟེ། པེཥྚ་ཡ་པཱ་ཤ་ནེ། གང་དག་བདག་ལ་ཕྱིར་རྒོལ་བ་རྣམས་དང་། དགྲ་རྣམས་དང་། སྡང་བ་དང་། རབ་ཏུ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། འཐབ་པ་དང་། རབ་ཏུ་འཐབ་པ་དང་། མི་ཕན་པར་འདོད་པ་ཐམས་ཅད། ཧ་ན་ཧ་ན། ད་
ཧ་ད་ཧ། པ་ཙ་པ་ཙ། བྷཉྫ་ཡ་བྷཉྫ་ཡ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། བནྡྷ་ཡ་བནྡྷ་ཡ། མོ་ཧ་ཡ་མོ་ཧ་ཡ། མ་ཧཱ་མོ་ཧ་ནི། བྷ་ག་བ་ཏི་སྭཱ་ཧཱ། བདག་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་
ཤིག་ཕཊ་སྭཱ་ཧཱ། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། རྒྱལ་པ་འམ། རྒྱལ་པོའི་བློན་པོ་ཆེན་པོ་གང་ལ་ལ་ཞིག་གསེར་ཅན་གྱི་རིག་སྔགས་འདི་རྗེས་སུ་དྲན་པར་བྱེད་ན་དེ་ལ་ཕ་རོལ་གྱི་འཇིགས་པ་མི་འབྱུང་ངོ་། །དེའི་སྡེ་ལ་ཕ་རོལ་གྱི་
དམག་ཚོགས་ཀྱིས་མི་ཚུགས་སོ། །ལྷས་མ་ཡིན། ཀླུས་མ་ཡིན། གནོད་སྦྱིན་གྱིས་མ་ཡིན། སྲིན་པོས་མ་ཡིན། དྲི་ཟས་མ་ཡིན། ལྷ་མ་ཡིན་གྱིས་མ་ཡིན། ནམ་མཁའ་ལྡིང་གིས་མ་ཡིན། མིའམ་ཅིས་མ་ཡིན། རིག་སྔགས་འཆང་
གིས་མ་ཡིན། མཁའ་འགྲོ་མས་མ་ཡིན། དུས་མ་ཡིན་པར་འཆི་བས་འཆི་བའི་དུས་བྱེད་པར་མི་འགྱུར། རིག་སྔགས་དང་། གསང་སྔགས་དང་། སྨན་རྣམས་ཀྱིས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས། ཕ་རོལ་གྱི་དམག་
ཚོགས་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུར། ལུས་ལ་མཚོན་གྱིས་མི་ཚུགས། ལུས་ལ་མེ་དང་། ཆུ་དང་། དུག་དང་། རིག་སྔགས་དང་། རིག་སྔགས་དང་། གསང་སྔགས་དང་། སྨན་རྣམས་ཀྱིས་མི་ཚུགས་སོ། །གང་གིས་སྡིག་པ་བྱས་པ་དང་། བྱེད་

དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་དེ་ཉིད་ལ་སླར་འབབ་པར་འགྱུར། དེ་ཉིད་དུ་སླར་འགྲོ་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ལྟ་བས་ན་དད་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ། རིགས་
ཀྱི་བུ་མོས་རིག་སྔགས་འདི་ཆུ་ལ་ལན་བདུན་བཟླས་ཏེ་བདག་གི་ལུས་ལ་བྱུགས་ན་བདག་གི་ལུས་བསྲུང་བར་འགྱུར་རོ། །འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ཡམས་ཀྱི་ནད་དང་། ནད་འགོ་བ་ཐམས་ཅད་དང་། རིག་སྔགས་ཐམས་
ཅད་དང་། གསང་སྔགས་དང་། སྨན་ཐམས་ཅད་དང་། བྱད་ཐམས་ཅད་ལས་ཤིན་ཏུ་འདའ་བར་འདོད་པས་གསེར་ཅན་གྱི་རིག་སྔགས་འདི་དྲན་པར་བྱའོ། །རྒྱལ་པོའམ། རྒྱལ་པོའི་བློན་པོ་ཕ་རོལ་གྱི་དམག་ཚོགས་གཞོམ་པ་དང་། ཕ་རོལ་གྱི་དམག་
ཚོགས་གདུལ་བར་འདོད་པས་གསེར་ཅན་གྱི་རིག་སྔགས་འདི་དྲན་པར་བྱའོ། །ལན་བདུན་བཟླས་ཏེ་མདུད་པ་བདུན་བོར་བའི་སྲད་བུ་གདགས་པར་བྱ་བའམ། ཆུ་ལ་ལན་བདུན་བཟླས་པས་བདག་བསྲུང་བར་བྱའོ། །འཇིགས་པ་ཐམས་ཅད་ལ་ཐོགས་པ་
མེད་པའི་གཟུངས་ཡི་གེར་བྲིས་ཏེ་བཅང་བར་བྱ། མགུལ་དུ་གདགས་པར་བྱའོ། །ཡི་གེར་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་དུ་ཞུགས་ན་དགེ་བ་དང་བདེ་བར་ཐར་བར་འགྱུར་རོ། །རིག་སྔགས་འདིའི་སྟོབས་ཀྱིས་ནང་མི་དང་།
གཡོག་འཁོར་དང་། སྡེ་དང་བཅས་ཏེ་དགེ་བ་དང་བདེ་བར་རྒལ་བར་འགྱུར་རོ། །མ་གྲུབ་པ་རྣམས་ཀྱང་གྲུབ་པར་འགྱུར་རོ། །རིག་སྔགས་རེངས་པར་བྱེད་པར་འདོད་པས་སྲད་བུ་དཀར་པོ་ལ་ལན་བདུན་བཟླས་ཏེ་མདུད་པ་བདུན་བོར་ན་བཅིངས་པ་དང་རེངས་
པར་བྱས་པར་འགྱུར་རོ། །སྒྱུ་རེངས་པར་བྱེད་པར་འདོད་པས་དུར་ཁྲོད་ཀྱི་ས་ལ་ལན་བདུན་བཟླས་ཏེ་གཏོར་ན་སྒྱུ་རེངས་པར་བྱས་པར་འགྱུར་རོ། །འགྱེད་པའི་ཚེ་ཁ་ལྐུགས་པར་བྱེད་པར་འདོད་པས་ཟིན་ཐིག་ལེ་ལ་ལན་བདུན་བཟླས་ཏེ་འཆོས་ན་སྨྲ་བ་ཐམས་ཅད་

ཀྱི་ལན་ཐེབས་པར་འགྱུར་རོ། །བཀླག་པར་བྱ། ཁ་ཏོན་དུ་བྱ། བརྗོད་པར་བྱ་སྟེ། བརྗོད་པ་ཙམ་གྱིས་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་གིས་བྱས་པར་གྱུར་པ་དང་། གང་གིས་བསམས་
པར་གྱུར་པ་དེ་ཉིད་ལ་སླར་འགྲོའོ། །སྲད་བུ་བཏགས་སམ། ཆུས་བདག་བསྲུང་བར་བྱས་ན་དེའི་ལུས་ལ་རིག་སྔགས་དང་། གསང་སྔགས་དང་། སྨན་ཐམས་ཅད་ཀྱིས་མི་ཚུགས་སོ། །མ་གྲུབ་པ་རྣམས་གྲུབ་པར་འགྱུར་རོ། །དེའི་དོན་ཐམས་
ཅད་ཀྱང་མཐུན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ལ་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་ཨ་བྷ་ཡ་པྲ་དཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་
བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ནས་ཡུལ་རྒྱུ་ཞིང་ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨ་མྲའི་ཚལ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་
ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

ལྷ་མ་ཡིན་རྣམས་ནི་རབ་ཏུ་གནོད་པ་བགྱིད་པ་སྟེ། བཅོམ་ལྡན་འདས་ལྷ་མ་ཡིན་རྣམས་ནི་བདག་ལ་ཡུན་རིང་པོར་ཕྱིར་རྒོལ་བའི་དགྲ་ལགས་ན། །དེ་ལས་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་དོན་ཐམས་ཅད་བྱེད་པ། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་
བྱེད་པ། དུག་ཐམས་ཅད་འཇིལ་བ། མཚོན་ཐམས་ཅད་རེངས་པར་བྱེད་པ། རྐང་མེད་དང་། རྐང་གཉིས་དང་། རྐང་བཞི་པ་ཐམས་ཅད་རེངས་པར་བྱེད་པ། དགྲ་ཐམས་ཅད་ཕུང་བར་བྱེད་པ། ནམ་མཁའ་ལྡིང་དང་། སྦྱིན་བྱེད་མའི་བུ་དང་།
ཤ་ཟ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། བྲམ་ཟེའི་སྲིན་པོ་དང་། འབྱུང་པོ་དང་། རོ་ལངས་དང་། བྱའི་གདོན་དང་། སྲུལ་པོ་དང་། ནམ་གྲུ་དང་། གནོན་པོའི་གདོན་དང་། གནོན་པོ་དང་། བརྗེད་བྱེད་ཀྱི་གདོན་དང་། ལྷའི་གདོན་
དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལོག་འདྲེན་གྱི་གདོན་དང་། མ་མོའི་གདོན་ཕུང་བར་བྱེད་པ། མདངས་འཕྲོག་མ་དང་། ཟས་སུ་ཕྲེང་བ་ཟ་བ་དང་། ཟས་སུ་སྤོས་ཟ་བ་
དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་རྣག་འཐུང་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཅིན་འཐུང་བ་རབ་ཏུ་ཕུང་བར་བྱེད་པ། རིམས་ནད་ཐམས་ཅད་དང་། རླུང་
ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། འགྲོ་བ་དྲག་ཤུལ་སྤྱོད་པ་རབ་ཏུ་འཇིག་པར་བྱེད་པ། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་

རབ་ཏུ་ཞི་བར་བྱེད་པ་འདི་ཟུང་ཤིག །ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་བཤད་པར་བྱའོ། །ཏདྱ་ཐཱ། ཨ་ཌེ་མ་ཌེ་པྲ་མ་ཌེ། པྲ་མེ་དི་རི། གོ་ལ་མེ། པོ་ལེ་བོ་སེ། མོད་དེ། བད་དེ། ཁ་རད་ཏེ། ཁ་
ར་ནེ། གྲ་ཎ་གྲ་ཎེ། གྲ་ཎ་པྲ་ག་ཎེ། མོ་ཎེ། པྲ་ཏི་མོ་ཎི། ཀཱ་ལཱི་པྲ་ཀྲཱ་ལཱི་ཙཎྜི། མ་ཧཱ་ཅཎྜེ་པྲ་ཏི་ཙཎྜེ། བེ་གེ་ཨ་ཏི་བ་གེ། སོ་ན། གོ་ན། མོ་ཧཱ། པྲ་མོ་ཧཱ། མོ་ཏ་པྲ་མོ་ཊཱ། ནཱ་ཤཱ་ནི། པྲ་ནཱ་ཤཱ་ནི། དྷ་བ་ནཱི། པྲ་དྷ་བ་ནཱི། བ་ལ་ག་ནཱི།
པྲ་བ་ལ་ག་ནཱི། ནྲྀད་ཏྱ་ནཱི། པྲ་ནྲིད་ཏྱ་ནཱི། ཀྲོ་དྷ་ནི། པྲ་ཏི་ཀྲོ་དྷ་ནི། ཧ་ན་ཧ་ན། བི་ཧ་ན་བི་ཧ་ན། སརྦ་དུཥྚ་པྲ་དུཥྚན་ནཱ་ཤ་ཡ། སརྦ་ཨ་བྷ་ཡ་པྲ་ཏེ། བདག་འཁོར་དང་བཅས་པ་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་།
ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །གནས་འདིར་བདག་གི་དོན་ཐམས་ཅད་གྲུབ་པར་གྱུར་ཅིག །དེ་ལྟ་བས་ན་ཁི་དི་ཁི་དི། ཙུམ་བྷེ། སརྦ་སཏྭ་ཧི་ཏེ་ར་ཏེ། ན་མཿསརྦ་བུདྡྷཱ་ནཱྃ་སྭཱ་ཧཱ། ལྷའི་དབང་པོ་ཐམས་ཅད་ལ་མི་འཇིགས་
པ་སྦྱིན་པའི་རིག་སྔགས་ཚིག་བཞི་བཅུ་རྩ་གཅིག་པོ་འདི་སྐུད་པ་ལ་མདུད་དེ་བཅིངས་སམ། སྐྲ་ལ་མདུད་པ་བོར་རམ། བཟླས་བརྗོད་བྱས་སམ། ཡུངས་ཀར་རམ། གིའུ་ཝང་ལ་ལན་ཅིག་སྔགས་ཏེ་བསྐུས་སམ། གོ་ཆ་ལ་བསྔགས་ན་མཚོན་
གྱིས་མི་ཚུགས། དུག་གིས་མ་ཡིན། རིམས་ནད་ཀྱིས་མ་ཡིན། ཉིན་གཅིག་པས་མ་ཡིན། ཉིན་གཉིས་པས་མ་ཡིན། ཉིན་གསུམ་པས་མ་ཡིན། ཉིན་བཞི་པས་མ་ཡིན། མེས་མ་ཡིན། གསང་སྔགས་ཀྱིས་མ་ཡིན། རོ་
ལངས་ཀྱིས་མ་ཡིན། དུག་གིས་མ་ཡིན། ནད་ཀྱིས་མ་ཡིན་ཏེ། ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིག་སྔགས་དང་། གསང་སྔགས་དང་། སྦྱོར་བ་སྒྲུབ་པ་ཐམས་ཅད་སྦྱོར་བ་རྣམས་ཀྱིས་མ་གྲུབ་པར་བྱེད་དོ། །སྦྱར་

ཏེ་གྲུབ་པ་རྣམས་གཞན་གྱིས་མི་ཚུགས་པར་བྱེད་དོ། །ཕ་རོལ་གྱིས་བཅིངས་པ་ལས་གྲོལ་བར་བྱེད་དོ། །གཞན་གྱི་རིག་སྔགས་གཅོད་པར་བྱེད་དོ། །བདག་གི་རིག་སྔགས་འཕེལ་བར་བྱེད་དོ། །གདོན་ཐམས་ཅད་ཕུང་བར་བྱེད་དོ། །གདོན་གང་
གིས་མི་གཏོང་ན་ཡང་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཐམས་ཅད་ལ་རབ་ཏུ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་
ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་ཨནྟ་རཱ་ཡ་ཀི་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་
ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་བྲམ་ཟེའི་གྲོང་ཤིང་ཨ་མྲའི་གནས་ཞེས་བྱ་བ་དེའི་བྱང་ཕྱོགས་ན་ལུས་འཕགས་རིལ་དབང་པོའི་བྲག་ཕུག་ན་
བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འཆི་འཕོའི་ཆོས་སུ་གྱུར་ཏེ། ཚེའི་འདུ་བྱེད་ཀྱི་ལྷག་མ་ལུས་པའི་སྔ་ལྟས་ཁོང་དུ་ཆུད་ནས་སྐྲག་པ་སྐྱེས་ཏེ། བཙུན་མོའི་འཁོར་དང་། གཡོག་དང་བཅས་པར་བཅོམ་ལྡན་འདས་ཀྱི་གན་དུ་སོང་ནས། བཅོམ་
ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཡང་ཚེ་དོན་དུ་གཉེར་བ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་

དག་གིས་བདུད་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅད་པར་འགྱུར་བ། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོད་པ་ཞེས་བྱ་བའི་རིག་པའི་གསང་སྔགས་གཞི་འདི་རྣམས་
ཉོན་ཅིག །ཏདྱ་ཐཱ། ཨ་བྷ་ཡེ། བྷ་ཡ་བི་ག་ཏེ། བྷ་ཡ་པ་རི་ཤྭ་དྷ་ནེ། ཨ་བྷ་ཡེ། ཨ་བྷ་ཡཾ་ད་དེ། ནི་རུ་བ་ཀླིཥྚི། ཨ་ན་ཀུ་ལེ། ཨ་ཀུ་ལ་བ་རི་ཤོ་དྷ་ནེ། ཨ་གྲ་ཏེ། ཨ་བི་ཀལྤེ། ཨ་བི་ཀལྤ་ནེ། ཨཙྱུ་ཏེ། ཤུ་བྷེ་ཤུ་བྷེ།
ཏེ་ཛ་སྟེ་ཛོ་བ་ཏི། ཤ་མེ་ཨུ་པ་ཤ་མེ། མ་ཧོ་པ་ཤ་མེ། མཻ་ཏྲི་མཻ་ཏྲྱུདྡྷི་ཏེ་ཏོ་ཥེ། ཏོ་ཥ་ཡ་ཎེ་ས་ཏྱེ། ས་ཏྱ་དརྵི། ཨ་བི་རུདྡྷེ། ས་ཧི་ཏེ། སི་ཧི་ཏ་ཏྭེ། ཨཪྠེ་ཨཪྠ་སིདྡྷེ། ཨ་མྲྀ་ཏེ། ཨ་མྲྀ་ཏ་པ་ཏེ། ཨབྷཱི་ཏེ། བཛྲ་སཏྱེ། ཨཀྵ་ཡེ། ཨཀྵ་ཡ་པྲ་བྷེ། དྲནྟྲ་བ་རེ། ཤུདྡྷེ་
ཤུདྡྷེ། པྲ་བྷེ། ཨ་བ་བྷཱ་སེ། ཨ་བ་བྷཱ་ས་བ་ཏི། ཨུ་པ་ཡོ་གེ། ཨ་ནུཏྟ་རེ། ས་མ་ཙིཏྟེ། བུདྡྷ། ཨ་དྷིཥྛཱ་ནེ། ཤཱི་ལེ་བི་ཤོ་དྷ་ནེ། ཨ་སཾ་ཧརྱེ། སུ་ནི་གྲྀ་ཧཱི་ཏཾ་མ་ར་བ་ལཱ་ནཱཾ། པ་ར་ཛ་ཡོ་དྲྀཥྚི་ག་ཏྲཱ་ཎཱྃ། ཛྭ་ལ་ནཾ་དྷརྨོ་ལྐཱ་ཡཻ། ཨུཏྒྷ་ཊཱ་ནཱཾ། དྷརྨ་ནི་དྷ་ན་སྱ།
སྃ་གྲ་ཧཱ་ཎཱཾ། དྷརྨ་ཀོ་ཥ་སྱ། ཀཽ་ཤི་ཀ་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་ངག་ནི་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ་
དག་གོ། །འདི་བཟླས་བརྗོད་བྱས་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་བར་དུ་གཅོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར། དོན་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷའི་
དབང་པོ་བརྒྱ་བྱིན་ཡི་རངས་ཏེ། དེའི་ཚེ་འདི་སྐད་དུ། ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། །ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འདིའི་མཐུ་ཐམས་

ཅད་ཀྱིས་བདག་གི་བར་དུ་གཅོད་པ་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ནི་མེད་པར་གྱུར་ཅིག །ཕུན་སུམ་ཚོགས་པ་ཐམས་ཅད་ནི་གྲུབ་པར་གྱུར་ཅིག །ན་མོ་ཨ་ཀེ་ཏུ་ལེན་གེ་ཙཎྜ་ན་ཡེ་སྭཱ་ཧཱ། སརྦ་ཨརྠ་སཱ་དྷ་ནི་ཡེ་སྭཱ་ཧཱ། དྷརྨརྠ་
སཱ་དྷ་ནི་ཡེ་སྭཱ་ཧཱ། སརྦཱ་ཨནྟ་རཱ་ཡི་བི་ཤོ་དྷ་ནི་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཙུན་མོའི་འཁོར་དང་བཅས་ཤིང་འཁོར་དང་བཅས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ།
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་
ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་དྭཱ་མི་ཌཱ་བིདྱཱ་རཱ་ཛཱ། བོད་སྐད་དུ། འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ། །སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་སྨྱིག་མའི་མྱུ་གུའི་འཁོར་གྱི་ཁྱམས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་
དགའ་བོ་ཁྱོད་ཀྱིས་གློག་ཐམས་ཅད་ཟློག་པ། སོ་སོར་འབྲང་བ། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ང་ཡང་ད་ལྟར་འཆད་ཀྱིས་ཟུང་ཤིག །ཀུན་དགའ་བོ་ཤར་ཕྱོགས་ན་འོང་བ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ལྷོ་ཕྱོགས་
ན་སྐད་བརྒྱ་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ནུབ་ཕྱོགས་ན་འོད་ཉམས་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དོ། ཀུན་དགའ་བོ་གང་ལ་ལ་གློག་འདི་རྣམས་ཀྱི་མིང་ཤེས་པ་དང་། ཕྱོགས་

རྣམ་པར་གནས་པ་ཤེས་པ་དེ་ལ་གློག་གི་འཇིགས་པ་ཐམས་ཅད་དུ་མི་འབྱུང་བར་ཤེས་པར་བྱའོ། །གློག་གི་མིང་འདི་དག་ཡི་གེར་བྲིས་ཏེ། གནས་གང་དག་ཏུ་བཞག་པའི་གནས་དེ་དག་ཏུ་གློག་ཐམས་ཅད་མི་འབབ་བོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་དེའི་ཚེ་འགྲོ་ལྡིང་བའི་གསང་སྔགས་གཞི་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། ནི་མི་ནི་ནི་མི་ནི་ནི་མི་ནི་ནི་མི་ན་དྷ་རེ། འཇིག་རྟེན་གསུམ་སྣང་བར་བྱེད་པ། ལག་ན་རྩེ་གསུམ་པས་ཕྱོགས་འདིར་གློག་ཐམས་ཅད་ལས་བདག་
ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ། འགྲོ་ལྡིང་བའི་གསང་སྔགས་གཞི་འདི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧ་ཏེ་བི་ཧ་ཏེ། ནི་ཧ་ཏེ། པྲ་ཏྱརྠི་ཀེ། པྲ་ཏྱ་མི་ཏྲེ། ཤུདྡྷེ། མུཀྟེ། བི་མ་ལེ། པྲ་བྷཱ་སྭ་རེ། ཨཎྜཱ་རེ།
པཎྜ་རེ། ཤྭེ་ཏེ། པཎྜ་ར་བཱ་སི་ནི། ཧ་རི་ཀ་ར་དི། པིངྒ་ལཱ་ཀྵི་དནྟི་མུ་ཁི། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས་བདག་དུས་མ་ཡིན་པར་
འཆི་བ་ཐམས་ཅད་མཐོང་བར་མ་གྱུར་ཅིག་སྭཱ་ཧཱ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་
ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། མུ་ནི་མུ་ནི། མུ་ནི་མུ་ནི། རེ་རི། མ་ཏི་མ་ཏི། སུ་མ་ཏི། མ་ཧཱ་མ་ཏི། ཧཱ་ཧཱ་ཧཱ་ཧཱ། ཁྱོད་ལ་སྡིག་པ་མེད་ཀྱིས་མ་འཇིགས་ཤིག་ཅེས་ལག་ན་རྡོ་རྗེས་སྨྲས་ཀྱིས་

དྲཱྀ་ཌྷ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་སྲུང་བ་གཞན་གྱིས་མི་ཐུབ་པ་འདི་སུའི་སྙིང་ལ་འཛིན་ཏམ། ཡི་གེར་བྲིས་ན་དེ་ལ་བདག་གིས་རྟག་པར་རྒྱུན་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱིའོ། །དུས་མ་ལགས་པར་འགུམ་པ་ཐམས་ཅད་
ལས་ཐར་བར་བགྱིའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང་སྨན་པ་དང་བདེ་བ་བསྐྱེད་པའི་སླད་དུ་ཆོས་ཀྱི་རྣམ་གྲངས་
འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི་སྭཱ་ཧཱ། པྲཧྨ་སྭཱ་རེ་སྭཱ་རེ་སྭཱ་ཧཱ། པྲ་ཧྨ་གརྦྷ་པུཥྤ་སྃ་སྟ་རེ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་གི་སྲུང་བ་ཚངས་པའི་ཆད་པ་ཞེས་བགྱི་བ་སྟེ། དུས་མ་ལག་པར་
འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ནི་བར་ཎཱི། བནྡྷ་བནྡྷ། མཱ་ད་ན་དྷེ། མ་ཏི་མ་ཏི། ཏི་ཊི། གཽ་རི། གནྡྷ་རི།
ཙཎྜ་ལི། མ་ཏྃ་གི། བ་ར་ལ་ནི། ཧཱི་ན་མ་དྷྱ་མ་དྷཱ་ར་ནཱི་མ་ལ་ནི། ད་ལ་མཏྟེ། ཙཀྲ་པ་ཀྲི། ཤ་པ་རི་ཤ་པ་རི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་བདག་གི་རིག་སྔགས་རྡོ་རྗེ་ལྕེ་འབེབས་པ་ཞེས་བགྱི་སྟེ། འཇིགས་པ་ཐམས་ཅད་ལས་
རྣམ་པ་ཐར་པར་བགྱིད་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྒྱལ་པོ་ཆེན་པོ་

རྣམ་ཐོས་ཀྱི་བུས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་
བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་སླད་དུ། ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། པུཥྤེ་པུཥྤེ། དྷརྨ་བ་རི་ཧ་རི། ཨཱརྱ་པྲ་ཤ་སྟེ། ནི་ར་མུ་ཀྟེ། མྃ་
ག་ལི། སྟུ་ཏེ། ཏ་བི་ཏེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་གི་སྲུང་བ་འཇིགས་པ་མ་མཆིས་པ་ཞེས་བྱ་སྟེ། འཇིགས་པ་ཐམས་ཅད་ལས་མི་འཇིགས་པར་བགྱིད་པ། ཚེ་སྐྱོང་བ། དུས་མ་ལགས་པར་
འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་གློག་འོད་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་གློག་ལྕེ་དང་། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པས་བཅོམ་ལྡན་འདས་ག་
ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་སྲུང་བ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ཞེས་བགྱི་བ། གློག་ཐམས་ཅད་ཟློག་པ། དུས་མ་ལགས་པར་འགུམ་
པ་ཐམས་ཅད་སེལ་བ། དུག་རྣམས་མི་སྡུག་པར་བགྱིད་པ། གཤེད་བྱེད་དང་། བྱད་དང་། རོ་ལངས་དང་། བཀྲ་མི་ཤིས་པ་འཇིག་པར་བགྱིད་པ་མཆིས་ན། བཅོམ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་འདི་ནས་དབྱུང་
བ་དང་། སེར་སྣ་སྤང་བའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ་དེ་བཞེས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ཀླུ་རྣམས་ནི་སེམས་སེར་སྣ་ཅན་ཏེ། སེམས་སེར་སྣས་ཀུན་ནས་དཀྲིས་པ་ལགས་པའི་སླད་

དུའོ། །ཏདྱ་ཐཱ། ཨར་ཛེ། ཨ་མ་རེ། ཨ་མྲྀ་ཏེ། ཨཀྵ་ཡེ། པུཎྱ་པརྱཱ་བ་ཏེ། སརྦ་པཱ་པ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨཱརྱ་པུ་ཎྱ་སོ་པ་ཀཱི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་གསང་སྔགས་གཞི་འདི་དག་སྐྱེས་པའམ།
བུད་མེད་གང་ལ་ལའི་ལྕེ་ལ་འདོན་ཏམ། ཡི་གེར་བྲིས་པ་དེ་ལ་གློག་གི་འཇིགས་པ་ཐམས་ཅད་མ་མཆིས་པར་རིག་པར་བགྱིའོ། །རྩ་བའི་དུག་གམ། མཆེ་བའི་དུག་གམ། དབྱིག་དུག་གམ། གང་དག་གཞན་ཡང་ཡན་ལག་ལས་
བྱུང་བའི་དུག་དེ་དག་གིས་དེ་འགུམ་པའི་དུས་བགྱིད་པར་མི་འགྱུར་རོ། །བདག་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་
རྟེན་སྐྱོང་བ་དང་། ཀླུའི་བདག་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཞིན་བཟངས་དག་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྗེས་སུ་གཟུང་བའི་ཕྱིར་འགྲོ་ལྡིང་བའི་གསང་
སྔགས་ཀྱི་ཚིག་རྣམས་བཤད་པ་ལེགས་སོ་ལེགས་སོ། །ཕྱོགས་རྣམས་ན་གཉིད་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་རྣམས་བསྲུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་
དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ཀླུའི་དབང་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་
དོ། །འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་

ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་བྷ་ཡ་པྲ་དཱ་ནཱ་མ་ཨ་པ་རཱ་ཛི་ཏ། བོད་སྐད་དུ། འཕགས་
པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་
ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་
བ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བར་མཛད་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་འཆིང་བ་གཅོད་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ལ་
ཕྱག་འཚལ་ལོ། །དེ་ནས་འཇིགས་པ་མེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞན་གྱིས་མི་ཐུབ་པའི་སྙིང་པོ་བརྗོད་པར་བྱའོ། །ལས་ཀུན་བྱེད་པ་དགེ་བ་སྟེ། །འབྱུང་པོ་ཀུན་གྱིས་འཇིགས་པ་མེད། །བདུད་རྩི་ལས་ནི་
བདུད་རྩི་འབྱུང་། །འདི་ནི་ལས་ཀུན་བྱེད་པ་ཡིན། །དགྲ་ཀུན་འཇིགས་པར་བྱེད་པ་སྟེ། །རྩོད་དང་དེ་བཞིན་འཐབ་པ་དང་། །གཞན་དང་དགྲས་ནི་འཁོར་བ་དང་། །རྩོད་པའི་ནང་དུ་རྩོད་བྱེད་དང་། །རྟག་ཏུ་དགྲ་དང་ཕྲད་པ་དང་། །
རྨུགས་པར་བྱེད་ཅིང་རེངས་པར་བྱེད། །རྨོངས་པར་བྱེད་ཅིང་སྡིག་པ་སེལ། །དུག་དང་མེ་ནི་དེངས་བྱེད་དང་། །རིམས་དང་ཉེས་སྡིག་ཐམས་ཅད་སེལ། །ཆོམ་རྐུན་དང་ནི་ཆུ་དང་སྦྲུལ། །རྨི་ལམ་ངན་པ་ཐམས་ཅད་སེལ། །

འབྱུང་པོ་ཐམས་ཅད་ཟློག་པ་ཡིན། །སངས་རྒྱས་བྱང་ཆུབ་འདྲེན་པ་དང་། །ཆོས་ཀུན་རབ་ཏུ་སྟོན་པ་སྟེ། །འདི་ནི་རིག་སྔགས་མཐུ་སྟོབས་ཅན། །གཞན་གྱིས་མི་ཐུབ་སྲིན་པོ་འཇོམས། །གང་ཚེ་རིག་སྔགས་འདི་བཤད་
པ། །དེ་ནས་འདི་གཡོ་བར་འགྱུར། །འཇིགས་མེད་ལྡན་པ་ཞེས་བྱ་བའི། །རིག་སྔགས་རྒྱལ་པོ་བླ་ན་མེད། །འཇིག་རྟེན་མགོན་པོས་གསུངས་པ་སྟེ། །འཇིག་རྟེན་གསུམ་པོ་ཀུན་གྱིས་མཆོད། །དེ་ནས་འཇིགས་
པ་མེད་པར་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་བྱས་ནས། རང་གི་སྙིང་པོ་གཞན་གྱིས་མི་ཐུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་འདི་སྨྲས་སོ། །ཨོྃ་ཏ་ར་ཏ་ར། ཏཱ་
རེ་ཏཱ་རེ། མོ་རི་ཀེ། ཙནྡྲ་པྲ་བྷེ། བྷི་རི་བྷི་རི། ཙི་རི་ཙི་རི། སཱུརྱ་ཀཱནྟེ། ཧེ་མ་པྲ་བྷེ། བུད་དྷྱ་བུད་དྷྱ། བོ་དྷ་ནི། སརྦ་པཱ་པ་པྲ་ཤ་མ་ནི། ཙ་ར་ཙ་ར། བི་ཥ་པྲ་ཤ་མ་ནི། ཙི་རི་ཙི་རི། ཙུ་རུ་ཙུ་རུ། སརྦ་
བིདྱཱ་དྷ་ར་ན་མ་སྐྲི་ཏེ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་ཏ་ཐཱ་ག་ཏ་བྷཱ་ཥི་ཏ། པ་ར་པ་ར། པི་རི་པི་རི། པུ་རུ་པུ་རུ། པྲཛྙཱ་པཱ་ར་མི་ཏཱ། ཨ་ནུཛྙཱ་ཏེ། ཥ་ཊ་པཱ་ར་མི་ཏ། པ་རི་པཱུ་རེ། གཾ་གཱ་ན་དཱི་བཱ་ལུ་ཀོ་
པ་མ། ཏ་ཐཱ་ག་ཏ། བྷཱ་ཥི་ཏ། པྲི་ཡཾ་ཀ་རི། དྷ་ན་ཀ་རི། པྲི་ཏི་ཀ་རི། ཤུ་བྷ་ཀ་རི། པ་བི་ཏྲ། མྃ་ག་ལ་དྷཱ་རི་ཎི། སརྦ་དེ་བ་ཏཱ། ཨ་དྷིཥྛི་ཏེ། སརྦ་མ་ཧོ་ར་ག་ཨ་དྷིཥྛི་ཏེ། སརྦ་ཀིཾ་ན་ར་ཨ་དྷི་ཥྛི་ཏེ། སརྦ་
ཡཀྵ་རཱ་ཀྵ་ས། ཨ་དྷིཥྛི་ཏེ། པྲཧྨ་བྷཱ་ཥི་ཏེ། ཨིནྡྲ་བྷཱ་ཥི་ཏེ། ཙ་ཏུ་ར་མ་ཧཱ་རཱ་ཛ་བྷཱ་ཥི་ཏེ། ཙནྡྲ་སཱུརྱ་བྷཱ་ཥི་ཏེ། ཨོྃ་ཏི་རི་ཏི་རི། ཙནྡྲ་ཀཱི་ར་ཎེ། ཀི་ལི་ཀི་ལི། སརྦ་ཤ་ཏྲཱུྃ་བི་ནཱ་ཤ་ནི་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བྱང་ཆུབ་སེམས་དཔའ་མི་འཇིགས་པ་སྦྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །མི་འཇིགས་པ་སྦྱིན་པ་
སྔོན་བྱུང་བ་འདས་པའི་དུས་ན། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། སེམས་ཅན་ཐམས་ཅད་
ལ་ཕན་འདོགས་པ། གཞན་གྱིས་མི་ཐུབ་པའི་དབང་ཕྱུག་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ལས་བདག་གིས་འདི་དག་ཐོས་སོ། །དེ་ལས་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་ཐམས་ཅད་ལ་ཡང་
བསྙད་དོ། །མི་འཇིགས་པ་སྦྱིན་པ་གཞན་གྱིས་མི་ཐུབ་པའི་སྙིང་པོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་
ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་རྣམས་ཀྱིས་གསུངས་སོ། །གཞན་གྱིས་མི་ཐུབ་པའི་སྙིང་པོ་འདི་ནི་བདག་སྲུང་བ་དང་། གཞན་སྲུང་བ་དང་། གཉི་ག་སྲུང་བ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་
དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་སྲུང་བ། སྲོག་སྐྱོང་བ། ཚེ་སྦྱིན་པ། ལག་ཆ་རེངས་པར་བྱེད་པ། འཐབ་མོ་དང་། འཐབ་པ་དང་། འགྱེད་པ་དང་། རྩོད་པ་ཐམས་ཅད་ཞི་བར་བྱེད་པ།
དགྲ་ཐམས་ཅད་ཟློག་པ། འཆིང་བ་ཐམས་ཅད་གྲོལ་བར་བྱེད་པ། ཐམས་ཅད་དུ་གཞན་གྱིས་མི་ཐུབ་པའོ། །ཤུདྡྷེ། མུཀྟེ། པྲ་བྷཱ་སྭ་རེ། ཤྭེ་ཏེ། པཎྜ་རཱ་ཧཱ་སི་ནི། སརྦ་དུཥྚ་ན་ཛཾ་བྷ་ཡཱ་མི། སྟམྦྷ་ཡཱ་མི། མོ་ཧ་

ཡཱ་མི། ཨོཾ་སྭཱ་ཧཱ། པ་བི་ཏྲེ་སྭཱ་ཧཱ། ཤྭེ་ཏེ་སྭཱ་ཧཱ། ཤྭེ་ཏེ་པ་ཏ་པ་བིཏྟྲེ་སྭཱ་ཧཱ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏཱ་རི་ཎི་རཀྵ་རཀྵ། སརྦ་ཀ་ལི། ཀ་ལ་ཧ། བི་གྲ་ཧ། བི་བྱཱ་དྷི། དུཿསོཔྣ་བྷ་ཡེ་བྷྱཿསྭཱ་ཧཱ། རྟག་ཏུ་ལེ་ལོ་མེད་
པར་ནི། །གང་ཞིག་གཟུངས་འདི་འཆང་བྱེད་པ། །དེ་ལ་ལྷ་ཚོགས་ཐམས་ཅད་ཀྱང་། །དུས་ཀུན་དུ་ནི་སྲུང་བར་བྱེད། །དེ་ནི་འཇིགས་པར་འགྱུར་བ་མེད། །དེ་ནི་རྟག་སྲུང་ལྷན་ནེར་འདུག །ཇི་ལྟར་ཉི་མ་ས་སྟེང་ན། །གཟི་བརྗིད་གྲགས་འཆང་
ལྷན་ནེ་བཞིན། །དེ་ལ་གཤེད་བྱེད་བྱད་སྟེམས་དང་། །སྲུལ་པོ་དག་གིས་མི་ཚུགས་ཏེ། །དེ་ལ་དཔལ་ཡོན་འཇུག་པར་འགྱུར། །ཁ་དོག་དང་ནི་ཚེ་ཡང་འཕེལ། །འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་རཏྣ་མཱ་ལ་ནཱ་མ་ཨ་པ་རཱ་ཛི་ཏ། བོད་སྐད་དུ། འཕགས་པ་གཞན་
གྱིས་མི་ཐུབ་པའི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་
ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །
དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་

རྣམས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ལ་ཕྱག་འཚལ་ལོ། །ཀླུ་རྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །དྲི་ཟ་རྣམས་ལ་ཕྱག་འཚལ་ལོ། །ལྟོ་འཕྱེ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །མིའམ་ཅི་རྣམས་ལ་ཕྱག་འཚལ་ལོ། །
སྲིན་པོ་རྣམས་ལ་ཕྱག་འཚལ་ལོ། །ཤ་ཟ་སྐྲ་གྱེན་དུ་བརྫེས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་པའི་བདག་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟླ་བ་དང་ཉི་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་ཕྱག་འཚལ་ལོ། །དེ་ནས་གཞན་གྱིས་མི་ཐུབ་པའི་རིན་པོ་
ཆེའི་ཕྲེང་བའི་སྙིང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ལྷ་དང་། ཀླུ་རྣམས་ཀྱིས་རྗེས་སུ་ཡི་རང་བ་ལས་ཐམས་ཅད་བྱེད་པ་གཙང་མ་བརྗོད་པར་བྱ་སྟེ། དག་ཅིང་དེ་བཞིན་བཀྲ་ཤིས་པ། །བསོད་ནམས་བྱེད་གཙང་དཔལ་ཡོན་ཅན། །སྲིན་པོ་འཇོམས་
པའི་ལྷ་རྣམས་དང་། །སེམས་ཅན་ཀུན་གྱིས་མི་ཐུབ་པའོ། །སྡིག་པ་ཐམས་ཅད་རབ་འཇིག་པ། །དོན་ཀུན་སྒྲུབ་པ་དཔལ་ཡོན་ཅན། །གདོན་ཀུན་རྣམ་པར་འཇིག་བྱེད་པ། །རིག་སྔགས་འདི་ནི་བརྗོད་པར་བྱ། །འདི་ནི་རྟག་ཏུ་རྒྱལ་བྱེད་པ། །བརྒྱ་བྱིན་གྱིས་ཀྱང་མི་ཐུབ་འདི། །
དུག་དང་གཤེད་བྱེད་འཇིག་བྱེད་པ། །མེ་དགྲ་རྒྱལ་པོའི་འཇིགས་པ་དང་། །གཤེད་བྱེད་གདོན་དང་རོ་ལངས་དང་། །རྨི་ལམ་ངན་དང་ལུས་སྲུལ་དང་། །ལྷ་དང་ལྷ་མིན་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་ཀླུ་རྣམས་ལས། །ཀུན་ནས་དཔག་ཚད་བརྒྱ་ཚུན་ཆད། །རྟག་
ཏུ་བདག་ལ་བསྲུང་བར་མཛོད། །ཉིན་གཅིག་པ་ཡི་རིམས་ནད་དང་། །ཉིན་གཉིས་པ་དང་ཉིན་གསུམ་དང་། །ཉིན་བཞི་པ་ཡི་རིམས་ནད་དང་། །མི་བཟད་རིམས་ལས་འདི་སྲུང་བྱེད། །དུག་དང་དབྱིག་དུག་ཟོས་པ་ཡང་། །ཁ་ཟས་བཞིན་དུ་འཇུ་བར་
འགྱུར། །གང་གི་མངལ་ན་མི་ཆགས་དང་། །གང་གི་བུ་ཕོ་འཆི་བ་ཡང་། །རིན་པོ་ཆེ་ཡི་ཕྲེང་བ་འདིས། །དེ་དག་མྱུར་དུ་འཚོ་བར་བྱེད། །ནོར་འདོད་པས་ནི་ནོར་རྣམས་འཐོབ། །དཔལ་འདོད་པ་ཡང་དཔལ་འཐོབ་འགྱུར། །འཐབ་ཅིང་འགྱེད་དང་

གཡུལ་ངོར་ཡང་། །མྱུར་དུ་རྒྱལ་བར་བྱེད་པ་ཡིན། །སེམས་ཅན་རྣམས་ལ་གནོང་གཟིགས་ནས། །འཇིག་རྟེན་མགོན་གྱིས་རབ་གསུངས་པ། །རིན་ཆེན་ཕྲེང་ཞེས་བྱ་བ་ཡི། །རིག་སྔགས་འདི་ནི་བརྗོད་པར་བྱ། །ཏདྱ་ཐཱ། ཨོྃ་དྷ་ན་ཀ་རི། བི་པུ་ལ་ཀ་རི།
ཛ་ཡ་ཀ་རི། ཡཥྚི་ཀ་རི། པྲི་དྷི་ཀ་རི། ཨཱ་ཡུརྡ་དེ། པུཎྱ་དཱ་རི། ཨ་ལ་ཀྵྨཱ་པྲ་ཤ་མ་ནི། དྷ་ན་དྷ་ནྱ། བི་བརྟ་ནི། ཤྲཱི་ཀ་རི། སརྦ་གྲ་ཧ་ན་ཀྵ་ཏྲ་པཱ་ཤ་བརྟི་ནི། མེ་དྷཱ་ཛ་ན་ནི། པུ་ཏྲ་ཛ་ན་ནི། པ་རི་བ་རཱ་བརྡྷ་ནི། ཨཱ་ཡུརྡ་དེ། པྲི་ཏི་ཀ་
རི། ཛཾ་བྷ་ནི། སྟཾ་བྷ་ནི། མོ་ཧ་ནི། ཨ་མོ་གྷ་ཤཀྟི། ཀཉྩ་ན་མཱ་ལེ། གྲ་ཧ་སཽ་མྱ་ཀ་ར་ཎི། སརྦ་ཀ་ལི་ཀ་ལ་ཧ། བི་གྲ་བི་བྱཱ་དྷ། པྲ་ཤ་མ་ནི། པ་ར་ཅེཀྲ་ནི་བཱ་ར་ཎི། པ་ར་སཻ་ནྱ། སྟམྦྷ་ནི། ཙིཏྟ་ནི་ར་མ་ལཱི་ཀ་ར་ཎཱི། སརྦ་པཱ་པཾ་པྲ་ཤ་མ་ནི།
སརྦ་ཀཱ་ལ་བིཥྚ་ནཱ་ཤ་ནི་སྭཱ་ཧཱ། ཙུ་རུ་ཙུ་རུ་སྭཱ་ཧཱ། ཏུ་རུ་ཏུ་རུ་སྭཱ་ཧཱ། མུ་རུ་མུ་རུ་སྭཱ་ཧཱ། སརྦ་དེ་བ་ཨ་ནུ་ཛྷི་ཏེ་སྭཱ་ཧཱ། སརྦ་ནཱ་ག་སཾ་རཀྵི་ཏེ་སྭཱ་ཧཱ། ཨོྃ་ནི་རི་ནི་རི་ཕཊ། ཧ་ན་ཧ་ན་ཕཊ། ད་ཧ་ད་ཧ་ཕཊ། པ་ཙ་པ་ཙ་ཕཊ། གང་དག་བདག་ལ་
སྡང་བར་སེམས་པ་དང་། གནོད་པར་སེམས་པ་དང་། སྦྱིན་སྲེག་བྱེད་པ་དང་། བྱད་བྱེད་པ་དང་། བྱེད་དུ་འཇུག་པ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་ཕཊ་ཕཊ་སྭཱ་ཧཱ། ཨགྷིཾ་སྟམྦྷ་ཡཱ་མི་བེ་ཥི་ཤཱུ་ཏྲཱུཾ་ཨུ་ད་ཀཾ་ཙཽ་རཱ་ན། སརྦ་དུཥྚ་ན་
སརྦ་པྲ་ཏྱརྠི་ཀ། པྲ་ཏྱ་མནྟྲ། སྟཾ་བྷ་ཡཱ་མི། ཛཾ་བྷ་ཡཱ་མི། མོ་ཧ་ཡཱ་མི། ཕཊ་ཕཊ་སྭཱ་ཧཱ། གཞན་གྱིས་མི་ཐུབ་ཅེས་བྱ་བ། །རིན་ཆེན་ཕྲེང་གིས་རྣམ་པར་བརྒྱན། །ལས་ཀུན་བྱེད་དང་དེ་བཞིན་དུ། །རྟག་ཏུ་སྲུང་བ་བྱེད་པ་འདི། །འགྲོ་བའམ་
ཡང་ན་ཅི་ཡང་རུང་། །དེ་དག་འགའ་ཞིག་བྲིས་ཏེ་འཆང་། །སྲིན་པོ་འཇོམས་པ་བསོད་ནམས་མཆོག །སྡིག་པའི་རྙོག་པ་འཇིག་པར་བྱེད། །གཡུལ་འགྱེད་པ་དང་འཐབ་པར་ཡང་། །ཀུན་ཏུ་རྒྱལ་བར་བྱེད་པ་དགེ། །མི་གང་གཙང་སྦྲར་བྱས་ནས་སུ། །

རིག་སྔགས་འདི་བྲིས་འཆང་བ་དང་། །བཀླགས་དྲན་ཤེས་རབ་ཅན་དེ་ལ། །འཇིགས་པ་ཀུན་དུ་མི་འབྱུང་ངོ་། །ཆོ་ག་བཞིན་དུ་ཀློག་འཆང་ན། །གསང་བ་པོ་ཀུན་རྟག་ཏུ་སྲུང་། །ཡོངས་སུ་སྐྱོང་བར་བྱེད་པར་འགྱུར། །རྟག་
ཏུ་རྒྱལ་བར་བྱེད་པ་སྟེ། །དཔེར་ན་རིན་ཆེན་ཕྲེང་བ་ཡིས། །མགོ་བོ་བརྒྱན་ན་མཛེས་པ་ལྟར། །དེ་བཞིན་ཕུན་སུམ་ཚོགས་པས་མཛེས། །གང་ཞིག་རིག་སྔགས་འདི་འཆང་ན། །དེ་ཡི་གདོན་རྣམས་རྣམ་པར་འཇིག །ནད་ཀྱིས་བཏབ་
པར་མི་འགྱུར་རོ། །བུ་དང་ཚ་བོ་རྣམ་པར་འཕེལ། །དེ་ཡི་འཁོར་ནི་བཟང་པོར་འགྱུར། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །བྱེ་བྲག་ཏུ་ནི་བྱས་པའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རིག་སྔགས་འདི་ནི་བྱིན་གྱིས་བརླབས། །
ལྷ་ཡི་དབང་པོ་རྣམས་དང་ནི། །དེ་བཞིན་བྱང་ཆུབ་སེམས་དཔའ་སྲུང་། །དེ་ལ་ཕྱོགས་བཅུ་རྣམས་ཀྱི་ནི། །དེ་བཞིན་གཤེགས་པ་གཟིགས་པར་མཛད། །དགེ་བ་དང་ནི་ནོར་རྣམས་འཕེལ། །སྡིག་པ་རྣམས་ཀྱང་བྱད་པར་འགྱུར། །རྨི་
ལམ་ངན་ཉེས་བྱས་པ་ཡིས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཏདྱ་ཐཱ། མུ་ནི་མུ་ནི། མུ་ནི་མུ་ནི་མུ་ནི་རི། མ་ཏི་མ་ཏི་མ་ཏི། མ་ཧཱ་མ་ཏི། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །སངས་རྒྱས་ཐམས་
ཅད་ལ་ཕྱག་འཚལ་ལོ། །ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་ལས་བདག་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། འཕགས་པ་གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་།
ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་ཛ་ཡེ་ཛ་ཡེ།
Kinh tạng Tây Tạng (Kangyur Đại Học) — 100_གཟུངས་འདུས།_ཨེ | Tra cứu Kinh điển | Tàng Kinh Việt