Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 100_གཟུངས་འདུས།_ཨེ

Văn bản gốc(Tây Tạng)

Trang 17 / 17 (50.000 ký tự/trang)
 མ་ཧཱ་ཛ་ཡེ། ཛ་ཡ་བཱ་ཧི་ནི།
ཛ་ཡོཏྟ་རི། ཀ་ལ་ཀ་ལ། མ་ལ་མ་ལ། ཙ་ལ་ཙ་ལ། ཙ་ལ་ཙ་ལ། ཀྵིཎ་ཀྵིཎ། སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་མེ་སརྦཱ་ཛྙཱ་ཛྙཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ན་མོ་བྷ་ག་བ་ཏི་ས་ཧ་སྲ་བརྟེ། སརྦ་བུདྡྷ་ཨ་བ་ལོ་ཀི་ཏི་ཙཀྵུཿཤྲོ་ཏྲ་གྷྲ་ཎ་ཛི་ཧྭཱ་ཀཱ་ཡ་མ་ནོ་བི་ཛྙཱ་ན་བི་ཤོ་དྷ་ནི་སྭཱ་ཧཱ། ཕུ་རུ་ཕུ་རུ།
སུ་རུ་སུ་རུ། ཕུ་རཱ་ཕུ་རཱ། པྲ་ཕུ་རཱ་པྲ་ཕུ་རཱ། སརྦ་བུདྡྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ། དྷརྨ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཨ་བྷཱ་བ་སྭཱ་ཧཱ། སརྦ་དྷརྨ་ཨ་བ་བོ་དྷ་ནི་སྭཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ལན་ཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་གི་བར་དུ་ལས་ཀྱི་
སྒྲིབ་པ་བསགས་པ་ཐམས་ཅད་ཟད་པར་འགྱུར་རོ། །སངས་རྒྱས་སྟོང་གིས་དགེ་བའི་རྩ་བ་བསགས་པ་འཐོབ་པར་འགྱུར་རོ། །བསྐལ་པ་སྟོང་གི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །ཚེ་བརྗེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་
འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་སངས་རྒྱས་སྟོང་མཐོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དག་པ་དག་ཏུ་སྐྱེ་བར་འགྱུར་རོ། །ཉིན་དུས་གསུམ་མཚན་དུས་གསུམ་དུ་ཉི་ཤུ་རྩ་རེ་རེ་བརྗོད་ན་ཅི་འདོད་པ་རྨི་ལམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་
གཤེགས་པའི་སྐུ་གསེར་གྱི་མདོག་ཅན་ཡང་འཐོབ་པར་འགྱུར་རོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཡུལ་རྣམས་ལ་ཡང་མི་ཕྱེད་པའི་སེམས་དད་པ་ཅན་དུ་འགྱུར་ཏེ། དེ་ལ་སོགས་པ་ཕན་ཡོན་ཚད་མེད་པ་དག་འབྱུང་ངོ་། །སྟོང་འགྱུར་
ཞེས་བྱ་བའི་གཟུངས་རྫོགས་སྷོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱཱ་ཥྚ་མ་ཧཱ་བྷ་ཡ་ཏཱ་ར་ཎཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་པ་ཞེས་བྱ་བའི་གཟུངས། སངས་

རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ནས་སྤོས་དྲི་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཞན་གྱིས་མི་
ཐུབ་པའི་རྩལ་དང་ལྡན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བའི་རྒྱལ་པོ་ལ་ཕྱག་འཚལ་
ལོ། །དེ་བཞིན་གཤེགས་པ་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཇིགས་པ་མེད་པར་བྱེད་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷ་རེ་དྷ་རེ། དྷཱ་རེ་དྷཱ་ར་ཎཱི། རཏྣ་ཀོ་ཊེ། ཨ་བྷ་
ཡ་ཀལྦེ། ཀལྦེ་ནི། ག་ཎེ་ཨ་ནནྟ་ཀལྦེ། ཨ་མྲྀ་ཏ་ཀལྦེ། ཧུ་ཏཱ་ཤ་རེ། ཨ་ནནྟ་མུ་ཁེ། ཨ་ནནྟ་ཙཀྵུ་ས་མུཏྒ་ཏེ། ཨོྃ་བྷ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་ཀྱི་གསང་སྔགས་འདི་དག་ནི་སེམས་ཅན་ངན་སོང་དུ་འགྲོ་བ་རྣམས་ཀྱི་དོན་གྱི་ཕྱིར། སངས་
རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་ཡི་རང་བ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལ་གཟུངས་འདི་འཛིན་པར་བྱེད་པ་དེ་འཇིགས་པ་བརྒྱད་པོ་སེམས་ཅན་
དམྱལ་བའི་འཇིགས་པ་མཐའ་ཡས་པ་དང་། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་མཐའ་ཡས་པ་དང་། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་མཐའ་ཡས་པ་དང་། ཡི་དགས་ཀྱི་འཇིགས་པ་མཐའ་ཡས་པ་དང་། བགྲོད་དཀའ་བའི་འཇིགས་
པ་མཐའ་ཡས་པ་དང་། སྐྱེ་བའི་འཇིགས་པ་མཐའ་ཡས་པ་དང་། ནད་ཀྱི་འཇིགས་པ་མཐའ་ཡས་པ་དང་། འཆི་བའི་འཇིགས་པ་མཐའ་ཡས་པ་དག་ལས་ཡང་དག་པར་འདའ་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་

རྣམས་ཀྱིས་དགོངས་པར་འགྱུར་རོ། །སེམས་རྣམ་པར་གཡེང་བ་མེད་པར་འཆི་བའི་དུས་བྱེད་ཅིང་། སངས་རྒྱས་རྣམས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར། ཟད་མི་ཤེས་པའི་ལུས་ཐོབ་པར་འགྱུར། སྤྲུལ་པའི་ལུས་ཀྱང་ཐོབ་པར་འགྱུར་རོ། །
ན་མཿསརྦ་བིདྱཱ། སིདྡྷྱ་ནྟུ་མེ་མནྟྲ་པཱ་ད་སྭཱ་ཧཱ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
སྟོང་ཕྲག་བརྒྱ་པའི་གཟུངས། བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་མུ་ནི་དྷརྨེ། སཾ་གྲ་ཧ་དྷརྨེ། ཨ་ནུ་གྲ་ཧ་དྷརྨེ། བི་མུ་ཀྟིདྷརྨེ། སཱ་ར་ཨ་ནུ་གྲ་ཧ་དྷརྨེ། བཻ་ཤྲ་བ་ཎ་པ་རི་བརྟ་
ན་དྷརྨེ། སརྦ་ཀཱརྱ་པ་རི་པྲ་མ་ཎ་དྷརྨེ། ས་མནྟཱ་ནུ་པ་རི་བརྟ་ན་དྷ་རྨེ་སྭཱ་ཧཱ། ཨོྃ་པྲཛྙེ་ཤྲུ་ཏི་སྨྲྀ་ཏི་མ་ཏི་བི་ཛ་ཡེ་སྭཱ་ཧཱ། དྷཱིཿདྷཱ་ར་ཎཱི་སྭཱ་ཧཱ། ཨོྃ་པྲཛྙཱ་པཱ་ར་མི་ཏཱ་བ་ལ་སྭཱ་ཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་
འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས་རྫོགས་སོ།། །།
༄༅༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས། བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་པྲཛྙཱ་པྲཛྙེ། པྲཛྙཱ་ཨ་པ་བྷཱ་སེ། པྲཛྙཱ་བ་ལོ་ཀ་ཏི་སརྦ་དྷརྨ་ཨནྡྷ་
ཀཱ་ར་བིདྷ་མ་ནི། སིདྡྷེ་སུ་སིདྡྷེ། སིདྡྷྱནྟུ་མཱཾ་བྷ་ག་བ་ཏི། སརྦ་ཛྙཱ་ན་སནྡྷ་རི། བྷ་ག་བ་ཏི་བཙྪེ་ལ། པྲ་ས་ར་དྷེ་ཧ་སྟ་མ་མ་སུ་ཀ་ར། སིདྡྷི་སིདྡྷི། བུདྡྷ་བུདྡྷ། ཀཾ་པ་ཀཾ་པ། པཱ་ལ་པཱ་ལ། དྷ་ར་དྷ་ར། བ་ར་བ་ར། གརྫ་གརྫ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བ་ཏི་མཱ་བི་

ལཾ་བ་སྭཱ་ཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་གཟུང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས་རྫོགས་
སོ།། ༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གཟུངས། བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་ཧྲཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། པྲཛྙཱ་པཱ་ར་མི་ཏཱ་ཡཻ། སརྦ་
དུརྒ་ཏེ་ཤྭ་དྷ་ཡ། རཱ་ཛཱ་ཡ་སྭཱ་ཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་གཟུང་བར་འགྱུར་རོ། །ལྟས་ངན་པ་སྣ་ཚོགས་ཀྱང་ཟློག་གོ། །ལས་ཀྱི་སྒྲིབ་པ་དང་། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་རོ། འཕགས་པ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གཟུངས་རྫོགས་སོ།། ༄༅། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས། འཕགས་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་
ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ན་མོ་དྷརྨ་ཀཱ་ཡ། སཾ་བྷོ་ག་ཀཱ་ཡ། ནིརྨཱ་ཎ་ཀཱ་ཡ། ཏདྱ་ཐཱ། དཱ་ན་པཱ་ར་མི་ཏཱ། ཤཱི་ལ་པཱ་ར་མི་ཏཱ། ཀྵཱནྟི་པཱ་ར་མི་ཏཱ། བཱིརྱ་པཱ་ར་མི་ཏཱ། དྷྱ་ན་བཱ་ར་མི་ཏཱ། པྲཛྙཱ་པཱ་ར་མི་ཏཱ། སརྦ་དྷརྨ་ཤཱུནྱ་
ཏཱ་སྭཱ་ཧཱ། འདི་བཟུང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་རོ། །སྟོང་པ་ཉིད་ཡིད་ལ་བྱས་པར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ལྟས་ངན་
པ་ཐམས་ཅད་ཀྱང་མི་སྡིག་གོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྦྱིན་པའི་སྙིང་པོ་འདི་ལན་ཅིག་ཐོས་པས་སྦྱིན་པ་ཐོབ་པར་འགྱུར་རོ། །ཨོྃ་ན་མ་སྟྭཻ་བྷ་

ག་བ་ཏི་དཱ་ནཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཚུལ་ཁྲིམས་ཀྱི་སྙིང་པོ་འདི་ལན་ཅིག་ཐོས་པས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། མ་ཧཱ་ཀ་ནཱ་ད་མ་ཀཱ་ནཱཾ། ན་མོ་བྷ་ག་བ་ཏྱཻ། ཤཱི་ལ་པ་རི་པཱུརྞ་ཤ་རཱི་ཡཻ་ཤཱི་ལཾ་མེ། སཱདྷ་ཡ་སཱ་དྷ་ཡ། ཀི་ན་ཏིཥྚ་སཾ་བུཾདྡྷོ་
བྷ་ག་བ་ན་དྷརྨ་སྱ། ས་མཱ་ཛྙཱ་ནཱ་པ་ཡ་ཏི་སྭཱ་ཧཱ། བཟོད་པའི་སྙིང་པོ་འདི་ལན་ཅིག་ཐོས་པས་བཟོད་པ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཡ། ཨ་ཙིནྟ་གོ་ཙརྱ། ན་མོ་ཀྵཱ་ན་ཏི་ཡཻ་བ་ཧུ་བྷིཿཏ་ཐཱ་ག་ཏ་ན་བྷུ་ཏ་ཀོ་ཊི་བྷི་བ་རི་བ་ར་ཏི་ཏ་ཡཻ་རཀྵ་ཀུ་རུ་ཏུ་རུ་ཏུ་རུ་ས་མ་ཡ་མ་ནུ་སྨ་ར།
ཤཱཀྱ་མུ་ནི་སརྦ་ཏ་ཐཱ་ག་ཏཱ་ནཱཾ་ཨ་པ་རི་མི་ཏཱ་ཛྙཱ་ན་གོ་ཙ་རོ་ཛྙཱ་ནཱ་པ་ཡ་ཏི་སྭཱ་ཧཱ། བརྩོན་འགྲུས་ཀྱི་སྙིང་པོ་འདི་ལན་ཅིག་ཐོས་པས་བརྩོན་འགྲུས་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་མ་ཙི་ན་ཏྱ་བི་ཤཱ་ཡ་ནཱ། ན་མ་སྟུ་ཏེ་བྷ་ག་བ་ཏེ་བཱིརྱ་པཱ་ར་མི་ཏཱ། བཱིརྱ་ན་
ཀུ་རུ་བཱིརྱེ་བཱིརྱེ། མ་ཧཱ་བཱིརྱ་ཏ་ཐཱ་ག་ཏ། སརྦ་ཛྙཱ་ནཱ་པ་ཡ་ཏི་སྭཱ་ཧཱ། བསམ་གཏན་གྱི་སྙིང་པོ་འདི་ལན་ཅིག་ཐོས་པས་བསམ་གཏན་ཐོབ་པར་འགྱུར་རོ། །ནམཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་བི་མ་ལེ། ནི་ར་མ་ལེ། དྷྱཱ་ནེ་དྷྱཱ་ནེ། དྷྱཱ་ན་པྲི་ཡེ་
ཧཱུྃ་ཕཊ། ཤེས་རབ་ཀྱི་སྙིང་པོ་འདི་ལན་ཅིག་ཐོས་པས་ཤེས་རབ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཡ། ཨ་པ་རི་མི་ཏ་ཛྙཱ་ན་གོ་ཙ་རཱ་ཡ། ན་མོ་བྷ་ག་བ་ཏེ། ཛྙཱ་ན་པཱ་ར་མི་ཏཱ་ཡཻ། ཛྙཱ་ནཱཾ་ནེ་ཀུ་རུ་ཀུ་རུ་བི་གཱ་ན་ཏ་ཐཱ་ག་ཏ་སྱ།
ས་མ་ཡ་མ་ནུ་སྨ་ར། ཧི་ཧི་ཧི་ཧི། ཛྙཱ་ཛྙཱ་ཛྙཱ་ཛྙཱ་ཧཱུྃ་ཧཱུྃ་ཕཊ། ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ།། ༄༅། །ཕ་རོལ་ཏུ་ཕྱིན་པ་བཅུའི་སྙིང་
པོ་འདི་ལན་ཅིག་ཐོས་པས་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀཱ་ནཱཾ་ཧཱཾ། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་པའི་གཟུངས་རྫོགས་སྷོ།། །།

༄༅། །འདི་ལན་ཅིག་བརྗོད་པས་བྱམས་པ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ཀཱ་རུ་ཎེ། ཀཱ་རུ་ཎྱ་ཙིཏྟ་མུཏྤཱ་ད་ཡ། བྷ་ག་བ་ཏི་སརྦ་བྷ་ཡཾ་མེ་ནཱ་ཤ་ཡ་སྭཱ་ཧཱ། འདི་ལན་ཅིག་བརྗོད་
པས་སྙིང་རྗེ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མོ་བྷ་ག་བ་ཏི་སརྦ་ས་ཏྲ་པྲི་ཡེ་ཧཱུྃ་མུ་དི་ཏེ་སྭཱ་ཧཱ། འདི་ལན་ཅིག་བརྗོད་པས་དགའ་བ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་ཙིནྟྱ་བི་ཤཱ་ནཱི། ཨོྃ་ཏུ་རུ་ཏུ་རུ་
ཏྲཾ། ཧུ་ལུ་ཧུ་ལུ། མུ་ལུ་མུ་ལུ་སྭཱ་ཧཱ། འདི་ལན་ཅིག་བརྗོད་པས་བཏང་སྙོམས་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ། ཨ་ནུ་ག་ཏེ་ཨོྃ་ཀུ་རུཾ་གི་ནི་སྭཱ་ཧཱ། ཚད་མེད་པ་བཞི་ཐོབ་པར་འགྱུར་བའི་གཟུངས་རྫོགས་
སྷོ།། ༄༅། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་མུ་ནི་དྷརྨེ། སཾ་གྲ་ཧ་དྷརྨེ། ཨ་ནུ་གྲ་ཧ་དྷརྨེ། བི་མུཀྟི་དྷརྨེ། ས་དཱ་ཨཱ་ནུ་གྲ་ཧ་དྷརྨེ་བཻ་ཤྲ་བ་ཎ་པ་རི་བརྟི་ཏ་དྷརྨེ། སརྦ་ཀཱརྱ་
བ་རེ་པྲ་མ་ཎ་དྷརྨེ། ས་མ་ཏཱ་པ་རི་བརྟན་དྷརྨེ་སྭཱ་ཧཱ། ཨོྃ་པྲཛྙེ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་དྷཱིཿདྷར་ཎཱི་ཡེ་སྭཱ་ཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་གཟུངས་
རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོྃ་ནྠཱཾ། ན་མཿསརྦ་བུད་ངྷཱ་ནཱཾ། ཨོྃ་མཱྃ། བྷཱུྃ་མཱུྃ། ཏདྱ་ཐཱ། ཨོྃ་བྷཱུྃ། འདི་བཟུང་བས་འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་རོ། །འདྲི་བ་དང་ཀློག་པ་ཡང་དེ་དང་འདྲའོ། །
འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ནམཿས་མནྟཱ་བུཛྙཱ་ནཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཀི་ཎི་ཀི་ཎི། ཏ་ཐཱ་ག་ཏ། ཨུད་བྷ་བ་

ཤཱནྟེ་བར་དེ། ཨུཏྟ་མ་ཨུཏྟ་མ། ཏ་ཐཱ་ག་ཏ། ཨུད་བྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོ་ཐམས་ཅད་རྫོགས་པར་བཀླགས་ཤིང་ཁ་ཏོན་དུ་བྱས་པར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དཀྱིལ་
འཁོར་དང་དམ་ཚིག་ཤེས་པར་འགྱུར་རོ། །ཕྱག་རྒྱ་རྣམས་ཀྱང་ཤེས་པར་འགྱུར་རོ། །འཕགས་པ་སྡོང་པོ་བཀོད་པའི་སྙིང་པོ་རྫོགས་སྷོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་
ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོྃ་དྷུ་ན་དྷུ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་རོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་བའི་གཟུངས་རྫོགས་སྷོ།། །།
༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ནས་ཐོགས་མེད་སྟོན་ལ་ཕྱག་འཚལ་ལོ། །ཨོྃ་པི་ཤུ་ནེ་སྭཱ་ཧཱ། འདི་བཟུང་ན་འཕགས་པ་རྨ་བྱ་ཆེན་མོ་གཟུང་བར་འགྱུར་རོ། །འཕགས་པ་རྨ་བྱ་ཆེན་མོའི་སྙིང་པོ་རྫོགས་སོ།། །།
༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོྃ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་མ་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་རོ། །འཕགས་
མ་སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ།། ༄༅། །འཕགས་པ་ལང་ཀར་གཤེགས་པ་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ་སྔགས་ཀྱི་ཚིག་འདི་དག་བཤད་པར་བྱའོ། །ཏདྱ་ཐ། ཨོྃ་པདྨེ་པདྨེ་དེ་བཻ། ཧི་ནེ་
ཧི་ནེ་ཧི་ནེ། ཙུ་ལུ་ཙུ་ལུ་ཙུ་ལུ། ཧུ་ལེ་ཧུ་ལེ་ཧུ་ལེ། ཡུ་ལེ་ཡུ་ལེ་ཡུ་ལེ། པ་ལེ་པ་ལེ་པ་ལེ། མུྃ་ཙྪི་ད་ན་དེ། བྷི་ན་དེ་བྷན་ཛྭེ། མན་དེ་བྲ་མ་དེ། དི་ན་ཀ་ར་སྭཱ་ཧཱ། བློ་གྲོས་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་སྔགས་ཀྱི་ཚིག་འདི་དག་འཛིན་པ་དང་།

འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ན། ལྷའམ། ལྷ་མོའམ། ཀླུའམ། ཀླུ་མོའམ། གནོད་སྦྱིན་ནམ། གནོད་སྦྱིན་མོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོའམ། ནམ་མཁའ་ལྡིང་ངམ། ནམ་
མཁའ་ལྡིང་མོའམ། མིའམ་ཅིའམ། མིའམ་ཅི་མོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་མོའམ། དྲི་ཟའམ། དྲི་ཟ་མོའམ། འབྱུང་པོའམ། འབྱུང་མོའམ། གྲུལ་བུམ་མམ། གྲུལ་བུམ་མོའམ། ཤ་ཟའམ། ཤ་ཟ་
མོའམ། གནོན་པོའམ། གནོན་མོའམ། བརྗེད་བྱེད་དམ། བརྗེད་བྱེད་མོའམ། སྲིན་པོའམ། སྲིན་མོའམ། ཕྲ་མན་ཕོའམ། ཕྲ་མན་མོའམ། མདངས་འཕྲོག་ཕོའམ། མདངས་འཕྲོག་མོའམ། ལུས་སྲུལ་པོའམ། ལུས་
སྲུལ་མོའམ། མིའམ། མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །གསང་སྔགས་ཀྱི་ཚིག་འདི་དག་ཀློག་པར་བྱེད་པ་དེས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་རོ། །སྔགས་ཀྱི་ཚིག་འདི་དག་ནི་
བཅོམ་ལྡན་འདས་ཀྱིས་སྲིན་པོ་ལ་སོགས་པ་རྣམས་བཟློག་པའི་ཕྱིར་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས་སྔགས་རྫོགས་སྷོ།། །།