Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 094_རྒྱུད་འབུམ།_ཚ
Văn bản gốc(Tây Tạng)
Trang 3 / 17 (50.000 ký tự/trang)
བར་འགྱུར་རོ། །ལོ་སྟོང་ཕྲག་གཉིས་སུ་འཚོ་བར་འགྱུར་རོ། །མིག་སྨན་དང་། ལྡོང་རོས་དང་། འོ་མ་དང་། པདྨ་གེ་སར་མཉམ་པར་འགྲོ་བའི་རྫས་མཉམ་པར་བྱས་ཏེ། ལྕགས་གསུམ་གྱིས་དཀྲི་བར་བྱའོ། །རྒྱལ་ལ་སྦྱོར་བ་རྣམ་པར་ཤེས་པར་བྱ་ཞིང་། དེ་ནས་བསྒྲུབ་པར་བྱ་ཞིང་། ཤ་ཟ་སྒྲུབ་པར་འདོད་པས་དུར་ཁྲོད་དུ་བ་ལང་གི་པགས་པའི་ཚད་ཙམ་གྱི་དཀྱིལ་ འཁོར་ཉེ་བར་ཕྱུག་པ་བྱས་ནས་ཤ་དང་ཆང་ལ་སོགས་པའི་གཏོར་མ་བྱས་ཏེ། ཁ་ཤར་དུ་ཕྱོགས་པར་མིའི་སྐྲ་ལ་ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཤ་ཟ་ཐམས་ཅད་འོང་སྟེ། འཇིགས་པར་མི་བྱ་ཞིང་སྲུང་བར་ཡང་མི་བྱ་བར་འདི་སྐད་ཅེས་བརྗོད་པར་བྱའོ། ། བདག་གི་དབང་དུ་གྱུར་ཅིག་ཅེས་བརྗོད་པ་དང་། དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་པ་དང་མི་སྣང་བར་འགྱུར་རོ། །ཉི་མ་རེ་རེ་ལའང་དོང་ཙེ་ལྔ་ལྔ་སྟེར་བར་བྱེད་དེ། དེ་རྣམས་ཀྱང་ཟད་པར་བྱའོ། །དུར་ཁྲོད་དུ་ཡི་དགས་དྲི་མེད་ཉིད་ཀྱི་མིང་ནས་སྨོས་ པ་དབང་དུ་འགྱུར་རོ། །དུར་ཁྲོད་དུ་གཟུགས་བརྙན་བྱས་ནས་རྐང་པ་ལ་ཕུར་བུས་གདབ་པར་བྱའོ། །དེ་ནས་རིག་པ་བཟླས་པར་བྱའོ། །དེ་ལ་ཡང་བ་ལང་གི་པགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་ཉེ་བར་བྱུགས་ནས་མཆོད་པ་རྒྱ་ཆེན་པོ་བྱས་ནས་རིག་ པ་འབུམ་བཟླས་པར་བྱའོ། །དུར་ཁྲོད་དུ་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཉི་མ་བདུན་དུ་མཚན་མོ་སྦྱིན་སྲེག་བྱའོ། །ཉི་མ་རེ་རེ་ལ་དངུལ་ལྔ་ལྔ་སྦྱིན་པར་བྱེད་དོ། །ཀུ་མུ་ཏ་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་ངེས་པར་མཐོང་ངོ་། ། དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བརྙན་བྱས་ཏེ་དེ་ལ་ཉེ་བར་འདུག་ནས་ཨརྒའི་ཤིང་ལ་མེ་སྦར་ནས་དྲི་ཞིམ་པོའི་ཏིལ་མར་གྱིས་བཏགས་པའི་སྣ་མའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་མི་སྣང་བར་འགྱུར་རོ། །ཆོ་ག་འདི་ཁོ་ནས་མིང་ནས་སྨོས་ན་ལཱནྫའི་རྒྱལ་པོ་དང་བློན་པོར་ འགྱུར་རོ། །བུད་མེད་དབང་དུ་བྱེད་ན་ཨ་ཏི་མུཀྟའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་ཏེ། ཉི་མ་བདུན་ནས་ཡིད་ཀྱིས་གང་གི་ཚེ་བསམས་པ་དེའི་ཚེ་འོང་ངོ་། །དུར་ཁྲོད་དུ་སོང་ནས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ། ཤ་ཆེན་གྱིས་སྦྱིན་སྲེག་བྱས་ནས་ཉི་མ་བདུན་པ་ལ་ཤ་ ཟས་ཟིན་པ་རྣམས་བལྟས་པས་ཐར་བར་འགྱུར་རོ། །དུར་ཁྲོད་དུ་ཤ་ཆེན་གྱིས་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་ཤ་ཟ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །ནེ་ལེའི་སྤུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །དུར་ཁྲོད་དུ་བཤང་བའི་སྦྱིན་ སྲེག་བྱས་ན་སྲུལ་པོས་ཟིན་པ་རྣམས་ཡིད་ཀྱིས་ཀྱང་ཐར་རོ། །ཁྲག་གིས་སྦྱིན་སྲེག་བྱས་ན་མཁའ་འགྲོ་མ་རྣམས་དབང་དུ་འགྱུར་རོ། །དུར་ཁྲོད་དུ་བོཌྜ་ཀའི་སྦྱིན་སྲེག་བྱས་ནའང་ཤ་ཟ་མི་འོང་ངོ་། །སྦྲུལ་གྱི་ཤུན་པའི་སྦྱིན་སྲེག་བྱས་ན་སྦྲུལ་རྣམས་འབྲོས་པར་བྱེད་དོ། །དེ་ནས་ སྒྲུབ་པ་པོས་གཏོར་མ་བྱས་ནས་ཨརྒའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྣམ་པར་འགྱུར་བའི་གཟུགས་ཅན་གྱི་གནོད་སྦྱིན་མ་འོང་བར་འགྱུར་ཏེ་འཇིགས་པར་མི་བྱ་བར་རིག་པ་དྲན་པས་སྟོད་ཅིག་སྟོང་ཅིག་ཅེས་སོ། །དེ་དེའི་ཚེ་མཆོག་གསུམ་པོ་རྣམས་ཀྱི་གཅིག་ འདམ་དུ་སྩལ་ཏེ། མ་དང་། སྲིང་མོ་དང་། ཆུང་མར་འགྱུར་བའོ། །མ་ནི་བུའི་བྱ་བ་ཐམས་ཅད་བྱེད་དོ། །སྲིང་མོ་ནི་ཉི་མ་རེ་རེ་ལ་དོང་ཙེ་རེ་སྟེར་བར་བྱེད་དོ། །ཆུང་མ་ནི་དེ་དང་ལྷན་ཅིག་རྩེ་བར་བྱེད་དེ། ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །གང་གི་ཚེ་རིག་པ་འཛིན་པ་ཉམས་པ་ དེའི་ཚེ་འདི་བྱའོ། །མཚན་མོ་གཙང་མས་གོས་གཙང་མ་བགོས་ཏེ། བསྲུང་བ་བྱས་པས་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་ཤར་དུ་ཕྱོགས་པས་རིག་པའི་ ལྷ་ཐམས་ཅད་ལ་བདུག་སྤོས་ཕུལ་ནས་རིག་པ་འཛིན་པས་དུག་ལ་ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཀུ་ཤ་བཏིང་བ་ལ་ཉལ་ལོ། །གལ་ཏེ་གཞོན་ནུ་མདུང་ཐུང་ཐོགས་པ་མཐོང་ན་དེའི་ཚེ་དྲི་ཟས་རྫས་ཉམས་པར་བྱས་པའོ། །གང་གི་ཚེ་བྲམ་ཟེ་མཐོང་ ན། དེའི་ཚེ་ལྷ་རྣམས་ཀྱིས་ཉམས་པར་བྱས་པར་འགྱུར་རོ། །གང་གི་ཚེ་རྡོ་རྗེ་སྡེ་མཐོང་ན་དེའི་ཚེ་རྡོ་རྗེའི་རིགས་ཀྱིས་རྫས་ཉམས་པར་བྱས་པར་འགྱུར་རོ། །གང་གི་ཚེ་དགའ་བ་མཐོང་ན་དེའི་ཚེ་ནམ་མཁའ་ལྡིང་གིས་ཉམས་པར་བྱས་པའོ། །གང་གི་ཚེ་ལྷ་མིན་ རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་རྒྱུ་མི་མཐོང་ངོ་། །གང་གི་ཚེ་ཀླུ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་སྤོས་ཀྱི་གླང་པོའི་རྒྱལ་པོ་མཐོང་ངོ་། །གང་གི་ཚེ་ཕ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་མཐོང་ངོ་། །གང་གི་ཚེ་མི་གཙང་བས་ཉམས་པར་བྱས་པ་ དེའི་ཚེ་གླང་པོའི་པགས་པ་གྱོན་པའི་དབང་ཕྱུག་ཆེན་པོ་མཐོང་ངོ་། །གང་གི་ཚེ་གནོད་སྦྱིན་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་ནོར་བུ་བཟང་པོ་མཐོང་ངོ་། །གང་གི་ཚེ་ཤ་ཟ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་སྐྱེས་བུ་གཅེར་བུ་མཐོང་ངོ་། །གང་གི་ཚེ་འབྱུང་པོ་ རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་སྤྲིན་མཐོང་ངོ་། །ཨརྒའི་ཡམ་ཤིང་གིས་མེ་སྦར་ནས་མར་དང་སྦྲང་རྩིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །སྦྱིན་སྲེག་ཡོངས་སུ་རྫོགས་པ་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །དྲི་ཟ་རྣམས་ཀྱི་སྦྱིན་སྲེག་ནི་ རྣམ་པར་དབེན་པའི་ཕྱོགས་སུ་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་བཅོམ་ལྡན་འདས་ལ་གཏོར་མ་ཡང་ཕུལ་ནས། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཀཱ་མཱ་ཛའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ བྱའོ། །སྦྱིན་སྲེག་ཡོངས་སུ་རྫོགས་པ་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །རྡོ་རྗེའི་རིགས་ལ་ཡང་སྦྱིན་སྲེག་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་། བཅོམ་ལྡན་འདས་ལ་ཡང་གཏོར་མའི་ཆོ་ག་བྱས་ལ། དེ་ནས་སྒྲུབ་པ་པོས་ཁ་ཤར་དུ་ཕྱོགས་ལ་གུ་གུལ་གྱི་རིལ་བུས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །ནམ་མཁའ་ལྡིང་རྣམས་ལ་དུར་ཁྲོད་དུ་མཎྜལ་ལ་ཉེ་བར་བྱུགས་པ་བྱས་ནས་མཆོད་པ་དང་། གཏོར་མ་ཡང་ཇི་ལྟར་འབྱོར་པ་བྱ་སྟེ་ཀ་ར་བཱི་རའི་མེ་ ཏོག་ལ་སོགས་པའི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །ལྷ་མ་ཡིན་རྣམས་ཀྱི་སྦྱིན་སྲེག་ནི་དབང་ཕྱུག་ཆེན་པོ་ལ་དྲི་སྣ་ཚོགས་ཀྱིས་མཆོད་པ་དང་། བཅོམ་ལྡན་འདས་ལ་ཡང་གཏོར་མ་བྱས་ནས་གཡས་ཀྱི་ལུས་ལ་ཤར་ དུ་ཕྱོགས་པས་ཀ་ར་བཱི་རའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །མ་མོའི་སྦྱིན་སྲེག་ནི་སྨིན་པའི་ཟས་དང་། ཤའི་གཏོར་མ་ཕུལ་ནས་ཕག་པའི་རུལ་མ་ལ་ཆང་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ ཕྱིན་པར་འགྱུར་རོ། །གནོད་སྦྱིན་རྣམས་ཀྱི་སྦྱིན་སྲེག་བྱ་བ་ནི་ཕྱག་ན་རྡོ་རྗེའི་སྤྱན་སྔར་རྣམ་པ་སྣ་ཚོགས་པའི་གཏོར་མ་ཕུལ་ནས་ཁ་ཤར་དུ་ཕྱོགས་པས་ཨརྒའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །ཤ་ཟ་རྣམས་ཀྱི་སྦྱིན་སྲེག་ནི་དུར་ཁྲོད་ དུ་དཀྱིལ་འཁོར་ཉེ་བར་བྱུག་པ་བྱས་ནས་ཏིལ་གྱི་ཏིལ་མར་གྱིས་བཏགས་པའི་ནི་མ་པའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །འབྱུང་པོ་རྣམས་ཀྱི་སྦྱིན་སྲེག་ནི་དུར་ཁྲོད་ཀྱི་ཐལ་བས་དཀྱིལ་འཁོར་ཉེ་བར་བྱུགས་ནས་གཏོར་མ་ཡང་ཅི་འབྱོར་ པ་ཕུལ་ཏེ་བ་ལང་གི་ཤའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །ཡི་དགས་རྣམས་ལ་ནཱི་མ་ལའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་མ་མོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་ཀྱིས་གསུངས་པའི་མཚན་ཉིད་ཀྱི་ལེའུ་བཅུ་པ་རྫོགས་སོ།། །།མ་བསྒྲུབས་པར་ཡང་ལས་སུ་འགྱུར་ཏེ། ཆར་མ་བབས་པ་ལ་ཆུར་ཞུགས་ཏེ་རིག་པ་བཟླས་ན་ཉི་མ་བདུན་གྱིས་ཆར་འབབ་བོ། ། ཁུ་བ་འཆིང་བ་ལ་སྲད་བུས་སོ། །མྱོས་པ་རྣམ་པར་འཇོམས་པ་རྣམས་ལ་དུར་ཁྲོད་ཀྱི་ཐལ་བས་སོ། །བསུད་པ་ལ་ནི་རྒྱ་སྐྱེགས་ཀྱིས་སོ། །གཟེར་གྱིས་ཉམ་ཐག་པ་ལ་ཨརྫ་ནས་ཟུག་རྔུ་དང་བྲལ་བར་བྱེད་དོ། །ཏིལ་གྱི་ཏིལ་མར་གྱིས་བྱ་རྒོད་དང་གཅོད་པར་བྱེད་ཆུ་གྲི་ དང་གསུམ་གྱིས་མཆེ་བ་འཇུག་པར་བྱེད་དོ། །གུ་གུལ་གྱི་བདུག་པས་གནས་ནས་སྐྲོད་པར་བྱེད་དོ། །འདི་རྣམས་མ་སྒྲུབ་པར་ཡང་བྱེད་དོ། །བཅོམ་ལྡན་འདས་མ་འདི་ཉིད་ཀྱིས་ཐམས་ཅད་བསྒྲུབ་པར་བྱའོ། །དཔེར་ན་འདི་བདག་དཔེའི་དོན་དུ་འཆང་བར་བྱེད། ཀློག་ པར་བྱེད་པ་དེ་བཞིན་དུ་འདི་ཡང་གཙང་མ་བགོས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བཀླག་པར་བྱ་སྟེ། ཆོ་ག་འདི་ཉི་མ་བདུན་དུ་བཀླག་པར་བྱས་ན་ཞི་བར་འགྱུར་རོ། །ཆར་ཆེས་ན་གྲོག་མཁར་ལ་འཛེགས་ཏེ་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་ཉེ་བར་བཟླས་ན་དེ་ནས་ཉེ་ བར་ཞི་བར་འགྱུར་རོ། །དྲི་དང་། མེ་ཏོག་དང་། བདུག་པ་གང་ལ་སྦྱིན་པར་བྱ་སྟེ་རིག་པ་ཐམས་ཅད་འགུགས་པ་དང་། འཆིང་བ་དང་། རེངས་པ་དང་། གཅོད་པ་དང་། རིག་པ་ཐམས་ཅད་གསོད་པ་དང་། གདུག་པའི་ཡིད་སྐྲག་པ་དང་། ཁ་འཆིང་བར་བྱེད་དོ། །དེས་འདིའི་ ལས་བྱ་སྟེ་གུར་གུམ་གྱི་ཆུས་རྨོངས་པར་བྱེད་དོ། །སེར་མོས་སྦྲུལ་འགུགས་པར་བྱེད་དོ། །ཡུངས་ཀར་དང་། པདྨའི་རྩ་བ་ལས་སྐྱེས་པ་དང་། མེ་ཏོག་བཟང་པོ་རྣམས་ཀྱིས་འབྱིན་པར་བྱེད་དོ། །བདུག་སྤོས་ཀྱིས་སྨྲ་བར་བྱེད་དོ། །ཀར་བཱི་རའི་མེ་ཏོག་གིས་དཀྱིལ་འཁོར་ དུ་འཇུག་པར་བྱེད་དོ། །ཨ་ག་རུའི་བདུག་པས་འཕྲལ་དུ་བདུག་པ་དང་། བཅོམ་ལྡན་འདས་མའི་ལས་སྟོང་རྩ་བརྒྱད་པོ་འདི་རྣམས་རབ་ཏུ་སྦྱར་བར་བྱ་སྟེ་ཡམ་ཤིང་གི་མཚན་ཉིད་འཆད་པར་འགྱུར་བ་རྩ་བ་དང་། རྐེད་པ་དང་། རྩེ་མོ་ཡང་བསྐྲད་པའི་དོན་གྱིས་སྡོང་ བུ་དང་རྩ་བས་སྦྱིན་སྲེག་བྱའོ། །རྐེད་པས་ནི་ནོར་འདོད་པས་སོ། །རྩེ་མོས་ནི་ཞི་བ་ཅན་དང་རྒྱས་པ་ཅན་ལའོ། །ནོར་འདོད་པས་ཐོ་རངས་ཀྱི་དུས་སུ་གནོད་སྦྱིན་ཡོངས་སུ་རྒྱུ་བར་བྱེད་དོ། །དེས་ན་དེའི་ནོར་སྦྱིན་པའི་ལས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །བསྒྲད་པར་འདོད་པས་ བར་དུ་གནས་པས་མཚན་མོའི་སྔ་མ་ལ་རྩ་བའི་སྦྱིན་སྲེག་བྱའོ། །སྡིགས་མཛུབ་ཀྱི་ཚད་ཙམ་ལ་དུག་དང་ཁྲག་གིས་བཏགས་པས་དུར་ཁྲོད་ཀྱི་མེ་ལ་སྦྱིན་སྲེག་བྱའོ། །མཚན་མོ་ཕྱེད་ནས་ཡི་དགས་རབ་ཏུ་རྒྱུ་སྟེ། དེས་དེ་ལས་མངོན་སྤྱོད་ཀྱི་ལས་རབ་ཏུ་བསྒྲུབ་པར་བྱའོ། ། སྒྲུབ་པ་ཆེན་པོ་ལ་ཁྲུའི་ཚད་ཀྱི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པས་ཁ་ཤར་དུ་ཕྱོགས་པས་སྦྱིན་སྲེག་བྱའོ། །དེས་སྒྲུབ་པ་པོ་དེའི་སྒྲུབ་པ་ཆེན་པོ་སྒྲུབ་པར་བྱེད་དོ། །དབང་དུ་བྱེད་པ་ལ་བྱང་ཆུབ་ཀྱི་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག་བྱའོ། །སྡིགས་ མཛུབ་ཀྱི་ཚད་ཙམ་འདིས་སོ། །ཉིན་ཞག་བདུན་དུ་ཉི་མ་འཆར་ཀར་ཨ་བཱ་མརྒའི་ཡམ་ཤིང་ཁྲག་གིས་བཏགས་པའི་སྦྱིན་སྲེག་བྱས་ན་འཆི་བར་འགྱུར་རོ། །རྣམ་པ་གཞན་དུ་མ་ཡིན་ནོ། །ནད་བསྐྱེད་པར་འདོད་ན་པཱ་ནཱ་ཡའི་རིལ་མའི་སྦྱིན་སྲེག་ཉི་མ་བདུན་དུ་བྱས་ན་ནད་སྐྱེད་པར་ བྱེད་དོ། །མིང་ནས་སྨོས་ནས་སྒྲུབ་པར་འགྱུར་ཏེ། རབ་ཏུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོའི་ལེའུ་བཅུ་གཅིག་པའོ།། །།དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་བཅོམ་ལྡན་འདས་མའི་ཆོ་ག་ གསུངས་སོ། །སྒྲུབ་པ་པོས་ཕུག་གི་སྒོ་རུ་དུར་ཁྲོད་དུ་གོས་གཙང་མ་བགོས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཕུག་གི་སྒོ་ལ་མངོན་པར་ཕྱོགས་ནས་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ། ཐམས་ཅད་གནས་ནས་འབྱེར་ བར་འགྱུར་རོ། །དོགས་པ་མེད་པར་རབ་ཏུ་འཇུག་པར་བྱ་སྟེ། ལྷ་མ་ཡིན་སེལ་བ་ཞེས་བྱ་བའི་རིག་པ་དྲན་བཞིན་པས་རབ་ཏུ་བླང་བར་བྱའོ། །བུད་མེད་ལ་དགའ་བ་དང་བཅས་པས་ཡོངས་སུ་བཟླས་ནས་གཏོགས་པར་བྱ་སྟེ་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ གསུམ་པོས་འདི་བྱེད་པར་འདོད་པས་རིའི་རྩེ་མོར་འཛེགས་ཏེ་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་བ་ལང་གི་པགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་ལ་ཙནྡན་དམར་པོས་ཉེ་བར་བྱུགས་ཏེ་སྲུང་བ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཕུག་གི་སྒོ་ ལ་མངོན་པར་ཕྱོགས་པས་རིག་པ་སྙིང་པོ་མཉམ་པར་འགྲོ་མས་ཨ་པཱ་མརྒའི་ཡམ་ཤིང་ལ་དུག་དང་ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བཅུ་བྱའོ། །དེ་ནས་སྦྱིན་སྲེག་ཡོངས་སུ་རྫོགས་པ་ནས་ཐལ་བ་ལ་ཡོངས་སུ་བཟླས་ནས་གཏོར་བར་བྱའོ། །གསུམ་པོ་འདིར་འགྱུར་ ཏེ་དོགས་པ་མེད་པར་རབ་ཏུ་འཇུག་པར་བྱ་ཞིང་ལྷ་མ་ཡིན་གྱི་བུ་མོ་དེས་མཐོང་ནས་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པའི་རྫས་ཏེ་བླང་བར་བྱ་སྟེ། གང་འདོད་པ་དེ་རིག་པས་མངོན་པར་བསྔགས་ནས་བླང་བར་བྱའོ། །འཁོར་ལོས་སེམས་ཅན་ཐམས་ཅད་དང་རིག་ པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །ཉི་མ་ཟླ་བ་དང་སྐར་མ་གནས་ཀྱི་བར་དུ་འགྱུར་རོ། །དེ་བཞིན་དུ་ལྡོང་རོས་དང་། བེ་ད་དང་། དགྲ་སྟ་དང་། པཊྚ་ཀ་དང་། ཤཀྟི་སྟེ་མདུང་ཐུང་དང་། རལ་གྲི་དང་། རལ་གྲིའི་ཡུ་བ་དང་། མཆིལ་ལྷམ་དང་། གྲི་དང་། སྲད་བུ་དང་། མཆོད་ཕྱིར་ཐོགས་དང་། བགྲང་ཕྲེང་དང་། ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་རྣམས་ཀྱིས་ཟླ་བ་ཉི་མ་དང་། སྐར་མའི་བར་དུ་འཚོ་བར་བྱེད་དོ། །བཅོམ་ལྡན་འདས་མ་དང་། དེ་བཞིན་གཤེགས་པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་རྣམས་སུ་ལ་ཡང་ཕྱག་འཚལ་བར་མི་བྱེད་པ་མ་གཏོགས་ལྷའི་འཁོར་ལོས་སྒྱུར་བར་འགྱུར་རོ། །དེ་ནས་རྣམ་པ་གཞན་ནི་བཅོམ་ལྡན་འདས་མའི་སྔགས་འདི་རྣམས་ཐམས་ཅད་བགགས་པར་བྱེད་པ་ནི་ཡུངས་ཀར་གྱིས་སོ། ། དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་དམ་པ་མཆོག་ཏུ་གསང་བ་གསུངས་པ། ལྷ་མ་ཡིན་གྱི་བུ་གའི་སྒོར་སོང་ནས་འོ་མ་དང་ནས་ཟན་ཟ་བས་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འབུམ་བཟླས་པར་བྱའོ། །ལྷ་མ་ཡིན་ གྱི་བུ་མོ་མཐོང་བར་འགྱུར་རོ། །དེ་རྣམས་རལ་གྲི་སྦྱིན་པའམ། གྲུབ་པའི་རྫས་གཞན་སྣང་བར་བྱེད་དེ། དེ་བླངས་པས་རིག་པ་འཛིན་པ་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། །ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་བཤད་པའི་བཅོམ་ལྡན་འདས་མ་རིག་པའི་རྒྱལ་ མོ་ཆེན་མོའི་ལེའུ་བཅུ་གཉིས་པའོ།། །།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ལས་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོའི་སྐྱེད་པར་བྱེད་པའི་གསང་ཆེན་ཞེས་པའོ། །དེ་ནས་ཡང་སེམས་དཔའ་ཆེན་པོས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་ འཁོར་ལ་གཟིགས་ནས་བསམ་པ་རྣམ་པར་དག་པས་འདིར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ་པའི་དོན་དུ་རྟོག་པའི་རྒྱལ་པོས་རིག་པའི་སྔགས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་གསུངས་སོ། །བར་སྐབས་ འདིར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་ཀའི་ཕྱོགས་ནས་བདུད་རྩི་ཐམས་ཅད་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་འོད་ཟེར་བྱུང་བར་གྱུར་ཏོ། །འོད་ཟེར་དེས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཡོངས་སུ་བསྐོར་ནས་སེམས་ ཅན་རྣམས་སྣང་བར་བྱས་ཏེ་སླར་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་ནུབ་པར་གྱུར་ཏོ། །བར་སྐབས་འདིར་གསུངས་པར་གྱུར་པ་དེ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ་ཨཱ་རོ་ལི་ཀ །འདི་ནི་ མཆོག་གི་སྙིང་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེ་ཡིན་ཏེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ་པའི་ཆོ་ག་གདོན་མི་ཟ་བར་ཁོ་ནར་སྒྲུབ་པ་པོ་རབ་ཏུ་སྦྱར་བར་བྱའོ། །དོན་མེད་པ་ཐམས་ཅད་ཟློག་པར་བྱེད་པ། སྡིག་པ་ཐམས་ཅད་ཟད་པར་ བྱེད་པ། བཀྲ་ཤིས་རབ་ཏུ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པ། དེའི་སྔགས་སོ། །ཐོ་རངས་སྟན་ལས་ལངས་ནས་གཙང་མར་གྱུར་པས་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་བསྔགས་ཏེ་ཤར་དུ་མངོན་པར་ཕྱོགས་ཏེ་བཏུང་བར་བྱའོ། ། ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར་རོ། །བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོར་ཞི་བ་ཅན་གྱིས་ལས་ཐམས་ཅད་འགྲུབ་པར་བྱེད་དོ། །ཉེ་བར་གནོད་པ་མེད་པར་དྲན་པར་འགྱུར་ཞིང་སྟོབས་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། ལྷ་རྣམས་ཀྱིས་ བྱིན་གྱིས་བརླབས་པར་འགྱུར་རོ། །དེ་བཞིན་དུ་རྒྱས་བ་ཅན་ནི་ཉི་མ་གཞན་ལ་འདི་རྣམས་བྱའོ། །བར་མ་ལ་མངོན་སྤྱོད་ཅན་བརྞ་ཏ་རབ་ཏུ་འཇུག་པ་ལ་མིང་མེད་ཀྱི་སོར་མོ་ལན་བདུན་མངོན་པར་བསྔགས་པར་བྱའོ། །ཞི་བ་ཅན་དང་རྒྱས་པ་ཅན་ལ་ཡང་ངོ་། །མངོན་ སྤྱོད་ཅན་ལ་སྡིགས་མཛུབ་ལ་བཟླས་པ་ཉིད་ཀྱིས་དེ་བརྩམ་པར་བྱའོ། །གང་ལ་ལ་རྣམ་པ་དེ་ལྟའི་ཆོ་ག་བྱེད་པ་དེ་ལ་དངོས་གྲུབ་འབྱུང་བར་འགྱུར་རོ། །བཟླས་པའི་དུས་སུ་བདག་ཉིད་ཀྱི་སྙིང་གར་འདིས་མངོན་པར་བསྔགས་པར་བྱའོ། །དེའི་དངོས་གྲུབ་ངེས་པར་བརྗོད་དོ། ། སྒྲོལ་མའི་ཆེད་དུ་སྒྲུབ་པ་ནི་ངེས་པར་མྱུར་བར་བཤད་པ་དེ་བཞིན་དུ་བྱའོ། །སྒྲུབ་པ་པོ་བློ་དང་ལྡན་པས་རིག་པ་ཐམས་ཅད་ལ་དེ་བཞིན་དུ་རིག་པའི་རྒྱལ་པོ་སྟོབས་ཆེན་པོ་བདག་གི་སྔགས་ཀྱི་རིག་པ་ཤིན་ཏུ་དགེ་བ་དགའ་བར་རབ་ཏུ་བསྒྲགས་སོ། །སྒྲུབ་པ་པོས་ཀྱང་བདག་ཉིད་ སྲུང་བ་དང་། དག་པ་བྱས་ལ་དེ་རྟག་ཏུ་རིག་པའི་རྒྱལ་པོ་ཆེན་པོ་འདིར་རྟོག་པའི་རྒྱལ་པོ་ཆེན་པོ་འདིར་བཅོམ་ལྡན་འདས་མ་སྒྲོལ་མ་སྒྲུབ་པའི་ཐབས་ཀྱི་ཆོ་ག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོ་གའི་ལས་འགའ་ཞིག་བཤད་པར་བྱའོ། །གང་ལ་ ལ་སྒྲུབ་པ་བྱེད་པར་འགྱུར་བ་དེ་རྣམས་གདོན་མི་ཟ་བར་རིག་པ་འཛིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དཀོན་མཆོག་གསུམ་ལ་མངོན་པར་དང་བས་འབྱུང་བར་བྱའོ། །ཡང་འདིའི་ཆོ་གར་འགྱུར་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། རིའི་རྩེ་མོ་འམ། གཞན་ དུ་ཡང་རུང་སྟེ་གཙང་མའི་ཕྱོགས་སུ་གཟུགས་བརྙན་གྱི་སྤྱན་སྔར་འོ་མ་དང་ནས་ཟན་བཟའ་བའམ། རིག་པ་སོ་སོར་སྒྲུབ་པའི་སྟོན་མོའི་བཟའ་བ་ཡོངས་སུ་སྤངས་ལ་མཆོད་པ་ཡོངས་སུ་རྫོགས་པས་གསོ་སྦྱོང་ལ་གནས་པའམ། གསོ་སྦྱོང་ལ་མི་ གནས་པར་ཡང་རུང་སྟེ་འབུམ་ཕྲག་ཕྱེད་དང་གསུམ་བཟླས་པར་བྱའོ། །སྔོན་སྤྱད་པ་བྱས་པར་འགྱུར་རོ། །མཆོད་པ་བྱས་ནས་བསྙེན་པ་ཡང་ས་གའི་ཉ་འམ་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཉ་ལ་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །སྙིང་པོ་སྒྲུབ་པར་འགྱུར་རོ། །དེ་ ནས་ལས་རྣམས་སུ་འགྱུར་ཏེ། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཉ་ལ་ཨ་ག་རུའི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་ལས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །མེ་ཏོག་སྟོང་ཕྲག་བརྒྱད་རྣམས་ཀྱིས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །མེ་ཏོག་སྟོང་ཕྲག་བརྒྱད་པོ་རྣམས་ ཀྱིས་གཟུགས་བརྙན་ལ་བསྣུན་པར་བྱའོ། །ཡང་ན་སླར་ཡང་མཚན་མོ་ཐམས་ཅད་དུ་བཟླས་ན་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །དེ་ནས་མཐོང་ན་དོང་ཙེ་ལྔ་རྟག་ཏུ་རྙེད་དོ། །མཚན་མོ་བདུན་དུ་ཐུན་མཚམས་གསུམ་དུ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ ཕྲག་བརྒྱད་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །མྱོས་བྱེད་ཀྱི་ཤིང་ལ་གཟུགས་བརྙན་བྱས་ནས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ལ། རྒྱལ་པོའི་ཡམ་ཤིང་གིས་མེ་སྦར་ནས་ཐུར་མས་རྐང་པ་ཕུག་སྟེ་ཐུན་མཚམས་གསུམ་དུ་བརྒྱད་བརྒྱར་སྦྱིན་སྲེག་བྱས་ན་ཉི་མ་གཉིས་པ་ ལ་རྐང་པ་དག་གིས་འོང་བར་བྱེད་དོ། །མྱ་ངན་མེད་པའི་ཤིང་གིས་སོར་མོ་དྲུག་པའི་ཤ་ལ་བྷཉྫི་ཀ་བྱས་ནས་རིའི་རྩེ་མོར་གནས་ཏེ་འོ་མ་དང་ནས་ཟན་བཟའ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་ཟླ་བ་ཉ་ལ་མཆོད་པ་བྱ་སྟེ་མཚན་མོ་གསུམ་སྨྱུང་བར་གནས་ པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཨ་ཤྭཏྠའི་འདབ་མར་བཞག་སྟེ་ཇི་སྲིད་འོངས་པ་དེ་སྲིད་བཟླས་པར་བྱའོ། །ལེགས་པར་འོངས་སམ་ཞེས་བརྗོད་པར་བྱ་ཞིང་མཆོག་སྦྱིན་པར་བྱའོ་ཞེས་ཟེར་ན་ཆུང་མའམ་སྲིང་མོ་འམ་གྲོགས་མོའང་རུང་སྟེ། བདག་ཉིད་དང་ བཅུ་གཉིས་ལ་བཟའ་བ་དང་བགོ་བ་དང་། དོང་ཙེའང་རབ་ཏུ་སྩོལ་བར་བྱེད་དོ། །ལོ་སྟོང་དུ་འཚོ་བར་འགྱུར་རོ། །ཟླ་བ་གཟས་ཟིན་པ་ན་རྒྱུད་མཚུངས་པའི་བའི་མར་སར་བླངས་ནས་སོར་དྲུག་པའི་གཟུགས་བརྙན་བྱས་ཏེ་ཟས་བཞིན་དང་སྨྱུང་བར་གནས་པས་ཨ་ཤྭཏྠའི་ འདབ་མར་བཞག་ནས་ཇི་སྲིད་ཟླ་བ་གྲོལ་གྱི་བར་བཟླས་པར་བྱའོ། །དེ་ལ་དངོས་གྲུབ་རྣམ་པ་གསུམ་སྟེ། དྲོ་བཞིན་པ་ལ་རྐང་པས་རབ་ཏུ་རྒྱུ་བ་དང་། ཚེ་ལོ་ལྔ་བརྒྱ་ཐུབ་པ་དང་། དཔག་ཚད་ལྔ་བརྒྱར་འགྲོ་བར་བྱེད་དོ། །ཐམས་ཅད་དུ་མི་སྣང་བར་གདོན་མི་ཟ་བར་འགྱུར་ རོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བ་དང་། སོར་མོ་ཉི་ཤུ་རྩ་བཞི་པ་ལ་མི་རེག་པ་དང་། ལོ་སྟོང་དུ་འཚོ་བ་དང་། དཔག་ཚད་སྟོང་དུ་འགྲོ་བར་བྱེད་དོ། །སྐྱེས་བུ་བཅུའི་སྟོབས་འབར་ཏེ་ལོ་སྟོང་ཕྲག་གཉིས་སུ་འཚོ་བར་འགྱུར་རོ། །རིག་པ་འཛིན་པ་རྣམས་ཀྱིས་མི་ ཚུགས་སོ། །ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བཅུ་བྱའོ། །སོལ་བའི་དབུས་སུ་དཔལ་ལྷ་མོའི་གཟུགས་པདྨ་ཕྱག་ན་བསྣམས་པ་ཀུན་ཏུ་བཀོད་དོ། །དེ་མཆོག་སྦྱིན་པར་བྱེད་དེ། མ་འམ་སྲིང་མོ་འམ། གྲོགས་མོ་གྱིས་ཤིག་ ཅེས་བྱ་བར་བརྗོད་པར་བྱའོ། །དེས་དོང་ཙེ་སྟོང་སྩོལ་བར་འགྱུར་རོ། །ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གསོ་སྦྱོང་ལ་གནས་པས་འོ་མ་དང་ནས་ཟན་བཟའ་ཞིང་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ནས་སྔར་གྱི་ནས་ཡམ་ཤིང་གི་སྦྱིན་སྲེག་སྟོང་ ཕྲག་བརྒྱད་བྱའོ། །ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ལྟེ་བ་ཙམ་གྱི་ཆུར་ཞུགས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །གཏེར་ཐམས་ཅད་མཐོང་བར་བྱེད་དོ། །འཁྲུལ་འཁོར་ཐམས་ཅད་འགེམས་པར་བྱེད་དོ། །རེངས་པར་བྱེད་དོ། །སྲུང་བར་ བྱེད་དོ། །མི་ཡང་འགུགས་པར་བྱེད་དོ། །ཤི་བ་སོས་པར་བྱེད་དོ། །དུག་མེད་པར་བྱེད་དོ། །ཞི་བར་ཡང་བྱེད་དོ། །འགུགས་པར་བྱེད་དོ། །མོ་གཤམ་ལ་བུ་སྟེར་བར་བྱེད་དོ། །སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་ན་སྡང་བ་གཞན་གྱིས་མི་ཐུབ་པར་ འགྱུར་རོ། །རྒྱལ་པོའི་སྒོར་སྲུང་བ་བྱས་ན་དགྲ་རྣམས་ལ་མཚམས་བཅད་པར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་འབུམ་ཕྲག་དྲུག་བཟླས་པར་བྱའོ། །རས་དཀར་པོས་བགོ་བར་བྱས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་ པར་བྱའོ། །འཁོར་སྟོང་དང་བཅས་པར་འཕུར་བར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་ལས་རྣམས་བྱའོ། །སྟོན་ཀའི་སྤྲིན་ལྟར་དཀར་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རལ་པའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བར་བྱེད་བཞིན་པ་འདི་ལ་མཆོད་པ་ཆེན་པོ་བྱས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཡིད་ཀྱིས་འགྲུབ་བོ། །གཙང་མའི་ཕྱོགས་སུ་ཆུ་ཀླུང་འགྲམ་དུ་གསོ་སྦྱོང་ལ་གནས་པས་མཆོད་རྟེན་རྟེན་ཅིང་འབྲེལ་པར་འབྱུང་བའི་ སྙིང་པོ་ཅན་བྱས་ནས་དེ་ལ་མཆོད་པ་བྱས་ཏེ་སྙིང་པོ་བཟླས་པར་བྱའོ། །བར་མ་སླར་ཡང་མཆོད་རྟེན་བྱས་ནས་ཉི་མ་ནུབ་པ་ནས་ཇི་སྲིད་སྟོང་ཕྲག་བརྒྱད་དེ་སྲིད་དུ་བཟླས་སོ། །དེ་ནས་ཆོ་ག་འདིས་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་དང་ཐབས་ཅིག་ཏུ་བདེ་བ་ཅན་དུ་འགྲོ་བར་བྱེད་ཅིང་སངས་རྒྱས་མཐོང་ངོ་། །བསྐལ་པར་གནས་པར་འགྱུར་རོ། །རིག་པ་འཛིན་པ་རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་བྱེད་ན་ཨ་པ་མརྒའི་ཡམ་ཤིང་ལ་མར་དང་སྦྲང་རྩིས་བཏགས་པའི་ སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །བུད་མེད་དང་སྐྱེས་པ་དབང་དུ་བྱེད་པ་ལ་ཐུན་གསུམ་དུ་གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། །ཨ་ག་རུའི་རིལ་བུས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ། སྐྱེ་བོ་ཐམས་ཅད་ དགའ་བར་འགྱུར་རོ། །རྒྱལ་པོའི་ཁབ་ཏུ་ཡང་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཤུ་དག་ཁར་བཅུག་ནས་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དུ་བཟླས་པར་བྱའོ། །དྲོ་བཞིན་པས་ནི་ཡིད་གཞུངས་ཤིང་དཔའ་བར་བྱེད་དོ། །དུ་བ་འཐུལ་བས་ནི་མི་སྣང་བ་ དང་འབར་བར་བྱེད་དོ། །རིག་པ་འཛིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །སློང་མོ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་དཔའ་བོའི་སྟན་ལ་ཉེ་བར་འདུག་སྟེ་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ ནས་ཡིད་ཀྱིས་འདོད་པའི་དངོས་གྲུབ་འབྱུང་སྟེ་ལྷ་རྣམས་ཀྱིས་ལྷན་ཅིག་གནས་ཤིང་གང་འདོད་པ་དེ་རྙེད་དོ། །དེ་ནས་ཟ་མ་ཏོག་དཀར་པོ་ཡི་གེས་དཀྲིས་པ་ལྡོང་རོས་བཅུག་ནས་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་ཡིད་གཞུངས་པར་ འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བ་དང་འབར་བར་འགྱུར་རོ། །རིག་པ་འཛིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །སློང་མོ་ཟ་ཞིང་མི་སྨྲ་བར་ཀུ་ཤ་བཏིང་བ་ལ་ཉལ་ནས། ནཱ་ག་གེ་སར་ གྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་བདུན་པ་ལ་འདོད་པའི་བུ་མོ་རྙེད་དོ། །མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་བདུན་པ་ལ་མཆོག་ཏུ་ཡིད་གཞུངས་ཤིང་དཔའ་བར་འགྱུར་རོ། །དགའ་བ་འཁྱིལ་པའི་མེ་ཏོག་གིས་སྟོང་ཕྲག་བརྒྱད་ སྦྱིན་སྲེག་བྱས་ན་བུད་མེད་དང་སྐྱེས་པ་རྣམ་པར་ལྡང་བར་འགྱུར་རོ། །དབང་དུ་བྱེད་པ་ལ་ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་གྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ དབང་དུ་འགྱུར་རོ། །སེང་ལྡེང་ལ་ཕུར་བུ་སོར་བཞི་པའི་ཚད་བྱས་ནས་ཕྱོགས་བཞིར་གདབ་པར་བྱས་ཏེ་མཚམས་བཅིངས་བ་བྱས་པར་འགྱུར་རོ། །མིག་སྨན་ལྡོང་རོས་གྲུབ་པར་འདོད་པས་ཟླ་བ་གཅིག་ཏུ་འོ་མ་དང་ནས་ཟན་བཟའ་ཞིང་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་ དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ཨ་ཤྭཏྠའི་འདབ་མ་བཞི་ལ་བཞག་ནས་བཞི་པས་མནན་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཞལ་ཆེ་བ་ལ་རིག་པ་བཟླས་པ་ཉིད་དང་གདོང་ལ་ ཡོངས་སུ་བཟླས་པས་རྒྱལ་བར་འགྱུར་རོ། །ཁྲོས་པའི་མདུན་དུ་ཡོངས་སུ་བཟླས་ན་རབ་ཏུ་ཞུམ་པར་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་བར་འདོད་ན་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ གི་སྤྱན་སྔར་མེ་ཏོག་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གང་དོན་དུ་གཉེར་བ་དེ་ལ་མཆོག་སྦྱིན་པར་བྱེད་དོ། །ཡུངས་ཀར་དཀར་པོས་མཆེ་བ་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་འཆིང་བ་ནི། སེང་གེ་དང་། སྟག་དང་། ཆོམ་རྐུན་དང་། གླང་པོ་ཆེའི་ནང་དུ་སོང་བས་དྲན་པར་ བྱ་ཞིང་གསོ་སྦྱོང་ལ་གནས་པས་དུས་གསུམ་དུ་ཁྲུས་བྱ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱམས་པ་ལ་གནས་པས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་གཟུགས་བརྙན་གྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་སོ། །དེ་ནས་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། མ་ཉམས་པའི་རས་མཉེན་པ་ལ་སྟོན་ཁའི་སྤྲིན་ལྟར་དཀར་བ་པདྨ་ལ་གནས་པ། པདྨ་ཕྱག་ན་བསྣམས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རལ་པའི་ཅོད་པན་འཆང་བ། དར་དང་རས་ཀྱི་ཤམ་ཐབས་ ཅན་ནོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། གཟུགས་བརྙན་གྱི་སྤྱན་སྔར་རས་རིས་བཞུགས་སུ་གསོལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། དེ་ནས་མཚན་མོ་གསུམ་དུ་སྨྱུང་ བར་གནས་ཏེ། ཨ་རིཥྚའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་རྩ་བཞི་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལས་འོད་ཟེར་འབྱུང་སྟེ། ས་གཡོ་བར་འབྱུང་ཞིང་རྔ་བོ་ཆེའི་སྒྲ་སྒྲོགས་བར་བྱེད་པ་དང་། མར་མེའི་རྩེ་མོ་ འཕེལ་བ་དང་། མེ་ཏོག་གི་ཆུན་པོ་གཡོ་བ་དང་། རས་རིས་འགུལ་བར་བྱེད་དེ། དེ་ནས་གྲུབ་པར་འགྱུར་རོ། །དེ་ནས་ལས་རྣམས་དགེ་བར་འགྱུར་རོ། །ནོར་སྦྱིན་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་ཀྱིས་དགའ་བར་འགྱུར་རོ། །དབང་དུ་གྱུར་ནས་གནས་སོ། །དེ་ནས་ མིག་སྨན་སྒྲུབ་པར་འདོད་ན་རྣ་བའི་མིག་སྨན་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམ་པར་བྱས་ནས་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཙནྡན་དམར་པོ་ལས་བྱུང་བའི་སོར་བཅུ་དྲུག་པའམ། སོར་བཅུ་པའི་དབྱུག་པའི་ཤིང་བྱེད་དུ་གཞུག་གོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དུ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །གང་བྱེད་པ་དེ་ཐམས་ཅད་དེ་བྱེད་དུ་གཞུག་པར་བྱའོ། །ཆོ་འཕྲུལ་གྱི་ཕྱོགས་ནས་བརྩམས་ནས་གསོ་སྦྱོང་ཅན་གྱིས་དུས་གསུམ་དུ་ ཁྲུས་བྱ་ཞིང་གོས་ལན་གསུམ་དུ་བརྗེས་ལ་འབུམ་བཟླས་པར་བྱའོ། །བསྙམས་པའི་རས་ལ་ལྷ་འདྲིར་གཞུག་པར་བྱ་སྟེ། སྟོན་ཀའི་སྤྲིན་ལྟར་དཀར་བ། ཕྱག་ན་པདྨ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དབུགས་ རྔུབ་བཞིན་པས་ལག་པ་གཉིས་སུ་ཛཱི་པས་བཀང་ལ་རལ་པའི་ཅོད་པན་འཛིན་ཅིང་མཆོད་ཕྱིར་ཐོགས་དཀར་པོ་ཅན་པདྨའི་ཕྲེང་བ་འཆང་བའོ། །དེ་ནས་དཀར་པོའི་བརྒྱད་ནས་བརྩམས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། རས་རིས་ལ་པདྨ་དཀར་པོའི་སྦྱིན་སྲེག་བྱ་ཞིང་ འབུམ་ཕྲག་བཅུ་གཉིས་བཟླས་པར་བྱའོ། །ཆོ་ག་གཞན་ནི་རིག་པ་འཛིན་པས་སྒྲུབ་པ་བྱེད་པར་འདོད་པས་ལོག་འདྲེན་རྣམ་པར་འཇོམས་པའི་ཆོ་གའི་རྒྱལ་པོ་ནི་ཡུངས་ཀར་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དཔག་ཚད་སྟོང་དུ་འབྲོས་པར་བྱེད་ དོ། །དེ་ནས་རིག་པ་བསྒྲུབ་པར་བྱའོ། །རྣམ་པ་གཞན་དུ་དུག་འཇོམས་པར་བྱེད་དོ། །ཕ་རོལ་གྱི་རིག་པ་བཅིང་བར་འདོད་ན། མིང་ནས་སྨོས་ཏེ་རས་ཀྱི་ཁ་ཚར་ལ་བརྒྱད་བརྒྱར་མངོན་པར་བསྔགས་ནས་མདུད་པ་བཅིང་བར་བྱའོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ རང་བྱུང་དུ་བྱོན་ཡང་། དེས་ཀྱང་ཇི་སྲིད་རིག་པ་འཛིན་པས་བཀྲོལ་གྱི་བར་དུ་དགྲོལ་བར་མི་ནུས་སོ། །ཞི་བར་འདོད་པས་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ། ཞི་བར་འགྱུར་རོ། །སློང་མོ་ཟ་བས་བྱེ་བ་ཡོངས་སུ་བཟླས་པར་བྱ་སྟེ། མངོན་སུམ་དུ་བཅོམ་ལྡན་ འདས་འོད་དཔག་མེད་པདྨའི་གདན་ལ་བཞུགས་པ་མཐོང་བར་འགྱུར་རོ། །རིག་པ་འདི་སྟོང་ཕྲག་བཅུར་བཟླས་པས་གཞན་ནད་ཀྱིས་བཏབ་པ་རབ་ཏུ་འཇོམས་པར་བྱེད་དོ། །སློང་མོ་ཟ་ཞིང་བྱེ་བ་ཡོངས་སུ་བཟླས་ན་བཅོམ་ལྡན་འདས་མཐོང་སྟེ་མཆོག་ གསུམ་སྩོལ་བར་མཛད་དོ། །སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང་། མི་སྣང་བ་དང་། ལྷ་མ་ཡིན་གྱི་ཁྱིམ་དུ་འཇུག་པའོ། །རིའི་རྩེ་མོར་འཛེགས་ནས་བྱེ་བ་ཡོངས་སུ་བཟླས་ན་ལྷ་ཐམས་ཅད་དབང་དུ་འགྱུར་ཞིང་རྟག་ཏུ་ཡང་མཐོང་བ་སྩོལ་བར་བྱེད། པདྨ་ཅན་གྱི་ མཚོར་པདྨ་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བཅུ་བྱའོ། །རྒྱལ་པོ་དབང་དུ་འགྱུར་རོ། །བཀླགས་པ་ཙམ་གྱིས་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་ཏེ་འདོད་པས་ཉེ་བར་བཞག་པ་ནི་མ་གཏོགས་སོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་མེ་ལོང་ལ་ཡོངས་སུ་བཟླས་ ནས་སྦྱིན་སྲེག་གི་ཐལ་བས་ཁྱེའུ་འམ་བུ་མོ་ལ་བསྟན་པར་བྱ་སྟེ། མཉམས་མ་ཟད་པར་མཐོང་ངོ་། །མཐེ་བོའི་སེན་རྩི་དང་དྲིའི་ཏིལ་མར་གྱིས་བྱུགས་ནས་བྱིས་པ་རྣམས་ལ་བསྟན་པར་བྱའོ། །སྣོད་ཆུས་གང་བར་བྱས་ནས་ཐམས་ཅད་ལ་བསྟན་པར་བྱ་སྟེ། ཐམས་ཅད་མཐོང་ ཞིང་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ལན་བདུན་དུ་བཟླས་པས་དབང་དུ་འགྱུར་རོ། །གྲོང་དུ་རབ་ཏུ་ཞུགས་ནས་བཟའ་བ་དོན་དུ་གཉེར་ན་སྟོང་བཟླས་པར་བྱའོ། །བཟའ་བ་རྙེད་པར་འགྱུར་རོ། །ཆོམ་རྐུན་གྱི་འཇིགས་པ་ལ་བཟླས་པས་རེངས་པར་བྱེད་དོ། །བྱེ་བ་ བཟླས་པས་ལས་ཐམས་ཅད་ནུས་པར་འགྱུར་རོ། །ཟླ་བ་གཟས་བཟུང་བ་ནས་བར་ཧ་ཀ་མི་ཀའི་རྩ་བ་བླངས་ནས་ལག་པ་ཁ་སྦྱར་བས་མནན་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཉི་མ་གཟས་བཟུང་བ་ན་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་སྤྱན་སྔར་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཆུ་ཀླུང་དུ་སོང་ཞིང་འོ་མ་དང་། ནས་ཟན་ཟ་ཞིང་བྱེ་བ་བཟླས་ན་ཀླུ་ཐམས་ཅད་འོང་བར་བྱེད་ཅིང་དེ་རྣམས་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ཀླུའི་གནས་ཀྱི་དངོས་གྲུབ་འབྱུང་བར་ བྱ་སྟེ། ཀླུའི་གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་རང་གི་ཁྱིམ་བཞིན་དུ་རྣམ་པར་རྒྱུ་བར་བྱེད་དོ། །ཀླུའི་གནས་སུ་སོང་ནས་འོ་ཐུག་གིས་ལྷུང་བཟེད་བཀང་ནས་ཇི་སྲིད་ཀླུ་མགོ་བོ་བདུན་པ་འོང་བར་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །རིན་པོ་ཆེ་རྣམས་ཀྱང་ སྦྱིན་པར་བྱེད་དོ། །ས་ལ་རྒྱལ་པོའི་གཏེར་འདོན་པ་འམ་འཆིང་བར་བྱེད་དོ། །དེ་ནས་གཅིག་ཏུ་ཡང་དག་པར་བླང་བར་བྱ་སྟེ། མ་བླངས་ན་ཀླུའི་འཆིང་བ་ལྔ་འོང་བར་བྱེད་དོ། །སྔགས་འདི་ཉིད་ཀྱིས་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་ཆུ་ཀླུང་གི་འགྲམ་དུ་བཟླས་པ་དབུལ་བར་བྱའོ། ། རྒྱུན་འབབ་པའི་ཆུ་ཀླུང་ཆེན་པོའི་མེ་ཏོག་རྣམས་གཡས་སུ་འཁོར་བར་བྱེད་ན། རིག་པ་འཛིན་པས་གྲུབ་བོ་ཞེས་ཤེས་པར་བྱའོ། །དེ་ནས་ཆུའི་ནང་དུ་འོང་བ་དང་འགྲོ་བར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱེ་བ་བཟླས་པར་བྱའོ། ། ཚུལ་ཁྲིམས་དང་ལྡན་པ་སྤོབས་པ་ཕུན་སུམ་ཚོགས་པའི་རྒྱལ་པོར་འགྱུར་ཏེ། འཛམ་བུའི་གླིང་གི་དབང་ཕྱུག །རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེན་པོ་དང་མཐུ་ཆེན་པོ་ཅན་ཇི་སྲིད་དུ་བསྒྲུབས་པ་གཉིས་པའོ། །ཞེས་པ་གཉིས་པ་སངས་རྒྱས་བཅོམ་ལྡན་འདས་ ཀྱི་ཞལ་གྱི་སྒོ་ནས་པདྨ་འབྱུང་སྟེ་འདབ་མ་དགའ་བ་དང་བཅས་པ་དྲི་ཡིད་དུ་འོང་བའི་པདྨ་དེ་བླངས་པས་ཟས་སུ་དགའ་བ་ཟ་བའི་ལང་ཚོ་དང་ལྡན་པ་སྐྲ་ལི་ཞིང་འཁྱིལ་པ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ལྷ་གཞོན་ནུ་རྣམས་ལས་ལྷག་པའི་གཟི་བརྗིད་དང་། བདེ་བ་དང་། ཡིད་བདེ་བ་ མང་བར་འགྱུར་རོ། །ལོ་བྱེ་བ་བརྒྱ་སྟོང་ཕྲག་ཏུ་འཚོ་ཞིང་འཕུར་བར་བྱེད་དོ། །བཱ་ཤ་ཀའི་མེ་ཏོག་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱ་སྟེ། གསེར་སྟོང་རྙེད་དོ། །སེང་ལྡེང་གི་ཤིང་གི་མེ་སྦར་ནས་མྱ་ངན་མེད་པའི་མེ་ཏོག་མར་ལ་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ གནོད་སྦྱིན་དབང་དུ་འགྱུར་རོ། །ཟློས་བཞིན་པས་ནི་ཡིད་ཀྱིས་སྟོང་ཕྲག་བརྒྱད་ཅུ་སྦྱིན་སྲེག་བྱས་ན་ཡིད་རྩེ་གཅིག་པ་ཉིད་ལུས་མེ་དང་མཚུངས་པ་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། །སླར་ཡང་བྱེ་བ་བཟླས་པར་བྱ་སྟེ། མངོན་སུམ་དུ་ སྤྱན་རས་གཟིགས་དབང་ཕྱུག་མཐོང་ངོ་། །གང་འདོད་པ་དེ་རྙེད་དོ། །ཡིད་ཀྱིས་འབུམ་ཕྲག་བརྒྱད་ཅུ་རྣམས་ཀྱིས་མི་སྣང་བར་འགྱུར་རོ། །དཔག་ཚད་བརྒྱད་དུ་འཕུར་བར་བྱེད་དོ། །འོག་ཏུ་ཡང་དཔག་ཚད་བརྒྱར་འགྲོ་བར་བྱེད་དོ། །ས་ལ་ཡང་སྟེང་ དུ་འབྱིན་པར་བྱེད་དོ། །གཏེར་ཐམས་ཅད་མཐོང་བར་བྱེད་དོ། །གནོད་སྦྱིན་མོ་རྣམས་དབང་དུ་བྱ་བར་འདོད་པས་མྱ་ངན་མེད་པའི་ཤིང་གི་འོག་ཏུ་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་འདི་གསོལ་ཅིག་ཅེས་བརྗོད་པར་བྱའོ། །གཞན་ཡང་འཇིག་རྟེན་གསུམ་ལས་རྣམ་པར་ རྒྱལ་བའི་ཆོ་གར་འགྱུར་ཏེ་སྔོན་སྤྱད་པ་བྱ་ཞིང་གསོ་སྦྱོང་ལ་གནས་པས་དུས་གསུམ་དུ་ཁྲུས་བྱ་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་དཀྱིལ་འཁོར་བྱས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་ན་གསོ་སྦྱོང་ལ་གནས་པ་ཉིད་ཀྱིས་ ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཆུ་སྟོད་ཅན་གྱི་ཟླ་བ་ཉ་ལ་དགེ་འདུན་གྱིས་བསྟན་པའི་བསོད་སྙོམས་ཀྱི་ཟས་བཟའ་བར་བྱ་ཞིང་ཤ་དང་བྲལ་བའི་ཤིན་ཏུ་གྱ་ནོམ་པས་དྲི་གཙང་ཁང་དུ་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་རིང་བསྲེལ་དང་བཅས་པའི་སྐུ་འམ། གཟུགས་བརྙན་ ལ་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཀུ་ཤ་བཏིང་བ་ལ་སྐྱིལ་ཀྲུང་བཅིངས་ཏེ་བསོད་སྙོམས་ཀྱི་ཟས་ཀྱིས་ལས་ཀྱི་དཔག་ཏུ་མེད་པའི་བཟླས་པ་དབུལ་བར་བྱའོ། །ཇི་སྲིད་སྒྲུབ་པ་གཉིས་པའོ། །ཞེས་པ་དེའི་ཚེ་བཅོམ་ལྡན་འདས་མཐོང་བར་བྱེད་ དོ། །གང་འདོད་ཅིང་འདོད་པ་རྙེད་དོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རིག་པའི་རྒྱལ་པོ་ཆེན་པོའི་རྟོག་པ་རྫོགས་སོ།། །། དེ་ནས་ཡང་སེམས་དཔའ་ཆེན་པོས་སླར་ཡང་རིག་པ་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྲུབ་ཐབས་ཀྱི་ཆོ་ག་རིག་པའི་ལེའུ་གསུངས་པར་གྱུར་ཏོ། །བཀླགས་པས་གྲུབ་པ་མྱུར་དུ་གྲུབ་ཅིང་རང་གིས་བདག་ཉིད་གྲུབ་པ་གཡེང་བའི་ དོན་གྲུབ་པ། མདོར་ན་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ། དེ་ལྟ་དེ་ལྟར་འགྲུབ་པར་འགྱུར་ཏེ། དེ་ཇི་ལྟ་བ་བཞིན་རྟོག་པར་བྱ་བར་འགྱུར་རོ། །ཡང་འདིར་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བིདྱཱ་དེ་བ་ཏཱ་ཡ། ན་མོ་བིདྱཱ་དེ་བ་ཏཱ་ནཱཾ་ན་མ། སརྦ་སྱཻ་བ། བཱི་དྱཱ་ཀུ་ལ་བཾ་ཤ་སྱེ། ཏདྱ་ཐཱ། སརྦ་ཨཪྠ་བི་གྷྣ་བི་ནཱ་ཤ་ཡ་ཨཱ་ཧ་རི། ཧ་རེ་ཧ་རེ། བི་ཧ་རེ། པི་ཧཱ་ཏེ་ཛ་བི་མ་ལེ། ཨ་བྷ་ཡེ། ཙ་ལོ། སྟམྦྷ་ནི། པུཥྐ་རེ། ཤུདྡྷེ་མུཀྐེ་མུཀྐེ། བི་ཀུར་བི་ཏེ། པྲ་བྷཱ་སྭ་རེ་ཨཱ་ལོ་ཀི་ཏེ་བྷྱཿ། བི་ལཱ་ཀ་ལ། སརྦ་ སཏྭ། ཨ་བ་ལོ་ཀ་ནི་སྭཱ་ཧཱ། རིག་པ་འདིས་ལས་འདི་རྣམས་སུ་འགྱུར་ཏེ་བསྙེན་པའི་དུས་དང་སྒྲུབ་པའི་དུས་སུ་ཡང་དང་པོ་ཉིད་དུ་བདག་ཉིད་བསྲུང་བར་བྱའོ། །བསླབ་པས་བཅིང་བའི་གྲོགས་རྣམས་ཀྱང་ལན་བདུན་ནས་ལན་གསུམ་བཟླས་པའི་ཆུ་སྤྱི་བོར་བླུགས་པས་ཐམས་ཅད་དུ་ བསྲུང་བ་བྱས་པར་འགྱུར་རོ། །དྲི་དང་། མེ་ཏོག་དང་། བདུག་པ་དང་། བསྔགས་པ་ལ་སོགས་པ་ཡང་འདི་ཉིད་ཀྱིས་བྱའོ། །རས་རིས་བླངས་ཏེ་ལྷ་རྣམས་དང་རས་རིས་ལ་ཀུན་ཏུ་བསྲུང་བ་དང་། རས་རིས་ཀྱི་གནས་སུ་ཚོན་གཞན་དང་མ་འདྲེས་པ་དང་། སྤྱན་དྲངས་པའི་ ལྷ་རྣམས་ལ་མཆོད་ཡོན་དབུལ་བ་དང་། ཡང་དག་པར་གནས་པ་དང་། བདག་ཉིད་དང་གྲོགས་བྱེད་པ་རྣམས་ཀྱང་འདི་ཉིད་ཀྱིས་ཁུ་བ་བཅིང་བར་བྱའོ། །ཁུ་བ་བཅིངས་པས་ལོག་འདྲེན་ཐམས་ཅད་འཇོམས་པ་དང་། གནས་ཀུན་ཏུ་བསྲུང་བའོ། །འདི་ཉིད་ཀྱིས་ཚ་བའི་ ཏིལ་མར་གྱིས་བཏགས་པའི་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །བདག་ཉིད་དང་གྲོགས་བྱེད་པ་རྣམས་ཀྱང་རུང་སྟེ་ལན་ཉི་ཤུ་རྩ་གཅིག་ཏུ་ཕྱོགས་གང་དུ་སྔོན་དུ་བསྙེན་པ་དང་། སྒྲུབ་པ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་ཅི་ཡིན་ པ་དེ་ཉིད་དུ་གདོན་མི་ཟ་བར་བྱའོ། །ཡང་ན་གཞན་དུ་ཐང་གི་ཕྱོགས་སམ། སའི་གནས་བཅོམ་ལྡན་འདས་བསྒྲུབ་པར་བྱ་བའམ། གཞན་ལས་བྱ་བ་དེར་བྱི་དོར་དང་པོར་བྱའོ། །རྣམ་པ་འདིས་གཏོར་མ་སྦྱོང་བ་དང་། བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། ཆུ་བླུགས་ པ་དང་། མདོར་ན་སྒྲུབ་པ་དང་། ལས་གང་ཅུང་ཟད་ཡིན་པ་དེ་འདིས་བསྲུང་བ་ལ་སོགས་པ་བྱའོ། །སྲུང་བའི་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཏཱ་རཱ་ཡཻ། ཨཱ་གཙྪ་དེ་བི། པདྨ་ཧ་སྟེ་ན། བ་དེ། པདྨ་ཧསྟེ། ཡ་ཤོ་བ་ཏི། རོ་ཥ་ཎ་ཤཱི་གྷྲཾ་ཨཱ་གཙྪ། མ་ཧ་དེ་བི་གི །མ་ཧཱ་བི་གི །ཧ་ར་ཧ་ར། ས་ར་ས་ར། ཙ་ལ་ཙ་ལ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བ་ཏེ། ཨི་དཾ་གནྡྷ་པུཥྤ། མཱ་ལྱ། སརྦ་ནཱི་ཡཾ། པྲ་ཡཙྪ་ཐ། བུདྡྷ་སཏྱེ་ན། དྷ་རྨས་ཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། རིག་པ་དང་པོ་གང་ཡིན་པ་དེས་དཀྱིལ་འཁོར་གྱི་ཆོ་གས་དཀྱིལ་འཁོར་ལ་རབ་ཏུ་སྦྱར་བར་བྱའོ། །རིག་པ་འདིས་ཨ་ག་རུའི་བདུག་པ་དང་སྔར་བརྗོད་པའི་རིག་པས་ལན་གསུམ་མམ་བདུན་བཟླས་ པས་བྱི་དོར་དང་ལན་ཉི་ཤུ་རྩ་གཅིག་མངོན་པར་བསྔགས་ནས་སྒྲུབ་པ་ནི་རིག་པ་བཟླས་པར་བྱའོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྤྱན་དྲང་བར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ རཱ་ཡ། བོ་དྷཱི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཨཱརྱ་ཏཱ་རཱ་ཡཻ། ཨརྷ་ཏྟེ། སུ་གནྡྷ། མཱ་ལྱ། པྲི་ཡེ། ཙནྟྲ། ཙནྟྲ་མ་ཏི། གནྡྷ་ནུ་ལེ་པ་ནཱཾ། པྲ་ཏཱི་ཙྪི་སྭཱ་ཧཱ། འདིས་མཆོད་ཡོན་དབུལ་ཞིང་དྲི་དང་གདན་ཡང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མ་ཨཱརྱ་ཏཱ་རཱ་ཡཻ། ཧི་ལི་ཧི་ལི། མི་ལི་མི་ལི། མ་ཧཱ་པྲ་བྷཱ་ཡེ། པྲཧྨ་སུ་མ་ནོ་ནུ་རུ་ཧ། ཧ་ར་ཧ་ར། ས་ར་ས་ར། ཀ་ར་ཀ་ར། དེ་བི་པྲ་སཱ་དྷ་ཀུ་རུ་པྲ་ཏཱིཙྪ་ཐ་པུཥྤ་སྭཱ་ཧཱ། མེ་ཏོག་གི་རིག་པ་སྟེ་འདིས་ མེ་ཏོག་རྣམས་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཨཱརྱ་ཏཱ་རཱ་ཡཻ། བོ་དྷི་སཏྭཱ་ཡ། མནྟྲ། མ་ནུ་སྨར། སརྦ་དེ་བ། པྲི་ ཡེ་བྷ་ག་བ་ཏི། ཨ་བ་ལོ་ཀི་ནི། སིདྡྷ་སིདྡྷ་པྲ་ཐཱ་ནེ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། བདུག་པའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་དཱུ་ཏེ། བཛྲ་དྷུ་ན། ཨ་ནུ་ཛཻ། བེ་གི། བེ་གི། དྷུ་རུ་དྷུ་རུ་སརྦ་ཛཱི་བ། པྲི་ཡེ། བུདྡྷཱ་ས་ཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། གཏོར་མའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏྱེ། ཨཱརྱ་ཏཱ་རཱ་ཡཻ། ཨ་པྲ་ཏི་ཧ་ཏེ། བྷ་ག་བ་ཏེ་ཨཱ་ཧ་རེ་ཧ་རེ་པདྨ་བྷ་སི་ནི་ཤཱི་ཏཱཾ་གེ། ཤེ་ཏ་པྷུ་ཛེ། དྷུ་མེ་དྷུ་མེ། བུདྡྷ་ས་ཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། འདི་ནི་མར་ མེའི་རིག་པའོ། །དེ་བཞིན་དུ་རིག་པ་འདིས་རབ་ཏུ་སྦྱར་བར་བྱའོ། །སྔོན་དུ་བསྙེན་པ་དང་སྒྲུབ་པ་ལ་ཐམས་ཅད་མཚུངས་པ་ཉིད་དུ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། ཏདྱ་ཐཱ། ཨཱ་ག་མ། ཨཱ་ག་མ། ག་ག་ན་ཏ་ལ། སཾ་པྲ་ཙོ། དི་ཏྱཻ། སརྦ་བིདྱཱ། དྷ་ར། བི་ཤོ་དྷ་ནི་སྭཱ་ཧཱ། རིག་པ་འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཆུ་ལ་ཡོངས་སུ་བཟླས་ནས་བུམ་པ་ལ་སོགས་པ་བདག་ ཉིད་ལ་མངོན་པར་གཏོར་བར་བྱ་སྟེ་ཁྲུས་ཀྱི་རིག་པའོ། །འདི་ཉིད་ཀྱིས་ལྷ་རྣམས་ལ་ཡང་ཁྲུས་གསོལ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། དྷུ་དྷུ་མེ། དྷུ་དྷུ་མེ། ཁུ་ཁུ་མེ། ཁུ་ཁུ་མེ། ནཱ་ཤུདྡྷ། སིདྡྷི་ཀཉྩ་ནི། ཤུདྡྷི་ཀཱ་རེ། ཤུ་ཙ་ནི་སྭཱ་ཧཱ། རིག་པ་འདི་སྒྲུབ་པ་པོས་རྟག་ཏུ་གོས་ལ་ལན་ཅིག་གམ། ལན་བདུན་བཟླས་ལ་ཡོངས་སུ་བཅང་བར་བྱའོ། །རྣམ་པ་གཞན་དུ་ལོག་པར་འདྲེན་པ་རྣམས་ ཀྱིས་ངེས་པར་སྟོན་ནོ། །གདོན་མི་ཟ་བ་ཁོ་ནར་སྒྲུབ་པ་པོས་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཻ། ཤཱནྟིཾ། མེ་ཀ་རོ་ཧི། ཤནྟི་མཱ་ཏེ། ཤི་ཤཱནྟ། ནི་ཤཱནྟ། ཀ་ལྱཱ་ཎི་ནི་ཤཱནྟ། བི་ཛ་ཡེ། དེ་བི་བ་ར་དེ་སྭཱ་ཧཱ། རིག་པ་འདིས་བདག་ཉིད་ལ་ལན་བདུན་བཟླས་ནས་གཉིད་ལོག་པར་བྱའོ། །རྨི་ལམ་དུ་ལོག་པར་འདྲེན་པ་མི་མཐོང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏི་ཨཱརྱ་ཏཱ་རཱ་ཡཻ། སཱུརྱ་ཏ་ཨུ་པ་རི། ཏྲ་བྱཾ། དྷ་ར་ཎི། བནྡྷི་ཏི། ཀརྡྷ་ཤོ་དྷ་ནི། ཀུ་ཙ་མཱ་ལི་ནི། ཤུ་ཏྲ་བི་ཤོ་དྷ་ནི་སྭཱ་ཧཱ། ཀུ་ཤ་བི་ཤོདྷ་ནི་སྭཱ་ཧཱ། ཀུ་ཤས་མདུད་པ་ཉི་ཤུ་རྩ་གཅིག་ བྱས་ཏེ། ཁུ་བ་འཆིང་བ་བྱས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏ་ཨཱརྱ་ཏཱ་རཱ་ཡཻ། ཧ་རི་པིངྒ་ལི། ཧ་རི་ཧ་རི། ཧི་བྷ་ག་པྷ་པ་ཏི། ཨ་ ཙ་ལ་པྲ་ཏིཥྛ་ཏེ། རཀྵ་རཀྵ་མཱཾ། ཀུ་ཤ་པིཎྜ་མ་བ་སྠི་ཏ་སྱ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། དྷརྨ་ས་ཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། རིག་པ་འདིས་ཀུ་ཤའི་ཁྲེས་ལ་མངོན་པར་བསྔགས་ནས་ཉེ་བར་འདུག་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། དི་ཤི་བ་དི་ཤི་བནྡྷ་ནི། སུ་དེ་བི་སུ་པྲ་སཱ་སྟེ། སུ་རུ་སུ་རུ། མུ་རུ་མུ་རུ། ཧསྟ། ཀ་ལ་བ་ལ། ཀ་ལ་བ་ལ། བ་བ། ཧེ་ལ་ཧེ་ལ། ཀུ་རུ་ཀུ་རུ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་ སཏྱེ་ན་གནྡྷ་གནྡྷ། བི་མ་ལེ་སྭཱ་ཧཱ། དཀྱིལ་འཁོར་བཅིང་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། ཛ་ལ་ཛ་ལ། ཛ་ལ། ཀྵོ་བྷ་ཡ། ན་ཤ་ནི་ཛ་ལ་ཤོ་དྷ་ནི། ས་མི་རི་ཎི། ཛ་ལ་ཧཱ་སི་ཎི། བི་ཤོ་དྷ་ཎི་སྭཱ་ཧཱ། ཉེ་རེག་གི་རིག་པའོ། །སྒྲུབ་པ་པོ་དངོས་གྲུབ་འདོད་པས་རིག་པ་འདིས་བདག་ཉིད་ལ་ངེས་པར་སྦྱར་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། སརྦ་དེ་བཱ་སུ་མནྟེ་ཨ་སཾ་ག་ཏཱ་རེ། ཨ་སཾ་ག་བི་མུ། ཨ་སཾ་ག་ཏི་མུཀྟ་བི་མུཀྟ། བི་ཛ་ཡེ། ནིར་མཱ་ལྱཻ། ཨ་པ་རི་ཀལྤེ་ནི། པུཥྤ་ གནྡྷ་བི་ཤོ་དྷ་ནི། བི་ཤོ་ཥ་ཡ། ཧི་ད་མ་ཎི། ད་མ་ནི་སྭཱ་ཧཱ། རིག་པ་འདིས་དྲི་མེད་ཉིད་གསལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། སརྦ་སཏྭཱ་ཀྲི་ཏ། པྲི་ཀྲི་ཏ། པྲཽ་ཀྡྱ། ཀྲི་ཏ། ས་ཀ་ལེ་ད་སེ། ས་ཀ་ལོ་བི་ཤོ་དྷ་ནི་སྭཱ་ཧཱ། རིག་པ་འདིས་ལྷ་བཤོས་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ ཨ་བ་ལོ་ཀི་ཏེ་ཤྲ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏི་ཨཱརྱ་ཏཱ་རཱ་ཡཻ། སྭཔྣ་པ་ཎི། བརྫཱ། གརྫཱ། མི་རྴ་ཡ། པྲ་ཏྱཀྵཾ། བཱ་ཨེ་བཾ། བྱཱ་ཧཱ་ར། ཀ་ཐཱ་ཡ་སྭཱ་ཧཱ། རིག་པ་འདིས་བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་སེང་ལྡེང་གི་ ཤིང་གིས་མེ་སྦར་ནས་ནཱུ་ལ་ཀ་བརྟི་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་བརྒྱད་བརྒྱ་བྱས་ན། རྨི་ལམ་སྟོན་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། ཨེ་ཧི་བྷ་ག་བཱ་ན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་བྷ་ཏཱི་ན་མ་བྷ་ཡཾ་ཀ་ར་བཱ་ལཱ་ནཱ་མ་བྷཱ་ཡཾ། ད་ད། བྷཀྟ་ནཱ། མརྠཾ་ཀ་ར། ཨ་ཏྲ་ཎཱི་ནཱཾ། ཏྲ་ཡ་ཀ །དུཿཁི་ཏཱ་ནཱཾ། སཽ་ཁྱཾ། ཀ་ར་མ་མ། བྷ་ག་བ་ཏེ། མ་ནུ་ཀཾ་སཾ། ཀ་རེ་ཧི། བྷ་ག་བཱ་ན། ཨཱ་གཙྪ་ཨཱ་གཙྪ་ཨི་མཾ། གནྡྷ་པུཥྤ། བ་ལི། དྷུ་པཉྩེ་ཏ། གྲྀ་ཧྣ། ཏདྱ་ཐཱ། པྲ་སཱ་དེ་པྲ་སཱ་དེ་བ་ཏི། མ་ཧཱ། དེ་བི། མ་ཧཱ་པྲ་བྷེ། སཱུརྱ་པྲ་བྷེ། ཨ་མོ་གྷེ། ཨ་མོ་གྷ་ས་ཏི། ཡ་ཤོ་བ་ཏི། ཨ་མོ་གྷ་སཾ་དརྴ་ན། ཨ་མོ་གྷ་བི་མ་ལཾ། ཨ་མོ་གྷ་ཧ་ལཾ། ཙ་ལ་ཙ་ལ། སར་སར། ཧ་ར་ཧ་ར། ཏྲ་ཡེ། ཧི་མཾ། སིདྡྷི་ར་མེ། དད་སྭཱ་ཧཱ། ནུས་པ་དང་ལྡན་པའི་སྒྲུབ་པ་པོས་རིག་པ་འདིས་དྲི་དང་། མེ་ཏོག་དང་། གཏོར་མ་རབ་ཏུ་དབུལ་བར་བྱ་ཞིང་། བསྙེན་པའི་དུས་དང་སྒྲུབ་པའི་དུས་དེར་རམ་གཞན་གང་ཅུང་ཟད་འབྲས་བུ་ལ་སོགས་པ་དེ་ཐམས་ཅད་འདི་ཉིད་ཀྱིས་ དབུལ་བར་བྱའོ། །འདིས་ལྷ་རྣམས་སྦྱོང་བ་དང་། དགེ་བའི་རྨི་ལམ་དང་། དབུལ་བ་དང་། བསྟོད་པ་དང་། སྒྲུབ་པ་པོས་གླེགས་བམ་ཀློག་པ་དང་། མཆོད་རྟེན་གྱི་ལས་ལ་སོགས་པ་ཐམས་ཅད་འདི་ཉིད་ཀྱིས་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་ མི་ཏཱ་བྷཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ད་རཱ་ཡཻ། ཏདྱ་ཐཱ། མ་ར་མ་ར། བནྡྷ་བནྡྷ། ཧ་ན་ཧ་ན། པུ་ར་པུ་ར། ལ་ལ། ལ་ལ། ར་ར། ར་ར། ཙ་ལ་ཙ་ལ། ཁ་ཁ། ཁ་ཁ། པ་ཙ་པ་ཙ། ཏིཥྛ་ཏིཥྛ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། རིག་པ་འདིའི་ཐལ་བས་སྒྲུབ་པ་པོའི་དཀྱིལ་འཁོར་བཅིང་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་ མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། ཏདྱ་ཐཱ། ཧི་རི་ཧི་རི། མི་རི་མི་རི། ཀི་རི་ཀི་རི། གྷི་རི་གྷི་རི། གྷུ་རུ་གྷུ་རུ། བ་ར་བ་ར། ད་ར་ད་ར། གཙྪ་གཙྪ། བྷ་ག་བཱ་ན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ ཧཱ་སཏྭཱ་ཡ། ཡ་ཐཱ་སུ་ཁྃ། རིག་པ་འདིས་མེ་ཏོག་གི་སྙིམ་པའི་ཕྱག་རྒྱ་དང་ལྷན་ཅིག་པས་བསྐུལ་བར་འགྱུར་ཏེ། གཤེགས་སུ་གསོལ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་དེ་བ་ནི། ན་མོ་བིདྱཱ་དེ་བཱ་ནཱཾ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨེ་ཧི་བྷ་ག་བ་ཏེ་མ་ཧཱ་རཀྵ་སི་ཙ་སེ་ཊི། ཨཱི་ཊི་མིཥྚི། ཨ་སུ་ར་པྲ་མརྡ་ནི། ཨེ་ཀ་ཛ་ཊི། ཏི་རཱཀྵ་སི། ས་ཧི་ཏ་དེ་བི་མ་ཙ་མ་སཱ། བི་ཧེ་ཐི་ཡ། ཀི་རི་སི་ཏི། རཱ་ཀ་པཱ་ལི། ཀ་ར་པ་རི། ཀཱ་མཱ་རི་ཀཾ་པ་ར་ཀཱ་ལིཙྪ་ཊ་པྲི་ཡེ། མ་ཧཱ་ཀ་པཱ་ལི་ཙཎྜ་ལི། མ་ཧཱ་ཙཎྜ་ལི། མ་ཧཱ་ཙཎྜ་ལི། སིདྡྷི་སརྦ་ ཨརྠ། སཱ་དྷ་ནི། སརྦ་བི་གྷྣ། པྲ་ཎཱ་ས་ནི་སྭཱ་ཧཱ། འདི་ནི་སྲིན་མོ་རལ་པ་གཅིག་མ་ཞེས་བྱ་བ་སྟེ། དེའི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་རིག་པ་འདིས་དྲི་དང་མེ་ཏོག་དང་གཏོར་མ་དང་བདུག་པ་ལ་ཉི་མ་སོ་སོར་མངོན་པར་བསྔགས་ནས་མཆོད་པར་བྱའོ། །འདི་སྐད་ཅེས་ བརྗོད་པར་བྱ་ཞིང་། བདག་ལ་བགེགས་ཐམས་ཅད་མི་གཡོ་བར་གྱུར་ཅིག །དེ་ཡང་བདག་ལ་བགེགས་གྱིས་ཤིག །དེ་ལྟ་བུའི་སྒྲུབ་པ་པོ་ལ་བགེགས་མེད་པར་འགྱུར་རོ། །སྒྲུབ་པ་པོ་གང་ཅུང་ཟད་སྒྲུབ་པ་རྩོམ་པ་ན་བགེགས་མེད་པར་འགྱུར་རོ། །རྣམ་པ་གཞན་དུ་ རྣམ་པར་འཇོམས་པར་བྱེད་དོ། །ཞེས་པ་སྒྲུབ་པའི་ཐབས་ཀྱི་ཆོ་གའི་རིག་པ་འདི་རྣམས་རྟོག་པའི་རྒྱལ་པོ་བཀླགས་པས་གྲུབ་པ། འདིར་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟར་སྒྲུབ་པ་པོའི་ལས་ཐམས་ཅད་འགྲུབ་པར་བྱེད་དོ། །ཞེས་པ་དེ་བཞིན་དུ་རྟོགས་པར་བྱའོ། །བཅོམ་ ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པའི་ལེའུ་ཡོངས་སུ་རྫོགས་སོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་སེམས་ ཅན་ཐམས་ཅད་ཀུན་ཏུ་སྣང་བར་གྱུར་པས། རིག་པ་ཐམས་ཅད་བསྐུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་དཔའ་ཆེན་པོའི་སྒྲུབ་ཐབས་ཀྱི་རིག་པ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཧཱ་རེ་སྭཱ་ཧཱ། རིག་པ་འདིས་རིའི་རྩེ་མོར་སློང་མོ་ཟ་བས་མཆོད་རྟེན་དང་། ཁྱིམ་དུ་ཐུན་གསུམ་དུ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །མི་སྨྲ་བས་འོ་མ་དང་ནས་ཟན་ཟ་བའམ་སློང་མོ་ཟ་བས་ཀུ་ཤ་བཏིང་པ་ལ་ཉལ་ཏེ་ཟླ་བ་གསུམ་མ་མ་ཟླ་བ་གཅིག་གིས་འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་དང་ལྷན་ཅིག་ཏུ་ལྷ་མོ་སྒྲོལ་མ་མཐོང་བར་བྱེད་དོ། །མཆོག་གང་སློང་པ་རྒྱལ་སྲིད་དམ། མི་སྣང་བའམ། ཕུག་ཏུ་འཇུག་པའམ། གཏེར་འཕོ་བའམ། ཡུལ་གྱི་བདག་པོ་ཡང་རུང་སྟེ། གང་བསླངས་པ་དེ་རྙེད་ཅིང་རྟག་ཏུ་ རྙེད་དོ། །མ་བསྒྲུབས་པར་ཡང་རིག་པས་གཏན་ལ་འགེམས་པར་བྱེད་པ་དང་། རྡུལ་དུ་བྱེད་པ་དང་། གནོན་པར་བྱེད་པ་དང་། འབྱིན་པ་དང་། མཚོན་ཆ་འཆང་བ་དང་། ཕུག་གི་འཁྲུལ་འཁོར་ཐམས་ཅད་འགེམས་པར་བྱེད་པ་ལ་བདག་ཉིད་བསྲུང་བ་བྱས་ཏེ། གཡུལ་ དུ་མངོན་པར་ཞུགས་ན་རྣམ་པར་རྒྱལ་བར་བྱེད་དོ། །གཞན་སྲུང་ན་གྲུབ་པའི་བྱ་བ་ཐམས་ཅད་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏ་དྱ་ཐཱ། ཏཱ་རེ་ཏཱ་རེ་སྭཱ་ཧཱ། རིག་པ་འདིས་ཟླ་བ་གཟས་བཟུང་བའི་དུས་ སུ་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་སྔོན་དུ་བསྙེན་པ་བྱས་པའམ། བསྙེན་པ་མ་བྱས་པ་ཡང་རུང་སྟེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་སྣ་མའི་མེ་ཏོག་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དངུལ་སྟོང་ཕྲག་བརྒྱ་ རྙེད་དེ་ཡང་ན་མཐོང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ། ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། རིག་པ་འདིས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ནས་སྔར་བརྗོད་པའི་བྲིས་སྐུའི་མཆོག་བྱ་སྟེ་མཐར་ཟླ་བ་ཉ་བ་ལ་དྲི་དང་། བདུག་པ་དང་གཏོར་མ་དང་། མེ་ཏོག་རྣམས་ཕུལ་ནས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་ཨུཏྤལ་སྔོན་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་ བརྒྱད་བྱའོ། །དེ་ནས་ནམ་མཁའ་ལ་གྲུབ་བོ་གྲུབ་བོ་ཞེས་པའི་སྒྲ་འབྱུང་ངོ་། །ཡང་ན་རས་རིས་གཡོ་བར་བྱེད་དོ། །དེ་ལྟ་བུས་ནི་གྲུབ་པར་འགྱུར་ཏེ། ཡུལ་དང་གྲོང་དང་གྲོང་ཁྱེར་རམ་རྒྱལ་སྲིད་ཀྱི་དབང་ཕྱུག་སོ་སོར་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་ཏུ་རེ་སྭཱ་ཧཱ། རིག་པ་འདིས་འབུམ་ཕྲག་གཅིག་ཏུ་བཟླས་ནས་ཟླ་བ་དང་ཉི་མ་གཟས་བཟུང་བ་ན་ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཅུག་ནས་གཟི་བརྗིད་དང་ལྡན་པའི་ལག་པ་ཁ་སྦྱར་གྱིས་མནན་ནས་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་ དང་འབར་བདེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ། །དུ་བ་འཐུལ་བཞིན་པས་ནི་མི་སྣང་བ་དང་ཆ་དྲུག་འཕྲོག་གོ། །འབར་བས་ནི་ནམ་མཁར་འགྲོའོ། །ཐོགས་པ་མེད་པའི་སྟོབས་དང་། བརྩོན་འགྲུས་དང་། ཉི་མ་འཆར་ཀའི་མདོག་དང་། སྐྲ་ལི་ ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལོ་སྟོང་ཕྲག་བཅུར་འཚོ་ཞིང་ལུས་ཐ་དད་པའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་ཏུ་རེ་སྭཱ་ཧཱ། འདིས་ རྒྱལ་གྱི་ལྕགས་ལས་བྱུང་བའི་སོར་མོ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འབུམ་ཕྲག་གཅིག་བཟླས་ནས་དྲི་དང་མེ་ཏོག་དང་གཏོར་མའི་ཆོ་ག་བྱས་ནས་བསྒྲུབ་པར་བྱའོ། །དུ་བ་འཐུལ་བ་ལ་བླངས་ནས་མི་སྣང་བར་འགྱུར་རོ། །ཆ་དྲུག་འཕྲོག་གོ། །ལོ་སྟོང་ཕྲག་ ལྔར་འཚོ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ། ཏཱ་རཱ་ཡཻ་བྷ་ག་བ་ཏི་སྭཱ་ཧཱ། རིག་པ་འདིས་ཏིལ་མར་ལ་ལན་བརྒྱད་མངོན་པར་བསྔགས་ཏེ་བསྐུས་ན་རྨ་མེད་པར་བྱེད་དོ། །ཚོར་བ་མེད་པར་བྱེད་ དོ། །ཟུག་རྔུ་མེད་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུཏྟཱ་རེ་སྭཱ་ཧཱ། རིག་པ་འདིས་འབུམ་ཡོངས་སུ་བཟླས་ཏེ་ལན་བདུན་ཡོངས་སུ་བཟླས་པའི་ཆུ་ལ་གཏོར་བར་བྱ། མ་ན་ཀ་ར་དང་། རུ་སྦལ་ལ་སོགས་པའི་མཆུ་བཅིང་བ་བྱས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་གི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སྭཱ་ཧཱ། རིག་པ་འདིས་ཆེན་པོ་རྣམས་ཀྱི་ལས་ཀྱི་ལམ་ཐམས་ཅད་བྱེད་པར་འགྱུར་རོ། །ཏིལ་ མར་ལ་བརྒྱ་ཕྲག་བཅུར་ཡོངས་སུ་བཟླས་ནས་སྦྱིན་དུ་གཞུག་པར་བྱ་སྟེ། གཟིར་བ་དང་། མདོམས་ཀྱི་ནད་དང་། གཅིན་སྲི་བ་དང་། རྐེད་པ་བསྡམས་པ་ལ་བྱིན་ན་ནད་མེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་སྭཱ་ཧཱ། རིག་པ་འདིས་ཤ་ཟའི་རིམས་དང་། འབྱུང་པོའི་རིམས་དང་། གདོན་རྣམ་པར་འཇོམས་པ་ལ་སྲད་བུས་ཐར་བར་བྱེད་དོ། །མི་མོ་རབ་ཏུ་བཙའ་བཞིན་པ་ལ་ཏིལ་མར་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་ལྟེ་བ་འམ་རྐེད་པར་བསྐུས་ན་ ཟུག་རྔུ་མེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་མུཿསྭཱ་ཧཱ། རིག་པ་འདིས་བརྒྱད་བརྒྱར་མངོན་པར་བསྔགས་པ་བྱས་ནས། ཀུམྦྷི་ར་དང་བཱ་ར་ཎི་དང་། ཨ་ནནྟ་དང་། བེ་ཏ་ཤི་དང་། ཚངས་མ་དང་། ཤུ་དག་དང་། བྲི་ཧ་ཏི་རྣམས་སྦྲང་རྩི་དང་ཡང་དག་པར་ལྡན་པ་ཟངས་ཀྱི་སྣོད་དུ་བཞག་ནས་ཟླ་བ་མཐོང་བ་ནས་ཇི་སྲིད་གྲོལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ཟོས་པས་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །རིག་པ་འདིས་གཡུལ་ངོར་འཇུག་པ་ལ་བརྒྱད་ བརྒྱ་མངོན་པར་བཟླས་ནས་ལག་པ་ལ་ཆིངས་ཤིག །སྟོབས་ཆེན་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་མུ་ལུ་མུ་ལུ་སྭཱ་ཧཱ། རིག་པ་འདིས་དཀར་པོའི་ཚེས་གཅིག་ནས་བརྩམས་ ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་ཤྭཏྠའི་ཤིང་གི་འོག་ཏུ་མེ་ཏོག་ཡུ་ཏི་ཀ་དང་། ཀཪྞི་ཀ་ར་རྣམས་འོ་མ་དང་། ཞོ་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །དངུལ་བརྒྱ་རྙེད་པའམ། ཡང་ན་མཐོང་ངོ་། །ཟླ་བ་ཉ་ལ་མཚན་མོ་གསུམ་སྨྱུང་བར་ གནས་ཏེ། མཚན་ཕྱེད་ནས་ཆུ་ཀླུང་དུ་ཕྱིན་ནས་དྲི་ཞིམ་པོའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་དོང་ཙེ་ལྔ་བརྒྱ་རྙེད་པའམ། ཡང་ན་མཐོང་ངོ་། །འདིས་ཟླ་བ་གཟས་བཟུང་བའི་དུས་སུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་སོ་མ་རཱ་ཛའི་འབྲས་བུ་རྣམས་ཕྱེ་མ་ཞིབ་མོར་བྱས་ ནས་མར་དང་སྦྲང་རྩི་དང་བསྲེས་པའི་རིལ་བུ་བྱའོ། །ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཏུམས་ནས་ལག་པས་མནན་ཏེ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ཟོ་ཤིག །ཐོས་པ་འཛིན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་ དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུ་རེ་ཏུ་རེ། ད་ར་ད་ར་སྭཱ་ཧཱ། རིག་པ་འདིས་ཉིན་མཚན་དུ་སྨྱུང་བར་གནས་བས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་ཆོ་ག་བྱས་ནས་དེ་ནས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས་འོ་མ་དང་ནས་ཟན་ཟ་བས་ཕྱོགས་སུ་གསོ་སྦྱོང་ བྱས་ཏེ་པདྨ་དཀར་པོ་ཁ་བྱེ་བ་འབུམ་དབུལ་བར་བྱའོ། །གཏེར་མཐོང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུཏྟཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྤོབས་པ་དང་ལྡན་མ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡི། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏཱ་རེ་ཏཱ་རེ། ཏུཏྟཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འོད་གཉིས་སྦྱིན་པ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུ་རེ། ཏུ་རེ་ སྭཱ་ཧཱ། འདི་ནི་སྒྲོན་མའི་སྙིང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་ལས་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པ་ཞེས་བྱ་བའི་འཕགས་མ་སྒྲོལ་མའི་རིག་ པའོ། །དེ་ནས་རིག་པ་འདི་རྣམས་ཀྱིས་མཆོག་ཏུ་གྲུབ་པའི་ཆོ་ག་ཕྱོགས་ཙམ་དུ་འགྱུར་ཏེ། ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་དོ། །ཞེས་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །མདོར་ན་འཇིགས་པ་ཆེན་པོ་རྣམས་དང་། ལས་ཕྲན་ཚེགས་རྣམས་ལའང་ བཀླགས་པས་འགྲུབ་པར་འགྱུར་རོ། །ཆོ་ག་འདི་ལ་ཡང་རིག་པ་སྒྲུབ་པར་འདོད་པས་རིག་པ་དེས་བ་བྱུང་ལྔས་ལུས་ཀུན་ཏུ་སྦྱངས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྐད་བཤད་པའི་རྣམ་པས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཇི་སྲིད་ དུ་ཟླ་བ་ཉ་ལ་འབུམ་ཡང་རུང་ངོ་། །སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་མཐར་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨ་ག་རུ་ནག་པོའི་ཡམ་ཤིང་སོར་དྲུག་པའི་ཚད་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའམ། ཏུ་རུཥྐའི་ཏིལ་མར་ གྱིས་བཏགས་པའི་སེང་ལྡེང་གི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ལས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་ལས་སུ་འགྱུར་ཏེ་མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པ། གཞོན་ནུ་མས་བཀལ་བའི་སྐུད་པ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུའམ། སོ་སོའི་ཁྱིམ་དུ་སྟོང་ཕྲག་བཅུར་མངོན་པར་བསྔགས་ནས་ལག་པ་ལ་བཅིངས་ན་མི་སྣང་བར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་པདྨ་སྟོང་ཕྲག་སུམ་ཅུ་སེང་ལྡེང་གི་སོལ་བས་མེ་སྦར་ནས་སྦྱིན་སྲེག་བྱས་ན་རང་གི་གཟུགས་ཀྱི་ལྷ་མོ་མཐོང་ ངོ་། །གང་བསླངས་པ་དེ་རྙེད་དོ། །ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་བཅྭོ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་སྦར་ནས་མར་གྱི་སྲེག་བླུགས་སྟོང་སྦྱིན་སྲེག་བྱས་ན་གྲོང་རྙེད་དོ། ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་མཆོད་རྟེན་སྟོང་བྱེད་དུ་གཞུག་གོ། །ཉི་མ་སོ་སོ་རེ་རེ་ལ་མཆོད་རྟེན་ལ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་པས་དྲི་དང་མེ་ཏོག་ལ་སོགས་པ་འདི་ལ་ཕུལ་ནས་ཇི་སྲིད་དུ་མཆོད་རྟེན་ཕྱི་མ་འབར་བ་དེ་ནས་བཅོམ་ལྡན་འདས་བྱོན་པར་ཤེས་པར་བྱའོ། །བཅོམ་ལྡན་ འདས་བྱོན་པ་ན་ས་གཡོ་བ་དང་དྲི་ཞིམ་པོའི་རླུང་ལྡང་སྟེ། ཇི་སྲིད་དུ་རང་གི་གཟུགས་ཀྱིས་ཉེ་བར་གནས་པ་དེ་སྲིད་དུ་བཟླས་པར་བྱའོ། །མཆོག་གང་སློང་བའི་མཆོག་སྩོལ་བར་མཛད་དོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་སེང་ལྡེང་གི་འདབ་མའི་དུམ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཉི་མ་སོ་སོར་གྲོང་རེ་རེ་རྙེད་དོ། །དགོན་པར་སོང་ནས་རིག་པ་བྱེ་བ་བཟླས་པར་བྱའོ། །སློང་མོ་བཟའ་ཞིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་དགོན་པའི་བ་ལང་གི་ལྕི་བས་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་བྱའོ། །ཇི་སྲིད་ལྷ་རྣམས་རི་དགས་མོའི་གཟུགས་སུ་བྱས་ནས་འོང་ བར་འགྱུར་ཏེ་དེ་ལ་འཇིགས་པར་མི་བྱའོ། །དེ་ཡང་གཏེར་སྩོལ་བར་བྱེད་དེ་བླང་བར་བྱའོ། །རང་ཉིད་ལོངས་ཤིག་ཅེས་བརྗོད་པར་བྱའོ། །རྒྱལ་སྲིད་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་རྣམས་སྟེར་བར་བྱེད་དེ། རྟག་ཏུ་དཀོན་མཆོག་གསུམ་ལ་སྦྱར་ཞིང་། བཅོམ་ལྡན་འདས་ ལ་དབུལ་བར་བྱའོ། །དགོན་པར་ཞུགས་ནས་རིག་པ་སྟོང་ཕྲག་བརྒྱ་བཟླས་པར་བྱ་ཞིང་། ཨ་ག་རུའི་ཤིང་ལ་རབ་ཏུ་གནས་པའི་སྤྱན་སྔར་བཅོམ་ལྡན་འདས་ལ་ཤིང་པཏྶ་ལཎྜི་ཀ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་བྱས་ན་འདོད་འཇོའི་བ་སེར་ སྐྱར་འོང་ངོ་། །སླར་ཡང་པཏྶ་ལཎྜི་ཀའི་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་བྱའོ། །འོངས་ནས་ཀྱང་གྲུབ་པར་འགྱུར་ཏེ་ལོ་སྟོང་དུ་འོ་མ་སྦྱིན་པར་བྱེད་དོ། །སྔར་བརྗོད་པའི་རས་རིས་ཀྱི་སྤྱན་སྔར་མར་དང་། སྦྲང་རྩིས་བཏགས་པའི་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཟླ་བ་དྲུག་ཏུ་དོང་ཙེ་སྟོང་རྙེད་དོ། །ཡང་ན་པ་ཎ་སྟོང་ལྷག་པ་དང་བཅས་པའོ། །ཀུ་མུ་དའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། སངས་རྒྱས་ལ་མངོན་པར་དང་བས་ལྷ་རྣམས་མཆོག་སྦྱིན་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ལ་མཆོད་པ་བྱས་ནས་ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་བསྔགས་པར་བྱས་ནས་གཡུལ་དུ་གཏོར་བར་བྱས་ཏེ་འདི་ཉིད་སྟོང་ཕྲག་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་ནུས་པར་འགྱུར་རོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་བཅུ་གསུམ་ལ་དྲི་དང་ མེ་ཏོག་དང་བདུག་པས་མཆོད་པ་བྱས་ནས་མེ་ཏོག་ཁ་བྱེ་བ་དང་མར་གྱི་སྲེག་བླུགས་ཀྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཐལ་བ་བླངས་ནས་གཞན་གྱི་དཔྲལ་བར་ཐིག་ལེ་བྱས་ཏེ། གྲོང་དང་གྲོང་ཁྱེར་དུ་རབ་ཏུ་འཇུག་པར་བྱེད་དེ། ཐམས་ཅད་དབང་དུ་འགྱུར་རོ། །ནག་པོའི་བཅུ་ བཞི་ནས་ཇི་སྲིད་བཅྭ་ལྔའི་བར་དུ་ཞག་གཅིག་སྨྱུང་བར་གནས་པས་པ་ཊའི་ཤིང་གི་འོག་ཏུ་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ཏེ་དྲི་དང་བདུག་པ་ཕུལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་གནོད་སྦྱིན་རྣམས་ལ་གཏོར་མ་ཕུལ་ཏེ་ མིའི་རུས་པ་བླངས་ནས་རྩེ་གསུམ་བྱེད་དུ་གཞུག་གོ། །ལག་པ་གཡོན་པས་ལན་བདུན་འཕངས་པ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྩེ་གསུམ་འབར་བར་འགྱུར་རོ། །དེ་ནས་གྲུབ་པར་འགྱུར་ཏེ་འདོད་པས་གང་སྤྲུལ་པ་དེར་ འགྱུར་རོ། །ལྷའི་ཁང་པར་ཟླ་བ་དང་ཉི་མ་གཟས་བཟུང་བ་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་ཁང་པར་སེར་སྐྱར་རྒྱུད་མཚུངས་པའི་མར་སྲང་གཅིག་བླངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གསེར་གྱི་སྣོད་དུ་བཞག་ནས་བཅོམ་ལྡན་འདས་ལ་མཆོད་ པ་བྱས་ཏེ་ཟླ་བ་མི་ལྟ་བ་ཉིད་དུ་ཀུ་ཤས་སྟེང་ནས་གཡོགས་ཏེ་བཟླས་པར་བྱའོ། །དྲོ་བཞིན་པ་ན་བཏུང་བར་བྱ། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ལྕི་བ་བྱུང་བ་ན་བཏུང་བར་བྱ་སྟེ་མི་སྣང་བར་འགྱུར་རོ། །འབར་བཞིན་པ་ནི་བཏུང་བར་བྱ་སྟེ་ནམ་མཁའ་ལ་འགྲོའོ། །ཟླ་ བ་དྲུག་ཏུ་སྔོན་སྤྱད་པ་བྱས་པ་བའི་གཅིན་དང་ནས་ཟན་བཟའ་ཞིང་མི་སྨྲ་བའི་བརྟུལ་ཞུགས་སྤྱད་པར་བྱའོ། །བཅོམ་ལྡན་འདས་མ་རྟག་ཏུ་བཟླས་པས་མ་བླངས་པར་གསེར་བརྒྱ་རྙེད་དོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་ལོར་བརྩམ་པར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ གི་སྤྱན་སྔར་མཆོད་པ་བྱས་ནས་དྲི་དང་མེ་ཏོག་དང་བདུག་པ་ལགས་པ་དེ་བཞིན་དུ་ཕུལ་ཏེ་ཡན་ལག་བརྒྱད་ཀྱི་གསོ་སྦྱོང་དང་ཡང་དག་པར་ལྡན་པས་ལོ་རྫོགས་པ་ན་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་རས་རིས་འཆིང་བར་བྱེད་དོ། །བཅོམ་ལྡན་འདས་ལ་མཆོད་པ་ བྱས་ནས་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཟླ་བ་ཉ་བའི་བར་ཆེས་ལྷག་པའི་མཆོད་པ་དང་། སློང་མོ་བཟའ་བར་བྱ་སྟེ་གྲུབ་བོ་ཞེས་པའི་ཚིག་འདོན་པར་བྱེད་དོ། །མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་པས་ཕ་རོལ་ཞི་བར་འགྱུར་རོ། །ཆོ་འཕྲུལ་གྱི་ཕྱོགས་ ལ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་དེ་བཞིན་དུ་ཕུལ་ནས་དུང་གི་མེ་ཏོག་ཅན་གྱི་མེ་ཏོག་སྟོང་ཕྲག་བརྒྱ་ལ་ཨི་གུ་ཏའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ། གྲོང་དང་། གྲོང་ ཁྱེར་དང་། ལྗོངས་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། མ་ཧེ་རྣམས་དབང་དུ་འགྱུར་རོ། །དེ་ནས་ཡང་པྲ་དབབ་པར་བྱེད་པར་འདོད་ན་མཚན་མོ་བདུན་དུ་འོ་མ་དང་ནས་ཟན་བཟའ་ཞིང་མཚན་མོ་གཅིག་ཏུ་གསོ་སྦྱོང་དང་ལྡན་པས་དྲི་མ་མེད་པའི་མར་གྱ