Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 062_མདོ་སྡེ།_ཚ
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅། །མདོ་སྡེ་ཚ་བ་བཞུགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤྲདྡྷཱ་བ་ལཱ་དྷཱ་ནཱ་བ་ཏཱ་ར་མུ་དྲཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བ་ཐེག་ པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་ བཞིན་གཤེགས་པའི་གནས་ན་ཆོས་ཀྱི་བས་མཐའ་དགོན་པ་ཀུན་ནས་འོད་ཀྱི་ཁང་པ་བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ། ཀུན་ཏུ་མ་སྨད་པ། ཡོན་ཏན་གྱི་ཚོགས་ དཔག་ཏུ་མེད་པ། རྡོ་རྗེ་ལྟར་སྲ་བར་བརྩིགས་པ། མི་ཤིགས་པའི་སའི་ཕྱོགས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པའི་མེ་ཏོག་གི་རྒྱན་དྲི་མ་མེད་པའི་འོད་འབར་བའི་ནོར་བུ་རིན་པོ་ཆེའི་ དྲ་བའི་རྒྱན་གྱིས་སྤྲས་པ། ཁ་དོག་མཐའ་ཡས་པའི་ནོར་བུ་རིན་པོ་ཆེ་རྒྱ་མཚོ་ཡངས་པ་སྣང་ཞིང་རྣམ་པར་བཀྲ་བ། ནོར་བུ་རིན་པོ་ཆེའི་ཆར་མི་ཟད་པ་འབབ་པའི་ནོར་བུ་རིན་པོ་ཆེའི་ རྒྱལ་པོ་ལས་གྲུབ་པ། མེ་ཏོག་སྣ་ཚོགས་འཁྱིལ་པའི་ཆུ་བོའི་ནོར་བུ་སྡོང་པོ་དང་ཡལ་གས་བརྒྱན་པ། མེ་ཏོག་དང་། སྤོས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་བྲེས་པ། བཀོད་པ་ཐམས་ཅད་འབར་བར་སངས་རྒྱས་ཀྱི་བྱིན་གྱི་རླབས་ ཀྱིས་རྣམ་པར་སྤྲུལ་པ་ཡང་དག་པར་སྟོན་པའི་སའི་སྙིང་པོ་ནོར་བུ་རིན་པོ་ཆེ་ཐམས་ཅད་ཡངས་པར་འབྱུང་བས་ཕྱོགས་ཀུན་ཏུ་སྦྱངས་ཤིང་བཀོད་པའི་བྱང་ཆུབ་ཀྱི་སྙིང་པོ་ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་རིགས་ཀྱིས་བརྒྱན་པས་རྒྱས་པའི་ཕུང་པོ་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་ཁ་ ཁྱེར་གྱིས་བསྐོར་བ། ནོར་བུ་མུ་ཏིག་རིན་པོ་ཆེའི་ཆུན་པོས་མཛེས་པར་བྱས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་པ། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་བྲེས་པ། ཙན་དན་སྦྲུལ་གྱི་སྙིང་པོས་བྱུགས་པ། དབང་གི་རྒྱལ་པོའི་ནོར་བུ་ རིན་པོ་ཆེའི་དྲ་བས་གཡོགས་པ། རྒྱ་མཚོའི་གནས་རྣམ་པར་དག་པ་བཀོད་པ། ཀུན་ནས་འོད་ཟེར་གྱི་ནོར་བུའི་ཀ་བའི་དྲ་བས་གཏམས་པ། སེང་གེའི་རལ་པའི་ནོར་བུ་རིན་པོ་ཆེའི་སྤང་ལེབ་ཀྱིས་བཀབ་པ། སེང་གེའི་རྒྱལ་མཚན་མཆོག་གི་ནོར་བུ་ རིན་པོ་ཆེའི་སྒོ་གང་དང་། རྟ་བབས་དང་། སྐར་ཁུང་གིས་བརྒྱན་པ། དར་གྱི་ཆུན་པོ་བྲེས་པས་མཛེས་པར་བྱས་པ་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། མདོག་མཛེས་དང་། མདོག་ མཛེས་ཆེན་པོ་དང་། འཁོར་ལོ་དང་། འཁོར་ལོ་ཆེན་པོ་དང་། སྣ་མའི་མེ་ཏོག་དང་། བར་ཤི་ཀ་དང་། ཏ་ར་ནི་དང་། བལ་ལ་ཀོ་ཏ་ར་ནི་དང་། ཤིན་ཏུ་དྲི་མཆོག་དང་། དྷ་ནུ་སྐ་རི་ཀ་དང་། ལྷའི་མེ་ཏོག་ཡིད་དུ་འོང་བ་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མེ་ཏོག་ཆེན་པོས་གཏོར་བ་ན་བཞུགས་ཏེ། ཆགས་པ་མེད་པར་བཀོད་པའི་སྙིང་པོའི་སེང་གེའི་ཁྲི་ལ་བཅོམ་ལྡན་འདས་བློ་ཤིན་ཏུ་རྣམ་པར་དག་པ། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་ཤིན་ཏུ་གཞོལ་ བ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མི་མངའ་བས་རྟོགས་པར་ཐུགས་སུ་ཆུད་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་མི་འཕྲོགས་པ། རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་ པ། དུས་གསུམ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པའི་ཡེ་ཤེས་མངའ་བ་སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། སངས་རྒྱས་ཀྱི་ཡེ་ཤེས་ལ་ནེམ་ནུར་མེད་པ། རྣམ་པར་ མི་རྟོག་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་རྫོགས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་ དང་དབུས་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རྒྱུན་མི་འཆད་པ། ཕྱི་མའི་མཐའི་མུའི་བསྐལ་པ་ བགྲངས་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་བྱིན་གྱིས་རློབ་པ། ཆགས་པ་མེད་པའི་བཀོད་པའི་སྙིང་པོ་ཡང་དག་པར་སྟོན་པ། མ་ཆགས་པའི་ཡེ་ཤེས་མངའ་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་བྱ་དབྱེར་མེད་ཅིང་མི་གནས་པ། དུས་ གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་ བཅོམ་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཆོས་གནས་པ་དང་། ཆོས་ནུབ་པ་སྟོན་པ་ལ་མཁས་པ་བཞུགས་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་ མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེན་པ། ལུས་ཀྱི་ཁ་དོག་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུངས་ཐོབ་པ། སངས་རྒྱས་ མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བ་སྟོན་པ་ལ་མཁས་པ། ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་སྦྱང་བ་ཤ་སྟག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་གྲངས་མེད་དཔག་ཏུ་མེད་པ་དག་དང་ཡང་ཐབས་ཅིག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་ གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དབུགས་འབྱིན་པ་རྙེད་པ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བ་དག་བཅོམ་ལྡན་ འདས་ཀྱིས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། བདག་ནི་བསམ་པ་ལ་གནས་ཀྱིས། གཞན་དག་ཀྱང་བསམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་པ་ནི་གང་དགེ་བའི་རྩ་བ་གཞན་དང་གཞན་བརྩམས་པའི་བྱེ་བྲག་ལ་དད་པ་མི་ཕྱེད་པའོ། །བདག་ནི་ ལྷག་པའི་བསམ་པ་ལ་གནས་ཀྱིས། གཞན་དག་ཀྱང་ལྷག་པའི་བསམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལྷག་པའི་བསམ་པ་ནི་གང་སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་ཁྱད་པར་དུ་འགྲོ་བའི་ཆོས་རྣམས་ལ་ལྷག་པར་དམིགས་པའོ། །བདག་ནི་དད་པ་ལ་ གནས་ཀྱིས། གཞན་དག་ཀྱང་དད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དད་པ་ནི་ཤེས་རབ་ཀྱི་རྩ་བ་ལས་བྱུང་བའི་ལས་ལ་གནས་པའོ། །བདག་ནི་མཆོག་ཏུ་དགའ་བ་ལ་གནས་ཀྱིས་གཞན་དག་ཀྱང་མཆོག་ཏུ་དགའ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་ རྙེད་པར་འགྱུར་ཏེ། དེ་ལ་མཆོག་ཏུ་དགའ་བ་ནི་ལུས་དང་སེམས་རབ་ཏུ་སྦྱངས་པ་གང་ཡིན་པའོ། །བདག་ནི་བདུད་ཀྱི་ལས་དང་དབྱེར་མེད་པའི་སངས་རྒྱས་ཀྱི་ལས་ལ་གནས་ཀྱིས། གཞན་དག་ཀྱང་བདུད་ཀྱི་ལས་དང་དབྱེར་མེད་པའི་སངས་རྒྱས་ཀྱི་ལས་ལ་དགོད་དོ་ཞེས་དབུགས་ འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདུད་ཀྱི་ལས་ནི་གང་ཕྱིན་ཅི་ལོག་གི་ཀུན་ནས་ལྡང་བ་ལས་བྱུང་བའི་ལྟ་བ་དང་། ལྟ་བ་ཀུན་ནས་ལྡང་བ་ལས་བྱུང་བའི་བདུད་ཀྱི་ལས་ཏེ། བདུད་ཀྱི་ལས་འདི་སངས་རྒྱས་ཀྱི་ལས་དང་དབྱེར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདུད་ཀྱི་ལས་ཀྱི་རང་ བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། བདུད་ཀྱི་ལས་ཀྱི་རང་བཞིན་ལས་སངས་རྒྱས་ཀྱི་ལས་གཞན་མེད་པས་བདུད་ཀྱི་ལས་ཀྱི་རང་བཞིན་ཉིད་སངས་རྒྱས་ཀྱི་ལས་ཏེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་ སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། བདག་ནི་ལྟ་བར་གྱུར་པ་དང་དབྱེར་མེད་པའི་སྟོང་པ་ཉིད་ཤེས་པ་ལ་གནས་ཀྱིས། གཞན་དག་ ཀྱང་ལྟ་བར་གྱུར་པ་དང་དབྱེར་མེད་པའི་སྟོང་པ་ཉིད་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལྟ་བར་གྱུར་པ་དང་དབྱེར་མེད་པའི་སྟོང་པ་ཉིད་ནི་ལྟ་བར་གྱུར་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་ལྟ་བར་གྱུར་པའི་རང་བཞིན་ལས་ གཞན་མ་ཡིན་པའི་ཕྱིར་ཏེ། ལྟ་བར་གྱུར་པའི་རང་བཞིན་ལས་སྟོང་པ་ཉིད་གཞན་མེད་པས་ལྟ་བར་གྱུར་པའི་རང་བཞིན་ཉིད་སྟོང་པ་ཉིད་དེ། ལྟ་བར་གྱུར་པའི་རང་བཞིན་སྟོང་པ་ཉིད་ཤེས་པ་དེས་ཆོས་ཐམས་ཅད་སྟོང་ངོ་། །བདག་ནི་སྒྲོ་འདོགས་པ་དང་། དབྱེར་མེད་པ་སྒྲོ་འདོགས་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྒྲོ་འདོགས་པ་དང་། དབྱེར་མེད་པ་སྒྲོ་འདོགས་པ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྒྲོ་འདོགས་པ་དང་དབྱེར་མེད་པའི་སྒྲོ་འདོགས་པ་མེད་པ་ནི་སྒྲོ་ འདོགས་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲོ་འདོགས་པ་མེད་པ་ནི་སྒྲོ་འདོགས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། སྒྲོ་འདོགས་པའི་རང་བཞིན་ལས་སྒྲོ་འདོགས་པ་མེད་པ་གཞན་མེད་པས་སྒྲོ་འདོགས་པའི་རང་བཞིན་ཉིད་སྒྲོ་འདོགས་པ་མེད་ པ་སྟེ། སྒྲོ་འདོགས་པའི་རང་བཞིན་གྱི་སྒྲོ་འདོགས་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་སྒྲོ་འདོགས་པ་མེད་པའོ། །བདག་ནི་ལྷག་པར་བྱེད་པ་དང་དབྱེར་མེད་པ་ལྷག་པར་བྱེད་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ལྷག་པར་བྱེད་པ་དང་དབྱེར་མེད་པ་ལྷག་ པར་བྱེད་པ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལྷག་པར་བྱེད་པ་དང་དབྱེར་མེད་པ་ལྷག་པར་བྱེད་པ་མེད་པ་ནི་ལྷག་པར་བྱེད་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ལྷག་པར་བྱེད་པ་མེད་པ་ནི་ལྷག་པར་བྱེད་པའི་རང་བཞིན་ ལས་གཞན་མ་ཡིན་པའི་ཕྱིར་ཏེ། ལྷག་པར་བྱེད་པའི་རང་བཞིན་ལས་ལྷག་པར་བྱེད་པ་མེད་པ་གཞན་མེད་པས་ལྷག་པར་བྱེད་པའི་རང་བཞིན་ཉིད་ལྷག་པར་བྱེད་པ་མེད་པ་སྟེ། ལྷག་པར་བྱེད་པའི་རང་བཞིན་གྱི་ལྷག་པར་བྱེད་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་ལྷག་པར་བྱེད་ པ་མེད་པའོ། །བདག་ནི་གདེག་པ་དང་། གཞག་པ་དང་། དབྱེར་མེད་པ་གདེག་པ་དང་གཞག་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གདེག་པ་དང་། གཞག་པ་དང་དབྱེར་མེད་པ་གདེག་པ་མེད་ཅིང་གཞག་པ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་ པ་རྙེད་པར་འགྱུར་ཏེ། དེ་ལ་གདེག་པ་དང་། གཞག་པ་དང་། དབྱེར་མེད་པ་གདེག་པ་མེད་ཅིང་གཞག་པ་མེད་པ་ནི་གདེག་པ་དང་གཞག་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གདེག་པ་མེད་པ་དང་གཞག་པ་མེད་པ་ནི་གདེག་པ་དང་གཞག་པའི་རང་བཞིན་ལས་ གཞན་མ་ཡིན་པའི་ཕྱིར་ཏེ། གདེག་པ་དང་གཞག་པའི་རང་བཞིན་ལས་གདེག་པ་མེད་ཅིང་གཞག་པ་མེད་པ་གཞན་མེད་པས་གདེག་པ་དང་གཞག་པའི་རང་བཞིན་ཉིད་གདེག་པ་མེད་ཅིང་གཞག་པ་མེད་པ་སྟེ། གདེག་པ་དང་གཞག་པའི་རང་བཞིན་ཉིད་ཀྱི་གདེག་པ་དང་། གཞག་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་གདེག་པ་དང་གཞག་པ་མེད་པའོ། །བདག་ནི་བླང་བ་དང་། དོར་བ་དང་དབྱེར་མེད་པ་བླང་བ་མེད་ཅིང་དོར་བ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་བླང་བ་དང་། དོར་བ་དང་དབྱེར་མེད་པ་བླང་བ་མེད་ཅིང་དོར་བ་མེད་པ་ཤེས་པ་ ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བླང་བ་དང་དོར་བ་དང་དབྱེར་མེད་པ་བླང་བ་མེད་ཅིང་དོར་བ་མེད་པ་ནི་བླང་བ་དང་དོར་བའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། བླང་བ་མེད་ཅིང་དོར་བ་མེད་པ་ནི་བླང་བ་དང་དོར་བའི་རང་བཞིན་ལས་གཞན་མ་ཡིན་ པའི་ཕྱིར་ཏེ། བླང་བ་དང་དོར་བའི་རང་བཞིན་ལས་བླང་བ་མེད་ཅིང་དོར་བ་མེད་པ་གཞན་མེད་པས་བླང་བ་དང་དོར་བ་མེད་པའི་རང་བཞིན་ཉིད་བླང་བ་མེད་པ་དང་དོར་བ་མེད་པའོ། །བླང་བ་དང་དོར་བའི་རང་བཞིན་གྱི་བླང་བ་མེད་ཅིང་དོར་བ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་བླང་བ་མེད་ ཅིང་དོར་བ་མེད་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་ སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་འདུས་བྱས་དང་དབྱེར་མེད་པ་འདུས་མ་བྱས་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་འདུས་བྱས་དང་དབྱེར་མེད་པ་འདུས་མ་བྱས་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདུས་བྱས་ དང་དབྱེར་མེད་པ་འདུས་མ་བྱས་ནི་འདུས་བྱས་ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདུས་མ་བྱས་ནི་འདུས་བྱས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། འདུས་བྱས་ཀྱི་རང་བཞིན་ལས་འདུས་མ་བྱས་གཞན་མེད་པས་འདུས་བྱས་ཀྱི་རང་བཞིན་ ཉིད་འདུས་མ་བྱས་ཏེ། འདུས་བྱས་ཀྱི་རང་བཞིན་འདུས་མ་བྱས་ཤེས་པ་དེས་ཆོས་ཐམས་ཅད་འདུས་མ་བྱས་སོ། །བདག་ནི་དངོས་པོ་དང་དབྱེར་མེད་པ་དངོས་པོ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་དངོས་པོ་དང་དབྱེར་མེད་པ་དངོས་པོ་མེད་པ་ཤེས་པ་ལ་དགོད་དོ་ཞེས་ དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དངོས་པོ་དང་དབྱེར་མེད་པ་དངོས་པོ་མེད་པ་ནི་དངོས་པོའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་ནི་དངོས་པོའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དངོས་པོའི་རང་བཞིན་ལས་དངོས་པོ་མེད་པ་གཞན་མེད་པས་ དངོས་པོའི་རང་བཞིན་ཉིད་དངོས་པོ་མེད་པ་སྟེ། དངོས་པོའི་རང་བཞིན་ཉིད་དངོས་པོ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་དངོས་པོ་མེད་པའོ། །བདག་ནི་གནས་དང་དབྱེར་མེད་པ་གནས་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གནས་དང་དབྱེར་མེད་པ་གནས་མེད་པ་ཤེས་པ་ལ་ དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གནས་དང་དབྱེར་མེད་པ་གནས་མེད་པ་ནི་གནས་ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གནས་མེད་པ་ནི་གནས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། གནས་ཀྱི་རང་བཞིན་ལས་གནས་མེད་པ་གཞན་མེད་ པས་གནས་ཀྱི་རང་བཞིན་ཉིད་གནས་མེད་པ་སྟེ། གནས་ཀྱི་རང་བཞིན་གནས་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་གནས་མེད་པའོ། །བདག་ནི་དམིགས་པ་དང་དབྱེར་མེད་པ་དམིགས་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་དམིགས་པ་དང་དབྱེར་མེད་པ་དམིགས་པ་མེད་ པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དམིགས་པ་དང་དབྱེར་མེད་པ་དམིགས་པ་མེད་པ་ནི་དམིགས་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་མེད་པ་ནི་དམིགས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དམིགས་པའི་ རང་བཞིན་ལས་དམིགས་པ་མེད་པ་གཞན་མེད་པས་དམིགས་པའི་རང་བཞིན་ཉིད་དམིགས་པ་མེད་པ་སྟེ། དམིགས་པའི་རང་བཞིན་གྱི་དམིགས་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་དམིགས་པ་མེད་པའོ། །བདག་ནི་ཕྱོགས་དང་དབྱེར་མེད་པ་ཕྱོགས་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཕྱོགས་དང་དབྱེར་མེད་པ་ཕྱོགས་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཕྱོགས་དང་དབྱེར་མེད་པ་ཕྱོགས་མེད་པ་ནི་ཕྱོགས་ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་མེད་པ་ནི་ཕྱོགས་ཀྱི་རང་བཞིན་ལས་གཞན་མ་ཡིན་ པའི་ཕྱིར་ཏེ། ཕྱོགས་ཀྱི་རང་བཞིན་ལས་ཕྱོགས་མེད་པ་གཞན་མེད་པས་ཕྱོགས་ཀྱི་རང་བཞིན་ཉིད་ཕྱོགས་མེད་པའོ། །ཕྱོགས་ཀྱི་རང་བཞིན་གྱི་ཕྱོགས་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་ཕྱོགས་མེད་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མཚན་ཉིད་དང་དབྱེར་མེད་པར་མཚན་ཉིད་མེད་པ་ཤེས་པ་ལ་ གནས་ཀྱིས། གཞན་དག་ཀྱང་མཚན་ཉིད་དང་དབྱེར་མེད་པ་མཚན་ཉིད་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མཚན་ཉིད་དང་དབྱེར་མེད་པ་མཚན་ཉིད་མེད་པ་ནི་མཚན་ཉིད་ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་མེད་པ་ནི་ མཚན་ཉིད་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། མཚན་ཉིད་ཀྱི་རང་བཞིན་ལས་མཚན་ཉིད་མེད་པ་གཞན་མེད་པས་མཚན་ཉིད་ཀྱི་རང་བཞིན་ཉིད་མཚན་ཉིད་མེད་པ་སྟེ། མཚན་ཉིད་ཀྱི་རང་བཞིན་གྱིས་མཚན་ཉིད་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་མཚན་ཉིད་མེད་པའོ། །བདག་ནི་ དངོས་པོ་དང་དབྱེར་མེད་པ་དངོས་པོ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་དངོས་པོ་དང་དབྱེར་མེད་པ་དངོས་པོ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དངོས་པོ་དང་དབྱེར་མེད་པ་དངོས་པོ་མེད་པ་ནི་དངོས་པོའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ ཕྱིར་ཞེ་ན། དངོས་པོ་མེད་པ་ནི་དངོས་པོའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དངོས་པོའི་རང་བཞིན་ལས་དངོས་པོ་མེད་པ་གཞན་མེད་པས་དངོས་པོའི་རང་བཞིན་ཉིད་དངོས་པོ་མེད་པ་སྟེ། དངོས་པོའི་རང་བཞིན་དངོས་པོ་མེད་པར་ཤེས་པ་དེས་ཆོས་ཐམས་ཅད་ དངོས་པོ་མེད་པའོ། །བདག་ནི་གཉིས་དང་དབྱེར་མེད་པ་གཉིས་སུ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གཉིས་དང་དབྱེར་མེད་པ་གཉིས་སུ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཉིས་དང་དབྱེར་མེད་པ་གཉིས་སུ་མེད་པ་ནི་གཉིས་ ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཉིས་སུ་མེད་པ་ནི་གཉིས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། གཉིས་ཀྱི་རང་བཞིན་ལས་གཉིས་སུ་མེད་པ་གཞན་མེད་པས་གཉིས་ཀྱི་རང་བཞིན་ཉིད་གཉིས་སུ་མེད་པ་སྟེ། གཉིས་ཀྱི་རང་བཞིན་གྱི་གཉིས་སུ་མེད་པ་ཤེས་པ་ དེས་ཆོས་ཐམས་ཅད་གཉིས་སུ་མེད་པའོ། །བདག་ནི་གཟུགས་དང་དབྱེར་མེད་པ་གཟུགས་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གཟུགས་དང་དབྱེར་མེད་པ་གཟུགས་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཟུགས་དང་དབྱེར་མེད་པ་གཟུགས་ མེད་པ་ནི་གཟུགས་ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པ་ནི་གཟུགས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། གཟུགས་ཀྱི་རང་བཞིན་ལས་གཟུགས་མེད་པ་གཞན་མེད་པས་གཟུགས་ཀྱི་རང་བཞིན་ཉིད་གཟུགས་མེད་པ་སྟེ། གཟུགས་ཀྱི་རང་བཞིན་ གྱི་གཟུགས་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་གཟུགས་མེད་པའོ། །བདག་ནི་འཁོར་བ་དང་དབྱེར་མེད་པ་མྱ་ངན་འདས་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་འཁོར་བ་དང་དབྱེར་མེད་པ་མྱ་ངན་འདས་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འཁོར་ བ་དང་དབྱེར་མེད་པ་མྱ་ངན་འདས་པ་ནི་འཁོར་བའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འཁོར་བའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། འཁོར་བའི་རང་བཞིན་ལས་མྱ་ངན་འདས་པ་གཞན་མེད་པས་འཁོར་བའི་རང་བཞིན་ཉིད་མྱ་ངན་ལས་ འདས་པའོ། །འཁོར་བའི་རང་བཞིན་གྱི་མྱ་ངན་ལས་འདས་པ་ཤེས་པ་དེས་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་ འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཆགས་པ་དང་དབྱེར་མེད་པ་ཆགས་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆགས་པ་དང་དབྱེར་མེད་པ་ཆགས་པ་མེད་པ་ཤེས་པ་ལ་ དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆགས་པ་དང་དབྱེར་མེད་པ་ཆགས་པ་མེད་པ་ནི་ཆགས་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པ་མེད་པ་ནི་ཆགས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཆགས་པའི་རང་བཞིན་ལས་ ཆགས་པ་མེད་པ་གཞན་མེད་པས་ཆགས་པའི་རང་བཞིན་ཉིད་ཆགས་པ་མེད་པ་སྟེ། ཆགས་པའི་རང་བཞིན་གྱི་ཆགས་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་ཆགས་པ་མེད་པའོ། །བདག་ནི་རློམ་སེམས་དང་དབྱེར་མེད་པ་རློམ་སེམས་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ ཀྱང་རློམ་སེམས་དང་དབྱེར་མེད་པ་རློམ་སེམས་མེད་པ་ཤེས་པ་ལ་དགོད་དོ་ཞེས་འབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རློམ་སེམས་དང་དབྱེར་མེད་པ་རློམ་སེམས་མེད་པ་ནི་རློམ་སེམས་ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། རློམ་སེམས་མེད་པ་ནི་རློམ་སེམས་ ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། རློམ་སེམས་ཀྱི་རང་བཞིན་ལས་རློམ་སེམས་མེད་པ་གཞན་མེད་པས་རློམ་སེམས་ཀྱི་རང་བཞིན་ཉིད་རློམ་སེམས་མེད་པ་སྟེ། རློམ་སེམས་ཀྱི་རང་བཞིན་གྱི་རློམ་སེམས་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་རློམ་སེམས་མེད་པའོ། ། བདག་ནི་མི་ཤེས་པ་དང་དབྱེར་མེད་པའི་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མི་ཤེས་པ་དང་དབྱེར་མེད་པའི་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མི་ཤེས་པ་དང་དབྱེར་མེད་པའི་ཤེས་པ་ནི་མི་ཤེས་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་པ་ནི་མི་ཤེས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། མི་ཤེས་པའི་རང་བཞིན་ལས་ཤེས་པ་གཞན་མེད་པས་མི་ཤེས་པའི་རང་བཞིན་ཉིད་ཤེས་པ་སྟེ། མི་ཤེས་པའི་རང་བཞིན་གྱི་ཤེས་པ་དེས་ཆོས་ཐམས་ཅད་ཤེས་པའོ། །བདག་ནི་ཡོད་པ་དང་དབྱེར་ མེད་པའི་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡོད་པ་དང་དབྱེར་མེད་པའི་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡོད་པ་དང་དབྱེར་མེད་པའི་མེད་པ་ནི་ཡོད་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པའི་རང་བཞིན་ ནི་ཡོད་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཡོད་པའི་རང་བཞིན་ལས་མེད་པ་གཞན་མེད་པས་ཡོད་པའི་རང་བཞིན་ཉིད་མེད་པ་སྟེ། ཡོད་པའི་རང་བཞིན་གྱི་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་མེད་པའོ། །བདག་ནི་རྣམ་པར་རིག་པ་དང་དབྱེར་མེད་པ་རྣམ་པར་རིག་པ་ མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་རྣམ་པར་རིག་པ་དང་དབྱེར་མེད་པ་རྣམ་པར་རིག་པ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྣམ་པར་རིག་པ་དང་དབྱེར་མེད་པ་རྣམ་པར་རིག་པ་མེད་པ་ནི་རྣམ་པར་རིག་པའི་རང་བཞིན་གང་ཡིན་པའོ། །དེ་ ཅིའི་ཕྱིར་ཞེ་ན། རྣམ་པར་རིག་པ་མེད་པ་ནི་རྣམ་པར་རིག་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། རྣམ་པར་རིག་པའི་རང་བཞིན་ལས་རྣམ་པར་རིག་པ་མེད་པ་གཞན་མེད་པས་རྣམ་པར་རིག་པའི་རང་བཞིན་ཉིད་རྣམ་པར་རིག་པ་མེད་པའོ། །རྣམ་པར་རིག་པའི་རང་བཞིན་གྱི་ རྣམ་པར་རིག་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་རྣམ་པར་རིག་པ་མེད་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མིང་དང་དབྱེར་མེད་པ་མིང་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མིང་དང་དབྱེར་མེད་པ་མིང་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མིང་ དང་དབྱེར་མེད་པ་མིང་མེད་པ་ནི་མིང་གི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མིང་མེད་པ་ནི་མིང་གི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། མིང་གི་རང་བཞིན་ལས་མིང་མེད་པ་གཞན་མེད་པས་མིང་གི་རང་བཞིན་ཉིད་མིང་མེད་པ་སྟེ། མིང་གི་རང་བཞིན་གྱི་མིང་མེད་ པ་ཤེས་པ་དེས་ཆོས་ཐམས་ཅད་མིང་མེད་པའོ། །བདག་ནི་བདག་དང་དབྱེར་མེད་པ་བདག་མེད་པའི་ཡེ་ཤེས་ལ་གནས་ཀྱིས། གཞན་དག་ཀྱང་བདག་དང་དབྱེར་མེད་པ་བདག་མེད་པའི་ཡེ་ཤེས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདག་དང་དབྱེར་མེད་པ་ བདག་མེད་པ་ནི་བདག་གི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། བདག་མེད་པ་ནི་བདག་གི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། བདག་གི་རང་བཞིན་ལས་བདག་མེད་པ་གཞན་མེད་པས་བདག་གི་རང་བཞིན་ཉིད་བདག་མེད་པ་སྟེ། བདག་གི་རང་བཞིན་གྱི་ བདག་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་བདག་མེད་པའོ། །བདག་ནི་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་དང་། དབྱེར་མེད་པ་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་དང་དབྱེར་མེད་པ་རྒྱུ་དང་རྐྱེན་ཚོགས་པའི་ བྱེད་པ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་དང་དབྱེར་མེད་པ་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་མེད་པ་ནི་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་མེད་པ་ ནི་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་ལས་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་མེད་པ་གཞན་མེད་པས་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་མེད་པའི་རང་བཞིན་ཉིད་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་མེད་པ་སྟེ། རྒྱུ་དང་རྐྱེན་ཚོགས་ པའི་བྱེད་པ་མེད་པའི་རང་བཞིན་ཤེས་པ་དེས་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ཚོགས་པའི་བྱེད་པ་མེད་པའོ། །བདག་ནི་དབྱེ་བ་དབྱེར་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་དབྱེ་བ་དབྱེར་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དབྱེ་བ་དབྱེར་ མེད་པའི་རང་བཞིན་ནི་དབྱེ་བའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དབྱེར་མེད་པ་ནི་དབྱེ་བའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དབྱེ་བའི་རང་བཞིན་ལས་དབྱེར་མེད་པ་གཞན་མེད་པས་དབྱེ་བའི་རང་བཞིན་ཉིད་དབྱེར་མེད་པ་སྟེ། དབྱེ་བའི་རང་བཞིན་གྱི་ དབྱེར་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་དབྱེར་མེད་པའོ། །བདག་ནི་ཡི་གེ་དང་དབྱེར་མེད་པ་ཡི་གེ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡི་གེ་དང་དབྱེར་མེད་པ་ཡི་གེ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡི་གེ་དང་དབྱེར་མེད་པ་ཡི་ གེ་མེད་པ་ནི་ཡི་གེའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་མེད་པ་ནི་ཡི་གེའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཡི་གེའི་རང་བཞིན་ལས་ཡི་གེ་མེད་པ་གཞན་མེད་པས་ཡི་གེའི་རང་བཞིན་ཉིད་ཡི་གེ་མེད་པའོ། །ཡི་གེའི་རང་བཞིན་གྱི་ཡི་གེ་མེད་པ་ཤེས་ པ་དེས་ཆོས་ཐམས་ཅད་ཡི་གེ་མེད་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་ སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ལྷག་པའི་ང་རྒྱལ་དང་དབྱེར་མེད་པ་ལྷག་པའི་ང་རྒྱལ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ལྷག་པའི་ང་རྒྱལ་དང་དབྱེར་མེད་པ་ལྷག་པའི་ང་རྒྱལ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ ཏེ། དེ་ལ་ལྷག་པའི་ང་རྒྱལ་དང་དབྱེར་མེད་པ་ལྷག་པའི་ང་རྒྱལ་མེད་པ་ནི་ལྷག་པའི་ང་རྒྱལ་གྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་ང་རྒྱལ་མེད་པ་ནི་ལྷག་པའི་ང་རྒྱལ་གྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ལྷག་པའི་ང་རྒྱལ་གྱི་རང་བཞིན་ལས་ ལྷག་པའི་ང་རྒྱལ་མེད་པ་གཞན་མེད་པས་ལྷག་པའི་ང་རྒྱལ་གྱི་རང་བཞིན་ཉིད་ལྷག་པའི་ང་རྒྱལ་མེད་པ་སྟེ། ལྷག་པའི་ང་རྒྱལ་གྱི་རང་བཞིན་ལྷག་པའི་ང་རྒྱལ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་ལྷག་པའི་ང་རྒྱལ་མེད་པའོ། །བདག་ནི་བདག་བསྟོད་པ་དང་དབྱེར་མེད་པ་བདག་ བསྟོད་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་བདག་བསྟོད་པ་དང་དབྱེར་མེད་པ་བདག་བསྟོད་པ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདག་བསྟོད་པ་དང་དབྱེར་མེད་པ་བདག་བསྟོད་པ་མེད་པ་ནི་བདག་བསྟོད་པའི་རང་བཞིན་གང་ ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། བདག་བསྟོད་པ་མེད་པ་ནི་བདག་བསྟོད་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། བདག་བསྟོད་པའི་རང་བཞིན་ལས་བདག་བསྟོད་པ་མེད་པ་གཞན་མེད་པས་བདག་བསྟོད་པའི་རང་བཞིན་ཉིད་བདག་བསྟོད་པ་མེད་པ་སྟེ། བདག་བསྟོད་པའི་ རང་བཞིན་བདག་བསྟོད་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་བདག་བསྟོད་པ་མེད་པའོ། །བདག་ནི་དྲང་བའི་དོན་དང་དབྱེར་མེད་པ་ངེས་པའི་དོན་ཤེས་པ་ལ་གནས་ཀྱིས་གཞན་དག་ཀྱང་དྲང་བའི་དོན་དང་དབྱེར་མེད་པ་ངེས་པའི་དོན་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་ འགྱུར་ཏེ། དེ་ལ་དྲང་བའི་དོན་དང་དབྱེར་མེད་པ་ངེས་པའི་དོན་ནི་དྲང་བའི་དོན་གྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ངེས་པའི་དོན་ནི་དྲང་བའི་དོན་གྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དྲང་བའི་དོན་གྱི་རང་བཞིན་ལས་ངེས་པའི་དོན་གཞན་མེད་པས་དྲང་བའི་དོན་ གྱི་རང་བཞིན་ཉིད་ངེས་པའི་དོན་ཏེ། དྲང་བའི་དོན་གྱི་རང་བཞིན་ངེས་པའི་དོན་ཤེས་པ་དེས་ཆོས་ཐམས་ཅད་ངེས་པའི་དོན་ཏོ། །བདག་ནི་གང་ཟག་དང་དབྱེར་མེད་པ་ཆོས་ཉིད་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གང་ཟག་དང་དབྱེར་མེད་པ་ཆོས་ཉིད་ཤེས་པ་ལ་དགོད་དོ་ཞེས་ དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གང་ཟག་དང་དབྱེར་མེད་པ་ཆོས་ཉིད་ནི་གང་ཟག་གི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ནི་གང་ཟག་གི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། གང་ཟག་གི་རང་བཞིན་ལས་ཆོས་ཉིད་གཞན་མེད་པས་གང་ ཟག་གི་རང་བཞིན་ཉིད་ཆོས་ཉིད་དེ་གང་ཟག་གི་རང་བཞིན་གྱི་ཆོས་ཉིད་ཤེས་པ་དེས་ཆོས་ཐམས་ཅད་ཆོས་ཉིད་དོ། །བདག་ནི་ལོག་པར་ལྟ་བ་དང་དབྱེར་མེད་པ་ཡང་དག་པའི་ལྟ་བ་ལ་གནས་ཀྱིས། གཞན་དག་ཀྱང་ལོག་པར་ལྟ་བ་དང་དབྱེར་མེད་པ་ཡང་དག་པའི་ ལྟ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལོག་པར་ལྟ་བ་དང་དབྱེར་མེད་པ་ཡང་དག་པའི་ལྟ་བ་ནི་ལོག་པར་ལྟ་བའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་ལྟ་བ་ནི་ལོག་པར་ལྟ་བའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ ཏེ། ལོག་པར་ལྟ་བའི་རང་བཞིན་ལས་ཡང་དག་པའི་ལྟ་བ་གཞན་མེད་པས་ལོག་པར་ལྟ་བའི་རང་བཞིན་ཉིད་ཡང་དག་པའི་ལྟ་བའོ། །ལོག་པར་ལྟ་བའི་རང་བཞིན་ཡང་དག་པའི་ལྟ་བ་ཤེས་པ་དེས་ཆོས་ཐམས་ཅད་ཡང་དག་པའི་ལྟ་བ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་ པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མཐའ་དང་དབྱེར་ མེད་པ་མཉམ་པ་ཉིད་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མཐའ་དང་དབྱེར་མེད་པ་མཉམ་པ་ཉིད་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མཐའ་དང་དབྱེར་མེད་པ་མཉམ་པ་ཉིད་ནི་མཐའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མཉམ་ པ་ཉིད་ནི་མཐའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། མཐའི་རང་བཞིན་ལས་མཉམ་པ་ཉིད་གཞན་མེད་པས་མཐའི་རང་བཞིན་ཉིད་མཉམ་པ་ཉིད་དེ། མཐའི་རང་བཞིན་གྱི་མཉམ་པ་ཉིད་ཤེས་པ་དེས་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །བདག་ནི་ཤེས་བྱ་དང་དབྱེར་མེད་ པའི་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་བྱ་དང་དབྱེར་མེད་པའི་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་བྱ་དང་དབྱེར་མེད་པ་ཤེས་པ་ནི་ཤེས་བྱའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་པ་ནི་ཤེས་བྱའི་རང་བཞིན་ ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཤེས་བྱའི་རང་བཞིན་ལས་ཤེས་པ་གཞན་མེད་པས་ཤེས་བྱའི་རང་བཞིན་ཉིད་ཤེས་པ་སྟེ། ཤེས་བྱའི་རང་བཞིན་གྱི་ཤེས་པ་དེས་ཆོས་ཐམས་ཅད་ཤེས་པའོ། །བདག་ནི་འཛིན་པ་དང་དབྱེར་མེད་པ་འཛིན་པ་མེད་པའི་ཤེས་པ་ལ་གནས་ཀྱིས། གཞན་ དག་ཀྱང་འཛིན་པ་དང་དབྱེར་མེད་པ་འཛིན་པ་མེད་པའི་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འཛིན་པ་དང་དབྱེར་མེད་པ་འཛིན་པ་མེད་པ་ནི་འཛིན་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འཛིན་པ་མེད་པ་ནི་འཛིན་པའི་རང་བཞིན་ལས་ གཞན་མ་ཡིན་པའི་ཕྱིར་ཏེ། འཛིན་པའི་རང་བཞིན་ལས་འཛིན་པ་མེད་པ་གཞན་མེད་པས་འཛིན་པའི་རང་བཞིན་ཉིད་འཛིན་པ་མེད་པ་སྟེ། འཛིན་པའི་རང་བཞིན་གྱི་འཛིན་པ་མེད་པའི་ཤེས་པ་དེས་ཆོས་ཐམས་ཅད་འཛིན་པ་མེད་པའོ། །བདག་ནི་མཚན་མ་དང་དབྱེར་མེད་པ་མཚན་མ་མེད་ པའི་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མཚན་མ་དང་དབྱེར་མེད་པ་མཚན་མ་མེད་པའི་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མཚན་མ་དང་དབྱེར་མེད་པ་མཚན་མ་མེད་པ་ནི་མཚན་མའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་ མེད་པ་ནི་མཚན་མའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། མཚན་མའི་རང་བཞིན་ལས་མཚན་མ་མེད་པ་གཞན་མེད་པས་མཚན་མའི་རང་བཞིན་ཉིད་མཚན་མ་མེད་པ་སྟེ། མཚན་མའི་རང་བཞིན་མཚན་མ་མེད་པའི་ཤེས་པ་དེས་ཆོས་ཐམས་ཅད་མཚན་མ་མེད་པའོ། །བདག་ནི་བསྒོམ་ པ་དང་དབྱེར་མེད་པ་བསྒོམ་པ་མེད་པའི་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་བསྒོམ་པ་དང་དབྱེར་མེད་པ་བསྒོམ་པ་མེད་པའི་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསྒོམ་པ་དང་དབྱེར་མེད་པ་བསྒོམ་པ་མེད་པ་ནི་བསྒོམ་པའི་རང་བཞིན་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། བསྒོམ་པ་མེད་པ་ནི་བསྒོམ་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། བསྒོམ་པའི་རང་བཞིན་ལས་བསྒོམ་པ་མེད་པ་གཞན་མེད་པས་བསྒོམ་པའི་རང་བཞིན་ཉིད་བསྒོམ་པ་མེད་པའོ། །བསྒོམ་པའི་རང་བཞིན་བསྒོམ་པ་མེད་པའི་ཤེས་པ་དེས་ཆོས་ཐམས་ ཅད་བསྒོམ་པ་མེད་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་ བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མཐའ་དང་དབྱེར་མེད་པ་དབུ་མའི་ལམ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མཐའ་དང་དབྱེར་མེད་པ་དབུ་མའི་ལམ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མཐའ་དང་དབྱེར་མེད་པ་ དབུ་མའི་ལམ་ནི་མཐའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མཐའི་རང་བཞིན་ལས་དབུ་མའི་ལམ་གཞན་མ་ཡིན་པའི་ཕྱིར་ཏེ། མཐའི་རང་བཞིན་ལས་དབུ་མའི་ལམ་གཞན་མེད་པས་མཐའི་རང་བཞིན་ཉིད་དབུ་མའི་ལམ་སྟེ། མཐའི་རང་བཞིན་དབུ་མའི་ལམ་ཤེས་པ་དེས་ཆོས་ ཐམས་ཅད་དབུ་མའི་ལམ་མོ། །བདག་ནི་ནམ་མཁའ་མ་ཡིན་པ་དང་དབྱེར་མེད་པའི་ནམ་མཁའ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ནམ་མཁའ་མ་ཡིན་པ་དང་དབྱེར་མེད་པའི་ནམ་མཁའ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ནམ་མཁའ་མ་ ཡིན་པ་དང་དབྱེར་མེད་པའི་ནམ་མཁའ་ནི་ནམ་མཁའ་མ་ཡིན་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་ནམ་མཁའ་མ་ཡིན་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ནམ་མཁའ་མ་ཡིན་པའི་རང་བཞིན་ལས་ནམ་མཁའ་གཞན་མེད་པས་ནམ་ མཁའ་མ་ཡིན་པའི་རང་བཞིན་ཉིད་ནམ་མཁའ་སྟེ། ནམ་མཁའ་མ་ཡིན་པའི་རང་བཞིན་གྱི་ནམ་མཁའ་ཤེས་པ་དེས་ཆོས་ཐམས་ཅད་ནམ་མཁའོ། །བདག་ནི་མོ་ཤམ་གྱི་བུ་མ་ཡིན་པ་དང་དབྱེར་མེད་པའི་མོ་ཤམ་གྱི་བུ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མོ་ཤམ་གྱི་ བུ་མ་ཡིན་པ་དང་དབྱེར་མེད་པའི་མོ་ཤམ་གྱི་བུ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མོ་ཤམ་གྱི་བུ་མ་ཡིན་པ་དང་དབྱེར་མེད་པའི་མོ་ཤམ་གྱི་བུ་ནི་མོ་ཤམ་གྱི་བུ་མ་ཡིན་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མོ་ཤམ་གྱི་བུ་མ་ཡིན་ པའི་རང་བཞིན་ལས་མོ་ཤམ་གྱི་བུ་གཞན་མ་ཡིན་པའི་ཕྱིར་ཏེ། མོ་ཤམ་གྱི་བུའི་རང་བཞིན་ལས་མོ་ཤམ་གྱི་བུ་མ་ཡིན་པ་གཞན་མེད་པས་མོ་ཤམ་གྱི་བུའི་རང་བཞིན་ཉིད་མོ་ཤམ་གྱི་བུ་མ་ཡིན་པ་སྟེ། མོ་ཤམ་གྱི་བུ་མ་ཡིན་པའི་རང་བཞིན་གྱི་མོ་ཤམ་གྱི་བུ་ཤེས་པ་དེས་ཆོས་ཐམས་ ཅང་མོ་ཤམ་གྱི་བུ་དང་མཚུངས་པའོ། །བདག་ནི་སྨིག་རྒྱུ་མ་ཡིན་པ་དང་དབྱེར་མེད་པའི་སྨིག་རྒྱུ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྨིག་རྒྱུ་མ་ཡིན་པ་དང་དབྱེར་མེད་པའི་སྨིག་རྒྱུ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྨིག་རྒྱུ་མ་ཡིན་པ་དང་ དབྱེར་མེད་པའི་སྨིག་རྒྱུ་ཤེས་པ་ནི་སྨིག་རྒྱུ་མ་ཡིན་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྨིག་རྒྱུ་མ་ཡིན་པ་ནི་སྨིག་རྒྱུའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། སྨིག་རྒྱུའི་རང་བཞིན་ལས་སྨིག་རྒྱུ་མ་ཡིན་པ་གཞན་མེད་པས་སྨིག་རྒྱུའི་རང་བཞིན་ཉིད་སྨིག་རྒྱུ་མ་ཡིན་ ཏེ། སྨིག་རྒྱུ་མ་ཡིན་པའི་རང་བཞིན་གྱི་སྨིག་རྒྱུ་ཤེས་པ་དེས་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུའོ། །བདག་ནི་ལོག་པར་ལྟ་བ་དང་དབྱེར་མེད་པ་ཡང་དག་པའི་ལྟ་བ་ཤེས་པ་ལ་གནས་ཀྱིས། གཞན་ཡང་ལོག་པར་ལྟ་བ་དང་དབྱེར་མེད་པ་ཡང་དག་པའི་ལྟ་བ་ཤེས་པ་ལ་དགོད་དོ་ཞེས་དབུགས་ འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལོག་པར་ལྟ་བ་དང་དབྱེར་མེད་པ་ཡང་དག་པའི་ལྟ་བ་ནི་ལོག་པར་ལྟ་བའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ལོག་པར་ལྟ་བའི་རང་བཞིན་ལས་ཡང་དག་པའི་ལྟ་བ་གཞན་མ་ཡིན་པའི་ཕྱིར་ཏེ། ལོག་པར་ལྟ་བའི་རང་བཞིན་ལས་ཡང་ དག་པའི་ལྟ་བ་གཞན་མེད་པས་ལོག་པར་ལྟ་བའི་རང་བཞིན་ཉིད་ཡང་དག་པའི་ལྟ་བའོ། །ལོག་པར་ལྟ་བའི་རང་བཞིན་ཡང་དག་པའི་ལྟ་བ་ཤེས་པ་དེས་ཆོས་ཐམས་ཅད་ཡང་དག་པའི་ལྟ་བ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མ་རིག་པ་དང་དབྱེར་མེད་པའི་རིག་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མ་རིག་པ་དང་དབྱེར་མེད་པའི་རིག་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མ་རིག་པ་དང་དབྱེར་མེད་པའི་རིག་པ་ནི་མ་རིག་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། རིག་པ་ནི་མ་རིག་པའི་རང་བཞིན་ལས་གཞན་མ་ཡིན་ པའི་ཕྱིར་ཏེ། མ་རིག་པའི་རང་བཞིན་ལས་རིག་པ་གཞན་མེད་པས་མ་རིག་པའི་རང་བཞིན་ཉིད་རིག་པ་སྟེ། མ་རིག་པའི་རང་བཞིན་གྱི་རིག་པ་ཤེས་པ་དེས་ཆོས་ཐམས་ཅད་རིག་པའོ། །བདག་ནི་འདོད་ཆགས་དང་དབྱེར་མེད་པ་འདོད་ཆགས་མེད་པ་ཤེས་པ་ལ་གནས་ཀྱིས་གཞན་ དག་ཀྱང་འདོད་ཆགས་དང་དབྱེར་མེད་པ་འདོད་ཆགས་མེད་པ་ཤེས་པ་ལ་དགོད་དོ་ཞེས་འབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདོད་ཆགས་དང་དབྱེར་མེད་པ་འདོད་ཆགས་མེད་པ་ནི་འདོད་ཆགས་ཀྱི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་མེད་པ་ནི་འདོད་ ཆགས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། འདོད་ཆགས་ཀྱི་རང་བཞིན་ལས་འདོད་ཆགས་མེད་པ་གཞན་མེད་པས་འདོད་ཆགས་ཀྱི་རང་བཞིན་ཉིད་འདོད་ཆགས་མེད་པ་སྟེ། འདོད་ཆགས་ཀྱི་རང་བཞིན་འདོད་ཆགས་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་འདོད་ཆགས་མེད་པའོ། ། བདག་ནི་ཞེ་སྡང་དང་དབྱེར་མེད་པ་ཞེ་སྡང་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཞེ་སྡང་དང་དབྱེར་མེད་པ་ཞེ་སྡང་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཞེ་སྡང་དང་དབྱེར་མེད་པ་ཞེ་སྡང་མེད་པ་ནི་ཞེ་སྡང་གི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ ཕྱིར་ཞེ་ན། ཞེ་སྡང་མེད་པ་ནི་ཞེ་སྡང་གི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཞེ་སྡང་གི་རང་བཞིན་ལས་ཞེ་སྡང་མེད་པ་གཞན་མེད་པས་ཞེ་སྡང་གི་རང་བཞིན་ཉིད་ཞེ་སྡང་མེད་པ་སྟེ། ཞེ་སྡང་གི་རང་བཞིན་ཞེ་སྡང་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་ཞེ་སྡང་མེད་པའོ། །བདག་ནི་ གཏི་མུག་དང་དབྱེར་མེད་པ། གཏི་མུག་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གཏི་མུག་དང་དབྱེར་མེད་པ་གཏི་མུག་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཏི་མུག་དང་དབྱེར་མེད་པ་གཏི་མུག་མེད་པ་ནི་གཏི་མུག་གི་རང་བཞིན་ གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཏི་མུག་གི་རང་བཞིན་ལས་གཏི་མུག་མེད་པ་གཞན་མ་ཡིན་པའི་ཕྱིར་ཏེ། གཏི་མུག་གི་རང་བཞིན་ལས་གཏི་མུག་མེད་པ་གཞན་མེད་པས་གཏི་མུག་གི་རང་བཞིན་ཉིད་གཏི་མུག་མེད་པ་སྟེ། གཏི་མུག་གི་རང་བཞིན་གཏི་མུག་མེད་པ་ཤེས་ པ་དེས་ཆོས་ཐམས་ཅད་གཏི་མུག་མེད་པའོ། །བདག་ནི་ཉིང་མཚམས་སྦྱོར་བ་དང་དབྱེར་མེད་པ་ཉིང་མཚམས་སྦྱོར་བ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཉིང་མཚམས་སྦྱོར་བ་དང་དབྱེར་མེད་པ་ཉིང་མཚམས་སྦྱོར་བ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་ པར་འགྱུར་ཏེ། དེ་ལ་ཉིང་མཚམས་སྦྱོར་བ་དང་དབྱེར་མེད་པ་ཉིང་མཚམས་སྦྱོར་བ་མེད་པ་ནི་ཉིང་མཚམས་སྦྱོར་བའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཉིང་མཚམས་སྦྱོར་བ་མེད་པ་ནི་ཉིང་མཚམས་སྦྱོར་བའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཉིང་མཚམས་ སྦྱོར་བའི་རང་བཞིན་ལས་ཉིང་མཚམས་སྦྱོར་བ་མེད་པ་གཞན་མེད་པས་ཉིང་མཚམས་སྦྱོར་བའི་རང་བཞིན་ཉིད་ཉིང་མཚམས་སྦྱོར་བ་མེད་པའོ། །ཉིང་མཚམས་སྦྱོར་བའི་རང་བཞིན་ཉིང་མཚམས་སྦྱོར་བ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་ཉིང་མཚམས་སྦྱོར་བ་མེད་པ་སྟེ། འཇམ་དཔལ་ དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ། བདག་ནི་སྦྱིན་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱིན་པ་ལས་བྱུང་བའི་བསྡུ་བའི་དངོས་པོའི་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྦྱིན་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ནི་གཏོང་བ་དང་བསྔོ་བ་གང་ ཡིན་པའོ། །བདག་ནི་སྙན་པར་སྨྲ་བའི་བསྡུ་བའི་དངོས་པོ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྙན་པར་སྨྲ་བའི་བསྡུ་བའི་དངོས་པོ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྙན་པར་སྨྲ་བའི་བསྡུ་བའི་དངོས་པོ་ནི་བསམ་པ་དང་སྦྱོར་བ་གང་ ཡིན་པའོ། །བདག་ནི་དོན་སྤྱོད་པའི་བསྡུ་བའི་དངོས་པོ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་དོན་སྤྱོད་པའི་བསྡུ་བའི་དངོས་པོ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དོན་སྤྱོད་པའི་བསྡུ་བའི་དངོས་པོ་ནི་བྱམས་པ་དང་སྙིང་རྗེ་གང་ཡིན་པའོ། །བདག་ ནི་དོན་འཐུན་པའི་བསྡུ་བའི་དངོས་པོ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་དོན་འཐུན་པའི་བསྡུ་བའི་དངོས་པོ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དོན་འཐུན་པའི་བསྡུ་བའི་དངོས་པོ་ནི་ཐབས་དང་ཤེས་རབ་གང་ཡིན་པའོ། །བདག་ནི་ རྩོམ་པ་ལ་གནས་ཀྱིས། གཞན་དག་ཀྱང་རྩོམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྩོམ་པ་ནི་བསམ་པ་དང་སྦྱོར་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་འདོད་ཆགས་དང་བྲལ་བ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་འདོད་ཆགས་དང་བྲལ་བ་ཉིད་ ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདོད་ཆགས་དང་བྲལ་བ་ཉིད་ནི་ཆོས་ཐམས་ཅད་ལ་མི་གནས་པར་འཇུག་པའོ། །བདག་ནི་ཞེ་སྡང་དང་བྲལ་བ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཞེ་སྡང་དང་བྲལ་བ་ཉིད་ལ་དགོད་དོ་ཞེས་འབུགས་འབྱིན་པ་རྙེད་པར་ འགྱུར་ཏེ། དེ་ལ་ཞེ་སྡང་དང་བྲལ་བ་ཉིད་ནི་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་ཉིད་གང་ཡིན་པའོ། །བདག་ནི་ལུས་སྡོམ་པ་ལ་གནས་ཀྱིས། གཞན་དག་ཀྱང་ལུས་སྡོམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལུས་སྡོམ་པ་ནི་ལུས་ ཀྱི་ལས་ཀྱི་སྐྱོན་རྣམ་པ་གསུམ་ཡོངས་སུ་སྤོང་བ་ཉིད་གང་ཡིན་པའོ། །བདག་ནི་ངག་སྡོམ་པ་ལ་གནས་ཀྱིས། གཞན་དག་ཀྱང་ངག་སྡོམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངག་སྡོམ་པ་ནི་ངག་གི་ལས་ཀྱི་ཉེས་པ་རྣམ་པ་བཞི་ཡོངས་སུ་སྤོང་བ་ཉིད་གང་ ཡིན་པའོ། །བདག་ནི་ཡིད་སྡོམ་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡིད་སྡོམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡིད་སྡོམ་པ་ནི་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡོངས་སུ་སྤོང་བ་ཉིད་གང་ཡིན་པ་སྟེ། འཇམ་ དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་རྗེས་སུ་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ནི་སངས་རྒྱས་མཐོང་བ་རྣམ་པར་དག་པ་གང་ཡིན་པའོ། །བདག་ནི་ཆོས་རྗེས་སུ་དྲན་པ་ལ་ གནས་ཀྱིས། གཞན་དག་ཀྱང་ཆོས་རྗེས་སུ་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་རྗེས་སུ་དྲན་པ་ནི་ཆོས་མཐོང་བ་རྣམ་པར་དག་པ་གང་ཡིན་པའོ། །བདག་ནི་དགེ་འདུན་རྗེས་སུ་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་དགེ་འདུན་རྗེས་སུ་དྲན་ པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགེ་འདུན་རྗེས་སུ་དྲན་པ་ནི་མི་འགྱུར་བ་ལ་འཇུག་པ་གང་ཡིན་པའོ། །བདག་ནི་གཏོང་བ་རྗེས་སུ་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་གཏོང་བ་རྗེས་སུ་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་ འགྱུར་ཏེ། དེ་ལ་གཏོང་བ་རྗེས་སུ་དྲན་པ་ནི་རྫས་ཐམས་ཅད་ཡོངས་སུ་གཏོང་བ་གང་ཡིན་པའོ། །བདག་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ རྗེས་སུ་དྲན་པ་ནི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ།། །།བམ་པོ་གཉིས་པ། འཇམ་དཔལ་གཞན་ ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མི་རྟག་པར་སོ་སོར་རྟོག་པ་ལ་གནས་ཀྱིས། གཞན་དག་ཀྱང་མི་རྟག་པར་སོ་སོར་རྟོག་པ་ལ་དགོད་དོ་ཞེས་དབུགས་ འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མི་རྟག་པར་སོ་སོར་རྟོག་པ་ནི་འདོད་པའི་འདོད་ཆགས་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་ལས་ཡང་དག་པར་འདའ་བ་གང་ཡིན་པའོ། །བདག་ནི་བདག་མེད་པར་སོ་སོར་རྟོག་པ་ལ་གནས་ ཀྱིས། གཞན་དག་ཀྱང་བདག་མེད་པར་སོ་སོར་རྟོག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདག་མེད་པར་སོ་སོར་རྟོག་པ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ། །བདག་ནི་བདེན་པ་ལ་གནས་ཀྱིས། གཞན་དག་ཀྱང་བདེན་ པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདེན་པ་ནི་ལྷ་དང་མི་ལ་སླུ་བ་མེད་པ་ཉིད་གང་ཡིན་པའོ། །བདག་ནི་ཡང་དག་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པ་ནི་ ལྷ་རྣམས་དང་བདག་ལ་སླུ་བ་མེད་པ་ཉིད་གང་ཡིན་པའོ། །བདག་ནི་ཆོས་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་སྤྱོད་པ་ནི་ཆོས་ལ་རྟོན་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཚུལ་ ཁྲིམས་ལྷོད་པ་མེད་པ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་ལྷོད་པ་མེད་པ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ལྷོད་པ་མེད་པ་ཉིད་ནི་ཁ་ན་མ་ཐོ་བ་ཅི་ཙམ་དུ་ཆུང་ངུ་ཡང་མི་བྱེད་པ་ཉིད་དོ། །བདག་ནི་ཚུལ་ཁྲིམས་མ་ རལ་བ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་མ་རལ་བ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་མ་རལ་བ་ཉིད་ནི་ཐེག་པ་གཞན་དུ་སྒྲོ་འདོགས་པ་མེད་པ་གང་ཡིན་པའོ། །བདག་ནི་ཚུལ་ཁྲིམས་སྐྱོན་མེད་པ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་སྐྱོན་མེད་པ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་སྐྱོན་མེད་པ་ཉིད་ནི་ཉེས་པ་ཐམས་ཅད་རྣམ་པར་སྤོང་བ་གང་ཡིན་པའོ། །བདག་ནི་ཐུན་ཚགས་མ་ཡིན་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་ དག་ཀྱང་ཐུན་ཚགས་མ་ཡིན་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ཐུན་ཚགས་མ་ཡིན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་འཛིན་པ་གང་ཡིན་པའོ། །བདག་ནི་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་ ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་ཉིད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་པ་གང་ཡིན་པ་སྟེ། འཇམ་ དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ལེགས་པར་སྦས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ལེགས་པར་སྦས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལེགས་པར་སྦས་པའི་ཚུལ་ཁྲིམས་ཉིད་ནི་དབང་པོ་སྲུང་བ་གང་ཡིན་པའོ། བདག་ནི་རྣམ་པར་གྲགས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་རྣམ་པར་གྲགས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྣམ་པར་གྲགས་པའི་ཚུལ་ཁྲིམས་ཉིད་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཆོས་ཐམས་ཅད་ ལ་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པ་གང་ཡིན་པའོ། །བདག་ནི་ཆོག་ཤེས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཆོག་ཤེས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོག་ཤེས་པའི་ཚུལ་ཁྲིམས་ཉིད་ ནི་ཆགས་པ་སྤངས་པ་གང་ཡིན་པའོ། །བདག་ནི་དབེན་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དབེན་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དབེན་པའི་ཚུལ་ཁྲིམས་ཉིད་ནི་ལུས་དང་སེམས་དབེན་པ་ གང་ཡིན་པའོ། །བདག་ནི་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགོན་པ་ན་གནས་པའི་ཚུལ་ཁྲིམས་ཉིད་ནི་ཆོས་ཐམས་ཅད་ལ་མཐའ་དང་ དབུས་མེད་པར་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བཟོད་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་བཟོད་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བཟོད་པའི་ཚུལ་ཁྲིམས་ཉིད་ནི་སེམས་ཅན་ཐམས་ ཅད་ལ་ཞེ་འགྲས་པ་མེད་པ་ཉིད་གང་ཡིན་པའོ། །བདག་ནི་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཉིད་ནི་ཕྱིར་མི་ལྡོག་ པའི་ཆོས་ལ་སེམས་ཅན་ཐམས་ཅད་འགོད་པ་ཉིད་གང་ཡིན་པའོ། །བདག་ནི་བསམ་གཏན་གྱི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་བསམ་གཏན་གྱི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་གཏན་གྱི་ཚུལ་ཁྲིམས་ ཉིད་ནི་བསམ་གཏན་གྱི་ཡན་ལག་ལ་སེམས་ཅན་ཐམས་ཅད་འགོད་པ་གང་ཡིན་པའོ། །བདག་ནི་ཤེས་རབ་ཀྱི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ཀྱི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ཀྱི་ཚུལ་ ཁྲིམས་ཉིད་ནི་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་ངོམས་པ་མེད་པར་འགོད་པ་གང་ཡིན་པའོ། །བདག་ནི་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མུ་ ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཉིད་ནི་ཆོས་ཐམས་ཅད་ལ་ཅང་ཤེས་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་གདུང་བ་མེད་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་གདུང་བ་མེད་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ ཏེ། དེ་ལ་གདུང་བ་མེད་པའི་ཚུལ་ཁྲིམས་ཉིད་ནི་ལེགས་པར་བྱ་བའི་ལས་བྱེད་པ་གང་ཡིན་པའོ། །བདག་ནི་ང་རྒྱལ་མེད་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ང་རྒྱལ་མེད་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ ང་རྒྱལ་མེད་པའི་ཚུལ་ཁྲིམས་ཉིད་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཅི་བྱ་བ་ལ་ཁེངས་པ་མེད་པ་ཉིད་གང་ཡིན་པའོ། །བདག་ནི་དུལ་བའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དུལ་བའི་ཚུལ་ཁྲིམས་ཉིད་ལ་ དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དུལ་བའི་ཚུལ་ཁྲིམས་ཉིད་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་བཟོད་པ་གང་ཡིན་པའོ། །བདག་ནི་དམ་པའི་ ཆོས་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་ཉིད་ནི་སྟོང་པ་ཉིད་ལ་མོས་པ་ གང་ཡིན་པའོ། །བདག་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ཁྲིམས་ ཉིད་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བྱམས་པ་ལ་གནས་ཀྱིས། གཞན་དག་ཀྱང་བྱམས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ སྡུག་བསྔལ་བསྐྱབ་པའི་ཕྱིར་ལུས་དང་། ངག་དང་སེམས་ཀྱི་བསོད་ནམས་ཀྱི་ཚོགས་སོགས་པ་གང་ཡིན་པའོ། །བདག་ནི་སྙིང་རྗེ་ལ་གནས་ཀྱིས་གཞན་དག་ཀྱང་སྙིང་རྗེ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་གྱི་ཡོ་བྱད་གང་མི་ལེན་པ་དེ་ཅི་ཡང་མེད་པ་དང་། བདེ་བའི་ཡོ་བྱད་གང་མི་གཏོང་བ་དེ་ཅི་ཡང་མེད་པ་གང་ཡིན་པའོ། །བདག་ནི་དགའ་བ་ལ་གནས་ཀྱིས། གཞན་དག་ཀྱང་དགའ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགའ་བ་ནི་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་གང་ཡིན་པའོ། །བདག་ནི་བཏང་སྙོམས་ལ་གནས་ཀྱིས། གཞན་དག་ཀྱང་བཏང་སྙོམས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བཏང་ སྙོམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་གང་ཡིན་པའོ། །བདག་ནི་རྣམ་པར་གཏན་ལ་འབེབས་པར་མཁས་པ་ལ་གནས་ཀྱིས། གཞན་དག་ཀྱང་རྣམ་པར་གཏན་ལ་འབེབས་པར་མཁས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྣམ་པར་གཏན་ལ་ འབེབས་པ་ལ་མཁས་པ་ནི་ཆོས་ཐམས་ཅད་ལ་བརྗོད་དུ་མེད་པར་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སྡུག་བསྔལ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྡུག་བསྔལ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྡུག་བསྔལ་ཤེས་པ་ནི་ ཕུང་པོ་རྣམས་ལ་མི་སྐྱེ་བར་ཤེས་པ་གང་ཡིན་པའོ། །བདག་ནི་ཀུན་འབྱུང་བ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཀུན་འབྱུང་བ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཀུན་འབྱུང་བ་ཤེས་པ་ནི་སྲེད་པ་ཡང་དག་པར་འཇོམས་པ་ཤེས་པ་གང་ ཡིན་པའོ། །བདག་ནི་འགོག་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་འགོག་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འགོག་པ་ཤེས་པ་ནི་མ་རིག་པའི་བག་ལ་ཉལ་རྣམས་འབྱུང་བ་མེད་པ་གང་ཡིན་པའོ། །བདག་ནི་ལམ་ཤེས་པ་ལ་གནས་ ཀྱིས། གཞན་དག་ཀྱང་ལམ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལམ་ཤེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་ལ་སྒྲོ་འདོགས་པ་མེད་པར་ཤེས་པ་གང་ཡིན་པའོ། །བདག་ནི་རང་གི་འཁྲུལ་པ་ལ་སོ་སོར་རྟོག་པ་ལ་གནས་ཀྱིས། གཞན་དག་ཀྱང་རང་གི་འཁྲུལ་པ་ལ་སོ་སོར་རྟོག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རང་གི་འཁྲུལ་པ་ལ་སོ་སོར་རྟོག་པ་ནི་རང་གི་སེམས་ལ་ངེས་པར་སེམས་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་གཞན་གྱི་སེམས་རྗེས་སུ་བསྲུང་ བར་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་གཞན་གྱི་སེམས་རྗེས་སུ་བསྲུང་བར་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཞན་གྱི་སེམས་རྗེས་སུ་བསྲུང་བར་བྱ་བ་ནི་ཕ་རོལ་གྱི་འཁྲུལ་པ་ལ་མ་ཁྲོས་པར་སྐུར་བ་གང་ཡིན་པའོ། །བདག་ ནི་སེམས་རབ་ཏུ་དུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་རབ་ཏུ་དུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་རབ་ཏུ་དུལ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྐྱོ་བ་བཟོད་པ་གང་ཡིན་པའོ། །བདག་ནི་ཁྲོ་བ་མེད་པ་ཉིད་ལ་གནས་ ཀྱིས། གཞན་དག་ཀྱང་ཁྲོ་བ་མེད་པ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཁྲོ་བ་མེད་པ་ཉིད་ནི་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཉིད་གང་ཡིན་པའོ། །བདག་ནི་བདག་ལ་སོ་སོར་རྟོག་པ་ལ་གནས་ཀྱིས། གཞན་དག་ཀྱང་ བདག་ལ་སོ་སོར་རྟོག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདག་ལ་སོ་སོར་རྟོག་པ་ནི་བདག་ལ་བདག་མེད་པའི་མཚན་ཉིད་གང་ཡིན་པའོ། །བདག་ནི་ཅི་ཡང་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཅི་ཡང་མེད་པ་ལ་དགོད་དོ་ཞེས་དབུགས་ འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཅི་ཡང་མེད་པ་ནི་ལུས་ལ་དམིགས་པ་ལས་དབེན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་ པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མི་སྐྱེ་བའི་བཟོད་པ་ལ་གནས་ཀྱིས། གཞན་དག་ཀྱང་མི་སྐྱེ་བའི་བཟོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མི་སྐྱེ་བའི་ བཟོད་པ་ནི་འགོག་པ་མངོན་དུ་བྱེད་པ་གང་ཡིན་པའོ། །བདག་ནི་འགོག་པ་མེད་པའི་བཟོད་པ་ལ་གནས་ཀྱིས། གཞན་དག་ཀྱང་འགོག་པ་མེད་པའི་བཟོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འགོག་པ་མེད་པའི་བཟོད་པ་ནི་མི་སྐྱེ་བ་མངོན་དུ་ བྱེད་པ་གང་ཡིན་པའོ། །བདག་ནི་ལུས་སུ་གྱུར་པའི་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་ལུས་སུ་གྱུར་པའི་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལུས་སུ་གྱུར་པའི་དྲན་པ་ནི་ལུས་དབེན་པ་ཉིད་གང་ཡིན་པའོ། །བདག་ནི་ཚོར་བར་གྱུར་པའི་ དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚོར་བར་གྱུར་པའི་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚོར་བར་གྱུར་པའི་དྲན་པ་ནི་ཚོར་བ་ཐམས་ཅད་ཀྱི་རྒྱུན་ཆད་པ་གང་ཡིན་པའོ། །བདག་ནི་སེམས་སུ་གྱུར་པའི་དྲན་པ་ལ་གནས་ཀྱིས། གཞན་དག་ ཀྱང་སེམས་སུ་གྱུར་པའི་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་སུ་གྱུར་པའི་དྲན་པ་ནི་གནས་མེད་པའི་ཕྱིར་སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཆོས་སུ་གྱུར་པའི་དྲན་པ་ལ་གནས་ཀྱིས་ གཞན་དག་ཀྱང་ཆོས་སུ་གྱུར་པའི་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་སུ་གྱུར་པའི་དྲན་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པའོ། །བདག་ནི་དད་པའི་དབང་པོ་ལ་གནས་ཀྱིས། གཞན་དག་ཀྱང་དད་ པའི་དབང་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དད་པའི་དབང་པོ་ནི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཤེས་པ་ཉིད་གང་ཡིན་པའོ། །བདག་ནི་བརྩོན་འགྲུས་ཀྱི་དབང་པོ་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་ཀྱི་དབང་པོ་ལ་ དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་ནི་ཆོས་ཐམས་ཅད་ལ་ལེགས་པར་རྟོགས་པའི་ཤེས་པ་ཉིད་གང་ཡིན་པའོ། །བདག་ནི་དྲན་པའི་དབང་པོ་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པའི་དབང་པོ་ལ་དགོད་དོ་ཞེས་དབུགས་འབྱིན་ པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པའི་དབང་པོ་ནི་ལེགས་པར་བྱ་བའི་ལས་བྱེད་པ་གང་ཡིན་པའོ། །བདག་ནི་ཏིང་ངེ་འཛིན་གྱི་དབང་པོ་ལ་གནས་ཀྱིས། གཞན་དག་ཀྱང་ཏིང་ངེ་འཛིན་གྱི་དབང་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཏིང་ ངེ་འཛིན་གྱི་དབང་པོ་ནི་སེམས་རྣམ་པར་གྲོལ་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཤེས་རབ་ཀྱི་དབང་པོ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ཀྱི་དབང་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ཀྱི་དབང་པོ་ནི་ཆོས་ཐམས་ཅད་ལ་ མངོན་སུམ་དུ་ཤེས་པ་ཉིད་གང་ཡིན་པའོ། །བདག་ནི་དད་པའི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་དད་པའི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དད་པའི་སྟོབས་ནི་བདུད་ཀྱི་ལས་ལས་ཡང་དག་པར་འདའ་བ་གང་ཡིན་པའོ། །བདག་ནི་ ཡེ་ཤེས་ཀྱི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་ཡེ་ཤེས་ཀྱི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡེ་ཤེས་ཀྱི་སྟོབས་ནི་མི་ཤེས་པ་རྣམ་པར་འཇོམས་པ་གང་ཡིན་པའོ། །བདག་ནི་བརྩོན་འགྲུས་ཀྱི་སྟོབས་ལ་གནས་ཀྱིས། གཞན་དག་ ཀྱང་བརྩོན་འགྲུས་ཀྱི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཀྱི་སྟོབས་ནི་ཕྱིར་མི་ལྡོག་པའི་ཆོས་སྒྲུབ་པ་ཉིད་གང་ཡིན་པའོ། །བདག་ནི་དྲན་པའི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པའི་སྟོབས་ལ་དགོད་དོ་ཞེས་དབུགས་ འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པའི་སྟོབས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཏིང་ངེ་འཛིན་གྱི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་ཏིང་ངེ་འཛིན་གྱི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཏིང་ངེ་འཛིན་གྱི་སྟོབས་ནི་རྟོག་པ་དང་དཔྱོད་པ་ཐམས་ཅད་སྤོང་བ་གང་ཡིན་པའོ། །བདག་ནི་ཤེས་རབ་ཀྱི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ཀྱི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ཀྱི་སྟོབས་ནི་མི་རྫི་བའི་ཤེས་པ་ཉིད་ གང་ཡིན་པའོ། །བདག་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དམ་པའི་ཆོས་ཇི་ལྟ་བ་བཞིན་དུ་ ཡོངས་སུ་ཤེས་པ་གང་ཡིན་པའོ། །བདག་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་ཐམས་ཅད་སྣང་བ་གང་ཡིན་པའོ། །བདག་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་ པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་ཐམས་ཅད་ལེགས་པར་རིག་པའི་ཤེས་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། ། འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་གནས་ཀྱིས། གཞན་དག་ཀྱང་དགའ་བ་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་གང་ཡིན་པའོ། །བདག་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་གནས་ཀྱིས། གཞན་ དག་ཀྱང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བྱ་བ་བྱས་པ་གང་ཡིན་པའོ། །བདག་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ ལ་གནས་ཀྱིས། གཞན་དག་ཀྱང་ཏིང་ངེ་འཛིན་ཡང་ད