Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 045_མདོ་སྡེ།_ཀ

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
ི་ལོ་མ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་སྙན་རྩྭ་འཚོང་ཚེ། །དེ་བཞིན་གཤེགས་པ་སྟབས་ཆེན་དེ་ལ་ནི། །རྩྭ་སྤྱིལ་དག་ནི་བྱས་ཏེ་ཕུལ་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་དབང་མཚུངས་ནི་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་དབྱངས། །དེ་ལ་གདུགས་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་བརྩེགས་ལྷ་ཡི་བསྙེན་བཀུར་བ། །
བྱེད་ཚེ་བདེ་གཤེགས་བསོད་ནམས་བརྩེགས་པ་ལ། །མེ་ཏོག་ཆང་པ་གང་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐར་པའི་གཟི་བརྗིད་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ནོར་བུ་ཟླ་བ་ལ། །ཙུག་ཀྲ་རུ་ཀའི་འབྲས་བུ་བརྒྱད་ཕུལ་ནས། །དང་པོར་བྱང་ཆུབ་
ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་མཛད་གར་མཁན་བུ་མོའི་ཚེ། །དེ་བཞིན་གཤེགས་པ་སྤྱན་སྡུག་དེ་ལ་ནི། །རས་བལ་དག་གི་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་ཞི་སྐུ་ནི་འཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སྙན་པར་
གྲགས་དེ་ལ། །ཙམ་པ་ཀ་ཡི་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡིད་འོང་གསུང་ནི་དམག་མིའི་ཚེ། །དེ་བཞིན་གཤེགས་པ་གསལ་བའི་དཔལ་དེ་ལ། །རས་ཡུག་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་
དོ། །དེ་བཞིན་གཤེགས་པ་བློ་སྦྱངས་སྨན་པའི་ཚེ། །བདེ་གཤེགས་སེང་གེའི་མཆེ་བ་དགོངས་མལ་དུ། །འབྲུ་མར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆུ་ལྷ་གདུགས་མཁན་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་
མཆོད་འོས་ལ། །དུས་སུ་བསིལ་ཡབ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་ལོགས་ནི་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་དྲི་ཞིམ་འོད་དེ་ལ། །སྟོན་མོ་ཆེན་མོ་དག་ནི་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །

བདེ་གཤེགས་ཆོས་ཀྱི་མཐུ་རྩལ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་དགྲ་ཞིར་གྱུར་པ་ལ། །དངུལ་ལས་བྱས་པའི་གདན་ཁྲི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐལ་བ་བཟང་པོ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་རྒྱལ་བའི་སྡེ་དེ་
ལ། །གསེར་ལས་བྱས་པའི་བླ་རེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་འཁྲུགས་མདོག་ནི་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་བདེན་པའི་བློ་དེ་ལ། །རྫེའུ་ཕྲུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་
གཤེགས་གཟི་བརྗིད་རྒྱལ་པོ་གྲོང་དཔོན་ཚེ། །གྲོང་ཁྱེར་དག་ནི་ཕྱག་དར་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་གཟི་བརྗིད་གོ་བགོས་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྟོགས་མཛད་ལག་བླའི་ཚེ། །དེ་བཞིན་གཤེགས་པ་ངེས་པར་རྟོགས་བཟོད་ལ། །ཀ་
ར་བཱི་རའི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱན་ལེགས་ཕྱུགས་རྫིའི་དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་མཆོག་དཔལ་དེ་ལ། །ལྷུང་བཟེད་མོ་ར་ནས་བཀང་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་
གནས་བློ་ནི་ནད་པའི་ཚེ། །དེ་བཞིན་གཤེགས་པ་གླང་པོའི་སྟབས་དེ་ཡི། །ཉིན་མོ་བཞུགས་པའི་གནས་ཁང་ཕྱགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣང་བའི་འོད་ཟེར་ལྷ་འབངས་ཚེ། །དེ་བཞིན་གཤེགས་པ་མཁས་པའི་གཙོ་དེ་ལ། །མར་མེའི་སྙིང་པོ་
དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤོས་གཟི་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་བདེན་པ་དགྱེས་དེ་ལ། །ཨུད་པལ་སྔོན་པོ་གཅིག་ཅིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀུན་དགའ་མཛད་
པ་ཤིང་རྟ་མཁན། །བྱེད་ཚེ་བདེ་གཤེགས་ཨུད་པལ་དྲི་དེ་ལ། །སྣམ་ཕྱི་ས་དག་བྱས་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ཡོད་གཤེགས་པ་ལག་བླའི་ཚེ། །དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་ལ། །ལོ་མའི་སྤྱིལ་བུ་བྱས་ཏེ་ཕུལ་ནས་

ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁྲོ་བཅོམ་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཙམ་པའི་མཆོག་དེ་ལ། །རྫིང་བུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟུགས་མཆོག་ཐ་ག་པ་ཡི་ཚེ། །
དེ་བཞིན་གཤེགས་པ་བརྟུལ་ཞུགས་སྙོམས་པ་ལ། །དབྱར་གནས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་གཤེགས་རོལ་མོ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཤེས་པའི་དཔལ་དེ་ལ། །རོལ་མོའི་རྔ་ཆེན་བརྡུངས་ཏེ་མཆོད་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་སྦྱིན་གྲགས་པ་ལ་ཀུ་ས་བྱེད་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་དེ་ལ་ནི། །འདག་པའི་ཆལ་དག་སྦྱར་ཏེ་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་གཙང་
ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་གསུང་དེ་ལ། །བུ་ཡུག་ལངས་ཚེ་འཇམས་དང་བཏུང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཉི་ཕྱུགས་རྫིའི་དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་འདམ་ལས་རྒལ་བ་ལ། །ཞུན་མར་ཅི་དགོས་པ་ནི་ཕུལ་ནས་
ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་བྱིན་ནི་ཕུབ་མཁན་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་སྤྱན་དེ་ལ། །ཕུབ་དག་བྱས་ཏེ་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཉམ་གཞག་བདག་ཉིད་ཁྱིམ་བདག་ཚེ། །
དེ་བཞིན་གཤེགས་པ་བློ་འབར་དེ་ལ་ནི། །ཏིལ་འབྲུ་སྤར་བ་བཀང་སྟེ་གཏོར་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་མདངས་འབྲུ་མར་སྤོས་ཅན་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་མཆོད་པར་འོས་པའི་དཔལ་དེ་ལ། །སྣ་མའི་མེ་ཏོག་ཡོད་པའི་འབྲུ་མར་སྲང་
བརྒྱད་ཕུལ། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྒྱལ་རིགས་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་དབྱངས་དེ་ལ། །ལམ་སྲང་དག་ནི་མཚོན་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐལ་ལྡན་ཤིང་རྟ་

བུ་རམ་ཆང་མཁན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་དམིགས་པ་བྱིན་དེ་ལ། །སྐྱུ་རུ་ར་ཡི་བཅུད་ཁུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གསེར་མཆོག་ཚ་འཚོང་ཚེ། །དེ་བཞིན་གཤེགས་པ་གཙང་
མར་གནས་དེ་དག །ཟླ་བ་གསུམ་དུ་ཚྭ་ལ་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་པར་གྲོལ་གཙུག་ཞིང་སྲུངས་ཚེ། །དེ་བཞིན་གཤེགས་པ་དྲི་ཞིམ་སྤོས་དེ་ལ། །རྒུན་འབྲུའི་བཅུད་ཁུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་
བསྐྱེད་དོ། །བདེ་གཤེགས་ཆོས་ལྡན་ཡུར་བ་མཁན་གྱི་ཚེ། །ཡུར་བ་དག་ནི་བརྐོས་ཏེ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་གནས་ཚོང་དཔོན་ཆུང་མའི་ཚེ། །དེ་བཞིན་གཤེགས་པ་རི་བོའི་ཕུང་པོ་ལ། །
དབྱར་གནས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དྲེགས་སྤངས་སྨན་པའི་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་དེ་ལ་ནི། །འབྲུ་མར་བཏུང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་
ཤེས་མཛོད་ནི་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་དེ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་གཤེགས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་མཆོད་པར་འོས་དེ་ལ། །མེ་ཏོག་
འབར་ཤིའི་ཆུན་ཕྲེང་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཙན་དན་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་རི་དབང་བརྩེགས་པ་ལ། །བ་སོ་དག་ལས་བྱས་པའི་གདན་ཁྲི་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་
མེད་པ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །དངུལ་ལས་བྱས་པའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་ནི། །ཨ་བ་ཀ་རར་གྱུར་ཚེ་དེ་བཞིན་གཤེགས། །སྣང་བའི་གཙོ་ལ་ཨ་བ་ཀན་ཕུལ་

ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་ཏོག་ནི་ཚོང་པའི་ཚེ། །བདེ་གཤེགས་སྣ་ཚོགས་དབྱངས་བརྒྱན་དེ་ལ་ནི། །བ་སོའི་ཁང་པ་བརྩེགས་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པད་མའི་སྙིང་པོ་
དགེ་སློང་ཚེ། །འཇི་བ་དག་ལས་གཟུགས་ནི་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་དོན་ལ་དགྱེས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་མཐའ་ཡས་ཆང་འཚོང་ཚེ། །དེ་བཞིན་གཤེགས་པ་སྤྱོད་པ་གསལ་དེ་ལ། །བཀྲུ་བ་དག་ནི་དབུལ་བ་བྱས་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་འོད་ཟེར་དགེ་སློང་ཚེ། །བཅྭ་ལྔའི་ཚེ་ན་ཆོས་ཀྱི་སྦྱིན་བྱས་ནས། །དེ་བཞིན་གཤེགས་པ་མྱ་ངན་སྤོང་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་མེ་ཏོག་སྤུག་འཚོང་ཚེ། །དེ་བཞིན་
གཤེགས་པ་མངོན་ཤེས་འོད་དེ་ལ། །སྤུག་གི་ནོར་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཁས་པ་འབྲས་འཚོང་ཚེ། །དེ་བཞིན་གཤེགས་པ་མདངས་ཀྱི་སྟོབས་དེ་ལ། །འབྲས་ཀྱིས་སྤར་བ་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་
ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱོར་ལྡན་ནི། །ཤིང་རྟ་མཁན་ཚེ་བདེ་གཤེགས་གསལ་བའི་དཔལ། །དེ་ཡི་རླུང་སྐྱབས་དག་ནི་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་དབྱིག་ཤིང་སྲུངས་ཚེ། །དེ་བཞིན་
གཤེགས་པ་མཐོང་བར་གྲགས་དེ་ལ། །ག་ན་ཀོ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕྱག་ན་རིན་ཆེན་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་རྣམ་གྲོལ་འོད་ཟེར་དེའི། །ན་བཟའ་དག་ནི་ཁ་དོག་བསྒྱུར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་
སེམས་བསྐྱེད་དོ། །བདེ་གཤེགས་དབང་ལྡན་ཚལ་གྱི་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་རྣམ་གནོན་ལ། །ཁར་ཛུ་ར་ཡི་འབྲས་བུ་བརྒྱད་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྫོགས་པར་གསུང་བ་ཤིང་སྲུངས་ཚེ། །དེ་བཞིན་

གཤེགས་པ་དུས་མཁྱེན་རྒྱལ་པོ་ལ། །སྟར་ག་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོག་གསུང་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ནགས་ཀྱི་མེ་ཏོག་ལ། །འགོ་ཏ་ར་ནའི་མེ་ཏོག་གཏོར་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོད་འོས་རྒྱལ་བུའི་ཚེ། །རྫིང་བུ་དག་ནི་བྱས་ཏེ་བཤམས་ནས་ཀྱང་། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མ་བློན་པོ་ཆེན་པོའི་
ཚེ། །བདེ་གཤེགས་རྣམ་པར་སྨིན་པ་ཆེན་པོ་ལ། །རྡོ་ལས་བྱས་པའི་ཁང་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འདམ་ལས་རྒལ་བ་སྐུད་འཚོང་ཚེ། །དེ་བཞིན་གཤེགས་པ་གྲགས་པ་ཆེན་པོ་ལ། །སྐུད་པ་སྲང་གཅིག་དབུལ་བ་བྱས་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་བརྙེས་པ་ཆང་འཚོང་ཚེ། །དེ་བཞིན་གཤེགས་པ་གཤེགས་པར་དགྱེས་དེ་ལ། །བཅུད་ཁུའི་བཏུང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲུབ་པ་གྲོང་དཔོན་
ཚེ། །དེ་བཞིན་གཤེགས་པ་བདུད་རྩི་རྣམ་གནོན་ལ། །གྲོང་གི་མཆོག་མ་བཅུ་ཞིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྨ་བྱ་འབྲུ་མར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཉི་མའི་ཕུང་པོ་ལ། །མེ་ཏོག་འབར་ཤིས་བསྒོས་པའི་འབྲུ་མར་
ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་སྦྱིན་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་དབྱངས་དེ་ལ། །སིལ་སྙན་བརྒྱ་ཡིས་མཆོད་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཕན་བཞེད་
མགར་བའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མེ་ཏོག་ལ། །དྲ་གྲི་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ལྡན་པ་དུང་འབུད་ཚེ། །དུང་སྒྲ་དག་ནི་བུད་པ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་རྣམ་དག་འོད་དེ་

ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲགས་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་སྟོན་ཀའི་ཉི་མ་ལ། །ནོར་བུ་བཻ་དཱུརྱ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་དྲ་བ་ལོ་མའི་ཁུར་ཁྱེར་ཚེ། །དེ་
བཞིན་གཤེགས་པ་སྣང་བ་བལྟ་ན་སྡུག་དེ་ལ། །ཧི་མིན་ཛ་ལའི་མེ་ཏོག་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཻ་དཱུརྱ་སྙིང་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་བརྟན་པའི་བློ་དེ་ལ། །ཨ་མྲ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་
པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མེ་ཏོག་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ལྗོན་པའི་མེ་ཏོག་ལ། །ཏང་གའི་མེ་ཏོག་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་རྒྱལ་པོ་དེད་དཔོན་ཚེ། །དེ་བཞིན་
གཤེགས་པ་འབར་བའི་དབྱངས་དེ་ལ། །སྐྱེད་མོས་ཚལ་ནི་བཅུ་སྙེད་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཟླ་བ་མགར་བའི་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་གོ་ཆ་ལ། །རིལ་བ་སྤྱི་ལུགས་དག་ནི་ཕུལ་ནས་ཀྱང་། །དང་པོར་
བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དྲན་འོད་ལྕགས་མགར་ཚེ། །དེ་བཞིན་གཤེགས་པ་སེང་གེའི་སྒྲ་དེ་ལ། །སྣར་བླུགས་པ་ཡི་སྤྱད་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགེ་འོད་དགེ་སློང་ཚེ། །དེ་བཞིན་
གཤེགས་པ་དགེ་བའི་ལྷ་དེ་ལ། །ནོར་བུའི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་མཆོག་མ་ཀུན་གྱི་འོད། །ཚོང་པའི་ཚེ་ན་བདེ་གཤེགས་དབྱངས་མཆོག་ལ། །ཤིང་ན་ག་ཡི་མེ་ཏོག་གཏོར་ནས་ཀྱང་། །དང་
པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རིན་པོ་ཆེ་ཡི་དཔལ། །ཕྱག་དར་པ་ཚེ་བདེ་གཤེགས་དཔལ་དགྱེས་ལ། །གཙུག་ལག་ཁང་དང་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེས་བུ་ཟླ་བ་བྲམ་ཟེའི་ཚེ། །གཅོང་

རོང་དག་ཏུ་ཟམ་པ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་བདུད་རྩིའི་གྲགས་པ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྒྲ་གཅན་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་གི། །གདན་དག་ཡུད་ཙམ་གདིང་བ་
བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩིའི་འོད་ནི་གཞན་བྲན་ཚེ། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །ཉིན་མོ་བཞུགས་པའི་གནས་སུ་གདན་བཏིང་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་
འཇིག་རྟེན་མཆོག་མ་ཚོང་དཔོན་གྱི། །བུ་ཚེ་བདེ་གཤེགས་འཇིག་རྟེན་བླ་མ་ལ། །དྷ་ནུ་སྐ་རིའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐར་འོད་དེད་དཔོན་ཚེ། །བདེ་གཤེགས་བློ་མཆོག་ལམ་དུ་ཞུགས་པ་ན། །མཚན་
མོ་རྩྭ་སྒྲོན་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཞི་བའི་སྟབས་ནི་རྒྱལ་པོའི་བུ། །ཁང་བཟངས་འཛེག་ཚེ་བདེ་གཤེགས་ལྷུན་འོད་ལ། །མེ་ཏོག་དག་གི་ཆུན་པོ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་
གཤེགས་ཡེ་ཤེས་རྒྱ་མཚོ་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་གཟི་ལ། །སྐྱུ་རུམ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་དབང་ཕྲེང་རྒྱུད་བུ་མོའི་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་གཟི་བརྗིད་
ལ། །མེ་ཏོག་ཕྲེང་བ་ཁྲུ་གང་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་ཞི་སྨན་པའི་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་དགོངས་པ་སྦྱངས་པ་ལ། །སྙུན་གྱི་གསོས་སྨན་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་
དོ། །བདེ་གཤེགས་ཡོན་ཏན་མཐུ་སྟོབས་སྤྱད་རྫིའི་ཚེ། །དེ་བཞིན་གཤེགས་པ་ཏོག་གི་འོད་དེ་ལ། །ཙན་ཙ་ཏིཀ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་དབང་རྩིས་པའི་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་དགྲ་ཐུལ་དེ་ལ་

ནི། །མེ་ཏོག་མྱ་ངན་འཚང་གི་ཆུན་པོ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་སྙན་སྤོས་འཚོང་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་མེ་ཏོག་གི། །བཞུགས་ཁང་སྤོས་ཀྱི་བྱུག་པས་བྱུགས་ནས་ཀྱང་། །དང་པོར་བྱང་ཆུབ་
ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ངོས་བཟང་རྩལ་ཆེན་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་གྲགས་པ་ཆེན་པོ་ལ། །འདུན་ཁང་དག་ནི་བྱས་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་གནས་མི་བཀྲེན་ཚེ། །དེ་བཞིན་
གཤེགས་པ་ཕན་པར་དགོངས་དེ་ལ། །སྣོད་དག་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་གཟི་བརྗིད་དཔལ་ནི་ཁྱིམ་བདག་ཚེ། །དགེ་འདུན་དག་ལ་རྙེད་པ་སྣུམ་བག་ཕུལ་ནས་ཀྱང་། །དེ་བཞིན་གཤེགས་པ་
བྱང་ཆུབ་དམ་པ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཁྱེན་ལྡན་ཟླ་མེད་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །གུར་ཀུམ་བྱུག་པ་ལག་གིས་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །
བདེ་གཤེགས་ང་རོ་དཔག་མེད་ཕྱུགས་རྫིའི་ཚེ། །དེ་བཞིན་གཤེགས་པ་འདམ་ལས་རྒལ་བ་ལ། །ཧ་རི་ནི་ཀའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་བཟངས་སྤོས་འཚོང་ཚེ། །དེ་བཞིན་གཤེགས་པ་
སྲིད་པ་གསལ་བ་ལ། །ཀུན་ཏུ་ར་ཀའི་བདུག་པས་བདུགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་ཐུགས་གཞུངས་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་ལ། །ཐལ་མོ་སྦྱར་བ་བྱས་ཏེ་ཕྱག་འཚལ་ནས། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དོན་དགོངས་གཏི་མུག་བྲལ། །འཁོར་ལོས་སྒྱུར་ཚེ་བདེ་གཤེགས་དཔལ་ཆེན་ལ། །གྲོང་ཁྱེར་དཔག་ཚད་བཅུ་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབྱངས་ཀྱི་

ཡན་ལག་ཁྱད་པར་འཕགས། །ཤིང་སྲུངས་ཚེ་ན་བདེ་གཤེགས་འོད་བྱེད་ལ། །ཕ་གུའི་འབྲས་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོག་ཏུ་མཛེས་གཤེགས་རྩིས་པ་ཡི། །བྲན་མོའི་ཚེ་ན་
བདེ་གཤེགས་མེ་འོད་ལ། །མེ་ཏོག་ཀར་ནི་ཀ་རས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཞི་དོན་རྒྱལ་པོའི་ཕོ་ཉ་ཚེ། །དེ་བཞིན་གཤེགས་པ་བལྟ་ན་སྡུག་པ་ལ། །ལན་གྲངས་བརྒྱ་སྙེད་བསྐོར་བ་བྱས་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐྱོན་མེད་རྟེན་བཅས་ཚེ། །དེ་བཞིན་གཤེགས་པ་སྣང་བར་དགྱེས་པ་ལ། །མོན་སྲན་སྡེའུ་ཡི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་སྦྱངས་དགེ་
བ་ཤིང་འཚོང་ཚེ། །སྒོ་གང་དག་ནི་དབུལ་བ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་དགའ་བའི་དབྱངས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པད་མའི་མཛོད་ནི་དགེ་སློང་ཚེ། །དེ་བཞིན་གཤེགས་པ་མཆོད་སྦྱིན་བྱིན་པ་ལ། །སྐུ་ཡི་
ཁྲུས་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་བཟང་པོ་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་བདེན་པའི་མཐུ་རྩལ་ལ། །བསོད་སྙོམས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་
བསྐྱེད་དོ། །བདེ་གཤེགས་སྤོབས་པའི་མདོག་ནི་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ཐོགས་མེད་བློ་དེ་ལ། །ཤུ་ཏིའི་མེ་ཏོག་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྟེགས་བཟང་སྒོ་བའི་ཚེ། །བདེ་གཤེགས་
མདངས་འོད་གྲོང་ཁྱེར་གཤེགས་པ་ན། །ཐལ་མོ་སྦྱར་ཏེ་ཕྱག་དག་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་དབང་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་སྙིང་པོ་ལ། །རྣ་རྒྱན་ཕྲེང་བ་དག་ནི་ཕུལ་ནས་ཀྱང་། །དང་

པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བསྙེངས་བྲལ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཚངས་པའི་འོད་དེ་ལ། །མེ་ཏོག་ཏ་ར་ནི་ཡིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་བཞེད་པ་དབུལ་པོའི་
ཚེ། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་དེ། །ཕོངས་པ་མེད་པས་སྤྱན་དག་དྲངས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་ཅན་དཀའ་ཐུབ་ཅན་གྱི་ཚེ། །དེ་བཞིན་གཤེགས་པ་བདེ་བའི་འོད་དེ་ལ། །ལོ་མའི་སྤྱིལ་བུ་དག་ནི་ཕུལ་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བློ་མཆོག་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་འོད་མཆོག་དེ་ལ་ནི། །ཨ་ག་རུ་ཡི་བདུག་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཟླ་བ་ཤིང་ཐུན་
ཚེ། །དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ལ། །བ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་ཟླ་འོད་ཚོང་པའི་ཚེ། །བདེ་གཤེགས་ཡིད་གཉིས་ལས་ནི་འདས་པ་ལ། །ནོར་བུ་རིན་ཆེན་མེ་ཤེལ་ཕུལ་ནས་
ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྙེངས་མེད་མདུན་འདོན་བུར་གྱུར་ཚེ། །བདེ་གཤེགས་འཁྲུལ་པ་མེད་པའི་བློ་ལྡན་ལ། །སིན་དྷུ་བ་རིའི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟིགས་
པ་ཆེན་པོ་རྩྭ་ཐུན་ཚེ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་འབྱོར་དེ་ལ། །ཨ་ག་རུ་ཡི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་དབྱངས་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ཡན་ལག་མཛེས་པ་ལ། །རྒྱ་
ཤུག་འབྲས་བུའི་ཕྱེ་མ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབྱངས་བཟང་ལྷ་རིས་པ་ཡི་ཚེ། །བུ་ཡུག་ལངས་ཚེ་ཁང་པ་ཕྱགས་ནས་ཀྱང་། །དེ་བཞིན་གཤེགས་པ་བསྙེངས་མེད་དགྱེས་པ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །

བདེ་གཤེགས་ཤེས་རབ་ཆེ་སྟེགས་ནད་པའི་ཚེ། །དེ་བཞིན་གཤེགས་པ་རྣམ་གྲངས་དབྱངས་དེ་ལ། །པི་པི་ལིང་གི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་ཟླ་མེད་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་
དབྱངས་ནི་ཆེན་པོ་དེ། །ཉི་མ་འགའ་ཞིག་བཞུགས་པར་གསོལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྡོ་རྗེ་མཁྲེགས་ནི་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་རྣམ་པར་འབྱེད་ལྡན་ལ། །ཏིལ་དང་འདྲེས་པའི་འབྲས་དག་ཕུལ་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་བློ་གྲོས་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་དགོངས་པ་ཆེན་པོ་ལ། །མེ་ཏོག་བར་ཤི་ཀ་དག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྗོན་ཤིང་དབང་པོ་རྒྱལ་པོ་ཡི། །
ཕོ་ཉའི་ཚེ་ན་བདེ་གཤེགས་གཟུགས་གསལ་ལ། །སྐུ་རེགས་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གདངས་སྙན་འདྲོན་པོའི་ཚེ། །དེ་བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་དེ། །འཇིགས་པ་མེད་པས་ལམ་ཀར་
སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་སྟོབས་ནི་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་བདེ་བར་གཟིགས་དེ་ལ། །ཞུན་མར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་
པ་མཐུ་དཔལ་དགེ་སློང་ཚེ། །བཟོད་པ་དག་ནི་བསྒོམ་པ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་གནོད་པ་སྤངས་པ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཕགས་དགྱེས་དགོན་པའི་དགེ་སློང་ཚེ། །དེ་བཞིན་གཤེགས་པ་ཞི་བ་གསལ་དེ་ལ། །སྲན་
གྱི་ཕྱེད་ཙམ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཐུ་སྟོབས་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་རིམས་མེད་བློ་ལྡན་ལ། །འབྲས་བུ་སར་པ་མཆོག་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་

གཤེགས་སྐར་དགྱེས་བཅའ་བ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་སྟེགས་དེ་ལ། །སྣོད་དག་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྲིན་གྱི་རྔ་སྒྲ་སྤོས་འཚོང་ཚེ། །དེ་བཞིན་གཤེགས་པ་བློ་ལྡན་ལེགས་
བསགས་ལ། །ཨུ་ཤི་ར་ཡི་ཕྱེ་མ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྱན་དག་སྡུག་པའི་ཞལ། །ཕྱག་དར་པ་ཚེ་རྔ་ཆེན་བརྡུངས་ནས་ཀྱང་། །དེ་བཞིན་གཤེགས་པ་ཀུན་དུ་གསལ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་
གཤེགས་ཡེ་ཤེས་བཟང་ལྡན་ཤིང་དཔོན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་གཟི་བརྗིད་ལ། །སྣོད་དག་འོ་མས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འབྱོར་ལྡན་རྟེན་བཅས་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མཆོད་གནས་ལ། །
ལ་དུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་ཕུང་པོ་ཀུན་རྒྱུའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་དབྱངས་དེ་ལ། །ཀྲྀཥྞ་ས་རའི་པགས་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གསལ་
བ་རྒྱལ་པོའི་བུ་མོའི་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་ཉི་མ་ལ། །གསེར་གྱི་ཕྲེང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་རྒྱལ་མཚན་སློང་བའི་ཚེ། །དེ་བཞིན་གཤེགས་པ་ལེགས་གནས་ཞབས་དེ་ལ། །གོས་ཀྱི་རས་མ་སོར་བཞི་ཙམ་
ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ང་རོ་ཚོང་དཔོན་གྱི། །བུ་ཚེ་དེ་བཞིན་གཤེགས་པ་ཏོག་དེ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ནམ་མཁའ་ཤིང་ཐུན་ཚེ། །
བདེ་གཤེགས་སྣ་མའི་མེ་ཏོག་གསལ་དེ་ལ། །རྒྱ་ཤུག་དག་གི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོད་སྦྱིན་ང་རོ་རྟེན་བཅས་ཚེ། །དེ་བཞིན་གཤེགས་པ་སྟོབས་ཀྱི་འོད་དེ་ལ། །བལ་སྲན་གྲེའུ་དང་སྦྱར་བའི་འབྲུ་མར་ཕུལ། །དང་པོར་

བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤེས་རབ་རྣམ་འགོད་ང་རོ་ནི། །རལ་པ་ཅན་ཚེ་བདེ་གཤེགས་ཡོན་ཏན་བཞེད། །དེ་ལ་དཀའ་ཐུབ་གནས་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་འོད་ཟེར་གཟི་
བརྗིད་བཟང་མཁན་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་དེ་ཡི་ནི། །ཆོས་གོས་སྣམ་སྦྱར་དག་ནི་དྲུབ་པ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲང་སྲོང་དབང་པོ་བསོད་སྙོམས་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་མཛེས་པ་ལ། །
ཁབ་རལ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་ལྡན་ཕྱུགས་རྫིའི་དཔོན་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་བ་སྣང་མཛད་ལ། །ལྷུང་བཟེད་འོ་མས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་
གཤེགས་སྤོབས་པའི་ཚོགས་ནི་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ལ། །ཙམ་པ་ཀ་ཡི་ཚལ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོད་སྦྱིན་བཟང་པོ་ཤིང་ཐུན་ཚེ། །བདེ་གཤེགས་ཀུན་དུ་ཡོན་ཏན་མཆོག་དེ་ལ། །ཤིང་
བིལ་བ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཟླ་ཞལ་མར་འཚོང་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་རྒྱལ་ལ། །ཞུན་མར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་
ཤིན་ཏུ་གཟིགས་པ་ད་ནུར་མཁན། །བྱེད་ཚེ་དེ་བཞིན་གཤེགས་པ་ལྷས་མཆོད་ལ། །བག་ཆོས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་དྲུག་པ་སྟེ་
ཐ་མ། དེ་བཞིན་གཤེགས་པ་རྡུལ་བྲལ་འདྲེག་མཁན་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་དབྱངས་དེ་ལ། །སྤུ་གྲི་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་ཚོགས་ནི་ཁྲུས་པའི་ཚེ། །བདེ་གཤེགས་འཁྲུལ་པ་མེད་པར་སྦྱོར་

བ་ལ། །ཁྲུས་ཁང་དག་ནི་བྱས་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཏོག་ལྡན་ཁྱིམ་བདག་ཚེ་ན་དེ་བཞིན་གཤེགས། །བརྩོན་འགྲུས་ཆེན་པོ་འཁོར་དང་བཅས་པ་བྱེ་བ་དག །དབྱར་གནས་ཟླ་གསུམ་ཞལ་ཟས་རོ་བརྒྱ་པ་གསོལ་ནས། །དང་པོ་ཉིད་
དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་སྤོབས་པ་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་ཡིད་འོང་དབྱངས་དེ་ལ། །མར་མེའི་སྙིང་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་རབ་སྦྱིན་བྱི་བོ་བྱེད་པའི་ཚེ། །ཉི་མ་
འགའ་ཞིག་ཚངས་པར་སྤྱོད་པ་མནོས་ནས་ཀྱང་། །དེ་བཞིན་གཤེགས་པ་ཀུན་དུ་དབྱངས་ཅན་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་དགྱེས་པ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་སྨོན་ལམ་སྦྱངས་པ་ལ། །སྒེའུ་གཤེར་མེ་ཏོག་དག་གིས་གཏོར་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁེངས་མེད་བཅའ་བ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ལྷ་འདོད་དེ་ལ་ནི། །མར་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་སྟོབས་ནི་བྲམ་ཟེའི་ཚེ། །དེ་བཞིན་
གཤེགས་པ་ཤེས་རབ་སྟོབས་དེ་ལ། །ཨ་མྲའི་འབྲས་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབང་སྒྱུར་རྒྱལ་པོའི་ཁྱིམ་བདག་གི། །བུ་ཚེ་བདེ་གཤེགས་ཀུན་དུ་གཟིགས་དེ་ལ། །སླེ་ཏྲེས་ལོ་མ་དག་གིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་
ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩི་གསལ་བ་མཆོངས་མཁན་ཚེ། །དེ་བཞིན་གཤེགས་པ་ཚངས་པས་མཆོད་དེ་ལ། །གསེར་སྣམ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསམ་གཏན་སྙོམས་པ་ཤིང་སྲུངས་ཚེ། །དེ་བཞིན་
གཤེགས་པ་ཐུབ་པའི་མེ་ཏོག་ལ། །མེ་ཏོག་དག་གིས་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཁྲུག་མེད་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ནམ་མཁའི་བློ་དེ་ལ། །ནོར་བུ་རིན་ཆེན་གླེགས་མ་ཕུལ་ནས་ཀྱང་། །དང་པོར་བྱང་

ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲི་མ་རབ་ཞི་ཕྱུག་པོ་ཡི། །བུ་ཚེ་དེ་བཞིན་གཤེགས་པ་རླབས་འཇོམས་ལ། །གདུ་བུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕྱོགས་མ་བསླད་པ་ཁྱིམ་བདག་གི། །བུ་ཚེ་
བདེ་གཤེགས་ཤེས་རབ་རྫོགས་པ་ལ། །མར་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛེས་པ་བུ་རམ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ཚེར་མ་དཀྲུགས་པ་ལ། །བུ་རམ་ཤིང་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་
ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཞལ་བཟངས་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་དགྲ་འདུལ་དེ་ལ་ནི། །མུ་ཏིག་དམར་པོ་དག་གིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤུགས་གནས་ཡེ་ཤེས་རྫ་མཁན་ཚེ། །དེ་བཞིན་
གཤེགས་པ་དགྲ་བཅོམ་དགྱེས་པ་ལ། །བུམ་པ་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གསུང་དབང་བཅའ་བ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཚུལ་ཁྲིམས་མཆོག་གནས་ལ། །བཅའ་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ཆེན་པོ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ཕྱོགས་མཉམ་དགོངས་པ་ལ། །སྐྱུ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་ཟབ་མོ་ཁྱིམ་བདག་ཚེ། །དེ་
བཞིན་གཤེགས་པ་དགོངས་པ་བསྙེངས་མེད་ལ། །མུ་ཏིག་འབྲུམ་བུ་གསུམ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩི་གཞན་གྱི་ཁོལ་པོའི་ཚེ། །དེ་བཞིན་གཤེགས་པ་བརྩོན་འགྲུས་གསལ་བ་དེའི། །འཆག་སར་ལྗོན་ཤིང་རིག་བྱེད་བསྐྲུན་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་སྟོབས་ཚལ་གྱི་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་གསལ་བ་རྒྱ་ཆེན་ལ། །འོད་མའི་ཚལ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོད་ལྡན་རྒན་པོའི་

ཚེ། །དེ་བཞིན་གཤེགས་པ་གསན་པའི་བློ་ལྡན་ལ། །རྩྭ་ཡི་རོ་བཅུད་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་འོད་ནི་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་སྒྲིབ་མེད་དགོངས་པ་དེའི། །ལམ་དག་ཉེ་བར་མཚོན་པ་བྱས་ནས་
ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁམས་གསུམ་མཆོད་གནས་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་བསྙེངས་མེད་འོད་ཟེར་ལ། །གསེར་སྲང་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་
སྒྲ་གཅན་ཉི་མའི་སྙིང་པོ་ཕྱེ་འཚོང་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་ཅན་དེ་ལ་ནི། །ཀཱར་ཥཱ་པ་ནི་རི་བའི་ཕྱེ་དག་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷས་མཆོད་རྩལ་ཆེན་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ལེགས་
པར་གསུངས་པ་དེ་ཡི་ནི། །འཁོར་གྱི་ཁྱམས་དག་གསེར་གྱི་སྣམ་བུ་བཏིང་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐར་པའི་རྒྱལ་མཚན་རས་བལ་མཁན། །བྱེད་ཚེ་བདེ་གཤེགས་མཁས་པ་མཆོག་དེ་ལ། །རས་བལ་དག་ནི་གཏོར་བ་བྱས་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩིའི་འོད་ནི་གཙང་སྦྲ་ཅན་གྱི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་དེ་ལ་ནི། །སུ་དར་ཤ་ནའི་མེ་ཏོག་གཏོར་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྡོ་རྗེ་མི་བཀྲེན་
ཚེ། །དེ་བཞིན་གཤེགས་པ་དབང་པོ་སྦས་པ་ལ། །རྒྱ་སྲན་དག་གི་ཕྱེ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བརྟན་པ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་ཐར་པའི་བསམ་གཏན་ལ། །སབ་ཏ་པ་རྣའི་མེ་ཏོག་གཏོར་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣང་ལྡན་ཆེན་པོ་ལམ་དུ་ཞུགས་པ་ན། །བདེ་གཤེགས་རིན་ཆེན་ཕུང་པོ་འགྲོན་པོ་བྱེད་པ་ཡིས། །ནམ་གྱི་གུང་ཐུན་དག་ལ་མེལ་ཚེ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛེས་

གཤེགས་རྩིས་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཙན་དན་སྤོས་དེ་ལ། །ཙམ་པ་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མ་ལྟར་གཤེགས་མར་འཚོང་ཚེ། །དེ་བཞིན་གཤེགས་པ་གཟིགས་
པ་གསལ་དེ་ལ། །མར་ཁུའི་བཏུང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དག་པའི་འོད་ནི་དགེ་སློང་ཚེ། །བདེ་གཤེགས་མངོན་འཕགས་སྟེགས་དེའི་འཆག་ས་དག །ཆག་ཆག་ཕྱག་དར་བྱས་ཏེ་སྟན་བཏིང་ནས། །དང་པོར་
བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་ཤུགས་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་བལྟ་ན་སྡུག་དེ་ལ། །སྣང་སྒྲོན་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་གཙུག་ནི་ཚོང་པའི་ཚེ། །དེ་བཞིན་
གཤེགས་པ་དཔག་མེད་བློ་དེ་ལ། །ཙན་དན་དང་ནི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དཔལ་རྫོགས་བཙོ་བླག་མཁན་གྱི་ཚེ། །བདེ་གཤེགས་ཉི་མ་སྟོང་ལྡན་གཟི་བརྗིད་ལ། །སོས་ཀ་ཚ་བའི་དུས་སུ་སྐྱེམ་ཕུལ་ནས། །དང་
པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་སྟབས་རྒྱལ་པོའི་བུ་མོའི་ཚེ། །དེ་བཞིན་གཤེགས་པ་ཁུར་བོར་དེ་ལ་ནི། །ཆོས་ཀྱི་གདན་དག་གདིང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྱེན་དུ་འཕགས་པ་ཤིང་སྲུངས་ཚེ། །
དེ་བཞིན་གཤེགས་པ་གསལ་བར་གྲགས་དེ་ལ། །ཡུངས་ཀར་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་བྱིན་པ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ཕྱོགས་སུ་རྣམ་གྲགས་ལ། །ཨེ་རཎྜ་ཡི་འབྲས་བུ་ཕུལ་ནས་
ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་འགྱེད་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་དབང་སྒྱུར་རྒྱལ་པོ་ལ། །མུ་ཏིག་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་པད་མ་ཞིང་

པའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་བློ་དེ་ལ། །ལྷུང་བཟེད་ལོ་ཐོག་སར་པས་བཀང་སྟེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་དགྱེས་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་འོད་ཟེར་ཡངས་པ་ལ། །བུ་རམ་
གོང་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀོད་པ་མཛེས་པ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་བཀོད་པ་གསལ་དེ་ལ། །སོའུ་གན་དྷི་དག་སྙིམ་པ་བཀང་སྟེ་གཏོར། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་
དོ། །བདེ་གཤེགས་གཏི་མུག་མེད་གནས་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་སྤྱན་མཆོག་དེ་ལ་ནི། །མིག་མི་འཛུམས་པས་བལྟ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྨ་མེད་ལྷམ་མཁན་ཚེ། །དེ་བཞིན་
གཤེགས་པ་ཐར་པའི་བརྟུལ་ཞུགས་ལ། །མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཏོག་གི་རྒྱལ་མཚན་གྲོང་རྡལ་གྱི། །ཁྱེའུ་ཚེ་བདེ་གཤེགས་ཡིད་འོང་གཟིགས་དེ་ལ། །མེ་ཏོག་བར་ཤིའི་ཕྲེང་བ་
ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདེ་བར་དགོངས་པ་ཤིང་ཐུན་ཚེ། །དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །ཨུད་པལ་དམར་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་
གཤེགས་གཏི་མུག་མེད་རྒྱལ་འཁོར་སྒྱུར་ཚེ། །དེ་བཞིན་གཤེགས་པ་དབྱངས་ཆེན་དེ་ལ་ནི། །ན་བཟའ་རིན་པོ་ཆེ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོ་ག་མཁྱེན་པ་བློན་ཆེའི་ཚེ། །འོབས་སུ་སྟེགས་དག་
གཟུགས་པ་བྱས་ནས་ཀྱང་། །བདེ་གཤེགས་འོད་ཕུང་གཟི་བརྗིད་ཆེན་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དག་པའི་རྒྱ་མཚོ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཏོག་གི་འོད་དེ་ལ། །ཁྲུས་ཁང་དག་ནི་བྱས་ཏེ་ཕུལ་ནས་ཀྱང་། །དང་

པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་མངའ་བ་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་མཆོད་གནས་ལ། །མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་
གཤེགས་མི་དམའ་བ་ནི་ཤིང་སྲུངས་ཚེ། །བདེ་གཤེགས་ཡོན་ཏན་གཟི་བརྗིད་ཕུང་པོ་ལ། །རྒུན་ཆབ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་བོ་དགའ་མཛད་དགེ་སློང་ཚེ། །དེ་བཞིན་གཤེགས་པ་མཚན་
གསལ་དེ་ལ་ནི། །སྤོས་ནི་སྲང་གི་བཞི་ཆ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྨ་བྱའི་ང་རོ་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་འོད་འཕྲོ་ཆེན་པོ་ལ། །སྐྱེད་མོས་ཚལ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་
ནི་སེམས་བསྐྱེད་དོ། །བདེ་གཤེགས་མ་ཞུམ་པ་ནི་རྔོན་པའི་ཚེ། །དེ་བཞིན་གཤེགས་པ་དགྲ་བཅོམ་གསལ་དེ་ལ། །སྐྱོ་མ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྲིད་སྲེད་དྲི་སྤངས་ཤིང་སྲུངས་ཚེ། །དེ་བཞིན་
གཤེགས་པ་དགོངས་པ་ལེགས་གནས་ལ། །ཤིང་ཤ་པ་ཡི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱོད་པའི་སྟེགས་ནི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་སྟེགས་ནི་བཟང་པོ་ལ། །སྲན་ཆུང་དང་ནི་འབྲས་ཆན་གཟེགས་མ་
ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་མང་སྙན་བསྒྲགས་རིམ་གྲོ་པ། །བྱེད་ཚེ་བདེ་གཤེགས་ཡེ་ཤེས་འབྱུང་གནས་ལ། །རྡོ་ཡི་གདན་ཁྲི་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་
ཆེན་སྟོབས་ནི་ཞིང་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་དུ་རིན་ཆེན་ལ། །གྲོ་ཡིས་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པད་བསྣམས་བཙོ་བླག་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཉི་མའི་ཕུང་པོ་དེའི། །

ན་བཟའ་དག་ནི་བཀྲུ་བཤལ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དཔལ་ནི་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་སྟོན་པའི་སྟེགས་དེ་ལ། །བཞུགས་གདན་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་
དོ། །བདེ་གཤེགས་དགྲ་རྒྱལ་བྲམ་ཟེའི་ཆུང་མའི་ཚེ། །བདེ་གཤེགས་ཁྲོ་འཇོམས་བྱང་ཆུབ་སྙིང་པོར་ནི། །གཤེགས་ཚེ་སྦྲང་རྩིར་བསྲེས་པའི་འོ་མ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འབྱོར་ལྡན་གྲགས་པ་སློང་བའི་ཚེ། །དེ་བཞིན་
གཤེགས་པ་སེང་གེའི་སྐུ་དེ་ལ། །ཨུ་དུམ་བཱ་རའི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་བཟང་པོ་ཕྲེང་རྒྱུད་བུ་མོའི་ཚེ། །དེ་བཞིན་གཤེགས་པ་བཤེས་གཉེན་གྲགས་པའི་འོད་དེ་ལ། །ཤིང་འཛམ་བུ་ཡི་འབྲས་བུ་དབུལ་
བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་འོད་ནི་ཕྱུགས་རྫིའི་ཚེ། །དེ་བཞིན་གཤེགས་པ་ང་རོ་རྣམ་དག་ལ། །ལྷུང་བཟེད་དར་བས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་ང་རོ་
བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་བཟང་པོ་བཞེད་དེ་ལ། །བསྟོད་པ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་ལྟར་ཤར་བ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་རབ་ཞི་བདག་པོ་ལ། །དངུལ་ལས་བྱས་པའི་ལྷུང་བཟེད་ཕུལ་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇོམས་པའི་མཆོག་ནི་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་དུལ་བའི་གཟི་བརྗིད་ཀྱི། །གཙུག་ལག་ཁང་ནི་ཙན་དན་དམར་པོས་བྱུགས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མི་
གཡོ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ལེགས་མཆོད་ལ། །མེ་ཏོག་བླ་རེ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕན་ལྡན་གཤེགས་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་འོད་དེ་ལ། །དངུལ་ལས་བྱས་པའི་

མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་སྒྲོན་མ་རྒྱལ་པོའི་འཁོར་སྒྱུར་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་དག་གི་མཆོད་རྟེན་དེའི། །གདུགས་ཚོད་ལོ་གྲངས་བདུན་སྟོང་བར་དུ་སྦྱར་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་
སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་དབྱངས་སྐུལ་བ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་སྤྱོད་པ་དག་པ་དེའི། །གཙུག་ལག་ཁང་ནི་ཙན་དན་དམར་པོས་བྱས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཽ་ཏམ་ནི་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་སྟེགས་བཟང་གཟི་བརྗིད་
ལ། །གདུགས་ཚོད་དག་ནི་སྦྱར་ཏེ་གསོལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མདངས་སྟོབས་བྲམ་ཟེའི་ཁྱེའུ་ཡ་ཚེ། །དེ་བཞིན་གཤེགས་པ་སྤྱན་མཆོག་དེ་ཡི་ནི། །ལམ་སྲང་དག་ནི་ཕྱག་དར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་
གཤེགས་བློ་གནས་རང་བཞིན་ཤིང་རྟ་མཁན། །བྱེད་ཚེ་བདེ་གཤེགས་མཐུ་རྩལ་ཆེན་པོ་ལ། །ཤིང་རྟ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་བཟང་པོ་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་གཟུགས་དེ་ལ། །མར་མེ་ཁ་ཅིག་གཅིག་ནི་
ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བྱང་ཆུབ་ཡན་ལག་མེ་ཏོག་ནི། །ཤིང་ཏོག་འཚོང་ཚེ་བདེ་གཤེགས་ཤེས་རབ་མངའ་བ་ལ། །ཨ་མྲའི་འབྲས་བུ་གསུམ་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀྲ་
ཤིས་སྤོས་འཚོང་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་སྟེགས་དེ་ལ། །ཙམ་པ་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་པར་སྟོན་པ་འཁོར་ལོས་སྒྱུར་བ་ཡི། །བློན་པོའི་ཚེ་ན་བདེ་གཤེགས་ལྷུན་པོའི་འོད་དེ་ཡི། །འཆག་ས་དག་ནི་བཻ་དཱུརྱ་
ལས་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་གཟི་བརྗིད་སྟོབས། །ཤིང་སྲུངས་ཚེ་ན་བདེ་གཤེགས་ཞི་བ་ཡི། །བློ་གྲོས་དེ་ལ་སེའུ་འབྲུ་གཅིག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགེ་བའི་སྒྲོན་མ་ཚོང་པའི་

ཚེ། །དེ་བཞིན་གཤེགས་པ་མཐུ་རྩལ་ཆེ་དེ་ལ། །བ་སོའི་གཟིམས་ཁྲི་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་རྩལ་བརྟན་པོ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་དམ་བཅས་བརྟན་པ་ལ། །ཨ་མྲའི་ཁུ་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་
ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷ་སྒྲ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་དེ་ལ་ནི། །པ་ལ་ཤི་ཀ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རབ་ཞི་གོས་འཚོང་ཚེ། །དེ་བཞིན་གཤེགས་པ་ཕན་པར་དགྱེས་དེ་ལ། །ན་
བཟའ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མའི་ཞལ་ནི་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །རྫིང་བུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐར་པའི་བརྟུལ་
ཞུགས་མི་བཀྲེན་ཚེ། །དེ་བཞིན་གཤེགས་པ་སྤོང་བའི་ཤུགས་དེ་ལ། །པྲི་ཡང་ཀུ་ཡི་བསོད་སྙོམས་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚུལ་ཁྲིམས་འོད་ནི་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་གཏོང་དེ་ལ། །ཚོད་མའི་ཁུ་བ་དག་ནི་ཕུལ་ནས་
ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟུལ་ཞུགས་གནས་པ་ཁྱིམ་བདག་གི། །བུ་མོའི་ཚེ་ན་བདེ་གཤེགས་ཡེ་ཤེས་ཤུགས། །དེ་ལ་ཨུད་པལ་ལྡ་ལྡི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྡུལ་མེད་ཕྲེང་རྒྱུད་བུ་མོའི་ཚེ། །དེ་
བཞིན་གཤེགས་པ་ཟམ་པ་དེ་ལ་ནི། །པད་མ་འདབ་བརྒྱ་པ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྙིང་པོ་འཕགས་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཐར་པ་བཟང་པོ་ལ། །རས་ཡུག་གཅིག་གིས་དགབ་པ་བྱས་ནས་ཀྱང་། །དང་པོར་བྱང་
ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མིག་སྨན་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་ཚོགས་ནི་རྣམ་གནོན་ལ། །ཨ་མྲའི་འབྲས་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འཕེལ་མཛད་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་

པ་གཟི་བརྗིད་སྣང་བ་ལ། །གསེར་གདུགས་ཡུ་བ་བཻ་དཱུརྱས་བྱས་པ། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་འོད་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བྱམས་པའི་སྟོབས་དེ་ལ། །བྱུག་པ་དག་ནི་དབུལ་བ་བྱས་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དུས་མཁྱེན་འོད་ནི་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་དཔལ་དེ་ལ། །ཁམ་པ་དག་ལས་བྱས་པའི་ལྷུང་བཟེད་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲན་པའི་དབང་པོ་ཚོང་དཔོན་
ཚེ། །དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ཡི། །ལམ་དུ་ཟམ་པ་དག་ནི་བཙུགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཞལ་བཟངས་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སྤྱན་ནི་སྡུག་དེ་ལ། །མེ་ཏོག་ཀུ་མུ་ད་ནི་ཕུལ་ནས་ཀྱང་། །དང་པོར་བྱང་
ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐོགས་མེད་རྒྱལ་མཚན་འདྲེག་མཁན་ཚེ། །དེ་བཞིན་གཤེགས་པ་ཟླ་ལྡན་དབྱངས་དེ་ཡི། །ཕྱག་གི་སེན་མོ་དག་ནི་བཅད་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་མཆོག་བགྲོད་ལམ་སྟོན་ཚེ། །དེ་བཞིན་
གཤེགས་པ་བདུད་རྩིའི་གཟུགས་དེ་ཡི། །སྤྱན་སྔར་ལམ་དག་མཚོན་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱོད་གསལ་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་ལ། །མུ་ཏིག་དོ་ཤལ་དག་ནི་གཏོར་ནས་ཀྱང་། །དང་པོར་
བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་དགྱེས་པ་ཕྱག་དར་པ། །བྱེད་ཚེ་བདེ་གཤེགས་ཟླ་བ་ཆེན་པོ་ལ། །མཆོད་ཕྱིར་གླིང་བུ་དག་ནི་བུས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་དབང་ཕྱུག་དགེ་སློང་ཚེ། །ཆོས་རྣམས་ཡང་དག་
གཟུང་ཕྱིར་སེམས་བཏུད་ནས། །དེ་བཞིན་གཤེགས་པ་ཐོགས་མེད་དབྱངས་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཐམས་ཅད་པ་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མེ་ཏོག་ལ། །གསེར་གྱིས་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །དང་པོར་

བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཤེས་གཉེན་ཆེན་པོ་ཤིང་རྟ་མཁན། །བྱེད་ཚེ་བདེ་གཤེགས་སྙོམས་པར་གཟིགས་དེ་ལ། །ཁང་བཟངས་དག་ནི་བྱས་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཤེས་གཉེན་བཟང་པོ་ཚོང་
པའི་ཚེ། །དེ་བཞིན་གཤེགས་པ་ཟླ་བ་ཆེན་པོ་ལ། །སྣོད་དག་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་ཏུ་ཞི་སྟབས་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་བཞེད་དེ་ལ། །རྩ་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩིའི་བདག་པོ་ཤིང་ཏོག་ཁྱེར་བའི་ཚེ། །དེ་བཞིན་གཤེགས་པ་ཕུང་པོ་བཅུ་པ་དེ་ལ་ནི། །ལྷུང་བཟེད་ཨ་མྲ་དག་གིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷུན་པོའི་
འོད་ནི་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་འོད་དེ་ཡི། །གྲོང་ཁྱེར་དག་ནི་བླ་རེས་གཡོགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཕགས་པས་བསྟོད་པ་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་ཀླུ་ཡིས་བྱིན་པ་དེའི། །ལམ་སྲང་
དག་ནི་མཚོན་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྣང་ལྡན་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་སྤྲིན་གྱི་དབྱངས་དེ་ལ། །གསེར་ལས་བྱས་པའི་པད་མ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་
གཟི་བརྗིད་འབར་བ་རྩྭ་ཐུན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་མཐུ་རྩལ་ལ། །རྩྭ་སྟན་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣང་གཟིགས་རྩིས་པའི་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་སེམས་དེ་ལ། །རིན་ཆེན་དྲ་
བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་སྤྱད་རྣམ་སྨིན་བཅའ་བ་མཁན། །བྱེད་ཚེ་བདེ་གཤེགས་སྤྲིན་གྱི་དབྱངས་དེ་ལ། །ལྷུང་བཟེད་བཅའ་བས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་

ལེགས་པར་དགྱེས་པ་དཔའ་བོའི་ཚེ། །དེ་བཞིན་གཤེགས་པ་གསལ་བའི་དབྱངས་དེ་ལ། །རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་བྲལ་བ་རྩིས་པའི་ཚེ། །དེ་བཞིན་གཤེགས་པ་ངན་སོང་
སྤོང་བ་ལ། །མེ་ཏོག་རྣ་རྒྱན་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་འོད་ནི་དགེ་སློང་བསྙེན་བཀུར་བ། །བྱེད་ཚེ་དེ་བཞིན་གཤེགས་པ་ལྷ་ཡི་མེ་ཏོག་ལ། །མར་མེ་དག་ནི་རབ་ཏུ་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་
ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤྱོད་ལྡན་ཁྱིམ་བདག་ཚེ། །བསླབ་པའི་གཞི་ལྔ་དག་ནི་བཟུང་ནས་ཀྱང་། །དེ་བཞིན་གཤེགས་པ་སྤྱན་མཛེས་ལྡན་པ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་སྟོབས་ནི་ཁྱིམ་བདག་ཚེ། །དེ་བཞིན་
གཤེགས་པ་སྒྲོན་མ་ཆེན་པོ་ལ། །མལ་སྟན་ཤིང་བལ་ཅན་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་རྒྱ་མཚོ་ཤིང་རྟ་མཁན། །བྱེད་ཚེ་བདེ་གཤེགས་བརྟུལ་ཞུགས་ཆེན་པོ་དེའི། །གནས་ཁང་དག་ནི་བྱུག་པས་བྱུགས་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྨད་བྱུང་སྣང་མ་པ་ཡི་ཚེ། །དེ་བཞིན་གཤེགས་པ་གཟིགས་པ་བརྟན་དེ་ལ། །སྣང་མ་དག་ནི་བལྟམ་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ང་སྤོང་རྒྱལ་པོའི་བཙུན་མོའི་ཚེ། །དེ་
བཞིན་གཤེགས་པ་མྱོས་པ་སྤོང་དེ་ལ། །མེ་ཏོག་ལྡ་ལྡི་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་བརླག་མཛད་པ་དམག་མིའི་ཚེ། །དེ་བཞིན་གཤེགས་པ་མཚན་གྱི་མེ་ཏོག་ལ། །མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་
པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བག་ཆགས་རྒལ་སྟབས་ཚོང་པའི་ཚེ། །བདེ་གཤེགས་བསམ་གྱིས་མི་ཁྱབ་འོད་དེ་ལ། །ཕྲེང་བ་དག་ལས་བྱས་པའི་བླ་རེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཕྱེད་བློ་མངའ་ཤན་པའི་ཚེ། །དེ་

བཞིན་གཤེགས་པ་ཀུན་དུ་འོད་དེ་ལ། །ཤིར་ཤའི་ཕྲེང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྒྱ་མཚོ་དྲང་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ཡི། །སྤྱན་སྔར་གླུ་དབྱངས་དག་ནི་བླངས་ནས་ཀྱང་། །དང་པོར་བྱང་ཆུབ་
ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དག་མཛད་གྲོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཡིད་འོང་ཟླ་བ་ལ། །གསེར་གྱི་མེ་ཏོག་དག་གིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་གྲོང་རྒྱལ་ཚོང་པའི་ཚེ། །དེ་བཞིན་གཤེགས་
པ་མཛེས་པའི་དབྱངས་དེ་ལ། །ཁ་གཟར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགའ་འོད་པད་མ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་དེ་ལ། །ཀ་རན་ཏ་ཀ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་
བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་རྒྱལ་མཚན་མདུན་འདོན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །ཆོས་ལ་དགབ་པའི་ན་བཟའ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་རིན་ཆེན་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་
པ་མེ་ཏོག་སྙིང་པོ་ལ། །མེ་ཏོག་དག་ལས་བྱས་པའི་རྒྱལ་མཚན་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་བསིལ་བ་ཁྱིམ་བདག་གི། །བུ་ཚེ་དེ་བཞིན་གཤེགས་པ་ཡིད་གཏོད་ལ། །ནོར་བུ་རིན་ཆེན་མཆིལ་ལྷམ་ཕུལ་ནས་ཀྱང་། །དང་པོར་བྱང་
ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་རྒྱལ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་མཆོད་སྦྱིན་བྱིན་པ་ལ། །གསེར་ལས་བྱས་པའི་གོས་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་དགྱེས་པ་ཤིང་རྟ་མཁན། །
བྱེད་ཚེ་བདེ་གཤེགས་ཡིད་བཞིན་འབྱོར་པ་ལ། །བཞུགས་ཁྲིའུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྫུ་འཕྲུལ་ཏོག་ནི་གར་མཁན་ཚེ། །དེ་བཞིན་གཤེགས་པ་ཐར་པ་དགྱེས་དེ་ཡི། །སྤྱན་སྔར་བྲོ་གར་དག་ནི་བྱས་ནས་ཀྱང་། །དང་པོར་

བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་མཚུངས་པ་ཚོང་དཔོན་གྱི། །བུ་ཚེ་དད་པས་བདེ་གཤེགས་སྟབས་འཇོག་ལ། །གསེར་སྐུད་དག་གིས་གཏོར་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ས་ཡི་དབང་ཕྱུག་
རྔོན་པའི་ཚེ། །དེ་བཞིན་གཤེགས་པ་དགྲ་དག་འདུལ་བ་ལ། །རྩྭ་ལས་བྱས་པའི་མཆིལ་ལྷམ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མ་དགྱེས་པ་ཕྱེ་མ་མཁན། །བྱེད་ཚེ་བདེ་གཤེགས་ཡུལ་མེད་སྤོང་བ་ལ། །ཨུད་པལ་ཞལ་སྤོས་
དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ཟླ་བ་གཞན་བྲན་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་དེ་ལ། །རྩྭ་ཡི་ཁང་བཟངས་བྱས་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་
མེ་ཏོག་འོད་ནི་དགེ་སློང་ཚེ། །དེ་བཞིན་གཤེགས་པ་ངར་མི་སེམས་པ་ལ། །མཆིལ་སྣོད་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྨན་པའི་བདག་པོ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ཡང་དག་སྒྲ་སྒྲོགས་ལ། །
བཻ་དཱུརྱ་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མདངས་མངའ་བཟང་ཀན་ཚེ། །དེ་བཞིན་གཤེགས་པ་དཔག་མེད་སྤྱན་དེ་ལ། །ན་བཟའ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །
བདེ་གཤེགས་བསོད་ནམས་དགྱེས་པ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་དཔའ་བོ་ལ། །མེ་ཏོག་ཟད་མི་ཤེས་པས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགའ་སྟོབས་རྔ་མཁན་ཚེ། །དེ་བཞིན་གཤེགས་པ་
འོད་འབར་དེ་ལ་ནི། །རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་སྙན་ཕྱུག་པོའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ཚོགས་དེ་ལ། །གླིང་བུ་དག་ནི་བུད་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་

དོ། །བདེ་གཤེགས་ཆོས་ཀྱི་དབང་ཕྱུག་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་དབྱངས་དེ་ལ། །ཀུ་ཤ་དག་ལས་བྱས་པའི་ན་བཟའ་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་དབྱངས་ཞིང་པའི་
ཚེ། །བསོད་ནམས་འདོད་ཕྱིར་ཁྲོན་དྲུང་ཆུ་ཏོམ་བཞག །དེ་བཞིན་གཤེགས་པ་དགོངས་པ་ཆེན་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤྱོད་བཟང་བ་ལང་རྫི་ཡི་ཚེ། །དེ་བཞིན་གཤེགས་པ་གསལ་བའི་ལྷ་དེ་ལ། །སྣོད་དག་ཞོ་ཡིས་བཀང་སྟེ་ཕུལ་
ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཁྲུལ་མེད་བློ་ནི་གླིང་བུ་མཁན། །བྱེད་ཚེ་བདེ་གཤེགས་སེམས་སྤྱོད་བདུད་རྩི་ལ། །ཡིད་དུ་འོང་བའི་སྒྲ་དག་བསྒྲགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབྱངས་ཆེན་
ཁྱིམ་བདག་ཚེ། །གཙུག་ལག་ཁང་ནི་སྟོང་སྙེད་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་བློ་གྲོས་གསལ་བ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྙན་གྲགས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྒྲོན་མ་མཆོག་དེ་ལ། །ཕྲེང་བ་བརྒྱུས་པ་དག་
ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཏོག་ལྡན་ཤིང་ཐུན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་བརྟན་པ་ལ། །ཨུད་པལ་གསུམ་ཞིག་གཏོར་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་རྣམ་
གྲགས་ཚོང་དཔོན་གྱི། །བུ་ཚེ་བདེ་གཤེགས་མཐུ་རྩལ་སྟོབས་དེ་ལ། །མེ་ཏོག་དག་གི་ཕུར་མ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འགྲོ་བའི་དབང་ཕྱུག་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་པད་འདབ་སྤྱན་དེ་ལ། །ནོར་བུའི་སྒྲོན་མ་
དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྗོན་པ་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་འོད་དེ་ལ། །མ་ཥའི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཏི་མུག་

རབ་ཟད་བྱ་བའི་ཚེ། །དེ་བཞིན་གཤེགས་པ་སྒྲ་དབྱངས་མཆོག་དེ་ལ། །ཤ་སྲང་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དཔག་མེད་ལྷ་རིས་པ་ཡི་ཚེ། །དེ་བཞིན་གཤེགས་པ་མངོན་ཤེས་དྲུག་སྒྲ་
ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་བཟང་པོ་དགེ་སློང་ཚེ། །དེ་བཞིན་གཤེགས་པ་མདངས་སྟོབས་དེ་ལ་ནི། །གདིང་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་
དོ། །དེ་བཞིན་གཤེགས་པ་སྤོབས་པ་མཐའ་ཡས་ཏོག །ཚོང་དཔོན་བུ་ཚེ་བདེ་གཤེགས་མི་ཡི་གྲངས། །མར་མེའི་ཕྲེང་བ་དངར་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟུལ་ཞུགས་བསྟར་བ་ཚོང་པའི་ཚེ། །བདེ་གཤེགས་
རྒྱལ་བའི་མེ་ཏོག་ཚོགས་དེ་ཡི། །སྐུ་ལ་ཙན་དན་དམར་པོས་བྱུགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོད་གནས་ལྷ་ཡི་རིམ་གྲོ་པ། །བྱེད་ཚེ་དེ་བཞིན་གཤེགས་པ་གཙུག་ཆེན་ལ། །མེ་ཏོག་རྙིས་པ་དག་ནི་ཕུལ་ནས་ཀྱང་། །དང་
པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་རྒལ་བ་སྨྱིག་མ་མཁན། །བྱེད་ཚེ་བདེ་གཤེགས་ལྷ་ཡི་བདག་པོ་ལ། །ཏ་ལ་མུ་ཏིག་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགེ་དགྱེས་འབྲུ་མར་མཁན་གྱི་ཚེ། །བདེ་
གཤེགས་བག་མི་ཚ་བར་གནས་པ་ལ། །འབྲུ་མར་སྲང་གཅིག་ཅིག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འགྲོ་བའི་བླ་གྲོས་འབྲུ་མར་མཁན། །བྱེད་ཚེ་བདེ་གཤེགས་དགྲ་བཅོམ་བྱང་ཆུབ་ལ། །ཡུངས་མར་སྲང་བརྒྱད་སྙེད་ནི་ཕུལ་ནས་
ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྱེས་གཤེགས་རྒྱལ་བུའི་ཚེ། །བདེ་གཤེགས་མྱ་ངན་མུན་པ་སེལ་བ་ལ། །རྨ་བྱ་དག་ལས་བྱས་པའི་བསིལ་ཡབ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཞབས་མཛེས་དེད་

དཔོན་ཚེ། །དེ་བཞིན་གཤེགས་པ་ཆུ་བོ་རྣམ་དག་ལ། །མུ་ཏིག་དག་གིས་གཏོར་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཨུད་པལ་བརྒྱ་བྱིན་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །སྐུ་ཚེའི་འདུ་བྱེད་གཟུང་བར་གསོལ་བཏབ་
ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དུལ་གནས་མེ་ཏོག་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་དཔའ་བའི་སེམས་དེ་ལ། །གསེར་དག་གིས་ནི་གཏོར་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོབས་པ་
མཐའ་ཡས་འོད་ཟེར་པད་མ་མཁན། །བྱེད་ཚེ་དེ་བཞིན་གཤེགས་པ་ཐར་པའི་ཤེས་རབ་ལ། །ཤིང་ལས་བྱས་པའི་ལྷུང་བཟེད་དག་ནི་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲང་སྲོང་གསལ་བ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་དཔའ་བོའི་
སེམས་དེ་ལ། །མེ་ཏོག་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་བརྩོན་འགྲུས་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་ཙམ་པའི་སྒྲོན་མ་ལ། །འཇམས་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་
བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྙིང་པོ་མར་འཚོང་ཚེ། །དེ་བཞིན་གཤེགས་པ་མཆོད་གནས་དཔལ་དེ་ལ། །ཞུན་མར་སྲང་བརྒྱད་སྙེད་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་བདག་ཀ་རན་ཛ་བྱེད་ཚེ། །དེ་བཞིན་
གཤེགས་པ་བློ་གྲོས་ལེགས་སེམས་ལ། །བཀྴ་ཀ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་མཐོན་པོ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དཔལ་དེ་ལ། །སྤོས་དང་ཕྲེང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་
བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གསལ་བ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་སྐྱེ་བོ་དད་པ་ལ། །སྦྲང་རྩི་བལྡག་པར་བྱ་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་ཅན། །ལྷམ་མཁན་ཚེ་ན་བདེ་

གཤེགས་བློ་མཆོག་ལ། །མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་བློ་གྲོས་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་རབ་དགྱེས་གསལ་བ་ལ། །མེ་ཏོག་དག་གི་ཆུན་པོ་ཕུལ་ནས་ཀྱང་། །དང་པོར་
བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྦྱིན་སྲེག་འོད་འཕྲོ་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་བདག་ཉིད་སྣང་བ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་པོ་ནི། །
ཚོང་པ་བྱེད་ཚེ་བདེ་གཤེགས་མི་ཡི་པད་མ་ལ། །རས་ཡུག་ཟུང་དུ་སྦྱར་ཏེ་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་སྟབས་ནི་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་སྤོས་དྲི་ཞིམ་པ་ལ། །སེའུ་འབྲུའི་བཅུད་ཁུ་དག་ནི་ཕུལ་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མི་གཡོ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་མཆོད་པ་མཆོག་དེ་ལ། །ཨ་ཏི་མུག་ཏའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རབ་གསལ་སྨན་པའི་ཚེ། །དེ་
བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ལ། །མར་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་སྤྱོད་ཁྱིམ་བདག་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་འཕགས་པའི་དཔལ་དེ་ལ། །ཕྲེང་བ་བརྒྱུས་པ་དག་ནི་ཕུལ་ནས་ཀྱང་། །
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གླུ་དབྱངས་ཤིང་རྟ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ནམ་མཁའ་མཚུངས་དེ་ལ། །གཟིམས་ཁྲི་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གླུ་དབྱངས་
སྨན་པའི་ཚེ། །དེ་བཞིན་གཤེགས་པ་པད་མའི་འོད་ཟེར་ལ། །མེ་ཏོག་སིལ་མ་དག་ནི་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཁོར་ལོ་འཛིན་པ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་གསལ་བའི་ལྷ་དེ་ལ། །མེ་ཏོག་སིལ་མ་དག་

གིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དབྱིག་མཆོག་རལ་པ་ཅན་གྱི་ཚེ། །བདེ་གཤེགས་བསམ་གྱིས་མི་ཁྱབ་སྟེགས་དེ་ལ། །རྩྭ་ཡི་མལ་སྟན་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་
འཇིག་རྟེན་དགའ་བ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ