Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 024_འབུམ།_ད

Văn bản gốc(Tây Tạng)

Trang 20 / 23 (50.000 ký tự/trang)
་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་
སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་
མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་
ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་
བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་
མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་
ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་
པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་།
མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་

པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས།
བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི།
སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་
མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་
མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་
ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་
བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་
མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་
ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དོར་བ་མྱེད་པ་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་།
དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་

ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རང་གི་
མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་
མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་
མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་
འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ངོ་བོ་ཉིད་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་

པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་
ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཡང་དག་པར་སྤོང་
བ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་
པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་
པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དབང་པོ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་
ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། སྟོབས་རྣམས་ཡོངས་སུ་རྫོགས་པར་
འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་
པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་
མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་
འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་
བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་
པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་

ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རྣམ་པར་ཐར་པ་
རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་
པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་
རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་
དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་

དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་འགྱུར་
བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་
བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་
བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་།
དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་
ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་
འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། བགྱིད་པ་མ་མཆིས་པ་དང་། དམྱིགས་སུ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས།
སྦྱིན་པ་གཏོང་བ་ཡིན་ཏེ། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། གནས་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་།
བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། མྱིའི་ཆ་སྟ་དང་། ཡོ་བྱད་གང་ཡང་རུང་བའི་བར་དག་དང་། ཆུང་མ་དང་། བུ་དང་། བུ་མོ་འམ། ཕྱི་དང་། ནང་ངམ། ཡན་ལག་དང་། ཉིང་ལག་དང་། རྒྱལ་སྲིད་ཀྱང་རུང་། རྒྱན་གྱིས་བརྒྱན་ཅིང་། སློང་
བ་རྣམས་ལ་ཡོངས་སུ་གཏོང་སྟེ། གལ་ཏེ་དེའི་དྲུང་དུ་ལ་ལ་ཞིག་འོངས་ཤིང་། འདི་སྐད་དུ། ཁྱོད་ཀྱི་སྦྱིན་པ་དེ་ལྟ་བུར་དེ་ལྟར་ཕན་པ་མྱེད་པ་མྱི་བརྟན་པ་ཡོངས་སུ་བཏང་བ་དེས་ཅི་ཞིག་བྱ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་འདི་སྙམ་དུ་བདག་ལ་སེམས་ཅན་འདི་དག་ཁྱོད་ཀྱི་སྦྱིན་པ་དེ་ལྟར་ཕན་པ་མྱེད་པ་མྱི་བརྟན་པ་ཡོངས་སུ་བཏང་བ་དེས་ཅི་ཞིག་བྱ་ཞེས་ཟེར་མོད་ཀྱི། འོན་ཀྱང་བདག་གིས་སྦྱིན་པ་ཡོངས་

སུ་གཏང་བར་བྱའི་བདག་གིས་སྦྱིན་པ་མྱི་སྦྱིན་པར་མྱི་བྱའོ་སྙམ་ནས། དེ་སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་ཡོངས་སུ་
བསྔོ་བའི་ཚེ། གང་སྦྱིན་པ་དང་། གང་ལ་སྦྱིན་པ་དང་། གང་གིས་སྦྱིན་པ་དང་། སུ་ཡོངས་སུ་གཏོང་བ་དང་། ཅི་ཡོངས་སུ་གཏོང་བ་དང་། སུ་ཅི་ཡོངས་སུ་གཏོང་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བ་དང་། གང་གིས་
ཡོངས་སུ་བསྔོ་བ་དང་། སུ་ཡོངས་སུ་བསྔོ་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་མཚན་མ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཡོངས་སུ་སྔོ་སྟེ། དེ་གང་གཏོང་བ་དང་། གང་གི་ཕྱིར་བཏང་སྟེ། བླ་ན་མྱེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་ཐམས་ཅད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་
ཉིད་ཀྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་
པ་ཉིད་ཀྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་
ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དེས་དེ་ལྟར་ཆོས་ཐམས་ཅད་སྟོང་པར་ཡང་དག་

པར་རྗེས་སུ་མཐོང་ན། ཇི་ཞིག་ཡོངས་སུ་བསྔོ་བར་འགྱུར། གང་ལ་ཡོངས་སུ་བསྔོ་བར་འགྱུར། གང་གིས་ཡོངས་སུ་བསྔོ་བར་འགྱུར་ཏེ། དེའི་བསྔོ་བ་དེ་ལྟ་བུ་ནི་བསྔོ་བའི་དམ་པ་ཡིན། དུག་མྱེད་པའི་བསྔོ་བ་
ཡིན། ཆོས་ཀྱི་དབྱིངས་ཀྱི་བསྔོ་བ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་
མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་རྫོགས་པར་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོན་
དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་

སུ་རྫོགས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་
དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་
པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་
པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སྟོབས་རྣམས་ཡོངས་སུ་
རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་
དོ། །བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་
ཡོངས་སུ་རྫོགས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་

པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་
སུ་རྫོགས་པར་བྱེད་དོ། །མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་
རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཐོག་མ་ཉིད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཀྱང་། རྣམ་པར་སྨིན་པ་ཡོངས་སུ་མྱི་འཛིན་ཏེ། འོན་ཀྱང་
དེའི་ཡོ་བྱད་ཐམས་ཅད་བསམས་པ་ཙམ་གྱིས་འགྲུབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བསམས་པ་ཙམ་གྱིས་འབྱུང་ངོ་། །རབ་འབྱོར་
དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་འབྱུང་ངོ་། །དེ་ཡོ་བྱད་དེ་དག་གིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་བྱེད།
ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་ཚིམ་པར་བྱེད་དོ། །དེས་སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་ཡང་དག་པར་བསྡུས་ཏེ། ཐབས་མཁས་པས་ཐེག་པ་གསུམ་ལ་རབ་ཏུ་འཇུག་གོ །
རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་།

འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་བསྐྱེད་པ་
ནས་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་
མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པའི་ཚུལ་ཁྲིམས་ཟག་པ་མྱེད་པ་ལམ་གྱི་ཁོངས་སུ་ཆུད་པ་ཆོས་ཉིད་ཀྱིས་ཐོབ་པ་རབ་ཏུ་འཐོབ་པ་སྟེ། དེའི་ཚུལ་ཁྲིམས་དེ་ནི་མ་ཞིག་པ་ཡིན། མ་གོད་པ་ཡིན། མ་འདྲེས་
པ་ཡིན། རྙོག་པ་མྱེད་པ་ཡིན། མ་ཉམས་པ་ཡིན། རང་དབང་ཡོད་པ་ཡིན། ཤིན་ཏུ་རྫོགས་པ་ཡིན། མཁས་པས་བསྟོད་པ་ཡིན་ཏེ། ཚུལ་ཁྲིམས་དེས་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ།
རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་

ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་
འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ།
ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་
སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པ་འམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་
འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ།
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའའམ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་
སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་

ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་
ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ།
མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་
སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། མྱི་
ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅུ་འམ། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་རིགས་སམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སམ། རྒྱལ་ཆེན་བཞིའི་
རིས་ཀྱི་ལྷ་རྣམས་སམ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སམ། མཚེ་མའི་ལྷ་རྣམས་སམ། དགའ་ལྡན་གྱི་ལྷ་རྣམས་སམ། འཕྲུལ་དགའི་ལྷ་རྣམས་སམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སམ། ཚངས་རིས་ཀྱི་ལྷ་རྣམས་

སམ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་སམ། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་སམ། ཚངས་ཆེན་གྱི་ལྷ་རྣམས་སམ། སྣང་བའི་ལྷ་རྣམས་སམ། ཆུང་སྣང་གི་ལྷ་རྣམས་སམ། ཚད་མྱེད་སྣང་བའི་ལྷ་རྣམས་སམ། ཀུན་སྣང་
དང་བའི་ལྷ་རྣམས་སམ། དགེ་བའི་ལྷ་རྣམས་སམ། ཆུང་དགེ་བའི་ལྷ་རྣམས་སམ། ཚད་མྱེད་དགེ་བའི་ལྷ་རྣམས་སམ། དགེ་རྒྱས་ཀྱི་ལྷ་རྣམས་སམ། ཆེ་བའི་ལྷ་རྣམས་སམ། ཆུང་ཆེའི་ལྷ་རྣམས་སམ། ཚད་མྱེད་ཆེ་
བའི་ལྷ་རྣམས་སམ། འབྲས་བུ་ཆེ་བའི་ལྷ་རྣམས་སམ། འདུ་ཤེས་མྱེད་པའི་ལྷ་རྣམས་སམ། མྱི་ཆེ་བའི་ལྷ་རྣམས་སམ། མྱི་གདུང་བའི་ལྷ་རྣམས་སམ། གྱ་ནོམ་སྣང་བའི་ལྷ་རྣམས་སམ། ཤིན་ཏུ་མཐོང་བའི་
ལྷ་རྣམས་སམ། འོག་མྱིན་གྱི་ལྷ་རྣམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་སམ།
འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་
སངས་རྒྱས་སམ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་ཚུལ་ཁྲིམས་འདིས་ཐོབ་པར་བྱའོ་ཞེས་ཆོས་གང་ལ་ཡང་སྙེམས་པ་མྱེད་དེ། གཞན་དུ་ན་ཚུལ་ཁྲིམས་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མཚན་མ་མྱེད་པའི་ཡོངས་སུ་བསྔོ་བ་དང་། དམྱིགས་སུ་མྱེད་པའི་ཡོངས་སུ་བསྔོ་བ་དང་། གཉིས་སུ་མྱེད་པའི་ཡོངས་སུ་བསྔོ་བས། ཡོངས་སུ་སྔོ་སྟེ། དེ་ཡང་འཇིག་རྟེན་གྱི་

ཐ་སྙད་དུའི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་དེ་དང་། ཐབས་མཁས་པས་རོ་མྱོང་བ་མྱེད་པའི་ཚུལ་གྱིས་བསམ་གཏན་བཞི་སྒྲུབ་བོ། །དེ་ལྷའི་མྱིག་མངོན་
པར་སྒྲུབ་སྟེ། ལྷའི་མྱིག་རྣམ་པར་སྨྱིན་པ་ལས་བྱུང་བ་དེས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་
སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་
སྨྱིན་པ་ལས་བྱུང་བ་དེས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་
མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། ནུབ་ཕྱོགས་
ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་
དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་

ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་
མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་
ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་
བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་
མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན།
སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །ལྷའི་མྱིག་རྣམ་པར་སྨིན་པ་ལས་བྱུང་བ་དེས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་
བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མྱི་ལས་འདས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུངས་པའི་སྒྲ་ཐོས་ཏེ། དེའི་

ཐོས་པ་དེ་ཡང་ཇི་སྲིད་དུ་ཐོས་པ་དེས། བདག་དང་གཞན་གྱི་དོན་བྱས་པར་མ་གྱུར་གྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །སེམས་ཀྱི་རྣམ་པ་ཤེས་པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་
ཀྱིས་རབ་ཏུ་ཤེས་ཏེ། དེས་སེམས་ཀྱི་རྣམ་པ་ཤེས་པ་དེ་ཡང་། ཇི་སྲིད་དུ་སེམས་ཀྱི་རྣམ་པ་ཤེས་པ་དེས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་མ་གྱུར་གྱི་བར་དུ་ཆུད་ཟ་བར་མྱི་འགྱུར་རོ། །དེ་སྔོན་
གྱི་གནས་རྗེས་སུ་དྲན་པའི་ཤེས་པས། སེམས་ཅན་དེ་དག་གི་འདས་པ་དང་། མ་འོངས་པའི་དགེ་བའི་རྩ་བ་རྣམས་ཤེས་ཤིང་། དགེ་བའི་རྩ་བ་དེ་དག་གིས་སེམས་ཅན་དེ་དག་ཡང་དག་པར་སྟོན་ཏོ། །
ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་སྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །དེ་དག་དེ་ལྟར་ཡང་དག་པར་བསྟན་པ་དང་། ཡང་དག་པར་བསྐུལ་བ་དང་། ཡང་དག་པར་
གཟེང་བསྟོད་པ་དང་། ཡང་དག་པར་དགའ་བར་བྱས་པ་རྣམས་ཀྱང་ཁྱད་པར་དུ་འདོང་བར་འགྱུར་རོ། །ཟག་པ་ཟད་པའི་ཤེས་པས་ཀྱང་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་
གཞོག་གོ །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་གཞོག་གོ །ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་གཞོག་གོ། །དགྲ་བཅོམ་པ་ཉིད་ལ་རབ་ཏུ་གཞོག་གོ །རང་བྱང་ཆུབ་ལ་རབ་ཏུ་གཞོག་གོ །
བྱང་ཆུབ་ལ་རབ་ཏུ་གཞོག་གོ །དེ་བཞིན་དུ་སེམས་ཅན་རྣམས་དགེ་བའི་ཆོས་གང་དང་། གང་ལ་མཐའ་ཡོད་པ་དེ་དང་དེ་ལ་རབ་ཏུ་གཞོག་སྟེ། རབ་འབྱོརད་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་
བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལད་
ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། བཟོད་
པའི་ཕ་རོལད་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་།
བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་
ལ་འདུག་གི་བར་དུ་འདི་ལྟ་སྟེ། གནོད་པ་ལ་མྱི་མཇེད་པའི་བཟོད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་གཉིས་སྒོམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནོད་པ་ལ་མྱི་མཇེད་པའི་
བཟོད་པ་ནི། དེའི་དྲུང་དུ་སེམས་ཅན་ཐམས་ཅད་ཡང་དང་ཡང་འོངས་ཏེ། གཤེ་ཞིང་མི་སྙན་པར་བརྗོད་དེ། རྡོ་བ་དང་། དབྱུག་པས་བརྡེགས་ཤིང་མཚོན་གྱིས་བཏབ་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོས་འཁྲུག་པ་དང་ལྡན་པའི་སེམས་བསྐྱེད་པ་འགའ་ཙམ་གྱི་སྐབས་ཀྱང་མྱི་དབྱེའོ། །དེས་འདི་ལྟར་བརྟག་པར་བྱ་སྟེ། དེ་ལ་གང་སྤྱོ་བ་དང་། མྱི་སྙན་པར་བྱ་བ་དང་། གདབ་ཅིང་བརྡེག་པར་བྱ་བ་གང་ཡང་
མྱེད། གང་གཤེ་བ་དང་། མྱི་སྙན་པར་བརྗོད་པ་དང་། རྡེག་པ་དང་། འདེབས་པ་དེ་ཡང་མྱེད་ཅིང་། མྱི་དམྱིགས་སོ་ཞེས་བྱ་བར་བརྟག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རྟོག་ན། ཆོས་ཉིད་ཀྱང་མྱི་དམྱིགས་ན། ཆོས་རྣམས་ཀྱི་རང་བཞིན་དམྱིགས་པ་ལྟ་ག་
ལ་ཡོད་དེ། དེས་དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་བོ། །ཅིའི་ཕྱིར་བཟོད་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་མྱི་སྐྱེ་བ་
དང་། ཡེ་ཤེས་མྱི་ཆོད་པའི་ཕྱིར། བཟོད་པ་ནི་མྱི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་བཟོད་པ་དེ་གཉིས་ལ་གནས་ཤིང་། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་བཞི་
ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་བཞི་
ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་

ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་
ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་
རྫོགས་པར་བྱེད་དོ། །མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་
ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་
ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས་ཕ་རོལད་ཏུ་ཕྱིནད་པ་དྲུག་དང་། མངོན་པར་
ཤེས་པ་ལྔ་པོ་དེ་དག་ལ་གནས་ཏེ། ལྷའི་མྱིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་
དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་
ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་
གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་
དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་
པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལད་
ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་།
ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་

བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་
མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་
མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །
དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་
མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་
ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་
པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་

སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ཤར་ལྷོའི་ཕྱོགས་
མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། །
སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་
དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་
ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་
དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་
མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས།

ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་
བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་
ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མེད་པ་དག་ན། སངས་རྒྱས་བཅོམ་
ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་འཕགས་པའི་ཆོས་ཟག་པ་མྱེད་པ་འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་
ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ལྷའི་མྱིག་གིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་

ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། སངས་རྒྱས་རྗེས་སུ་དྲན་པ་འཐོབ་བོ། །དེའི་སངས་རྒྱས་
རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མྱི་འཆད་དོ། །དེ་ལྷའི་རྣ་བ་མྱི་ལས་འདས་པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུངས་པ་ཐོས་ཏེ་ཐོས་ནས་ཀྱང་འཛིན་
ཏོ། །བཟུང་ནས་དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་དོ། །དེ་བཞིན་ཉིད་དུ་ནན་ཏན་དུ་བྱས་ནས་ཀྱང་། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་སེམས་ཀྱི་རྣམ་གྲངས་ཤེས་པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་ཀྱིས་
རབ་ཏུ་ཤེས་སོ། །འཕགས་པ་ཐམས་ཅད་ཀྱི་སེམས་ཀྱང་སེམས་ཀྱིས་རབ་ཏུ་ཤེས་སོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱང་སེམས་ཀྱིས་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་སེམས་ཀྱིས་རབ་ཏུ་ཤེས་སོ། །དེ་
སེམས་ཅན་ཐམས་ཅད་ཀྱི་སེམས་སེམས་ཀྱིས་ཡོངས་སུ་ཤེས་པར་བྱས་ཤིང་། དེ་བཞིན་ཉིད་དུ་ཆོས་སྟོན་ཏོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པས་སེམས་ཅན་དེ་དག་གི་སྔོན་གྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་ཤེས་པར་བྱས་ཤིང་། ཡང་སེམས་ཅན་
དེ་དག་ལ་དགེ་བའི་རྩ་བ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་སྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །དེ་ཟག་པ་ཟད་པ་ཤེས་ཏེ་ཟག་པ་ཟད་པ་ཤེས་པ་དེས། སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་དོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་པ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་དེ་ལྟར་བཟོད་

པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་
ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ཡོངས་སུ་རྫོགས་པར་བྱས་
ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་
སེམས་ཅན་རྣམས་ཐེག་པ་གསུམ་གྱིས་འཁོར་བ་ལས་ཡོངས་སུ་འགྲེལ་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་
དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་།

མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ལུས་ཀྱི་བརྩོན་འགྲུས་དང་ལྡན་པ་ཡིན། སེམས་ཀྱི་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། དེ་ལུས་ཀྱི་བརྩོན་འགྲུས་ལ་གནས་ནས། བསམ་
གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་བཞི་པ་ལ་མཉམ་
པར་གཞག་ཅིང་། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །སྣང་བ་དང་མྱི་སྣང་བ་ཡང་ཉམས་སུ་མྱོང་
བར་བྱེད་དོ། །རྩིག་པ་ལས་ཐལ་བ་དང་། ར་བ་ལས་ཐལ་བ་དང་། །རི་ལས་ཐལ་བར་ཐོགས་པ་མྱེད་པའི་ལུས་ཀྱིས་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་
ནོ། །ས་ལ་ཡང་གྱེན་ཏུ་འབྱུང་བ་དང་། འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མྱེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མྱེར་འབར་ཏེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་
དང་། ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ་འདི་ལྟར་མཐུ་ཆེ་ཞིང་། འདི་ལྟར་དབང་ཆེ་བ་དག་ཀྱང་ལག་པས་བྱུགས་ཤིང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བསྒྱུར་ཏེ། དེ་ལུས་ཀྱི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས་རྫུ་འཕྲུལ་གྱི་རྣམ་པ་དེས་
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཏུ་སོང་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ན་བཟའ་དང་།

བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་བསྙེན་བཀུར་བྱེད་དེ། ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོ་དེ་དག་ཀྱང་ནམ་བླ་ན་
མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་ཏུ་ཟད་པར་མྱི་འགྱུར་ཏེ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། གོས་དང་བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་།
ཡོ་བྱད་མང་པོས་ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བདེ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། རིང་བསྲེལ་ལ་རིང་བསྲེལ་གྱི་མཆོད་པ་མང་པོ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱིས་སངས་
རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་དུ་སོང་ཞིང་། ཆོས་ཉན་ཏེ། ཇི་སྐད་དུ་ཐོས་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཆུད་ཟ་བར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལ་སྤྱོད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་
མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་ལུས་ཀྱི་བརྩོན་འགྲུས་དང་ལྡན་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་།

བྱེད་པ་མྱེད་པ་དང་དམྱིགས་སུ་མྱེད་པ་དང་འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སེམས་ཀྱི་བརྩོན་འགྲུས་འཕགས་པ་ཟག་པ་མྱེད་པ་ལམ་གྱི་ཡན་ལག་ལམ་གྱི་ཁོངས་སུ་ཆུད་པ་དང་ལྡན་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་
པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་
པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཀྱི་བརྩོན་འགྲུས་དང་ལྡན་པས། ལུས་ཀྱི་ལས་མྱི་དགེ་བའི་སྐབས་མྱི་འབྱེད། ངག་གི་ལས་མྱི་དགེ་བའི་སྐབས་མྱི་འབྱེད། ཡིད་
ཀྱི་ལས་མྱི་དགེ་བའི་སྐབས་མྱི་འབྱེད་དེ། རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ། མ་ཞི་ཞེས་བྱ་བ་འམ། དགེ་
ཞེས་བྱ་བ་འམ། མྱི་དགེ་ཞེས་བྱ་བ་འམ། འཇིག་རྟེན་ཞེས་བྱ་བ་འམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་འམ། ཉོན་མོངས་པ་དང་བཅས་ཤེས་བྱ་བ་འམ། ཉོན་མོངས་པ་མྱེད་ཅེས་བྱ་བ་འམ། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་འམ། ཁ་ན་མ་ཐོ་
བ་མྱེད་ཅེས་བྱ་བ་འམ། ཟག་པ་དང་བཅས་པ་ཞེས་བྱ་བ་འམ། ཟག་པ་མྱེད་ཅེས་བྱ་བ་འམ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་འམ། རྣམ་པར་བྱང་བ་ཞེས་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་མ་བྱས་ཤེས་བྱ་བར་སེམས་པ་མྱེད་དོ། །
འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སམ། ཟག་པ་དང་བཅས་པའི་ཁམས་སམ། ཟག་པ་མྱེད་པའི་ཁམས་སམ། བསམ་གཏན་དང་པོ་འམ། བསམ་གཏན་གཉིས་པ་འམ། བསམ་གཏན་

གསུམ་པ་འམ། བསམ་གཏན་བཞི་བ་འམ། བྱམས་པ་འམ། སྙིང་རྗེ་འམ། དགའ་བ་འམ། བཏང་སྙོམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དམ། ཆུང་ཟད་
མྱེད་པའི་སྐྱེ་མཆེད་དམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་དམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་
ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ།
འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ།
མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་
སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ།
གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དམ། མཚན་མ་མྱེད་པ་འམ། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་

རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་
པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ།
མ་ཞི་ཞེས་བྱ་བ་འམ། དགེ་ཞེས་བྱ་བ་འམ། མྱི་དགེ་ཞེས་བྱ་བ་འམ། འཇིག་རྟེན་ཞེས་བྱ་བ་འམ། འཇིག་རྟེན་ལས་འདས་ཤེས་བྱ་བ་འམ། ཉོན་མོངས་པ་དང་བཅས་ཤེས་བྱ་བ་འམ། ཉོན་མོངས་པ་མྱེད་ཅེས་བྱ་བ་འམ། ཁ་ན་མ་ཐོ་བ་དང་
བཅས་ཤེས་བྱ་བ་འམ། ཁ་ན་མ་ཐོ་བ་མྱེད་ཅེས་བྱ་བ་འམ། ཟག་པ་དང་བཅས་ཤེས་བྱ་བ་འམ། ཟག་པ་མྱེད་ཅེས་བྱ་བ་འམ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་འམ། རྣམ་པར་བྱང་བ་ཞེས་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་
མ་བྱས་ཤེས་བྱ་བར་སྙེམས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུར་སྙེམས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུར་སྙེམས་པ་མྱེད་དོ། །ཕྱིར་མི་འོང་བའི་འབྲས་བུར་སྙེམས་པ་མྱེད་དོ། །དགྲ་བཅོམ་པ་ཉིད་དུ་སྙེམས་པ་མྱེད་དོ། །
རང་བྱང་ཆུབ་ཏུ་སྙེམས་པ་མྱེད་དོ། །བྱང་ཆུབ་སེམས་དཔའ་ཉིད་དུ་སྙེམས་པ་མྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྙེམས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བ་ཞེས་བྱ་
བར་ཡང་སྙེམས་པ་མྱེད་དོ། །ཕྱིར་མྱི་འོང་བ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །དགྲ་བཅོམ་པ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །རང་སངས་རྒྱས་ཤེས་བྱ་བར་ཡང་སྙེམས་པ་མྱེད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །

སངས་རྒྱས་ཤེས་བྱ་བར་ཡང་སྙེམས་པ་མྱེད་དོ། །སེམས་ཅན་འདི་དག་ནི་མཐོང་བའི་ལམ་གྱིས་བརྗོད་པ། འདི་དག་ནི་བསྲབས་པའི་སས་བརྗོད་པ། འདི་དག་ནི་དམ་པ་མ་ཡིན་པའི་ཆ་ཅན་གྱིས་བརྗོད་པ། འདི་དག་ནི་
བླ་མའི་ཆ་ཅན་གྱིས་བརྗོད་པ། འདི་དག་ནི་རང་སངས་རྒྱས་ཉིད་ཀྱིས་བརྗོད་པ། འདི་དག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་བརྗོད་པ། འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བརྗོད་པ། ཞེས་བྱ་བར་ཡང་སྙེམས་པ་མྱེད་དོ། །དེ་ཅིའི་
ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་གང་གིས་བརྗོད་པར་བྱ་བའི་ངོ་བོ་ཉིད་དེ་སེམས་ལས་བྱུང་བའི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས་མངོན་དུ་གྱུར་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་སོ། །བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་མྱི་དམྱིགས་སོ། །སངས་རྒྱས་
ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་དེ་ཡང་མྱི་དམྱིགས་སོ། །དེ་སེམས་ཀྱི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་འཛིན་ཀྱང་དེ་ལ་ཆགས་པ་མྱེད་དེ། དེ་ཆགས་པ་མེད་པར་སེམས་ཅན་
རྣམས་ཀྱི་དོན་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ། རྫུ་འཕྲུལ་དང་ཆོ་འཕྲུལ་གང་དང་གང་གིས་རྣམ་པར་འཕྲུལ་པར་འདོད་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་དེ་དང་།
དེས་རྣམ་པར་འཕྲུལ་ཏེ། མེ་ཏོག་གི་ཆར་དབབ་པ་འམ། སྤོས་ཀྱི་ངད་དགྱེ་བ་འམ། འབྲུག་གི་སྒྲ་བསྒྲག་པ་འམ། གླུ་དང་སིལ་སྙན་གྱི་སྒྲ་བསྒྲག་པ་དང་། ས་བསྐྱོད་པ་འམ། སྣང་བ་བསྟན་པ་འམ། རིན་པོ་ཆེ་སྣ་བདུན་གྱི་འཇིག་རྟེན་གྱི་ཁམས་

བསྟན་པས་རྣམ་པར་འཕྲུལ་ཏེ། གང་དང་གང་དུ་གང་དང་གང་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དག་ཀྱང་བདག་གི་ལུས་ལས་འགྱེད་དེ། སེམས་ཅན་རྣམས་ཀྱི་དོན་ཏུ་བར་འགའ་བདག་ལས་འགྱེད་དོ། །བར་འགའ་དྲི་ཞིམ་པོ་འགྱེད་དོ། །བར་འགའ་
སྲོག་གཅོད་པ་མྱེད་པའི་མཆོད་སྦྱིན་ཆེན་པོ་བྱེད་དོ། །བར་འགའ་སེམས་ཅན་མཐའ་ཡས་པ་ལམ་མ་ཡིན་པ་ནས། འདོན་ཏེ་སྲོག་གཅོད་པ་ལས་ཟློག་གོ །མ་བྱིན་པར་ལེན་པ་ལས་ཟློག་གོ །འདོད་པས་ལོག་པར་གཡེམ་པ་ལས་ཟློག་གོ །ཕྲ་མ་སྨྲ་བ་
ལས་ཟློག་གོ །ཞེ་གཅོད་པའི་ཚིག་ལས་ཟློག་གོ །བརྫུན་དུ་སྨྲ་བ་ལས་ཟློག་གོ །ཚིག་ཀྱལ་བ་ལས་ཟློག་གོ །ཆགས་སེམས་ལས་ཟློག་གོ །གནོད་སེམས་ལས་ཟློག་གོ །ལོག་པར་ལྟ་བ་ལས་ཡོངས་སུ་འགྲེལ་ཏོ། །ལ་ལ་ལ་ནི་སྦྱིན་པས་ཕན་འདོགས་སོ། །ལ་ལ་ལ་ནི་ཚུལ་ཁྲིམས་
ཀྱིས་ཕན་འདོགས་སོ། །ལ་ལའི་དོན་ཏུ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་ངོ་། །ལ་ལའི་དོན་ཏུ་ནི་བུ་དང་ཆུང་མ་ཡོངས་སུ་གཏོང་ངོ་། །ལ་ལའི་དོན་ཏུ་ནི་རྒྱལ་སྲིད་ཡོངས་སུ་གཏོང་ངོ་། །ལ་ལའི་དོན་ཏུ་ནི་བདག་ཡོངས་སུ་གཏོང་སྟེ། དེ་ལྟར་ཐབས་གང་དང་གང་གིས་སེམས་
ཅན་རྣམས་ཀྱི་དོན་ཏུ་འགྱུར་བའི་ཐབས་དེ་དང་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་
མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་སེམས་ཀྱི་བརྩོན་འགྲུས་དང་ལྡན་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མྱེད་པ་དང་། བྱེད་པ་མྱེད་པ་དང་། དམྱིགས་སུ་མྱེད་
པ་དང་། འབྱུང་བ་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་མཚན་མ་དང་བྲལ་བའི་སེམས་ཀྱིས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་
པར་ཏིང་ངེ་འཛིན་གཞན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། །དེ་འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་
བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ། དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་
གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་
ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། །ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་
པས། བདེ་བ་ཡང་མྱེད་སྡུག་བསྔལ་བ་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་དང་། སྙིང་རྗེ་དང་ལྡན་པའི་སེམས་དང་། དགའ་བ་དང་

ལྡན་པའི་སེམས་དང་། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྒྱས་པར་བཀང་ཞིང་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་
མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་
སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་། རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང་ལུགས་དང་མྱི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དགུ་ལ་མཉམ་པར་བཞག་སྟེ་གནས་སོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ཉེ་བར་
བསྒྲུབས་ཏེ་གནས་སོ། །བར་ཆད་མྱེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །གློག་ལྟ་བུའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཡང་དག་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྡོ་རྗེ་ལྟ་བུའི་
ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཁོངས་སུ་ཏིང་ངེ་འཛིན་ཐམས་ཅད་ཆུད་པར་བྱས་ཤིང་དཀར་པོ་
རྣམ་པར་མཐོང་བའི་ས་ལས་འདའོ། །དཀར་པོ་རྣམ་པར་མཐོ