Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 024_འབུམ།_ད

Văn bản gốc(Tây Tạng)

Trang 5 / 23 (50.000 ký tự/trang)
ག་པ་དགུ་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་
དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་སྨོན་པ་ཡོད་པ་འམ་སྨོན་པ་མེད་པར་མངོན་པར་ཆགས་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་
པར་ཆགས་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །མྱི་འཇིགས་པ་བཞི་སྨོན་པ་ཡོད་པ་འམ་

སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །སྙིང་རྗེ་ཆེན་པོ་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྨོན་པ་ཡོད་པ་འམ་སྨོན་པ་མེད་པར་མངོན་པར་ཆགས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྨོན་པ་ཡོད་པ་འམ་
སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མེད་དོ། །དགྲ་བཅོམ་པ་ཉིད་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །རང་བྱང་ཆུབ་སྨོན་པ་ཡོད་
པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྨོན་པ་ཡོད་པ་འམ་སྨོན་པ་མེད་པར་མངོན་པར་ཆགས་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་པ་འམ་སྨོན་པ་མྱེད་པར་མངོན་པར་ཆགས་པ་མྱེད་དོ། །གཟུགས་
དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཚོར་བ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །འདུ་ཤེས་དབེན་པའམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །འདུ་བྱེད་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །
རྣམ་པར་ཤེས་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མྱིག་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣ་བ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྣ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་
དོ། །ལྕེ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལུས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཡིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །གཟུགས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །

སྒྲ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དྲི་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རོ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རེག་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མེད་དོ། །ཆོས་
དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་
དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པ་
འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་དབེན་པ་འམ་
མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་དབེན་པ་འམ་མྱི་དབེན་པར་
མངོན་པར་ཆགས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྣའི་འདུས་ཏེ་
རེག་པ་ལས་བྱུང་བའི་ཚོར་བ་དབེན་པའམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པ་འམ་མྱི་དབེན་

པར་མངོན་པར་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སའི་ཁམས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཆུའི་
ཁམས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མེའི་ཁམས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རླུང་གི་ཁམས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ནམ་མཁའི་ཁམས་
དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མ་རིག་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །འདུ་བྱེད་དབེན་པ་
འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མྱིང་དང་གཟུགས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྐྱེ་མཆེད་དྲུག་དབེན་པ་འམ་མི་དབེན་
པར་མངོན་པར་ཆགས་པ་མྱེད་དོ། །རེག་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཚོར་བ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྲེད་པ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལེན་པ་
དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྲིད་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྐྱེ་བ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྒ་ཤི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་

པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་འམ་མྱི་དབེན་པར་
མངོན་པར་ཆགས་པ་མྱེད་དོ། །ནང་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །
སྟོང་པ་ཉིད་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མེད་དོ། །འདུས་བྱས་སྟོང་
པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཐོག་མ་དང་ཐ་མ་
མྱེད་པ་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཆོས་ཐམས་
ཅད་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དངོས་པོ་
མྱེད་པ་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དྲན་པ་

ཉེ་བར་གཞག་པ་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཡང་དག་པར་སྤོང་བ་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་
དོ། །དབང་པོ་ལྔ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྟོབས་ལྔ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །འཕགས་པའི་ལམ་ཡན་
ལག་བརྒྱད་པ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །འཕགས་པའི་བདེན་པ་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །བསམ་གཏན་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཚད་མེད་པ་བཞི་
དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣམ་པར་ཐར་པ་བརྒྱད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མཐར་
ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མངོན་པར་ཤེས་
པ་རྣམས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མེད་དོ། །ཏིང་ངེ་འཛིན་རྣམས་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དེ་བཞིན་གཤེགས་
པའི་སྟོབས་བཅུ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །མྱི་འཇིགས་པ་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སྙིང་རྗེ་ཆེན་པོ་

དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལན་ཅིག་
ཕྱིར་འོང་བའི་འབྲས་བུ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དགྲ་བཅོམ་པ་ཉིད་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རང་བྱང་
ཆུབ་དབེན་པ་འམ་མྱི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མྱེད་དོ། །དེ་ཅིའི་ཕྱིར་
ཞེ་ན། རང་བཞིན་མྱེད་པའི་ཆོས་ནི་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཡོད་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བ་འམ། སྟོང་ཞེས་བྱ་བ་འམ་མྱི་སྟོང་
ཞེས་བྱ་བ་འམ། མཚན་མ་ཡོད་ཅེས་བྱ་བ་འམ། མཚན་མ་མྱེད་ཅེས་བྱ་བ་འམ། སྨོན་པ་ཡོད་ཅེས་བྱ་བ་འམ། སྨོན་པ་མྱེད་ཅེས་བྱ་བ་འམ། དབེན་ཞེས་བྱ་བ་འམ། མྱི་དབེན་ཞེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ། །ངོ་བོ་ཉིད་ནི་
ངོ་བོ་ཉིད་ཀྱིས་མངོན་པར་བསྒྲུབ་པར་མྱི་ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བཟོད་པའི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་

གི་ཚོགས་ཡན་ལག་བཞི་དང་ལྡན་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་འགྲོའོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་སྟེ། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁ་ལོ་སྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ཞིང་། ལམ་མཉམ་པ་ནས་འགྲོའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའི་ཁ་ལོ་སྒྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར། ལམ་མཉམ་པ་ནས་འགྲོའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་གང་ལགས། ལམ་མ་ལགས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྣམས་ཀྱི་ལམ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་
ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མོ། །འདི་ནི་ལམ་མ་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་
དང་ལམ་མ་ལགས་པར་སྟོན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་ལམ་དང་ལམ་མ་ཡིན་པ་སྟོན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཆེན་པོའི་ཕྱིར་ཉེ་བར་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཚད་མྱེད་པའི་ཕྱིར་ཉེ་བར་གནས་སོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་གྲངས་མྱེད་པའི་ཕྱིར་ཉེ་བར་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དེ་ཡང་རྗོད་མོད་ཀྱི། གཟུགས་ཡོངས་སུ་མྱི་འཛིན་ཏོ། །ཚོར་བ་ཡོངས་སུ་མྱི་འཛིན་
ཏོ། །འདུ་ཤེས་ཡོངས་སུ་མྱི་འཛིན་ཏོ། །འདུ་བྱེད་ཡོངས་སུ་མྱི་འཛིན་ཏོ། །རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ཏོ། །མྱིག་ཡོངས་སུ་མྱི་འཛིན་ཏོ། །རྣ་བ་ཡོངས་སུ་མྱི་འཛིན་ཏོ། །སྣ་ཡོངས་སུ་མྱི་འཛིན་ཏོ། །ལྕེ་ཡོངས་སུ་མྱི་འཛིན་ཏོ། །ལུས་
ཡོངས་སུ་མི་འཛིན་ཏོ། །ཡིད་ཡོངས་སུ་མྱི་འཛིན་ཏོ། །གཟུགས་ཡོངས་སུ་མྱི་འཛིན་ཏོ། །སྒྲ་ཡོངས་སུ་མྱི་འཛིན་ཏོ། །དྲི་ཡོངས་སུ་མི་འཛིན་ཏོ། །རོ་ཡོངས་སུ་མྱི་འཛིན་ཏོ། །རེག་ཡོངས་སུ་མྱི་འཛིན་ཏོ། །ཆོས་ཡོངས་སུ་མྱི་འཛིན་ཏོ། །མྱིག་གི་རྣམ་པར་ཤེས་པ་
ཡོངས་སུ་མྱི་འཛིན་ཏོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་ཏོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་ཏོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་ཏོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པ་
ཡོངས་སུ་མི་འཛིན་ཏོ། །མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་ཏོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་
འཛིན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་

འཛིན་ཏོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མི་འཛིན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །སའི་ཁམས་ཡོངས་
སུ་མྱི་འཛིན་ཏོ། །ཆུའི་ཁམས་ཡོངས་སུ་མྱི་འཛིན་ཏོ། །མྱེའི་ཁམས་ཡོངས་སུ་མྱི་འཛིན་ཏོ། །རླུང་གི་ཁམས་ཡོངས་སུ་མྱི་འཛིན་ཏོ། །ནམ་མཁའི་ཁམས་ཡོངས་སུ་མྱི་འཛིན་ཏོ། །རྣམ་པར་ཤེས་པའི་ཁམས་ཡོངས་སུ་མྱི་འཛིན་ཏོ། །མ་རིག་པ་ཡོངས་སུ་མྱི་འཛིན་
ཏོ། །འདུ་བྱེད་ཡོངས་སུ་མི་འཛིན་ཏོ། །རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་ཏོ། །མྱིང་དང་གཟུགས་ཡོངས་སུ་མྱི་འཛིན་ཏོ། །སྐྱེ་མཆེད་དྲུག་ཡོངས་སུ་མྱི་འཛིན་ཏོ། །རེག་པ་ཡོངས་སུ་མི་འཛིན་ཏོ། །ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །སྲེད་པ་ཡོངས་སུ་མི་འཛིན་ཏེ། །
ལེན་པ་ཡོངས་སུ་མྱི་འཛིན་ཏོ། །སྲིད་པ་ཡོངས་སུ་མྱི་འཛིན་ཏོ། །སྐྱེ་བ་ཡོངས་སུ་མི་འཛིན་ཏོ། །རྒ་ཤི་ཡོངས་སུ་མི་འཛིན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་ཏོ། །བཟོད་པའི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་ཏོ། །ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །
ཕྱི་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་མི་འཛིན་ཏོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མི་འཛིན་ཏོ། །འདུས་བྱས་སྟོང་པ་ཉིད་ཡོངས་
སུ་མྱི་འཛིན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །རང་བཞིན་སྟོང་པ་ཉིད་

ཡོངས་སུ་མྱི་འཛིན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མི་འཛིན་ཏོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མི་འཛིན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་
ཡོངས་སུ་མྱི་འཛིན་ཏོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མྱི་འཛིན་ཏོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་མྱི་འཛིན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་མྱི་འཛིན་ཏོ། །དབང་པོ་ལྔ་
ཡོངས་སུ་མྱི་འཛིན་ཏོ། །སྟོབས་ལྔ་ཡོངས་སུ་མི་འཛིན་ཏོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མི་འཛིན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མྱི་འཛིན་ཏོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་མི་འཛིན་ཏོ། །བསམ་གཏན་
བཞི་ཡོངས་སུ་མྱི་འཛིན་ཏོ། །ཚད་མྱེད་པ་བཞི་ཡོངས་སུ་མྱི་འཛིན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མྱི་འཛིན་ཏོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་མྱི་འཛིན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མྱི་
འཛིན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མྱི་འཛིན་ཏོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་མྱི་འཛིན་ཏོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མྱི་འཛིན་ཏོ། །
དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མྱི་འཛིན་ཏོ། །མྱི་འཇིགས་པ་བཞི་ཡོངས་སུ་མྱི་འཛིན་ཏོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མྱི་འཛིན་ཏོ། །སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་འཛིན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
ཡོངས་སུ་མྱི་འཛིན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །དགྲ་བཅོམ་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །རང་བྱང་ཆུབ་ཡོངས་

སུ་མྱི་འཛིན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མི་འཛིན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་བ་ཡོངས་སུ་བཟུང་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་ཐོབ་པར་བྱེད་པ་མ་ཡིན་ནོ། །ཉན་ཐོས་ཀྱིས་འདོར་བ་མ་ཡིན་ནོ། །རང་སངས་རྒྱས་ཀྱིས་འདོར་བ་མ་ཡིན་ནོ། །རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་སྤྲོད་པ་མ་ཡིན་ནོ། །དེ་ལྟར་ཆོས་ཀྱི་གནས་ཉིད་ཚད་མར་བྱས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྐྱེད་པ་མ་ཡིན། འགོག་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འདི་ཆོས་གང་ཡང་སྐྱེད་པ་མ་ལགས། འགོག་པ་མ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཇི་ལྟར་སྦྱིན་པ་ཡོངས་སུ་གཏང་བར་བགྱི། ཇི་ལྟར་ཚུལ་ཁྲིམས་བསྲུང་བར་བགྱི།
ཇི་ལྟར་བཟོད་པ་བསྒོམ་པར་བགྱི། ཇི་ལྟར་བརྩོན་འགྲུས་བརྩམ་པར་བགྱི། ཇི་ལྟར་བསམ་གཏན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་ཤེས་རབ་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
དམྱིགས་ཏེ། སྦྱིན་པ་སྦྱིན་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་ཏེ། ཚུལ་ཁྲིམས་བསྲུང་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་ཏེ། བཟོད་པ་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
དམྱིགས་ཏེ། བརྩོན་འགྲུས་བརྩམ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་ཏེ། བསམ་གཏན་ལ་སྙོམས་པར་འཇུག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་ཏེ། ཤེས་རབ་བསྒོམ་པར་བྱའོ། །དེས་དགེ་བའི་རྩ་བ་

དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ཡོངས་སུ་བསྔོ་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཡོངས་སུ་བསྔོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པ་བསྒོམ་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་
བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །
རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བགྱི།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འདི་ལྟར་གཟུགས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། འདུ་ཤེས་
ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། འདུ་བྱེད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མྱིག་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣ་བ་ལྡན་པ་ཡང་མ་

ཡིན། མྱི་ལྡན་པ་ཡང་མ་ཡིན། སྣ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལྕེ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལུས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཡིད་ལྡན་པ་ཡང་མ་ཡིན།
མྱི་ལྡན་པ་ཡང་མ་ཡིན། གཟུགས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྒྲ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དྲི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རོ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན།
རེག་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཆོས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མྱིག་གི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣ་བའི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་
མ་ཡིན། སྣའི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལྕེའི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཡིད་ཀྱི་རྣམ་པར་
ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྣའི་འདུས་ཏེ་རེག་པ་ལྡན་པ་ཡང་མ་
ཡིན། མྱི་ལྡན་པ་ཡང་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་
ཡིན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྡན་པ་

ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་
པ་ལས་བྱུང་བའི་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཆུའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མྱེའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན།
རླུང་གི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ནམ་མཁའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣམ་པར་ཤེས་པའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མ་རིག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་
ཡང་མ་ཡིན། འདུ་བྱེད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མྱིང་དང་གཟུགས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྐྱེ་མཆེད་དྲུག་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་
ཡང་མ་ཡིན། རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྲེད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལེན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྲིད་པ་ལྡན་
པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྐྱེ་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྒ་ཤི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ནང་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཕྱི་སྟོང་པ་ཉིད་ལྡན་པ་ཡང་
མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཆེན་པོ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དོན་
དམ་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། འདུས་བྱས་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་
ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རང་བཞིན་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན།
མྱི་ལྡན་པ་ཡང་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན།
དངོས་པོ་མྱེད་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དྲན་པ་ཉེ་བར་
གཞག་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཡང་དག་པར་སྤོང་བ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དབང་པོ་ལྔ་ལྡན་པ་ཡང་མ་ཡིན།

མྱི་ལྡན་པ་ཡང་མ་ཡིན། སྟོབས་ལྔ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་བདུན་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན།
འཕགས་པའི་བདེན་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། བསམ་གཏན་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཚད་མྱེད་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་
བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣམ་པར་ཐར་པ་བརྒྱད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མངོན་པར་ཤེས་པ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཏིང་ངེ་འཛིན་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན།
གཟུངས་ཀྱི་སྒོ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། མྱི་འཇིགས་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སོ་སོ་ཡང་དག་པར་
རིག་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སྙིང་རྗེ་ཆེན་པོ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་
ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། དགྲ་བཅོམ་པ་ཉིད་ལྡན་པ་ཡང་མ་ཡིན།

མྱི་ལྡན་པ་ཡང་མ་ཡིན། རང་བྱང་ཆུབ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྡན་པ་ཡང་མ་ཡིན།
མྱི་ལྡན་པ་ཡང་མ་ཡིན་ནོ། །ཞེས་བྱ་བར་རབ་ཏུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཚོར་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །འདུ་ཤེས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །འདུ་བྱེད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣམ་པར་ཤེས་པ་
ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མྱིག་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣ་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྣ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ལྕེ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་
བྱའོ། །ལུས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཡིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྒྲ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དྲི་ལ་གནས་པར་
བྱའོ་ཞེས་བརྩོན་པར་མྱི་བྱའོ། །རོ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རེག་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཆོས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ། །མྱིག་གི་རྣམ་པར་ཤེས་པ་ལ་གནས་པར་བྱའོ་ཞེས་
བརྩོན་པར་མྱི་བྱའོ། །རྣ་བའི་རྣམ་པར་ཤེས་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྣའི་རྣམ་པར་ཤེས་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ལྕེའི་རྣམ་པར་ཤེས་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །

ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མྱིག་གི་འདུས་ཏེ་རེག་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པ་ལ་
གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྣའི་འདུས་ཏེ་རེག་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་
བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །
སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་བྱའོ། །
ཞེས་བརྩོན་པར་མྱི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སའི་ཁམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཆུའི་ཁམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མེའི་
ཁམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རླུང་གི་ཁམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ནམ་མཁའི་ཁམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣམ་པར་ཤེས་པའི་ཁམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་
བྱའོ། །མ་རིག་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །འདུ་བྱེད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣམ་པར་ཤེས་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མྱིང་དང་གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་

པར་མྱི་བྱའོ། །སྐྱེ་མཆེད་དྲུག་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རེག་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཚོར་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ། །སྲེད་པ་ལ་གནས་པར་བྱའོ་ཞེས་
བརྩོན་པར་མྱི་བྱའོ། །ལེན་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྲིད་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྐྱེ་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྒ་ཤི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །
སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ནང་སྟོང་པ་ཉིད་
ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཕྱི་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །
ཆེན་པོ་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དོན་དམ་པ་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །འདུས་བྱས་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ལ་གནས་པར་བྱའོ་
ཞེས་བརྩོན་པར་མྱི་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་

མྱི་བྱའོ། །རང་བཞིན་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མྱི་དམྱིགས་པ་
སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་
པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཡང་དག་པར་སྤོང་བ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་
བྱའོ། །དབང་པོ་ལྔ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྟོབས་ལྔ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར་
བྱའོ་ཞེས་བརྩོན་པར་མྱི་བྱའོ། །འཕགས་པའི་བདེན་པ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །བསམ་གཏན་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཚད་མྱེད་པ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །གཟུགས་མྱེད་
པའི་སྙོམས་པར་འཇུག་པ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣམ་པར་ཐར་པ་བརྒྱད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣམ་པར་
ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མངོན་པར་ཤེས་པ་རྣམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཏིང་ངེ་འཛིན་རྣམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །གཟུངས་

ཀྱི་སྒོ་རྣམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །མྱི་འཇིགས་པ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སོ་སོ་ཡང་དག་པར་
རིག་པ་བཞི་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སྙིང་རྗེ་ཆེན་པོ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་བྱའོ་
ཞེས་བརྩོན་པར་མྱི་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དགྲ་བཅོམ་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རང་བྱང་
ཆུབ་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གང་ལ་ཡང་
མྱི་གནས་སོ། །ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །འདུ་ཤེས་ནི་གང་ལ་ཡང་མྱི་གནས་སོ། །འདུ་བྱེད་ནི་གང་ལ་ཡང་མི་གནས་སོ། །རྣམ་པར་ཤེས་པ་ནི་གང་ལ་ཡང་མྱི་གནས་སོ། །མྱིག་ནི་གང་ལ་ཡང་མྱི་གནས་སོ། །རྣ་བ་ནི་གང་ལ་ཡང་མྱི་གནས་
སོ། །སྣ་ནི་གང་ལ་ཡང་མྱི་གནས་སོ། །ལྕེ་ནི་གང་ལ་ཡང་མྱི་གནས་སོ། །ལུས་ནི་གང་ལ་ཡང་མྱི་གནས་སོ། །ཡིད་ནི་གང་ལ་ཡང་མི་གནས་སོ། །གཟུགས་ནི་གང་ལ་ཡང་མྱི་གནས་སོ། །སྒྲ་ནི་གང་ལ་ཡང་མྱི་གནས་སོ། །དྲི་ནི་གང་ལ་ཡང་མྱི་
གནས་སོ། །རོ་ནི་གང་ལ་ཡང་མྱི་གནས་སོ། །རེག་ནི་གང་ལ་ཡང་མྱི་གནས་སོ། །ཆོས་ནི་གང་ལ་ཡང་མྱི་གནས་སོ། །མྱིག་གི་རྣམ་པར་ཤེས་པ་ནི་གང་ལ་ཡང་མྱི་གནས་སོ། །རྣ་བའི་རྣམ་པར་ཤེས་པ་ནི་གང་ལ་ཡང་མྱི་གནས་སོ། །སྣའི་རྣམ་པར་ཤེས་

པ་ནི་གང་ལ་ཡང་མི་གནས་སོ། །ལྕེའི་རྣམ་པར་ཤེས་པ་ནི་གང་ལ་ཡང་མྱི་གནས་སོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་གང་ལ་ཡང་མྱི་གནས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་གང་ལ་ཡང་མྱི་གནས་སོ། །མིག་གི་འདུས་ཏེ་རེག་པ་ནི་གང་ལ་ཡང་མྱི་གནས་སོ། །
རྣ་བའི་འདུས་ཏེ་རེག་པ་ནི་གང་ལ་ཡང་མྱི་གནས་སོ། །སྣའི་འདུས་ཏེ་རེག་པ་ནི་གང་ལ་ཡང་མྱི་གནས་སོ། །ལྕེའི་འདུས་ཏེ་རེག་པ་ནི་གང་ལ་ཡང་མྱི་གནས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་གང་ལ་ཡང་མྱི་གནས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་གང་ལ་ཡང་མྱི་
གནས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །ལྕེའི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །སའི་ཁམས་ནི་གང་ལ་ཡང་མྱི་གནས་སོ། །
ཆུའི་ཁམས་ནི་གང་ལ་ཡང་མྱི་གནས་སོ། །མྱེའི་ཁམས་ནི་གང་ལ་ཡང་མི་གནས་སོ། །རླུང་གི་ཁམས་ནི་གང་ལ་ཡང་མྱི་གནས་སོ། །ནམ་མཁའི་ཁམས་ནི་གང་ལ་ཡང་མྱི་གནས་སོ། །རྣམ་པར་ཤེས་པའི་ཁམས་ནི་གང་ལ་ཡང་མྱི་གནས་སོ། །མ་རིག་
པ་ནི་གང་ལ་ཡང་མི་གནས་སོ། །འདུ་བྱེད་ནི་གང་ལ་ཡང་མྱི་གནས་སོ། །རྣམ་པར་ཤེས་པ་ནི་གང་ལ་ཡང་མི་གནས་སོ། །མྱིང་དང་གཟུགས་ནི་གང་ལ་ཡང་མི་གནས་སོ། །སྐྱེ་མཆེད་དྲུག་ནི་གང་ལ་ཡང་མྱི་གནས་སོ། །རེག་པ་ནི་གང་ལ་ཡང་མྱི་
གནས་སོ། །ཚོར་བ་ནི་གང་ལ་ཡང་མྱི་གནས་སོ། །སྲེད་པ་ནི་གང་ལ་ཡང་མྱི་གནས་སོ། །ལེན་པ་ནི་གང་ལ་ཡང་མྱི་གནས་སོ། །སྲིད་པ་ནི་གང་ལ་ཡང་མྱི་གནས་སོ། །སྐྱེ་བ་ནི་གང་ལ་ཡང་མྱི་གནས་སོ། །རྒ་ཤི་ནི་གང་ལ་ཡང་མྱི་གནས་སོ། །

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་མྱི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་མི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་མྱི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་
ཡང་མྱི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་མྱི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་མྱི་གནས་སོ། །ནང་སྟོང་པ་ཉིད་ནི་གང་ལ་ཡང་མི་གནས་སོ། །ཕྱི་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །
ཕྱི་ནང་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་གང་ལ་ཡང་མི་གནས་སོ། །ཆེན་པོ་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །དོན་དམ་པ་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །འདུས་བྱས་སྟོང་པ་ཉིད་ནི་
གང་ལ་ཡང་མྱི་གནས་སོ། །འདུས་མ་བྱས་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་
ནི་གང་ལ་ཡང་མྱི་གནས་སོ། །རང་བཞིན་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་གང་ལ་
ཡང་མྱི་གནས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་གང་
ལ་ཡང་མྱི་གནས་སོ། །ཡང་དག་པར་སྤོང་བ་བཞི་ནི་གང་ལ་ཡང་མྱི་གནས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་གང་ལ་ཡང་མྱི་གནས་སོ། །དབང་པོ་ལྔ་ནི་གང་ལ་ཡང་མྱི་གནས་སོ། །སྟོབས་ལྔ་ནི་གང་ལ་ཡང་མྱི་གནས་སོ། །བྱང་ཆུབ་ཀྱི་ཡན་

ལག་བདུན་ནི་གང་ལ་ཡང་མྱི་གནས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་གང་ལ་ཡང་མྱི་གནས་སོ། །འཕགས་པའི་བདེན་པ་བཞི་ནི་གང་ལ་ཡང་མྱི་གནས་སོ། །བསམ་གཏན་བཞི་ནི་གང་ལ་ཡང་མྱི་གནས་སོ། །ཚད་མྱེད་པ་བཞི་ནི་གང་
ལ་ཡང་མྱི་གནས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ནི་གང་ལ་ཡང་མྱི་གནས་སོ། །རྣམ་པར་ཐར་པ་བརྒྱད་ནི་གང་ལ་ཡང་མྱི་གནས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་གང་ལ་ཡང་མྱི་གནས་སོ། །རྣམ་
པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་གང་ལ་ཡང་མི་གནས་སོ། །མངོན་པར་ཤེས་པ་རྣམས་ནི་གང་ལ་ཡང་མྱི་གནས་སོ། །ཏིང་ངེ་འཛིན་རྣམས་ནི་གང་ལ་ཡང་མྱི་གནས་སོ། །གཟུངས་ཀྱི་སྒོ་རྣམས་ནི་གང་ལ་
ཡང་མྱི་གནས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གང་ལ་ཡང་མྱི་གནས་སོ། །མྱི་འཇིགས་པ་བཞི་ནི་གང་ལ་ཡང་མྱི་གནས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་གང་ལ་ཡང་མྱི་གནས་སོ། །སྙིང་རྗེ་ཆེན་པོ་ནི་གང་ལ་ཡང་མྱི་གནས་སོ། །
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་གང་ལ་ཡང་མི་གནས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་གང་ལ་ཡང་མྱི་གནས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་གང་ལ་ཡང་མི་གནས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་གང་ལ་ཡང་མྱི་གནས་སོ། །
དགྲ་བཅོམ་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །རང་བྱང་ཆུབ་ནི་གང་ལ་ཡང་མྱི་གནས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་གང་ལ་ཡང་མྱི་གནས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གང་ལ་ཡང་མྱི་གནས་ཏེ། དེ་ལྟར་མྱི་གནས་པའི་ཚུལ་གྱིས།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་ཤིང་ཏོག་ཨ་འབྲ་འམ། བ་ན་ས་ཟ་བར་འདོད་ན། དེས་ཤིང་

ཐོག་ཨ་འབྲ་འམ། ཤིང་ཐོག་པ་ནས་བསྐྱེད་པར་བྱའོ། །བསྐྱེད་ནས་ཀྱང་དུས་དུས་སུ་ཆུས་བཅུའོ། །གནོད་པ་བསལ་ཏོ། །དེ་རྒྱུ་རྐྱེན་ཚོགས་པའི་དབང་གིས། མཐར་ཀྱིས་འཕེལ་ནས་ཤིང་ཐོག་ཨ་འབྲ་འམ། ཤིང་ཐོག་
པ་ནས་ཡོད་པར་འགྱུར་ཏེ། དེ་ཤིང་ཐོག་ཨ་འབྲ་འམ། ཤིང་ཐོག་པ་ནས་ཟ་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་
པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ཏེ། སེམས་ཅན་རྣམས་སྦྱིན་པས་རྗེས་སུ་གཟུང་བར་བྱའོ། །ཚུལ་ཁྲིམས་ཀྱིས་རྗེས་སུ་གཟུང་བར་བྱའོ། །བཟོད་པས་རྗེས་སུ་གཟུང་བར་བྱའོ། །བརྩོན་འགྲུས་ཀྱིས་རྗེས་སུ་གཟུང་བར་བྱའོ། །བསམ་གཏན་
གྱིས་རྗེས་སུ་གཟུང་བར་བྱའོ། །ཤེས་རབ་ཀྱིས་རྗེས་སུ་གཟུང་བར་བྱའོ། །སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་བྱའོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མྱི་འཇོག་པར་འདོད་པ་དང་།
སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འདོད་པ་དང་། སྙིང་པོ་བྱང་ཆུབ་ཏུ་འདུག་པར་འདོད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྨྲའོ། །ཆོས་ཐམས་ཅད་ལ་དབང་དུ་འགྱུར་བ་
འཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་ཆོས་ཐམས་ཅད་ལ་དབང་དུ་འགྱུར་བའི་ས་ཐོབ་པར་འགྱུར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི།

ཆོས་ཐམས་ཅད་ཀྱི་སྒོ་སྟེ། འདི་ལྟར་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གང་ཟག་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་
ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་
པར་བྱའོ། །ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཕྱི་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དོན་དམ་པ་སྟོང་པ་
ཉིད་ལ་བསླབ་པར་བྱའོ། །འདུས་བྱས་སྟོང་པ་ཉིད་ལ་བསླབ་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ལ་བསླབ་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །
དོར་བ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །རང་བཞིན་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་བསླབ་པར་
བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་བསླབ་པར་བྱའོ། །ཡང་དག་པར་སྤོང་བ་བཞི་

ལ་བསླབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསླབ་པར་བྱའོ། །དབང་པོ་ལྔ་ལ་བསླབ་པར་བྱའོ། །སྟོབས་ལྔ་ལ་བསླབ་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསླབ་པར་བྱའོ། །འཕགས་པའི་ལམ་ཡན་
ལག་བརྒྱད་པ་ལ་བསླབ་པར་བྱའོ། །འཕགས་པའི་བདེན་པ་བཞི་ལ་བསླབ་པར་བྱའོ། །བསམ་གཏན་བཞི་ལ་བསླབ་པར་བྱའོ། །ཚད་མྱེད་པ་བཞི་ལ་བསླབ་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་བསླབ་པར་བྱའོ། །རྣམ་
པར་ཐར་པ་བརྒྱད་ལ་བསླབ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བསླབ་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བསླབ་པར་བྱའོ། །མངོན་པར་ཤེས་པ་
རྣམས་ལ་བསླབ་པར་བྱའོ། །ཏིང་ངེ་འཛིན་རྣམས་ལ་བསླབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་ལ་བསླབ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པར་བྱའོ། །མྱི་འཇིགས་པ་བཞི་ལ་བསླབ་པར་བྱའོ། །སོ་སོ་ཡང་དག་
པར་རིག་པ་བཞི་ལ་བསླབ་པར་བྱའོ། །བྱམས་པ་ཆེན་པོ་ལ་བསླབ་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་བསླབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསླབ་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བསླབ་པར་བྱའོ། །ལན་ཅིག་
ཕྱིར་འོང་བའི་འབྲས་བུ་ལ་བསླབ་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་བསླབ་པར་བྱའོ། །དགྲ་བཅོམ་པ་ཉིད་ལ་བསླབ་པར་བྱའོ། །རང་བྱང་ཆུབ་ལ་བསླབ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བསླབ་པར་བྱའོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་ལག་ཚོད་དང་འབྱོར་པའི་གཞུ་ཐོགས་པ་ནི་དགྲ་དང་ཕྱིར་རྒོལ་བ་རྣམས་ཀྱིས་ཐུབ་པར་དཀའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུབ་པར་དཀའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་
རྣམས་དགོངས་པ་མཛད་དོ། །གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་
པ་མཛད། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ནང་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཕྱི་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་ལ་
དགོངས་པ་མཛད། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་འདུས་བྱས་སྟོང་
པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་

སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་
ལ་དགོངས་པ་མཛད། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་
ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་
ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དབང་པོ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་སྟོབས་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་
རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་བསམ་གཏན་རྣམས་ལ་སྤྱོད་པ་ལ་དགོངས་
པ་མཛད། ཇི་ལྟར་ཚད་མྱེད་པ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་མཐར་ཀྱིས་
གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་ལ་

དགོངས་པ་མཛད། ཇི་ལྟར་ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་མྱི་འཇིགས་པ་བཞི་
ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་བྱམས་པ་ཆེན་པོ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་སྙིང་རྗེ་ཆེན་པོ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད་པ་ལ་
དགོངས་པ་མཛད། ཇི་ལྟར་དགྲ་བཅོམ་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རང་བྱང་ཆུབ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་
པ་ལ་དགོངས་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་
སྦྱིན་པ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཚུལ་ཁྲིམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་བཟོད་པ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་བརྩོན་འགྲུས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་

པ་མཛད་དེ། ཅི་ནས་ཀྱང་བསམ་གཏན་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཤེས་རབ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ནང་སྟོང་པ་ཉིད་སྤྱོད་
པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ནང་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཕྱི་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཕྱི་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཕྱི་ནང་སྟོང་པ་ཉིད་སྤྱོད་པ་ལ་དགོངས་
པ་མཛད་དེ། ཅི་ནས་ཀྱང་ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སྟོང་པ་ཉིད་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཆེན་པོ་སྟོང་པ་ཉིད་སྤྱོད་
པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཆེན་པོ་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དོན་དམ་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །འདུས་བྱས་
སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འདུས་བྱས་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །འདུས་མ་བྱས་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་
མཛད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་
ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རང་བཞིན་སྟོང་པ་ཉིད་སྤྱོད་པ་

ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རང་བཞིན་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །
རང་གི་མཚན་ཉིད་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་མི་
དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་མི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ངོ་བོ་ཉིད་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དྲན་
པ་ཉེ་བར་གཞག་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཡང་དག་པར་སྤོང་བ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཡང་དག་པར་སྤོང་བ་རྣམས་
མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དབང་པོ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་
དབང་པོ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སྟོབས་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྟོབས་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་

བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་པ་དེ་ལྟར་
དགོངས་པ་མཛད་དོ། །འཕགས་པའི་བདེན་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འཕགས་པའི་བདེན་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བསམ་གཏན་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་བསམ་
གཏན་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཚད་མྱེད་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཚད་མྱེད་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་
དེ། ཅི་ནས་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྣམ་པར་ཐར་པ་བརྒྱད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དེ། མཐར་
ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་
པ་དང་། སྨོན་པ་མྱེད་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །མངོན་པར་ཤེས་པ་རྣམས་སྤྱོད་པ་ལ་དགོངས་
པ་མཛད་དེ། ཅི་ནས་ཀྱང་མངོན་པར་ཤེས་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཏིང་ངེ་འཛིན་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཏིང་ངེ་འཛིན་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །གཟུངས་ཀྱི་སྒོ་

རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་དམྱིགས་པ་
དེ་ལྟར་དགོངས་པ་མཛད་དོ། །མྱི་འཇིགས་པ་བཞི་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་མྱི་འཇིགས་པ་བཞི་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སོ་སོ་ཡང་
དག་པར་རིག་པ་བཞི་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བྱམས་པ་ཆེན་པོ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་བྱམས་པ་ཆེན་པོ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སྙིང་རྗེ་ཆེན་པོ་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་སྙིང་རྗེ་ཆེན་པོ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་དམྱིགས་པ་དེ་ལྟར་དགོངས་པ་
མཛད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །
དགྲ་བཅོམ་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དགྲ་བཅོམ་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རང་བྱང་ཆུབ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རང་བྱང་ཆུབ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་

དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དེ་ལྟར་མྱི་དམྱིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དགོངས་པ་མཛད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་
བརྒྱ་པ། །བམ་པོ་བདུན་པ། །རབ་འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གཟུགས་སུ་དགོངས་པ་མྱི་མཛད་དོ། །ཚོར་བར་དགོངས་པ་མྱི་མཛད་དོ། །
འདུ་ཤེས་སུ་དགོངས་པ་མྱི་མཛད་དོ། །འདུ་བྱེད་དུ་དགོངས་པ་མྱི་མཛད་དོ། །རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །མྱིག་ཏུ་དགོངས་པ་མྱི་མཛད་དོ། །རྣ་བར་དགོངས་པ་མྱི་མཛད་དོ། །སྣར་དགོངས་པ་མྱི་མཛད་དོ། །ལྕེར་དགོངས་པ་མྱི་མཛད་དོ། །
ལུས་སུ་དགོངས་པ་མྱི་མཛད་དོ། །ཡིད་དུ་དགོངས་པ་མྱི་མཛད་དོ། །གཟུགས་སུ་དགོངས་པ་མྱི་མཛད་དོ། །སྒྲར་དགོངས་པ་མྱི་མཛད་དོ། །དྲིར་དགོངས་པ་མྱི་མཛད་དོ། །རོར་དགོངས་པ་མི་མཛད་དོ། །རེག་ཏུ་དགོངས་པ་མྱི་མཛད་དོ། །ཆོས་སུ་དགོངས་པ་
མི་མཛད་དོ། །མྱིག་གི་རྣམ་པར་ཤེས་པར་དགོངས་པ་མི་མཛད་དོ། །རྣ་བའི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །སྣའི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །ལྕེའི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །ལུས་ཀྱི་རྣམ་པར་ཤེས་
པར་དགོངས་པ་མྱི་མཛད་དོ། །ཡིད་ཀྱི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །མྱིག་གི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །རྣ་བའི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །སྣའི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །ལྕེའི་འདུས་ཏེ་རེག་

པར་དགོངས་པ་མྱི་མཛད་དོ། །ལུས་ཀྱི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །ཡིད་ཀྱི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མི་
མཛད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་
དགོངས་པ་མྱ