Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 024_འབུམ།_ད

Văn bản gốc(Tây Tạng)

Trang 3 / 23 (50.000 ký tự/trang)
ོབས་བཅུ་ཡིད་ལ་མི་བྱེད། མྱི་འཇིགས་པ་བཞི་ཡིད་ལ་མྱི་བྱེད། སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་མྱི་བྱེད། སྙིང་རྗེ་ཆེན་པོ་ཡིད་ལ་མྱི་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡིད་ལ་མྱི་བྱེད། རྒྱུན་ཏུ་
ཞུགས་པའི་འབྲས་བུ་ཡིད་ལ་མྱི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིད་ལ་མྱི་བྱེད། ཕྱིར་མྱི་འོང་བའི་འབྲས་བུ་ཡིད་ལ་མྱི་བྱེད། དགྲ་བཅོམ་པ་ཉིད་ཡིད་ལ་མྱི་བྱེད། རང་བྱང་ཆུབ་ཡིད་ལ་མྱི་བྱེད། བླ་ན་མྱེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཡིད་ལ་མྱི་བྱེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ། དགེ་བའི་རྩ་བ་རྣམ་པར་འཕེལ་བས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་
རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡིད་ལ་མ་བྱས། ཚོར་བ་ཡིད་ལ་མ་བྱས། འདུ་ཤེས་ཡིད་ལ་མ་བྱས། འདུ་བྱེད་ཡིད་ལ་མ་བྱས།

རྣམ་པར་ཤེས་པ་ཡིད་ལ་མ་བྱས། མྱིག་ཡིད་ལ་མ་བྱས། རྣ་བ་ཡིད་ལ་མ་བྱས། སྣ་ཡིད་ལ་མ་བྱས། ལྕེ་ཡིད་ལ་མ་བྱས། ལུས་ཡིད་ལ་མ་བྱས། ཡིད་ཡིད་ལ་མ་བྱས། གཟུགས་ཡིད་ལ་མ་བྱས། སྒྲ་ཡིད་ལ་མ་བྱས། དྲི་ཡིད་ལ་མ་
བྱས། རོ་ཡིད་ལ་མ་བྱས། རེག་ཡིད་ལ་མ་བྱས། ཆོས་ཡིད་ལ་མ་བྱས། མྱིག་གི་རྣམ་པར་ཤེས་པ་ཡིད་ལ་མ་བྱས། རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མ་བྱས། སྣའི་རྣམ་པར་ཤེས་པ་ཡིད་ལ་མ་བྱས། ལྕེའི་རྣམ་པར་ཤེས་པ་ཡིད་ལ་མ་
བྱས། ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་བྱས། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་བྱས། མྱིག་གི་འདུས་ཏེ་རེག་པ་ཡིད་ལ་མ་བྱས། རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མ་བྱས། སྣའི་འདུས་ཏེ་རེག་པ་ཡིད་ལ་མ་བྱས། ལྕེའི་འདུས་ཏེ་
རེག་པ་ཡིད་ལ་མ་བྱས། ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མ་བྱས། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མ་བྱས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བྱས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བྱས་
སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བྱས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བྱས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བྱས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་
མ་བྱས། སའི་ཁམས་ཡིད་ལ་མ་བྱས། ཆུའི་ཁམས་ཡིད་ལ་མ་བྱས། མྱེའི་ཁམས་ཡིད་ལ་མ་བྱས། རླུང་གི་ཁམས་ཡིད་ལ་མ་བྱས། ནམ་མཁའི་ཁམས་ཡིད་ལ་མ་བྱས། རྣམ་པར་ཤེས་པའི་ཁམས་ཡིད་ལ་མ་བྱས། མ་རིག་
པ་ཡིད་ལ་མ་བྱས། འདུ་བྱེད་ཡིད་ལ་མ་བྱས། རྣམ་པར་ཤེས་པ་ཡིད་ལ་མ་བྱས། མྱིང་དང་གཟུགས་ཡིད་ལ་མ་བྱས། སྐྱེ་མཆེད་དྲུག་ཡིད་ལ་མ་བྱས། རེག་པ་ཡིད་ལ་མ་བྱས། ཚོར་བ་ཡིད་ལ་མ་བྱས། སྲེད་པ་ཡིད་ལ་མ་བྱས། ལེན་པ་

ཡིད་ལ་མ་བྱས། སྲིད་པ་ཡིད་ལ་མ་བྱས། སྐྱེ་བ་ཡིད་ལ་མ་བྱས། རྒ་ཤི་ཡིད་ལ་མ་བྱས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བྱས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བྱས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
ཡིད་ལ་མ་བྱས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བྱས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བྱས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བྱས། ནང་པ་སྟོང་པ་ཉིད་ཡིད་ལ་མ་བྱས། ཕྱི་སྟོང་པ་ཉིད་ཡིད་ལ་མ་
བྱས། ཕྱི་ནང་སྟོང་པ་ཉིད་ཡིད་ལ་མ་བྱས། སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མ་བྱས། ཆེན་པོ་སྟོང་པ་ཉིད་ཡིད་ལ་མ་བྱས། དོན་དམ་པ་སྟོང་པ་ཉིད་ཡིད་ལ་མ་བྱས། འདུས་བྱས་སྟོང་པ་ཉིད་ཡིད་ལ་མ་བྱས། འདུས་མ་
བྱས་སྟོང་པ་ཉིད་ཡིད་ལ་མ་བྱས། མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མ་བྱས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིད་ལ་མ་བྱས། དོར་བ་མྱེད་པ་སྟོང་པ་ཉིད་ཡིད་ལ་མ་བྱས། རང་བཞིན་སྟོང་པ་ཉིད་ཡིད་ལ་མ་བྱས། ཆོས་ཐམས་ཅད་
སྟོང་པ་ཉིད་ཡིད་ལ་མ་བྱས། རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མ་བྱས། མྱི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མ་བྱས། དངོས་པོ་མེད་པ་སྟོང་པ་ཉིད་ཡིད་ལ་མ་བྱས། ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མ་བྱས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་
པ་ཉིད་ཡིད་ལ་མ་བྱས། དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་མ་བྱས། ཡང་དག་པར་སློང་བ་བཞི་ཡིད་ལ་མ་བྱས། རྫུ་འཕྲུལ་གྱི་རྐང་པ་བཞི་ཡིད་ལ་མ་བྱས། དབང་པོ་ལྔ་ཡིད་ལ་མ་བྱས། སྟོབས་ལྔ་ཡིད་ལ་མ་བྱས། བྱང་ཆུབ་ཀྱི་ཡན་ལག་
བདུན་ཡིད་ལ་མ་བྱས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མ་བྱས། འཕགས་པའི་བདེན་པ་བཞི་ཡིད་ལ་མ་བྱས། བསམ་གཏན་བཞི་ཡིད་ལ་མ་བྱས། ཚད་མྱེད་པ་བཞི་ཡིད་ལ་མ་བྱས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་

ཡིད་ལ་མ་བྱས། རྣམ་པར་ཐར་པ་བརྒྱད་ཡིད་ལ་མ་བྱས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མ་བྱས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ཡིད་ལ་མ་བྱས། མངོན་པར་ཤེས་
པ་རྣམས་ཡིད་ལ་མ་བྱས། ཏིང་ངེ་འཛིན་རྣམས་ཡིད་ལ་མ་བྱས། གཟུངས་ཀྱི་སྒོ་རྣམས་ཡིད་ལ་མ་བྱས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིད་ལ་མ་བྱས། མྱི་འཇིགས་པ་བཞི་ཡིད་ལ་མ་བྱས། སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་མ་བྱས།
སྙིང་རྗེ་ཆེན་པོ་ཡིད་ལ་མ་བྱས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡིད་ལ་མ་བྱས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིད་ལ་མ་བྱས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིད་ལ་མ་བྱས། ཕྱིར་མྱི་འོང་བའི་འབྲས་བུ་ཡིད་ལ་མ་བྱས།
དགྲ་བཅོམ་པ་ཉིད་ཡིད་ལ་མ་བྱས། རང་བྱང་ཆུབ་ཡིད་ལ་མ་བྱས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། དེ་ཅིའི་སླད་དུ། དེ་ལྟར་གཟུགས་ཡིད་ལ་མ་བགྱིས། དེ་ལྟར་ཚོར་བ་
ཡིད་ལ་མ་བགྱིས། དེ་ལྟར་འདུ་ཤེས་ཡིད་ལ་མ་བགྱིས། དེ་ལྟར་འདུ་བྱེད་ཡིད་ལ་མ་བགྱིས། དེ་ལྟར་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་མྱིག་ཡིད་ལ་མ་བགྱིས། དེ་ལྟར་རྣ་བ་ཡིད་ལ་མ་བགྱིས། དེ་ལྟར་སྣ་ཡིད་ལ་མ་བགྱིས།
དེ་ལྟར་ལྕེ་ཡིད་ལ་མ་བགྱིས། དེ་ལྟར་ལུས་ཡིད་ལ་མ་བགྱིས། དེ་ལྟར་ཡིད་ཡིད་ལ་མ་བགྱིས། དེ་ལྟར་གཟུགས་ཡིད་ལ་མ་བགྱིས། དེ་ལྟར་སྒྲ་ཡིད་ལ་མ་བགྱིས། དེ་ལྟར་དྲི་ཡིད་ལ་མ་བགྱིས། དེ་ལྟར་རོ་ཡིད་ལ་མ་བགྱིས། དེ་ལྟར་
རེག་ཡིད་ལ་མ་བགྱིས། དེ་ལྟར་ཆོས་ཡིད་ལ་མ་བགྱིས། དེ་ལྟར་མྱིག་གི་རྣམ་པར་ཤེས་ཡིད་ལ་མ་བགྱིས། དེ་ལྟར་རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་སྣའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་ལྕེའི་རྣམ་པར་

ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་མྱིག་གི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། དེ་ལྟར་རྣ་བའི་འདུས་ཏེ་རེག་
པ་ཡིད་ལ་མ་བགྱིས། དེ་ལྟར་སྣའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། དེ་ལྟར་ལྕེའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། དེ་ལྟར་ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། དེ་ལྟར་ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། དེ་ལྟར་མྱིག་གི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། དེ་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། དེ་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། དེ་ལྟར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བ་ཡིད་ལ་མ་བགྱིས། དེ་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། དེ་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། དེ་ལྟར་སའི་ཁམས་ཡིད་ལ་མ་བགྱིས། དེ་ལྟར་ཆུའི་ཁམས་ཡིད་ལ་མ་
བགྱིས། དེ་ལྟར་མེའི་ཁམས་ཡིད་ལ་མ་བགྱིས། དེ་ལྟར་རླུང་གི་ཁམས་ཡིད་ལ་མ་བགྱིས། དེ་ལྟར་ནམ་མཁའི་ཁམས་ཡིད་ལ་མ་བགྱིས། དེ་ལྟར་རྣམ་པར་ཤེས་པའི་ཁམས་ཡིད་ལ་མ་བགྱིས། དེ་ལྟར་མ་རིག་པ་ཡིད་ལ་མ་བགྱིས།
དེ་ལྟར་འདུ་བྱེད་ཡིད་ལ་མ་བགྱིས། དེ་ལྟར་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་མྱིང་དང་གཟུགས་ཡིད་ལ་མ་བགྱིས། དེ་ལྟར་སྐྱེ་མཆེད་དྲུག་ཡིད་ལ་མ་བགྱིས། དེ་ལྟར་རེག་པ་ཡིད་ལ་མ་བགྱིས། དེ་ལྟར་ཚོར་བ་ཡིད་ལ་མ་བགྱིས།
དེ་ལྟར་སྲེད་པ་ཡིད་ལ་མ་བགྱིས། དེ་ལྟར་ལེན་པ་ཡིད་ལ་མ་བགྱིས། དེ་ལྟར་སྲིད་པ་ཡིད་ལ་མ་བགྱིས། དེ་ལྟར་སྐྱེ་བ་ཡིད་ལ་མ་བགྱིས། དེ་ལྟར་རྒ་ཤི་ཡིད་ལ་མ་བགྱིས། དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། དེ་ལྟར་

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། དེ་ལྟར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། དེ་ལྟར་ནང་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་ཕྱི་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་ཕྱི་ནང་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་ཆེན་པོ་
སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་དོན་དམ་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་འདུས་བྱས་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས།
དེ་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་རང་བཞིན་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་རང་གི་མཚན་ཉིད་སྟོང་
པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མ་
བགྱིས། དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་མ་བགྱིས། དེ་ལྟར་ཡང་དག་པར་སྤོང་བ་བཞི་ཡིད་ལ་མ་བགྱིས། དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ཡིད་ལ་མ་བགྱིས། དེ་ལྟར་དབང་པོ་ལྔ་ཡིད་ལ་མ་བགྱིས། དེ་ལྟར་སྟོབས་ལྔ་ཡིད་
ལ་མ་བགྱིས། དེ་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ཡིད་ལ་མ་བགྱིས། དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མ་བགྱིས། དེ་ལྟར་འཕགས་པའི་བདེན་པ་བཞི་ཡིད་ལ་མ་བགྱིས། དེ་ལྟར་བསམ་གཏན་བཞི་ཡིད་ལ་མ་བགྱིས།

དེ་ལྟར་ཚད་མེད་པ་བཞི་ཡིད་ལ་མ་བགྱིས། དེ་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡིད་ལ་མ་བགྱིས། དེ་ལྟར་རྣམ་པར་ཐར་པ་བརྒྱད་ཡིད་ལ་མ་བགྱིས། དེ་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་
དགུ་ཡིད་ལ་མ་བགྱིས། དེ་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ཡིད་ལ་མ་བགྱིས། དེ་ལྟར་མངོན་པར་ཤེས་པ་རྣམས་ཡིད་ལ་མ་བགྱིས། དེ་ལྟར་ཏིང་ངེ་འཛིན་རྣམས་ཡིད་ལ་མ་བགྱིས། དེ་ལྟར་གཟུངས་
ཀྱི་སྒོ་རྣམས་ཡིད་ལ་མ་བགྱིས། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིད་ལ་མ་བགྱིས། དེ་ལྟར་མྱི་འཇིགས་པ་བཞི་ཡིད་ལ་མ་བགྱིས། དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་མ་བགྱིས། དེ་ལྟར་སྙིང་རྗེ་ཆེན་པོ་ཡིད་ལ་མ་བགྱིས།
དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིད་ལ་མ་བགྱིས། དེ་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིད་ལ་མ་བགྱིས། དེ་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིད་ལ་མ་བགྱིས། དེ་ལྟར་ཕྱིར་མྱི་འོང་བའི་འབྲས་བུ་ཡིད་ལ་མ་བགྱིས། དེ་
ལྟར་དགྲ་བཅོམ་པ་ཉིད་ཡིད་ལ་མ་བགྱིས། དེ་ལྟར་རང་བྱང་ཆུབ་ཡིད་ལ་མ་བགྱིས། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མ་བགྱིས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཡིད་ལ་བྱེད་པས་ནི་གལ་ཏེ་འདོད་པའི་ཁམས་སམ། གལ་ཏེ་གཟུགས་ཀྱི་ཁམས་སམ། གལ་ཏེ་གཟུགས་མྱེད་པའི་ཁམས་སུ་འདྲེ་བར་འགྱུར་ཏེ། ཡིད་ལ་མྱི་བྱེད་པས་ནི་གང་དུ་ཡང་འདྲེ་བར་མི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་དང་ཡང་འདྲེ་བར་མྱི་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་དེ་གང་ལ་

གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཟུགས་ལ་གནས་པར་མྱི་འགྱུར་རོ། །ཚོར་བ་ལ་གནས་པར་མྱི་འགྱུར་རོ། །འདུ་ཤེས་ལ་གནས་པར་མྱི་
འགྱུར་རོ། །འདུ་བྱེད་ལ་གནས་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །མྱིག་ལ་གནས་པར་མྱི་འགྱུར་རོ། །རྣ་བ་ལ་གནས་པར་མྱི་འགྱུར་རོ། །སྣ་ལ་གནས་པར་མྱི་འགྱུར་རོ། །ལྕེ་ལ་གནས་པར་མྱི་འགྱུར་རོ། །ལུས་ལ་གནས་
པར་མྱི་འགྱུར་རོ། །ཡིད་ལ་གནས་པར་མྱི་འགྱུར་རོ། །གཟུགས་ལ་གནས་པར་མྱི་འགྱུར་རོ། །སྒྲ་ལ་གནས་པར་མྱི་འགྱུར་རོ། །དྲི་ལ་གནས་པར་མྱི་འགྱུར་རོ། །རོ་ལ་གནས་པར་མྱི་འགྱུར་རོ། །རེག་ལ་གནས་པར་མྱི་འགྱུར་རོ། །ཆོས་ལ་གནས་པར་
མྱི་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །སྣའི་རྣམ་པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །ལུས་ཀྱི་རྣམ་
པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པ་ལ་གནས་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་ལ་གནས་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པ་ལ་གནས་པར་མྱི་འགྱུར་རོ། །
ལྕེའི་འདུས་ཏེ་རེག་པ་ལ་གནས་པར་མྱི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མྱི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མི་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པར་མྱི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་ལ་གནས་པར་མྱི་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པར་མྱི་འགྱུར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པར་མི་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པར་མྱི་འགྱུར་རོ།

ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པར་མྱི་འགྱུར་རོ། །སའི་ཁམས་ལ་གནས་པར་མྱི་འགྱུར་རོ། །ཆུའི་ཁམས་ལ་གནས་པར་མྱི་འགྱུར་རོ། །མྱེའི་ཁམས་ལ་གནས་པར་མྱི་འགྱུར་རོ། །རླུང་གི་ཁམས་ལ་གནས་
པར་མྱི་འགྱུར་རོ། །ནམ་མཁའི་ཁམས་ལ་གནས་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་ལ་གནས་པར་མྱི་འགྱུར་རོ། །མ་རིག་པ་ལ་གནས་པར་མྱི་འགྱུར་རོ། །འདུ་བྱེད་ལ་གནས་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་ལ་གནས་པར་མྱི་འགྱུར་རོ། །
མྱིང་དང་གཟུགས་ལ་གནས་པར་མྱི་འགྱུར་རོ། །སྐྱེ་མཆེད་དྲུག་ལ་གནས་པར་མྱི་འགྱུར་རོ། །རེག་པ་ལ་གནས་པར་མྱི་འགྱུར་རོ། །ཚོར་བ་ལ་གནས་པར་མྱི་འགྱུར་རོ། །སྲེད་པ་ལ་གནས་པར་མྱི་འགྱུར་རོ། །ལེན་པ་ལ་གནས་པར་མྱི་འགྱུར་རོ། །སྲིད་པ་
ལ་གནས་པར་མྱི་འགྱུར་རོ། །སྐྱེ་བ་ལ་གནས་པར་མྱི་འགྱུར་རོ། །རྒ་ཤི་ལ་གནས་པར་མྱི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
ལ་གནས་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་ལ་གནས་པར་མྱི་
འགྱུར་རོ། །ཕྱི་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ལ་གནས་པར་མི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ལ་གནས་པར་མྱི་
འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །

དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་
པ་ཉིད་ལ་གནས་པར་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་
གནས་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་ལ་གནས་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་པར་མྱི་འགྱུར་རོ། །དབང་པོ་ལྔ་ལ་གནས་པར་མི་འགྱུར་རོ། །སྟོབས་ལྔ་ལ་གནས་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་
ལ་གནས་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་བཞི་ལ་གནས་པར་མྱི་འགྱུར་རོ། །བསམ་གཏན་བཞི་ལ་གནས་པར་མྱི་འགྱུར་རོ། །ཚད་མེད་པ་བཞི་ལ་གནས་པར་མི་
འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་གནས་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ལ་གནས་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་
སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས་པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་ལ་གནས་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་ལ་གནས་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ལ་གནས་པར་མྱི་འགྱུར་རོ། །
དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས་པར་མྱི་འགྱུར་རོ། །མྱི་འཇིགས་པ་བཞི་ལ་གནས་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་ལ་གནས་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་ལ་གནས་པར་མྱི་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་མྱི་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པར་མྱི་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་མྱི་འགྱུར་རོ། །
དགྲ་བཅོམ་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །རང་བྱང་ཆུབ་ལ་གནས་པར་མྱི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་
འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་ཆགས་པ་མྱེད་པའི་ཕྱིར། གང་ལ་ཡང་གནས་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
དེས་གང་ལ་མངོན་པར་ཆགས་པར་བྱ་བ་འམ། གནས་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཆགས་པ་མྱེད་པ་དང་གནས་པ་མྱེད་པའི་ཚུལ་
གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་། གང་དེ་ལྟར་སྤྱོད་པ་དང་། དེ་ལྟར་སྒོམ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེ་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྒོམ་པ་སྟེ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་མོ་སྙམ་སྟེ། གལ་ཏེ་དེ་ལྟར་འདུ་ཤེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་བྱེད་པ་ཡིན་ནོ། །གང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་ཡིན། ནང་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། ཕྱི་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། ཕྱི་ནང་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། སྟོང་པ་ཉིད་སྟོང་པ་
ཉིད་ལས་རིང་དུ་གྱུར་པ་ཡིན། ཆེན་པོ་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། དོན་དམ་པ་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། འདུས་བྱས་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། མཐའ་ལས་
འདས་པ་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། རང་བཞིན་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་
ལས་རིང་དུ་གྱུར་པ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན།
དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་ལས་རིང་དུ་གྱུར་པ་ཡིན། ཡང་དག་པར་སྤོང་བ་བཞི་ལས་རིང་དུ་གྱུར་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་བཞི་ལས་རིང་དུ་གྱུར་པ་ཡིན། དབང་པོ་ལྔ་ལས་
རིང་དུ་གྱུར་པ་ཡིན། སྟོབས་ལྔ་ལས་རིང་དུ་གྱུར་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་བདུན་ལས་རིང་དུ་གྱུར་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་རིང་དུ་གྱུར་པ་ཡིན། འཕགས་པའི་བདེན་པ་བཞི་ལས་རིང་དུ་གྱུར་པ་ཡིན།
བསམ་གཏན་བཞི་ལས་རིང་དུ་གྱུར་པ་ཡིན། ཚད་མེད་པ་བཞི་ལས་རིང་དུ་གྱུར་པ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལས་རིང་དུ་གྱུར་པ་ཡིན། རྣམ་པར་ཐར་པ་བརྒྱད་ལས་རིང་དུ་གྱུར་པ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་

པ་དགུ་ལས་རིང་དུ་གྱུར་པ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་རིང་དུ་གྱུར་པ་ཡིན། མངོན་པར་ཤེས་པ་རྣམས་ལས་རིང་དུ་གྱུར་པ་ཡིན། ཏིང་ངེ་འཛིན་རྣམས་ལས་རིང་དུ་
གྱུར་པ་ཡིན། གཟུངས་ཀྱི་སྒོ་རྣམས་ལས་རིང་དུ་གྱུར་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་རིང་དུ་གྱུར་པ་ཡིན། མྱི་འཇིགས་པ་བཞི་ལས་རིང་དུ་གྱུར་པ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་ལས་རིང་དུ་གྱུར་པ་ཡིན། སྙིང་རྗེ་ཆེན་པོ་
ལས་རིང་དུ་གྱུར་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལས་རིང་དུ་གྱུར་པ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་རིང་དུ་གྱུར་པ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་རིང་དུ་གྱུར་པ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ལས་རིང་དུ་གྱུར་
པ་ཡིན། དགྲ་བཅོམ་པ་ཉིད་ལས་རིང་དུ་གྱུར་པ་ཡིན། རང་བྱང་ཆུབ་ལས་རིང་དུ་གྱུར་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་རིང་དུ་གྱུར་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་གྱུར་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ནི། གང་ལ་ཡང་མངོན་པར་ཆགས་པར་མྱི་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་གང་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་མངོན་པར་ཆགས་པར་འགྱུར་བ་དེ་ལྟ་བུའི་རང་བཞིན་དེ་ལ་མྱེད་དེ། རབ་འབྱོར་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་
དེ་ནི་ཆོས་ཐམས་ཅད་ལས་ཉམས་པར་འགྱུར་རོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་

ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །ཕྱི་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །དོན་
དམ་པ་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །དོར་བ་མྱེད་པ་སྟོང་པ་ཉིད་
ཡོངས་སུ་འཛིན་ཏོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་
སུ་འཛིན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ནའང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་སྤོང་
བ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དབང་པོ་ལྔ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་ལྔ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་
པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་པའི་བདེན་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་
པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བསམ་གཏན་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་
ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚད་མེད་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚད་མེད་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། །གཟུགས་
མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་བརྒྱད་

ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་
ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་
པ་རྣམས་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཏིང་ངེ་འཛིན་རྣམས་ཡོངས་སུ་འཛིན་ཏོ་སྙམ་
ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱི་འཇིགས་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་
ཡིན་ནོ། གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་
ཡིན་ནོ། གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །
གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །
གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་
དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དགྲ་བཅོམ་པ་ཉིད་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རང་བྱང་ཆུབ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ནི། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་ན་ཡང་། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མྱི་བསྟན་ཏོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་བོ། །
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་བོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་བོ། །ནང་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །ཕྱི་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །ཕྱི་ནང་

སྟོང་པ་ཉིད་མངོན་པར་སྒྲུབ་བོ། །སྟོང་པ་ཉིད་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །ཆེན་པོ་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །དོན་དམ་པ་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །འདུས་བྱས་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །འདུས་མ་
བྱས་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །མཐའ་ལས་འདས་པ་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །དོར་བ་མེད་པ་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །རང་བཞིན་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །ཆོས་ཐམས་
ཅད་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །མྱི་དམྱིགས་པ་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །དངོས་པོ་མྱེད་པའི་ངོ་
བོ་ཉིད་སྟོང་པ་ཉིད་མངོན་པར་སྒྲུབ་བོ། །དྲན་པ་ཉེ་བར་གཞག་པ་བཞི་མངོན་པར་སྒྲུབ་བོ། །ཡང་དག་པར་སྤོང་བ་བཞི་མངོན་པར་སྒྲུབ་བོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མངོན་པར་སྒྲུབ་བོ། །དབང་པོ་ལྔ་མངོན་པར་སྒྲུབ་བོ། །སྟོབས་ལྔ་མངོན་པར་སྒྲུབ་བོ། །
བྱང་ཆུབ་ཀྱི་ཡན་ལག་བདུན་མངོན་པར་སྒྲུབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་སྒྲུབ་བོ། །འཕགས་པའི་བདེན་པ་བཞི་མངོན་པར་སྒྲུབ་བོ། །བསམ་གཏན་བཞི་མངོན་པར་སྒྲུབ་བོ། །ཚད་མྱེད་པ་བཞི་མངོན་པར་སྒྲུབ་བོ། །གཟུགས་
མྱེད་པའི་སྙོམས་པར་འཇུག་པ་བཞི་མངོན་པར་སྒྲུབ་བོ། །རྣམ་པར་ཐར་པ་བརྒྱད་མངོན་པར་སྒྲུབ་བོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་སྒྲུབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མངོན་
པར་སྒྲུབ་བོ། །མངོན་པར་ཤེས་པ་རྣམས་མངོན་པར་སྒྲུབ་བོ། །ཏིང་ངེ་འཛིན་རྣམས་མངོན་པར་སྒྲུབ་བོ། །གཟུངས་ཀྱི་སྒོ་རྣམས་མངོན་པར་སྒྲུབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་བོ། །མྱི་འཇིགས་པ་བཞི་མངོན་པར་སྒྲུབ་བོ། །སོ་སོ་ཡང་

དག་པར་རིག་པ་བཞི་མངོན་པར་སྒྲུབ་བོ། །སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མངོན་པར་སྒྲུབ་བོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་
ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་མི་ནུས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ནང་
སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ཕྱི་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མི་ནུས་སོ། །ཕྱི་ནང་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །སྟོང་པ་ཉིད་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ཆེན་པོ་སྟོང་པ་ཉིད་མངོན་པར་བསྒྲུབ་
པར་མྱི་ནུས་སོ། །དོན་དམ་པ་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །འདུས་བྱས་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །འདུས་མ་བྱས་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མངོན་པར་བསྒྲུབ་
པར་མྱི་ནུས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །རང་བཞིན་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མངོན་པར་བསྒྲུབ་
པར་མྱི་ནུས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་

སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །དྲན་པ་ཉེ་བར་གཞག་པ་བཞི་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ཡང་དག་པར་སྤོང་བ་བཞི་མངོན་པར་བསྒྲུབ་པར་མྱི་ནུས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་
མངོན་པར་བསྒྲུབ་པར་མྱི་ནུས་སོ། །དབང་པོ་ལྔ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །སྟོབས་ལྔ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་མངོན་པར་བསྒྲུབ་པར་མྱི་ནུས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་བསྒྲུབ་པར་
མྱི་ནུས་སོ། །འཕགས་པའི་བདེན་པ་བཞི་མངོན་པར་བསྒྲུབ་པར་མྱི་ནུས་སོ། །བསམ་གཏན་བཞི་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ཚད་མྱེད་པ་བཞི་མངོན་པར་བསྒྲུབ་པར་མྱི་ནུས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མངོན་པར་བསྒྲུབ་པར་
མྱི་ནུས་སོ། །རྣམ་པར་ཐར་པ་བརྒྱད་མངོན་པར་བསྒྲུབ་པར་མྱི་ནུས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་མངོན་
པར་བསྒྲུབ་པར་མྱི་ནུས་སོ། །མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་མྱི་ནུས་སོ། །ཏིང་ངེ་འཛིན་རྣམས་མངོན་པར་བསྒྲུབ་པར་མྱི་ནུས་སོ། །གཟུངས་ཀྱི་སྒོ་རྣམས་མངོན་པར་བསྒྲུབ་པར་མྱི་ནུས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་
པར་བསྒྲུབ་པར་མྱི་ནུས་སོ། །མྱི་འཇིགས་པ་བཞི་མངོན་པར་བསྒྲུབ་པར་མྱི་ནུས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་མངོན་པར་བསྒྲུབ་པར་མྱི་ནུས་སོ། །སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པར་མྱི་ནུས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མངོན་པར་བསྒྲུབ་
པར་མྱི་ནུས་སོ། །གལ་ཏེ་ཡང་དེ་འདི་སྙམ་དུ་དེ་བཞིན་གཤེགས་པས་ནི། ཆོས་ཐམས་ཅད་ཡོངས་སུ་བཟུང་སྟེ། རང་གིས་མངོན་པར་རྫོགས་པར་སངས་རྒྱས་ནས། བཤད་དོ། །བསྟན་ཏོ། །རབ་ཏུ་ཕྱེའོ་སྙམ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པ་ནི་མཐོང་བའི་
ཆོས་གང་ཡང་འདོགས་པ་མྱེད་ན། ཆོས་ལ་ལ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་
ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་ཆོས་ཐམས་ཅད་ནི་ཆགས་པ་མྱེད་པ་སྟེ། ཡོངས་སུ་མ་བཟུང་བའོ། དེ་ལྟར་ཆོས་ཐམས་ཅད་ཆགས་པ་མྱེད་ཅིང་ཡོངས་སུ་མ་བཟུང་བ་ནི། མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ་ཞེས་བྱ་བར་ཡང་དག་པར་ཤེས་ཏེ།
གལ་ཏེ་དེ་ལྟར་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡོངས་སུ་མ་བཟུང་བའི་ཆོས་ཐམས་ཅད་ལ་མངོན་པར་ཆགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་
ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་ཆགས་པས་བརྗོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ།། །།གསོལ་པ། བཅོམ་ལྡན་འདས་ཅི་ལགས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་

བྲལ་བ་ལགས་སམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་དང་མ་བྲལ་བ་ལགས་
སམ། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། འདུས་བྱས་
སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། འདུས་མ་བྱས་སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་འདས་པ་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། ཐོག་མ་
དང་ཐ་མ་མྱེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། དོར་བ་མྱེད་པ་སྟོང་པ་ཉིད་དོར་བ་མྱེད་པ་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ།
ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། རང་གི་མཚན་ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་སྟོང་པ་ཉིད་དང་མ་བྲལ་བ་ལགས་
སམ། དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པ་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་

དང་མ་བྲལ་བ་ལགས་སམ། དྲན་པ་ཉེ་བར་གཞག་པ་བཞི་དྲན་པ་ཉེ་བར་གཞག་པ་རྣམས་དང་མ་བྲལ་བ་ལགས་སམ། ཡང་དག་པར་སྤོང་བ་བཞི་ཡང་དག་པར་སྤོང་བ་རྣམས་དང་མ་བྲལ་བ་ལགས་སམ། རྫུ་འཕྲུལ་གྱི་རྐང་པ་བཞི་རྫུ་འཕྲུལ་གྱི་རྐང་པ་རྣམས་
དང་མ་བྲལ་བ་ལགས་སམ། དབང་པོ་ལྔ་དབང་པོ་རྣམས་དང་མ་བྲལ་བ་ལགས་སམ། སྟོབས་ལྔ་སྟོབས་རྣམས་དང་མ་བྲལ་བ་ལགས་སམ། བྱང་ཆུབ་ཀྱི་ཡན་ལག་བདུན་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་མ་བྲལ་བ་ལགས་སམ། འཕགས་པའི་ལམ་
ཡན་ལག་བརྒྱད་པ་ལམ་དང་མ་བྲལ་བ་ལགས་སམ། འཕགས་པའི་བདེན་པ་བཞི་འཕགས་པའི་བདེན་པ་རྣམས་དང་མ་བྲལ་བ་ལགས་སམ། བསམ་གཏན་བཞི་བསམ་གཏན་རྣམས་དང་མ་བྲལ་བ་ལགས་སམ། ཚད་མྱེད་པ་བཞི་ཚད་མྱེད་པ་རྣམས་དང་
མ་བྲལ་བ་ལགས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་མ་བྲལ་བ་ལགས་སམ། རྣམ་པར་ཐར་པ་བརྒྱད་རྣམ་པར་ཐར་པ་རྣམས་དང་མ་བྲལ་བ་ལགས་སམ། མཐར་ཀྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་མ་བྲལ་བ་ལགས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་ཐར་པའི་སྒོ་རྣམས་དང་མ་བྲལ་བ་ལགས་སམ། མངོན་པར་
ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་དང་མ་བྲལ་བ་ལགས་སམ། ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་དང་མ་བྲལ་བ་ལགས་སམ། གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་དང་མ་བྲལ་བ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུ་
དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མ་བྲལ་བ་ལགས་སམ། མྱི་འཇིགས་པ་བཞི་མྱི་འཇིགས་པ་རྣམས་དང་མ་བྲལ་བ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་སོ་སོ་ཡང་དག་པར་རིག་པ་རྣམས་དང་མ་བྲལ་བ་ལགས་སམ། བྱམས་པ་

ཆེན་པོ་བྱམས་པ་ཆེན་པོ་དང་མ་བྲལ་བ་ལགས་སམ། སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོ་དང་མ་བྲལ་བ་ལགས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་མ་བྲལ་བ་ལགས་སམ།
རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་མ་བྲལ་བ་ལགས་སམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་མ་བྲལ་བ་ལགས་སམ། ཕྱིར་མྱི་འོང་བའི་འབྲས་བུ། ཕྱིར་མི་འོང་བའི་འབྲས་བུ་དང་
མ་བྲལ་བ་ལགས་སམ། དགྲ་བཅོམ་པ་ཉིད་དགྲ་བཅོམ་པ་ཉིད་དང་མ་བྲལ་བ་ལགས་སམ། རང་བྱང་ཆུབ་རང་བྱང་ཆུབ་དང་མ་བྲལ་བ་ལགས་སམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་མ་བྲལ་བ་ལགས་སམ། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ལགས་སམ། དེ་ལ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་དང་མ་བྲལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་མ་བྲལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། ནང་སྟོང་པ་ཉིད་ཀྱང་ནང་སྟོང་པ་ཉིད་དང་མ་བྲལ། ཕྱི་སྟོང་པ་ཉིད་ཀྱང་ཕྱི་སྟོང་པ་ཉིད་དང་མ་བྲལ། ཕྱི་ནང་སྟོང་པ་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དང་མ་བྲལ། སྟོང་པ་ཉིད་སྟོང་པ་
ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དང་མ་བྲལ། ཆེན་པོ་སྟོང་པ་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དང་མ་བྲལ། དོན་དམ་པ་སྟོང་པ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དང་མ་བྲལ། འདུས་བྱས་སྟོང་པ་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དང་མ་བྲལ། འདུས་མ་བྱས་སྟོང་

པ་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དང་མ་བྲལ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་དང་མ་བྲལ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་མ་བྲལ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་
དོར་བ་མེད་པ་སྟོང་པ་ཉིད་དང་མ་བྲལ། རང་བཞིན་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དང་མ་བྲལ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དང་མ་བྲལ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་
ཉིད་དང་མ་བྲལ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་དང་མ་བྲལ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་དང་མ་བྲལ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དང་མ་བྲལ། དངོས་པོ་མྱེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་མ་བྲལ། དྲན་པ་ཉེ་བར་གཞག་པ་བཞི་ཡང་དྲན་པ་ཉེ་བར་གཞག་པ་རྣམས་དང་མ་བྲལ། ཡང་དག་པར་སྤོང་བ་བཞི་ཡང་ཡང་དག་པར་སྤོང་བ་རྣམས་དང་མ་བྲལ། རྫུ་འཕྲུལ་
ཀྱི་རྐང་པ་བཞི་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་མ་བྲལ། དབང་པོ་ལྔ་ཡང་དབང་པོ་རྣམས་དང་མ་བྲལ། སྟོབས་ལྔ་ཡང་སྟོབས་རྣམས་དང་མ་བྲལ། བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་མ་བྲལ། འཕགས་པའི་ལམ་
ཡན་ལག་བརྒྱད་པ་ཡང་ལམ་དང་མ་བྲལ། འཕགས་པའི་བདེན་པ་བཞི་ཡང་འཕགས་པའི་བདེན་པ་རྣམས་དང་མ་བྲལ། བསམ་གཏན་བཞི་ཡང་བསམ་གཏན་རྣམས་དང་མ་བྲལ། ཚད་མྱེད་པ་བཞི་ཡང་ཚད་མྱེད་པ་རྣམས་དང་མ་བྲལ། གཟུགས་
མྱེད་པའི་སྙོམས་པར་འཇུག་པ་བཞི་ཡང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་མ་བྲལ། རྣམ་པར་ཐར་པ་བརྒྱད་ཀྱང་རྣམ་པར་ཐར་པ་རྣམས་དང་མ་བྲལ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་རྣམས་དང་མ་བྲལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ཡང་རྣམ་པར་ཐར་པའི་སྒོ་རྣམས་དང་མ་བྲལ། མངོན་པར་ཤེས་པ་རྣམས་ཀྱང་མངོན་པར་ཤེས་པ་རྣམས་
དང་མ་བྲལ། ཏིང་ངེ་འཛིན་རྣམས་ཀྱང་ཏིང་ངེ་འཛིན་རྣམས་དང་མ་བྲལ། གཟུངས་ཀྱི་སྒོ་རྣམས་ཀྱང་གཟུངས་ཀྱི་སྒོ་རྣམས་དང་མ་བྲལ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མ་བྲལ། མྱི་འཇིགས་པ་
བཞི་ཡང་མྱི་འཇིགས་པ་རྣམས་དང་མ་བྲལ། སོ་སོ་ཡང་དག་པར་རིག་པ་བཞི་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་དང་མ་བྲལ། སྙིང་རྗེ་ཆེན་པོ་ཡང་སྙིང་རྗེ་ཆེན་པོ་དང་མ་བྲལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་རྣམས་དང་མ་བྲལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་མ་བྲལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་མ་བྲལ། ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཕྱིར་མི་འོང་བའི་འབྲས་
བུ་དང་མ་བྲལ། དགྲ་བཅོམ་པ་ཉིད་ཀྱང་དགྲ་བཅོམ་པ་ཉིད་དང་མ་བྲལ། རང་བྱང་ཆུབ་ཀྱང་རང་བྱང་ཆུབ་དང་མ་བྲལ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་མ་བྲལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཞིག་ལགས་ན་ནི། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་
ལྟར་མངོན་པར་བསྒྲུབ་པར་བགྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི།

ནང་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཕྱི་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཕྱི་ནང་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཆེན་པོ་
སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དོན་དམ་པ་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། འདུས་བྱས་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། འདུས་མ་བྱས་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། མཐའ་
ལས་འདས་པ་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དོར་བ་མེད་པ་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རང་བཞིན་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་
བསྒྲུབ་པར་བགྱི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དངོས་པོ་མེད་པ་
སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དྲན་པ་ཉེ་བར་གཞག་པ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་
པར་བགྱི། ཡང་དག་པར་སྤོང་བ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དབང་པོ་ལྔ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། སྟོབས་ལྔ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི།
བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། འཕགས་པའི་བདེན་པ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བསམ་གཏན་བཞི་ཡང་ཇི་ལྟར་མངོན་

པར་བསྒྲུབ་པར་བགྱི། ཚད་མྱེད་པ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རྣམ་པར་ཐར་པ་བརྒྱད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་
བགྱི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། མངོན་པར་ཤེས་པ་རྣམས་ཀྱང་
ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཏིང་ངེ་འཛིན་རྣམས་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། གཟུངས་ཀྱི་སྒོ་རྣམས་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། མྱི་
འཇིགས་པ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། སོ་སོ་ཡང་དག་པར་རིག་པ་བཞི་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། སྙིང་རྗེ་ཆེན་པོ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་ཇི་ལྟར་
མངོན་པར་བསྒྲུབ་པར་བགྱི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི།
དགྲ་བཅོམ་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རང་བྱང་ཆུབ་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཇི་ལྟར་མངོན་པར་
བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཤེ་འམ། འདི་ནི་གཟུགས་སོ། །འདིའི་གཟུགས་སོ་ཞེས་

བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཚོར་བ་ཞེ་འམ་འདི་ནི་ཚོར་བའོ། །འདིའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །འདུ་ཤེས་ཤེ་འམ། འདི་ནི་འདུ་ཤེས་སོ། །འདིའི་འདུ་ཤེས་སོ་ཤེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །འདུ་
བྱེད་ཅེའམ། འདི་ནི་འདུ་བྱེད་དོ། །འདིའི་འདུ་བྱེད་ཅེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་ཞེའམ། འདི་ནི་རྣམ་པར་ཤེས་པའོ། །འདིའི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །མྱིག་ཅེའམ།
འདི་ནི་མྱིག་གོ །འདིའི་མྱིག་གོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྣ་བ་ཞེ་འམ་འདི་ནི་རྣ་བའོ། །འདིའི་རྣ་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྣ་ཞེ་འམ། འདི་ནི་སྣའོ། །འདིའི་སྣའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །
ལྕེ་ཞེ་འམ། འདི་ནི་ལྕེའོ། །འདིའི་ལྕེའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ལུས་ཤེའམ། འདི་ནི་ལུས་སོ། །འདིའི་ལུས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཡིད་ཅེའམ། འདི་ནི་ཡིད་དོ། །འདིའི་ཡིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་
དོ། །གཟུགས་ཤེ་འམ། འདི་ནི་གཟུགས་སོ། །འདིའི་གཟུགས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྒྲ་ཞེ་འམ་འདི་ནི་སྒྲའོ། འདིའི་སྒྲའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །དྲི་ཞེ་འམ་འདི་ནི་དྲིའོ། །འདིའི་དྲིའོ་ཞེས་བྱ་བར་མངོན་པར་ཆགས་
པ་མྱེད་དོ། །རོ་ཞེ་འམ་འདི་ནི་རོའོ། །འདིའི་རོའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རེག་ཅེ་འམ་འདི་ནི་རེག་གོ །འདིའི་རེག་གོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཆོས་ཤེ་འམ་འདི་ནི་ཆོས་སོ། །འདིའི་ཆོས་སོ་ཤེས་བྱ་བར་མངོན་པར་ཆགས་
པ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཞེའམ། འདི་ནི་མྱིག་གི་རྣམ་པར་ཤེས་པའོ། །འདིའི་མྱིག་གི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཞེ་འམ། འདི་ནི་རྣ་བའི་རྣམ་པར་ཤེས་པའོ། །འདིའི་རྣ་

བའི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་ཞེ་འམ། འདི་ནི་སྣའི་རྣམ་པར་ཤེས་པའོ། །འདིའི་སྣའི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །ལྕེའི་
རྣམ་པར་ཤེས་པ་ཞེ་འམ། འདི་ནི་ལྕེའི་རྣམ་པར་ཤེས་པའོ། །འདིའི་ལྕེའི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཞེ་འམ། འདི་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །འདིའི་ལུས་ཀྱི་རྣམ་པར་ཤེས་
པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞེ་འམ། འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །འདིའི་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །མྱིག་གི་འདུས་ཏེ་རེག་པ་ཞེ་འམ། འདི་ནི་
མྱིག་གི་འདུས་ཏེ་རེག་པའོ། །འདིའི་མྱིག་གི་འདུས་ཏེ་རེག་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཞེ་འམ། འདི་ནི་རྣ་བའི་འདུས་ཏེ་རེག་པའོ། །འདིའི་རྣ་བའི་འདུས་ཏེ་རེག་པའོ་ཞེས་བྱ་བར་མངོན་པར་ཆགས་པ་
མྱེད་དོ། །སྣའི་འདུས་ཏེ་རེག་པ་ཞེ་འམ། འདི་ནི་སྣའི་འདུས་ཏེ་རེག་པའོ། །འདིའི་སྣའི་འདུས་ཏེ་རེག་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །ལྕེའི་འདུས་ཏེ་རེག་པ་ཞེ་འམ། འདི་ནི་ལྕེའི་འདུས་ཏེ་རེག་པའོ། །འདིའི་ལྕེའི་འདུས་ཏེ་རེག་པའོ། །
ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཞེ་འམ། འདི་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །འདིའི་ལུས་ཀྱི་འདུས་ཏེ་རེག་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཞེ་འམ། འདི་ནི་ཡིད་ཀྱི་
འདུས་ཏེ་རེག་པའོ། །འདིའི་ཡིད་ཀྱི་འདུས་ཏེ་རེག་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་

བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་
དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ།
འདི་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །
འདིའི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེ་འམ། འདི་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདིའི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་
བའི་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སའི་ཁམས་ཤེ་འམ། འདི་ནི་སའི་ཁམས་སོ། །འདིའི་སའི་ཁམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཆུའི་ཁམས་ཞེ་འམ། འདི་ནི་ཆུའི་ཁམས་སོ། །འདིའི་ཆུའི་ཁམས་སོ་ཞེས་བྱ་བར་མངོན་པར་
ཆགས་པ་མྱེད་དོ། །མྱེའི་ཁམས་ཤེའམ། འདི་ནི་མྱེའི་ཁམས་སོ། །འདིའི་མྱེའི་ཁམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རླུང་གི་ཁམས་ཤེ་འམ། འདི་ནི་རླུང་གི་ཁམས་སོ། །འདིའི་རླུང་གི་ཁམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་
དོ། ནམ་མཁའི་ཁམས་ཤེའམ། འདི་ནི་ནམ་མཁའི་ཁམས་སོ། །འདིའི་ནམ་མཁའི་ཁམས་སོ་ཤེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ཤེ་འམ། འདི་ནི་རྣམ་པར་ཤེས་པའི་ཁམས་སོ། །འདིའི་རྣམ་པར་ཤེས་པའི་

ཁམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །མ་རིག་པ་ཞེ་འམ། འདི་ནི་མ་རིག་པའོ། །འདིའི་མ་རིག་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །འདུ་བྱེད་ཅེའམ། འདི་ནི་འདུ་བྱེད་དོ། །འདིའི་འདུ་བྱེད་དོ་ཞེས་བྱ་བར་མངོན་
པར་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་ཞེ་འམ། འདི་ནི་རྣམ་པར་ཤེས་པའོ། །འདིའི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །མྱིང་དང་གཟུགས་ཤེ་འམ། འདི་ནི་མྱིང་དང་གཟུགས་སོ། །འདིའི་མྱིང་དང་གཟུགས་སོ་ཞེས་བྱ་
བར་མངོན་པར་ཆགས་པ་མྱེད་དོ། །སྐྱེ་མཆེད་དྲུག་ཅེའམ། འདི་ནི་སྐྱེ་མཆེད་དྲུག་གོ །འདིའི་སྐྱེ་མཆེད་དྲུག་གོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རེག་པ་ཞེ་འམ། འདི་ནི་རེག་པའོ། །འདིའི་རེག་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་
དོ། །ཚོར་བ་ཞེ་འམ། འདི་ནི་ཚོར་བའོ། །འདིའི་ཚོར་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྲེད་པ་ཞེ་འམ། འདི་ནི་སྲེད་པའོ། །འདིའི་སྲེད་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ལེན་པ་ཞེ་འམ། འདི་ནི་ལེན་པའོ། །འདིའི་ལེན་
པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྲིད་པ་ཞེ་འམ། འདི་ནི་སྲིད་པའོ། །འདིའི་སྲིད་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྐྱེ་བ་ཞེ་འམ། འདི་ནི་སྐྱེ་བའོ། །འདིའི་སྐྱེ་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྒ་ཤི་ཞེ་འམ།
འདི་ནི་རྒ་ཤིའོ། །འདིའི་རྒ་ཤིའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་བཟོད་པའི་

ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་འམ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ནང་སྟོང་པ་ཉིད་ཅེ་འམ། འདི་ནི་ནང་སྟོང་པ་ཉིད་དོ། །འདིའི་ནང་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ཅེའམ། འདི་ནི་ཕྱི་སྟོང་པ་
ཉིད་དོ། །འདིའི་ཕྱི་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །ཕྱི་ནང་སྟོང་པ་ཉིད་ཅེ་འམ། འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདིའི་ཕྱི་ནང་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཅེ་འམ།
འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདིའི་སྟོང་པ་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ཅེ་འམ། འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །འདིའི་ཆེན་པོ་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །དོན་
དམ་པ་སྟོང་པ་ཉིད་ཅེ་འམ། འདི་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདིའི་དོན་དམ་པ་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཅེའམ། འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །འདིའི་འདུས་བྱས་སྟོང་པ་ཉིད་དོ་ཞེས་བྱ་
བར་མངོན་པར་ཆགས་པ་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཅེ་འམ། འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདིའི་འདུས་མ་བྱས་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཅེ་འམ། འདི་ནི་

མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདིའི་མཐའ་ལས་འདས་པ་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེ་འམ། འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །
འདིའི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཅེ་འམ། འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །འདིའི་དོར་བ་མྱེད་པ་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རང་
བཞིན་སྟོང་པ་ཉིད་ཅེ་འམ། འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདིའི་རང་བཞིན་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཅེ་འམ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདིའི་ཆོས་ཐམས་ཅད་སྟོང་
པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཅེ་འམ། འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདིའི་རང་གི་མཚན་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཅེ་
འམ། འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདིའི་མྱི་དམྱིགས་པ་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཅེ་འམ། འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །འདིའི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ་ཞེས་
བྱ་བར་མངོན་པར་ཆགས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཅེ་འམ། འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདིའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེ་འམ། འདི་ནི་དངོས་པོ་མྱེད་པའི་
ངོ་བོ་ཉིད་སྟོང་པ་ཉིད་དོ། །འདིའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཞེ་འམ། འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདིའི་དྲན་པ་ཉེ་བར་གཞག་པ་རྣམས་སོ་ཞེས་བྱ་

བར་མངོན་པར་ཆགས་པ་མྱེད་དོ། །ཡང་དག་པར་སྤོང་བ་བཞི་ཞེ་འམ། འདི་དག་ནི་ཡང་དག་པར་སྤོང་བ་རྣམས་སོ། །འདིའི་ཡང་དག་པར་སྤོང་བ་རྣམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཞེ་འམ། འདི་དག་ནི་རྫུ་འཕྲུལ་
གྱི་རྐང་པ་རྣམས་སོ། །འདིའི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །དབང་པོ་ལྔ་ཞེ་འམ། འདི་དག་ནི་དབང་པོ་རྣམས་སོ། །འདིའི་དབང་པོ་རྣམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །སྟོབས་ལྔ་ཞེ་འམ།
འདི་དག་ནི་སྟོབས་རྣམས་སོ། །འདིའི་སྟོབས་རྣམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཞེའམ། འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདིའི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་ཞེས་བྱ་བར་མངོན་པར་
ཆགས་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེ་འམ། འདི་ནི་ལམ་མོ། །འདིའི་ལམ་མོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །འཕགས་པའི་བདེན་པ་བཞི་ཞེའམ། འདི་དག་ནི་འཕགས་པའི་བདེན་པ་རྣམས་སོ། །འདིའི་འཕགས་
པའི་བདེན་པ་རྣམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །བསམ་གཏན་བཞི་ཞེ་འམ། འདི་དག་ནི་བསམ་གཏན་རྣམས་སོ། །འདིའི་བསམ་གཏན་རྣམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མྱེད་དོ། །ཚད་མེད་པ་བཞི་ཞེ་འམ། འདི་དག་ནི་
ཚད་མྱེད་པ་རྣམས་སོ། །འདིའི་ཚད་མྱེད་པ་རྣམས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཞེ་འམ། འདི་དག་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །འདིའི་གཟུགས་མྱེད་