Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 024_འབུམ།_ད

Văn bản gốc(Tây Tạng)

Trang 2 / 23 (50.000 ký tự/trang)
ོ་རིན་པོ་ཆེ་དེ་དང་། རྟ་རིན་པོ་ཆེ་དེ་དག་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་མདུན་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་མདུན་དུ་
འགྲོ་སྟེ། མདུན་དུ་སོང་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་ཏེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་ནི་དེ་ཡིན་ཏེ། ཅིའང་ནུས་པ་མྱེད་པ་ངོ་བོ་ཉིད་ཀྱིས་སྟོང་ཞིང་གསོ་བ་སྟེ། སྨྱིག་
རྒྱུ་ལྟ་བུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་
ལ་སྤྱོད་པའི་ཚེ། འདི་སྙམ་དུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་ཐབས་ལ་མི་མཁས་པས། འཁོར་བ་ནས་ཡོངས་སུ་གདོན་པར་མྱི་ནུས་ཀྱིས། མ་ལ་བདག་གིས་སེམས་ཅན་དེ་དག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱད་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་ནས། དེ་སེམས་ཅན་དེ་དག་གི་དོན་དུ་ཕྱི་ནང་གི་དངོས་པོ་རྣམས་ཡོངས་སུ་གཏོང་སྟེ། དེ་ཡོངས་སུ་གཏོང་བའི་ཚེ་འདི་སྙམ་སྟེ། བདག་གིས་གང་ཡང་ཡོངས་སུ་མ་གཏང་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་འདི་དག་
ནི་བདག་ཉིད་འཇིག་པའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ཚུལ་ཁྲིམས་ངན་པའི་སྐབས་མྱི་འབྱེད་དེ།
དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ད་འདི་སྙམ་དུ་སེམས་ཏེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ལ་སྲོག་གཅོད་པ་བྱེད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་གྱི་ཚིག་
སྨྲ་བ་དང་། ཕྲ་མ་ཅན་དུ་འགྱུར་བ་དང་། ཞེ་གཅོད་པའི་ཚིག་སྨྲ་བ་དང་། ཚིག་ཀྱལ་པ་ཅན་དུ་འགྱུར་བ་དང་། ཆགས་སེམས་ཅན་དུ་འགྱུར་བ་དང་། གནོད་སེམས་སུ་བྱེད་པ་དང་། ལོག་པར་ལྟ་བ་ཅན་དུ་འགྱུར་བ་དང་། ཡུལ་ལ་སྨོན་པ་དང་། ལྷར་
སྨོན་པ་དང་། ཚངས་པར་སྨོན་པ་དང་། ཉན་ཐོས་ཀྱི་སར་སྨོན་པ་དང་། རང་སངས་རྒྱས་ཀྱི་སར་སྨོན་པ་འདི་ནི་བདག་ཚུལ་དང་མྱི་འདྲའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ཚིག་རྩུབ་པ་དང་། བརླང་བས་རྟག་ཏུ་སྤྱོས་ཤིང་། བརྒྱད་ཀྱང་འཁྲུག་པའི་སེམས་མྱི་སྐྱེད། རྡོ་དབྱུག་དང་། བོང་བ་དང་། མཚོན་གྱིས་བཏབ་ཅིང་བསྣུན་པ་དང་། ལུས་ཀྱི་ཡན་

ལག་གཤགས་སམ། ཡན་ལག་དང་ཉིང་ལག་བཅད་ཀྱང་ཞེ་སྡང་གི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྒྲ་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡོངས་སུ་རྟོག་གོ །གཟུགས་ཐམས་ཅད་དབུ་བ་ལྟ་བུར་ཡོངས་སུ་རྟོག་གོ །རབ་
འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར། ལེ་ལོའི་སེམས་མི་སྐྱེད་དེ།
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། མཐོ་རིས་སུ་སྐྱེ་བའང་ལེ་ལོ་ཅན་གྱིས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱིས། དེ་བས་ན་བདག་གིས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བརྩོན་འགྲུས་བརྩམ་པར་བྱའོ། །རྟག་ཏུ་བརྩོན་པ་མི་འདོར་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་སེམས་མྱི་འཁྲུགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་པའི་བསམ་གཏན་དུ་སྐྱེ་བའང་སེམས་འཁྲུགས་པས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱིས། དེ་བས་ན་བདག་གིས་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བདག་གིས་སེམས་མ་འཁྲུགས་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ནམ་བླ་ན་མྱིད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། ནམ་ཡང་ཤེས་རབ་

དང་བྲལ་བར་མྱི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཞུགས་པར་རྣམ་པ་གཞན་གྱིས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བར་མྱི་ནུས་ཀྱིས། དེ་བས་ན་བདག་གིས་ཤེས་རབ་འཆལ་པ་དང་
ལྡན་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མྱི་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་
ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་མ་མཆིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་ལྔའི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི། མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ནོམ་པ་ཞེས་བགྱི། བླ་ན་མེད་པ་ཞེས་བགྱི་
གོང་ན་མྱེད་པ་ཞེས་བགྱི། མཉམ་པ་མེད་པ་ཞེས་བགྱི། མྱི་མཉམ་པ་དང་མཉམ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི། རྣམ་པ་ཐ་དད་པ་གང་ཡང་
མྱེད་དེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ན་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་
པའི་མྱིང་འཐོབ་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་རྣམ་པ་ཐ་དད་པ་རྣམས་ནི་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་ན། ཁ་དོག་གཅིག་ཏུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ན་ཡང་། ཕ་རོལ་ཏུ་ཕྱིན་
པ་ལྔ་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་འགྱུར་ཏེ། དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཕྱིན་ན་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་ཏེ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །

འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་
བའི་ཁྱད་པར་གང་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་ངོ་བོ་ཉིད་མྱེད་པས། དེའི་ཕྱིར་ཁྱད་པར་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་གང་ལ་ཡང་ཁྱད་པར་མ་མཆིས་ལ་བྱེ་བྲག་མ་མཆིས་ན། རྗེས་སུ་ཐོབ་པར་འགྱུར་བ་ནི་
གང་ཞིག་མཆིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི། མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ནོམ་པ་ཞེས་བགྱི། བླ་ན་མེད་པ་ཞེས་བགྱི། གོང་ན་མེད་པ་
ཞེས་བགྱི། མཉམ་པ་མྱེད་པ་ཞེས་བགྱི། མི་མཉམ་པ་དང་མཉམ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དོན་རྗེས་སུ་ཐོབ་པར་བྱ་བ་ལ། ཆོས་གང་ལ་ཡང་བྱེ་བྲག་དང་ཁྱད་པར་མྱེད་དེ། འོན་
ཀྱང་འཇིག་རྟེན་གྱི་ཐ་སྙད་དང་བརྡར་བྱ་ན། སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་གདོན་པའི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །སེམས་ཅན་དེ་དག་ལ་ཡང་སྐྱེ་བ་མྱེད། འཆི་བ་མྱེད་འཕོ་བ་མྱེད་འབྱུང་བ་མྱེད་དེ། སེམས་ཅན་མེད་པས། ཆོས་ཐམས་ཅད་མྱེད་པར་
རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱ། གཙོ་བོ་ཞེས་བྱ། མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་

ན་མྱེད་པ་ཞེས་བྱ། མཉམ་པ་མྱེད་པ་ཞེས་བྱ། མྱི་མཉམ་པ་དང་མཉམ་པ་ཞེས་བྱ་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་བུད་མེད་གང་ཇི་སྙེད་པ་དེ་དག་གི་ནང་ན་བུད་མེད་རིན་པོ་ཆེ་ནི་རབ་ཅེས་བྱ། གཙོ་བོ་ཞེས་བྱ། མཆོག་ཅེས་བྱ།
དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱ། མཉམ་པ་མྱེད་པ་ཞེས་བྱ། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཅེས་
བགྱི་བ་དང་། གཙོ་བོ་ཞེས་བགྱི་བ་དང་། མཆོག་ཅེས་བགྱི་བ་དང་། དམ་པ་ཞེས་བགྱི་བ་དང་། ཕུལ་ཞེས་བགྱི་བ་དང་། གྱ་ནོམ་པ་ཞེས་བགྱི་བ་དང་། བླ་ན་མེད་པ་ཞེས་བགྱི་བ་དང་། གོང་ན་མྱེད་པ་ཞེས་བགྱི་བ་དང་། མཉམ་པ་མྱེད་པ་ཞེས་བགྱི་བ་དང་།
མྱི་མཉམ་པ་དང་མཉམ་པ་ཞེས་བགྱི་བ་དེ་ཅི་ལས་དགོངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞིང་མྱི་གནས་པའི་ཚུལ་གྱིས། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པ་འམ། གཏོང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་དེ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ། གཏོང་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མྱེད་པ་དང་། བཏང་བ་མྱེད་པའི་ཕྱིར་རོ། །གསོལ་པ།
བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་མྱི་འཛིན་མྱི་གཏོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་ཤེས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བྱེད་ཡོངས་སུ་མྱི་འཛིན་མྱི་གཏོང་
ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བ་ཡོངས་སུ་མི་འཛིན་མི་གཏོང་
ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །
རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒྲ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་
འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རོ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རེག་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་
མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མྱི་
གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མྱི་གཏོང་
ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་
བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སའི་ཁམས་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆུའི་ཁམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མེའི་ཁམས་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རླུང་གི་ཁམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པའི་ཁམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་རིག་པ་ཡོངས་
སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བྱེད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིང་དང་གཟུགས་ཡོངས་སུ་
མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་མཆེད་དྲུག་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རེག་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲེད་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལེན་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲིད་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་སྐྱེ་བ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒ་ཤི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་
འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེན་པོ་སྟོང་པ་ཉིད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་
ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་
གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་
སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་ཡང་དག་པར་སྤོང་བ་བཞི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དབང་པོ་ལྔ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་ལྔ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མི་འཛིན་
མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་བདེན་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་བཞི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མྱེད་པ་བཞི་ཡོངས་སུ་མྱི་
འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པ་བརྒྱད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐར་ཀྱིས་
གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་
པར་ཤེས་པ་རྣམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཏིང་ངེ་འཛིན་རྣམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་འཇིགས་པ་བཞི་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་
སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དགྲ་བཅོམ་
པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བྱང་ཆུབ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །གསོལ་པ།
བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་ཤེས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ལགས།
ཇི་ལྟར་ན་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེ་ཡོངས་སུ་མ་
བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ལགས།
ཇི་ལྟར་ན་དྲི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རོ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རེག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆོས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་གི་རྣམ་པར་ཤེས་པ་

ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་
མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་
ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་
ན་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས།
ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་
ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་
ན་སའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མེའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རླུང་གི་ཁམས་ཡོངས་སུ་མ་བཟུང་མ་བཏང་

བ་ལགས། ཇི་ལྟར་ན་ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་བྱེད་
ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིང་དང་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ལགས།
ཇི་ལྟར་ན་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་
སྲིད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྐྱེ་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་
ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་
ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་ཡོངས་སུ་
མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

ན་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མཐའ་ལས་
འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་བཞིན་སྟོང་
པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་
ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་
སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡང་དག་པར་སྤོང་བ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་
ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དབང་པོ་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྟོབས་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མ་བཟུང་མ་བཏང་བ་ལགས།
ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འཕགས་པའི་བདེན་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བསམ་གཏན་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

ན་ཚད་མྱེད་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མཐར་ཀྱིས་
གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་
ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་བཟུང་མ་བཏང་
བ་ལགས། ཇི་ལྟར་ན་མྱི་འཇིགས་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཕྱིར་མྱི་འོང་
བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས།
ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡིད་ལ་མྱི་བྱེད་པས། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་ཡིད་ལ་མྱི་བྱེད་པས། ཚོར་བ་

ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་ཤེས་ཡིད་ལ་མྱི་བྱེད་པས། འདུ་ཤེས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་འདི་ལ་མི་བྱེད་པས། འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡིད་
ལ་མི་བྱེད་པས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་ཡིད་ལ་མྱི་བྱེད་པས། མྱིག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བ་ཡིད་ལ་མྱི་བྱེད་པས། རྣ་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣ་ཡིད་ལ་མྱི་བྱེད་པས།
སྣ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེ་ཡིད་ལ་མྱི་བྱེད་པས། ལྕེ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཡིད་ལ་མི་བྱེད་པས། ལུས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཡིད་ལ་མྱི་བྱེད་པས། ཡིད་ཡོངས་སུ་མ་བཟུང་མ་བཏང་
བ་ཡིན་ནོ། །གཟུགས་ཡིད་ལ་མྱི་བྱེད་པས། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྒྲ་ཡིད་ལ་མྱི་བྱེད་པས། སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དྲི་ཡིད་ལ་མྱི་བྱེད་པས། དྲི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རོ་ཡིད་ལ་མྱི་
བྱེད་པས། རོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་ཡིད་ལ་མི་བྱེད་པས། རེག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཡིད་ལ་མི་བྱེད་པས། ཆོས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་གི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་
པས། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད་པས། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། སྣའི་རྣམ་པར་
ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་

བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མིག་གི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱེད་པས། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་
ནོ། །རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས། སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་
ཡིད་ལ་མི་བྱེད་པས། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱེད་པས། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས།
ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་
བའི་ཚོར་བ་ཡིད་ལ་མྱི་བྱེད་པས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད་པས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་
མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད་པས། ལུས་ཀྱི་
འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད་པས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སའི་ཁམས་

ཡིད་ལ་མི་བྱེད་པས། སའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆུའི་ཁམས་ཡིད་ལ་མྱི་བྱེད་པས། ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱེའི་ཁམས་ཡིད་ལ་མི་བྱེད་པས། མྱེའི་
ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རླུང་གི་ཁམས་ཡིད་ལ་མི་བྱེད་པས། རླུང་གི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནམ་མཁའི་ཁམས་ཡིད་ལ་མི་བྱེད་པས། ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་
ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཡིད་ལ་མྱི་བྱེད་པས། རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མ་རིག་པ་ཡིད་ལ་མྱི་བྱེད་པས། མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་ཡིད་ལ་མི་
བྱེད་པས། འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད་པས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིང་དང་གཟུགས་ཡིད་ལ་མི་བྱེད་པས། མྱིང་དང་གཟུགས་ཡོངས་སུ་མ་བཟུང་
མ་བཏང་བ་ཡིན་ནོ། །སྐྱེ་མཆེད་དྲུག་ཡིད་ལ་མྱི་བྱེད་པས། སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་པ་ཡིད་ལ་མི་བྱེད་པས། རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་ཡིད་ལ་མི་བྱེད་པས། ཚོར་བ་ཡོངས་
སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲེད་པ་ཡིད་ལ་མྱི་བྱེད་པས། སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལེན་པ་ཡིད་ལ་མྱི་བྱེད་པས། ལེན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲིད་པ་ཡིད་ལ་མྱི་བྱེད་པས། སྲིད་པ་ཡོངས་
སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྐྱེ་བ་ཡིད་ལ་མྱི་བྱེད་པས། སྐྱེ་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒ་ཤི་ཡིད་ལ་མྱི་བྱེད་པས། རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད་པས།

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པས་
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་
བྱེད་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནང་སྟོང་པ་ཉིད་ཡིད་ལ་མི་བྱེད་པས།
ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །
སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་
དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། འདུས་མ་བྱས་སྟོང་པ་ཉིད་
ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ཐོག་མ་དང་ཐ་མ་མྱེད་པ་

སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། རང་བཞིན་
སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། རང་གི་མཚན་ཉིད་སྟོང་པ་
ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་
མ་བཟུང་མ་བཏང་བ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་
བཟུང་མ་བཏང་བ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་མི་བྱེད་པས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་ཡིད་ལ་མི་བྱེད་པས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་མ་བཟུང་མ་
བཏང་བ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡིད་ལ་མི་བྱེད་པས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དབང་པོ་ལྔ་ཡིད་ལ་མྱི་བྱེད་པས། དབང་པོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྟོབས་ལྔ་ཡིད་ལ་
མྱི་བྱེད་པས། སྟོབས་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡིད་ལ་མྱི་བྱེད་པས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མི་བྱེད་

པས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ཡིད་ལ་མྱི་བྱེད་པས། འཕགས་པའི་བདེན་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་བཞི་ཡིད་ལ་མི་བྱེད་
པས། བསམ་གཏན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚད་མེད་པ་བཞི་ཡིད་ལ་མྱི་བྱེད་པས། ཚད་མེད་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡིད་ལ་མྱི་བྱེད་པས། གཟུགས་
མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཡིད་ལ་མྱི་བྱེད་པས། རྣམ་པར་ཐར་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མི་བྱེད་
པས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ཡིད་ལ་མྱི་བྱེད་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་
མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཡིད་ལ་མི་བྱེད་པས། མངོན་པར་ཤེས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཡིད་ལ་མྱི་བྱེད་པས།
ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཡིད་ལ་མི་བྱེད་པས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིད་ལ་མྱི་བྱེད་པས། དེ་བཞིན་གཤེགས་
པའི་སྟོབས་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱི་འཇིགས་པ་བཞི་ཡིད་ལ་མྱི་བྱེད་པས། མི་འཇིགས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་མྱི་བྱེད་པས། སོ་སོ་ཡང་དག་པར་རིག་པ་རྣམས་

ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྙིང་རྗེ་ཆེན་པོ་ཡིད་ལ་མྱི་བྱེད་པས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡིད་ལ་མྱི་བྱེད་པས། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིད་ལ་མི་བྱེད་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིད་ལ་མྱི་བྱེད་པས་
ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡིད་ལ་མྱི་བྱེད་པས། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཡིད་ལ་མྱི་བྱེད་པས། དགྲ་
བཅོམ་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་བྱང་ཆུབ་ཡིད་ལ་མྱི་བྱེད་པས། རང་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིད་ལ་མྱི་བྱེད་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མ་
བཟུང་མ་བཏང་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མྱི་བྱེད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རབ་འབྱོར་དེ་ལྟར་ན། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་
ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་ཤེས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བ་
ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུགས་ཡོངས་སུ་མ་བཟུང་

མ་བཏང་བ་ཡིན་ནོ། །སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དྲི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །
མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་
ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་
བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་
ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་
ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱེའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རླུང་གི་ཁམས་ཡོངས་སུ་མ་བཟུང་

མ་བཏང་བ་ཡིན་ནོ། །ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་ཡོངས་
སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིང་དང་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་པ་ཡོངས་སུ་མ་བཟུང་
མ་བཏང་བ་ཡིན་ནོ། །ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལེན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲིད་པ་ཡོངས་སུ་མ་ཟུང་མ་བཏང་བ་ཡིན་ནོ། །སྐྱེ་བ་ཡོངས་སུ་མ་བཟུང་
མ་བཏང་བ་ཡིན་ནོ། །རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་མ་བཟུང་མ་བཏང་བ་ཡིན་ནོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་
ཡིན་ནོ། །ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་
ནོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་

བཏང་བ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་བཞིན་
སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་
བཏང་བ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དྲན་པ་ཉེ་
བར་གཞག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དབང་པོ་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་
ནོ། །སྟོབས་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་བདེན་པ་བཞི་
ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚད་མྱེད་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །
རྣམ་པར་ཐར་པ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མ་བཟུང་

མ་བཏང་བ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དེ་
བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱི་འཇིགས་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་མ་
བཏང་བ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །
ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མ་བཟུང་
མ་བཏང་བ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཟུགས་ཡིད་ལ་མྱི་བགྱི། ཚོར་བ་ཡིད་ལ་མྱི་བགྱི་
འདུ་ཤེས་ཡིད་ལ་མི་བགྱི། འདུ་བྱེད་ཡིད་ལ་མི་བགྱི། རྣམ་པར་ཤེས་པ་ཡིད་ལ་མྱི་བགྱི། མྱིག་ཡིད་ལ་མྱི་བགྱི། རྣ་བ་ཡིད་ལ་མྱི་བགྱི། སྣ་ཡིད་ལ་མྱི་བགྱི། ལྕེ་ཡིད་ལ་མྱི་བགྱི། ལུས་ཡིད་ལ་མྱི་བགྱི། ཡིད་ཡིད་ལ་མྱི་བགྱི། གཟུགས་
ཡིད་ལ་མྱི་བགྱི། སྒྲ་ཡིད་ལ་མྱི་བགྱི། དྲི་ཡིད་ལ་མྱི་བགྱི། རོ་ཡིད་ལ་མྱི་བགྱི། རེག་ཡིད་ལ་མྱི་བགྱི། ཆོས་ཡིད་ལ་མྱི་བགྱི། མྱིག་གི་རྣམ་པར་ཤེས་པ་ཡིད་ལ་མྱི་བགྱི། རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མྱི་བགྱི། སྣའི་རྣམ་པར་ཤེས་པ་ཡིད་ལ་མྱི་

བགྱི། ལྕེའི་རྣམ་པར་ཤེས་པ་ཡིད་ལ་མྱི་བགྱི། ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མྱི་བགྱི། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མྱི་བགྱི། མྱིག་གི་འདུས་ཏེ་རེག་པ་ཡིད་ལ་མྱི་བགྱི། རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མྱི་བགྱི། སྣའི་འདུས་ཏེ་
རེག་པ་ཡིད་ལ་མྱི་བགྱི། ལྕེའི་འདུས་ཏེ་རེག་པ་ཡིད་ལ་མྱི་བགྱི། ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མྱི་བགྱི། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མི་བགྱི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མི་བགྱི། རྣ་བའི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བགྱི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བགྱི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མི་བགྱི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བགྱི། ཡིད་ཀྱི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བགྱི། སའི་ཁམས་ཡིད་ལ་མྱི་བགྱི། ཆུའི་ཁམས་ཡིད་ལ་མྱི་བགྱི། མྱེའི་ཁམས་ཡིད་ལ་མྱི་བགྱི། རླུང་གི་ཁམས་ཡིད་ལ་མྱི་བགྱི། ནམ་མཁའི་ཁམས་ཡིད་ལ་མྱི་བགྱི། རྣམ་པར་ཤེས་པའི་
ཁམས་ཡིད་ལ་མྱི་བགྱི། མ་རིག་པ་ཡིད་ལ་མྱི་བགྱི། འདུ་བྱེད་ཡིད་ལ་མྱི་བགྱི། རྣམ་པར་ཤེས་པ་ཡིད་ལ་མྱི་བགྱི། མྱིང་དང་གཟུགས་ཡིད་ལ་མི་བགྱི། སྐྱེ་མཆེད་དྲུག་ཡིད་ལ་མྱི་བགྱི། རེག་པ་ཡིད་ལ་མྱི་བགྱི། ཚོར་བ་ཡིད་ལ་མྱི་བགྱི།
སྲེད་པ་ཡིད་ལ་མྱི་བགྱི། ལེན་པ་ཡིད་ལ་མྱི་བགྱི། སྲིད་པ་ཡིད་ལ་མི་བགྱི། སྐྱེ་བ་ཡིད་ལ་མྱི་བགྱི། རྒ་ཤི་ཡིད་ལ་མྱི་བགྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བགྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བགྱི། བཟོད་པའི་
ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བགྱི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བགྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བགྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བགྱི། ནང་སྟོང་པ་ཉིད་ཡིད་ལ་མི་བགྱི། ཕྱི་སྟོང་པ་

ཉིད་ཡིད་ལ་མྱི་བགྱི། ཕྱི་ནང་སྟོང་པ་ཉིད་ཡིད་ལ་མྱི་བགྱི། སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བགྱི། ཆེན་པོ་སྟོང་པ་ཉིད་ཡིད་ལ་མྱི་བགྱི། དོན་དམ་པ་སྟོང་པ་ཉིད་ཡིད་ལ་མྱི་བགྱི། འདུས་བྱས་སྟོང་པ་ཉིད་ཡིད་ལ་མྱི་
བགྱི། འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མི་བགྱི། མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མྱི་བགྱི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བགྱི། དོར་བ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བགྱི། རང་བཞིན་སྟོང་པ་ཉིད་ཡིད་ལ་མྱི་
བགྱི། ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་མྱི་བགྱི། རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བགྱི། མྱི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མི་བགྱི། དངོས་པོ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བགྱི། ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བགྱི།
དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བགྱི། དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་མྱི་བགྱི། ཡང་དག་པར་སྤོང་བ་བཞི་ཡིད་ལ་མྱི་བགྱི། རྫུ་འཕྲུལ་གྱི་རྐང་པ་བཞི་ཡིད་ལ་མྱི་བགྱི། དབང་པོ་ལྔ་ཡིད་ལ་མྱི་བགྱི། སྟོབས་ལྔ་ཡིད་
ལ་མྱི་བགྱི། བྱང་ཆུབ་ཀྱི་ཡན་ལག་བདུན་ཡིད་ལ་མྱི་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མྱི་བགྱི། འཕགས་པའི་བདེན་པ་བཞི་ཡིད་ལ་མི་བགྱི། བསམ་གཏན་བཞི་ཡིད་ལ་མི་བགྱི། ཚད་མྱེད་པ་བཞི་ཡིད་ལ་མྱི་བགྱི།
གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡིད་ལ་མི་བགྱི། རྣམ་པར་ཐར་པ་བརྒྱད་ཡིད་ལ་མི་བགྱི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མི་བགྱི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།
སྨོན་པ་མྱེད་པ་ཡིད་ལ་མི་བགྱི། མངོན་པར་ཤེས་པ་རྣམས་ཡིད་ལ་མི་བགྱི། ཏིང་ངེ་འཛིན་རྣམས་ཡིད་ལ་མི་བགྱི། གཟུངས་ཀྱི་སྒོ་རྣམས་ཡིད་ལ་མྱི་བགྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིད་ལ་མི་བགྱི། མྱི་འཇིགས་པ་བཞི་ཡིད་

ལ་མི་བགྱི། སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་མྱི་བགྱི། སྙིང་རྗེ་ཆེན་པོ་ཡིད་ལ་མྱི་བགྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡིད་ལ་མྱི་བགྱི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིད་ལ་མི་བགྱི། ལན་ཅིག་ཕྱིར་འོང་བའི་འབྲས་
བུ་ཡིད་ལ་མྱི་བགྱི། ཕྱིར་མི་འོང་བའི་འབྲས་བུ་ཡིད་ལ་མྱི་བགྱི། དགྲ་བཅོམ་པ་ཉིད་ཡིད་ལ་མྱི་བགྱི། རང་བྱང་ཆུབ་ཡིད་ལ་མྱི་བགྱི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིད་ལ་མྱི་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མྱི་བགྱི་ན།
འོ་ན་བཅོམ་ལྡན་འདས་གཟུགས་ཡིད་ལ་མ་བགྱིས། ཚོར་བ་ཡིད་ལ་མ་བགྱིས། འདུ་ཤེས་ཡིད་ལ་མ་བགྱིས། འདུ་བྱེད་ཡིད་ལ་མ་བགྱིས། རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། མྱིག་ཡིད་ལ་མ་བགྱིས། རྣ་བ་ཡིད་ལ་མ་བགྱིས།
སྣ་ཡིད་ལ་མ་བགྱིས། ལྕེ་ཡིད་ལ་མ་བགྱིས། ལུས་ཡིད་ལ་མ་བགྱིས། ཡིད་ཡིད་ལ་མ་བགྱིས། གཟུགས་ཡིད་ལ་མ་བགྱིས། སྒྲ་ཡིད་ལ་མ་བགྱིས། དྲི་ཡིད་ལ་མ་བགྱིས། རོ་ཡིད་ལ་མ་བགྱིས། རེག་ཡིད་ལ་མ་བགྱིས། ཆོས་ཡིད་
ལ་མ་བགྱིས། མྱིག་གི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། སྣའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། ལྕེའི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་
བགྱིས། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། མྱིག་གི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། སྣའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། ལྕེའི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། ལུས་ཀྱི་འདུས་
ཏེ་རེག་པ་ཡིད་ལ་མ་བགྱིས། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མ་བགྱིས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

ཡིད་ལ་མ་བགྱིས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མ་བགྱིས། སའི་ཁམས་
ཡིད་ལ་མ་བགྱིས། ཆུའི་ཁམས་ཡིད་ལ་མ་བགྱིས། མྱེའི་ཁམས་ཡིད་ལ་མ་བགྱིས། རླུང་གི་ཁམས་ཡིད་ལ་མ་བགྱིས། ནམ་མཁའི་ཁམས་ཡིད་ལ་མ་བགྱིས། རྣམ་པར་ཤེས་པའི་ཁམས་ཡིད་ལ་མ་བགྱིས། མ་རིག་པ་ཡིད་ལ་མ་བགྱིས།
འདུ་བྱེད་ཡིད་ལ་མ་བགྱིས། རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། མྱིང་དང་གཟུགས་ཡིད་ལ་མ་བགྱིས། སྐྱེ་མཆེད་དྲུག་ཡིད་ལ་མ་བགྱིས། རེག་པ་ཡིད་ལ་མ་བགྱིས། ཚོར་བ་ཡིད་ལ་མ་བགྱིས། སྲེད་པ་ཡིད་ལ་མ་བགྱིས། ལེན་པ་ཡིད་
ལ་མ་བགྱིས། སྲིད་པ་ཡིད་ལ་མ་བགྱིས། སྐྱེ་བ་ཡིད་ལ་མ་བགྱིས། རྒ་ཤི་ཡིད་ལ་མ་བགྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མ་བགྱིས། ནང་སྟོང་པ་ཉིད་ཡིད་ལ་མ་བགྱིས། ཕྱི་སྟོང་པ་ཉིད་ཡིད་ལ་མ་བགྱིས། ཕྱི་ནང་
སྟོང་པ་ཉིད་ཡིད་ལ་མ་བགྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མ་བགྱིས། ཆེན་པོ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དོན་དམ་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། འདུས་བྱས་སྟོང་པ་ཉིད་ཡིད་ལ་མ་བགྱིས། འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མ་
བགྱིས། མཐའ་ཡས་འདས་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། རང་བཞིན་སྟོང་པ་ཉིད་ཡིད་ལ་མ་བགྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་

ལ་མ་བགྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མ་བགྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡིད་ལ་མ་བགྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མ་བགྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མ་བགྱིས།
དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་མ་བགྱིས། ཡང་དག་པར་སྤོང་བ་བཞི་ཡིད་ལ་མ་བགྱིས། རྫུ་འཕྲུལ་ཀྱི་རྐང་པ་བཞི་ཡིད་ལ་མ་བགྱིས། དབང་པོ་ལྔ་ཡིད་ལ་མ་བགྱིས། སྟོབས་ལྔ་ཡིད་ལ་མ་བགྱིས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡིད་ལ་མ་
བགྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མ་བགྱིས། འཕགས་པའི་བདེན་པ་བཞི་ཡིད་ལ་མ་བགྱིས། བསམ་གཏན་བཞི་ཡིད་ལ་མ་བགྱིས། ཚད་མྱེད་པ་བཞི་ཡིད་ལ་མ་བགྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་
ཡིད་ལ་མ་བགྱིས། རྣམ་པར་ཐར་པ་བརྒྱད་ཡིད་ལ་མ་བགྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མ་བགྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡིད་ལ་མ་བགྱིས།
མངོན་པར་ཤེས་པ་རྣམས་ཡིད་ལ་མ་བགྱིས། ཏིང་ངེ་འཛིན་རྣམས་ཡིད་ལ་མ་བགྱིས། གཟུངས་ཀྱི་སྒོ་རྣམས་ཡིད་ལ་མ་བགྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིད་ལ་མ་བགྱིས། མྱི་འཇིགས་པ་བཞི་ཡིད་ལ་མ་བགྱིས། སོ་སོ་ཡང་
དག་པར་རིག་པ་བཞི་ཡིད་ལ་མ་བགྱིས། སྙིང་རྗེ་ཆེན་པོ་ཡིད་ལ་མ་བགྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡིད་ལ་མ་བགྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིད་ལ་མ་བགྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིད་ལ་མ་བགྱིས་
ཕྱིར་མི་འོང་བའི་འབྲས་བུ་ཡིད་ལ་མ་བགྱིས། དགྲ་བཅོམ་པ་ཉིད་ཡིད་ལ་མ་བགྱིས། རང་བྱང་ཆུབ་ཡིད་ལ་མ་བགྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིད་ལ་མ་བགྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མ་བགྱིས་པར། དགེ་བའི་རྩ་བ་རྣམས་

ཇི་ལྟར་རྣམ་པར་འཕེལ་བར་འགྱུར། དགེ་བའི་རྩ་བ་རྣམས་རྣམ་པར་མ་འཕེལ་ན་ཡང་། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་མ་རྫོགས་ན་ཡང་། ཇི་ལྟར་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ཡིད་ལ་མྱི་བྱེད། ཚོར་བ་ཡིད་ལ་མྱི་བྱེད། འདུ་ཤེས་ཡིད་ལ་མྱི་བྱེད། འདུ་བྱེད་ཡིད་ལ་མྱི་བྱེད། རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད།
མྱིག་ཡིད་ལ་མྱི་བྱེད། རྣ་བ་ཡིད་ལ་མྱི་བྱེད། སྣ་ཡིད་ལ་མྱི་བྱེད། ལྕེ་ཡིད་ལ་མྱི་བྱེད། ལུས་ཡིད་ལ་མྱི་བྱེད། ཡིད་ཡིད་ལ་མྱི་བྱེད། གཟུགས་ཡིད་ལ་མྱི་བྱེད། སྒྲ་ཡིད་ལ་མྱི་བྱེད། དྲི་ཡིད་ལ་མྱི་བྱེད། རོ་ཡིད་ལ་མྱི་བྱེད། རེག་ཡིད་ལ་
མྱི་བྱེད། ཆོས་ཡིད་ལ་མྱི་བྱེད། མྱིག་གི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད། རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད། སྣའི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད། ལྕེའི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད། ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད།
ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད། མྱིག་གི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱེད། རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱེད། སྣའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད། ལྕེའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད། ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད།
ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱེད། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད། ལྕེའི་འདུས་ཏེ་
རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད། སའི་ཁམས་ཡིད་ལ་མྱི་བྱེད། ཆུའི་ཁམས་ཡིད་ལ་མྱི་བྱེད།

མྱེའི་ཁམས་ཡིད་ལ་མྱི་བྱེད། རླུང་གི་ཁམས་ཡིད་ལ་མྱི་བྱེད། ནམ་མཁའི་ཁམས་ཡིད་ལ་མྱི་བྱེད། རྣམ་པར་ཤེས་པའི་ཁམས་ཡིད་ལ་མྱི་བྱེད། མ་རིག་པ་ཡིད་ལ་མྱི་བྱེད། འདུ་བྱེད་ཡིད་ལ་མྱི་བྱེད། རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད། མྱིང་དང་
གཟུགས་ཡིད་ལ་མྱི་བྱེད། སྐྱེ་མཆེད་དྲུག་ཡིད་ལ་མྱི་བྱེད། རེག་པ་ཡིད་ལ་མྱི་བྱེད། ཚོར་བ་ཡིད་ལ་མྱི་བྱེད། སྲེད་པ་ཡིད་ལ་མྱི་བྱེད། ལེན་པ་ཡིད་ལ་མྱི་བྱེད། སྲིད་པ་ཡིད་ལ་མི་བྱེད། སྐྱེ་བ་ཡིད་ལ་མྱི་བྱེད། རྒ་ཤི་ཡིད་ལ་མྱི་བྱེད།
སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ཡིད་ལ་མྱི་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད། བཟོད་པའི་ཕ་རོལད་ཏུ་ཕྱིན་པ་ཡིད་ལ་མི་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་
ལ་མྱི་བྱེད། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡིད་ལ་མྱི་བྱེད། ནང་སྟོང་པ་ཉིད་ཡིད་ལ་མྱི་བྱེད། ཕྱི་སྟོང་པ་ཉིད་ཡིད་ལ་མྱི་བྱེད། ཕྱི་ནང་སྟོང་པ་ཉིད་ཡིད་ལ་མྱི་བྱེད། སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད། ཆེན་པོ་སྟོང་པ་ཉིད་ཡིད་ལ་མྱི་བྱེད།
དོན་དམ་པ་སྟོང་པ་ཉིད་ཡིད་ལ་མི་བྱེད། འདུས་བྱས་སྟོང་པ་ཉིད་ཡིད་ལ་མྱི་བྱེད། འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མྱི་བྱེད། མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད། དོར་བ་མྱེད་པ་
སྟོང་པ་ཉིད་ཡིད་ལ་མྱི་བྱེད། རང་བཞིན་སྟོང་པ་ཉིད་ཡིད་ལ་མྱི་བྱེད། ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་མྱི་བྱེད། རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱེད། མྱི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད། དངོས་པོ་མྱེད་པ་སྟོང་པ་ཉིད་ཡིད་ལ་
མྱི་བྱེད། ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱེད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱེད། དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་མྱི་བྱེད། ཡང་དག་པར་སྤོང་བ་བཞི་ཡིད་ལ་མྱི་བྱེད། རྫུ་འཕྲུལ་གྱི་རྐང་པ་བཞི་ཡིད་ལ་མྱི་བྱེད། དབང་

པོ་ལྔ་ཡིད་ལ་མྱི་བྱེད། སྟོབས་ལྔ་ཡིད་ལ་མྱི་བྱེད། བྱང་ཆུབ་ཀྱི་ཡན་ལག་བདུན་ཡིད་ལ་མི་བྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མྱི་བྱེད། འཕགས་པའི་བདེན་པ་བཞི་ཡིད་ལ་མྱི་བྱེད། བསམ་
གཏན་བཞི་ཡིད་ལ་མྱི་བྱེད། ཚད་མྱེད་པ་བཞི་ཡིད་ལ་མྱི་བྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡིད་ལ་མྱི་བྱེད། རྣམ་པར་ཐར་པ་བརྒྱད་ཡིད་ལ་མྱི་བྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མྱི་བྱེད།
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡིད་ལ་མི་བྱེད། མངོན་པར་ཤེས་པ་རྣམས་ཡིད་ལ་མྱི་བྱེད། ཏིང་ངེ་འཛིན་རྣམས་ཡིད་ལ་མྱི་བྱེད། གཟུངས་ཀྱི་སྒོ་རྣམས་ཡིད་ལ་མྱི་བྱེད། དེ་བཞིན་གཤེགས་
པའི་སྟ