Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 024_འབུམ།_ད

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
ར་རྫོགས་པའི་བྱང་ཆུབ་ཏུ་འཇུག་

སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམྱིགས་པ་ནི་རྒྱ་ཆུང་བ་སྟེ། དམྱིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་མྱེད་དོ། །མངོན་པར་རྟོགས་པ་མྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱེད་དོ། །གསོལ་
པ། བཅོམ་ལྡན་འདས་དམྱིགས་པ་མ་མཆིས་པ་ལ་འཐོབ་པ་འམ། མངོན་པར་རྟོགས་པ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆིས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་
དབྱིངས་ལ་རྣམ་པར་འཁྲུག་པ་མྱེད་པའི་ཕྱིར། མྱི་དམྱིགས་པ་ཉིད་ཐོབ་པའོ། །མྱི་དམྱིགས་པ་ཉིད་མངོན་པར་རྟོགས་པའོ། །མྱི་དམྱིགས་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གང་མྱི་དམྱིགས་པ་ལ་
འཐོབ་པ་འམ། མངོན་པར་རྟོགས་པ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་ལ་རྣམ་པར་དཀྲུག་པར་འདོད་དུ་ཟད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམྱིགས་
པ་མ་མཆིས་པ་ལ་ཡང་འཐོབ་པ་མ་མཆིས། མངོན་པར་རྟོགས་པ་མ་མཆིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་ལ། མྱི་དམྱིགས་པ་ཉིད་ཐོབ་པ། མྱི་དམྱིགས་པ་ཉིད་མངོན་པར་རྟོགས་པ། མྱི་དམྱིགས་
པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོ་ཡང་ག་ལ་མཆིས། ས་གཉིས་པ་ཡང་ག་ལ་མཆིས། ས་གསུམ་པ་ཡང་ག་ལ་
མཆིས། ས་བཞི་པ་ཡང་ག་ལ་མཆིས། ས་ལྔ་པ་ཡང་ག་ལ་མཆིས། ས་དྲུག་པ་ཡང་ག་ལ་མཆིས། ས་བདུན་པ་ཡང་ག་ལ་མཆིས། ས་བརྒྱད་པ་ཡང་ག་ལ་མཆིས། ས་དགུ་པ་ཡང་ག་ལ་མཆིས། ས་བཅུ་པ་ཡང་ག་ལ་

མཆིས། མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་ཚུལ་
ཁྲིམས་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བཟོད་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བརྩོན་འགྲུས་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བསམ་གཏན་ཡང་ག་ལ་མཆིས། རྣམ་
པར་སྨིན་པ་ལས་བྱུང་བའི་ཤེས་རབ་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་ག་ལ་མཆིས་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་ཆོས་དེ་དག་ལ་གནས་ཤིང་། སེམས་ཅན་རྣམས་
ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞལ་ཟས་དང་། བཏུང་བ་དང་། ན་བཟའ་དང་། གཟིམས་ཆ་དང་། ཕོ་བྲང་དང་། ཡོ་
བྱད་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མྱེ་དང་། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་གཞན་གང་ཡང་རུང་བ་
དག་གིས་རིམ་གྲོ་བགྱིད་ཅིང་། དེ་ལ་དེ་དག་རྒྱུན་མྱི་འཆད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སྐུ་གདུང་དང་། ཉན་ཐོས་དག་ལ་རྣམ་པར་སྨིན་པར་གྱུར་ཀྱང་བས་པར་མྱི་འགྱུར་ན། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་བགྱིད་པར་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཕྱིར། མྱི་དམྱིགས་པ་དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ། ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་མྱི་བྱེད་དེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོའོ། །དེ་ཉིད་ཀྱི་ཕྱིར་ས་གཉིས་པའོ། །དེ་ཉིད་ཀྱི་ཕྱིར་ས་
གསུམ་པའོ། །དེ་ཉིད་ཀྱི་ཕྱིར་ས་བཞི་པའོ། །དེ་ཉིད་ཀྱི་ཕྱིར་ས་ལྔ་པའོ། །དེ་ཉིད་ཀྱི་ཕྱིར་ས་དྲུག་པའོ། །དེ་ཉིད་ཀྱི་ཕྱིར་ས་བདུན་པའོ། །དེ་ཉིད་ཀྱི་ཕྱིར་ས་བརྒྱད་པའོ། །དེ་ཉིད་ཀྱི་ཕྱིར་ས་དགུ་པའོ། །དེ་ཉིད་ཀྱི་ཕྱིར་ས་
བཅུ་པའོ། །དེ་ཉིད་ཀྱི་ཕྱིར་མྱི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་
པ་ལས་བྱུང་བའི་ཚུལ་ཁྲིམས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བཟོད་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བརྩོན་འགྲུས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བསམ་གཏན་
ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་ཤེས་རབ་བོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་དགེ་བའི་རྩ་བ་
རྣམས་ཏེ། དགེ་བའི་རྩ་བ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་
ལ་ཡང་ཞལ་ཟས་དང་། བཏུང་བ་དང་། ན་བཟའ་དང་། གཟིམས་ཆ་དང་། ཕོ་བྲང་དང་། ཡོ་བྱད་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་།

རྒྱལ་མཚན་དང་། བ་དན་དང་། མར་མེ་དང་། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་གཞན་གང་ཡང་རུང་བ་དག་གིས། རིམ་གྲོ་བྱེད་ཅིང་དེ་ལ་དེ་དག་རྒྱུན་མྱི་འཆད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སྐུ་གདུང་དང་། ཉན་ཐོས་དག་ལ་
རྣམ་པར་སྨིན་པར་གྱུར་ཀྱང་ཟད་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་མྱི་དམྱིགས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། མངོན་པར་ཤེས་པ་རྣམས་
ལ་བྱེ་བྲག་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མྱི་དམྱིགས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་།
ཤེས་རབ་དང་། མངོན་པར་ཤེས་པ་རྣམས་ལ་ཐ་དད་དུ་བྱ་བ་གང་ཡང་མྱེད་དོ། །རབ་འབྱོར་གོས་པ་མྱེད་པའི་སྦྱིན་པ་དང་། གོས་པ་མྱེད་པའི་ཚུལ་ཁྲིམས་དང་། གོས་པ་མྱེད་པའི་བཟོད་པ་དང་། གོས་པ་མྱེད་པའི་བརྩོན་འགྲུས་དང་། གོས་པ་
མྱེད་པའི་བསམ་གཏན་དང་། གོས་པ་མྱེད་པའི་ཤེས་རབ་དང་། གོས་པ་མྱེད་པའི་མངོན་པར་ཤེས་པ་དག་ལ་ནི། ཐ་དད་དུ་བྱ་བར་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས། གོས་པ་མ་མཆིས་པའི་སྦྱིན་པ་དང་། གོས་པ་མ་མཆིས་པའི་ཚུལ་
ཁྲིམས་དང་། གོས་པ་མ་མཆིས་པའི་བཟོད་པ་དང་། གོས་པ་མ་མཆིས་པའི་བརྩོན་འགྲུས་དང་། གོས་པ་མ་མཆིས་པའི་བསམ་གཏན་དང་། གོས་པ་མ་མཆིས་པའི་ཤེས་རབ་དང་། གོས་པ་མ་མཆིས་པའི་མངོན་པར་ཤེས་པ་རྣམས། ཇི་
ལྟར་ཐ་དད་དུ་བགྱི་བར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་མྱི་དམྱིགས། གཏང་བ་མྱི་དམྱིགས། གཏོང་

བ་པོ་མྱི་དམྱིགས། ལེན་པ་མྱི་དམྱིགས་པར་སྦྱིན་པ་གཏོང་ངོ་། །ཚུལ་ཁྲིམས་མྱི་དམྱིགས་པར་ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་མྱི་དམྱིགས་པར་བཟོད་པ་སྒྲུབ་བོ། །བརྩོན་འགྲུས་མྱི་དམྱིགས་པར་བརྩོན་འགྲུས་རྩོམ་མོ། །
ཏིང་ངེ་འཛིན་མྱི་དམྱིགས་པར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཤེས་རབ་མྱི་དམྱིགས་པར་ཤེས་རབ་སྒོམ་མོ། །མངོན་པར་ཤེས་པ་མྱི་དམྱིགས་པར་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱི་དམྱིགས་
པར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དོ། །ཡང་དག་པར་སྤོང་བ་རྣམས་མྱི་དམྱིགས་པར་ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་དོ། །དབང་པོ་རྣམས་མྱི་
དམྱིགས་པར་དབང་པོ་རྣམས་ལ་སྤྱོད་དོ། །སྟོབས་རྣམས་མྱི་དམྱིགས་པར་སྟོབས་རྣམས་ལ་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་དོ། །ལམ་མྱི་དམྱིགས་པར་ལམ་ལ་སྤྱོད་དོ། །འཕགས་
པའི་བདེན་པ་རྣམས་མྱི་དམྱིགས་པར་འཕགས་པའི་བདེན་པ་རྣམས་ལ་སྤྱོད་དོ། །བསམ་གཏན་རྣམས་མྱི་དམྱིགས་པར་བསམ་གཏན་རྣམས་ལ་སྤྱོད་དོ། །ཚད་མྱེད་པ་རྣམས་མྱི་དམྱིགས་པར་ཚད་མྱེད་པ་རྣམས་ལ་སྤྱོད་དོ། །གཟུགས་
མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །རྣམ་པར་ཐར་པ་རྣམས་མྱི་དམྱིགས་པར་རྣམ་པར་ཐར་པ་རྣམས་ལ་སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་
པར་འཇུག་པ་རྣམས་མྱི་དམྱིགས་པར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །སྟོང་པ་ཉིད་མྱི་དམྱིགས་པར་སྟོང་པ་ཉིད་ལ་སྤྱོད་དོ། །མཚན་མ་མྱེད་པ་མྱི་དམྱིགས་པར་མཚན་མ་མྱེད་པ་ལ་སྤྱོད་དོ། །སྨོན་

པ་མྱེད་པ་མྱི་དམྱིགས་པར་སྨོན་པ་མྱེད་པ་ལ་སྤྱོད་དོ། །མངོན་པར་ཤེས་པ་རྣམས་མྱི་དམྱིགས་པར་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །ཏིང་ངེ་འཛིན་རྣམས་མྱི་དམྱིགས་པར་ཏིང་ངེ་འཛིན་རྣམས་ལ་སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་
མྱི་དམྱིགས་པར་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་དམྱིགས་པར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་དོ། །མྱི་འཇིགས་པ་རྣམས་མྱི་དམྱིགས་པར་མྱི་འཇིགས་པ་རྣམས་ལ་སྤྱོད་དོ། །སོ་
སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས་པར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་དོ། །བྱམས་པ་ཆེན་པོ་མྱི་དམྱིགས་པར་བྱམས་པ་ཆེན་པོ་ལ་སྤྱོད་དོ། །སྙིང་རྗེ་ཆེན་པོ་མྱི་དམྱིགས་པར་སྙིང་རྗེ་ཆེན་པོ་ལ་སྤྱོད་དོ། །སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་རྣམས་མྱི་དམྱིགས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་དོ། །སེམས་ཅན་རྣམས་མྱི་དམྱིགས་པར་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་མྱི་དམྱིགས་པར་སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་མྱི་དམྱིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། དེ་ལ་བདུད་སྡིག་ཏོ་ཅན་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོ། །དེ་སྐད་ཅེས་བཀའ་
སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་

བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བསམ་གཏན་བཞི་ཡོངས་སུ་འཛིན་པ་ལགས། ཚད་མྱེད་པ་བཞི་ཡོངས་སུ་འཛིན་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་
ཡོངས་སུ་འཛིན་པ་ལགས། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་འཛིན་པ་ལགས། ཡང་དག་པར་སྤོང་བ་བཞི་ཡོངས་སུ་འཛིན་པ་ལགས། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་འཛིན་པ་ལགས། དབང་པོ་ལྔ་ཡོངས་སུ་འཛིན་པ་
ལགས། སྟོབས་ལྔ་ཡོངས་སུ་འཛིན་པ་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་འཛིན་པ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་འཛིན་པ་
ལགས། འཕགས་པའི་བདེན་པ་བཞི་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་འཛིན་པ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་འཛིན་པ་ལགས། མངོན་པར་ཤེས་པ་ལྔ་
ཡོངས་སུ་འཛིན་པ་ལགས། ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆེན་པོ་སྟོང་
པ་ཉིད་ཡོངས་སུ་འཛིན་པ་ལགས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མཐའ་ལས་འདས་པ་སྟོང་པ་
ཉིད་ཡོངས་སུ་འཛིན་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། རང་བཞིན་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་

ཡོངས་སུ་འཛིན་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་
འཛིན་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཏིང་ངེ་འཛིན་རྣམས་ཡོངས་སུ་འཛིན་པ་ལགས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་འཛིན་པ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་
ཡོངས་སུ་འཛིན་པ་ལགས། མྱི་འཇིགས་པ་བཞི་ཡོངས་སུ་འཛིན་པ་ལགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་འཛིན་པ་ལགས། བྱམས་པ་ཆེན་པོ་ཡོངས་སུ་འཛིན་པ་ལགས། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ་ལགས།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་འཛིན་པ་ལགས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་འཛིན་པ་ལགས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པ་གང་གཏོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཚུལ་ཁྲིམས་ལ་གང་སྲུང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་
ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བཟོད་པ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བརྩོན་འགྲུས་ལ་གང་རྩོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་
ལས་གཞན་དུ་མ་ཡིན་ནོ། །ཏིང་ངེ་འཛིན་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཤེས་རབ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་

པ་ལས་གཞན་དུ་མ་ཡིན་ནོ། །བསམ་གཏན་རྣམས་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཚད་མྱེད་པ་རྣམས་ལ་གང་སྙོམས་པར་འཇུག་
པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་
ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་
དུ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དབང་པོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་
དུ་མ་ཡིན་ནོ། །སྟོབས་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་
མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་
སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རྣམ་པར་ཐར་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་

པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ལ་གང་སྒོམ་
པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ནང་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་
ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་

ནོ། །རང་བཞིན་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་
ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་
ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་
གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མྱི་འཇིགས་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སོ་སོ་ཡང་དག་པར་
རིག་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བྱམས་པ་ཆེན་པོ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །

སྙིང་རྗེ་ཆེན་པོ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་
ནོ། །མཚན་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དཔེ་བྱད་བཟང་པོ་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་
གཞན་དུ་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །བསམ་
གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་
རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སྟོབས་རྣམས་ཡོངས་སུ་
རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་
པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་

ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་
ཡོངས་སུ་རྫོགས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་
ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་
དོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་
རྫོགས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་
རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་འཇིགས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་
པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་ཆེན་པོའི་

མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་རྫོགས་པར་བྱེད་དོ། །དཔེ་བྱད་བཟང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་
ཡོངས་སུ་ཟིན་པ་དེ། སེམས་བསྐྱེད་པ་གཅིག་གིས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བསམ་གཏན་རྣམས་ཡོངས་སུ་འཛིན་པ་ལགས། ཚད་མྱེད་པ་རྣམས་ཡོངས་སུ་འཛིན་པ་ལགས། གཟུགས་མྱེད་པའི་
སྙོམས་པར་འཇུག་པ་རྣམས་ཡོངས་སུ་འཛིན་པ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་འཛིན་པ་ལགས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་འཛིན་པ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་འཛིན་
པ་ལགས། དབང་པོ་རྣམས་ཡོངས་སུ་འཛིན་པ་ལགས། སྟོབས་རྣམས་ཡོངས་སུ་འཛིན་པ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་འཛིན་པ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་
པ་ལགས། རྣམ་པར་ཐར་པའི་སྒོ་རྣམས་ཡོངས་སུ་འཛིན་པ་ལགས། འཕགས་པའི་བདེན་པ་རྣམས་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པ་རྣམས་ཡོངས་སུ་འཛིན་པ་ལགས། མཐར་ཀྱིས་གནས་པའི་སྙོམས་
པར་འཇུག་པ་རྣམས་ཡོངས་སུ་འཛིན་པ་ལགས། མངོན་པར་ཤེས་པ་རྣམས་ཡོངས་སུ་འཛིན་པ་ལགས། ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་ནང་སྟོང་པ་ཉིད་ཡོངས་
སུ་འཛིན་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་

འཛིན་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོར་
བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། རང་བཞིན་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མྱི་དམྱིགས་
པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཏིང་ངེ་
འཛིན་རྣམས་ཡོངས་སུ་འཛིན་པ་ལགས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་འཛིན་པ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་འཛིན་པ་ལགས། མྱི་འཇིགས་པ་རྣམས་ཡོངས་སུ་འཛིན་པ་ལགས། སོ་སོ་
ཡང་དག་པར་རིག་པ་རྣམས་ཡོངས་སུ་འཛིན་པ་ལགས། བྱམས་པ་ཆེན་པོ་ཡོངས་སུ་འཛིན་པ་ལགས། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་འཛིན་པ་ལགས། མྱི་ཆེན་
པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་འཛིན་པ་ལགས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་གང་གཏོང་བ་དེ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པས་ཡོངས་སུ་ཟིན་པར་གཏོང་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཚུལ་ཁྲིམས་གང་སྲུང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་

སུ་ཟིན་པར་སྲུང་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །བཟོད་པ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བརྩོན་འགྲུས་གང་རྩོམ་པ་དེ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་རྩོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྙོམས་པར་འཇུག་སྟེ།
དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཤེས་རབ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ནང་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཕྱི་ནང་
སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་
གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་

འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་གང་སྒོམ་པ་དེ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་
གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་གང་སྒོམ་པ་དེ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་
འདུ་ཤེས་སུ་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་
རོ། །ངོ་བོ་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་
འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལད་
ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དབང་པོ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སྟོབས་
རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་
སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །འཕགས་པའི་
བདེན་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བསམ་གཏན་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ།
དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་

རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །རྣམ་པར་ཐར་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་
ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་
ཤེས་སུ་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །
མངོན་པར་ཤེས་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་
པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་
སྟོབས་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མྱི་འཇིགས་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་
སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །བྱམས་པ་ཆེན་པོ་གང་

སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་
འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་རོ། །མཚན་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པས་ཡོངས་སུ་ཟིན་པར་མངོན་པར་སྒྲུབ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་འགྱུར་བ་མྱེད་དོ། །དཔེ་བྱད་བཟང་པོ་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མངོན་པར་སྒྲུབ་སྟེ། དེ་ལ་གཉིས་
ཀྱི་འདུ་ཤེས་སུ་འགྱུར་བ་མྱེད་དོ། །གསོལ་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་སྦྱིན་པ་གཏོང་བ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་
འགྱུར་བ་ལགས། ཇི་ལྟར་ན་ཚུལ་ཁྲིམས་སྲུང་བ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་བཟོད་པ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་བརྩོན་འགྲུས་རྩོམ་པ་དང་།
དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས། ཇི་ལྟར་ན་ཤེས་རབ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་
འགྱུར་བ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཕྱི་ནང་སྟོང་

པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་སྒོམ་པ་དང་། དེ་
ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དོན་དམ་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་
འགྱུར་བ་ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་
ལགས། ཇི་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་
ན་རང་བཞིན་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་
པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་
དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། དེ་

ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཡང་དག་པར་སྤོང་བ་རྣམས་སྒོམ་པ་དང་། དེ་ལ་
གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དབང་པོ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་
བ་ལགས། ཇི་ལྟར་ན་སྟོབས་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་
འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་
ན་བསམ་གཏན་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཚད་མྱེད་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་གཟུགས་མྱེད་པའི་
སྙོམས་པར་འཇུག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མཐར་ཀྱིས་
གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པ་དང་། དེ་ལ་

གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་
འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་
ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མྱི་འཇིགས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་
མྱི་འགྱུར་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་
ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། ཇི་ལྟར་ན་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་
བ་ལགས། ཇི་ལྟར་ན་དཔེ་བྱད་བཟང་པོ་བརྒྱད་ཅུ་མངོན་པར་སྒྲུབ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།

དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུག་པར་བྱས་
ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་
ཐམས་ཅད་འདུས་པར་བྱས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
རྫོགས་པར་བྱེད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་
ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། །དེ་དྲན་པ་ཉེ་བར་གཞག་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་དག་པར་སྤོང་བ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། ཡང་དག་པར་སྤོང་བ་རྣམས་
ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། །དེ་རྫུ་འཕྲུལ་གྱི་རྐང་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་
ཤིང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། །དེ་དབང་པོ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་
པར་བྱས་ཤིང་། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། །དེ་སྟོབས་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་
པར་བྱས་ཤིང་། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། །དེ་བྱང་ཆུབ་ཀྱི་ཡན་ལག་དེར། ཕ་རོལ་ཏུ་ཕྱིན་པ་
དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལམ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། །དེ་ལམ་དེར་ཕ་རོལ་ཏུ་
ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་གཏོང་བ་དེའི་ཚེ།

ཟག་པ་མྱེད་པའི་སེམས་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་ཟག་པ་མྱེད་པའི་སེམས་དེ་ལ་གནས་པའི་མཚན་མ་དང་། གང་སྦྱིན་པ་དང་། གང་ལ་སྦྱིན་པ་དང་། གང་གིས་སྦྱིན་པ་དང་། གང་ཡོངས་སུ་གཏོང་བ་ཡང་དག་པར་
རྗེས་སུ་མྱི་མཐོང་ངོ་། །དེ་མཚན་མ་དང་བྲལ་བའི་སེམས་ཟག་པ་མྱེད་ཅིང་སེར་སྣ་དང་བྲལ་བ། ཆགས་སེམས་མྱེད་པ་དེས་སྦྱིན་པ་གཏོང་སྟེ། དེ་སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་
རྗེས་སུ་མྱི་མཐོང་བ་དེ་ལྟར་སྦྱིན་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་། གཏོང་བ་པོ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་། ལེན་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་བའི་ཚེ། ཚུལ་ཁྲིམས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་
དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་བཟོད་པ་སྒོམ་པའི་ཚེ། བཟོད་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་
སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་

མ་དང་བྲལ་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་པའི་ཚེ། བརྩོན་འགྲུས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་
མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས།
ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཚེ། ཏིང་ངེ་འཛིན་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་
པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཤེས་རབ་སྒོམ་པའི་ཚེ། ཤེས་རབ་དེ་ཡང་དག་
པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ནང་སྟོང་པ་ཉིད་སྒོམ་པའི་ཚེ། ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་
རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཕྱི་སྟོང་པ་ཉིད་སྒོམ་པའི་ཚེ། ཕྱི་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་
བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཕྱི་ནང་
སྟོང་པ་ཉིད་སྒོམ་པའི་ཚེ། ཕྱི་ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་
རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། སྟོང་པ་ཉིད་སྟོང་
པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་ཆེན་པོ་སྟོང་པ་ཉིད་སྒོམ་པའི་ཚེ། ཆེན་པོ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ།
སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དོན་དམ་པ་སྟོང་པ་ཉིད་སྒོམ་པའི་ཚེ། དོན་དམ་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་
དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་འདུས་བྱས་སྟོང་པ་ཉིད་སྒོམ་པའི་ཚེ། འདུས་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་
པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་
འདུས་མ་བྱས་སྟོང་པ་ཉིད་སྒོམ་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་
དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པའི་ཚེ།
མཐའ་ལས་འདས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་

ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་
ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ།
སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་བཞིན་སྟོང་པ་ཉིད་སྒོམ་པའི་ཚེ། རང་བཞིན་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །
ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་།
མཚན་མ་དང་བྲལ་བའི་སེམས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་

དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་
མ་དང་བྲལ་བའི་སེམས་ཀྱིས། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་
སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་མྱི་
དམྱིགས་པ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ། དེ་ལྟར་ཆོས་
ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་དེ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་
བའི་སེམས་ཀྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་
བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ངོ་བོ་ཉིད་

སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་
སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། དངོས་
པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་
ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་ཚེ། །དྲན་པ་ཉེ་བར་
གཞག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཡང་དག་པར་སྤོང་བ་རྣམས་སྒོམ་པའི་ཚེ། ཡང་དག་པར་སྤོང་བ་དེ་དག་ཡང་
དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་དེ་དག་ཡང་
དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དབང་པོ་རྣམས་སྒོམ་པའི་ཚེ། དབང་པོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་
དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། སྟོབས་རྣམས་སྒོམ་པའི་ཚེ། སྟོབས་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཇི་ལྟར་སེམས་
ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་
བྲལ་བའི་སེམས་ཀྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་

མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས་
འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་
སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས།
འཕགས་པའི་བདེན་པ་རྣམས་སྒོམ་པའི་ཚེ། འཕགས་པའི་བདེན་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་
ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། བསམ་གཏན་
རྣམས་སྒོམ་པའི་ཚེ། བསམ་གཏན་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་
སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། ཚད་མྱེད་པ་རྣམས་སྒོམ་པའི་ཚེ། ཚད་མྱེད་པ་དེ་

དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། གཟུགས་
མྱེད་པའི་སྙོམས་པར་འཇུག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་
མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། རྣམ་པར་ཐར་པ་རྣམས་སྒོམ་པའི་ཚེ། རྣམ་པར་ཐར་པ་
དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། མཐར་ཀྱིས་
གནས་པའི་སྙོམས་པར་འཇུག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་

སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་
དང་། སྨོན་པ་མྱེད་པ་སྒོམ་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་
ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་
བྲལ་བའི་སེམས་ཀྱིས། མངོན་པར་ཤེས་པ་རྣམས་སྒོམ་པའི་ཚེ། མངོན་པར་ཤེས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་
མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་
ཀྱིས། ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། ཏིང་ངེ་འཛིན་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་
ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། གཟུངས་ཀྱི་སྒོ་

རྣམས་སྒོམ་པའི་ཚེ། གཟུངས་ཀྱི་སྒོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་
ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་པའི་
ཚེ། དེ་བཞིན་གཤེགས་པའི་སྟོབས་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་
རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། མྱི་འཇིགས་པ་རྣམས་སྒོམ་པའི་ཚེ། མྱི་
འཇིགས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པའི་ཚེ། སོ་སོ་ཡང་དག་པར་
རིག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
རྣམས་སྒོམ་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་
ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། བྱམས་པ་ཆེན་པོ་སྒོམ་པའི་
ཚེ། བྱམས་པ་ཆེན་པོ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། སྙིང་རྗེ་ཆེན་པོ་སྒོམ་པའི་ཚེ། སྙིང་རྗེ་ཆེན་པོ་དེ་ཡང་དག་པར་རྗེས་སུ་མྱི་
མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པའི་ཚེ། མྱི་ཆེན་པོའི་མཚན་དེ་དག་ཡང་དག་པར་རྗེས་སུ་མྱི་

མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མཚན་མ་དང་བྲལ་བའི་སེམས་ཀྱིས། དཔེ་བྱད་བཟང་པོ་བརྒྱད་ཅུ་མངོན་པར་སྒྲུབ་པའི་ཚེ། དཔེ་བྱད་བཟང་པོ་དེ་དག་ཡང་དག་པར་
རྗེས་སུ་མྱི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།། །།ཤེས་རབ་ཀྱི་ཕ་
རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ། །རབ་འབྱོརད་ཀྱིས་གསོལ