Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 212

Văn bản gốc(Tây Tạng)

Trang 9 / 21 (50.000 ký tự/trang)
ནས་པ་ཡིན། །རིགས་ལྡན་ཚངས་སྤྱོད་མཁས་པ་མཚུངས། །མཁས་པར་བྱེད་དང་ཀཱུ་བ་མིག །དེ་ནས་ཁྱིམ་ལྡན་ཐུ་བོ་པ། །
གནས་ཅན་ཁྱིམ་བདག་འཛིན་པ་དང་། །ཁྱིམ་ཡིད་ཅན་དང་ཁྱིམ་རིག་གོ། ༦།ནགས་གནས། །ཁྱིམ་མེད། བཱཻ་ཁ་ན། །དགེ་སློང་དང་ནི་ཀུན་ཏུ་རྒྱུ། །ལས་སྦྱིན་བཱ་ར་སཱ་རི་དང་། །མསྐ་ཌཱི་དང་ལེགས་གཉེར་གནས། །ཡོངས་སུ་འདོད་དང་དཀའ་ཐུབ་དང་། །དཀའ་ཐུབ་
ཅན་དང་བརྟུལ་ཞུགས་ཅན། །ཀུན་ཏུ་རྒྱུ་དང་ཡོངས་བསྲུང་བ། །དཀའ་ཐུབ་ཉོན་མོངས་བཟོད་དང་འདུལ། །ཐུབ་པ་དང་ནི་ངག་བསྡམས་པའོ། །རིང་དུ་མཐོང་དང་རིང་པོ་མཐོང་། །མཛངས་དང་རྟོགས་ལྡན་མཁས་པ་དང་། །བརྟན་པ། སེམས་ཤེས། །ཤེས་རབ་ཅན། །
སྐྱོན་ཤེས། ཀུན་ཤེས། སྙན་ངག་མཁན། །རིགས་ལྡན། བློ་ལྡན། བློ་བཟང་དང་། །དཔའ་བོ། གྲགས་ཐོབ། རྣམ་པར་གསལ། །བློ་མཆོག་གོ་བ་ཅན་དང་། མཁས། །གྲངས་ལྡན་དང་ནི་རྣམ་པར་དངས། །གསལ་བའི་སྒོ་དང་དུས་ཡིག་ཅན། །ཡི་གེ་སློབ་
བྱེད་ཅེས་བྱའོ། ༡༥ །ཀློག་ཏུ་འཇུག་པ་མཁན་པོར་འགྱུར། །དབང་སོགས་བྱེད་པ་བླ་མའོ། །གྲྭ་པ་ཉེ་གནས་སློབ་མའོ། །བྱ་བ་བྱེད་དང་གསར་བུའོ། །གནང་བཅས་རིགས་དང་སྒོ་གླེགས་ཅན། །བསླབ་པ་རྟོགས་དང་། དང་པོ་པ། །བསམ་པ་ཅན་དང་སྙན་ངག་བྱེད། །
ཚིག་གི་མཐའ་པ་བསྟན་བཅོས་རིག །བགེགས་མཐའ་བ་ཡ་པྲ་ཏྱུ་ཧ། །བྱ་ནཱ་ཡ་དང་ཤཱི་ལ་ནི། །ཡོན་ཏན་གོམས་དང་ངེས་སྦྱོར་དང་། །རྣམ་བཤད་རྣམ་པར་འགྲིལ་པ་མཚུངས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །ཡུལ་ལུགས་འཛིན་པ་བརྟུལ་ཞུགས་ཅན། །
མཆོད་སྦྱིན་བྱེད་པོ་མཆོད་སྦྱིན་བྱེད། །ཟླ་བའི་བཏུང་བ་དཱི་ཀཱ་ཏ། །མཆོད་སྦྱིན་མང་ལྡན་མཆོད་སྦྱིན་བྱས། །ཡཱཛཱ་མཆོད་སྦྱིན་མཐོ་རིས་འདོད། །ཕུར་བུའི་མཆོད་སྦྱིན་སྠ་པ་ཏི། །ཟླ་བའི་ཆང་འཐུང་སོ་མ་པཿ། །རིག་བྱེད་ཀུན་ལ་མཆོད་སྦྱིན་བྱས། །མཐོ་རིས་ཀུན་གྱི་ཡོན་

གནས་སོ། །ཨ་ནུ་ཙ་ན་རབ་བརྗོད་ཀྱི། །རིག་བྱེད་ཡན་ལག་བཅས་པ་བསླབས། །བླ་མའི་བཀའ་ཡི་རྗེས་གནང་ཐོབ། །ས་མཱ་བྲྀཏྟ་ཞེས་པའོ། །སུ་ཏཱ་མངོན་པར་ཁྲུས་ཐོབ་བོ། །གཅིག་པུར་ཚངས་པའི་བརྟུལ་ཞུགས་སྤྱོད། །ཅིག་
ཤོས་ཚངས་པ་མཚུངས་པར་སྤྱོད། །ས་ཏཱིརྠྱཱ་ནི་བླ་མ་གཅིག །པྲ་བཾ་ཨནྡ་བཱ་ད་ནི། །མི་ལྡན་སྦྱིན་སྲེག་མཁན་དུ་འགྱུར། །བསགས་ལྡན་མེ་ནི་ཨིདྷ་ཅིར། །བརྒྱུད་པའི་མན་ངག་ཨཻ་ཏི་ཀྵཾ། །བླ་མ་བརྒྱུད་པའི་རིམ་པ་ཡིས། །མན་ངག་ཡང་དག་རབ་སྦྱིན་པ། །ཉེ་བར་ཤེས་
དད་དང་པོར་ཤེས། །ཤེས་ནས་རྩོམ་པ་ཉེ་བའི་རིམ། །མཆོད་སྦྱིན་གྱིས་སྲེག་ཨ་དྷྭ་ཌ། །མཆོད་སྦྱིན་དང་ནི་རྒྱུད་བདུན་པ། །མ་ཁ་ཏྲ་ཏུ་སཾ་སྟ་ར། །གྲལ་དང་། རྒྱུན་དང་། ཐོས་པའི་ལས། །བདེ་བའི་ཆུ་དང་། བླ་རེའོ། ༡༣ །རྒྱལ་པོའི་མཆོད་སྦྱིན་བཅོས་པ་དང་། །མི་ཡི་
བདག་པོའི་ཨ་དྷ་ར། །འདོན་དང་སྦྱིན་སྲེག་མགྲོན་འོངས་མཆོད། །མཚུན་གསོལ་བ་དང་གཏོར་མ་སྟེ། །འདི་རྣམས་མཆོད་སྦྱིན་ཆེན་པོ་ལྔ། །ཚངས་པའི་མཆོད་སྦྱིན་ཀློག་འདོན་པ། །ལྷ་ཡི་མཆོད་སྦྱིན་སྦྱིན་སྲེག་ཡིན། །མི་ཡི་མཆོད་སྦྱིན་མགྲོན་འོངས་མཆོད། །
ཕ་མེས་མཆོད་སྦྱིན་མཚུན་ཚིམ་བྱེད། །འབྱུང་པོའི་མཆོད་སྦྱིན་གཏོར་མར་བརྗོད། །འཁོར་དང་ཡོངས་བསྐོར་ཚོགས་པ་འདུ། །ས་མི་ཏི་དང་སི་པ་དང་། །ས་མི་ཏི་དང་སཾ་མི་ཛྱ། །ཀུན་ཏུ་གནས་དང་ས་རྡ་དང་། །ན་ན་དང་ནི་འདུས་པའོ། ༡༢ །ཁྱིམ་དང་དང་པོའི་རྒྱུད་དང་ནི། །
དང་པོ། སྦྱིན་སྲེག །འདུས་པ་དང་། །འཕྲལ་འདུས་པ་དང་། ཏཱ་ར་དང་། །ས་བྷཱ་སད། རབ་ཏུ་བསྟེན། །འདུས་དང་ཆོ་ག་བལྟ་བའོ། །སྡེབ་སྦྱོར་ཤེས་དང་ཐོས་ལྡན་མཚུངས། །ཤཽ་ཏི། ཤྲོ་ཏི་ཡ་ཏཱའོ། །རིགས་ཙམ་དང་ནི་ཉེར་འཚོ་གང་། །དེ་ནི་བྲམ་ཟེར་འགྱུར་
བར་བཤད། །ཨ་དྷྭ་སཱུད་དང་། བྷྲ་ཧྲི་དང་། །སྦྱིན་སྲེག་བྱེད་པོ་མཆོད་སྦྱིན་དང་། །སྙན་ཚིག་རིག་བྱེད་རིམ་པ་ལས། །ཨ་གནཱི་དྷི་སོགས་ལས་ཕྱི་རོལ། །དུས་མཆོད་རིག་བྱེད་སྤྱོད་བྱེད་པ། །མཆོད་སྦྱིན་ཟླ་བའི་བགྲོད་པ་དང་། །དབང་པོའི་བརྟུལ་ཞུགས་མཚུངས་པའོ། །

དེ་ནི་སམ་སྟཱ་པའི་མཆོད་སྦྱིན། །བསྟོད་པའི་ས་གཞི་སྐྱེ་བོས་དབེན། །རིག་བྱེད་ས་གཞི་ཡོངས་སུ་སྦྱངས། །ཐང་མཉམ་པ་དང་བཞི་མདོའོ། །སྦྱིན་སྲེག་ཐབ་ལ་ཏ་ར་ནི། །མ་ཧཱ་རཱི་རོ་མེ་མ་ཁཱ། །སྦྱིན་སྲེག་དུ་བ་ངེས་ཚིགས་སོ། །སྦྱིན་སྲེག་ཐལ་བ་བེཥྚ་ཏཾ། །ཕྱུགས་
བཏགས་སྲོག་ཤིང་ཙ་ཥཱ་ལ། །བུམ་པ་ཤིན་ཏུ་བསྐོར་བའི་ཁྱིམ། །སྲོག་ཤིང་རྩེ་མོ་ཏ་རྨའོ། །རྩུབ་ཤིང་རྩུབ་སྟན་ཨ་ར་ཎི། །ལྷོ་ཡི་མེ་དང་། ཁྱིམ་གྱི་མེ། །ཧ་བ་ནི་སྟེ་མེ་གསུམ་མོ། །མེ་འདི་གསུམ་ལ་ཏེ་ཏའོ། །དྲི་ཎ་ཏ་ནི་ལེགས་སྦྱངས་མེ། །ས་མྲྀ་ཀྵཾ་ནི་ཡོངས་
སུ་སྤྱོད། །ཉེར་སྦྱོད་མེ་ནི་རབ་ཏུ་སྦྱོར། །གང་ཞིག་ཁྱིམ་བདག་དཱ་ནཱི་མ། །ལྷོ་ཕྱོགས་མེ་ནི་པྲ་ཎི་ཡ། །དེ་ནི་ཨཱ་ལ་སྱར་འགྱུར་རོ། །དེ་ནས་སྡེབ་སྦྱོར་གཱ་ཡ་ཏྲཱི། །ཨུཥྚཱི་ཀ་ལ་སོགས་ཀྱང་ངོ་། །དེས་བརྗོད་ཡམ་ཤིང་སྲེག་རྫས་དང་། །དེ་ནི་མེ་ཡི་གཏེར་དུ་བརྗོད། །ཨ་
མི་ཀྵཱ་སཱ་པྲི་ཏོ་ཥྚི། །འོ་མ་ཞོ་དང་སྦྱར་བའོ། །སྲེག་རྫས་སྨིན་པ་ཙ་ཏུ་ཏེ། །ཟས་མཆོག་དང་ནི་འོ་ཐུག་གོ །ཧ་བྱ་ལྷ་ཟས་འོ་མ་ཅན། །ཀ་བྱ་མཚུན་གསོལ་ཟས་ཡིན་ནོ། །དེ་དག་འོ་མ་ལྡན་པ་ལ། །སཱུ་ཥ་བྱིན་སཱུ་ཥ་ཅན། །རླུང་ཡབ་དང་ནི་བསིལ་ཡབ་ནི། །རི་དྭགས་
པགས་པ་ལས་བྱས་པའོ། །དགང་གཟར་བླུགས་གསར་ལ་སོགས་དབྱེ། །བླུགས་གཟར་བྲ་དྷ་བ་ཉེར་འཛིན། །སྲུ་ཀརྠཱ་ཧཱུ་སྦྱིན་སྲེག་བྱེད། །གཟར་བུ་མར་ལ་འདྲི་བྱེད་པའོ། །ཨུ་པ་ཀྲྀ་ཏ་དུད་འགྲོ་ནི། །མཆོད་སྦྱིན་ཆེད་དུ་གསོད་པར་བཏགས། །ཕན་ཚུན་ཞིང་དང་གསང་
གཏོར་བྱས། །གསོད་པའི་ཚད་ཀྱི་ཕྱུགས་ཡིན་ནོ། །བརྗོད་བྱའི་རྟགས་ཅན་པྲ་མཱི་ཏ། །བསྙེན་རྫོགས་འཐོར་འཐུང་བྱས་ནས་གསོད། །སྲེག་རྫས་སྦྱིན་སྲེག་སྦྱིན་བྱས་པ། །ཟས་ལྡན་པ་ཥ་ཊ་བྱས་པའོ། །དེ་གཉིས་གཅིག་སྟེ་མཆོད་སྦྱིན་ལྷ། །སྦྱིན་སྲེག་རྫས་བཱནྣ་མྨཱ། །
དེ་ནས་ཐུབ་པ་སྨྲ་བ་བཅད། །དིཀྵཱི་མཐའ་ཅན་མཆོད་སྦྱིན་གཙོ། །དེ་དག་གསོད་ལས་བྱེད་ཡ་ཛྙི་ཡཾ། །མཆོད་སྦྱིན་ལས་འདོད་པཱུརྟའོ། །ཁཱ་ཏ་ལ་སོགས་ལས་རྣམས་སོ། །འདོད་པའི་པཱུ་རྟ་ལ་སོགས་ལས། །ཨ་མྲྀ་ཏ་དང་པི་གྷ་ས། །མཆོད་སྦྱིན་ལྷག་མའི་བཟའ་བ་སྟེ། །མཆོད་

སྦྱིན་ལྷག་མའི་རྫས་དག་ནི། །སྣོད་ཅན་སྦྱིན་དང་རྣམ་པར་གཏོང་། །གཏོར་མ་འབུལ་བ་སྦྱིན་པ་དང་། །ཉེ་བར་འགྱེད་དང་རྣམ་པར་གཏོང་། །རྣམ་བྱིན་བྲིམས་དང་རྣམ་པར་བཀྲམ། །སོ་སོར་བྱིན་དང་མངོན་དུ་བསྟན། །འབུལ་བ་ཡོན་དང་མེ་ཏོག་གོ །གཤིན་དོན་
སྟེར་བ་སྦྱིན་པ་སྟེ། །ཨཽ་ཛ་དེ་ཧི་ཀ་ཞེས་བྱ། །ཕ་གཤིན་སྦྱིན་བཱ་ནེ་བ་ས། །ཤིང་ཟན་དེ་ལས་བསྟན་བཅོས་སྦྱིན། །འཕགས་པ་ཅན་དང་བསོད་སྙོམས་སོགས། །ཕ་མེས་བྱ་བ་བརྒྱད་པ་དང་། །ཉིན་མོའི་ཆ་དང་ཀུ་ཏ་པ། །དུས་སྟོན་ཟླ་དུས་མཆོད་པའོ། །ལྷ་ཡི་སྒོ་དང་ལྷའི་ལྟང་
མོ། །གྱད་ཀྱི་ལྟད་མོ་མ་ཧཱུཾ་རི། །ཀོ་ཤལ་ཅན་ཡུན་རིང་དང་། །འདོན་པ་པོ་དང་ཆོས་སྨྲ་བ། །མངོན་པར་འོངས་དང་མགྲོན་འོངས་དང་། །རབ་འཇོམས་འཇོམས་དང་བི་ཤི་ཀཱ། །ཚེས་ཟད་འཛིན་བྱེད་མཐུན་པ་དང་། བ་ཀུ་ལ་དག་མཚུངས་པའོ། །མཉམ་པ་རྐང་པ་འཛིན་པ་
དང་། །མངོན་པར་སྨྲ་དང་ཉེ་བར་འཛིན། །གསོང་པོར་སྨྲ་བ་རྣམ་པ་གཉིས། །ཉེ་བར་ཀུན་འཛིན་ཆོ་ག་བཞིན། །མངོན་པར་སྨྲ་བྱ་མཆོད་པར་བྱེད། །དག་པ་རྣམ་པར་བཅས་མཆོད་མཚུངས། །གཏོར་མའོ་གུས་པར་ཉན་པ་དང་། །རྣམ་པར་གནས་དང་ཉེ་བར་གནས། །ཡོངས་
སུ་སྤྱོད་དང་ཉེ་བར་སྤྱོད། །སྤྱོད་པ་དང་ནི་སྤྱོད་ལམ་གནས། །ཚོལ་བ་ཡོངས་སུ་ཚོལ་བ་དང་། །རྗེས་སུ་ཚོལ་དང་ཀུན་ཏུ་ཚོལ། །གསོལ་བ་དང་ནི་ཞུ་བའོ། །སློང་དང་མངོན་པར་སློང་བ་དང་། །དོན་དུ་གཉེར་བ་ཞེས་བྱའོ། །མཆོད་པའི་རི་ནི་མཆོད་ཡོན་ཏེ། །ཞབས་ཀྱི་ཆེད་
དུ་ཆུ་ཞབས་བསིལ། །འགྲོན་པོ་གློ་བུར་གསར་འོངས་དང་། །ལེགས་སྐྱེས་ཞེས་པ་རྣམས་ཡིན་ནོ། །འགྲོ་དང་འཁྱམ་དང་སླར་ཡང་འགྲོ། འཆག་པ་དང་ནི་འགྲོ་བའོ། །ཉེ་རེག་དང་ནི་ཞལ་བསིལ་ལོ། །ག་ཎྜུ་ཥ་དང་ཁ་གང་བྱེད། །མཐར་གྱིས་པ་དང་གོ་རིམས་དང་། །
ཡོངས་སུ་རིམ་པ་རྗེས་སུ་རིམ། །ཤིན་ཏུ་གནས་དང་ཡོངས་སུ་འགྲོ། །ཉེ་བར་དགོད་དང་ངེས་པ་དང་། །བརྟུལ་ཞུགས་བསྙེན་གནས་བསོད་ནམས་ཅན། །ཤིན་ཏུ་གསོ་དང་ཉེ་བར་གནས། །བསྙེན་གནས་ཀུན་ནས་སྒྲོལ་བྱེད་དང་། །འདའ་བར་བྱེད་དང་བརྟུལ་ཞུགས་

མཛེས། །ཟླ་བ་བསྙེན་གནས་བྱེད་པ་དང་། །གཅིག་མཐའ་གསུམ་མཐར་ཟ་བ་དང་། །ཟས་དྲུག་པ་དང་དུས་ཅན་དང་། །མཆོད་སྦྱིན་གནས་དང་མཆོད་སྦྱིན་བརྟན། །དབེན་པ་ཐ་དད་བདག་ཉིད་དང་། །གླུ་ལེན་པ་དང་རིག་བྱེད་འདོན། །ཚངས་པའི་རིག་བྱེད་འདོན་པ་
དང་། །མཚན་མོ་གྲུབ་པ་བརྗོད་པར་འགྱུར། །ཚངས་པ་དང་ནི་བི་ར་ལི། །ཀློག་ཅིང་ཁ་ཆུ་འཐོར་བ་ནི། །ཚངས་པའི་ཐིག་ལེ་ཞེས་པར་འགྱུར། །སྐྱེད་དང་རིག་བྱེད་ཀློག་པ་ནི། །ཚངས་པའི་བརྩ་ས་ལས་བྱུང་། །ཡོན་ཏན་སྤརྨ་ས་ཏི་ཀའོ། །དེར་ནི་མཐོ་བའི་ཡན་ལག་
ཀྱང་། །བསམ་གཏན་རྣལ་འབྱོར་སྟན་དང་ནི། །ཚངས་སྟན་རྟོགས་པའི་ཆོ་ག་རིམ། །གཙོ་བོ་དང་ནི་རྟོགས་པའོ། །རྗེས་ཀྱི་རྟོག་པ་རྗེས་གཅོད་པ། །འདུ་བྱེད་སྔོན་དུ་འཛིན་པ་ནི། །ཉེ་བར་བྱེད་དང་ཐོས་པའོ། །ཚངས་སྤྱོད་དབང་པོ་མཐའ་དག་སྡོམ། །དབང་པོ་ཐུལ་
དང་གྲོང་དུ་ཞི། །ཞི་དང་སྡོམ་བརྩོན་སྡོམ་ལྡན་དང་། །བརྟུལ་ཞུགས་ཆེ་ལྡན་ཡོ་བྷིངྒ། །གཙང་གནས་ཁྲུས་ཀྱི་བརྟུལ་ཞུགས་ཅན། །གང་ཞིག་བརྟུལ་ཞུགས་དབང་གིས་ནི། །ཐང་ཉལ་གཅེར་ཉལ་སྠ་ཎྜི་ལ། །དེ་ནས་ཆགས་བྲལ་ཏ་མ་པ། །ཉོན་མོངས་དང་བྲལ་
གཉིས་ལས་འདས། །རྟགས་དང་སྤྱོད་པ་ཆོས་ཕྲེང་ལྡན། །གསལ་བའི་བརྟུལ་ཞུགས་བཀྲམ་པའོ། །གང་ཞིག་རྨོངས་པས་སྤུན་ཟླ་ཡི། །ཐུ་བོར་བག་མ་བྱེད་དེའི་གཅུང་། །པ་རི་བེ་རྟར་དེ་ཤེས་བྱ། །པ་རི་བེ་སྟེ་དེའི་ཕུ་བོ། །བཱི་བ་ཧ་ནི་རྣམ་ཉམས་མེད། །བརྟུལ་ཞུགས་
སྐྱེས་དང་འདུ་བྱེད་འདོར། །རོ་ལངས་བརྟུལ་ཞུགས་ཅན་ཐམས་ཅད། །མངོན་པར་དང་བྱེད་གདུར་བར་བྱེད། །དངོས་མེད་དང་ནི་དུ་ནི་ཧཱ། །གཏོང་བ་མྱུར་འགྲོ་ཚངས་སྤྱོད་ཅན། །པཱ་ཥཱ་ཎྜ་དང་རིགས་ངན་དང་། །ཀུན་གྱི་རྟགས་ཅན་གསུམ་པོ་མཚུངས། །སྤྱོད་བྱེད་དང་ནི་
སྒྲོལ་བྱེད་དང་། །ཚུལ་ཁྲིམས་སྤྱོད་པ་གཙང་བ་འོངས། །གཙང་མ། དག་པ། དྲི་མ་མེད། །བསོད་ནམས་དང་ནི་ཡིད་གཞུངས་སོ། །སཱ་ལཱ་ཤ་ཡི་དབྱུག་འཛིན་དང་། །ཆུ་སྟོད་ཀྱི་ནི་བརྟུལ་ཞུགས་ཅན། །ཆུ་ཤིང་དང་ནི་འོད་མ་འཛིན། །གཡང་གཞི་དང་ནི་རི་དྭགས་ལྤགས། །

བུད་མེད་བརྟུལ་ཞུགས་བསྟན། བྲྀཥཱི། །སྤྱི་བླུགས། ཆུ་སྣོད་བུམ་ཆུང་ངོ་། །མཆོད་རྟེན་ཁ་དང་མེ་ཏོག་ཅན། །ཀ་ར་ཀ་ཞེས་བྱ་བའོ། །བསོད་སྙོམས་པ་དང་སློང་མོ་པ། །འཚོབ་པ་དང་བསླང་བྱ་བ། །སློང་མོ་ཅན་དང་སྦྱིན་བྱར་འགྱུར། །འདི་
ཡི་བསམ་གཏན་ལྡན་དང་བྱེད། །ཁ་ཏོན་དང་ནི་བཟླས་བརྗོད་དང་། །ཁྲུས་བྱས་ཁྲུས་ཆུ་ས་བ་ནི། །རིག་བྱེད་དང་ནི་བཟླས་ཀུན་གྱིས། །སྡིག་པ་འཇོམས་པར་བྱེད་པའོ། །མཐོང་བ་བཅོ་ལྔ་གནམ་སྟོང་ལ། །ཕྱོགས་མཐའ་སོ་སོའི་སྦྱིན་སྲེག་བྱེད། །རྟག་ཏུ་ལུས་སྒྲུབ་ལྟོས་
པ་ཡི། །ལས་གང་དེ་ནི་རྩོལ་བའོ། །རྟག་ཏུ་ལས་ནི་ཡང་དག་སྡུད། །གྱ་ཚོམ་གཅིག་གི་ཊུཾ་ཀ་ཏ། །ངེས་པ་གང་ཞིག་རྟག་ཏུ་ལས། །གློ་བུར་བ་ལ་བསྙེན་བཀུར་བསྒྲུབ། །དེ་ནས་ལྷག་མ་དག་བྱེད་འགྱུར། །མཆོད་སྦྱིན་ས་རཱི་བཱ་བ་ཏ། །ཨུ་བ་བཱི་ཏ་མཆོད་སྦྱིན་གྱི། །སྲད་
བུ་དང་ནི་གཉིས་སྐྱེས་ལྡན། །ཚངས་པའི་སྐུད་པ་དག་བྱེད་དེ། །ལག་པའི་གཡས་ཕྱོགས་རབ་ཏུ་དཀྲི། །པྲཱ་རྩཱི་ནཱ་པཱི་ཏ་གཡོན་དཀྲིས། །ནི་བཱ་ཏ་ནི་མགུལ་བར་འཕྱངས། །པཉྩ་བ་ཊི་བྲང་དང་སྐེད། །མཆོད་ཕྱིར་ཐོགས་དང་ཡང་དག་ལྡན། །མཆན་ཁུང་ཕུར་མ་ཀོ་པཱ་ནི། །
ཀཙྪ་ངོས་སུ་ལྡན་པའོ། །དཔྲལ་བར་ཐལ་བའི་རེ་ཁཱ་གང་། །སོལ་རིས་གསུམ་དང་ཏིཪྻ་ཀ །བེ་ཁཱི་ཏ་ཡི་ཐིག་ལེ་ནི། །བྷཱ་ལ་དང་ནི་བ་དང་གསུམ། །སོར་མོའི་རྩེ་མོར་ཏཱིརྠ་ལྷ། །མཐེ་ཆུང་རྩ་བར་ཚངས་ལྷའི་ཆུ། །གུང་མོ་མཐེབ་མཛུབ་མཚུན་གྱི་ཆུ། །མཐེ་བ་ཆེན་
རྩ་བར་ཚངས་ཆུ་སྦྱིན། །ཚངས་པ་སླར་བྱུང་ཚངས་ཉིད་དང་། །ཚངས་པ་ཡང་དག་ལྡན་པ་དང་། །ལྷ་སོགས་སྐྱེ་བ་དེ་བཞིན་ནོ། །དཀའ་ཚེགས་དཀའ་ཐུབ་ལ་སོགས་པ། །མལ་མེད་འགྲོ་བ་བྷཱ་བྷྱ་ན། །ཤེས་བྱ་ལྟ་བ་བྷི་དས་གྲོལ། །བྷྱུ་དི་ཏོ་ཏྲཽ་རིམ་ཇི་བཞིན། སནྦྱ་
ས་བ་ཏྱཱན་དང་། །ས་ནེ་ཕེ་རེ་རྙེད་ལ་སོགས་དང་། །འགྲོ་བྱེད་མཁས་བྱུང་ཚུལ་འཆོས་དང་། །ཚུལ་འཆོས་པ་ཡི་བྱ་བའོ། །སྡེ་གསུམ་ཆོས་དང་འདོང་པ་ནོར། །སྡེ་ཚན་བཞི་པ་ཐར་པའོ། །དེ་སྟོབས་བཞི་ལྡན་ཚངས་པ་ཡི། །གྲོང་བའི་ལམ་གྱི་མཆོག་ཡིན་ནོ། །བདེན་

སྨྲ་ཤིས་བརྗོད་བསྟོད་པ་རྣམས། །འདུན་པར་དྲང་སྲོང་ཆེན་པོ་རྣམས། །བྲམ་ཟེའི་དྲང་སྲོང་གནས་འཇོག་སོགས། །ཐོས་སོགས་བྱས་པ་ཐོས་དྲང་སོགས། །ཨ་ཏྲི་འདབ་སོགས་རྒྱལ་དྲང་སྲོང་། །སྐབས་ཀྱི་དྲང་སྲོང་རྣམས་ཀྱང་སྟེ། །ཇི་མི་ལ་སོགས་རིག་བྱེད་པ། །
རྒྱས་པ་དང་ནི་འོད་སྲུངས་པ། །དགའ་བ་དང་ནི་གླིང་སྐྱེས་བུ། །པྲྀ་ཏ་ཀོ་ཊི་བདེན་ལྡན་བུ། །ཕ་རོལ་འགྲོ་དང་གནས་བྱེད་དང་། །བདེ་ལྡན་མ་ཡི་བུ་དང་ནི། །བདེ་ལྡན་སྐྱེས་ལྡན་རྒྱས་པ་དང་། །ཕ་རོལ་གཞན་དགྲ་བྷཱ་ར་ཏ། །ཧྲི་ཏ་ཀཱ་ཀི་རྒྱ་ཤུག་གུ། །༡༧ །གྲོག་མཁར་སྐྱེས་
དང་གྲོག་མཁར་ཅན། །ཆུ་བདག་དང་ནི་ཀུ་ཤའི་རིགས། །བལྨཱི་ཀ་དང་གྲོག་མཁར་བུ། །སྙན་ངག་ཐུ་བོ་གྲོག་མཁར་སྲས། །ཀུ་ཤའི་རྒྱུད་དང་གནས་ངན་དང་། །སྣ་ཚོགས་བཤེས་གཉེན་གླང་བདག་སྐྱེས། །གནས་འཇོག་རྒྱུ་ནི་ཏཱི་མགོན་དང་། །ཨ་ཛྱ་མཱ་ན་བརླ་
ལྡན་དང་། །ཤ་ཏ་ནཱ་ཀུ། གཽ་ཏ་མ། །གཟེགས་ཟན་འོད་སྲུངས་མཚུངས་པའོ། །ཐང་ལ་འབར་དང་ལྷ་ཡི་འབངས། །ཀཱ་ཤིའི་རྒྱལ་དང་བདུད་རྩི་སྐྱེས། །སྐྱོང་བྱེད་དང་ནི་རྣལ་འབྱོར་ཅན། །གླང་མོ་སྐྱེས་དང་རིང་མོའི་བུ། །ཁྱབ་འཇུག་སྤས་དང་འཁྱོག་མོ་ཅན། །
ཤཱ་ན་ཀཱི་དང་རླབས་ལྡན་སོར། །ནཱ་ས་ཡ་ན་བརྒྱད་ཀླུ་དང་། །ཕྱོགས་ལྡན་འཆང་བ་མི་ནི་བརྗོད། །ཉེ་བར་འདམ་དང་འབྲས་བུ་འབྱོར། །བྱེད་ལྡན་མཐའ་འཛིན་སློང་བ་དང་། །ར་བ་ཀཱ་ཡ་ནའི་རབ། །ཀིནྡཱ་ཀྵིའི་བུ་པཱ་ཎི་ཎ། །པཱ་ཎི་ནིའི་བུ་སྦྲུལ་འཛིན་དང་། །སྐྱེས་བུ་བྱེད་དང་
གདོང་བྱེད་དང་། །ཡོན་ཏན་བྱིན་དང་པ་ཏ་ལི། །དགའ་བྱེད་ལྡན་དང་དགའ་བྱེད་དང་། །བྱཱ་ཌི་ཡིད་གཞུངས་ལྡན་པ་དང་། །བིཀྵ་བཱ་སི་སྐྱེས་པ་དང་། །ནབས་སོ། མཆོག་སྲེད། ཀཱཏྱཱ་དང་། །ཀཱ་ཏྱཱ་ཡ་ན་གཙང་སྐྱེས་དང་། །རྣམ་སྤྲོས་བྷཱར་དྷྭ་ཛ་དང་། །འདབ་བཟང་སྐྱེས་
དང་བ་གྷུ་བྱེད། །ནག་པོའི་འབངས་དང་བེ་དྷའ་དང་། །དྲག་པོ་དང་ནི་འཁྱོག་པོ་བྱེད། །བྷཱ་ར་བི་དང་ས་རྟལླ། །སྲིད་པའི་འབྱོར་དང་གཙང་མར་བརྗོད། །ས་ཡི་སྙིང་པོ་ཁོག་པ་དང་། །འཇུག་པ་འཁྱོག་དང་འདི་དག་མཚུངས། །མཆོད་སྦྱིན་བལྐ་ལ་རྣལ་འབྱོར། །ཚངས་པ་དགའ་

བའི་ལུགས་གཉིས་སོ། །དེ་ནི་ལེགས་བསྡུས་ཞེས་བྱར་འགྱུར། །གང་ཞིག་སྔ་བར་དྲན་བྱེད་པའོ། །བག་མ་དང་ནི་ཉེ་ཟུང་དང་། །གཉིས་སྨྲ་སྨྲ་བྱེད་ལག་བསྡམས་སོ། །ཉེ་བར་རྩོལ་དང་ཉེ་བར་འདྲེན། །བྱིས་པ་ལས་བྱེད་འཛིན་པའོ། །དེ་ནས་
དྲིལ་བུའི་ཡན་ལག་དང་། །ན་གུ་ལ་དང་བཀྲ་ཤིས་སྒྲ། །བཀྲ་ཤིས་ཕྲེང་ལྡན་རུལླ་ལུ། །ཀུ་ལུ་རེ་ཏུ་ལོ་ལ་དང་། །ཡཽ་ཏ་ཀེ་དང་ཡུ་ཏ་ཀཾ །ཡོན་ཏན་རྐང་བཀྲ་ཤིས་བརྒྱད། །ཏུ་ར་ཏ་རྟི་ཀི་དགའ་བྱེད། །སྒོ་ཡི་རྒྱན་དང་ཀ་བར་འགྱུར། །ཙནྡན་དང་ནི་ཕྲེང་བ་ཅན། །རྟ་བབས་
རྩ་དང་ཕྲེང་བ་དང་། །རྩེ་མོ་སྦྱར་བ་འདི་དག་མཚུངས། །གུ་པ་ཀ་དང་མེ་ཏོག་ཅན། །གུ་ཧེ་ངེས་སྐྱེད་མདངས་ལྡན་མཆོག །སྤྱོད་བྱེད་མཐིལ་དང་རབ་ཏུ་འཕྲོག །བུ་ག་རྩེ་བྱེད་འདབ་མ་དང་། །ཀརྐ་རེ་ཊོ་ཟླ་བ་ཕྱེད། །ལྷ་ཡི་སོར་མོ་སྒོ་ཡི་རྒྱན། །ཨ་བུཊྚ་པོར།
པི་ག་ཤ །གྲོང་ཁྱེར་དང་ནི་ཊ་ཀུ་ར། །ཀ་ཊ་ཀ་དང་ཡི་གེ་གསུམ། །ནི་སཾ་ཆུ་ཤིང་བཅུད་འཛིན་དང་། །ར་ཏརྡྷི་ཀི་བདེ་དང་ཁྲུས། །ཀུན་སྦྱོར་ཉེ་བར་འཛིན་པ་དང་། །ལུས་དང་བཏུང་བ་ཤླི་ཋ་དང་། །ཀྲོ་ཌི་བྱེ་བ་འཁྱུད་པ་ཡང་། །ཡོངས་རྩོམ་པ་རི་ཀུན་འཇོམས་དང་། །
ཀྲོ་ཌ་ཀྲོཌ་ཅི་འགའ་ཞིག །ཀུན་ཏུ་རབ་སྦྱོར་ཨ་བ་ཏི། །ལོག་སྤྱོད་མངོན་པའི་ང་རྒྱལ་དང་། །གྲོང་ཆོས་འོ་བྱེད་དགའ་དང་འཛེམ། །བདེ་ཆེན་རོལ་དགའ་མི་ཚངས་སྤྱོད། །ཀུ་ནོ་ནཱ་ཏི་བཟང་བ་དང་། །བྷ་ཪྵི་ཏི་དང་དགའ་དང་རྨོངས། །སྐྱེ་བ་འཆིང་བ་དགའ་བ་བསྒྲུབས། །
ཀྵ་པི་སཾ་སྟེ་ས་ནཾ་དང་། །མི་བ་ཏི་དང་དགའ་བའི་སྒྲ། །གང་དུ་དི་སྦས་ཡ་ཏི་ནཾ། །དེ་དུ་མ་ནོ་ར་ཏཾ་དུ་འདོད། །དབེན་དང་སྐྱེ་བོ་མེད་དང་བཀན། །གསང་བ། ཚོགས་མེད། དགོན་གསང་ཆེན། །འདི་དྲུག་གསང་བ་ཞེས་པའོ། །ཨུ་པཱི་ཤུ་དང་འཁྱུད་པ་དང་། །ནི་
སྟོ་ཀ་དང་ཉེ་བར་ལྕི། །ཤེས་པ་དང་ནི་ར་བ་གསལ་བ། །གསང་བ་དེ་ལས་བྱུང་བའོ། །མཆོག་གི་ཚིག་ལ་སེང་གེ་དང་། །སྟག་དང་། ཤར་བྷ། །ཁྱུ་མཆོག་གོ །དཔའ་བོ་གླང་པོ་རྟ་ཅང་ཤེས། །མཁས་དང་པདྨ་དཀར་སོགས་སྨྲ། །སྐྱེས་བུ་གཙོ་རྗེས་རྗོད་བྱེད་

དང་། །ཞེས་པ་པཎྜི་ཏ་སྙན་ངག་མཁན་པོ་དཔལ་ལྡན་དཔལ་འཛིན་སྡེ་ཡིས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་བྱ་བ་མུ་ཏིག་ཕྲེང་བ་ལས་བྲམ་ཟེའི་སྡེ་རྫོགས་སོ།། །།སྤྱི་བོར་དབང་བསྐུར་རྒྱལ་པོའི་བུ། །ལག་སྐྱེས་རྒྱལ་རིགས་རྣམ་པར་རྒྱལ། །
པྲི་ཛ་ལིནྡྷི་མི་བདག །ཀྵ་ཏ་ནི་གནམ་གྱི་རྒྱལ། །ས་དབང་། ས་སྐྱོང་། ས་ཡི་བདག །ས་འཛིན་མི་བདག་ས་འཚོ་དང་། །ས་གཞི་སྐྱོང་དང་ལྷ་ཡི་རྒྱལ། །ཀྵ་དྷ་ར་དང་ས་སྤྱོད་དང་། །རྒྱལ་ཕྲན་དང་ནི་དུམ་བུ་ཅན། །སྤྱི་བོར་དབང་བསྐུར་མིའི་བདག་པོ། །སྐྱེ་བ་གཅིག་དང་ཆ་ཤས་
བདག །རྗེ་བཙུན་མི་བདག་སྐྱེ་དགུ་ཡི། །བདག་དང་འཇིགས་པ་སེལ་བྱེད་པའོ། །ཡུལ་བདག་མི་དབང་ཟས་ཀྱི་བདག །ས་དབང་བདག་པོ་ཞེས་པ་ཡང་། །གང་གིས་རྒྱལ་འདོད་མཆོད་སྦྱིན་བྱས། །དཀྱིལ་འཁོར་དབང་ཕྱུག་བརྟན་པའོ། །གང་གིས་བཀའ་དང་བསྟན་པ་དང་། །
རྒྱལ་པོ་རྣམས་ནི་མཚུངས་པའོ། །གང་དག་རྒྱལ་པོ་ཞེས་བརྗོད་པ། །རྒྱལ་པོ་མ་ལུས་ཀུན་གྱིས་ནི། །ཕྱག་བྱས་ལྷག་པའི་དབང་ཕྱུག་གོ །འཁོར་ལོས་སྒྱུར་བ་ས་ཀུན་དབང་། །མི་བདག་གཞན་གྱི་རྒྱལ་ཕྲན་ནོ། །རྒྱལ་པོ་ཕལ་དང་རྒྱལ་རིགས་ཚོགས། །
རྒྱལ་པོ་ལྡན་པ་ས་འཛིན་ཚོགས། །དང་པོའི་རྒྱལ་པོ་པྲི་དུ་དང་། །བཻ་ནྱ་ཀ་དང་བུམ་པ་ཅན། །གཞན་ལས་རྒྱལ་དང་ལང་ཚོ་ཅན། །མཱམྣ་ཏ་ལ་སོགས་པ་དང་། །ག་ཊུཾ་གི་ཀ་ཞེས་པ་དང་། །ཡ་མད་ཨ་གྣི་དགའ་བྱེད་དང་། །ངན་སྤོང་སྐྱེས་དང་རྡུལ་བཟང་སྐྱེས། །
དགའ་བ་ཅན་དང་ར་དྷུའི་བུ། །ཤིང་རྟ་བཅུ་པ་དེ་ཡི་བུ། །སྐྱེད་པ་པོ་དང་ར་མ་ཎ། །ཚུལ་བཟང་མ་ནི་རྡྷ་ཤ་དང་། །ཚེད་མ་ལས་དགའ་བྱེད་ཟླ། །དགའ་བྱེད་བཟང་དང་གུ་བི་དང་། །ཤིང་རྟ་བཅུ་པ་ལས་སྐྱེས་པ། །མཚོན་བྱེད་དང་ནི་ལག་མ་ཎ། །བཤེས་གཉེན་བཟང་དང་
སྤྲིན་སྒྲ་རྒྱལ། །མཛོད་ལྡན་པ་དང་མཛོད་འཛིན་སྐྱེས། །ཀཻ་ཀ་ཡི་དང་། ཀ་ཀཱི། །ལུས་འཕགས་ཅན་དང་སྐྱེད་པ་པོ། །མེ་ཐི་ལཱི་ཡི་སར་བྱུང་དང་། །ར་མའི་བུ་དང་ཀུ་ཤ་སར། །ཧ་ལཱུ་མན་དང་འོད་ལྡན་དང་། །ཏི་རཱ་ནི་ནི་མྱ་ངན་མེད། །ཀུན་ཏུ་འདྲེན་དང་སྤྱོད་མཆོག་དང་། །

དགའ་བྱེད་ཕོ་ཉ་སྲིད་སྒྲུབ་སྐྱེས། །ཏི་ཌི་ཀུན་ཏུ་དགའ་བྱེད་དང་། །སྐྱོབ་བྱེད་སྐྱེས་དང་སེང་གེ་དགའ། །སང་སྐྱེས་གཞོན་ནུ་བྱིས་པ་དང་། །མགྲིན་བཟང་དང་ནི་ཉི་མ་དགའ། །ཨེ་ལ་གང་དང་རྟོགས་བྱེད་དང་། །དབང་ཆེན་དང་ནི་ཡལ་འདབ་
པོ། །དེ་ནས་ཤ་ཀུནྡ་ཡི་བུ། །ཐམས་ཅད་འདུལ་དང་བྷ་ར་ཏ། །ཤ་ཀུནྡ་སྐྱེས་དཽཥྨནྟ། །ཡང་ཡང་འགྲོ་དང་ཡོང་བ་ཅན། །སྲིད་སྒྲུབ་ལུས་སྐྱེས་གཅོད་བྱེད་དང་། །བརྩོན་འགྲུས་ལྡན་དང་འབྱུང་པོའི་སྟེང་། །འདམ་བུ་དང་ནི། ནཻ་ཥ་དྷ། །བསོད་ནམས་གྲགས་ལྡན་
རབ་དང་ལྡན། །ཐོས་ལྡན་ཞི་པ་འཇིགས་ཆེན་དང་། །པྲ་བྷི་ཡ་དང་དགའ་བའོ། །བུ་མོ་ཡོ་ཛ་ན་གནྣ། །གཱི་གེ་ཡཱི་དང་བདེ་ལྡན་མ། །རྣམ་པ་ཀྲ་བརྩོན་འགྲུས་ལུས་བཀྲ་སྐྱེས། །ནག་མོ་ཨ་ཥོ་ད་རཱི་དང་། །གནྣ་བ་ཏི་རྒྱས་པའི་མ། །ཤཾ་གཱ་སྐྱེས་དང་ག་གཱ་མ། །བུ་
ནི་ལྷ་ཡི་བརྟུལ་ཞུགས་དང་། །ཞི་བ་གསར་དང་གངྒའི་བུ། །གངྒཱ་སྐྱེས་དང་འཇིགས་པ་དང་། །མཛོད་གནས་ཀླ་ཀློ་འཆི་བདག་དང་། །གྲོང་གི་ནོར་ཞེས་བྱ་བའོ། །ཡུལ་འཁོར་སྲུང་གི་མ་ལས་སྐྱེས། །ཤེས་རབ་མིག་དང་མ་ཅན་བུ། །སྐྱ་བའོ་མཱི་ཌི་སོ་སོ་ཡི། །ཀཱནྟ་
ཀུནྡི་འདི་དག་མཚུངས། །ཨ་མྲཱ་ལི་ཀ་ལས་སྐྱེས་པ། །བིནྡྷ་བ་དང་ཨ་མྲའི་བུ། །འཐབ་དཀའི་དགྲ་ངན་རྒྱལ་པོ་སྟེ། །གཱནྣ་ར་སྐྱེས་འཐབ་པ་མེད། །ཆོས་རྒྱལ་སྐྱེས་ནི་མཱི་ཌྷི་སྟེ། །ཆོས་ཀྱི་བུ་ནི་དཀའ་ཐུབ་བུ། །ཀི་ཀ་རྣམས་ནི་རྗེས་སུ་སྐྱེས། །མ་སྐྱེས་དགྲ་ནི་གཡུལ་
ངོར་བརྟན། །བྲྀ་ཀོ་ད་རི་འཇིགས་སྡེའོ། །དཔའ་བོའི་རྡུལ་དང་ཀ་ཊའི་རྨ། །ཚོགས་སྐྱེས་ཀླུ་ཡི་སྟོབས་ཞེས་བྱ། །རླུང་གི་བུ་ནི་ཌི་རྨ་བྷི་ཏཱ། །བ་ཀ་ཀིནཱི་ཀརྨཱི་ར། །ཛ་རཱི་སྦྲང་རྩི་འཇོམས་པའོ། །ཨ་རྫུ་ནལ་བུ་རཾ་ཀྲ། །སྟོབས་བཟང་དབང་དང་འདམ་པ་ཆེ། །ཡཱནྣ་ཅོད་པན་
གཱཎྜི། །སྙིང་པོ་མེད་དང་བརྒྱ་བྱིན་དགའ། །འཇིགས་རུང་རྣམ་རྒྱལ་རྒྱལ་བྱེད་དང་། །མ་བྱ་པཱ་ཙཱ་དྷ་ན་གང་། །གཞོན་པ་དཀར་པོ་བཱིརྟྟ་གྷོ། །གསང་བའི་རབ་དབྱེ་ཀ་བི་སྐྱེས། །དགའ་བའི་དབྱངས་འགྱུར་གཱཎྜཱ་བི། །གཎྜི་བི་དང་དྷ་ནུའོ། །ཏྲཽ་བ་དཱི་དང་རི་སྐྱེས་མ། །ནག་

མོ་ལྔ་ལེན་མ་སྐྱེའོ། །སྐྱེད་མ་བསོད་ནམས་གྲགས་ལྡན་མ། །མཆོག་སྦྱིན་འདྲེན་མ་རིག་བྱེད་སྐྱེས། །རྟག་ཏུ་ལང་ཚོ་ལྡན་མའོ། །ཀྲ་ཡ་སྟོབས་བཟང་མ་གཉིས་མ། །སྲིད་སྒྲུབ་མ་དང་ལུས་ལྡན་མ། །རིགས་མེད་དང་ནི་ལྷར་བཅས་ཀྱི། །མ་ལས་སྐྱེས་པ་
སྐྱེ་དགུ་སྐྱེས། །སའི་རྣ་བ་ལ་ཨངྒའི་རྒྱལ། །རཱ་དྷར་སྐྱེས་དང་འཇོམས་བྱེད་བུ། །ཉི་མ་དགའ་བ་རྣམས་ཡིན་ནོ། །བུམ་པ་ཅན་ལ་མཐར་བྱེད་དང་། །དུས་ཀྱི་ཕྱི་མ་མུན་དབང་ཕྱུག །ནག་མོ་སྐྱེས་དང་སྡེ་བཟང་དང་། །བཀྲ་བའི་ས་དང་གཅོད་བྱེད་དོ། བྲེ་བོ་ཆེ་ལ་
རྒྱུན་གྱི་བདག །བྷཱ་ར་དྷྭ་ཛའི་སློབ་དཔོན་དང་། །ཆུ་ཡི་བདག་དང་བླ་མའོ། །བྲེ་བོ་ཆེའི་བུ་ཆུ་ཡི་བུ། །སྐྱེ་བོ་མགུལ་དང་དྲང་སྲོང་རྒྱལ། །ཡོངས་སུ་འཕངས་པའི་བུ་ཡང་ངོ་། །ཛ་ར་ཀུ་རུ་འགྲོ་བྱེད་མཆོག །བ་ཐེ་ཏ་སྱ་ཚེས་བཅས་མ། །ཛ་ཏ་ཀོ་རུ་མ་ན་མཱ། །ལྷ་མོ་
ཞེས་དང་ཨེ་ཏ་དག །གནས་པ་ཅན་མི་དང་ལུས་བདག་དང་། །རྣམ་སྣང་བུ་དང་སྟོབས་ལྡན་དང་། །མངལ་ཅན་བིནྡ་བ་ལིའི་བུ། །མཚོན་ཆ་ཅན་དང་བྲྀ་ཏོ་པ། །འདུལ་དབྱངས་དང་བུ་མཆོད་རྟེན་དང་། །བྱིས་པ་སྐྱོང་དང་ཙི་རཱི་ར། །ཤིང་རྟ་ཆེའི་བུ་མཁར་བ་དང་། །ཛ་ར་ས་
ཏྱ་བདེ་མཆོག་སྐྱེས། །རྣ་བ་ཅན་དང་རྩ་བའི་ལྷ། །རྩ་བ་བཟང་དང་མྱུ་གུའི་ཆའོ། །བཀའ་དབང་གྲོས་པ་བློན་པོ་དང་། །གྲོས་ཀྱི་སྣོད་དང་གཞུང་ལུགས་འཛིན། །བློ་དང་བཟོད་པ་ཅན་ཞེས་པ། །གཞན་ནི་ལས་དང་ལྷན་ཅིག་སྤྱོད། །སློབ་དཔོན་ཆེན་པོ་གཙོ་བོ་དང་། །
སློབ་དཔོན་ཆེན་པོ་མདུན་ན་འདོན། །བདེ་ལེགས་ཅན་དང་ལྟ་ཐོག་པ། །གཉེར་པ་དང་ནི་སྤྱན་གཟིགས་པ། །མིག་གི་ཆོས་ཅན་སྤྱན་པ་དང་། །རྟོག་དང་རྟོག་པར་བྱེད་པ་པོ། །ཐ་སྙད་རྣམས་ལ་བལྟ་བའོ། །སྒོ་སྲུང་བ་དང་སྒོ་སྐྱོང་བ། །སྒོར་གནས་སྒོ་ལྡན་དབྱུག་པ་
ཅན། །སྒོར་གནས་པ་ལ་བལྟ་བའོ། །པྲ་ཏཱི་ཧཱཪྻ་ཉེར་གནས་བལྟ། །དེ་ནི་བེ་ཏ་བྱེད་པ་དང་། །པེ་ཏྲ་འཛིན་དང་ཏོ་ཌ་ཀ །ལོག་སྒྲུབ་སྐྱེས་དང་འཇུག་བྱེད་པ། །སྙེམས་ཚོགས་ཅན་དང་དཔྱ་ཡི་གནས། །མཁར་ཅན་དང་ནི་རྫོང་སྐྱོང་བ། །དུས་བུ་སྐྱོང་དང་དུམ་བུ་ཅན། །སྲུང་

མའི་ཚོགས་པ་སྐུ་སྲུངས་པ། །བེ་ཏྲའི་སྡེ་དང་བསྲུང་བའོ། །གནས་བརྟན་དང་ནི་གྲོང་དཔོན་དང་། །གཞིས་བདག་གཉེར་བ་ཧུ་རི་པ། །ཕོ་བྲང་ནང་པ་ནང་མི་དང་། །ནང་ན་གནས་པའི་སྐྱེ་བོའོ། །གསེར་མཛོད་པ་དང་། གསེར་གཉེར་པ། །དངུལ་
མཛོད་པ་དང་འདུལ་གཉེར་བ། །གྲོང་གནས་པ་དང་གནས་བྱེད་པ། །སྤྱན་པ་དེ་ནས་ས་བི་བ། །སློབ་དཔོན་གནོང་ཅན་འགྲམ་དང་ནི། །གྲོལ་བའི་ལས་དང་གྲོས་བྱེད་པ། །དུང་གི་སྤྱན་པ་དུང་པ་དང་། །སྤྱན་པ་དང་པོར་བྱེད་པ་མཚུངས། །དར་གུ་ལི་ཀ་སོ་རྩི་བྱིན། །རབ་
འཇུག་བྱེད་དང་འཇུག་པ་པོ། །འཇུག་བྱེད་བུ་དང་རྒྱུག་བྱེད་པ། །ཛམ་གྷཱ་ཀ་རི་ཛམ་བྷི་ཀ ། བཙུན་མོའི་སྐུ་སྲུང་ཀཉྩ་ཀི །གནས་བྱེད་དང་ནི་ཉུག་རུམ་པ། །མ་ནིང་ཉམས་པ་ཟ་མ་མཚུངས། །ཡང་དག་ཐོབ་བྱེད་ལུས་ཉད་བ། །ཞབས་ཐོག་པ་དང་འཚོ་བ་པ། །གྲོགས་
བྱེད་ལ་དང་སྤྱིད་བྱེད་པ། །ཡུལ་མཐར་གནས་པའི་རྒྱལ་པོ་དགྲ། །དེ་ཡི་ཕ་རོལ་བཤེས་ཡིན་ནོ། །ཨུ་པཱ་ཤིན་བར་གནས་ཡུལ། །རྩ་འཛིན་དང་ནི་རྒྱལ་གནས་སོ། །དགྲ་བོ་མི་དགའ་ཡོངས་བགྲོད་དང་། །དགྲར་འཛིན་པ་དང་བཤེས་མི་བྱེད། །སྡང་བྱེད། ཞེ་འགྲས།
འཁོན་བྱེད་དང་། །མི་མཛའ་བ་དང་ཕ་རོལ་རྒོལ། །མངོན་བགྲོད་དགྲ་བྱེད་རྣམ་སྡང་དང་། །མི་ཕན་བྱེད་དང་ཕྱིར་རྒོལ་དང་། །ཡོངས་གནས་འགྲན་ཟླ་མངོན་གཞོམ་བྱ། །ཛི་གྷ་ཀུན་ཏུ་འགྲན་སྡང་བྱེད། །རྣམ་སྡང་བཟོད་བྱེད་མི་དགའ་བྱེད། །བཞིན་མཉམ་མཚུངས་པ་
འགྲན་ཟླ་དང་། །གྲོགས་དང་གྲོས་གཉེན། སྣག་གཉེན་དང་། །སྡུག་དང་། རྩེད་རོལ། ལྷན་ཅིག་སྤྱོད། །སཱི་ཤཱུརྠ་ནཱི་ཞེས་པ་ཡང་། །དབང་བཅས་ལེགས་སྤྱོད། ལེགས་སྡུད་དང་། །འགྲོགས་དང་འདུན་པའི་སྐྱེ་བོ་དང་། །བདུན་བརྒྱུད་གཉེན་དང་མཛའ་གྲོགས་
བཤེས། །ལྗང་གུའི་མཚོན་འདར་བརྗོད་པ་དང་། །སྐད་ཅིག་ཙམ་གྱིས་མཚོན་གྱུར་པ། །སྔོན་པོའི་ཆོས་བཞིན་བརྟན་པ་དང་། །དགའ་དང་དོར་བྱས་རྗེས་སུ་འཇུག །མཁའ་ལ་རྩེན་དང་རོལ་རྩེད་དང་། །དེར་ནི་ཉེ་བར་གྱུར་པའོ། །ལྟ་ཉུལ་དང་ནི་རྟོག་མི་པ། །རྟོག་དཔྱོད་

བྱེད་དང་ཉུལ་མི་དང་། །ལྡུམ་བུ་པ་དང་སོ་རྟོག་མི། །བྱ་གཏོང་དང་ནི་ནང་ཡན་ནོ། །ལོ་ཤེས་རྩིས་མཁན་ལྷ་ཞེས་དང་། །ལྷ་ཡིག་པ་དང་ཤེས་ལྡན་དང་། །དུས་ཤེས་ཡུང་ཙམ་ཐང་ཅིག་ཤེས། །གནས་ཤེས་འགྲངས་བྱེད་ལྷ་འདྲི་བ། །གུས་པར་འདྲི་དང་སེམས་བརྗོད་
འགྱུར། །པྲ་སྱ་ཤ་ཀ་ཊི་ཞེས་པའོ། །དེར་ནི་ངེས་འགྲོ་སྦྱིན་པ་དང་། །ལྷ་ལ་འདྲི་དང་ཉེ་བར་ཐོས། །རྒྱུད་དང་གྲུབ་མཐའ་ཤེས་པ་དང་། །སྦྱིན་བདག་ཁྱིམ་བདག་མཚུངས་པའོ། །བྲིས་མཁན་དང་ནི་ཡིག་མཁན་དང་། །ཡི་གེ་པ་དང་འདྲི་བྱེད་པ། །ཀིར་ཀ་དང་
ཤཱནྟི་ཀ །ཡི་གེ་ཅན་དང་སྣག་ཚའི་ཟོང་། །ཀཱ་ཀྵི་ཀ་དང་པོ་ལི་ཀ །དེ་ནས་མེ་ལཱ་བུ་རྨ་ལཱ། །དགའ་བྱེད་དང་ནི་ཡི་གེ་འཆགས། །སྣག་ཚའི་ནོར་བུ་སྣག་ཚའི་ནོར། །ཡི་གེ་ཁྲོན་ཅན་བཱརྟ་ལ། །སྣག་ཚ་ཆུ་ངང་མ་ལཱ་དང་། །མདའ་ལ་མིག་སྨན་སྣག་ཚའོ། །མྱུ་གུ་
ཡི་གེའི་འདབ་ཅན་དང་། །ཀཱ་ཙ་ན་དང་ཡི་གེ་འཆིང་། །ཡི་གེའི་ཕོ་ཉ་ཁུ་ཚུར་བྱེད། །ཕྲིན་ཡིག་བརྗོད་དང་རྗོད་བྱེད་པ། །ཡི་གེའི་གནས་དང་དྲི་གཙང་ཁང་། །རྒྱས་འདེབས་རྐྱེན་བྱེད་འདྲི་བྱེད་དང་། །བྱི་བྱ། ཀུན་ཏུ་བྲི་བྱ་དང་། །ཡི་གེའི་རིམ་པ་རིམ་པ་གཉིས་རྣམས་སོ། །
ལ་ཁཱི་ལ་ཀ་འཕྲིན་ཡིག་ཁྱེར། །ལྷག་པར་འཕྲིན་ཡིག་སྤྱོད་བྱེད་འདོད། །ཡིག་མཁན་ལས་བྱེད་རྐྱེན་བཅུག་པའོ། །སྐྱེས་ཁ་དང་ནི་ཕོ་ཉ་བ། །དུ་ཏྱི་དེ་དངོས་ལས་ཡིན་ནོ། །ལམ་ལ་ཚོང་པ་འགྲོན་པོ་དང་། །ལམ་འགྲུལ་འགྲོན་ལམ་གནས་སྤོས་པ། །འགྲོ་བྱེད་
ལམ་པོ་དེ་ནས་ནི། །སྡུད་བྱེད་ལམ་པ་དང་ནི་རྒྱུད། །མཉམ་པ་ས་མུ་ན་སཱ་ཐ། །ཛངྐ་འདུག་གནས་འདི་དག་མཚུངས། །ཛཱ་ག་མ་ལ་སོགས་པའི་རབ་ཏུ་བྱེད་པའོ། །བདག་པོ་བློན་པོ་ཐུགས་ཆེས་དང་། །མཛོད་དང་ཡུལ་འཁོར་རྫོང་དང་དཔུང་། །རྒྱལ་པོའི་ཡན་
ལག་གཉིས་ཡིན་ནོ། །ཁབ་དང་ཕོ་བྲང་ཞེས་པ་དང་། །དུམས་དང་འཐབ་དང་ཆས་པ་དང་། །གནས་དང་ནོར་གཏོང་གཞན་བརྟེན་རྣམས། །དྲུག་རྣམས་ཡོན་ཏན་ཞེས་བྱའོ། །ནུས་པ་དང་ནི་མཐུ་སྟོབས་དང་། །དགའ་བར་བྱས་དང་སྔགས་བཟླས་དང་། །ཟད་དང་

གནས་དང་འཕེལ་བ་དང་། །སྡེ་ཚན་གསུམ་པོ་རིག་པའོ། །རྣམ་པར་གནོན་དང་སྐྱེས་བུའི་མཐུ། །གཟི་བརྗིད་དང་ནི་མདངས་དང་སྟོབས། །དཔུང་དང་མཐུ་བརྗིད་ཅན་དང་ནི། །བང་མཛོད་ནོར་གྱིས་གང་བ་དང་། །དབྱེ་དང་སྡུད་དང་དུམས་དང་ནི། །དཔྱ་འཚལ་ཐབས་ནི་རྣམ་པ་བཞི། །ཁྲལ་
དང་སྡུད་དང་དཔྱད་དང་ནི། །ཕྲ་མ་དང་ནི་སྐྱོམ་མཚུངས། །དེ་ནས་དབྱེ་དང་ཉེ་བར་འགྱེད། །ཨུ་པ་དྷ་ནི་ཆོས་སོགས་ཀྱི། །གང་ཞིག་ཉེ་བར་བལྟ་བའོ། །དྲུག་ནི་ལྟ་བར་བྱེད་པ་སྟེ། །གང་ཞིག་གསུམ་སོགས་སྤྱོད་ཡུལ་ལོ། །མཚུངས་པ་བློ་ཐུབ་ཡིད་ཆེས་སོ། །ཉམས་ན་དམན་པ་ཇི་
ལྟར་འགྲིམས། །མ་ཉམས་རིགས་པ་རྟོག་པ་དང་། །གཟུགས་སྟོན་པ་དང་མཚུངས་པར་གནས། །རིགས་པ་ཐབས་དང་ཐོབ་པ་དང་། །འོས་པ་འཐད་པ་ལུགས་བཞིན་དང་། །རིགས་པས་ཐོབ་དང་གནས་སུ་བརྗོད། །མངགས་པ་གང་ཞིག་ལ་མ་བཙས་པ། །གང་དེ་
སོ་སོར་བསྟན་པའོ། །དེས་བསྟན་ཀུན་ཏུ་བསྟན་པ་དང་། །མངགས་བསྟན་གདམས་པ་བསྟན་པ་དང་། །བསྟན་པ་དཀའ་དང་རྗེས་སུ་གནང་། །ཁྲིམས་ལུགས་དང་ནི་འཛིན་པའོ། །ཀུན་ཏུ་གནས་དང་ཡུལ་ཆོས་དང་། །ཡང་དག་རབ་འཛིན་ཀུན་ཏུ་འཆིང་། །ངེས་
གཟུང་། སྡོམས་དང་། འཆིང་བ་མཚུངས། །ཉེས་པ། ནོངས་པ། སྐྱོན་ཅན་དང་། །ཏུཎྜི་ཀཱ་དང་རིགས་བབ་འགྲོ། །གཉིས་སོགས་ཆད་པ་ཉིས་འགྱུར་ལེན། །ཐོབ་བྱ་དཔྱ་དང་སྡུད་དཀའ་དང་། །ཁྲལ་བར་ཐོབ་པ་ཤོ་གམ་མོ། །འདི་ཡི་འབྱོར་པ་ཀུན་ནྭ་དང་། །
ཉེ་བར་སྦྱིན་དང་ཉེ་བར་སྤྱོད། །ཟང་ཟིང་ལཉྩ་ཨུ་ཀཽ་དང་། །རབ་ཏུ་སྟོན་དང་ཀུན་ཏུ་སྟོན། །མཛོད་འཛིན་འབུལ་བ་ཉེ་བར་སྦྱིན། །སྐྱེས་དང་ཞུ་རྟེན་ཞེས་བྱ་དང་། །རྣམ་གཞག་དང་ནི་མདུན་འཇོག་དང་། །སྦྱིན་པར་བརྩམས་དང་དད་རྫས་དང་། །དེ་ཡི་དུས་ལ་སྦྱིན་པའོ། །ཕྱི་
དུས་ལ་ནི་ཨཱ་མ་ཏི། །འདི་ལ་མཐོང་བའི་འབྲས་བུ་དང་། །ཕྱི་མར་མཐོང་བའི་འབྲས་བུ་དང་། །མཐོང་མེད་མེ་དང་ཆུ་ལ་སོགས། །མཐོང་བ་རང་བཞིན་དགྲ་བོ་དང་། །ས་སྐྱོང་ཤིན་ཏུ་འཇིགས་པ་དང་། །རང་ཕྱོགས་མཐུ་ཡིས་འཇིགས་པའོ། །རྒྱལ་པོའི་ཕོ་བྲང་ཀ་ཊ་ཀཾ། །ཀུན་

ཏུ་གནས་དང་ཕུང་པོ་སྐྱོབ། །ངེས་འཇུག་དང་ནི་ཁྱོགས་ཅན་དང་། །བྱི་དོར་ཅན་དང་ཨཱ་ཇུ་བྱེད། །རབ་ཏུ་རྩོམ་དང་བཀའ་ལུང་ངོ་། །རྔ་ཡབ་དང་ནི་གཡོ་བ་བྱེད་དོ། །རྔ་ཡབ་རྔ་མ་སྤུ་ཅན་དང་། །ས་རཾ་ཙཱ་བ་ཙཱུ་ལ་ཀཾ །ཀྲ་ཡེ་རླུང་གཡབ་ལུས་གཅིག་པ། །བོ་མ་གུཙྪ་ཀཾ་དང་ནི། །
གཾ་ག་རྀ་ཞེས་བྱ་བའོ། །མི་བདག་སྟན་ནི་བཟང་པོའི་སྟན། །དེ་ནི་གསེར་གྱི་རང་བཞིན་འགྱུར། །སེང་གེའི་ཁྲིའོ་གདུགས་ཚད་སྐྱོབ། །པུ་པོ་ཊ་སྐྱེས་ཚ་བ་སྒྲིབ། །ཨུཊྐཱུ་ཊི་དང་འཁོར་ལོའི་ལུས། །ས་བདག་ལ་གནས་རྒྱལ་པོ་ཡི། །རྟགས་མཚན་གསེར་གྱི་དབྱུག་
པ་དང་། །ཉེ་བར་མཚོན་ཅེས་བྱ་བའོ། །བུམ་པ་བཟང་པོ་གང་བའི་བུམ། །གསེར་གྱི་རིལ་བ་བྷྲྀངྒ་ར། །སོ་རྩིའི་སྣོད་ནི་ཀ་རཾ་ཀ །སྠཱ་གི་ཀཱ་ལུ་ཀཱ་ཞེས་སོ། །ཕྱེ་མ་ལཱ་བ་ཕྱེ་མ་ནི། །འགྱུར་བྱེད་མཚོན་གྱིས་བསྒྲིབས་པའོ། །ཁྱོགས་དང་འདེགས་དང་དོ་ལི་ཀཱ། །
བྲིངྑཱ། །བྲིངྑཱ་ལ་ནི་དང་། །བྲིངྑོ་ལ་ཞེས་བྱ་བ་དང་། །བྲིངྑ་རིངྑོ་ལ་རིངྒ། །བྲེངྑ་ཎ་རངྑ་ཎཱོ། །རྒྱལ་སྲིད་ཀྱི་ཡན་ལག་གི་རབ་ཏུ་བྱེད་པའོ།། །།གླང་རྟ་ཤིང་རྟ་རྐང་ཐང་རྣམས། །དམག་གི་ཡན་ལག་རྣམ་པ་བཞི། །མི་མཐུན་ལྕེ་དང་གླང་མོ་སྐྱེས། །གླང་པོ་རྭ་ཅན་
ནཱ་ག་དང་། །རྫིང་ཅན། །ལག་ལྡན། །རི་དགས་ཆེ། །པཱི་ལུ་མང་འཐུང་གཉིས་འཐུང་དང་། །ཆེར་མྱོས་ཨི་བྷ། ཀཱ་རི་ཊཱ། །ཀཱ་ཊཱི་རལ་ཅན། འདུས་པ་དང་། །རྒྱ་མཚོ་ཅན་དང་བུམ་པ་ཅན། །ཧ་སྟི། མ་ཏཾ། ག་སྐྱེས་དང་། །སྐྱོབ་བྱེད་མཆེ་བ་གཉིས་པ་
དང་། །སྡོང་པོ་འཛིན་དང་སྡོང་པོ་དགའ། །པདྨ་ཅན་དང་འཁྲི་ཤིང་ཅན། །པྲེ་ཙི་ལ་དང་། པེ་ཙ་ཀཱི། །སོ་ལྡན་མཆེ་བའི་སྟོབས་ཅན་དང་། །གླང་མོའི་བདག་དང་ཛ་ལ་ཀ །པཎྜི་པཱ་དང་། བཱ་ཛཱི་ཏ། དཱི་རྒྷ་སཱ་རུ་ཏ་ཞེས་དང་། །ཨནྟཿསྭོ་དེ་ཏེ་རཱ་དང་། ནིརྡཱུ་ར་དང་
མཚོན་བྱེད་རྟེན། །ཉི་མ་ཐོབ་དང་འཁོར་ལོའི་རྐང་། །སྟོབས་མཆོག་ཥ་ཧཱ་ཡ་ན་དང་། །མྱོས་པའི་བྲི་ཀུ། བུར་ཤིང་རྩེ། །གཉིས་འཇོམས་དཎྜ་པཱ་ལ་དྷི། །ལུས་ཆེན་དཱི་ཧཱ། འགྲམ་བྱིན་དང་། །སྒྲོགས་བྱེད་གཉིས་འཐུང་བུ་རྣམས་སོ། ༥༣ །ལག་ལྡན་མ་དང་གླང་མོ་

དང་། །རྣ་བ་འཛིན་མ་བྷཱ་བ་སཱ། །གནས་མ་ཨི་བྷྱ་ཀ་ཙཱ་དང་། །གཞོན་མ། ཚོགས་ཅན། སྒེག་མའོ། །ཁྱུ་བདག་ཆུ་ཡི་མགོན་པོ་དང་། །ཀ་ལ་བྷ་དང་གླང་པོའི་བདག །བིཀྐོ་པྲཱྀ་ཏ་ས་ཆེན་དང་། །སོ་དབང་ཨུ་ད་གྲ་ད་ན། །ཟབ་མོའི་རིགས་
དང་གླང་པོ་བཅས། །གང་འགྱུར་ལྕགས་ཀྱུས་གདུལ་དཀའ་བ། །གཡོ་བ་ཅན་དང་བྱ་ལ་ཀ །ཤིན་ཏུ་གདུག་དང་མ་ཏཾ་སྐྱེས། །གཅེར་བུ་རབ་བྱེ་མིརྦྷིནྣ། །སྒྲོགས་བྱེད་མྱོས་པའི་སོ་ལྡན་དང་། །གླང་པོའི་ཆང་དང་མྱོས་པའི་ཆང་། །གླང་པོ་སྨྱོན་པ་གླང་པོ་རྒོད། །རྒྱལ་
པོའི་ཕྱི་ཡི་གླང་པོའི་རྒྱལ། །མཆོག་ཏུ་རྣམ་པར་རྒྱལ་བྱེད་པ། །གང་འགྱུར་ཕལ་ཆེན་མྱོས་རལ་ཅན། །པཱུ་རི་ཥཱ་སོགས་ངེས་པར་དྲེགས། །གླང་མོ་སྤོས་ཀྱི་གླང་མོ་དེ། །གང་ཞིག་ཁྲོ་བྱེད་ཁྲོས་པའོ། །སྐད་ཅིག་གིས་ནི་དབང་དུ་འགྱུར། །གལ་ཏེ་མཚོན་པས་བྷཱ་སྟོ། །
འོད་ཟེར་ཅན་དང་མཆོད་སྦྱིན་གྱི། །གླང་པོ་མཆོག་རྒྱལ་རྟགས་པ་མཚུངས། །བི་ཏཾ་གླང་པོ་ཕལ་པའོ། །གླང་ཚོགས་གླང་པོ་འདུས་པའོ། །དུད་འགྲོ་བྱིན་དང་གདབ་པ་དང་། །གླང་པོའི་ཡོངས་འདྲེན་བི་དྷའོ། །བུམ་པའི་འོག་ནི་བཱ་ཧ་ཎྱཾ། །པྲ་ཏི་མ་ནི་དེ་ཡི་འོག །བུམ་པ་
ཅན་དང་གླང་འབུར་གཉིས། །དེ་ཡི་བར་ནི་བིདྷའོ། །ཨཱ་རཀྟ་ནི་བུམ་པའི་མཚམས། །གཎྜ་ཤམ་ཁ་འགྲམ་པའི་མཚམས། །མཆེ་བའི་ཤ་ནི་པྲ་བེཥྚ། །ཀ་རཱི་ར་ཀ་སོའི་རྩ་བ། །སྣ་ཡི་གོང་ནི་སྟུ་ལའོ། །ལག་སོར་ལག་པའི་ཟེ་འབྲུལ། །དཔྲལ་བ་ཨ་བ་གྲཱ་ཧའོ། །རྒྱབ་ཀྱི་
ཤ་ནི་ཏ་ལྱ་ལཱ་མ། །ཕྲག་པའི་ཕྱོགས་ནི་ཨཱ་པ་ནི། །ཡཱི་ཀྵི་ཀཱ་ནི་མིག་འབྲས་སོ། །མིག་གི་ཟུར་ཕྱོགས་ནིརླུ་ཛྭ། །སནྡ་ན་ནི་མིག་རུས་འོག །ཨཱ་ཡ་སྐཱ་ར་བྱིན་པའི་རྩ། །པྲོ་ཧ་རྐང་པའི་ཚིགས་ལའོ། །པཀྵ་བྷཱ་ག་རྩི་བ་མའི་ཆ། །དནྟ་བྷཱ་ག་མཆེ་བའི་རྩེ། །རྗེ་ངར་ཕྱི་
དང་རྩེ་མོའི་ནི། །ཨ་པ་རཾ་དང་ཡོ་གི་ཏ། །རྗེ་ངར་བདུན་དང་རྩེ་མོའི་ཆ། །གཱ་ཏྲར་འགྱུར་རོ་སོ་རྩ་ཀ །མཇུག་མའི་རྩ་བ་དང་ནི་མཐའོ། །གང་པོའི་ཁ་ཆ་པདྨའི་ཀཾ །རྣ་བའི་རྩ་བ་ཙཱུ་ལི་ཀཱ། །རུ་ལཛྫྷེ་ལཱ་རྣ་བའི་ནག །མྱོས་པའི་སྦྱོར་བ་བྱ་སྟཱ་ར། །དེ་ནས་སྦྱིན་པ་མྱོས་

པའོ། །གླང་པོའི་རྒྱན་ལ། ཤྲི་མ་གཱཊ། །གླང་པོའི་མགོ་དང་ལག་ལྡན་མགོ ། ཧཀྐོ་གརྫྫ་འབོད་པའོ། །ལྕགས་ཀྱུ་ལ་ནི་ཤྲྀ་ཎི་འོ། །རྣ་བ་འབིགས་པ་ཀརྞ་རཱ། །འཆིང་མ་ས་ཐག །ལ་ལཱིའོ། །འདོགས་པའི་ཀ་བ་ཨ་ལ་ནཾ། །ཤཾ་གར་ཀོཥ་ཌ་ཞེས་པའང་། །ལྕགས་
སྒྲོག་བཱ་ཙི་ཧིཉིཛ་ར། །ལྕགས་ཐག་ཨནྟུ་ཀ་ཞེས་པའོ། །དེ་ནས་པྲྀཥཱ་ཀ་ཀྵཱ་དང་། །བ་ར་ཏྲ་ནི་གླང་པོའི་ཐག །པྲཱ་ག་བྭྀ་ནི་གླང་པོའི་ཆིངས། །ནཱ་རཱི་གླང་པོའི་ཆིངས་སོ། །ཨ་པ་བ་ཏ་འཆིང་བས་འཛིན། །གླང་པོ་མཆོག་ནི་གུ་ཊ་ནཾ། །རྟོགས་ལྡན་སྐྱེ་བོ་དམ་པ་དང་། །
ཛེ་ག་ནིནྡ་ཛ་ག་རྫ་ནི། །མཁྲིས་པའི་རིམས་དང་བཱ་ཀ་ལ། །སྐྱོན་བྲལ་བརྩེགས་པ་བཱ་ཀ་ལ། །ལ་བ་ཁྲའོ། །གླང་པོའི་གཡོག །ཁ་དོག་སྟན་དང་། ཀུ་ཐའོ། །རྟ་དང་ཆུ་འཐུང་མྱུར་འགྲོ་དང་། །འགྲོ་མགྱོགས། མགྱོགས་འགྲོ་བདུན་པ་དང་། །སིནྐུ་སྐྱེས་དང་འགྲོ་
བྱེད་དང་། །སྒྲུབ་བྱེད་གཤོག་ལྡན་ཧ་ཡ་དང་། །འཕྲོག་བྱེད་དཔལ་གྱི་བུ་དང་ནི། །སི་ནཾ་རྣམ་གདོན་རླུང་ལས་སྐྱེས། །རླུང་གི་ཤིང་རྟ་ཡང་ཡང་ཟ། །རྔ་ཡབ་ཅན་དང་ཧི་ཥཱི་དང་། །པཱི་ཏི་དེ་ཀ་ཤ་ཀ་དང་། །འགྲོ་བྱེད་ཕུང་པོ་རྨིག་པ་ཅན། །ཀི་མྦཱི་སཱ་ལི་ཧོ་དྲ་དང་། །
རལ་ཅན་ཚངས་པ་རང་སྐྱེས་དང་། །མཆོད་སྦྱིན་ཕྱུགས་དང་ཀུ་ཌཱུ་ར། །རྒྱལ་འཛིན་རི་དགས་རལ་པ་དང་། །ཛཱ་ནུ་བ་དྷུ་རྩ་གདོང་དང་། །རྔ་ཡབ་མཇུག་མ་ཅན་རྣམས་སོ། ༢༥ །ཅང་ཤེས་དང་ནི་རིགས་ལྡན་དང་། །རླུང་དང་ཀུན་ཤེས་ཞེས་ཀྱང་ངོ་། །རྟ་མཆོག་སིནྡུ་བཱ་ར་དང་། །
རང་རིགས་དང་ནི་ལེགས་བརྩོན་ལྡན། །ལྷག་པར་རྒྱུགས་དང་བང་ལྡན་དང་། །རྣམ་པར་དུལ་དང་ལེགས་འགྲོ་དང་། །བྲྀ་ཥཱ་ན་ལ་ཤུགས་འགྲོ་དང་། །ལྷག་སྤྱོད་ཨ་ཤྭ་ཏ་ར་དང་། །ཁ་ར་དང་ནི་སྐྱོབ་བྱེད་པ། །ཏུརྨིཾ། ས་མྭ། །རྟ་དཀར་དང་། །དཔལ་གྱི་ཤིང་ཅན་གང་
གི་མིང་། །ཤིང་གི་རྗེས་སུ་མཚོན་བྱེད་པ། །རྟ་ནི་བཟང་པོ་ལྔ་རེ་རྣམས། །ཡན་ལག་ལྔ་རྣམས་ལེགས་པར་རྒྱས། །མ་ལླི་ཀཱ་མིག་དཀར་མིན་རྣམས། །ནག་དང་དབང་པོའི་གཞུ་ལྟ་བུ། །གཤོག་ལྡན་རྟ་གཙང་མཆོད་སྦྱིན་ལ། །གང་ཞིག་མཆོད་སྦྱིན་ཐོབ་པའི་

མཆོག །རླུང་གི་རྟ་དང་ས་ཡི་ཕྱོགས། །རླུང་ཚོགས། འཕྲོག་བྱེད། ཏཽ་ར་བཻ། །མདུང་ཅན་དང་ནི་རྣམ་པར་དུལ། །དབྱེ་བ་འདར་བྱེད་གླིང་སྐྱེས་དང་། །མི་ལྡན་ཡུལ་དུ་སྐྱེས་པ་དང་། །བཱ་ནཱ་ཡུ་སྐྱེས། པཱ་ཏ་སིག་སྐྱེས། །བཱ་ར་ཊ་ཞེས་ཕ་རོལ་
ལ་པ། །རྒྱབ་ལྡན་དང་ནི་གནས་པའོ། །ཤིང་རྟ་འདྲེན་བྱེད་ར་ཐ་སྱེ། །བདེ་བར་བྱེད་དང་བདེ་བར་སྤྱོད། །རྟེའུ་དང་ནི་ཐུ་རུ་ཉིད། །མོ་རྟ་རྒོད་མ་བཱ་མཱི་དང་། །ཨ་ཤྭཱ། ཧ་ཡཱི། རབ་སྐྱེད་མ། ༦ །རྟ་ཡི་ཁྱུ་དང་རྟ་ཡི་ཚོགས། །རྒོད་མའི་ཁྱུ་དང་རྒོད་མའི་ཚོགས། །དཔལ་
གྱི་ཤིང་ཅན་སྙིང་གར་འཁྱིལ། །མཛེས་བྱེད་མགྲིན་པར་གནས་པའོ། །ཟེ་རྔོག་རུ་གནས་གང་འཁྱིལ་བ། །དེ་ནི་ལྷ་ཡི་ནོར་བུར་བརྗོད། །ཀཋྱན་རྟ་ཡི་སྐེད་པའོ། །ཧེ་ཥཱ་ཧཱེ་ཥཱ་དེ་ཡི་སྐད། །འཚེར་འགྲོ། །ཕྱོགས་བཞིར་འགྲོ་བ་དང་། །ཡོངས་སྐོར་མཆོད་
འགྲོ་རིང་དུ་འགྲོ། །ལྔ་པོ་འདི་རྣམས་རྟ་ཡི་འགྲོས། །རྟ་ཡི་གདོང་དང་མཚུལ་པའོ། །ཟེ་རྔོག་དང་ནི་ཟེ་བའི་ཕྱོགས། །རྨིག་པ་ཤ་པཾ་བེརྒཱིའོ། །རྟ་མཇུག་དང་ནི་རྔ་མ་དང་། །རྟ་རྡ་ལཱ་གུ་ལ་ཞེས་དང་། །བཱ་ལ་ཧ་སྟ་རྟ་སྙིང་ངོ་། །བནྟཱ་ལི་ཀཱ་ཚོགས་སུ་འགྱུར། །འདྲེ་
བར་བྱེད་དང་བནྡེ་མཚུངས། །ཉེ་བར་འདྲེ་དང་འདྲེ་ལོག་དང་། །ཕ་རོལ་འདྲེ་དང་ས་ལ་འདྲེ། །སྟེང་དུ་གནས་དང་སྐྱེས་བུ་ཅན། །རྣམ་པར་གནོན་དང་རྒྱུག་དང་བང་། །རྟ་ཡི་སྲབ་དང་ཀ་བ་མ་ཊྱཾ། །ཀ་པི་ཀཾ་དང་ན་ནའོ། །ཧ་ཡཙྪུ་ཊའི་ཕྲག་པ། །མགྲིན་པར་དྲིལ་བུ་གཡེར་
ཁའོ། །རབ་བསྐུལ་འཛིན་དཔྱད། སྲབ་པརྞ། །ས་ཏཱུ་འཇུག་བྱེད་དང་ནི་ལྕག །ཡོངས་སུ་འགྲོ་བྱེད། འདོད་བྱེད་དང་། །རངྒའོ་འདི་ཡི་རྩེ་མོའི་ཆ། །པྲ་ཥ་རེ་དང་བནྡ་ཧ། །པགས་པས་དཀྲིས་དང་ཀ་ཥ་མཚུངས། །རྟ་ཡིས་ཉིན་གཅིག་བགྲོད་པའི་ལམ། །གང་དེ་
ཨཱ་ཤྭཱི་ནཾ་ཞེས་བྱ། །མགྲིན་པར་འཕྱང་ལ་ལེ་ནཱ་ཤ །ཞགས་པ་ནེ་ནཱ་ལི་ཀཱི །ཐེག་པ་འཁོར་ལོས་འགྲོ་བ་དང་། །གཡུལ་གྱི་ཤིང་རྟ་ཡན་ལག་བརྒྱད། །རྒྱལ་བྱེད་སྣ་ཚོགས་ཤིང་རྟ་དང་། །ཕ་རོལ་ལེགས་བགྲོད་སྨྲ་ལྡན་ནོ། །འདི་ནི་མེ་ཏོག་ཤིང་རྟ་དང་། །རྩེད་སོགས་

རྒྱུ་ཅན་འཁོར་ལོའི་ཐེག །ཐེག་པ་ཤིང་རྟ་རྣམ་འདྲེན་དང་། །ལམ་བགྲོད་ཡོངས་སུ་སྐྱེད་པའོ། །རྣ་བའི་ཤིང་རྟ་རབ་འབབ་དང་། །རྟ་ཅན་མཚུངས་པ་གསུམ་ཡིན་ནོ། །གཉིས་སོ་སྟན་གཡོགས་སྟག་ཅན་དང་། །སྟག་གི་པགས་གཡོགས་ཤིང་རྟའོ། །ལ་བ་དཀར་པོས་
གཡོགས་པ་དང་། །འབབ་ལྡན་ལ་བ་དཀར་པོས་གཡོགས། །ཤིང་རྟ་ལྭ་བ་ཅན་དང་ནི། །གོས་ཅན་ལྭ་བ་སོགས་ཀྱིས་གཡོགས། །གཉིས་འཐུང་ལ་སོགས་ཤིང་རྟ་རྣམས། །ཤིང་རྟའི་ཚོགས་དང་ལམ་བགྲོད་དོ། །རྔ་མོ་ལྡན་པའི་ཤིང་རྟ་ནི། །ལྷག་པར་རྔ་མོ་ཡང་པ་
ལྡན། །གནྟྲི་དཱི་བེས་རའོ། །ཨ་ན་ཤིང་རྟར་གྱུར་པ་ནི། །གནྟཱི་ལྭ་བའི་ཕྱི་རོལ་ཅན། །ཁྱོགས་དང་དེ་བཞིན་ཐག་པ་དང་། །ལུམྦ་ཤིང་རྟའོ། །དྷུ་ནི་ཤིང་རྟའི་གདོང་ཡིན་ཏེ། །ཨ་བ་སྐར་ཤིང་རྟའི་ལུས། །ཤིང་རྟའི་ཡན་ལག་འཁོར་ལོའི་རྩིབས། །མིན་དང་དེ་
ནས་བི་ཏྜིཀ ། འཁོར་ལོའི་ལྟེ་བ་མཐའི་མུ་ཁྱུད། །པྲ་དྷིའོ་དེའི་མིག་ཟེར་བུ་ནི། །ཨ་ནི་ར་ཎི་ཞེས་པའོ། །འཐབ་ར་དང་ནི་ཤིང་རྟ་སྒྲིབ། །ཡུ་གནྡྷཱར་གཉའ་ཤིང་འཛིན། །ཨ་ནུ་ཀརྐོ་འོག་གི་གནས། །གཉའ་ཤིང་འཆིང་ཞིང་ཡུག་དང་། །བཞོན་པ་ལམ་
འདེགས་ཐེག་པ་དང་། །ཕྱོགས་དང་འཁྲུལ་འཁོར་མགྱོགས་བྱེད་དོ། །ཕན་ཚུན་འབབ་དང་རྒྱུ་བྱེད་དང་། །འདེགས་བྱེད་ཞེས་བྱ་བ་རྣམས་སོ། །བཞོན་པ་བ་དང་གླང་པོ་བ། །གླང་ཆེན་སྟེང་ན་གནས་པའོ། །མེ་མི་ཎྛ་དང་བློན་པོ་ཆེ། །རྟ་ཡི་སྟེང་ན་གནས་པའོ། །འདི་
རྣམས་དེ་ལྟར་སྤྱོད་བྱེད་པ། །ཞེས་པ་སྐྱོང་བར་བྱེད་པའོ། །ཁ་ལོ་པ་དང་མགོ་འདྲེན་དང་། །སྣ་ཐག་སྣ་ཁྲིད་ཁ་ལོ་སྒྱུར། །གཡས་སྡོང་ལྷོ་ཕྱོགས་གནས་པའི་མིང་། །ཤིང་རྟའི་གཉེན་ཞེས་བྱ་བའོ། །རྟ་ལ་གནས་དང་ཤིང་རྟ་པ། །འཐབ་བྱེད་དཔའ་བོ་རྟུལ་ཕོད་
པ། །བྱ་ར་བ་དང་མེལ་ཚེ་པ། །དམག་དཔོན་དང་ནི་དམག་མགོ་བ། །བདེ་ཆེན་དང་ནི་ཆེན་པོ་འདིས། །སྡེ་བསྲུང་བ་དང་སྡེ་ཅན་ནོ། །དམག་ལ་མཉམ་པར་རིག་པ་གང་། །དམག་དཔུང་དང་ནི་དམག་ཚོགས་སོ། །གང་ཞིག་སྟོང་གི་སྟོབས་ལྡན་པ། །དེ་ནི་སྟོང་

ཐུབ་ཞེས་བྱའོ། །དཔའ་བོ། སྤྱོད་བྱེད། ཤོར་བ་དང་། །ཀུརྦྱ། སླག་ཅན། སསྷ་རྡྷ། །གོན་ཁྲབ་དང་ནི་མདའ་སྐྱོབ་དང་། །གོ་བྱ་དང་ནི་ཙོ་ལ་ཀ །ལུས་སྐྱོབ་ཁྲབ་དང་ཡ་ལང་དང་། །བྲང་ཁེབས་ཀ་བ་ཏ་ལ་ནམ། །པགས་སྐྱོབ་ཀངྒ་ཊ་ཀ་དང་། །
ཛ་ག་ར་དང་ཀ་བ་ཙའོ། །སྤྲུལ་ལྟོ་འདྲ་དང་བྲང་སྐྱོབ་དང་། །ཀཏྟུ་ལ་དང་སྒྲིབ་སྐྱོབ་དང་། །སོར་མོ་སྐྱོབ་དང་སོར་སྐྱོབ་བྱེད། །བྱིན་པ་སྐྱོབ་དང་མངྑུ་ཎཾ། །མགོ་སྐྱོབ། མགོ་ཁེབས། ཚེམ་ཞ་རྨོག །ལྕགས་ཀྱི་རང་བཞིན་དྲ་བ་ཅན། །དྲ་བ་ཕལ་ཆེར་ལུས་བསྲུང་ངོ་། །
གོ་ཆ་གོན་དང་གོ་ཆས་ཅན། །གོ་ཆ་བ་དང་ཆས་ཞུགས་དང་། །གོ་ཆ་དང་ནི་པརྨི་ཏ། །གོ་བགོས། སཛ་ནརྡྷ་དང་། །ཨཱུཌྷ་དང་ནི་ཀཾ་ཀ་ཊ། །འདི་ནི་ཆས་པ་མ་སོགས་སྐབས། །ཐམས་ཅད་མངོན་པར་འགྲོ་བ་དང་། །ཚོགས་ཀུན་པ་དང་གོ་ཀུན་བགོས། །གོ་ཆ་ཅན་སོགས་
གོ་འཛིན་དང་། །ཁྲབ་ཅན་བ་དྷུནྟི་དབུས་དེར། །བདག་ཅན་མཚོན་ཆའི་སྙིང་པོ་མཚོན། །རྐང་ཐང་རྐང་དམག་རྐང་འགྲོས་པ། །རྐང་འགྲོས་ཅན་དང་རྐང་ཤར་བ། །པ་དཱ་བེེ་ཀ་རཱ། རྐང་རྒྱུ་པ། །རྐང་འགྲོ་རྐང་ཅན། དཔུང་བུ་ཆུང་། །རྐང་ཐང་ཚོགས་དང་ཡན་ལག་བྱེད། །
ལུས་ཀྱིས་འཐབ་པར་བྱེད་པའོ། །མཚོན་ཆས་འཚོ་དང་མཚོན་ཆ་བ། །མཚོན་ཆ་བློ་ཅན་མཚོན་ཆ་མཚུངས། །ལག་ཡང་དང་ནི་མྱུར་དུ་འབིགས། །མྱུར་བར་འཕྱོགས་དང་བསླབ་པའོ། །ལག་སྦྱངས་སྐྱེས་བུ་སྒྱུ་རྩལ་ཅན། །དགོས་པ་བཅས་དང་མྱུར་བར་བགྲོད། །འབེན་
ལས་མདའ་ནི་གཞན་མི་འགྲོ། །གཞུ་ཅན། གཞུ་ལྡན། གཞུ་ཐོགས་དང་། །དོང་ལྡན་དང་ནི་མདའ་སྣོད་ཅན། །གསལ་ཤིང་མཚོན་དང་གསལ་ཤིང་བ། །མདུང་ཅན་དང་ནི་མདུང་མཚོན་ཅན། །རལ་གྲི་པ་དང་གྲི་མཚོན་ཅན། །མདུང་པ་དང་ནི་མདུང་ཅན་པ། །དགྲ།
སྟ་བདག་བཅས་གང་ཡིན་པ། །དེ་ན་དགྲ་སྟའི་མཚོན་ཆ་ཅན། །པགས་ལྡན་ལག་ན་ཕུབ་ཡིན་ནོ། །བ་དན་འབྱར་དང་རྣམ་རྒྱལ་ཅན། །དེ་གཅོད་དཀའ་སྤྱོད་གཞུ་ཐོགས་དང་། །མདའ་པ་དང་ནི་མདའ་འཛིན་པ། །གྲོགས་བྱེད་རྗེས་སུ་སྤྱོད་པ་དང་། །རྗེས་སུ་རྒྱུག་དང་

ཕྱིར་འབྲང་བ། །སྔོན་འགྲོ་མདུན་འགྲོ་དང་པོར་འགྲོ། །གདོང་འགྲོ་བ་དང་སྔོན་ལ་འགྲོ། །སྣ་འདོར་བ་དང་མིག་སྔར་འགྲོ། །མནྠ་ར་དང་དལ་གྱིས་འགྲོ། །བང་ཆེན་པ་དང་མངོན་པར་མགྱོགས། །མྱུར་འགྲོ། མགྱོགས་པ་ཤུགས་ཅན་དང་། །རབ་མགྱོགས་རྒྱུག་པར་བྱེད་
དང་མགྱོགས། །འདོད་འགྲོ་རྗེས་སུ་འདོད་པ་དང་། །ཀུན་ཏུ་མྱུར་དང་ཤིན་ཏུ་མྱུར། །རྒྱལ་དང་རྒྱལ་ནུས་ཛེ་ཏུཾ་སྟེ། །ཛེ་ལ་རྒྱལ་བར་སེམས་པའོ། །ཨ་བྷྱ་མི་ཏ། གྲོགས་ངན་དང་། །སྐྱ་ལོག་ཞེས་པ་དེ་བརྗོད་དོ། །གང་ཞིག་སྒྲ་འདུན་འགྲོ་བྱེད་པ། །རྒྱལ་བ་གསལ་
བྱེད་རྒྱལ་བརྗོད་པའོ། །སྟོབས་ཆེན་དང་ནི་གྱད་མི་དང་། །གང་ཞིག་ཤིན་ཏུ་རྟུལ་ཕོད་པ། །བྲང་སྤྲོད་ཨ་ར་སི་ལའོ། །ཤི་རྟ་ར་རྟ་ཤིང་རྟའི་བདག །རྒྱལ་བྱེད་རྒྱལ་བ་རྣམ་རྒྱལ་བྱེད། །ཛེ་ཏཱ་རྒྱལ་ཅན་རྒྱལ་བར་བྱེད། །དཔའ་བོ་རབ་སྟོབས་རྣམ་གནོན་ཅན། །དཔའ་སྤྱོད། ཤོར་
བ། སྟག་ཤར་དང་། །གཡུལ་ན་བརྗིད་དང་ལེགས་པ་དང་། །རྐང་ཐང་གཞན་ལ་ཐོབ་བྱེད་པའོ། །རྒྱལ་མཚན་ཅན་དང་བཞོན་པ་ཅན། །དམག་དཔོན་རུ་དར་སྡེ་དང་ནི། །དམག་དང་དཔུང་ནི་ཆས་པའོ། །སྟོབས་ཀྱི་སྡེ་དང་འཁོར་ལོ་དང་། །ཚོགས་པ་དང་ནི་བ་དན་ཅན། །དེ་
ནས་ནཱ་སཱི་རི་དང་ནི། །འདྲེན་པ་དང་ནི་སྔོན་འགྲོ་མཚུངས། །དཔུང་ཚོགས་རྣམས་ཀྱི་བཀོད་པ་ནི། །དེ་དབྱེ་དབྱུག་སོགས་འཁྲུག་ཤོམས་སོ། །ཟང་དཀར་ཟླུམ་པའི་དབྱུག་པར་འགྱུར། །ལོངས་སྤྱོད་རྗེས་སུ་སྤྱོད་པར་བརྗོད། །དཀྱིལ་འཁོར་ཀུན་སྦྱིན་ཟླུམ་པོ་ནི། །སོ་སོར་
སྤྱོད་པ་འདུས་པའོ། །སླར་འབྲང་བཀོད་པ་ཕྱི་མའོ། །དམག་གི་རྒྱབ་ནི་ཡོངས་འཛིན་པ། །གླང་པོ་ཤིང་རྟ་རེ་རེ་དང་། །རྟ་པ་གསུམ་དང་རྐང་ཐང་ལྔ། །པ་དཱ་ཏི་ཀཱ་ཞེས་པའོ། །སོ་སོར་ཡན་ལག་སུམ་འགྱུར་གྱིས། །སེ་ནཱི་མུ་ཁཱོ་རིམ་པས་གཞན། །སུམ་འགྱུར་གུ་ལྨི་
ག་ནཽ་དང་། །བ་ཧ་ནཱི་དང་། པྲྀ་ཏཱ་ནཱཾ། །ཙ་མཱུཾ། ཨཱ་ནཱི་ཀི་ནཻ་དང་། །དེ་བཅུ་ཨ་ཀྵོ་ཧི་ཎཱྀར་འདོད། །ཕུན་ཚོགས་འབྱོར་ལྡན་དཔལ་དང་ཤིས། །ཕོངས་པ་མ་འབྱོར་ཕུན་ཚོགས་བྲལ། །དལ་གྱིས་ས་སྲུང་ཆེན་པོར་འགྱུར། །དལ་གནས། མཚོན་ཆ། བལྤ་རི། །གཞུ་དང་

ཙཱ་བ། དྷ་ནུ་དང་། །མདའི་འཕེན་དང་ནི་ཀརྨུ་ཀ། །མདའ་མོ། མདའ་དང་། མདའ་རྣོན་དང་། །ཨ་བ་སྟྲྀ་ཎ་ཏྲཱ་ཏི་ཎ། །ཏཱ་དྷནུ་དང་། གུ་ཎཱི་ཏཱ། །གཞུམ་ཆོག་དང་ནི། ཨ་ཤའོ། །གཱཎྜི་བ་དང་གཎྜིབ། །ཆང་ཟུང་དང་ནི་རྣ་བ་དང་། །རྒྱབ་ནག་
མདའ་ཡི་ཟས་ཅན་ནོ། །གཞུ་ཡི་མཆོག་མ་མུ་ཊ་ནཱི། །ཏ་ལམ་ལག་འབྲག་ལག་སྟན་ནོ། །གོ་བཱ་དང་ནི་ལསྟ་ཀ །ཆང་ཟུང་དང་ནི་གཞུ་ཡི་རྒྱུད། །གཞུ་རྒྱུད་སྲད་བུ་རྒྱུད་ཡོན་ཏན། །ག་བྱཾ་དང་ནི་ཏཱ་ར་བཾ། །མདའ་འཕེན་མཚོན་ཆ། ལ་ཀཱཾ་དང་། །མདའ་བསྣུན་དབུག་
བྱ་འཕེན་པ་དང་། །མཚན་མ་དང་ནི་སོ་སོའི་ལུས། །དྲང་ལྟ་རབ་འགྲོ་མདའི་སྤྱོད་ཡུལ། །གཡོན་བརྐྱང་གཡས་བརྐྱང་ལ་སོགས་པའི། །གནས་འདི་རྣམས་ལ་ལྔ་ཞེས་སོ། །མདའ་དང་ལམ་ལྡན་ཤཱ་ཡ་ཀ །བཱ་ཎ། ཚེར་ཅན་ཨི་ཥུ་དང་། །མི་འཁྱོག་དང་ནི་མཁའ་ལ་
འགྲོ། །སྒྲོ་ལྡན་སྐྲ་བ་སྐྱེས་འདྲ་དང་། །ཤ་ར་ནག་ཕྲན་རོ་པ་དང་། །ཚོགས་ཅན་དང་ནི། པྲེ་ཥ་རྐ། །རྩེ་མོ་ཅན་དང་མྱུར་འགྲོ་དང་། །གཤོག་ལྡན་འབབ་བྱེད་བྷ་ལ་དང་། །ཀྵེ་ལ་ཀཾ་ཀ་མཚོན་ཆའི་འདབ། །ཀ་ཊ་ཀ་ཀ་རྣམ་པར་འདོན། །འབེན་བསྣུན་དཔའ་འཇོམས་རབ་
འཇོམས་དང་། །བཱ་ཛེ་ན་དང་། པི་ཀརྐ། །དེ་ནས་ཕྱོགས་ཅན་འགྲོ་བྱེད་དང་། །གསུམ་ཁས་སྟ་དང་གཅོད་བྱེད་དང་། །འགྲོ་ལྡན་འདབ་ལྡན་བཀོད་པ་ཅན། །བྷལླི། བྷལླ་ལ་སོགས་མདའ། །ལྕགས་མདའ་སྒྲ་ཆེན་ལྕགས་སྦུབས་ཅན། །མཚོན་ཆའི་གཙོ་བོ་
ཞེས་པའོ། །རྩེ་མོའི་ཆ་ལ་ཚོལ་བྱེད་དང་། །མཚོན་ཆ་ཚད་ལྡན་མུ་ཎ་ཡ། །དུག་ཅན་ལི་སྟ་མདའ་ཕྱོགས་དང་། །ལི་སྟ་ཀོ་ཞེས་པ་རྣམས་སོ། །ནི་ར་ཏ་ནི་མདའ་འཕངས་པ། །འགྲོ་ལྡན་འདོར་བྱེད་ཤཱ་ཡ་ཀ །མདའ་དང་གྲོལ་བ་རྣམ་པར་གཅོད། །འབར་བྱེད་དང་
ནི་ཤུགས་དྲག་གོ །ཟླ་བ་ཕྱེད་པ་པོ་ཅན་དང་། །བྲ་སོགས་སྒོ་དང་དྷཱ་རཱའོ། །ཏཱུ་ཎ་ཏཱུ་ཎི་ར་དག་མཚུངས། །ངེས་ཆགས་དང་ནི་མདའ་འཛིན་ནོ། །ཉེ་བར་ཆགས་དང་ཚོགས་ཅན་དང་། །མདའ་ཡི་གནས་དང་བི་པཱ་ཐ། རལ་གྲི་དང་ནི་དཀྱིལ་འཁོར་ཅན། །རྩེ་མོ་ཅན་དང་

ཀྲྀ་བཱ་ཎ། །ཨ་སི་གཅོད་བྱེད་ཤཱ་ཡ་ཀ །ལག་སྐྱོང་ཟླ་བ་འཛུམ་བྱེད་དང་། །སྒྲོལ་བྱེད་སྐྱོབ་བྱེད་གཅོད་བྱེད་དང་། །ཤད་ལང་དང་ནི་བརྡེག་ཆ་དང་། །བཟང་བདག་སྐྱེས་དང་ཕ་རོལ་སྐྱེས། །མཚོན་ཆའི་གཞི་དང་འཛིན་བྱེད་འཛིན། །དུག་ཅན་དང་ནི་རྣམ་འཇོམས་དང་། །དཔལ་
གྱི་སྙིང་པོ་ལས་རྣོན་དང་། །རྗེས་སུ་གཙེ་དང་། ཤིས་བྱེད་དང་། །ཕུབ་དང་ཕལ་ཀ་ཞེས་སོ། །པགས་ལྡན་དྲང་པོའི་རལ་གྲི་དང་། །ཀ་ཊཱི་ཏ་ལ། ཨརྒ་ནཾ། །འཁོར་ལོའི་ཆ་ཅན་གཡུལ་དུ་འཛིན། །སེ་རུ་རལ་གྲིའི་ཡུ་བ་སྟེ། །དེ་ཡི་འཆིང་ཐག་མོ་ཁ་ལ། །པྲཱ་ཏྱཱ་ཀཱ་ར། ཀ་
ལ་ཧ། །སི་དྷ་ན་ཀ་རལ་གྲིའི་ཤུབས། །ཐོ་བ་འཇོམས་བྱེད་གྷ་ནའོ། །དབྱུག་པ་ལྕགས་བཅིངས་པ་རི་གྷ། །སྐྱེད་གྲི་ཀ་ར་བཱ་ལིའོ། །བྷིནྡི་བཱ་ལ་མདའ་ཐུང་མཚུངས། །དགྲ་སྟ་སྟ་རི་གཅོད་བྱེད་དང་། །སྟ་མོ་ཞེས་པའོ་དགྲ་སྟའི་འོག །གཅོད་བྱེད། གཟོད་དང་གྲི་གྲི་གུག །ཆུ་
གྲི་གྲི་ཐུང་ཙྪུ་རི་ཀཱ །མཛོད་ཀྱི་རལ་གྲི་རལ་གྲིའི་བུ། །མདའ་བོ་ཆེ་ནི་ཏོ་མ་ར། །མདུང་དང་མཚོན་རིང་ཐག་མདུང་དང་། །ཀ་རཱ་བ་དང་ཤ་ལ་རྣམས། །མདུང་ཐུང་དང་ནི་ཀཱ་ཤྲཱི་མཚུངས། །འཕང་མདུང་། སོར་མདུང་། པིར་ཤང་ག །མདུང་དང་མཚམས་ཅན་ཞེས་པའོ། །
རྩེ་གསུམ་པ་དང་མཚམས་གསུམ་པ། །ཕུར་བུ། བརྟན་པ། ཤཾ་ཀུ་དང་། །ཞི་བ་མེ་ཏོག་ཆ་རྣམས་མཚུངས། །སྣ་མདོར་ཀོ་ཊ་ཡ་ཞེས་སོ། །ཟུར་དང་མཚོན་ཆ་རྣམ་པ་བཞི། །ལག་གྲོལ་འཁྲུལ་འཁོར་གྲོལ་བ་དང་། །མུཀྟཱ། པུ་ཀ །མུཀྟ་ཀཾ། །ལག་གྲོལ་ཤཀྟི་
ལ་སོགས་ཏེ། །གྲོལ་བ་ཆུ་གྲི་ལ་སོགས་པ། །མུཀྟཱ་མུཀྟ་གསལ་ཤིང་སོགས། །འཁྲུལ་འཁོར་གྲོལ་བ་མདའ་ལ་སོགས། །མདའ་སྐྱོང་མདའ་ནི་རིང་བ་ལ། །ཕྱི་རོལ་ངེས་དང་བཊྚི་ཤམ། །དབྱུག་པ། གསལ་ཤིང་བེ་ཅོན་དང་། །འཁོར་ལོ་ལ་སོགས་མཚོན་རིགས་
དང་། །མདའ་དང་མཚོན་ཆ་གོམས་པ་ནི། །ཨུ་བཱ་པ་ནི་ཁུ་ར་ལཱི། །རྒྱལ་པོས་དམག་ལ་མངའ་གསོལ་བྱེད། །དགྲ་ལ་དཔུང་ནི་སྔོན་འགྲོ་དང་། །གང་ཞིག་དམག་འགྲོ་དེ་དབང་བསྐུར། །ཕྱིར་རྒོལ་བྱེད་དང་ཕྱིར་སྔོན་འགྲོ། །འཐབ་སྐྱོད་ཤིན་ཏུ་འགོག་པའོ། །ཀུན་

ཏུ་འཐབ་དང་འཁྲུག་པ་དང་། །དམག་འཇོམས་པ་དང་ངེས་པར་འཇུག །དམག་འགྲོ་བསྐྱོད་དང་ཐེགས་པ་དང་། །ཞུགས་དང་འགྲོ་བ་ག་ལའོ། །འཇུག་དང་དེ་རུ་གནས་པ་དང་། །ཡུལ་ལྟ་པྲ་ཏི་ར་ཐར་འདོད། །བརྐྱང་བ་དང་ནི་རུ་བརྐྱང་དང་། །ཕ་རོལ་
དམག་ནང་འཇུག་པའི་དོན། །བཻ་ཏཱ་ལི་ཀཱ་གོ་ཕྱེད་པ། །བདེ་བ་སྒྲུབ་པར་བྱེད་པའོ། །འཁོར་ལོ་ཅན་དང་དྲིལ་བུ་ཅན། །མཉམ་དཀའ་དང་ནི་སྦྲང་ཅན་མཚུངས། །གཅེར་བུ་བསྟོད་པའི་བརྟུལ་ཞུགས་དང་། །ཕྱག་འཚལ་གོ་ར་ག་སྟོང་འདོན། །ཐོ་རངས་མདོ་ནི་རབ་འདོན་
དང་། །དབྱངས་དང་བཀྲ་ཤིས་བརྗོད་བྱེད་པ། །ལོངས་སྤྱོད་སྟོབས་ལྡན་ཕྱག་འཚལ་བསྟོད། །རྣམ་པར་རྒྱལ་དང་རྒྱལ་བྱེད་རྒྱལ། །ཕྱེ་མ་དང་ནི་ཀྵོ་དའོ། །ཉེ་བར་འཁྲུག་དང་འགྱེད་པའོ། །འཛིངས་པ་དང་ནི་ཕྱོགས་མེད་དོ། །སྔོན་གྱི་འཛིན་པ་མཆོད་པ་དང་། །
ལོངས་སྤྱོད་ཚོགས་དང་ཡོངས་རྫོགས་ཉིད། །བ་དན་རྣམ་པར་རྒྱལ་བྱེད་དང་། །རྒྱལ་མཚན་ཏོག་དང་ནམ་མཁའི་སྙེ་མ། །ཀདྷ་ལཱི་དང་ཀརྡྷ་ལཱི། །བསགས་ལྡན་མཚོན་བྱེད་བྷ་ཛ་ཡི། །ཨ་བ་ཙཱུ་ལ་ཨུཙྪུ་ལ། །འཕེལ་བྱིན་ཁ་དང་ཀུརྦ་ཀ །དུར་ཁྲོད་འཁྲུག་པའི་ས་གཞི་
དང་། །ཤིན་ཏུ་འཇིགས་པ་རབ་ཏུ་སྟེར། །ང་སྔང་སྔ་ཞེས་པ་དང་། །བདག་ནི་སྔའོ་ཞེས་བྱ་བ། །མཚར་ཅན་སྐྱེས་བུ་དྲེགས་པ་ཅན། །དེ་ནི་ང་རྒྱལ་ཅན་དང་བདག །ང་ང་ཞེས་སྨྲ་ཕན་ཚུན་འགྲན། །གང་ཞིག་འགྲན་པར་བྱེད་པའོ། །ཤུགས་ཅན་ཐལ་འགྲོ་རྟུལ་ཕོད་
དང་། །སྟོབས་ལྡན་དཔའ་དང་ཉམ་ང་མེད། །འཇོམས་བྱེད་མཐུ་དང་བརྩོན་འགྲུས་དང་། །ནུས་པ་སྲོག་དང་ཕ་རོལ་གནོན། །རྣམ་གནོན་དང་ནི་ཤིན་ཏུ་དཔའ། །གནོད་པའི་གནས་སུ་འཇོམས་བྱེད་པ། །དཔའ་བོ་མཆོག་ནི་གང་ཞིག་གི །ཆང་འཐུང་གཡུལ་
གྱི་སྔ་ཕྱི་རུ། །འཁྲུག་པ་འགྱེད་པ་རྒྱལ་བྱེད་པ། །སཾཀྵ། མྲྀ་དྷི། ས་ལཱི་ཀ །དུ་བྱེད་དང་ནི་ཀཾ་ད་ནཾ། །རབ་ཏུ་རྣམ་པར་འཇོམས་པ་དང་། །གཡུལ་དུ་འཐབ་དང་རྩོད་པ་དང་། །སཾ་ཡུ་ག་དང་ཀན་རབ་འཇོམས། །གཡུལ་གྱི་འདུ་བྱེད་རྩོད་པ་ཆེ། །རྣམ་འཛིན་

གཡུལ་ལས་སྐྱེས་པ་གང་། །མི་བདེ་གཡུལ་འགྱེད་ཨ་ཛི་ནི། །ས་མི་ཡུ་དྷ་ཞེས་བྱའོ། །གཡུལ་དུ་འཐབ་མོས་ཕན་ཚུན་དག །མཉམ་དུ་ཤི་བ་ཨ་ནཾ་ཀ །དགེ་བྲལ་སཾ་སྤོ་ཊ་ཞེས་འདོད། །སཱམྦ་ར་ཡི་ཀི་དང་ནི། །མངོན་པར་ཉིད་དང་ཡང་དག་འཇོམས། །
འཁྲུག་ལོང་རྣམས་ནི་སྤྱི་ཡིན་ནོ། །དུ་བྱེད་མི་བཟད་འཐབ་མོའོ། །མཚོན་མེད་གཡུལ་ཤ་ཏུ་མུ་ལ། །དཔུང་པས་འཐབ་པ་ནི་ཡུརྷ། །གླང་བོའི་བུམ་པའི་སྒྲ་དང་ནི། །ངུ་སྒྲ་འཐབ་དང་དགྲ་ཀུན་འཕེལ། །གླང་སྒྲ་སེང་གེའི་འུར་སྒྲ་དང་། །འཁྲུག་རྔ་པ་ཊ། ཧ་ཡི་སྒྲ། །
མཚུངས་སོ་ཏ་རཊྚ་དང་ནི། །མངོན་གསལ་རྫས་དང་ཨ་རཊྚ། །སྙེམས་པའི་གརྒ་ར་རྣམས་སོ། །དཔའ་བོའི་བརྩོན་པ་དཔའ་བོའི་རྒྱུད། །དྲེགས་རྩོམ་མ་ཊ་ཀ་ཊིའོ། །གཡོ་སྒྱུ་ངན་ཐབས་ན་ཋའོ། །དེ་ནས་འཁྲུལ་དང་ནོར་བ་དང་། །འཆི་བྱེད་འཆིར་འཇུག་ཤི་བ་དང་། །
ངེས་ཟིན་སླར་ཡང་བསྐོར་བའོ། །བརྒྱལ་དང་མྱོས་དང་འབོག་པ་དང་། །མནར་བ་དང་ནི་མཚིར་བའོ། །རྨས་པ་ལུས་ཉམས་ལྟུང་བའོ། །འགྲས་དང་རྩེན་དང་སླར་བྱེད་དང་། །འཁོན་ཞུགས་པ་དང་ཤ་འཁོན་ཞུགས། །འཇིགས་དང་བྷོ་ལོ་སྙིང་སྟོར་དང་། །པཎྜ་
ག་ཊ་ཞེས་བྱའོ། །བྲོས་དང་བྱེར་དང་ཉེ་བར་བྲོས། །ཤིན་ཏུ་བྲོས་དང་རྣམ་པར་བྲོས། །ཕྱིར་སོང་བ་དང་ཕྱིར་ལོག་དང་། །ཀུན་ཏུ་བྲོས་དང་ཁྱུས་པའོ། །ཅེ་སྤྱང་ཅན་དང་མཆེ་བ་དང་། །འདུ་བྱེད་དང་ནི་རྣམ་པར་འཕྱོ། །དུས་མཚན་འཇིགས་བྱེད་ཤིང་རྟ་མོ། །གཡུལ་
དུ་བཅོམ་དང་གཞན་རྒྱལ་དང་། །འཕམ་པ་དང་ནི་ཕ་རོལ་རྒྱལ། །ཡིབ་པ་དང་ནི་བསྐྱབ་པའོ། །མ་ལུས་གསོད་དང་ངེས་པར་བསྣུན། །གསོད་པ་དང་ནི་བརྡེག་པ་དང་། །བརྡུང་གཏག་དང་ནི་རབ་ཏུ་འཇོམས། །རྣམ་པར་གནོན་དང་འཇུག་བྱེད་དང་། །འཚེ་བྱེད་ཡོངས་
དོར་གནས་མེད་བྱེད། །གོས་མེད་སྟན་མེད་གནས་མེད་དང་། །ཙ་ཀ་དང་ནི་ནོར་འཇོམས་དང་། །ངེས་འཚེ་ངེས་གནོད་ངེས་པར་སེལ། །གནས་སྤོ་གཞན་ནས་ངེས་འགུགས་དང་། །སེལ་བྱེད་དང་ནི་བརྣབ་སེམས་དང་། །ནི་ཤུནྟ་ན། ངེས་པར་གཙེར། །རབ་འཇོམས་

མནར་དང་མནར་བ་དང་། །ཀུན་ཐོབ་རྣམས་འགྲོ་ཤིན་ཏུ་བསྲུབ། །འཇོམས་དང་འཚེད་དང་། གནོད་པ་དང་། །གནོད་བྱེད། འགྲོ་བྱེད། འཚེ་བ་དང་། །རྐྱེན་དང་རྣམ་འདོར་རབ་འཇལ་འཇུག །རྣམ་བསྣུན་སྲུབ་བྱེད་ཡོངས་འཇལ་འཇུག །ཆུད་ཟ་བྱེད་དང་
རྣམ་ཞི་བྱེད། །འཇོམས་དང་ངེས་སེལ་རྣམ་འཚེ་བྱེད། །དེ་བསྐྱེད་ཅེས་པ་རྣམས་སུ་འགྱུར། ༤༧ །གཉིད་ལོག་མཚན་མོ་སད་པ་ཤི །ས་དང་མེ་དང་ཆུ་དག་གོ །མཉམ་པ་དང་ནི་འབྲས་བུ་བཅས། །ལྔ་པ་ཉིད་དུ་དུས་ཀྱི་ཆོས། །ལྟ་བའི་མཐའ་དང་འཇིག་པ་དང་། །ཤིན་ཏུ་འགྲོ་
དང་ངེས་པར་ཐིམ། །རིང་དུ། ཆས་དང་། ཀུན་ཏུ་གནས། །ལྔ་ཉིད་མཐའ་དང་ཞིག་པ་དང་། །འཆི་དང་། ཤི་དང་། ནུབ་པ་དང་། །ངེས་པར་ལྷུང་དང་ས་ཐོབ་པའོ། ༡༧ །རོ་དང་། རབ་ཐོབ་ལྔ་པ་ཉིད། །ཚེ་འདས་ཉེར་ཐོབ་རབ་ཏུ་བཀོད། །གཞན་སོང་། རབ་ཐིམ། ཀུན་
ཏུ་གནས། །རབ་སོད་དང་ནི་གཞན་དུ་སོང་། །བཅུ་པ་ཞེས་པ་རྣམས་སུ་འགྱུར། ༡༡ །རོ་དང་། ཕུང་པོ། གནས་སོན་དང་། །རོ་ཤ །ས་འཕེལ། གནས་སྐབས་ལྔ། ༦ །མཐར་འགྱུར་དང་ནི། བཱ་རུ་ཐ། །རོ་ཁྲི་ཅན་དང་། བཱ་ཊི་དང་། །རོ་ཡི་ཤིང་རྟ་ཤིང་གི་གྱད། ༦ །
ཀ་བནྡྷ་དང་། བྱེད་ལྡན་ནི། །མགོ་བོ་དང་བྲལ་ཁོག་པའོ། །དུར་ཁྲོད་དང་ནི་ཕ་མེས་ནགས། །དྲག་པོ་རོལ་བ་ཞི་བའི་གནས། །འཇིག་གནས་བསྲེག་གནས་ཡི་དགས་གནས། །རོ་ཐབ་སྒོང་པུག་ཙ་ཏི་དང་། །ཤིང་གི་གནས་ཞེས་བྱ་བའོ། །རི་མོས་བཀྲ་དང་མཆོད་
རྟེན་དང་། །རྟག་པར་རོ་ཁར་བྱུར་བུའོ། །ལེགས་བྱས་བཀུར་སྟི་དམ་པ་བྱེད། །མཆོག་ཏུ་བྱེད་པ་རྣམས་ཡིན་ནོ། །རབ་ཟུང་། ཉེར་བཟུང་། གཟུང་བྱ་དང་། །ཕྱག་བྱེད་པ་དང་མ་ཏིའོ། །བཙོན་རར་བཅིངས་པའི་ཁང་པ་དང་། །ཁྲི་མོན་དང་ནི་ཆད་པའི་ཁྱིམ། །
ཤིང་གནས། ཤིང་ཁྱིམ། ཆད་ཅན་བཅིངས། །སྐྱེས་བུའི་སྲོག་ནི་པྲཱ་ཎའོ། །དེ་བཞིན་འཚོ་དང་གསོན་པ་དང་། །ཚེ་ནི་ཇི་སྲིད་འཚོ་བའི་དུས། །སྐྱེས་བུ་འཚོ་བྱེད་འཚོ་བའི་སྨན། །དམག་གི་ཡན་ལག་གི་རབ་ཏུ་བྱེད་པའོ།། །།ཞེས་པ་སྙན་ངག་མཁན་པོ་པཎྜི་ཏ་དཔལ་

ལྡན་དཔལ་འཛིན་སྡེ་ཡིས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་རྒྱལ་རིགས་ཀྱི་སྡེ་རྫོགས་སོ།། །།བརླ་བྱུང་། བརླ་སྐྱེས། །ཛཽ་དང་། །རྗེ་རིགས་ས་འཛིན་རྗེའུའོ། ༦ །ཀུན་འཚོ་བ་དང་། འཚེ་བ་དང་། །སོན་བྱེད་སོ་
ནམ་འཚོ་ཚིས་སོ། །འཚོ་བར་བྱེད་དང་འཇུག་བྱེད་དོ། །སྐྱེ་བོ་འཇིག་རྟེན་སྐྱེ་དགུ་རྣམས། །ཞིང་པ་ཕྱུགས་སྐྱོང་། ཚོང་བྱེད་དང་། །འཚོ་བའི་ཆོས་ཞེས་བྱ་བའོ། །ཞབས་ཐོག་འཇུག་བྱེད། ལྟ་བ་དང་། །བདེན་པར་བརྗོད་དང་ཞིང་ལས་དང་། །བདེན་དང་ཤི་པོ་ཉྩ་དང་
ནི། །རྨོ་རྐོ་དང་ནི་ཕྲུ་རློག་གོ །མ་བསླངས་པ་དང་། ཨ་མྲྀ་ཏ། །བསླངས་པ་དང་ནི་མྲྀ་ཏའོ། །པྲཱ་མི་ཏྱི་ནི་སྐྱེད་ཀྱིས་འཚོ། །བུ་ལོན་དང་ནི་པཪྻ་དང་། །བསྐྱི་བ་དང་ནི་གཡར་བ་དང་། །བརྗེ་བ་དང་ནི་བསྒྱུར་བརློག་གོ །སོ་སོར་སྦྱིན་དང་རྣམ་པར་བརྗེ། །ངེས་པ་ཡོངས་སུ་
འཇུག་པ་དང་། །བརྗེ་དང་ཡོངས་འཇུག་ཆ་གཞན་དང་། །ནོར་གྱི་རབ་ཏུ་སྦྱོར་བ་དང་། །ལེ་ལོ་ཅན་དང་སྐྱེད་ཀྱིས་འཚོ། །མ་ལཱ་ཀྵི་ཀཱ་ཧ་ཞེས་དང་། །ར་ཎི་དྷཱ་བ་བདེན་མི་བདེན། །བི་ཤན་ནི། བུ་ལོན་གཏོང་། །སྐྱེད་པ་དང་ནི་ནོར་སྤེལ་བ། །འཛིན་པ་ཅན་དང་སྦྱོར་བ་པ། །
ཨུཏྟ་མ་ནི་རབ་སྦྱོར་བ། །སྤེལ་བ་སྤོ་དང་སྤེལ་བས་འཚོ། །ལོག་མིན་བྱེད་དང་ལོག་འཚོ་བ། །ལེགས་པ་དང་ནི་ཉིས་འགྱུར་བ། །ཞིང་པ་ཤེས་པ་སོ་ནམ་པ། །ཕྲུ་རློག་པ་དང་རྨོས་པ་དང་། །བྲམ་ཟེ་ཞེས་པ་འདི་དག་མཚུངས། །རབ་རྗེ་བ་དང་ནུས་ལྡན་དང་། །ཤོར་བ་པ་དང་
འཁོར་ལོ་སྐྱོང་། །ཞིང་དང་འབྲུ་ཤས་པ་ལེ་ཡཾ། །འབྲུ་དང་སཱ་ལུ་འབྱུང་མའོ། །ནས་དང་ནས་ཞིང་དུག་ཐུ་བ། །ནས་སོགས་འབྱུང་བའི་ས་གཞིའོ། །ཏིལ་ཞིང་དང་ནི་ཏིལ་སྐྱེ་བ། །ཨཽ་མཱི་ནི་དང་སྲན་མ་སྐྱེ། །སྲན་མ་ཅན་དང་བྷི་གཱི་ཏ། །བཅད་བྱ་གཞན་ལམ་རག་པའོ། །ཐོག་
གཉིས་མོན་གྱི་ཁྲི་ཚེ་དང་། །སྲན་སོགས་སྐྱེ་དང་བཟོད་པའོ། །ས་བོན་བཙུགས་དང་བསྐྲུན་པ་དང་། །བཏབ་དང་རྨོས་དང་སྐྱེད་པའོ། །གསུམ་ལོག་དང་ནི་ལན་གསུམ་པ། །གསུམ་རློག་གསུམ་རྨོས་དེ་ལ་ཡང་། །ཉིས་འགྱུར་བྱས་དང་དེ་བཞིན་དུ། །ཐམས་ཅད་སམྦཱ་ཀྲྀཏ་མོ། །

བྲེ་དང་བྲེ་བོ་ཆེ་སོགས་ཚད། །བྲེ་ཅན་བྲེ་བོ་ཆེ་ཅན་སོགས། །བཱ་རཱི་ཚད་ཅན་ཁཱ་རཱི་ཀ །མ་རྷ་མརྞོ་དང་པའོ། །ཞིང་དང་ས་གཞི་འབྲུ་སྐྱེ་དང་། །འབྲུམ་ས་ཆུ་མ་མུ་ཚིགས་ཅན། །རྨོ་བ་ཞིང་ས་ས་གཞི་ཚོགས། །བོང་བ་དང་ནི་ས་སྒོང་དང་། །ཀོ་ཊི་ར་དང་ཀོ་ཊི་དང་། །
ཤེ་ལོཥྚ་སོགས་དབྱེ་བའོ། །ལྕག་པ་དབྱིག་པ་ཏོ་ཏྲི་དང་། །པྲ་ཛ་ན་དང་གཟིར་བྱེད་དོ། །ཟོར་བ་དང་ནི་རྔ་བྱེད་དོ། །ཏོག་ཙེ་དང་ནི་རྐོ་བྱེད་དོ། །གཤོལ་དང་ཐོང་པ་རྨོད་བྱེད་དང་། །རི་རཱི་ཤཾ་དང་ལངྒ་ལ། །ཕ་ལཾ་ཕུང་པོ་ཅན་ཧ་ལཾ། །ས་འཇོམས་དང་ནི་ཀུ་དཱ་ལ། །མ་ནི་རྣམ་པར་
འཇོམས་པའོ། །གཤོལ་ཆེན་ཛིཏྤ་ཧ་ལཱི་དང་། །སཱ་མྱའོ་གཉའ་ཤིང་གཉའ་ཕུར་དང་། །གཤོལ་མདའ་གཤོལ་གྱི་དབྱིག་པའོ། །དོར་དང་རྨོ་གླང་བརྟྟ་ཏི། །པགས་དང་སྐུལ་བྱེད་དམ་པ་ལས། །སྲབ་དང་འཛིན་སྤྱད་ཅེས་པ་ཡང་། །བརྟོད་ཕུར་དང་ནི་འདོགས་པའི་ཤིང་། །
གང་དུ་ཕྱུགས་རྣམས་འཆིང་བའོ། །ཁ་ལཱ་དྷ་ནོ་ཁ་ལ་མཚུངས། །རྔ་པ་དང་ནི་གཅོད་པའོ། །པ་རཱི་ཏྲ་པ་ས་བོན་ཡིན། །འབྲས་དཀར་འབྲུ་དང་པ་ཊ་ལ། །འབྲུ་དབྱེ་ཨནྣ་སྦི་ན་དང་། །ཚོགས་ཅན་བོད་ཀྱི་སྲན་མ་དང་། །ཧ་རི་ཎུ་དང་ཁཎྜི་ཀཱ། །པྲྀ་ལཾ་ཀུ་དང་ཁྲེ་རྒོད་དོ། །བཀྲ་
ཤིས་དང་ནི་སྲན་ཆུང་དང་། །མོན་སྲན་འབྲུ་སེར་གྲེའུའོ། །གྲོ་དང་ཡིད་བཟང་ཀླ་ཀློའི་ཟས། །རབ་སྒྲིམ་ཞེས་པ་འདི་དག་གོ། །བྲི་ཀ་དཀར་པོ་ཡ་ཙ་དག། །ཏོཀྵུ་ཁ་དོག་ལྗང་སེར་རོ། །པརྦ་ཊ་ནི་སྲན་མའི་རྒྱལ། །སྲན་དཀར་ནས་ཀྱི་འཁྲི་ཤིང་ངོ་། །སྲན་མ་ཡོངས་མཉམ་
མུངྑཱ་དང་། །ཙ་ན་ཀ་དང་འཕྲོག་བྱེད་སྤུ་པོ། །མུངྒ་དང་ནི་འཕྲོག་བྱེད་དོ། །མུ་ཏ་ནག་པོ་ནགས་སྐྱེ་དང་། །དཔྱིད་སྐྱེས་ནགས་ཀྱི་མུངྒ་དང་། །མུངྒ་བརྐྱང་བ་དག་མཚུངས་ཏེ། །ཏིལ་སྐྱེས་དང་ནི་དགོས་པའི་ཏིལ། །ཏིལ་གྱི་ཕུང་པོ་ཛཱ་ཊཱི་ལ། །ཀོ་ཌ་པ་དང་ཀོ་ཏྲ་པ། །གྱིན་
འཇོམས་དེ་ནས་ཡུངས་ནག་ལ། །ཚོགས་ཅན་ས་རི་པ་བ་དང་། །ཚ་བའི་སྣུམ་ཅན་ཏན་ཏུ་བྷ། །ཡུངས་ཀར་དོན་གྲུབ་ཟས་གཙང་དང་། །འབྱུང་པོ་འཇིགས་བྱེད་ཅེས་པའོ། །སྐེ་ཚེ། ཀྵུ་དྷ་མངོན་སྐྱེད་དང་། །ཨཱ་ཤྭ་རཱི་དང་ནག་མོ་དང་། །ཀྵ་པ་དང་ནི་ཡུངས་ཀར་རྒྱལ། །

ཀུ་ལཏྠ་དང་ངེས་སྣུམ་དང་། །ཟངས་ཀྱི་གཙུག་ཕུད་ཀུལླ་ཥ། །ཡ་བ་ཀ་རྣམས་མཚུངས་པའོ། །མཱ་ཏུ་ལཱ་ནི་བྷངྒཱའོ། །ཟར་མ་ཨུ་མུཀྵུ་མཱིའོ། །ཙཎྜི་ཀཱ་ནི། ཙངྒ་ཊཱི། །གཾ་གེཥཱི་ཞེས་བྱ་བ་ནི། །ཤ་ཊ་ཤརྐ་རཱ་ཞེས་སོ། །རྩ་དང་སོ་བ་དེས་སྒྲིབ་དང་། སྔོ་བསངས་ཀཱ་
ཤྱ་ཐུན་འགྲོ་མཚུངས། །ལོ་ཐོག་རྩེ་མོ་ཀཾ་ཤ་རུ། ལོ་ཏོག་སྙེ་མ་ཀ་ནེ་ཤཾ། སོ་བ་འབྲུ་དང་སྐོགས་ཅན་དང་། །སྟམྦ་གུཙྪ་རྩྭ་སོགས་འབྲུ། །ཟ་བྱེད་ཚ་བའི་འཇོམས་པ་ནི། །ལོ་ཏོག་རྣམས་ཀྱི་གཅོད་བྱེད་དོ། །མགུལ་བ་དར་པ་སྡོང་བུ་དང་། །པཱ་ལ་ལཱ་དང་འབྲས་བུ་
མེད། །སྤུན་སྟོང་དང་ནི་ཕུབ་མ་དང་། །སྐོགས་པ་དང་ནི་སྤུན་པའོ། །རྩེ་མོ་དང་ནི་གྲ་མ་དང་། །རྣོ་བ་ཤ་མི་སི་མྦཱའོ། །སོ་བའི་ཚོགས་པ་དྷཱ་ནྱ་ཡིན། །བཙང་བ་དང་ནི་མང་བྱས་དང་། །སྲན་མ་ལ་སོགས་གོང་བུའི་འབྲུ། །སྙེ་མའི་འབྲུ་ནི་ནས་ལ་སོགས། །ཀ་ལཱ་ལ་སོགས་
སཱ་ལ་རྣམས། །དྲུག་ཅུ་པ་ལ་སོགས་པའོ། །ག་པེ། བགྲོད་དཀའ། །བེ་དྷུ་ཀཱ། །རྒྱ་ཆེའི་རྩ་དང་དགུ་ལུཉྩུ། །ཟེགས་མ་ཕྲ་མོ་ཏཱཎྜ་ལ། །ལྕགས་རྩེ་དང་ནི་གཏུན་ཤིང་དང་། །གཏུན་དང་ཨུ་བཱུ་ཥ་ལའོ། །ཀཎྜ་ར་དང་བཱ་ཌཱི་ར། །ཚོགས་སེ་དང་ནི་ཁྲོལ་མའོ། །བློ་མ་
དང་ནི་འཁྲབ་བྱེད་དོ། །ཁྲེས་དང་ཐུམ་བུ་སྒྱེ་པ་ཚེ། །རྩྭ་ཁྲེས་ཀ་ལིནྡ་ཀ་དང་། །སྦྱངས་དང་ངེས་སྦྱངས་འབྲུའི་བདག །ཀུ་ཤུལ་ཀ །ཨུཥྚཾ་ཀཱ །ལུས་ལྡན་སྣོད་དང་པིངྒ་ནཾ། །ཀཱ་ཙའི་སྣོད་དང་སྣོད་སྤྱད་དང་། །ལྷུང་བཟེད་དང་ནི་ཨ་མ་ཏྲཾ། །བྲེ་སྐྱོང་། རུ་ཁཱ། སྠ་
ལཱི་དང་། །མེ་ཐབ་དང་ནི་སི་ཐ་ར། །བུམ་པ་བུམ་ཆུ་པའི་བ་དང་། །ཀ་ལ་ཤ་དང་བུམ་པའི་རྒྱལ། །མགྲིན་བུག་ཅན་དང་ཀུམྦྷ་དང་། །ས་ལི་གྷ་ཞེས་བྱ་བ་ཡང་། །ར་ཤཱ་ལཱ་ཛ་ཏེ། འཚེ་བྱ་བ། །ཁམ་ཕོར་དང་ནི་རྫ་ཕོར་རོ། །ཆུ་ཁང་ཁ་ཆོད་ས་ལྡན་དང་། །ས་ཙན་བཱ་ར་
ས་ནཾ་དྷ། །སད་ནཾ་དང་ཆུ་འཛིན་འཕེལ། །བུམ་ཅན་མ་ཛྙ་རི་དང་མཚུངས། །རྫ་མ་དང་ནི། བཙོ་རྫའོ། །ཆུ་ཡི་སྣོད་དང་ཆུ་རྫའོ། །ནནྟ་ཤ་ནཱ་ཀ་ཊ་ཧ། །ཆུ་སྣོད་མཚུངས་པ་ཀཱ་ར་དང་། །ལོ་བྷནྟི་ཀཱ་སུ་ཏའོ། །སྣུམ་ཟན་མ་དང་དུལ་མ་དང་། །འཁར་བ་དང་ནི་བཏུང་

བའི་སྣོད། །ལྕགས་ཅན་རྩུབ་པ་སོལླ་དང་། །ཀོ་ཏུ་ཀོ་སྦུབས་སྣུམ་གྱི་སྣོད། །དེ་ཉིད་ཆུང་མ་ཀུཏྟ་ཡ། །ཤིང་དང་ལྕགས་ལས་བྱས་པ་ཡི། །གཟར་བུ་ཀཽ་པི་ཀཱ་མ་ལེ། །སུ་ད་ཌ་དང་ཟན་མ་དང་། །གཡོས་མ་དང་ནི་ལག་བདེ་བ། །མཆོད་བྱེད་པ་
དང་གནས་བྱེད་པ། །ཐབ་ཁ་བ་ཞེས་བྱ་བའོ། །ཕྱག་ཚང་བ་དང་ཟས་གཉེར་བ། །ཟས་བྱེད་པ་ཞེས་བྱ་བ་རྣམས། །ཚང་མང་དང་ནི་རོ་ལྡན་དང་། །མཆོད་པའི་གནས་དང་གཡོས་ཁང་ངོ་། །ཐབ་དང་སྒྱེད་བུ་མེ་ཐབ་དང་། །ཙུ་ལི་དང་ནི་གཡོས་པའོ། །བརྞི་ཧ་པིནྟཱ་ཏྭིངྒ་གྷྲྀ་ཏ་
བི་ཤ་བཱ། །ག་ཏི་བྷི་ཊ་ལྱ་རྠི་སུ་སྐྲི་ཏ་པྱ་ཤྭིཏྐཾ། ཡ་ཏ་སཾ་སྐྲྀ་ཏ་སུ་ཏ་སྭིཏཱ། ཡོངས་ཐོབ་ཕུན་ཚོགས་གྱ་ནོམ་དང་། །ཡོངས་སུ་སྦྱངས་དང་ལེགས་པར་སྦྱར། །སྣུམ་བརྔོས་སྣུམ་བཙོས་མདངས་དང་ལྡན། །ལྟར་ལྟར་དང་ནི་མལ་མུལ་ལོ། །ལེགས་སྦྱངས་པ་དང་དག་བྱས་མཚུངས། །
མཚུངས་པ་འགྱུར་བཱ་སིཏ། །མདུང་དང་དག་པའི་བར་གསུམ་མོ། །མ་སྨིན་པ་དང་བསྲུ་བུ་ཟས། །རྨ་མེད་པ་དང་མ་ཉམས་པ། །འབྲས་ཡོས་བཅག་པ་སོ་བ་བརྔོས། །དེ་བཞིན་ཨུརྷུ་ཥུ་ཞེས་དང་། །ཡོས་དང་སུ་ཊ་དྷཱ་ནྱ་དང་། །ཙ་མ་ཀ་དང་བྱིས་པ་ཅན། །ཡོས་དང་ནས་
བརྔོས་པ་དག་དག །ཡོས་བཀྲ་མཛེས་པའི་རྨ་ཅན་དང་། །བཅང་བྱ་དང་ནི་གོང་མ་ཅན། །པོ་ལ་བ་ཊ་ཀ་དང་ནི། །ཥིཥྚ་གང་བ་ཅན་ཞེས་སོ། །ཤིང་སྒྲིལ་གནས་དང་ཙམ་ས། །ཡོངས་བཅོད་དང་ནི་བཅད་བྱ་མཚུངས། །ཐུག་པའོ་གྲོ་ཕྱེ་བག་ཕྱེར་བརྗོད། །ཟས་དང་རྗེས་
སུ་མྱོས་པ་དང་། །བཟའ་བ་དང་ནི་རབ་དང་བྱེད། །འཁྲུགས་དང་ཚོས་དང་ཚིག་པ་མཚུངས། །ཟས་དང་ལྟོ་ཞེས་བྱ་བ་དང་། །རོ་ཀུན་དང་པོ་ཁུ་བའོ། །འབྲས་ཁུ་ཙ་མ་ཁུ་བ་དང་། །ཐུག་པ་ཁུ་བ་ཟན་ལས་བྱུང་། །སྙིགས་མ་བྱེ་མ་བཟའ་བ་དང་། །རོ་ཅན་ཤཱ་བ་དྷཱ་ལི་ཀཱ། །མེ་
རྫ་ལྕགས་སྣོད་མེ་གཞོང་དང་། །རྔོད་གཞི་སླ་ང་ཐེར་པོའོ། །ཐོད་པ་དང་ནི་རས་བལ་མཚུངས། །གཟར་བུ་དང་ནི་ལག་སྐྱོགས་སོ། །ལོ་མ་སྔོ་ཡི་ལོ་མ་དང་། །དར་པ་སྡོང་བུ་ཆུ་བའོ། །སྦོད་དང་ཁ་དོག་སྒྱུར་བྱེད་དོ། །ཀ་ཌམྤ་དང་ཀ་ལམྦ། །བེ་ལ་པར་ཡོ་བྱད་དོ། །ཟི་ར་

ཛ་ར་ཨ་ཛཱ་ཛི། །ཡུལ་དབུས་སྐྱེས་སོགས་ཤཱི་ཀ་ར། །ཟེགས་མ་སྣང་བྱེད་ཀ་ར་བཱི། །ཟི་ར་ནག་པོ་རྒྱ་ཆེན་མ། །གྲོ་བཟང་ཅན་དང་ཡངས་མ་དང་། །དུས་ཉེ་བ་དང་ཀུཉྫི་ཀཱ །སྒེའུ་གཤེར་དང་རྭ་ཅན་ནོ། །དེ་ཉིད་སྨན་ཆེན་སྒ་དང་ནི། །ནཱ་ག་རཾ་དང་ཀུ་ལ་སྨན། །ཆེན་པོའི་སྨན་དང་
ཐམས་ཅད་པ། །སྣ་ཚོགས་འགྲོ་དང་པེ་ལུ་ཛ། །ཕོ་བ་རིས་ནག་མུ་ཥ་ཎཾ། །ཀོ་ལ་ཀཾ་དང་ཆོས་ཀྱི་སྨན། །སོགས་པ་དྷཱ་ནྱཾ་དཔལ་ཡོན་ཅན། །འུ་སུ། བི་ཏུནྣ་ལཾ་དང་། །ཀ་སྟུམྦ་ཏཱི་དཔལ་ཡོན་ཏྲི། །ནོར་ཅན་དྷ་ཡ་ནཱི་ཥ་ཀཾ །དབང་པོ་ཤིང་ཀུན་མེ་ལྡན་དང་། །སྲྀ་པི་བདུག་པ་
ཙི་བོ་ཆེ། །སྟོང་འབིགས་དང་ནི་ཛ་ཏུ་ཀཾ །ཟུག་འཇོམས་སངྒྷ་ལ་དགའ་དང་། །ས་མོ་ཉེ་ལྡན་མཆོག་མ་དང་། །བྱ་རོག་སྒྲ་དང་ཡངས་པའོ། །ཀཱཉྫི་ཀཾ་དང་གྲུབ་པའི་ཆུ། །བདུད་ཀྱི་སྡོང་བུ་སྦུན་པའི་ཆུ། །སྲུང་བྱེད་ཟླ་བ་ཤིན་ཏུ་དཔའ། །ཨ་བྷི་མྲཱ་ཌ་ཀུལླཱ་ཥ། །ཉ་ཕྱིས་ཕྱི་
མཆུ་དཔལ་ཡོན་ཆུ། །ཀུཉྫ་ན་དང་། ཁམས་འཇིག་བྱེད། །འཛིན་མ་མངར་བ་ཙཱུ་ཀྱི་དང་། །རྡུལ་འཇོམས་ཐབ་དང་ཤོ་ལ་ཀཾ །ར་ཆེན་ཞེས་བྱ་རྣམས་སུ་འགྱུར། ༡༦ །ཤིང་སྐྱུར་བསེ་ཡབ་ཏིནྡི་ཌཱི། །རྒྱ་མཚོའི་ལཉྪ་དང་ནི་ཚྭ། །དཔྱིད་དུས་ཆགས་པ་དེ་དང་དེ། །འགྱུར་
བྱེད། རྣོན་པོ། ཆུ་ཡི་རོ། །ཀ་ར་བ་ཤྱ་བ་ལེའོ། །སིནྡྷུ་སྐྱེས་དང་བསལ་བ་དང་། །སིནྡྷུ་ལས་བྱུང་ལཉྩ་མཆོག །མཱ་ནི་མནྠ་འགྱུར་བྱེད་རྐྱེན། །རྡོ་བའི་ལཉྪ་སིནྡྷུ་ཛཾ། སིནྡྷུ་བ་ལམ་འགྱུར་བྱེད་རྡོ། །ལ་བ་ཎ་དང་ཨུ་པཾ་དང་། །བ་ཙ་ལཻ་ཀྵཾ་ཏུ། ཙ་ཀཾ། །ཐིག་ལེ་ཅན་དང་མདངས་ཅན་ནོ། །སྨིན་
པ་བི་ཏྲཾ་བྱས་པ་ཙམ། །རོ་མ་ཀ་དང་སྦྱར་ཆར་འདོད། །ཀ་ར་དབུ་བ་ཧྭགས་དང་ནི། །ཤརྐ་ར་དང་ཀ་ར་དཀར། །སྡོང་བུ་འཛིན་དང་བུ་རམ་དང་། །རོ་མངར་བིསྦ་ཊ་དང་ནི། །ཀ་ར་བཟང་པོ་ཀི་ལཱ་ཊཾ། །འོ་མའི་རྣམ་འགྱུར་ཀུ་རྩི་ཀཾ །ཀ་ར་དཀར་པོ། དཀར་ཆེན་དང་། །སྦྲང་
རྩི་སྦྱར་བ་རཱ་ས་ལཱ། །ཚོད་མ་དང་ནི་ཐུག་པ་དང་། །ཚ་བ་རྣམས་ནི་མཚུངས་པའོ། །འབྱོར་བ་བྷྲྀཥྚཾ། བྷཪྻ་ཊཾ། །ཆ་ཤས་དང་ནི་ཡན་ལག་འདི། །ལཱི་ཙི་ཏ་དང་མཱི་ནཱ་མཱི། །གྷོ་དརད་རཱ་མཾ་པྲྀ་སཾ། །འདི་རྣམས་ཚོད་མའི་ཁྱད་པར་རོ། །འོ་མ་ཨ་མྲ་བཞོ་བ་དང་། །ཏཱ་ལི་ཡཾ་དང་

པཱ་ཀ་ལཾ། །པཱ་ཙ་ལམ་རྣམས་མཚུངས་པའོ། །རྩེ་བྱས། བསྲེག་ཤ་ཤུལ་མ་བྱའོ། །བཙོས་པའི་ཤ་ནི་བཻ་ཐ་རཾ། །སིདྡྷ་ཞོ་ཡིས་བསྲེས་པའོ། །འོ་མ་མར་སར་དག་ཁོ་ན། །ལཱ་བ་ནི་ཀཾ །སཱ་རྦྦི་ཏྭཾ། །ཞག་ལོན་ཏིལ་གྱི་བཟའ་བ་ལ། །ཨཽ་ད་ཀྲི་ཥ།
ཨཽ་ཏ་སྟྭི་ཏ། །འབྲས་ཐུག་དང་ནི་ཡ་བ་གུ། །ཐུག་པ་སྐྱོ་ཚ་ཏ་ར་ལ། །ངོམ། འགྲོངས། ཚིམ་དང་། ཆོག་པའོ། །བཀྲེས་དང་། ལོངས་སྤྱོད། ཤ་ཟ་ཅན། །ཟ་འདོད། ཟ། ལྟོགས། ཟས་ལ་གདུངས། །བཟའ་བ་ཁ་ཟས་ལྡན་པ་དང་། །ཟས་དང་། བཟའ་རྒྱུ།
ཉིན་མོ་བ། །བྷ་ཀྵ་ཎ་དང་ནི་ཀ་ཥ། ངེས་ཟ། མངོན་ཟ། ཛ་ཀྵ་ཎཾ། །བྷུཀྟཾ། ངེས་གནོན། མཐར་འགྱུར་དང་། །ཟས་བཟང་བ་དང་འཇིགས་མེད་དང་། །ལུས་འདེགས་ངེས་པར་གསོ་བྱེད་དོ། །ཟ་བ་དང་ནི་ཁམས་དག་མཚུངས། །བཏུང་བ་དང་བཅས་སི་པཱ་ཏི། །
བཟའ་བ་དང་བཅས་པ་པའི་འོ། །རྣལ་འབྱོར་ལྡན་པ་རྣམས་ཀྱིས་ནི། །བདེན་འབྱུང་སྟོན་མོ་ཚོགས་འཁོར་རོ། །དེ་གཞན་སྲེད་པ་བརྟན་པོ་ཡིས། །ཟ་འདོད་བཏུང་བ་འདོད་པའོ། ཟོས་ལྷག་དང་ནི་ལྷག་རོལ་དང་། །སྡེར་ཞབས་ཟོས་ཏེ་བོར་པའོ། །འདོད་པ་རབ་འདོང་
གདུང་བ་དང་། །ཞེན་པ་དང་ནི་སྲེད་པའོ། །སྤྲི་ནི་འོ་མ་གསར་པའོ། །འོ་མ། ཀྵི་ར། དུགྡྷ་དང་། །པ་ཡས་ཀུན་ཏུ་འཇོ་དང་འབབ། །འཇོ་དང་། ཉེ་བར་འདྲེན་པའོ། །ས་བྱ་ཛྱཥྛཾ། ཤ་ཤཥྛཾ། །བརླ་སྐྱེས་དང་ནི་ནུ་སྐྱེས་ཀྱང་། །འོ་མ་ལས་བྱུང་ཞོ་ལ་སོགས། །
རབ་ཏུ་ཆགས་དང་དཔལ་མཁྲེགས་ཞོ། །ཞོ་ཁ་ཆུ་ནི་ཞོ་ལས་བྱུང་། །དཔྤྱཾ། ཞོ་མཁྲེགས་ལས་གཞན་པའོ། །ས་ར། ཞོ་ཡི་མཆོག་ཡིན་ཏེ། །ཞོ་ཡི་གཤེར་བ་ཀཊྚཾ་ཀ །དེ་ནི་ཧེ་ཡ་མ་བཱི་ནཾ། །གང་ཞིག་ཁར་ཚང་བ་བཞོས་མར། །ཞུན་མར་ཞུན་མ་བསྲེག་རྫས་
མར། །མར་སར་དང་ནི་སར་ལས་བྱུང་། །ཧཻ་ཡཾ་ག་བཱི་ནཾ་མཚོ་སྐྱེས། །བསྲུབས་སྐྱེས་ག་ལཾ་མཱུ་ཊཾའོ། །ཆུ་སྐྱ་ཆབ་སྐྱ་དར་བའོ། །མ་ཐི་རཾ་ནི་ཆུང་རྐང་གཅིག །ཆུ་ཕྱེད་པ་ནི་ནི་རྫ་ལམ། །དབྱུག་བསྣུན་དར་བ་ཞེས་སྦྱངས་སོ། །བ་ལང་རྣམས་ཀྱི་ལྤགས་ངན་སོགས། །

པ་ལས་བྱུང་སྟེ་བརྗོད་བྱ་ཞིང་། །གོ་ཧ་ནཾ་དང་ཚེ་ག་ནཾ། །བ་ལང་ལྕི་བ་བ་བྱུང་ངོ་། །ཙྪ་ག་ཊ་སུཏ་ཕྱི་བ་དང་། །བ་ལང་མདུང་དང་། བ་བྱུང་ཀཾ །ཕྱུགས་ལྡན་གོ་མི་ཞེས་བྱ་སྟེ། །གླང་རྫི་བ་ལང་དབང་ཕྱུག་གོ །འབྲོག་པ་ཕྱུགས་སྐྱོང་བ་ལང་བགྲང་། །བ་འཇོ་ཞོ་མཁན་
ལྕགས་ཐོགས་སོ། །པཎྜི་ར་ནི་མ་ཧེ་སྐྱོང་། །བརྐ་ར་ནི། ཕྱུགས་གཞོན་ནུ། །བ་ལང་རྣམས་ཀྱི་ཚོགས་པ་ལ། །ཕྱུགས་ཚོགས། ཀུརྦ། ནོར་ཕྱུགས་ནོར། །ཨ་ནརྡྷ་ན། སཽ་ར་བྷེ། བ་ལང་། ཁྱུ་མཆོག །མཆོག་དང་གླང་། །ནོག་ཅན་བཟང་པོ་སྟོབས་ལྡན་དང་།
ལྐོག་ཤལ་ཅན་དང་སྐྱེ་མཆོག་གླང་། །ཡི་གེ་དང་བཅས་ཕུང་པོ་དཀར། །འབབ་བྱེད། ལུས་ལྡན། ཞོ་སྲུང་བྱེད། །གླང་མཆོག །རྭ་ལྡན་ཤཱ་ཀུ་ར། །འགྲོ་བྱེད། དྲི་ལྡན། ལོག་སྤྱོད་ཅན། ༩༡ །གླང་ཆེན་དང་ནི་ནོག་ཆེན་དང་། །ནོག་ཆེན་རྒས་དང་གླང་རྒན་ནོ། །ནོག་སྐྱེ་བ་དང་།
ནོག་སྐྱེས་དང་། །ཕྲུག་གུ་དང་ནི། དྲུག་མཐོང་སོགས། །འཇིགས་དང་རྭ་ཅན་སྙིང་ཅན་དང་། །ན་སྱ་དང་ནི་ནསྟཾ་ཏ་མཚུངས། །ཏུ་པ་རི་ནི། རཱས་དམན་པ། །ནོག་ཅན་ཚོགས་པ། ཨཽ་ཀྵ་ཀཾ །བེའུ་ས་ཀྲྀ་ཏྐར་དང་། །ཞོ་འཐུང་དང་ནི་ད་ནཱུ་ཀ །
ཨཱ་ཊ་ཀ་ནཾ། ཀྵ་ལཱི་བྱེད། །གཉའ་འདུལ་དང་ནི་གླང་པོར་མཚུངས། །མ་ནིང་ཤ་བཅད་སྦྱོར་བའོ། །མ་ནིང་བདག་པོ་ཨི་ཊྭ་ར། །བ་ཁྱུ་བ་ཚོགས། བ་ལང་ལུས། །བེའུའི་ཚོགས་ནི་བཱཏྤ་རྐ། །བཞོན་མ་དང་ནི་དྲུས་མའོ། །རྒྱབ་ལེན་འགྲོ་དང་ཕྱིར་འགྲོ་དང་། །
གཉའ་ཤིང་ལ་སོགས་པོ་ཊཱ་ར། །གཉའ་ཤིང་གླང་འདུལ་ཤིང་རྟ་འདྲེན། །རྒལ་དང་ཁལ་པ་ཁུར་འདྲེན་པ། །གཉིས་པོ་གཅིག་གིས་ཁུར་ཐེག་པ། །ཆིག་ཐེག་གཅིག་པུས་འདྲེན་པའོ། །ཀུན་གྱིས་ཁུར་ཐེག་དུལ་མ་དང་། །ཁུར་ཀུན་འདྲེན་པར་ནུས་པའོ། །རྨོད་བྱེད།
གཅོད་བྱེད། འཁྲུ་བྱེད་པ། །གཤོལ་ལྡན། རྨོས་ལྡན་ཁལ་གླང་དང་། །དཔུང་པའི་ཕྱོགས་ནི་བ་ཧའོ། །སཱསྣ་སྐེ་ཡི་ལྐོག་ཤལ་ལོ། །བ་ལང་མགོ་ཕྱོགས་ནཻ་ཙོ་ཀཾ། །ཕྱག་འཚལ་བ་ནི་རེ་ཙ་ན། །བ་ལང་ལཾ་ལ་རེ་བྷ་ནཾ། །ལག་མགྲིན། ལཱ་ཛཱ། གོ་ལི་གཱ །

བ་ལང་མ་ཧེ་ལ་སོགས་པ། །གསོན་པའི་ནོར་དང་རྐང་པའི་ནོ། །བ་ལང་ཟ་དང་གསོལ་བའི་གནས། །བ་ལང་ཟ་གནས་གང་ཞིག་ལ། །ཞི་བའི་སྐྱེ་མཆེད་ཨུཏྤྲྀཥྚ། །མཚམས་དང་