Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 212
Văn bản gốc(Tây Tạng)
Trang 8 / 21 (50.000 ký tự/trang)
ི་ལ་ནི། །མུ་ཀུན་ཊུ་དང་གུ་དུ་དང་། །ཀུ་ཏུ་རུ་ཞེས་བྱ་བའོ། སྦྲང་རྩི་དང་ནི་འཚོ་བྱེད་མ། །འཚོ་བྱེད། འཚོ་མ། འཚོ་ལྡན་མ། ༥ །ན་ཚོད་གནས་དང་། སྡེ་བརྒྱད་དང་། །ཀཱ་ཀོ་ལཱི་དང་། ཨཱ་ལཱི་དང་། །འབྲས་བུ་ཞི་མ་དང་། ལང་ཚོ་གནས། །དེ་ནས་མ་ཀཱུ་ལ་ཀ་དང་། །བུམ་ངེས་གླང་པོ། སོན་ཅན་ གྱི། །སོ་སོའི་ཕྲེང་བ་དག་དང་ནི། །ཨུ་དུམྦཱ་རའི་འདབ་ཀྱང་ངོ་། །ནད་མེད་མ་དང་ཤིན་ཏུ་སྤྱོད། །པདྨ་སྤྱོད་དང་པདྨ་མཆོག །ལམ་སྐྱེས་སྤྱོད་མ་རྣམས་ཡིན་ནོ། ༥ །ཀཱམྦི་མཱུ་དང་། ཀརྐ་ཤ །ཟླ་བ་ལུས་དམར་གསལ་མ་ཡང་། ༥ །གཞན་གྱིས་མི་ཐུབ་དྷ་ཏ་ཀ །ཤཱི་ཏེ་ མ་དང་། ཤ་ནི་འདབ། ༤ །དཱརྦི་ཀ་དང་། བ་ལང་ལྕེ། །ད་རྦི་འདབ་མ་ཅན་དང་ནི། །གསེར་གྱི་འོ་མ་ཅན་ཡང་དེའོ། །མེ་ཏོག་བརྒྱ་བ་ཀཱ་ར་བཱི། །ཨ་ཀ་ཀྦུ་ཥྤི། གདུགས་དཀར་དང་། །ཤིན་ཏུ་གདུངས་དང་མི་སི་དང་། །མ་དྷུ་རཱ་ཞེས་པ་རྣམས་སོ། ༧༨ །ར་བ་སྐྱེས་དང་སི་བ་ དང་། །མངར་ལྡན་མི་སཱི་གཡོ་བ་དང་། །ནེ་སྟེ་ཡ་ཞེས་པ་རྣམས་སོ། ༦ །ཀུན་ཏུ་རེག་དང་། ཛ་ཏུ་བྱེད། །སྐྱེད་མ་བྱེ་བ་ཞེས་བྱ་དང་། །མཆོད་སྦྱིན་མ་དང་། ཛི་རཱུ་ཀྲྀ་ཏ། །འཁོར་ལོས་སྒྱུར་མ་རྣམས་ཡིན་ནོ། ༧ །ཤ་ཊཱི་ཤ་ཐི་ཀརྩྪུ་ར། །མདུད་པ་དྲུག་པ་ཏྲིའི་ཤ་ཥཱི། །ས་ལཱ་ ས་དང་སྤོས་ཀྱི་རྩ། ༧ །སྦུབས་ལྡན་བྱུ་རུའི་འཁྲི་ཤིང་དང་། །ཕུག་རོན་རྐང་དང་གར་མཁན་མ། །དོན་བཟང་རྫས་ཀྱི་སྡོང་བུའོ། ༥ །སྐྱེ་བའི་སྐྲ་དང་། དྷ་མ་ནྱ། ཏནྟ་ཧཊྚ་བི་ལཱ་དང་། །སྦོས་རྫས་སཱི་ནཱི་ཞེས་བྱའོ། ༤ །ཉ་ཕྱིས་དུང་དང་། རྨིག་པ་དང་། །ཀོ་ལའི་འདབ་དང་སེན་ མོ་ཡི། ༥ །ན་ཁའི། ཨལྦ་ཊ་ཀི་དང་། །བྱ་རོགས་དང་། སྦྱོང་བྱེད་མ། །ས་ཅན་ཡུལ་འཁོར་སྐྱེས་པའོ། ༥ །འཁྱོག་པོ་གང་བྱེད་གྲོང་བཅུ་པ། །སྟོབས་སྐྱེས་པ་ར་ས་ལ་ཀཾ། །རྐྱལ་འགྲོ། སྔོན་འགྲོ། རྐྱལ་མཆེན་པ། །ཀེ་བ་ཊི་ཞེས་བཤད་འདི་རྣམས། །གླ་སྒང་མིང་དུ་ བལྟ་བར་བྱ། ༨ །གཅན་གཟན་མཚོན་ཆ། སྟག་སེན་དང་། །ལག་སྐྱེས་འཁོར་ལོ་བྱེད་པ་སྐྱེས། ༤ །དུས་རྗེས་འབྲང་དང་གཞི་འཛིན་བསིལ། །རྡོ་ཡི་མེ་ཏོག །རྒན་པོ་དང་། །བྲག་ལས་བྱུང་དང་བྲག་ལས་སྐྱེས། ༦ །ཚོགས་བདེ་དང་ནི་སྲིན་མོ་དང་། །གཏུམ་མོ་ནོར་འཕྲོག་ བདེ་བམ་དང་། །བུ་ངན་ཚོགས་དང་འབངས་མོ་དང་། ༨ །གཎྜིའི་མེ་ཏོག། ཌོ་ཀ་ཊ། ༢ །གཎྜི་ར་དང་། མཉམ་གནས་འཛིན། །ཉེ་བ་སྤྱོད་དང་། ཤ་མཎྛ། །འདི་ལ་ཆུ་ཡི་རྨ་བྱ་ཅན། ༥ །དཔལ་གྱི་ལག་ལྡན་བྷྲུ་རཱུ་ཎྜཱི། །འབྲས་བུ། བེ་བྷྲ། ཀི་ཊ་ལཾ། །ཀུ་རི་བིནྡ་སྤྲིན་ མིང་ཅན། །མསྟ་དང་ནི། མུསྟ་ཀཾ །གུཎྜ། རྡུལ་ཅན། སེ་རུའོ། །གཙུག་ཕུད་འཛིན་དང་འབྲས་གང་དང་། །སྐྱོང་བྱེད་འཁོར་ལོ་འཛིན་གུཎྜ། །ཀྲ་མ་ཀ་དང་མཁའ་ཡི་གྲོང་། །ཨི་ཏྲི་ཀ་དང་། ཤི་ལཱིནྦྷཱཾ། །ཨི་དུ་ལཱི་རཾ་དང་། ཀནྡ་ལཾ། །ལུས་བྲལ་བཅུད་ ལྔར། ས་དང་ནི། །སྒེག་པ་དང་ནི་བ་ཀའོ། ༧ །ཡལ་ག་ནག་པོ་དུས་སྐྱེས་དང་། །ཤཱ་ཐ་ཛི་ཧྭར་སཱ་ཏ་ཀཾ། ༤ །གཞི་ཅན་དགའ་བྱེད་ཡལ་ག་དཔའ། །ཙནྡི་རཱ་ལཾ། སྤྲིན་དྲི་མེད། །ཊཀྐའི་ཡུལ་ཅན། སཱཾ་ཤུའི་འདབ། །དངོས་པོ་ཅན་ཞེས་བྱ་བ་རྣམས། ༨ །རྩ་ལྡན་ པ་དང་། ལྟེ་བའི་འདབ། །ཞིང་སྐྱེས་དང་ནི་དབེན་པར་སྤྱོད། ༤ །སཱ་ཏ་ཀི་ནི་མྱོས་བྱེད་རྐང་། །འཁྲི་ཤིང་མཆུ་དང་། སྟེང་ཕུར་དང་། །མཇུག་མ་ཅན་ཞེས་བྱ་བའོ། །ཤཱ་ལི་དང་ནི། སནྡུ་ར། །ལྕགས་གསོད་པ་དང་། ཡུལ་འཁོར་ཆེ། །བ་རཱ་ཊཱི་བྲིས། མཱ་རི་ཥ། ། པ་ཊོ་ལ་དང་། ས་བདག་འབྲས། །ཏིཀྟ། ཀརྐ་ཤི་ཡི་འདབ། །ཡ་ཊུ་དང་ནི་ཀ་ལ་ཀཾ། ༦ །འདི་ཡི་འཁྲི་ཤིང་། ཀཱ་ལི་ཀཱ། །རྩ་བ་དགའ་བྱེད། དཱི་བྲིནྟ། །སེན་མོ་དང་ནི་རུཉྫ་ལ། ༢ །ཀ་ཊ་མབྷ་རཱ་འདབ་རིང་དང་། །ཆུ་བོ་ཞགས་ལྡན་ཀ་ལ་མབཱི། ༤ །ཧི་ལ་མོ་རྩཱི་ཚངས་མའི་ཆུ། ། ཉ་ལུས་མ་དང་འདི་རྣམས་མཚུངས། ༣ །བི་ཏུནྡྲ་རྐ། འདབ་མའི་ཞིང་། །ལེགས་གནས་དང་ནི་ཙུ་ཙུའོ། །འདབ་བུ་ཅན་དང་ཤོག་ཤིང་དང་། །པི་སྤ་ལཱི་དང་། བྱ་ཡི་ཟས། ༤ །སེང་ལྡེང་བ་དང་ནི་ཡིད་བྱེད་མ། །མཉམ་ལུས་འདུད་དང་། དབུ་བ་ཅན། །སྡོང་ནག །ཤུ་ཀ་ བརྦྲཱ་དང་། །མ་འདོད་པ་དང་། མཐུན་པ་ཅན། ༧ །ཏཱ་རི་ཊཱི་དང་པཱ་ར་ཀཱི། །བྷ་རཱ་དང་ནི་ཙོ་ཏི་ཀཱ། །རྩ་བ་པཱ་ཊཱི་ར་དང་ནི། །གླང་པོའི་སོ་དང་། རྒྱལ་པོ་འཇིག །རྩ་བ་ཆེ་དང་། རྩ་བ་ལྕི། ༤ །ལག་པ། འུག་ལྡན། པེ་ཙའོ། ༣ །སྒོག་པ་ཀུན་དོང་སུ་ཀནྡ། །མེ་མོ། སྤྲེའུ་དུ་པྲུ་ མོ། །དེ་ཉིད་ལྗང་གུ་སྨན་ཆེན་ནོ། །སྒོག་སྐྱ། ཀེའུ། ཨ་རིཥྚི། །རཱ་པྲྀ་ཧྲ་ཏ་སིཥྚ། །རཱ་སོན། ཚ་བའི་རྩ་བ། རྩ་བ་ཆ། །ཀླ་ཀློའི་སྤྲོས་ཏེ་འདི་རྣམས་དགུ། །དེ་ནས་མ་དྷཱ་ལུ་ཀ་ལ། །ལྷ་ཡི་ལོ་མ་ཚེར་མ་མེད། །འབྲས་བུའི་མེ་ཏོག །པ་རཎྜ་ལུ། །གཾ་ གཱ་ར་གནས་འཛིན་ཡུ་ཏའོ། །བདེ་ལེགས་མཽ་ཏ། དཔལ་གྱི་མགོ །སུ་ར་ཀི་ཙྪ་བར་མ་ཅན། །ཀབྡཱིའི་རྒྱལ་དང་། གདུགས་ཀྱི་བུ། །ཐང་གི་པདྨ་ང་རྒྱལ་ཅན། ༦ །ཀབྡཱི། ཀནྡཱ། ཡ་ལ་གའི་ཁྱོན། །བི་ཏཎྜ་དང་། ང་རྒྱལ་ཆུང་། ༤ །འདེད་བྱེད། སྐེམ་བྱེད། འབྲུམ་པ་ འཇོམས། །ཀ་ར་བེལླ། ཀཱ་ཐི་ལཱུ། །སྟེང་དཀར་བ་དང་། པ་རཱ་རུ། རང་རོ། བ་ཀུ་ལའི་ས་བོན། །དེ་ནི་རཱ་ཛ་བ་རོ་ལིའོ། ༧ །འདི་རྣམས་ས་ཛ་ཀུཥྨཎྜ། །ལོ་རྒྱུས་མ་དང་། མཚན་ལྡན་མ། །རབ་ཏུ་ཚུགས་དཀའ། བྷཎྜ་ཀཱི །འཁྱོག་པོ་འཕེལ་ལྡན་ཆེན་པོ་དང་། །བིལ་ བའི་ཡལ་ག །བཱ་རྟ་ཀཱ། །བཱ་ཌཾ་གཾ་ཎ། ས་ལཱ་དང་། །རོ་བཱི། བརྟཱ་རྣམས་ཡིན་ནོ། ༡༢ །ཀུཥྨཎྜ་དང་། ནག་མོ་དང་། །རྒྱལ་པོའི་སྦལ་མོ་ཞེས་སོ། ༣ །བྱོ་མ་ཅན་དང་། སྦལ་མོ་དང་། བཱ་རུ། གཤིན་ལྡན་ལོ་མ་ཤཱ། ༣ །དེ་ནས་དགས་དང་སྦལ་པ་དང་། །འགས་བྱེད། བཱི་རུ། ཉ་ཕྱིས་རྣམས། །ཤཱརྞི་བྲིཎྟ། བདེ་གནས་དང་། །མཱ་ལུཏྟི་ན། ཏེ་མི་ཥཱ། ༤ །དེ་ནས་བ་ལང་མིག་དང་ནི། །གོ་དུ་མྦཱ་དང་། གླང་པོ་ཙི་བྷ་ཊི་ཞེས་དང་། ཀཾ་ཀ་ཆེན་མོ་ཞེས་པ་རྣམས། ༥ །ཡངས་པ་ཆུ་ལྷའི་དབང་མོ་དང་། །དབང་མཆོག། བ་ལས་གཞན་པ་དང་། ། ནགས་ཀྱི་མེ་ཏོག་ཅེས་པའོ། ༥ །བུར་ཤིང་། ཚ་བའི་ཏུ་མཱིར་འགྱུར། །ཏུམྦྱ་ལཱ། ཤཱུ་དུ་ཤྩི་ཀཱ། །ལཱ་བུ་ཀཾ། གྲོང་ཀུ་ཥམཱཎྜ། པཎྜ་ཏི་ནྟི་ལི་ཀཱ་རྣམས་སོ། ༦ །འོད་ལྡན་མ་དང་། སྐྱ་ནར་དང་། དྲ་བ་ཅན་དང་རྔ་ཟླུམ་བྱེད། །འབིགས་བྱེད་དྲ་བ་མང་པོ་དང་། །དྲ་བ་རིང་དང་ རིང་མོ་དང་། །རཀྟ་པ་ཊོ་ལི་ཀ་དང་། །དེ་ལ་ཀོ་ཤ་ཏ་ཀཱི་དང་། །རྣམ་པར་རྒྱས་དང་སྡོང་བུ་རིངས། ༡༢ །རྩ་བའི་འདབ་མ་རབ་སྐྱེས་དང་། །འབྲས་མཆོག་མདའ་འཕགས། པགས་པ་བྱེ། །རཉྩ་ཀཾ་དང་། བ་ཀཱ་དང་། །ད་ཤ་དྷཱ་ཤཱ་ཀི་ཞེས་བརྗོད། །འོད་མ་པགས་པའི་སྙིང་ པོ་དང་། །ཀརྨཱ་དང་། ཤུན་པའི་སྙིང་། །ཀི་ལཱ་ཊི་ན་ཚིགས་བརྒྱ་པ། །ཚིགས་བཟང་རྩའི་ཏོག །རྩའི་རྒྱལ་མཚན། །འོད་མ་ནས་ཀྱི་འབྲས་བུ་དང་། །ས་བོན་གྱིས་འཆི་འགྱུར་མེད་དང་། །བརྗིད་ལྡན་རྔ་ཟླུམ་བ་ཏཱི་ན། ༢༦ །ཀ་རཱི་ར་དང་འོད་མ་དང་། །ཀརྐ་ར་འོ་གང་ཡང་ ནི། །རླུང་གི་སྒྲ་སྒྲོགས་བི་ཤཱ་དང་། །ཀི་ཙ་ཀཱ་སྟེ་དེ་དག་འཆི། །འོད་མ་འདི་ཡི་སྐྱེ་བ་ནི། །རྒྱུད་དང་འབྲས་བུ་ནས་འབྲས་ལྡན། །མུཉྫ་སར་བྲ་དང་ནི། །ཛ་ཎ་ཀ་དང་གུཎྜ་སྟེ། །དེ་ལྟར་འདི་རྣམས་མཚུངས་པ་ཡིན། །ཀུ་ཤ་ཀུ་ཋ་དརྦ་དང་། །དག་བྱེད་དང་ནི་མཆོད་ སྦྱིན་རྒྱན། །བརྡྷི་དང་ནི་ཁྲུས་ཀྱི་རྩ། ༡༤ །དཱ་རྦཱ་དང་ནི་ཚིགས་བརྒྱ་པ། །བརྩོན་འགྲུས་སྟོང་ལྡན་རྡུལ་མེད་དང་། །ངན་སྤོང་སྐྱེས་དང་ལྗང་སེར་ཅན། །སྐྱེ་ཞིང་གནས་དང་ས་ཡི་འདབ། །མཐའ་ཡས་དང་ནི་དཀྱིལ་འཁོར་ཅན། །གླང་སྦུ་བརྩོན་འགྲུས་བརྒྱ་པ་དང་། །སྡོང་ བུ་འཛིན་དང་། བྱ་ཡི་མིག ། ༡༤ །མཛོད་བྱེད་པ་དང་། བཅུད་འཛིན་དང་། །བུར་ཤིང་རལ་གྲི་ལོ་མ་ཅན། །གུ་ཌ་ད་རུ་མངར་བའི་རྩ། །ཤིཥྞའི་ཚིགས་དང་འོ་མ་འཛིན། །འོ་མ་མངར་དང་། རོ་མངར་དང་། །མེ་ཏོག་འཆི་དང་བཅུད་ཆེན་པོ། ༡༤ །འདི་ཡི་རྩ་བ་མོ་ར་ཊ། ། ཚིགས་ལ་ཏ་ར་ཊ་ཞེས་བྱ། །དབྱེ་བ་དགོན་པའི་བུར་ཤིང་སོགས། །ཀུ་ན་ལཱི་དང་ཨ་ན་ལཱ། །མཁའ་ནི་པོ་ཊ་ཀ་ལ་དང་། །ཀུནྫ་ལ་ཀ་དྷ་མ་ན། ༤ །ཡལ་འདབ་ལ་ནི་སྐབས་ཆེན་པོ། །གསལ་བ་པོ་ཊ་གལ་དང་། །ནགས་དགོད་པ་དང་། ཛྱལླུ་ལཱ། པྱ་རོག་བུར་ ཤིང་སྤྱད་བྱག་ཞོན། །ཨི་ཀྵུ་གནྡཱ་ཞེས་བྱའོ། །ས་ལ་རྩ་ལག་སྐྱེ་བའོ། །ཨིཌ་ཀ་ཊ་རྩ་བའི་སྡེ། །མཛོད་ཀྱི་ཡན་ལག་རྩུབ་པའི་དབང་། །དཔའ་བྱེད་དང་ནི་ཆེས་དཔའ་བ། །དཔའ་བོའི་མེ་ཏོག་དྷོ་བའི་དགྲ། ༤ །འདི་ཡི་རྩ་བ་ཤིར་མ་དང་། །པད་རྩའོ་དེ་ནས་ཆུ་ལ་ ཉལ། །འཇིགས་མེད་བསྟེན་བྱེད་ན་ལ་དང་། །ནགས་ཚལ་བསྲེགས་དང་འདོད་དང་ལམ། །ལཱ་མཛྫ་ཀ་ཞེས་པ་དང་། །ཡང་བའི་གནས་དང་འཁྲུག་ཅེས་བྱ། ༡༡ །ཀ་རཱ་མ་སུ་རི་ཞེས་བྱའི། །རྩ་ནི་ཤིན་ཏུ་དྲི་བཟང་ཅན། །བཽ་ར་ཤིན་ཏུ་དྲི་བཟང་ཅན། །ལྷ་སྐྱེས་ཀ་རཽ་ཏི་ ཀའོ། ༥ །གདུགས་དང་ཤིན་ཏུ་གདུགས་དང་སྐྱོང་། །གདུགས་ཀྱི་རྣམ་པ་རྩྭའི་བྱེ་བྲག །སེ་གྷཽ་ཞེས་བྱ་བའོ། །ཕྲེང་བའི་རྩྭ་དང་ས་ཡི་རྩྭ། ༢ །ཤ་ཥྱཾ་དང་ནི་རྩྭ་གཞོན་ནུ། ༢ །རྒྱལ་བ་ཉེར་རྒྱས་ཕྱུགས་འཛིན་ནོ། ༣ །ཐུན་མོང་མ་ཡིན་རྩྭ་སྐྱེ་བ། །ཀུན་ཏུ་སྐྱེ་དང་རྩྭ་དམར་ རོ། །རྩྭ་རྣམས་ཡང་དག་བསྡུས་པ་ནི། །རྩྭ་ཡི་སྟན་དང་རྩྭའི་ཕུང་པོ། །ཀུ་ཤ་ལ་སོགས་པ་ཡི་རྩྭ། །འདབ་མ་ལྗང་གུ་ཅན་ལ་སོགས། །འབྲ་ཀོ་དང་ནི་ཀེ་ཏ་ཀི །ཏཱ་ལི་བེེ་ཏལ་སོགས་ལྔ། །ཧིནྟ་ལ་དང་བཅས་པ་ནི། །ཐམས་ཅད་རྩྭ་དང་ཤིང་གི་མིང་། །སྨན་གྱི་ རབ་ཏུ་བྱེད་པའོ། །ཞེས་པ་མུ་ཏིག་ཕྲེང་བ་ལས་ནགས་དང་སྨན་གྱི་སྡེའོ།། །།སེང་གེ་འཕྲོག་བྱེད་རི་དགས་དབང་། །རལ་ཅན་གདོང་ལྔ། ང་རོ་ཅན། །མཆེ་བ་ལྡན་དང་། མིག་གྲོལ་དང་། །ཡོངས་སུ་དབང་དང་། ནགས་ཀྱི་རྒྱལ། །གཙུག་ཕུད་ལྔ་པ་འཇིགས་བྱེད་དང་། རྣམ་པར་གནོན་དང་། ཚོགས་ཀྱི་རྒྱལ། །གླང་པོ་འཚེ་དང་། གླང་པོ་འཇོམས། །རི་གནས། འཕྲོག་བྱེད། མིག་དཀར་སེར། །ནམ་མཁའ་གནོན་དང་། ཆ་ཤ་འཇིགས། །རི་དགས་ཟ་བྱེད། མཛོད་ལྡན་དང་། །མ་རུ་ཏྤལ་ཞེས་བྱ་རྣམས། ༢༦ །འདི་ཡི་སྒྲ་སྐད། བུ་ ཀྭ་ར། །ཀྵེ་ཊི་ཏ་ཞེས་བྱ་བར་འགྱུར། །གང་ཡང་ཤ་ར་བྷ་དང་ནི། །སྟེང་རྐང་ཅན་དང་ཤ་རྡུལ། །རྐང་པ་བརྒྱད་པ་གླང་པོའི་དགྲ། ༥ །དེ་ནས་ཕྱུགས་འཚེ་ཤ་ཟན་དང་། །གཅན་གཟན་འཚོ་བྱེད་ཞེས་བྱ་ཡང་། ༤ །སྟག་དང་དྲི་སྣོམ་འཚེ་བྱེད་དང་། །གུང་དང་གཅན་ གཟན་རི་དགས་ཟ། །ནགས་ཀྱི་ཁྱི་དང་ཡུ་བཱ་ཀུ། །ཟླ་བ་ཅན་དང་། ལུས་བཀྲའོ། །རི་དགས་དགྲ་ཞེས་བྱ་བའོ། ༡༡ །དྲེད་དང་རི་དགས་ཟ་བྱེད་དོ། །ཕག་དང་གཙང་བྱེད་ཀོ་ལ་དང་། །ས་འཇོམས་ས་འབྱེད་མཆེ་བ་ཅན། །རྐོ་བྱེད། འཐོར་བྱེད། གཡང་བྱེད་དང་། གཡང་བྱེད། ས་རློག །མཆེ་བའི་མཚོན། །འབྱེད་བྱེད་དང་ནི། སུ་རེངས་དང་། །མགོ་བོ་གྷ་རྨཱ་ཁབ་སྤུ་ཅན། །ནགས་ཀྱི་ཧི་ར། ངུར་སྒྲ་ཅན། །ས་རྐོ་བ་དང་། རྣ་ཆེན་དང་། །མཆུ་རིངས་དང་ནི་འཁོར་ལོའི་གདོང་། །དགའ་རིངས། མང་སྐྱེས། རབ་སྐྱེ་མང་། ༢༥ །དོམ་ལ་ལཙྪ་ བྷ་ལཱུ་དང་། །བྷཱ་ལྨུ་ཀཱལ་ལུ་བྷལླཱ་ག །བྷ་ལུ་ཀཱ་དང་། ཨཙྪ་དང་། །ཕུག་དུ་ཉལ། སྤུ་རིངས་དང་། །ཨ་བ་བ་དུ། ངན་པའོ། ༩ །དེ་ནས་བསེལ། ཁཌྒ་དང་། །རྭ་ཅན་དང་ནི། པྲཱྀ་ཎི་དང་། །སྤྲོ་བའི་ཚོགས་དང་། གཙིགས་པ་ཅན། །དེ་ལ་ཀ་ནི་མཆོག་ཡིན་ནོ། ། མ་ཧེ་ལ་ནི་ལུ་ལཱ་ཡ། །གཤིན་རྗེའི་བཞོན་པ་རོལ་པ་ཅན། །རྡུལ་ཅན་དང་ནི་རྟ་ཡི་དགྲ། །དཱ་བ་སི་ཀཱ་ས་ར་དང་། །སཻ་བི་བྷ་དང་། པུཀྵ་དང་། མིག་དམར་དང་ནི་ཧི་ལ་གནས། །འཇིགས་པ་བཅུ་པ་རྡུལ་ལྡན་མའོ། །ག་བ་ལ་དང་། མ་ཧེ་སྐྱེས། །ཤི་ཀཾ་ཀ་ཏཱ། མ་ཧེའི་བུ། ། སྟག་སོགས་ནགས་ན་རྒྱུ་བ་ཡི། །དུད་འགྲོ་རྣམས་ནི་གཅན་གཟན་བརྗོད། །སྤྲེའུ་དང་ནི། མི་དང་འདྲ། །ཀཱི་ཤ་དང་ནི། གི་ཐ་དང་། ཤིང་གི་རི་དགས་འཕྲོག་བྱེད་དང་། །སྤྲེའུ་རྒྱུག་བྱེད་མཆོད་བྱེད་དང་། །ཡལ་གའི་རི་དགས་ནགས་ན་གནས། །གཉེར་མ་གདོང་དང་འགྲོ་ བྱེད་དང་། །འཕར་བྱེད་འཁྲི་ཤིང་རི་དགས་དང་། །ས་ཡི་མཇུག་མ་ཀཾ་ཁི་དང་། །ཀྭཱ་སྱ་འཛིན་དང་། དམར་པོ་དང་། །ཤིན་ཏུ་དམ་པ་ཞེས་བྱའོ། ༢༠ །མི་དང་འདྲ་དང་བྱ་བ་བྱེད། །བ་ལང་མཇུག་ཅེས་འགའ་ཞིག་འདོད། །སྤྲེའུ་ལས་བྱུང་སྤྲེའུ་རྣམས་ཀྱི། །རྩེད་མོ་ལ་ སོགས་རྣམས་སུ་འགྱུར། །ཅེ་སྤྱང་དང་ནི་ས་ལ་རྒྱུ། །རི་དགས་ཁྲམ་པ་བ་ལང་འཚོ། །ངན་གཡོ་མ་དང་། ཞི་བ་མ། འགྲོ་བྱེད། སྒྲ་སྒྲོགས། སླུ་བྱེད་དང་། །ས་མྱོས། ཁྱི་འདྲ། འཇིགས་དང་འདྲ། །གནས་དང་། ཅེ་སྦྱང་། པྲི་ཀ་ངན། །ཕྲ་མ་ཅན་དང་ས་ མཛེས་དང་། །མཚན་མོའི་རི་དགས་ཚེག་སྒྲ་ཅན། །ཧཱུ་ཡི་སྒྲ་ཅན་མཚན་མོ་པ། །ཅ་ཅོ་ཅན་དང་། ཞི་བ་འཛིན། །འཛིན་བྱེད་པ་ལང་རེངས་པ་དང་། །སྨིན་པ་དང་ནི་འཁོར་བྱེད་པའོ། །གྱེན་གདོང་དང་ནི་ལྕེ་འབར་དང་། །ཀི་ཁི་ཁི་དང་འགྲོ་བྱེད་དང་། །རྔ་མོ་ལོ་སཱ་ཞི་བ་གནས། ༨ ། ཁྲི་ཉལ། རུལ་བའི་རྭ་ཅན་ནོ། །ཁྲི་གནས་འགྲོ་བྱེད། ཁྲུས་མཁན་དང་། །ནགས་ཀྱི་ཁྱི་དང་། ནགས་ན་གནས། ༥ །བ་མེན། བ་ལང་རྗེས་སུ་བྱེད། ༩ །ལུག་ཅན། བྱིས་ཡ། ཐོབ་བྱེད་དང་། །འཇམ་དང་། རྭ་ཅན། སྟོབས་སྒྲིབ་པ་དང་། །བ་ལང་དང་ནི་རིམས་ ནད་མེད། །རི་བོང་དང་ནི། སྤུ་འཇོམས་དང་། །ནགས་ཀྱི་བྱི་བ། སྒེག་པའོ། །ཞུམ་བུ་བྱི་ལ་ཁྲུས་མཁན་དང་། །བྱི་བ་གསོད་དང་། བྱི་བ་ཟ། །མཚན་མོ་སྤྱོད་དང་། བྱི་ཟས་ཅན། །ཀུན་ཏུ་ལ་དང་། གྲོང་གི་སྤྲེའུ། །འདོར་བྱེད་ དང་ནི། ལུས་སྐུམ་དང་། །གོང་བུའི་མིག་དང་། དཀྱིལ་འཁོར་ཅན། རྣམ་སྒྲོལ་མིག་དང་འབར་བའི་མིག །ཤི་ཤུ་ཟེར། མེ་ནཱ་དོར། ཀནྡ་ལཱ། །གཟུགས་མོ་བྱི་དུར། སྦྲ་བྱེད་དང་། །ཤྲཱ་བི་ཊ་དང་། ཤ་ལྱའོ། ༢ །དེ་ཡི་ས་ནི་ལྱ་འདོད། །ཤ་ལཱ་ཀཱ་དང་། ཤ་ལ་ཡཱི། ཤ་ལ་ལཾ། ཤ་ལཾའོ། །དཔལ་བེའུས་མཚན་དང་། ཏ་ཎི་ཤཱ། །འཕར་བ་ནགས་ཀྱི་རི་དགས་གསོད། ༤ །རྣ་བ། བཱ་ཏ། པྲ་མྲཱིའོ། ༢ །གླ་རྩིའི་རི་དགས་གླ་བའོ། ༢ །རི་དགས་པགས་པའི་སྐྱེ་གནས་ཏེ། །ས་ལུས་དང་ནི། ས་འདྲེ་བ། །རི་དགས། རླུང་བསྲེག །མིག་ མཛེས་དང་། རྀསྟི། ཨ་རི། ཤྱན་དང་། །རྣམ་འཚེ། འཇིགས་ལྡན། སྒྲ་ལ་འཇིགས། །མྱ་ངམ་སྙིང་དང་ཀོ་ལོ་གུ། ༡༣ །ཨེ་ནེ་ཡ་དང་། ཤཻ་ལྱ་དང་། །ཙ་རྨཱ་གྷཾ་དང་། ཨེ་མ་སྱ། ཀ་ཏ་ལི་དང་། གསེར་མདོག་ཅན། །ཙི་ན་གཡག་རྒོད། དགའ་བྱེད་དང་། །བ་པ་ ས་མཱུ་རུ་རི་དགས། །འདི་རྣམས་པགས་པའི་སྐྱེ་གནས་སོ། །གཞུང་ནག་རུ་རུ་མྱཾ་ཀུ་དང་། །ཨཾ་ཀུ་སྡོམ་པ་སྐྱེད་བྱེད་དང་། །བ་ལང་རྣ་བ། རི་དགས་དང་། །ཨེ་ཎཪྴ་དང་རོ་ཧི་ཏ། །ཙ་མ་ར་དང་། རི་དགས་དང་། །རྟ་དང་། མཛེས་དང་། དགའ་བྱེད་སོགས། ། གཞན་ཡང་རི་དགས་དབང་སོགས་དང་། །བ་མེན་ལ་སོགས་རྣམས་དང་ནི། །ཕྱུགས་ཀྱི་རིགས་རྣམས་ཤེས་པར་བྱ། །དཔྱིད་དང་ནི་གཽ་དྷཱ་ར། །ཏེའུ་ལོ་པ་དང་དག་སྐྱེས་སོ། ༣ །བྱི་བ། ཨུ་ཌུ་མ། ཀུནྡུ། །པྲྀ་ཥ། འབིགས་བྱེད། རྐུན་པོ་དང་། རྐོ་བྱེད་དང་ནི། བུ་ག་ བ་བྱེད། །བྲྀ་ཥས་མཚན་དང་། བྲྀ་ཥའི་མིག །བ་བྷུ། སེན་རིངས། ཀུན་ཆགས་སོ། ༡༣ །འདི་ཡི་དགའ་མ། རྐུན་བྱེད་མ། །ཞན་མ་དང་ནི་རྟགས་ཅན་མ། །རིག་མཚན་མ་དང་བྱེ་གཞན་མ། ༦ །ཙིཀྐ། ཁྱིམ་གྱི་སྲེ་མོང་དང་། །བྲྀཥ། དྲི་ཡི་བྱི་བ་དང་། །ཙྪུ་ཙྪུནྡ་རཱི་ཙྪུཉྪུ་ཡང་། ། རྩངས་པ་དང་ནི། མིག་སྨན་རྩ། ༧ །ཀྲྀ་ཀ་ལཱ་ས་སོག་ལེ་ཅན། །ཉིན་ས་བ་དང་རལ་གྲི་ཅན། །ཙེ་དཱ་ར་དང་། རྩྭའི་ད་བྱིད། །རྩངས་ཕྲན་དང་ནི་ཁྱིམ་གྱི་རྩངས། །མཐུ་བོ་དང་ནི་ཁྱིམ་ལྡན་དང་། །མདུང་ཅན་ལྟས་ཤེས་ཙ་ཊཾ་གི །གཤོལ་ལྡན་དང་ནི། བཀྲ་བ་དང་། །རྒྱལ་ བ་བཞོན་པ་ཆེན་པོའོ། ༤ །བྱེད་པ། ཀ་རཱ། ཊི་ཀཱ་དང་། །རྣ་ཆུ། ཀ་ཤ་ཏ་པ་ཊི། །འབུ་དང་། གྲོགས་སྦུར། ནཱི་ལཾ་གུ། །རྐང་བརྒྱད་པ་དང་། འབུ་ཕྲན་ནོ། །ལྟེ་བ་བལ་ཅན་སྤྲེའུ་འདྲ་དང་། །ཐུར་མ་ཅན་དང་། དྲ་བ་ཅན། །སྡོམ་དང་། ཐགས་མཁན་ཞེས་ བྱའོ། །འདིས་བཅིངས། རྒྱ་དང་འདྲ་བའོ། །རྟ་ཤིག་པ་དང་སྡིག་པའོ། །འབུ་ཕྲན་དང་ནི་སྦུར་བུ་དང་། །འབུ་ནར་དང་ནི་མཇུག་མ་ཅན། །བ་མི། ཟ་བྱེད། ཀ་བ་ཊི། །ཉེ་ལུས་ཉེ་བར་ཕྱོགས་པ་དང་། །སྐྲ་འདྲ། ཉེ་བའི་ལྕེ་ཅན་ནོ། །གྲོག་མ་དང་ནི། སྲིན་ ཕྲན་དང་། །གཤིན་རྗེའི་བུ་དང་། གྷུ་རྒྱུ་ར། །དར་གྱི་སྲིན་འབུ། །སྐུད་པའི་བུ། རྩ་འབུ། ཤིང་ཟན་ཡི་གེ་པ། །སྟེང་གི་ཤ་དང་མ་ཀུ་ཤ །མདུད་ཅན་སྐྱེ་བ་ཕྲ་མོའོ། །ཕྱུགས་ལ་སོགས་པའི་རབ་ཏུ་བྱེད་པའོ།། །།མཁའ་འགྲོ་ཡན་ལག་དྲུག་པ་ དང་། །མཁའ་ལ་འགྲོ་དང་། མཁའ་ལ་འཕུར། །པ་ཏ་འགའ་དང་། འདབ་གཤོག་ཅན། །འདབ་སྐྱོབ་དང་ནི། འདབ་མས་སྐྱོབ། །བྱ་དང་། སྒྲོ་ལྡན། ཤ་ཀུནྡ། །ཤ་ཀུནྟ་ཡ་བི་ཀ་རེ། །བདྐི་ར་དང་། ནམ་མཁའི་རྟ། །མཁར་ཉལ། ཚོང་ལས་བྱུང་བ་དང་། ། འདབ་ལྡན་གཤོག་ལྡན། ནམ་མཁར་འགྲོ། །དགེ་མཚན་ཅན་དང་། ལུས་མགྱོགས་དང་། །འགྲོ་བྱེད་འདབ་མའི་ཤིང་རྟ་ཡབ། །མཁའ་ལ་སྤྱོད་བྱེད་མེ་ཡི་མགྲིན། །སྤུ་ཅན་དང་ནི་གནམ་ལ་སྤྱོད། །ན་ཚོད་གནས་དང་། མཁར་འགྲོ་དང་། །ཙཉྩུ་དང་ནི་དྲྀལླཱི་ཙཱ། ། ཛཱ་ནེ་ཀ་དང་གཉིས་སྐྱེས་དང་། །ལྕེ་གཉིས་པ་དང་། ཀཱི་ཀཱི་ཤཱ། །སྟེང་འགྲོ་དང་ནི་ཤིང་ལ་གནས། ༣༨ །འདབ་མའི་ཐེག་པ་ན་ཚོད་གནས། །བྲྀ་པ་ལཱ་ཀྵ་ཏ་རུ་ཤ །དཔྱིད་ཀྱི་ཕོ་ཉ་ངག་སྙན་དང་། །ཡུདྷཱརྦྷ་ལ་བི་ཀ་དང་། །ཀུ་ཧཱུའི་མགྲིན་ལྡན་ཕྲོག་བྱེད་གཏམ། །མགྲིན་ སྙན་ཁ་ནས་ཀུ་ཧུ་འདོན། །ནགས་སུ་དགའ་དང་། གཞན་གྱི་གསོལ། །ཁུ་བྱུག་དང་ནི་གཞན་གྱིས་རྒྱས། །འདོད་པའི་ཕོ་ཉ་མ་དྷུ་ཀཎྛ། །འདོད་པའི་ཏཱ་ལ། ཀུ་ཧཱུ་སྙན། །མིག་མཛེས་དང་ནི་བྱ་རོག་གསོས། །དབྱངས་ མཁས། སུ་ཏྲ་རྔ་ན་དང་། །དབྱངས་སྙན་འབྲས་བུས་ནམ་མཁའ་འགྲོ། །ནགས་ལ་རག་ལུས་གཞན་ལ་སེམས། །ཁུ་བྱུག་སྐད་དང་ལྔ་པ་དང་། །སྦྲང་རྩིའི་སྒྲར་ཡང་དེ་བརྗོད་དོ། ༢༧ །རྨ་བྱ། ས་འགྲོ། མདངས་ལྡན་དང་། བཀྲ་བ་བཀྲ་བའི་འོག་པག་ཅན། ། གཙུག་ཕུད་ཅན་དང་རྩེ་མོ་ཅན། །ཀོ་ཀིའི་སྒྲ་ཅན་རབ་གཡོ་དང་། །ཀི་ཤ་ར་དགའ་མགྲིན་སྔོན་ཅན། །སི་ཏཱ་སངྒཱ་ཞེས་བྱ་དང་། །འབྲུག་སྒྲའི་རྗེས་སུ་སྒེག་པ་དང་། །རྣ་རྒྱན་ཅན་དང་སེན་མོའི་གར། །གཙུག་ཕུད་ཅན་རྒྱ་མཚོ་སྐྱེས་དང་། །འདབ་བརྒྱ་པ་དང་། སྤྲིན་གྱིས་སྒེག །མེ་ནཱ་ད་དང་མགུལ་པ་སྔོ། །མཇུག་སྒྲོ་ཅན་དང་། ལེགས་བྲིས་སྒྲོ། །སིལ་སིལ་སྒྲོགས་དང་ལག་འགྲོ་ཟ། །ཤེད་ལ་བརྩེ་དང་བརྟན་པར་གྲགས། །གར་མཁན་རི་མོ་དམར་སེར་ཅན། །བྱི་དོར་བྱས་པའི་མགྲིན་ལྡན་པའོ། ༣༠ །རྨ་བྱའི་ཐིག་ལེ་ཨུ་ རུཎྜ། །མཇུག་མ་མདོངས་ལྡན་དེ་བཞིན་དུ། །གཙུག་ཕུད་དང་ནི་རབ་གཡོའོ། ༤ །ཟླ་ཁམ་དང་ནི་མདོངས་ལོན་ནོ། ༢ །ཐོད་དང་གཙུག་ཕུད་ཉིད་ཀྱང་ངོ་། ༢ །ཀོ་ཀཱིའི་ཚིག་ལྡན་གཙུག་ཕུད་ཅན། །བྱ་རོག་ལ་ནི་གཏོར་ཟ་དང་། །སྒྲ་ལྡན་དང་ནི། མཽ་ཀུ་ལི། །ཁ་ཏ་བོ་ན་ག་འཆི་མེད། །གཏོར་མས་རྒྱས་ དང་། བརྒྱ་བྱིན་སྐྱེས། །ལྷན་ཅིག་སྐྱེས་དང་བདག་ཉིད་སྒྲོགས། །དགའ་བས། རྒྱུད་དང་ཐོས་སྒྲོགས་དང་། །འཁྲིག་པ་སྦེད་དང་། ལུཎྜཱ་ཀ །དྲི་པ་ས་དང་། ཀཱ་ན་དང་། གཞན་གསོ་བྱེད་དང་། དྲོད་གཤེར་སྤྱོད། །བདེན་པའི་ངག་དང་། རབ་དགའ་དང་། །ལྟེ་བ་སྐྱེས་དང་གྷ་ཀཱ་སྒྲོགས། ། དབང་སྐྱེ་སཱུ་ཏྲཱི། དྭིཀ་ཏྲ། །ཎཽ་པ་ར་འཆི། དཔའ་བོ་ཅན། །ཀཱ་ཎུ་ང་དང་། ཀཱ་ཀུ་ཤེས། །རིལྦཱ་ཏ་ལི་གཏམ་ཅན་དང་། །ལན་ཅིག་དགའ་དང་ཚེར་མའི་ཚང་། །རྡོ་རྗེ་མཆུ་ཅན་མདོག་གཅིག་པ། །སྒྲོགས་ལྡན་ཞེས་པ་རྣམས་སུ་འགྱུར། ༣༦ །བྱ་རོག་ཆེན་པོ་ཀཱ་ཀོ་ལ། །རགྷ་ བྱ་རོག་མཽ་ཀུ་ལི། །བྱ་རོག་མནན་དང་། བྱ་རོག་ནག །འཆི་བ་སླུ་བ་ཞེས་བྱའོ། ༧།དེ་ནས་འུག་པ་ཉིན་མོ་འཇིགས། ༧ །བྱ་རོག་དགྲ་དང་། བེ་ཙ་ཀ །མཚན་མོ་སྤྱོད་དང་དྲི་བཱནྡ། །བརྒྱ་བྱིན་བཤད་དང་། རྣ་འཁྱོག་དང་། །འཕྲོག་བྱེད་མིག་དང་། །བྱ་རོག་འཇིགས། །སེན་མོ་ཤཱི་ སཱི་གྷ་གྷ་བོ། །མཚན་མོ་ཟ་བ་རྣམས་ཡིན་ནོ། ༡༢ །དམར་སེར་ལ་ནི་སེ་རྩི་ཀ །འུག་པ། ཙ་ཊི་ཀཱ་ཡིན་ནོ། ༣ །ཀྲྀཀྟཱ། གཏུམ་མོ། རི་སྐེགས་དང་། །མྱོས་བྱེད་ཐུར་མ། རྗོད་བྱེད་མ། མིག་བཀྲ་མ་དང་རྐང་བཀྲམ། །མཚོན་བྱེད་བརྟོད་པའི་སྙེམ་པའོ། ༩ །རྣམ་པར་འགྲོ་བྱེད་ཀུ་ཎ་ཡཱི། ། ས་འཐོར་དང་ནི་གོ་རཱ་ཊ། ༤ །བྱ་གག །ས་གནས། བཱ་ལི་ཀ །ཀྲྀ་མི་དང་ནི་ཀུ་ཀུ་སྒྲོགས། ༥ །ནེ་ཙོ། འདབ་མ་ཟ་བ་དང་། །འཐོར་བྱེད་ཡིད་གཞུངས། ཙ་ཤྩི་མི། །བློ་གསལ་ཤིན་ཏུ་གནས་པ་དང་། །འཁྱོག་པོའི་མཐུ་ཅན་ཞེས་བྱའོ། །སཽ་དྦྷཱ་ཀཱི་དང་། མི་གནས་དང་། ། ངག་སྐྱེས། དབང་པོ། ༣ སྒྲ་དང་། །སྤྱོད་བྱེད་སྦྲང་རྩི་སྦྲང་རྩི་འདོད། །སྦྲང་རྩི་བརྟུལ་ཞུགས། སྦྲང་རྩི་བྱེད། །སྦྲང་རྩི་མྱང་དང་སྦྲང་རྩི་སྐྱོང་། །སྦྲང་བུ་མེ་ཏོག་ཟས་ཅན་དང་། །བུང་བ་ཉམ་ཆུང་སྦྲང་མ་དང་། །མེ་ཏོག་འཇུག་ དང་། མེ་ཏོག་རྩེ། །ར་ཡི་གཉིས་པ་བཅུད་བརྟུལ་ཞུགས། །གེ་སར་འཛིན་དང་བཅུད་འཛིན་དང་། །རྡུལ་འཆང་། སྐེམས་དང་། བཅུད་སྦྱིན་དང་། །རྡུལ་ཉལ་མེ་ཏོག་འཐོར་བ་དང་། །སྦྲང་རྩིའི་དྲི་མྱང་གསེར་སྤྱོད། །དེས་ནི་ཆ་ཤས་མཐུན་སྒྲ་དང་། །རི་སྐྱེས་དང་ན་ སྤོས་དང་ལྡན། །རོ་མྱོང་མཆོག་དག་སྐད་ཅིག་འདྲེས། །སྙིང་པོར་སོན་པ་ཞེས་བྱ་རྣམས། ༣༣ །སཱི་བ་བ་ཏ། སྒྲ་སྙན་དང་། །སྐད་ཅིག་འདོད་ལྡན་འགྱུར་དགའ་དང་། །རབ་ཏུ་དང་དང་། ཀུ་ཀྐུ་ཊ། །ཛྙཱིལླཱི་སྒྲོགས་དང་། ཁྱིམ་ཕུག་རོན། །བཱ་རཱ་བ་ཏ། ཀ་པ་ཏ། །ཀ་པ་ཀ་ནི་ ཕུག་རོན་ནོ། ༢ །ཌོམྦཱིའི་བ་རཱ་བ་ཏ་ནི། །ཁ་ཅིག་ཁྱིམ་གྱི་ཕུག་རོན་ནོ། །ཁཉྫ་རཱི་ཊ། ཀ་ཎཱ་ཊཱི་ན། །ཁཉྫ་ལེ་ཁ། ཁ་ཉྫ་ན། །བཟང་མིང་གྲ་དང་། ནི་ཥི་སྟ། །རྟ་ལོ་གྱུ་ནི། བུ་ཅན་དང་། །བྱ་རོག་སྐུགས་དང་། མགྲིན་ནག་དང་། །ནི་དྷི་ར་ཏ། ཤ་ར་ཏ། །ཀ་རྐ་རའི་མིག ། སྟོན་ཀ་སྤྱོད། །ཚང་སྦས། རཊ་ཙ་ར་དང་། །ཙ་ཊ་ཀའི། རྒྱལ་ཆར་མཚོན་བྱེད་དང་། །ཆར་ལྷ་དགའ་བའི་སིལ་སྙན་དང་། །ཁཉྫ་རི་ཊ་ལན་ཅིག་དགའ། །ལན་ཅིག་ཏུ་མྦི་ཞེས་བྱ་རྣམས། །༢༣ །ཧཱ་ཡི་བུ་མོ། ཡུངས་ཀར་མ། །བཟང་མོ་ ཁཉྫ་ལི་ཀཱ་དང་། །མ་ཅན། སཱ་རངྒ། བནྡི། །ཐུབ་པའི་བུ་དང་། སི་ཏ་དང་། །ཁུག་རྟ་དང་ནི། ཆུ་ཉུང་དང་། །སྤྲིན་འདེགས། སྤྲིན་རློང་། སྤྲི་ཤཾ་ཀུ། །ཆར་ལ་དགའ་དང་། དགའ་སྒྲ་སྒྲོགས། ༡༠ །ཁུག་རྟ་གཞོན་ནུ་ཙཱ་སཱི་ཧ། །ཟངས་ཀྱི་གཙུག་ཕུད་ཀྲྀ་ཀ་སྒྲོག ། བྱ་གག་རྐང་པའི་མཚོན་ཆ་ཅན། །སྔ་བར་སྒྲ་སྒྲོགས་མཚན་མོ་རིག །མིག་ཟླུམ་ཀ་ལཱ་བི་ཀ་དང་། །སཱ་ལ་འགྲོ་མཁས་ཙ་ཊ་ཀ །ཟུང་གི་དབྱངས་སྒྲོག་མཚན་མོ་སྐད། །བདེ་ལེགས་ཅན་དང་ཡོངས་སུ་མིག །དགའ་བྱེད། གསོ་བྱེད་འཕེལ་བྱེད་དང་། །པགས་པའི་ གཙུག་ཕུད་མྱ་ངན་མེད། །ནོར་བུའི་མགྲིན་ཅན་འོད་ཀྱི་སྟེ། ༢༡ ། མཆིལ་པ་ཀ་ལ་པིངྐ་ཡིན། །རྒྱབ་བཀྲ། ཁྱུ་མཆོག་བགྲོད་པ་དང་། །མགྲིན་སྔོན་བཀྲ་བའི་རྒྱལ་པོ་དང་། །ཁྱིམ་དུ་ཚོང་བྱེད། ཁྱིམ་དུ་ཉལ། །རིགས་ཅན་དང་ནི། ཉེར་ཆགས་རྣམས། ༡༠ །དེ་ཡི་ཆུང་མ་མཆིལ་པ་ མོ། །བུ་ནི་ཙཱ་ཊ་ཀཻ་རའོ། །བུ་མོ་ཙཱ་ཊ་ཀཻ་བ་ཧི། །རི་དགས་དབང་དང་། མཆིལ་བ་སོགས། །གསོད་མཁས། འཛིན་བྱེད་འཇོམས་བྱེད་པའོ། །ཙི་རྞ་དཀྱིལ་འཁོར་ཅན་སྤྱོད་བྱེད། །མཁའ་སྤྱོད་དང་ནི་རིང་དུ་སྨྲ། །འཕོ་བ་མགྲིན་ཚང་མཁའ་ལ་འཁོར། །རླུང་གཅོད་པ་དང་རིང་ འདོར་རོ། །དེ་ནས་བྱ་རྒོད། དཱ་ཀྵཱ་ཏྱ། །རིང་དུ་མཐོང་བ་ཞེས་བྱའོ། ༣ །ཁྲ་དང་རི་བོང་ཟ་བ་དང་། །བ་ཊཱི་བཱ་ཛི་མཁའ་ལ་འགྲོ། །གཡོ་བ་ཞེས་བྱ་རྣམས་ཡིན་ནོ། །ཏིཏྟི་རི་ད། གཤོག་བཀྲ་དང་། །ཤ་ཆུ་ཀ་བིཉྫ་ལའོ། ༤ །བྱང་ཆུབ་བྷ་ར། དྭཱ་ཛའོ། ༢ །ཁྲུང་ཁྲུང་། ཀྲུཉྩ་འཁོར་ལ་ གནས། །བིཥྚ་ལིངྒཱ་མདོག་ཅན་ནོ། །ལཱ་བ་ཀ་དང་། འགྲོ་ཉུང་ངོ་། །ཀུཀྐུ་བྷ་ནི་ཀུ་ལཱ་ལ། །ཀུ་ཀཱུ་ཊ་དང་། བུ་གའི་དབྱངས། །སྡུ་མཆན། དུད་པ་དུ་བ། སྲེག་པ་དང་། སྐྱེས། །ཨ་ཊའི་རྒྱལ་པོ། གཤོག་ལྡན་དང་། །ཧིངྒ་ཀ་ཞེས་བྱ་བ་རྣམས། ༦ །ཀརྐ་རེ་ཊུ། ཀེ་ར་ཊ། ། ཀ་ཊ་ཊུ་དང་། ཀ་རྐ་རཱ། ༤ །ཤིང་རྟ་མོ་དང་། ཤིང་འཇོམས་དང་། །མགྲིན་རིང་དང་ནི་འདབ་བརྒྱ་པ། །ཀྲྀ་ཀ་ཎ་དང་། ཀྲ་ཀ་རའོ། ༦ །ཙཱ་ཤ། ཀཱི་ཀི་དི་བི་དང་། །གསེར་གྱི་གཙུག་ཕུད་མ་ཡི་རྟགས། །དེ་བཞིན་མཁའ་འགྲོའི་རྒྱལ་པོའོ། ༤ །ཤང་ཤང་ཏེའུ་དུག་འཆི་དང་། །འཚོ་བ་ འཚོ་བྱེད། ཏཱནྡཱ་ལ། ༤ །འོད་ལ་དགའ་དང་། མཆུ་གཡོ་དང་། །ཙ་ཀོ་ར་དང་། དུག་མཚོན་བྱེད། ༤ །རཱ་ཏི། རཱ་ཊི་འདམ་བུའི་དགྲ། །མགྲིན་ལྡན། གཞོན་ནུ། དཱ་རྒྱུ་ཏ། །མགྲིན་དཀར་དང་ནི། ཨ་ཏྱུ་ཧ། །ཀཱ་ཀོ་མངྒུ། །ཀྰ་ཐཱ་དྷུ་རཱ། །གི་གཱ་ཙིལྨི། དེ་བཊྚི། །སྣ་ཚོགས་ ཅན་ཆུའི་བྱ་གག །༤ །མཏྤ་ར་ཀ །ཛྷཱ་མྦཱ་ཎཱཾ། །མ་ཎི་ཙ་ཀ །ཆུའི་མངྒུ། ༤།ཊིཊྚི་ཌྷ་དང་། ཀ་ཊུའི་སྒྲ། །སྟེང་འགྲོ་དང་ནི། ཉལ་བྱེད་དོ། ༤ །རྒྱང་གྲགས་ཐོས་དང་། སྒྲ་སྒྲོགས་དང་། །ཀུ་ཏ་རཱ་དང་། ཉ་འཇོམས་སོ། །དུར་པ་འཁོར་ལོ། འཁོར་ལོ་ཅན། །ཤིང་རྟའི་ལུས་ཀྱི་མིང་ཅན་ དང་། །གཉིས་གཉིས་སྦྱོར་དང་མཁའ་ལ་གནས། །འོད་ལྡན་མཚན་མོ་འབྲལ་བྱེད་དོ། ༨ །ལྕགས་རྒྱབ་དང་ནི། ཀརྡྷ་དང་། །རྐང་རིང་ཀོ་ལའི་མཇུག་མ་ཅན། ༤ །ག་ལེ་གནྜ། བརྐ་ཌ། །ཆུ་སྐྱར་ཀ་ལ་ཧཾ་བ་ཡིན། །ཆུ་ཅན་རྐྱལ་བྱེད་མངྒ་དང་། །ཀི་ཀཱ་དང་ནི་ཉ་འབིགས་ བྱེད། ༤ །སྤྲིན་གྱི་བྱ་དང་གཙུག་ཕུད་ཅན། །མཆོད་སྟོང་ཅན་ཆུའི་ཀུཀྐུ་བྷཱ། །གོ་བྷཎྜ་ར། འདམ་འཐོར་རོ། །རྒྱལ་པོའི་ཅོད་པན། ཧཱའི་བུ་མོ། ༨ །བྱ་དཀར། བ་ཀ ། ཀཾ་ཀ་དང་། །ར་ཀོ་ཏ་དང་། ནི་ཤེ་ཏ། །ཀཾ་ཀ་ཏུ་ཏྲ། གཏོར་མ་ཟ། །ཟླ་བའི་གཙུག་ཕུད་མཁའ་འགྲོ་ དང་། །ཁྱིམ་གྱི་གཏོར་ཟ། རྐང་རིང་དང་། །བི་ན་དང་ནི་ཐོབ་བྱེད་དོ། ༡༢ །ཀ་ཀེ་རུ་ཀ་པ་ལཱ་ཀ །དུག་གི་མགྲིན་པ་ཅན་རྣམས་སོ། ༣ །བཞད་དང་རྫིང་བུའི་མཚན་མ་དང་། །སྒྲ་འབྱིན་ཀ་རྩིངྒུ་རའོ། ༤ །ངང་པ་མཁའ་ལྡིང་དཀར་པོ་དང་། །འཆི་མེད་འཛིན་དང་། མ་དྲོས་གནས། །དྲ་ བའི་རྐང་ལྡན་མཚོ་ཡི་བྱ། །འཁོར་ལོའི་ཡན་ལག་གྲོང་འཇོམས་སོ། །ངང་པའི་རྒྱལ་པོ་མཆུ་དག་དང་། །རྐང་པ་དམར་པོ། ལུས་དཀར་པོ། །དྲི་མ་ཅན་གྱི་ཕྲེང་འཛིན་དང་། །ཡུལ་འཁོར་སྐྱོང་དང་དང་སྐྱའོ། །པཀྵི་རཱ་དྷཱྀས་ངང་པ། །ཀ་ལ་ཧི་ས་ཞེས་ཁ་ཅིག །ངང་ པའི་ཆུང་མ་བ་ར་ཊ། །བཞད་མོ་དང་ནི་དཔལ་མོའོ། །བི་ཁའི་ཁུ་བྱུག་དེ་ཡི་ཡང་། །ཁུ་བྱུག་གི་ནི་བལླུ་བྷ། །རྩོད་པ་བྱེད་དང་ཙུ་པྲྀ་ཏི། །ཁྱིམ་བཟང་མུཎྜ་ཀ་སེར་པོའོ། །བཅད་ཉམས་དང་ནི་གང་བ་དང་། །གཞན་སྤྲོ་དང་ནི། ཏིལ་སྣུམ་ཅན། ག་རོ་དྒྷཱ་དྷཱི། འབྲས་བུའོ། །དབྱངས་ལྡན་ནམ་མཁར་སྒེག་པ་དང་། །བཀྲ་བའི་སྐད་འབྱིན་ཞེས་པའོ། །དེ་ནས་ཞོ་ཅན་ཞོ་ཚོགས་དང་། །ཞོ་ཡི་གནས་ཞེས་བྱ་བའོ། །ཕ་བཾ། པགས་བྱིའུ། །བྷདྐཱ་རཱི། །པགས་པའི་འདབ་ཅན། ཛ་ཏུ་ནཱཾ། །ཁྱིམ་འགྲོ་དང་ནི་བྱ་རོག་དགྲའོ། ། བཱ་གུ་ལི་དང་། བ་གུ་དང་། །ཏ་རུ་ཧུ་ནི་ཀཱ་ར་ཊ་བྱཱཾ། །དྷ་ན་ཙྪ་ཀཱ་ཟླ་བ་འཇུག །བཙོན་ལུས་བྱ་རོག་མགོ་ཟླུམ་སྤྱོད། །འདབ་ཆགས་བྱེ་བྲག་ཧཱ་རཱི་ཏ། །ཀཱ་རཎྜ་པ་བརྟ་ཀཱ། །ཏུ་ནི་ཀཱ་དང་། སྤོ་ཊི་ཀཱ། །མཚུངས་སོ་གཞན་ཡང་ཕྱེ་མ་ལེབ། །ཆ་ག་པ་དང་མེ་ཁྱེར་དང་། ། མུན་འཇོམས་ནམ་མཁའི་མུ་ཁྱུད་འོད། །མཁའ་སྣང་དང་ནི་ནམ་མཁའི་འོད། །མུན་སེལ། །ལམ་འོད། འོད་ས་བོན། །ས་ཌཱ་རྦུ་དང་ཞེས་བྱ་རྣམས། །ལྕི་སྦུར་སྔོན་པོ་མ་ཀྵིཀཱ། །སྦྲང་མ་དང་ནི་སྦྲང་རྩི་སྐྱེས། །གྲོག་མ་པུཏྟི་ཀ་ཡིན་ནོ། །སྦྲང་རྩི་ཆེས་ཉུང་སར་སྡུ། ། སྦྲང་གི་སྦྲང་བུ་སྦྲང་བུའི་དབྱེ། །བི་ཀཾ་དམ་ཤ་བྷ་མྦྷ་ཌཱ། །ནགས་ཀྱི་སྦྲང་བུ་བྷི་ར་ཌཱི། ༤ །ཟ་བྱེད་སྦྲང་བུ་དེ་རིགས་གཞན། །བ་རཱ་ཊཱི་དང་། གནྡྷོ་ལི། །ག་རོ་ལླི་དང་ཚངས་མ་དང་། །བར་ཊཱ་དང་། དུག་རྭ་ཅན། །བྷྲྀངྒ་ཌོ་ལ། པ་ཌ་ལ། །རྩྭ་བྲ་བྱེད་པ་རྣམས་ཡིན་ནོ། །བྷྲྀངྒ་ ཌཱི་དང་ཛྷཱི་རུ་ཀཱ །ཙཱི་རཱི་ཛི་ལླི་ཀཱ་དག་མཚུངས། །སྦྲང་གཤོག་ཅན་དང་དབྱངས་སྒྲོག་དང་། །དབྱངས་བྱེད། སྒྲ་བྱེད། བཟི་བཟིར་ཡང་། །ལྷམ་བུ་ཆུ་གཤེགས་སྡོང་པོའི་འབུ། །དེ་དབྱེ་སྲར་བ་ཀ་དང་། །ལན་ཅིག་འབུ་དང་གཞན་བྱེད་དང་། །དུས་ཅན་བྷཀྵ་རཱ་ཊི་ཀྵ། ། ནག་མིག་དང་ནི་སྲིན་བུ་དང་། །ཨུ་སྶི་ཀ་དང་། ཉི་མེ་ཏོག །བྱ་སྤུ་གཤོག་པ་སྒྲོ་དང་ནི། །འགེབས་བྱེད་ལོ་མ་ལུས་སྐྱེས་སོ། །དཔུང་པ། གཤོག་རྩ། པཀྵ་ཏི། །གཤོག་སྒྲོའི་ཕྲེང་བ་ཨ་རི་ཉྪ་ལཱི། འཕུར་དང་འགྲོ་ལའོ། །རབ་ཏུ་འཕུར་དང་ཤིན་ཏུ་འཕུར། །ཡང་ དག་འཕུར། རབ་འདི་རྣམས་ནི། །མཁའ་འགྲོ་རྣམས་ཀྱི་བྱ་བའོ། །སྦུབས་དང་། མཛོད་དང་། ཤུབས་སྒོ་ང་། ༤།མཆུ་དང་གཅོད་བྱེད། ཉེར་འཛིན་ཅན། ༣།རིགས་དང་། ལུས། ཡན་ལག །གསར་སྐྱེས། བྱིས་པ། བུ་ཕྲུག་དང་། ཕྲུག་གུ། ། བུམ་བུ། །བྱེའུ། ༧ །ཕོ་མོ་འདུས་དང་། ༢༢ དང་། ཟུང་དང་། དོར་དང་། ཁ་འཚམ་དང་། །གཉིས་ལྡན་གཉིས་པ་མཚེ་མ་དང་། །ཕྲུགས་དང་། བུབས་ཞེས་བྱ་བའོ། ༨།ཚོགས་དང་། དོན་མཐུན། སྤྱི་འདུས་པ། །ཚོགས་པ། ཕུང་པོ། ཚོགས་འདུ་བ། ། བསགས་པ་དང་ནི་སྤུངས་པའོ། །ཡང་དག་ཚོགས་དང་བསགས་དང་ཚོགས། །འདུས་པ་སྡེ་དང་། དྲ་བ་སྐྱེས། །བྲྀནྡ། དཀྱིལ་འཁོར། ཀུ་དུམྦ། །ནི་ཀ་ར་དང་། སྟོ་མ་དང་། །བི་ས་ར་དང་། པྲཱ་སྟ་དང་། སཾ་མྨཱ་དང་། སཾ་ན་ཡ། །ཁཎྜ། ས་མུ་ད་ཡ་ དང་། །ཀྵ་ཏྭཽ་དང་ནི་བ་ཊ་ཡཾ། །སཾ་ཧ་ཏི་དང་། ནི་བ་ཧ། །ནི་ཙ་ཡ་དང་། ཙཀྲ་དང་། །ཙཀྲ་བཱ་ལཾ། ཀ་ལཱ་པ། །བི་ཌ་ཀ་དང་། པྲ་ཀ་ར། །ས་རི་ཀ་ར། ཡཱུ་ཐཾ་ཡང་། །ཞགས་པ་སྐྲ་ལས་གཞན་ཚོགས་པ། །གྲོང་གི་སྒྲ་སོགས་སྔོན་མ་ཅན། །ཚོགས་པའི་ དབྱེ་བ་སྡེ་ཚན་མཚུངས། །རིགས་མཐུན་དང་ནི། ཆོས་མཐུན་པ། །དེ་ཡི་རིགས་དང་མཚུངས་པ་དང་། །འདུས་དང་དོན་མཐུན་རིགས་སྐྱེའོ། །དུད་འགྲོའི་ཁྱུ་དང་ཕྱུགས་ཀྱི་ཚོགས། །གཞན་རྣམས་ལ་ནི་འདུས་པར་འགྱུར། །འགའ་ཞིག་དོན་མཐུན་ཚོགས་པའི་ཚོགས། ། ཕུང་པོ། མཆོད་རྟེན། སྤུངས་དང་། ཚོགས། །བརྩེགས་པའོ་ཕུག་རོན་ཚོགས་དང་ནི། །ནེ་ཙོའི་ཚོགས་དང་རྨ་བྱའི་ཚོགས། །སྲེག་པའི་ཚོགས་སོགས་དེ་ཡི་ཚོགས། །ཁྱིམ་གནས་བྱ་དང་རི་དགས་དང་། །དེ་དག་ལྷག་མ་འགའ་ཞིག་གཟུང་། །བྱ་ལ་སོགས་པའི་རབ་ ཏུ་བྱེད་པའོ། །སེང་གེ་ལ་སོགས་པའི་སྡེ་རྫོགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །མི་དང་ཡིད་སྐྱེས་མ་ནུའི་བུ། །ཤེས་ལྡན། ཡིད་ལྡན། ཤེད་བུའོ། ༦ །སྐྱེས་པ། ལྔ་སྐྱེས་སྐྱེས་བུ་དང་། །སྐྱོང་བྱེད་དང་ནི་ཕོ་རྣམས་སོ། ༥ །མོ་དང་། མི་མོ་ མཚམས་ལྡན་མ། །བཙུན་མོ། ཡོ་ཥཱ། ཡོ་ཥི་ཏ། །འཆིང་བྱེད། ཟུར་བལྟ། གཡོན་མ་དང་། །དགའ་བའི་ས་གཞི་མཆོད་ལྡན་མ། །སྟོབས་མེད། པཱ་ཡཱ། དྲག་མོ་དང་། །སྟོབས་ལྡན། དགའ་མ། གཡོན་བྱེད་མ། །གནས་བྱེད་མ་ དང་། སྐྱེད་མ་དང་། །བུ་མོ། སྙིང་པོ་ཅན་མ་དང་། །ལེགས་དགའ་མ་དང་། གནོད་སྐྱོང་ངོ་། ༡༢ །དབྱེ་མ་དགའ་མ། དགའ་བྱེད་མ། །འདོད་མ། གཡོན་མ། ཕུལ་བྱུང་མ། །འདྲེན་པ་མོ་དང་། སྤྱན་མ་དང་། །ལུས་ལྡན་མ་དང་ལ་ལ་ན། །འཇིགས་མ། སྒོམ་མ། སྨད་ རྒྱས་མ། །རབ་མྱོས། མཛེས་མ། སྡུག་གུ་མ། །བཅུ་གཉིས་མ་སྟེ་འདི་རྣམས་སོ། །ཁྲོ་བྱེད་མ་དང་། འཇིགས་བྱེད་མ། །གཏུམ་མོ་དང་ནི། ཀྲོ་དྷ་ནཱ། ཞེས་པ་འདི་རྣམས་མཚུངས་པའོ། ༤ །མཆོག་དང་། རབ་སྐྱེས། གསལ་མ་དང་། །མཆོག་གི་ལྕུག་མ་མྱོས་ གསལ་མ། ༥ །རྣམ་མཁས་མ་དང་། ཚིགས་ལྡན་མ། ༢ །གཞོན་ནུ་མ་དང་ཏ་ལུ་ནི། །ཆགས་པའི་ན་ཚོད་ལྡན་མ་དང་། །ན་ཆུང་། ནོར་ལྡན། ཕྱོགས་བྱེད་མ། །འཐབ་མོ་ཅན་མ་རྣམས་ཡིན་ནོ། ༧ །དར་མ། གྲོང་འཛིན། མྱོས་མ་དང་། །གསལ་མ། དབང་བསྐུར། བྱས་བཙུན་མོ། །ལོངས་སྤྱོད་ཅན་མ་མི་བདག་མ། །ལུས་ལྡན་མ་དང་བདག་ལྡན་མ། །ལག་པ་འཛིན་དང་། གཉིས་པ་མོ། །ཆོས་བཅས་མ་དང་། ཆུང་མ་དང་། ཁྱིམ་ན་སྤྱོད་མ་ཀ་ལ་ཏྲཾ། །འཆིང་བྱེད། ཤིན་ཏུ་དམ་བྱེད་མ། །འཛིན་པ་མོ་དང་སྐྱེད་བྱེད་མ། །ཁུར་ལྡན་ མ་དང་། ལྷན་ཅིག་སྤྱོད། ༢༢ །གཉེན་བྱས། ཁྱིམ་གསར། བག་གསར་དང་། །དང་པོའི་རྡུལ་དང་ཁྱོ་འདམ་མ། །རང་གིས་འདམ་དང་ཁ་དུམ་དང་། །ས་རཱ་བནྣི། སུ་ཏ་དང་། །པཽ་ཏཱ་ཡུ་ཀ་སྤྱོད་བྱེད་མའོ། །རིགས་ཀྱི་མ་དང་། རིགས་སྐྱོང་མ། །བདག་པོ་གཅིག་ ལྡན། བདེན་ལྡན་མ། །ལེགས་སྤྱོད་བདག་པོའི་བརྟུལ་ཞུགས་མ། །ལེགས་མ་རྣམས་སོ་དེ་ནས་ནི། །མ་འོངས་རྡུལ་ལྡན་དཀར་གཅེར་མོ། ༣ །གཞོན་ནུ་མ་དང་། བུ་མོའི་ཚོགས། །ནག་དགའ་མ་དང་མཆོག་སྦྱིན་མ། །ན་བ་པ་ཏི་ཀཱ་རྣམས་སོ། །ཕོ་ཉ་ བཅས་མ་མཐོང་བཟློག་དང་། །རྡུལ་བཅས་མ་དང་། ཆར་ལྡན་མ། །རྡུལ་མཐོང་མ་དང་། བུ་མོ་དང་། །སྙིང་པོ་ཅན་དང་། བར་མ་ཅན། །གསར་བཀོད། གསར་པ་མཆོག་ཅན་དང་། །རྡུལ་གསར་གསེར་འདེབས་དང་མེ་ཏོག་གསར། །མེ་ཏོག་མཐོང་བར་ བར་མའོ། ༢༠ །ཅུང་ཟད་ལང་ཚོ་ལྡན་པ་ལ། །གནས་པ་ཕ་ཁྱིམ་ངེས་གནས་མ། །ཁྱིམ་པ་མོ་དང་། གྲོང་འཛིན་དང་། །བུ་བཟའ་ཅན་མ་སྐྱེད་མ་དང་། །དགའ་མ། བག་གསར། མནའ་མ་དང་། །སྙན་པའི་པི་ཝང་སྒྲ་སྒྲོགས་དང་། །ངེས་སྒྲོགས། དེ་ བདག་ས་གངྒ། །དཱ་བི་སྱཱ་ད་དང་པ་ར་ཏི། ༧ །གཡོ་མ། འཕྱོན་མ། རང་དབང་མ། །འཆིང་མ། བདེན་མ། ཕྱག་དར་མ། །མཚོན་བྱེད། རིགས་ཚོགས་དུམ་བུ་ཡི། །ངང་ཚུལ་མྱོས་པའི་ཕྲེང་ལྡན་མ། །དུབྱཤྩ་ངྒཱི་དང་། མཚོན་མ་དང་། །འཆིང་བ་སྦྱིན་ དང་ཆ་ཤས་བྱེད། ༡༡ །འདོད་མ། བྷོ་ཛ་ན། དྷ་ན་དིཥི་ཙྪཱ་བ་ས། བ་ཏཱི་ཀཱ། འདོད་ལྡན་མ། པྲི་ཥ་སྱཱ་ནྡཱི། ཏུ་ཀཱ་མི་ཐུ་ནེ་ཙྪཱ་ར་ཏྱམྦ་ཀཱི། ཀཱནྟྭ་ནྭི་ནཱི་ཏུ་ཡཱ་ཡཱ་ཏེ་སཾ་གེ་ཏཾ་སཱ་བྷི་སཱ་རི་ཀཱ། ༡ །བཱ་དྷཱི་ན་བྷརྟྲི་ཀཱ་སྱཏ། ཏྱཀྟྭ་ཉཾ། ཡདྤ་ཤཿསྲི་ཡ་ཡཱ་སུ་ཀལྤི་ཏི་ཏེལྤ་སྙི་སུནྡ་རཱི། པ་ས་བ་ཤྨཱ་ ནི་མ་ཏྲ་པ་ཀ་པཛྫ་བི་ཡས་མཱ་ག་མོ་ཏྲི་བི་པྲཱ་ལནྡྷཱ་ས་མ་ཡ་བྱཱཾ། དུ་ཏཱི་ཀཱ་པྲེ་ཥྱ་ཡཏྨ་ཏཿ བ་རཱེ་གཾ་ཀྲཱི་ཏ་སཾ། ཀེ་ཏོ་རེཿ ན་མཾ་ལ་ཏི་པྲི་ཡ། ༤ །ཡཱ་བ་དྷིརྨ་པྲི་ཡ་ཀོ་པཱ་ཏ་ཙཱ་ཊུ་ཀ་རཉྩ་ནིརྒ་ཏཱ་ཏཱི་སྱ་ཏ་༣ ནུ་ཤ་ཡེཿ པཉྩ་ཏྐ་ལ་ཧནྟ་རི་ཏཱ་ཧི་པཱ། ༥ །ཨུ་ཏ་ཀིཎྛ་ཏཱ་ཏུ་པཱ་ཡ་སྱཱ་བཱ་པ། བེ་ཤྨ་ནི་ཤཱ་ག་ཏཿ པྲི་ཡོ་ནཱ་ག་མ་ནེ་ཧེནྟུ་བིནྟུཾ། ཡནྟི་པ་མཱ་ཀུ་ལཾ། ༦ །ཀུ་ཏ་ཤྩི་ཏ་ཀཱར་ཎ་ཏ་ཡ་སྱཿ པྲི་ཡཽད་ཤཱནྟཾ་རཾ་ག་ཏ་ཀྲྀ་ཏྭ་བ་དྷཱི་ཊི་ནཾ་པཱརྟཱ་པྲོ་ཥཱི་ཏ་པྲེ་ཡ་པཱི་བེཏ། ༧།ཀུ་ཏཤྩ་ནྣ་ག་ཏི་ཀཱནྟེ་ཀུན་ཏུ་གདུང་མ་དུམ་བུ་མ། །མཛེས་མ་དགའ་མ་རྩོམ་བྱེད་མ། །རྣམ་པར་སྦྱངས་བྱས་མིག་མའོ། །དེ་ནི་དགའ་ མའི་གཞི་དང་ནི། །དགའ་བའི་ཕུར་བུ་ཞེས་པ་ཡང་། །བི་པྲྀ་ཀྟཱ་དང་སྐལ་ངན་མ། །བུ་བདུན་བཙས་བུ། བསྐ་རཱ། །བུད་མེད་གཅེར་མོ་གོས་མེ་མ། །མཐོང་ལྡན་མ་དང་བྱིས་པ་ཐོབ། །ལང་ཚོ་ཞགས་མ་ཐེག་བྲལ་མ། །དཔའ་མོ་མིན་དང་རྒྱུ་མཐུན་མ། །སོ་སོར་བདག་ མ་རྗེས་བཅས་མ། །བྱེད་པའི་གཞི་དང་རྣམ་སྟོན་མ། །ཡིད་ལྡན་དྲ་མ་ཅན་མའོ། །རང་དབང་མ་དང་གཞན་ཁྱིམ་གནས། །ལེགས་དབང་མ་དང་བཟོ་བྱེད་མ། །བུད་མེད་ཅེས་པའི་མཚན་ཉིད་མ། །པེ་ཊ་ཤ་དང་ཤྨ་ཤ་དང་། །འཚོ་ བྱེད་ལྡན་མ་ཐོས་མ་དང་། །མི་ཡི་ཕྲེང་ལྡན་མ་རྣམས་སོ། །མ་རུཎྜ་དང་དཔྲལ་བའོ། །ངུར་སྨྲིག་གོས་དང་ལྡན་པ་ཡི། །རྒན་མོ་ཀཱ་ཏྱཱ་ནཱི་ཡ་ནཱི། །རྒན་མོ་སྐྲ་དཀར་དགེ་མའོ། །རྒས་དང་འཁོགས་དང་རྒན་མོའོ། །བློན་པོ་རྒན་མིན་བཙུན་མོའོ། །ཕྲིན་སྐྱེལ་ ཕོ་བྲང་སྤྱོད་མའོ། །ཤེས་རབ་མ་དང་མཁས་མ་དང་། །ཤེས་ལྡན་མ་དང་བློ་ལྡན་མ། །དམངས་མོ་དམངས་རིགས་ཆུང་མ་ཡི། །དམངས་དང་དེ་ཡི་རིགས་ཀྱང་ངོ་། །དམངས་རིགས་ཆེན་མོ་ཨཱ་བྷཱི་རཱི། །རིགས་དང་སྐྱེས་པ་སྦྱོར་དག་མཚུངས། །སློབ་དཔོན་ ཆུང་མ་སློབ་དཔོན་མ། །སྐྱེས་སྦྱོར་ཤམ་ཤྲ་སོགས་ལྡན་པ། །འཕགས་མ་རྒྱལ་རིགས་མ་དང་ནི། །རྒྱལ་རིགས་ཆུང་མ་མཁན་པོ་མ། །མཁན་པོའི་ཆུང་མར་འགྱུར་བའོ། །རྗེ་མོ་རྗེ་རིགས་ཆུང་འཕགས་མ། །རྒྱལ་རིགས་བུ་མོ་རྒྱལ་རིགས་མ། །མཁན་པོའི་ཆུང་ མ་མཁན་མོ་སྟེ། །ཀློག་དང་ཁ་ཏོན་བྱེད་པར་འགྱུར། །སློབ་དཔོན་མ་ཉིད་འབའ་ཞིག་གོ། །དཔའ་བོའི་བདག་ལྡན་དཔའ་ཆུང་མ། །དཔའ་བོའི་མ་དང་དཔའ་སྐྱོང་མ། །སྐྱེ་དགུའི་བདག་མོ་སྐྱེ་དགུ་མ། །རབ་ཏུ་སྐྱེ་དང་རབ་སྐྱེ་མ། །ཟླ་མོ་གྲོགས་མོ་ན་མཉམ་མ། །ཕོ་ཉ་ མོ་དང་ཀུན་སྤྱོད་མཚུངས། །མོ་མ་མིག་མཐོང་ལྟ་ཤེས་དང་། །དེ་ནས་རྡུལ་དང་ལྡན་པ་དང་། །བུད་མེད་ཆོས་ལྡན་དུས་ལྡན་མ། །དྲི་མ་ལྡན་དང་མེ་ཏོག་ལྡན། །སྐྱེད་ནད་དང་ནི་ཁྲག་ལྡན་མ། །རྡུལ་དང་། མེ་ཏོག་ཟླ་མཚན་ནོ། ༣ །ཕྲུག་གུ་ཆགས་དང་མིག་བློ་མངས། ། རློག་མེད་མ་དང་ཟླ་མཚན་སངས། །མངལ་ཆགས་མ་དང་སྦྲུམ་མ་དང་། །བུ་ཆེ་མ་དང་ལུས་མི་བདེ། །ཚོགས་ཅན་མ་ཡི་ཚོགས་རྣམས་དང་། །སྦྲུམ་མ་གཞོན་ནུ་མ་རྣམས་ཚོགས། །ལན་བུ་ཅན་མ་རེ་དམའ་དང་། །ཚོང་ཁ་བུད་མེད་ཚོགས་ཅན་མ། །ཟུག་རྔུ་བྱེད་མ་ རྀཙྪ་ལཱ། །གཟུགས་ཀྱི་ཚོར་མ་མཛེས་མ་དང་། །འདོད་པས་བཙན་མ་ངན་རོལ་མ། །རྟགས་ཅན་རེ་མོས་སྨྲ་མ་དང་། །ཕྲ་མོ་མྱོས་པའི་སྦུབས་ཅན་མའོ། ༡༣ །གལ་ཏེ་དེ་བྱེད་སྐྱེ་བོ་ཡི། །ཚོགས་ཅན་རེ་དམའི་གཙོ་མོར་འགྱུར། །ལུས་བསྒྱུར་མ་དང་ལྕུག་ལྡན་མ། །བཀབ་ པའི་ཚོགས་ཅན་མ་ཞེས་ཀྱང་། །མཛའ་མཁན་མ་དང་སྦྱོར་བྱེད་མ། །ཁ་ལོ་མ་དང་དགའ་བྱེད་མ། །ལྟ་བ་མོ་དང་སྦྲང་རྩི་ལྡན། །སྐུལ་བྱེད་ཚོགས་ཅན་བྲན་མོ་ཡང་། །རབ་བསྲུངས་དང་། རབ་བྱེད། །ས་སྐྱོང་ཞལ་བ། སྤེད་བྱེད་པ། །ཡིད་གནས་ཁང་སྤྱོད་འབྲངས་ མོ་བྱེད། །ཚོགས་བྱེད་འཚོ་སྐྱེས་པོ་ཊཱའོ། ༥ །ཕྲིན་སྐྱེལ་དང་ནི་གྲོང་དུ་སྤྱོད། །ཉེ་གྲོང་འབངས་གཙོ། ཚ་བཅས་མ། །ངེས་སྦྱོར་སོ་རྩི་བྱེད་མ་དང་། །ཕ་རྒྱ་ཀ་དང་། ཀྟི་ཀཱའོ། །ཟུང་ཅན་མ་དང་། ཟུང་བུད་མེད། །རབ་འཕྲོག་ཐེག་པ་སྦྱོར་བྱེད་མ། །ཀིར་ཏི་དང་། བླ་མ་ དང་། །གཞོན་ནུ་རླུང་ཡབ་འཛིན་མའོ། །བུ་མོ་ཤིང་དང་སྙིང་པོའི་ཤིང་། །ཀུ་རུཎྜི་དང་། སྡོང་པོ་བསྟན། །ཆུ་སྐྱེས་སྔོ་དང་། འདོད་མ་དང་། །འདི་ཉིད་ཐལ་མ་བྱེད་མའོ། །ཤཱུརྨཱི་ལྕགས་ཀྱི་ཀ་བ་དང་། །གཟུགས་ཅན་འཕྲོག་བྱེད་གསེར་རང་བཞིན། །ལྔ་ལན་མ་ མ་དང་། བུ་མོ་དང་། །པོ་དང་གོས་ལ་སོགས་སྤྲུལ་མ། །གཉིས་གྲགས། སླར་བྱུང་དེ་དྷིཥུ། །དེ་ཡི་བདག་བོ་དྷི་དྀ་ཥུ། །གཉིས་སྐྱེས་བཅས་དང་བུ་བཟའ་མ། །དེ་ལ་དེ་མཆོག་དེ་དྷི་ཥུ། །གང་ལས་སླར་བྱུང་དེ་དག་གོ །འབངས་མོ་འབངས་ལས་འབངས་མེད་པ། ། གང་གི་སྦ་བྱ་བི་དྷའི་བུ། །བཻ་དྷ་བ་སྐྱེས་མ་མེད་སྐྱེས། །ཕྱི་མོ་མེད་དང་། བེ་མ་ཏྲ། །བསྐལ་བཟང་བུ་དང་བསྐལ་བཟང་སྐྱེས། །གཞན་གྱི་བུད་མེད་སྐྱེས་ནལ་ཕྲུག །གར་མཁན་བུ་དང་གར་མའི་བུ། །ཕ་ཡི་སྲིང་མོ་ལས་སྐྱེས་དང་། །ནེ་ནེ་ལས་སྐྱེས་རྣམས་ཡིན་ནོ། ། མ་ཡི་ནུ་མོ་ལས་སྐྱེས་དང་། །སྒྲ་གཉིས་བུ་མོ་འདོད་པའོ། །རིགས་འཆོལ་དང་ནི་བྱི་ཕྲུག་གོ །སློང་མོས་འཚོ་ཞིང་སྐྱེས་པ་ལ། །ད་ནི་ཀ་ལོ་ཊི་ན་ཡ། །རིགས་སྒྱུར་དང་ནི་བདག་སྐྱེས་སོ། །བུ་མོའི་བུ་དང་ཀ་པའི་ན། །པི་ཤུ་ཛ་ཞེས་བྱ་བའོ། །མ་གཉིས་བུ་དང་མ་ ཡང་བུ། །མ་མཆོག་བུ་རྣམས་མཚུངས་པའོ། །དྱ་མྲྀ་ཏ་དང་ཛཱ་ར་ཛ། །ཀུཎྜོ་མྲྀ་ཏ། གོ་ཙ་དང་། །གོ་ན་ཀ་དང་བདག་སྐྱེས་དང་། །ལུས་སྐྱེས་བུ་དང་གཉིས་པའོ། །ཀུན་འཛིན་བྱེད་རང་སྐྱེས་དང་། །བུ་སྨད་བུ་དང་། ལྟོ་བྱུང་། རྒྱུ། ། སྐྱེ་བྱེད་དང་ནི་དག་བྱེད་དོ། །མོ་ལ་བུ་མོ་སྨྲ་བ་སྟེ། །བདུན་འདིར་བདག་སྐྱེས་མ་ལ་སོགས། །བུ་མོ་བློ་ལྡན་བཙུན་མོ་དང་། །མཉམ་བྱེད་ལུས་ཀྱི་ཀུན་སྤྱོད་མ། །རང་སྐྱེས། ཞིང་སྐྱེས་བྲང་ལས་སྐྱེས། །བྲང་བྱུང་གནས་སྐྱེས་དབང་གཉིས་པས། །སྐྱེ་དགུ། བུ་རྒྱུད། རྒྱུད་སྐྱེས། བུ། །ཨུ་ཏ་ན་ཤ་ཡ། ཌིམྤྷ། །འོ་མའི་མགྲིན་བཅས་ནུ་མ་འཐུང་། །འཁྱུད་འཐུང་། ཁྱེའུ། བུ་བྱིས་པ། །ཕྲུག་གུ། གཞོན་ནུ། གསོ་བྱ་དང་། །སྨིན་རྒྱུ། འོ་འཐུང་། ཤཱ་བ་ཀ། ༡༤ །ཉལ་འཚོ། བུ་མོ། འོ་འཐུང་མ། །ལུས་ལ་འཐུང་མ་རྣམས་ཡིན་ནོ། ༤ །ཡབ་དང་། སྐྱེད་བྱེད། ཕ་དང་ ནི། །ཨ་ཕ་སྐྱེད་གོ །གསོབ་པོ། །སྐྱེད་པར་བྱེད་པ་པོ་རྣམས་སོ། ༧ །སྐྱེད་མ། མ་དང་། ཨ་མ་དང་། །འཛིན་མ། རབ་སྐྱེད། མཆོད་སྦྱིན་འདོན། །སྐྱེད་བྱེད། །སྐྱེད་མ། ཞིང་མ་དང་། །མངལ་འཛིན་མ་དང་བཅས་མའོ། ༡༡ །མ་གཞན་མ་མ་འཛིན་མ་དང་། ། ཉེ་བའི་མ་མ་ཞེས་པའོ། །སྲིང་མོ། སྭཱ་སཱ། བྷ་གི་ནཱི། །པྲ་ཛ་པ་ཏི། སྤུན་ཟླའི་ཆུང་། །བདག་པོའི་སྲིང་མོ་སྙིང་མོའོ། །ཆུང་མའི་སྤུན་ཟླ་སྐུད་པོ་དང་། །ཡཱ་ཏ་ར་ནི་ཚིག་མའོ། །བདག་མོའི་ཕ་མ་གྱོས་སྒྱུག་གོ། །དེ་དག་ལ་ནི་གྱོས་པོའོ། །བུ་མོའི་བདག་དང་མག ། པ་དང་། །བཱ་ར་ཀཱི་ར་ཤྱ་ལ་ཀ །ཤྱཱ་ལི་ཀཱ་དང་ཀེ་ནི་ཀུ། །ཀཱ་དེ་བྲི་དང་དེ་བ་ར། །ཆགས་རྩིབས་པྲ་རྒྱུ། དནྟྲ་ཛ། །ཏྲ་ཡ་ཞེས་པ་རྣམས་ཡིན་ནོ། །ཕ་ཡི་སྤུན་ཟླ། ཁུ་བོ་དང་། །མ་ཡི་སྤུན་ཟླ་ཞང་པོ་དང་། །བདག་ཅན་དང་ནི་མའི་སྐྲ་ཉེ། །དེ་ཡི་ཆུང་མ་ནེ་ནེ་མོ། ། སྲིང་མོའི་བུ་དང་། སྲིང་མོ་སྐྱེས། །ཚ་བོ་དང་ནི། སྤུན་ལས་སྐྱེས། །བུ་ཡི་བུ་དང་། བུ་མོའི་བུ། །བུ་དང་བུ་མོའི་བུ་རུ་འདོད། །དེ་དག་ཚ་བོ་ཡང་ཚའོ། །མ་ཡི་ཕ་དང་། ཕ་ཡི་མ། །དེ་དག་ཕྱི་མོ་ཡང་ཕྱི་སོགས། །སྐྱེད་བྱེད་དང་ནི་སྐྱེད་བྱེད་མ། །གྱོས་སྒྱུག་ དག་ནི། ཤྭ་ཤྲུར། །བུ་དང་བུ་མོ། བུ་ཏོའོ། །བུ་ཡི་བུ་ལ་སོགས་པ་ཡང་། །སྤུན་ཟླ་སྲིང་མོ་མིང་སྲིང་དག །ཁྱོ་ཤུག་བཟའ་མི་བཟའ་བོ་དག །ཕ་ཡི་ཕ་ནི་མེས་པོ་དང་། །དེ་ཡི་ཕ་ནི་ཡང་མེས་པོ། །མ་ཡི་མ་ནི་ཕྱི་མོ་སོགས། །ཕན་ཚུན་གསོ་དང་། རིགས་བརྒྱུད་དང་། ། སྐྱེ་གནས་མཚུངས་དང་མིང་སྲིང་དང་། །ལྷག་པའི་སྐྱེས་དང་ཚངས་པ་མཚུངས། །རང་ལས་ལེགས་སྐྱེས་བདག་ཉིད་ཤེས། །ཉེ་དུ་རྩ་ལག་འབྲེལ་པ་དང་། །རུས་བཅས། འགྲོ་བ། བགོ་སྐལ་སྤྱོད། །དྲི་བཅས་མྱུར་བ། སྣག་དང་བཅས། །གཉེན་དང་། དེ་དངོས་ཚོགས་པ་ དང་། །གཉེན་འབྲེལ། འཛིན་བྱེད། དགའ་བའི་བདག །གཙོ་བོ། སྦྱིན་བྱེད། འཚོ་དབང་ཕྱུག །སྙིང་དབང་། དགའ་བ། ལྕི་བ་དང་། །རྩེད་འཇོའི་རྟེན་དང་། དགའ་སྟོན་བདེ། །སྲོག་མགོན་སྙིང་ལ་ཕན་པ་དང་། །ང་རྒྱལ་དང་ནི། མངོན་འདོད་ཤིད། ། མཆོག་དང་། མཆོག་བྱེད་བཟའ་སྟོན་པ། །ཨ་བྷཱི་ཏ་དང་། ཨཱ་བྷཱི་ཀ་ཛི་ར། ཉེ་བདག །སྡིག་པའི་བདག །ངེས་འཛིན་གཙོ་བོ་སྔོན་སྐྱེས་དང་། །དཔལ་དང་། ཐུ་བོ། སྔོན་ལས་སྐྱེས། །དེ་ནས་རྗེས་སྐྱེས་ཀ་ནཱི་ཡང་། །མཐེའུ་ཆུང་དང་། ཡ་པཱི་ཡ། །ཕྱིས་ སྐྱེས་དང་ནི་རྗེས་སུ་སྐྱེས། །མངལ་གཟུགས་དང་ནི་ན་ཚོད་གནས། །གཞོན་ནུ། ཐོར་བུ། ལང་ཚོ་ཅན། །ལོ་ཡི་ཐེག་པ་བཅུ་པ་དང་། །ལང་ཚོ་ཉམས་དང་རྒས་འཁོགས་རྒན། །ལང་ཚོ་ཡོལ་དང་། གནས་བརྟན་རྒན། །བརྒྱ་པ་ཚེ་སོང་རྒས་ཆེན་པོ། །ཐུ་བོ། རྒན་ རིམ། རྒན་པོའི་ཚོགས། །སྨིན་དང་ན་ཚོད་ཡོལ་བ་དང་། །སྐྲ་ལ་སོགས་པ་དཀར་བའོ། །བྱིས་པ་བུ་ཚ། ཕྲུག་གུ་དང་། །དར་མ། ལང་ཚོ། ལྡན་པ་མཚུངས། །གནས་བརྟན་སངས་རྒྱས། ཆེས་རྒན་འཕེལ། །གསུམ་པའི་རང་བཞིན་ཟ་མ་དང་། །མ་ནིང་དང་ ནི་ཕོ་མ་ནིང་། །ཉམས་པ་དང་ནི། ཉུག་རུམ་མོ། །མཚན་གཉིས་པ་དང་། བོ་ཊཱ་དང་། །གསུམ་པའི་རང་བཞིན་དེ་གཞོན་ནུ། །རྒྱན་གྱུར་བྱིས་པའི་ཟླ་བ་དང་། །མངལ་ལྡན་དང་ནི། ཤྱ་རེ་ཎ། །མངལ་གྱི་བརྒྱད་པ་ལྷའི་ཟླ་བ། །འགྲོ་བྱེད་དང་ནི་འོ་མ་སྨིན། །གནས་དང་ སྐྱེས་པའི་ཚལ་དང་ནི། །སྐྱེས་པའི་གནས་ཞེས་བྱ་བ་ཡང་། །མཚམས་མཐའ་འདྲེན་བྱེད་སྙིང་པོའི་གནས། །སྙིང་པོ་ཅན་དང་ལྡན་པའོ། །རྩ་བའི་ཟླ་བ་གཞན་སྐྱེད་དོ། །མངལ་དང་རུམ་སྟེ་འདི་དག་མཚུངས། །མངལ་དང་། བུ་རོགས་ ཕྲུ་མ་དང་། ཨུ་ལླེ་དང་ནི་ཀ་ལ་ལཾ། །འཆི་མེད། ལྟེ་བ་དང་ནི། རྒྱུན། ཙ་ལུ་བྱིས་པ་སྨྲ་བའོ། །སྐྱེས་བུ་ངན་དང་། སྐྱེས་བུ་སྨད། །དེ་ལ་བྲམ་ཟེའི་ཁྱེའུ་ཡང་། སྐྲ་བཅས། སྐྲ་ལྡན། སྐྲ་ཅན་དང་། །ས་ཡོད། སྐྲ་ལྡན་ས་ལའོ། ༥ ། ། ཞི་བ། པིཥྚ། ཁལ་ཏྭཱི། ཁནྟྲི་ཊ་དང་། ཁ་ལླིའོ། །དབང་པོ། ལུཏྟ་ལྡན་པ་ལ། །ཨནྟྲ་ལུཔྟ་ཀ་ཞེས་འདི། །ཨུ་ལ་ལ་ནི། ལོ་མ་ས། །པྲྀཥྞ་ར་ལེ་ལུས་ཅན་ལ། །ཤ་མེད། ཉམ་ཆུང་རིད་པ་དང་། །སྟོབས་མེད་ཅེས་པའོ་བཟོད་ལྡན་དང་། །སྟོབས་ལྡན། སྟོབས་བཅས། ཤ་རྒྱས་དང་། །ཕུལ་བྱུང་སྟོབས་ཅན་ཞེས་པའོ། །གསུས་པོ་ཆེ་དང་། ལྟོ་འཕྱང་དང་། །ལྟོ་ལྡིར། སྐེད་སྦོམ། གསུས་རྫིང་ཅན། །སྣ་ཉེག་པ་དང་། སྣ་ལེབ་དང་། །ཉེག་པོ་དང་ནི། སྣ་གོང་མེད། །སྣ་སྙུང་དང་ནི་སྣ་རིངས་སོ། ། སྣ་བཅད་པ་དང་། སྣ་བྲེགས་པ། །རྨིག་པའི་སྣ་ཅན། རྨིག་སྣའོ། །སྣ་མཐོ་དང་ནི། སྣ་སྒུར་རོ། །ཡན་ལག་མ་ཚང་། ཡན་ལག་ཉམས། །སྒུར་པོ་དང་ནི། ལག་པ་འཇས། །གྱོལ་པོ་དང་ནི། འཁྱོག་འགྲོས་ཅན། །བྱ་འགྲོས་བྱེད་དང་། སྦུ་པོ་དང་། ། སྐྲ་མེད་དང་ནི། མགོ་ཟླུམ་མོ། །སྒུར་འཁྱོག །ནད་ཅན། དགྱེ་དགུ་ཅན། །ཡས་འཇོག་ཅན་དང་སྟེང་པུས་མོ། །སྒྱིད་འཁྲིས་དང་ནི་པུས་མོ་འབྱར། །གོམ་རླབས་ཅན་དང་རབ་འགྲོ་བུས། །དཀར་དང་སྐྲ་ཅན་ལུས་ཅན་ནོ། །ནད་གཅོང་མེད་དང་ནད་བུ་མེད། །གསོ་ དཔྱད་སྨན་གྱི་བྱ་བ་དང་། །རྩི་དང་། སྨན་དང་། གསོ་བྱེད་དང་། །ནད་སེལ་དང་ནི། འཚོ་བྱེད་དོ། །ན་དང་། ཁམས་མི་བདེ་བ་དང་། །ཉམས་མི་བདེ་དང་། ཚ་བ་དང་། །ན་ཚ་དང་ནི་མནར་བའོ། །ཆ་མེད། ནད་དང་། ཀུན་ཏུ་ཟུག །ཀུན་ཁྱབ་དང་ནི། ཉེ་བར་ གདུང་། །ཛ་ཀྵ་ཟད་བྱེད། སྐོམ་ནད་དང་། །དབུགས་མི་བདེ་དང་སྦྲིད་པ་དང་། །སྦྲིད་ནད། སྐྱིགས་བུ་ལུད་པ་དང་། །གློ་དང་། སྐྲངས་འབུར། རྣག་འབུར་དང་། །སྐྲངས་པ་ཞེས་པ་རྣམས་ཡིན་ནོ། །ཤ་བཀྲ། ནག་པོ། ཤ་མཚན་ཅན། །སྨེ་བ་དང་ནི། ནག་ཐིག་ གོ། །ཟ་འཕྲུག །ཟ་བྱེད། པྲ་ཏ་ཏི། །རཱ་ཀཱ། གླང་ཤུ། ཁྱི་རྔོ་དང་། །པགས་པའི་མེ་ཏོག། པགས་རྡུལ་དང་། །གཡན་པ་དང་ནི། རྐང་ཤུ་དང་། །རྐང་པ། རྐང་པའི་གྲོག་མཁར་དང་། རྐོ་བྱེད། རྐང་པའི་གཎྜི་ཏ། །ཟ་ཚེག །བེམ་ཚེག །གཡའ་བ་དང་། །རྔོ་ཤུ། གཡའ་འཕྲུག །ཕོལ་མིག་དང་། །འབྲུམ་ཕྲན། རྣམ་ཕྱེ། སོ་སོར་འཕྱེ། །རྨ་དང་། རྨས་དང་མ་ཏུ་དང་། །པགས་པ་ཚ་བ་ཀི་ཎའོ། །ཕྲ་མོའི་རྨ་དང་། རྩ་ཡི་རྨ། །རྟག་ཏུ་འཛག་པའི་རྨ་དང་ནི། །དབང་པོ་འཛག་དང་། སྐྲ་འཇོམས་དང་། །ཀྭོ་པི་ཐ་དང་། རྟག་ཏུའོ། །རྒྱབ་གཞུངས་ དང་ནི་གརྒ་དང་། །བཤང་བའི་ཕུགས་བུ་ཅན་རྣམས་སོ། །ཨ་ཤྲ། མིང་ངན་ཅན་དང་ནི། །མཚུངས་པའི་སྐྱེ་གནས། གཞང་རྩའི་མིང་། །ཆུ་འགགས་པ་དང་། ཆུ་བསྡམས་དང་། །ཟས་རློན་དོང་ཁར་མི་འོང་ནི། །ཚང་འཁྲུ་དང་ནི། ཚང་ནད་དང་། །རྗེས་ སུ་དྲི་ལྡན་ལྟོ་བའི་ནད། །ལུས་ཀྱི་རྨ་ལ་འབྲོག་མཁར་ཅན། །མ་རུ་རི་ཀཱ་སྡིག་པའི་ནད། །རཀྟ་བ་ཌི་འདི་ལ་ནི། །རྐང་འབྲས་དང་ནི་ཕོལ་མིག་གོ །པདྨ་ཅན་དང་། ཚེར་མ་ཅན། །གཡའ་བ། སྐྱ་སྦབ། དཀྱིལ་འཁོར་ཅན། །རྒྱུ་མ་ནོར་ཅན། རླུང་འབྲས་དང་། ། འཁྲོགས་པ། པ་ལ་ལཱ་ཤ་ཡ། མཁྲིས་པ་པ་ལ། རིམས། མཱ་ཡུ། །མི་སྐྱོང་བ་དང་། མི་འཐོར་ཅན། །ཀ་ཕ། སིདྷ། གུག་པ་དང་། །བད་ཀན་སྟོབས་དང་། སྣུམ་པ་ཡི། །སྐྱེ་གནས་ཅན་དང་། མཆིལ་མའོ། །སྐྱུགས་པ། ཟས་ལྡོག། སྐྱུག་ནད་དང་། ། སྐྱུག་བྱེད། འདོར་བྱེད། རྩ་ནས་འབྱིན། །མངོན་པར་བསྲུབ་དང་། ལྟ་བ་དང་། །སྐྱེད་དང་འཛིན་དང་། ཕྱི་མོ་དང་། །ཡུ་བ་གཎྜ། པ་རཎྜ། །ཀུ་རཎྜ་དང་འཕེལ་པ་དང་། །གརྦཎྜ་དང་ལྟེ་བ་དང་། །གུ་ཌ་ཀ་དང་། མཆུ་ལྟེ་མཐོ། །ཤུ་བའི་ནད་དང་། དཀྱིལ་འཁོར་ཅན། །མཛེ་ནད་ཤ་ བཀྲ། སྐྱ་བོའོ། །ནད་དབྱེ། དྲི་ཆུ་བསྡམས་པ་དང་། རྡེའུ་ནད་དང་ནི། བི་དྲ་བྷི། །ཟུག་དང་། གསུས་རྫིང་། དམུ་ཆུ་དང་། །ཆུ་སྲི། མཚན་པར་རྡོལ་བའོ། །ནད་འཇོམས། ནད་སེལ། སྨན་པ་དང་། །འཚོ་བྱེད་དང་ནི། གསོ་དཔྱད་ མཁན། །སྐྱོན་ཤེས། ཚེ་ཡི་རིག་བྱེད་པའོ། ༧ །ནད་སོས་པ་དང་ནད་ཀྱིས་བཏང་། །ནད་ལས་དེ་མ་ཐག་མགོ་ཟུག །གཏམ་དང་། ནད་མེད་ཀ་ལྱའོ། །རྣམ་འགྱུར་མེད་པར་དེ་བརྗོད་དོ། །ནད་ཀྱིས་བཏབ་དང་མི་གསལ་དང་། །རང་སྣང་མི་སྡུག །མཐུ་དྲུག་དང་། ། བྲོ་འཚལ་བ་དང་། གདུང་བས་གཟིར། །ནད་ཅན་ནད་པ། ཡུན་རིང་ན། །རྔོ་ཅན་དང་ནི་གླང་ཤུ་དང་། །རླུང་ནད་ཅན་དང་། རླུང་ཅན་དང་། །མེ་དཔལ་དང་ནི་སྨྱ་ཤུ་མཚུངས། །འཁྲུ་སྐྱུགས་དང་ནི། རྒྱུ་གཟེར་རོ། །ཤ་བཀྲ་དང་ནི། མེ་དཔལ་དང་། །འབྲུམ་ནད། ཡུ་ ཏོ། །གཞང་འབྲུམ་མོ། །མིག་ཚག །ཚག་པོ། མིག་ནད་ཅན། །པི་ལླཱ་ཀླིནྣེ་མིག་ཚག་པོ། །འོན་པ་རྣ་བ་མི་གསང་དང་། །ལུག་ལྟར་ལྐུགས་དང་ངག་ཐོས་མིན། །དེར་ནི་ལུག་འདྲིའི་ལྐུགས་པ་དང་། །བེམས་པོ་ལྟར་ལྐུགས་ངག་མི་བརྟན། །ཚིག་ཉམས་ངག་གིས་ དབུལ་བ་དང་། །ཚིག་མི་གསལ་བ་དང་། སེམས་བེམས་པོ། །མིག་གཅིག་ཞར་བ་མིག་བཟང་དང་། །ལོང་བ། མཐོང་བྲལ། ཆུ་སེར་དང་། །བད་ཀན། །བད་ནད། ཀ་ཕཱི་ལོ། །ལྟེ་ཆེན། ལྟེ་འབུར། ལྟེ་བ་མཐོ། །རྨོངས་དང་། བརྒྱལ་དང་། དྲན་ཉམས་སོ། ། མྱོས་ལྡན་སྨྱོ་དང་། སྨྱོན་པའོ། །རྩ་དང་འབབ་ལྡན་ཞེས་པའོ། །ཤིག་འཛིན་དང་ནི། ཤིག་ལྡན་དང་། །གོང་བུ་འཛིན་དང་། བྱིན་པ་སྦོམ། །གསུས་ཅན་དང་ནི། ཆུ་ལྟོ་ཅན། །བུམ་པ་འཛིན་དང་། བུམ་པ་ཅན། །སྨན་པའི་མཚམས་ཞེས་བྱ་བ་རྣམས། །ཁུ་བ་ ས་བོན་སྟོབས་བརྩོན་འགྲུས། །ཐིག་ལེ་གཟི་བརྗིད་དབང་པོར་འགྲོ། ༧ །ཤ་དང་པ་ལམ་པ་ལ་ལམ། །བི་ཤི་ཏམ་དང་། ཏ་ར་སམ། །ཨཱ་མི་ཥ་མ་དང་། །ཨུ་ཥ་ས་མོ། །ཛ་གྲ་ལམ་དང་། ཀྲ་བྱ་དང་། །ཛ་ཏུ་ཐམ་དང་། ཙཱ་ར་ཊཾ། ༡༡ །ཤ་ཀམ་དང་ནི། བལླུ་ར། །ཤིན་ཏུ་བསྐམས་ པ་ཞེས་བྱའོ། །དུག་གིས་བཏབ་པའི་མཚོན་ཆ་ཡིས། །བསད་པའི་ཕྱུགས་ཤ་གྲྀ་ཉྩ་ནམ། །ཁྲག་དང་། དམར་པོ་རཀྟ་དང་། །རྣ་སྐྱེས་ཤོ་ཎི་རྔ་འདོར་བྱེད། །མི་ལྟུང་རང་སྐྱེས། ཤའི་འགྱུར་བ། །ལུས་སྐྱེས་ཤ་ཡི་ཁུ་བ་བཅུད། ༡༢ །སྙིང་ཤ །ཤ་མཆོག །སྙིང་པོ། སྙིང་། ། ཚིལ་དང་། ཞག་དང་། སྣུམ་བག་གོ །མདངས་དང་། རྐང་མར། ཁུ་བ་བྱེ། །མགྲིན་པའི་ཕྱི་རྩ། ལྟག་ཆུ་བ། །འབབ་ལྡན་རྩ་དང་། ནཱ་ཌིའོ། །ཐོད་པ། བདེ་མཆོག །བདེ་སྐྱོང་ངོ་། །པགས་པ་དང་ནི་ཁྲག་འཛིན་དག །ཀླད་པ་དང་ནི། ཀླད་རྒྱས་སོ། །བྷོ་ ཏྲཾ། ཀ་ལིཎྜ་ཀའོ། །མཚོར་པ། ཡཱ་ཀྲྀཏ། ཀཱ་ལེ་ཡམ། །མཆིན་པ་དང་ནི། སླཱི་ཧཾ། ཏི་ལ་ཀཾ་དང་། ཀློ་མ་དང་། གརྦྷ་ཊ་དང་། ཏཪྵ་བྷཱུ། །ཀཱཎྜ་རཱ་དང་ཆུ་རྒྱུས་ཆེ། །རྒྱུས་པ། ཆུ་བ། ཆུ་རྒྱུས་སོ། །རྒྱུ་མ་དང་ནི། གང་བ་ཅན། །མཆིལ་མ། ཁ་ཆུ་འཛག་པའོ། ། དྲི་མ། འདབ་མ། ཀི་ཊཾའོ། ༣ །རྣ་བའི་དྲི་མ་རྣ་སྤབས་སོ། །སྣབས་དང་སྣ་ཡི་དྲི་མའོ། །པི་སྤི་ཀཱ་དང་། སོ་སྐྱེས་དྲི། །ལྕེ་ཡི་དྲི་མ། ཧུ་ལུ་ཀཾ། །གཅི་པ། རབ་འཛག། ཨུཙྪཱ་རཱི། །མ་ལཾ་ས་ཀྲྀ་ཏ། བསྐ་རཽ། ༦ །བཤང་བ། འབབ་ལྡན། ཁྱབ་ལྡན་དང་། །དྲི་མ། ཕྱི་ས། བརྩ་སྐ། །བིཥྱ། བི་ཥ། བརྩའོ། ༩ །རུས་པའི་ཁམས་ནི་ནཱ་རུཎྜ། །ཀུ་ལྱཾ་དང་ནི་ཀཱི་ཀ་ཤཾ། །ལུས་རུས། ཀེང་རུས། རུས་པའི་གཟེབས། །ཡལ་གའི་རུས་པ་ན་ལ་ཀཾ །རྒྱབ་རུས་ཀ་ཤེ་རུ་ཀའོ། །མགོ་བོའི་རུས་པ་ཀོ་རོ་ཊི། །རྩིབ་མའི་རུས་པ་པཱ་ཪྴུ་ཀཱ། །ལུས་དང་ ཁོག་པ་པེ་རཾ་དང་། །བཪྵྨ། དེ་ཧ། ཤ་རཱི་རཾ། །པིཎྜ། ཀཱ་ཡ། བི་གྲ་ཧ། །མཱུརྟི། ཏ་ནུ། ཏནཱུ་དང་། །ཕུང་པོ། ཞིང་དང་། བཉྫ་ར། །སཾ་ཧ་ན་ན། གང་དག་དང་། །བ་སུ། ཤསྟཾ། པ་རཾ་དང་། །དབང་པོའི་སྐྱེ་མཆེད་ཨངྒཾ་དང་། །མཱུརྟི་ཞེས་པ་རྣམས་སུ་འགྱུར། ༢༢ །ཡན་ ལག །པྲ་ཏི་ཀ་དང་ནི། །ཨ་ཝ་ཡ་བ། ཀོ་མ་ལཾ། །ཨངྒ་མངྒཾ། ཕྱོགས་གཅིག་དང་། །ཨ་ཡ་གྷ་ན་ཞེས་པ་རྣམས། ༧ །རྐང་པ། རྒྱུ་བྱེད། པདཾ། པད། །ཨཾ་གྷི་དང་ནི་ཀྲ་མ་ཎ། ༦ །རྐང་རྩེ་དང་ནི་པྲ་བ་དཾ། ༢ །རྐང་མདུད། གྷཱུ་ཊི་ཀ ། གུམྦ། །རྟིང་པ། ཕྱི་དང་། གོཌ་རི། ། རྐང་པའི་རྩ་བ་ཞེས་པའོ། ༧ །བྱིན་པ་དང་ནི། ཕྲ་པྲི་ཏ། །བཥྛཱི། བ་དཥྛཱི་བཱན་དང་། །པུས་མོའི་ཉེ་བའི་ཚིགས་ཅན་ནོ། །བརླ་དང་། པ་ཀྠིའོ་དེའི་མཚམས་ནི། །པཾ་ཀྵ་ཎ་དང་པཱ་སུ་རཾ། བཤང་ལམ། འོག་སྒོ། ཐུར་ལམ། རྐུབ། །ཏ་ནཱུ། ཧྲ་དང་། འོག་ལམ་དང་། །བཤང་སྒོ། དྲྀ་ཏི། པཎཱིའོ། ༩ །ལྟེ་འོག །མདོམས་དང་། སྐེད་པ་དང་། །ཤྲོ་ཎི་ཀ་ཀུརྨ་ཏིའོའི། །རྐེད་པ་དང་། ༣ །རྐེད་པ་སྐ་རགས་ཡུལ་དང་ནི། །སྐ་རགས་འབྲས་ཅན། ཀ་རི་ཧཾ། །གསེར་ཅན་གནས་དང་འཆིང་བ་དང་། །ཀ་ཊཱི། པྲོ་ཐ། སྥི་ཊའོ། །བུད་མེད་ རྣམས་ཀྱི་འཕོངས་ཀྱི་ནི། །ཕྱི་མའི་ཆ་ནི་ནི་ཏམྦ། །མདུན་ཆ་ཛ་གྷ་ན་ཞེས་དང་། །རྒྱབ་ཀྱི་གཞུང་རྟེན་དྲི་ཀཾའོ། །དེའི་སྒོ། བྷ་ག་སྐྱེས་གནས་དང་། །མསྟ་ཀའོ། །རྐུབ་ཙོས་དང་། །ནི་ཏམྦ་སྠོ། །ཀུན་ཏུ་རེག །ལྟེ་འོག །ཀཱུ་བི་ཏུཎྜི་དང་། །ཏུནྡི་རྒ་རུ། སྐྱེ་བའི་གནས། ། གཉིས་དགའ་ཁྱིམ་དང་བྷ་ག་དང་། །མྱོས་བྱེད་དང་ནི་མནྡི་ར། །བྱེད་པའི་ཡན་ལག་ཆུ་མ་དང་། །གསང་བ་འཁོར་བའི་ལམ་མི་བཟད། །འོག་སྒོ་ཉེར་གནས་མོའི་རང་བཞིན། །མཚམས་མིན། རྟེན་དང་། བརྗོད་བྱའི་ཕྱོགས། །དེ་བཞིན་དྲན་པའི་ཁྲོན་པ་དང་། །སྐྱེ་ འཛིན་དགའ་བའི་བུ་ག་དང་། །མེ་ཏོག་ལམ་དང་སྲིད་པ་བྱེད། །བུ་གནས་གྲོང་དང་རྨོངས་པ་དང་། །རྨོངས་བྱེད་དང་ནི། མྱོས་བྱེད་དོ། ༢༢ །རྟགས་དང་། མེ་དྷ། མེ་ཧ་ན། །ཉེར་གནས། ཤེ་བ་སྒྲུབ་མེད་དང་། །ཉལ་བྱེད། བདེ་བྱེད། གཏུན་ཤིང་དང་། །མྱོས་བྱེད། ལྕགས་ཀྱུ། ཧངྒུ་ལཾ། །དྲན་པའི་ཀ་བ། མྱོས་འཁྲི་ཤིང་། །མཚན་དང་། ཆགས་འཁྲི། རྒྱལ་མཚན་ནོ། ༣༥ །སྒྲོ་བ། སྒོང་། མཛོད་དང་སྦུབས། །འབྲས་བུའི་མཛོད་དང་། ལྟེ་བ་དང་། །གསུས་པ། ཛ་ཋ་ར་དང་ནི། །དཀུ་དང་། ཏུནྡ་ཞེས་བྱའོ། །བྲང་སྐྱེས། ནུ་མ། འོ་མ་འཛིན། །ཀུ་ཙམ། ལོགས་སྐྱེས། ལང་ཚོའི་མཚན། །ནུ་སོར། ནུ་ཏོག །སྔོན་ཉིད་དང་། །རྒྱབ་དང་ལུས་ཀྱི་ཕྱི་མའོ། ༤ །འབྱར་དང་། ཀུན་ཏུ་འབྱར་བ་དང་། །དབུས་མ་དང་ནི། བར་མའོ། །བྲང་དང་། ནམ་ཚོམས། བྱང་ཁོག་སྟོད། །ཀོ་ཌི་ཀོ་ཌཱ་ལག་པའི་ བར། །སྙིང་ག །འཚོ་བའི་གནས་དང་གནད། །ཕྲག་པ། ལག་པ། མགོ་བོའི་ཆ། །དེ་ཡི་མཚམས་ནི་ཛ་ཏྲུ་ཎཱི། །ལག་པའི་རྩ་བ་གཉིས་མཆན་གུང་། །དེ་དག་འོག་ནི་རྩིབ་མའོ། །སྤྱོད་བྱེད། འབབ་བྱེད། འཇུག་བྱེད། ལག། གྲུ་མོ། བར་ཚིགས། ཀ་ཕ་ཎི། ། གྲུ་མོའི་སྟེང་ནི་བར་ལྷུ་དང་། །གྲུ་མོའི་འོག་ནི་ལག་ངར་དང་། །ཀི་ལཱ་ཊཱི་ཞེས་བྱ་བའོ། །ལག་པའི་རྩ་བ་ནོར་བུ་འཆིད། །ལག་པའི་མཇུག་ནི་ཀརླུ་ཥེ། །ལག་པ་ཐ་སྙད་བྱེད་པ་དང་། །ཡལ་ག །ལྔ་པ། སུག་པ་དང་། །གླང་སྣ་འདྲ་དང་། དཔུང་པའི་འདབ། ༦ །འཁྲིག་ མ་ལག་པའི་མཐེ་ཆུང་བར། །ཀ་ར་བྷོ་དང་ལག་གཞག་གོ། །སོར་མོ་ལག་པའི་ཡལ་ག་སྟེ། །མཐེ་བོང་སོར་མོའི་ཐུ་བོའོ། །རབ་ཏུ་སྟོན་བྱེད་མཛུབ་མོའོ། །གུང་མོ་དང་ནི། སྟེ་བ་ཅན། །མཐེའུ་ཆུང་དང་། ཐ་ཆུང་ངོ་། །ལྷག་མ་མིང་གྲེད་དུ་བཤད་དོ། །སེན་ མོ། སླར་སྐྱེ། སྡེར་མོ་དང་། །མྱོས་བྱེད། ལྕགས་ཀྱུ། ལག་པའི་དཔའ། །ལག་འཁྲུངས། ལག་སྐྱེས། ལག་པའི་ཚིགས། །ཁ་རུ། ཨི་ལ། ལག་པའི་མདའ། །སྤྱོད་བྱེད་ཚེར་མ་ཀ་ར་ཊ། ༡༢ །སྟོན་བྱེད་མཐོ་དང་། བ་ལང་སྣ། །མཛུབ་མོ་ལ་སོགས་རྣམ་ པའོ། །མཐེ་བོང་། མཐེ་ཆུང་། མཐོ་ལ་ནི། །སོར་མོ་བཅུ་གཉིས་ཞེས་བྱའོ། །ཐལ་མོ། ཐལ་ལྕག །པྲ་ཏི་ལ། །ལག་མཐིལ་སོར་མོ་བརྐྱང་པའོ། །སཾ་ཧ་ཏ་ལ་གཉིས་ཚོགས་སོ། །པྲ་ཏ་ལ་ནི་གཡས་དང་གཡོན། །ལག་པ་ཅུང་ཐད་སྐུམ་ཁྱོར་བ། །དེ་དག་ སྦྱར་བ་སྙིམ་པའོ། །ལག་དར་རྒྱངས་པ་ཁྲུ་ཞེས་བྱ། །ཁུ་ཚུར་བཅངས་པ་བཅག་ཁྲུའོ། །ཨ་ར་ལ་ནི་མཐེ་ཆུང་རྒྱངས། །དེ་ཡི་ཁྲ་བོ་ཁུ་ཚུར་བཅངས། །འདོམ་ནི་དཔུང་པ་ལག་པར་བཅས། །དེ་དག་འཕྲེད་ལ་གྱེས་པའོ། །སྟེང་དུ་ལག་པ་བརྐྱངས་པ་ནི། །མི་ཡི་ཚད་དང་སྐྱེས་བུས་ སོ། །བྱཱ་ཡཱག་དང་བི་ཡཱ་མ། །ལག་པ་གཞུ་དང་ལུས་ཀྱི་འདོམ། །ཨོལ་མདུད་བ་དང་མགྲིན་པའོ། །སྐྱེ་དང་། མགོ་སྟེ། མགོ་འཛིན་དང་། །མགོ་རྟེན་དུང་མགྲིན་རི་མོ་གསུམ། །ཀཱ་ཀ་ལཾ་དང་མགྲིན་ནོར་བུ། །བུམ་པ་འདྲ་ཞེས་བྱ་བའོ། །ལྟག་པ་དང་ནི་ལྟག་ཆུ་བ། །ཁ་དང་ གདོང་དང་། སྨྲ་བྱེད་དང་། །མཆུ་དང་། ཞལ་དང་། ངག་འདོན་སྒོ། །སྣོམ་བྱེད། དྲི་འབབ། སྣ་བུག །སྣ། །གྷོཎཱ་དང་ནི་ནཱ་སི་ཀ །ནཱ་སི་ཀྱི་དང་། ཤིལྦི་ནི། །ན་སྱཱ། ནི་ཀྲཾ། གནྡྷ་ནཱ་སི་ཀཱ། ༡༡ །ཡ་མཆུ། མ་མཆུ། སོ་སྒྲིབ་ དང་། སོ་ཡི་གོས་དང་། སོ་འཆིང་དང་། །བཅུད་མྱང་། ངག་འདབ། སོ་འཛིན་ནོ། །དེ་ཡི་འོག་ཏུ་ཀོ་སྐོ་དང་། །ཙ་ཙཱུ་ཀ་མ་དང་། འདོད་བྱེད་དང་། །སོ་དང་། གཅོད་བྱེད། རྐན། ཐག་འགྲམ། །སེན་མོ། རྨིག་པ། རྣོན་པོ་དང་། །མཆེ་ག་འདོང་བྱེད། གཉིས་སྐྱེས་སོ། ༡༡ ། གརྒོ། མཁུར་ཚོས། ཀ་པོ་ལ། །དེ་ཡི་ཕ་རོལ་ཟ་འགྲམ་པ། །ལྕེ་དང་། བདུད་རྩི་འཛག་པ་དང་། །རོ་ཤེས། རོ་མྱང་། ལྕེ་རོ་ལྡན། །བཅུད་ཀྱི་མ་དང་། རོ་མ་དང་། །ཏ་ལ་ན་ན། ཀོ་ཀུའོ། །མཆུ་ཡི་མཐའ་མ། བ་ཡི་གྲུ། །ཁ་དང་བདུད་རྩིའི་རྟེན། །སྦྲང་རྩི། །རྐན་ དང་། ཀཱ་ཀུ་དེ་དག་གོ །ཀུ་རྩྩ་སྨིན་མའི་དབུས་ཡིན་ཏེ། །མིག་གི་སྟེང་ནི་སྨིན་མའོ། །ལྟ་བྱེད། འདྲེན་བྱེད། མིག་དང་། སྤྱན། །ཙཀྵུ་དང་ནི། དབང་པོ་དང་། །ཏྲྀ་ག་དང་། ལྟ་སྟངས། ལྷའི་སྒྲོན་མ། །ལྟ་བ་གསལ་བ། ཨམྦ་ཀཾ། ༡༢ །མཆི་མ། མིག་ཆུ། རླངས་པ། གཡོས། །གཤེར་དང་། འཛག་དང་། དུས་ལས་བྱུང་། །རྫི་མའི་མིག་གི་ནོར་བུའི་ཁྱིམ། །ཨ་པཱངྒ་ནི་མིག་གི་མཐའ། །མིག་གི་འབྲས་བུ། མཐོང་བ་མིག །མིག་གི་མཐའ་ཡི་ལྟ་བ་ལ། །མིག་ངན། ཟུར་མིག་ཕྱེད་བལྟས་སོ། །རྣ་བ། སྒྲ་འཛིན། སྒྲ་ཡི་གནས། ། ཐོས་བྱེད། ཉན་བྱེད། ཐོས་པ་དང་། །ཤྲོ་ཏྲཾ་ཤྲོཏ་ཞེས་པའོ། །དཔྲལ་བ་རྒྱན་ཅན་བྷཱ་ལ་དང་། །མིག་འཛིན་ཡན་ལག་མཆོག་དང་ཀཾ། །མགོ་དང་། སྤྱི་བོ། ཀླད་པ་ཅན། །མུཎྜ། ཤིཪྵ། མི་ཟད་བདེ། །སྐྲ་དང་། འཁྱིལ་བ། སླར་སྐྱེ་དང་། །ཀ་ཙ། མགོ་ཉལ། མགོ་སྐྱེས་དང་། །འདོར་བྱེད་དང་ནི་སྤྱི་བོ་སྐྱེས། །ཏ་ཤྱཱ། སྐྲ་ཅན། སྐྲ་ཚོགས་ཅན། །སྐྲ་ཚུགས། སྐྲ་བ་རེ། །སྐྲ་ཡི་སྙིང་པོ་ཅན་དང་ནི། །རལ་ཅན། སྐྲ་དཀྲིས་མེ་ཏོག་བཅིངས། །ཡང་དག་སྡོམ་པའི་སྐྲ་དང་ནི། །ཀུ་ར་ལ་དང་། ལྷ་སམ་ཅན། །སྐྲ་འཁྱོགས་ ལེ་ཁརྦ་དང་། འཁུམས། །ཐོར་ཚུགས་སྐྲ་ཞགས། ཀ་ཊིར། །བརྟུལ་ཞུགས་རལ་པ་ཛྷ་ཊའོ། །སྐྲ་ཡི་བར་གནས་དང་བྱཾ། །རྒྱན་དང་། སྐྲ་ལོ་འཁྱིལ་པ་འདྲ། །དེ་རྣམས་དཔྲལ་བའི་བུང་བ་དང་། །བྱ་རོག་གཤོག་པ། གཙུག་ཕུད་ཅན། །ལན་བུ། སྐྲ་ལྡན། སྐྲའི་ ལྷས་མ། རལ་པ་སྐྲ་ཡི་ཚོགས་ལེགས་པ། །སྐྲ་ཞགས་ཕྱོགས་དང་ལག་པ་ཤར། །སྐྲ་ལས་ཕ་རོལ་ཚོགས་པའི་དོན། །ལུས་སྐྱེས་སྤུ་དང་བ་སྤུ་དང་། །དེ་རྒས་སྨ་ར་ཁ་སྤུའོ། །སྐྱོང་བྱེད་མགོ་ཟླུམ་བཅས་སྨར། །བ་སྤུ། གུ་ཙྪ་ར་བ་བཀྲ་མ་ཅན། །མི་ལ་སོགས་པའི་རབ་ཏུ་བྱེད་ པའོ།། །།གསལ་བྱེད། མཐོང་བྱེད། སྣང་བྱེད་དང་། །བརྒྱན་པ་དང་ནི་རྣམ་པར་བརྒྱན། །རྒྱན་གྱིས་བརྒྱན་བྱས་རྒྱན་བྱེད་དང་། །ཡོངས་བྱས་རབ་ཏུ་བསྒྲུབས་དང་བརྒྱན། །མཛེས་བཅོས་རྒྱན་བཅིངས་ན་བ་ཐྱ་མ། །སོ་སོའི་བཟོ་དང་མཛེས་པར་བྱས། །རྒྱན་གྱི་བྱ་བ་བརྒྱན་ གྱུར་དང་། །ལྷབ་ལྷུབ་རྣམ་རྒྱན་དང་ནི་རྒྱན། །ཡོངས་སུ་བཅོས་དང་དཀྱིལ་འཁོར་རྒྱན། ༦།ཅོད་པན་དང་ནི་དབུ་རྒྱན་དང་། །རྩེ་ཕྲན་དང་ནི་ཀི་རི་ཊ། ༤།གཙུག་ཕུད་ནོར་བུ་མགོའི་རིན་ཆེན། །གཙུག་གི་རིན་ཆེན་གཙུག་ནོར་བུ། །དོ་ཤལ་དབུས་གནས་ཏ་ར་ལ། །འདྲེན་པ་དང་ ནི་མཚུངས་པར་འགྱུར། །སྐྲ་ཞགས་དང་ནི་སྐྲ་ཡི་རྒྱན། །ཕུད་ཀྱུ་དང་ནི་དཔྲལ་བའི་རྒྱན། །དུང་དང་ཙནྡན་གཅོད་བྱེད་པ། །མཐོང་བར་བྱེད་དང་དཔྲལ་བ་ཅན། །རྣ་བ་དྲེགས་བྱེད་ཏཱ་ཌངྒ། །རྣ་རྒྱན་དང་ནི་རྣ་བ་དཀྲིས། །ཏཱ་ལ་པ་ཊ་ཏ་ལའི་འདབ། །ཟེ་འབྲུ་ཅན་དང་། རྣ་བའི་རྒྱན། ། རྣ་ཞགས་རྣ་བའི་སྲད་བུའོ། །བུང་བའི་མགྲིན་དང་སྐ་རགས་དང་། །སྐེ་རྒྱན། མགྲིན་ལྡན། རྨ་བྱ་ཅན། །མགྲིན་རྒྱན་དང་ནི་མགུལ་པའི་རྒྱན། །མགྲིན་རྒྱན་འཆང་དང་སྭནྟ་དང་། །ལ་ལན་ཏི་ཀཱ་རབ་འཕྱང་དང་། །མུ་ཏིག་ཕྲེང་དང་སཻ་བོཌ། །མུ་ཏིག་སྲད་བུ་མཚམས་དོ་ ཤལ། །ཕྲེང་གཅིག་དང་ནི་དཀྲིས་གཅིག་པ། །དེ་ཉིད་རྒྱུ་སྐར་ཕྲེང་བར་འགྱུར། །མུ་ཏིག་ཉི་ཤུ་རྩ་བདུན་པ། །གུཙྪ་སུམ་ཅུ་རྩ་གཉིས་དཀྲིས། །ཉི་ཤུ་བཞི་དཀྲིས་གུཙྪ་ཕྱེད། །གང་ཞིག་དྲུག་ཅུ་རྩ་བཞི་དཀྲིས། །དེ་ནི་དོ་ཤལ་ཕྱེད་པའོ། །ཉི་ཤུ་དང་ནི་དྲུག་ཅུ་དག །མཱ་ཎ་ བ་ཀ་བའི་ནུ་མ། །བཞི་དཀྲིས་བྱས་པ་ལྷ་བདུན་པ། །གང་ཞིག་བརྒྱད་དཀྲིས་བྱས་གྱུར་པ། །དེ་ནི་རྣམ་རྒྱལ་བདུན་པའོ། །དོ་ཤལ་བརྒྱད་བརྒྱད་དཀྲིས་པའོ། ༤ །ལྔ་བརྒྱ་ཡི་འོད་ཟེར་ཚོགས། །དཀྲིས་བྱས་ཉ་ཕྱིས་དུང་དཀྲིས་དང་། །ལག་འགྲོ་གཉིས་ འཐུང་རི་རྒྱུད་སྐྱེས། །དེ་དག་ལས་བྱུང་མུ་ཏིག་རིགས། །ཉ་ཕྱིས་ལས་ནི་ཡང་དག་བྱུང་། །གདུ་བུ་དང་ནི་ལག་གདུབ་དང་། །ཀ་ཊ་ཀཾ་དང་ལག་སྐོར་རོ། །ལག་རྒྱན་སོར་གདུབ་སོར་མོ་ཅན། །རླབས་ལྡན་ཡི་གེ་དང་བཅས་པ། །སོར་གདུབ་རྒྱ་ལྡན་ཞེས་བྱའོ། །ཨངྪ་ཙྪེ་ནི་ཞེས་ པའང་དེའོ། །དཔུང་རྒྱན་དང་ནི་བར་ལྷུའི་རྒྱན། །གསེར་གྱི་ལག་གདུབ་ཀཾ་ཀ་ཎ། །ལག་སྐུད་སོར་འབྲང་ཀ་ར་ནྟུ། །བུད་མེད་རྐེད་རྒྱན་འོག་པག་དང་། །རོ་ལྡན་རོ་མ། གསེར་ཅན་དང་། །ཚོགས་ཅན་བདུན་པ། ཀ་ཀྵྱའོ། །སྐྱེས་པའི་རྐེད་རྒྱན་དང་ནི་སྒྲོག །རྐང་གདུབ་ཏུ་ ལཾ་ཀོ་ཊཱི་དང་། །མཉྫ་ར་དང་ཞབས་གདུབ་པོ། །ངང་པ་ཅན་དང་རྐང་སྐོར་དང་། །གཡེར་ཀ་དང་ནི་དྲིལ་ཆུང་ཅན། །རིགས་མའི་ནོར་བུ་རྐང་ཞགས་དང་། །རྐང་པའི་སོར་གདུབ་ཞེས་པ་རྣམས། །པགས་པ་འབུ་ཡི་སྲིན་བུ་དང་། །སྤུ་རྣམས་གོས་ཀྱི་སྐྱེ་གནས་ཡིན། །རས་ གོས་རས་བལ་འབྲས་བུ་ལ། །སྣམ་བུ་རི་དགས་སྤུ་ལས་སྐྱེས། །གོས་དར་སྲིན་བུའི་སྦུབས་ལས་བྱུང་། །ཟར་རས་ཟར་མ་ལ་སོགས་ལས། །སར་པའི་གོས་དང་སོ་མ་དང་། །གོས་སར་ཀུན་དགའི་རས་དང་གོས། །ཨུདྒཱ་མ་ནཱི་ཡ་ཞེས་པ། །བཀྲུས་པའི་གོས་ ཟུང་གང་ཡིན་པ། །འདབ་མ་བ་ལ་དང་རས་གོས་བཀྲུས། །རིན་ཐང་ཆེ་དང་ནོར་ཆེན་པོ། །ནད་བསལ་དུ་ཀཱུ་ལ་ཡི་རས། །གྱོན་གོས་དང་ནི་སྤྱོད་གོས་སོ། །གོས་དང་གཡོགས་མ་ན་བཟའ་དང་། །གཅེར་སྐྱོབ། བགོ་བ། ཨངྒ་ཤ །ཙ་རཾ། སོ་ཏཾ། པགས་པ་དང་། ། པྲོ་ཏ་རྣམ་པར་བསགས་པ་དང་། །སྟ་ཏེ་དང་ནི་རས་རྣམས་སོ། ༡།གོས་ཟད། གོས་རྙིང་། གོས་རུལ་ལོ། །དར་གོས། གོས་བཟང་། གོས་ཕུང་པོ། །གོས་ཆེན། ནེ་ཙོལ། །སྨད་གོས། །ངར་ཁེབས་དང་ནི། བླ་གོས་སོ། །བར་གོས། སྨད་གོས། པ་རི་དྷཾ། །ཤམ་ ཐབས་དང་ནི་མཐང་གོས་སོ། །སྟོད་གོས། པྲྀ་ཧ་ཏི་ཀཱ་དང་། །བཻ་ཀ་ཧྱ་དང་སྟོད་གཡོགས་དང་། །སནྡྷ་ན་དང་བླ་གོས་སོ། ༦ །མདོམས་དཀྲིས་དང་ནི་སྨད་དཀྲིས་སོ། །བུད་མེད་མཆོག་གི་སྨད་གོས་ནི། །ཙཎྜ་ཏ་ཀའི་གོས་ཡིན་ནོ། །གོས་དང་མགོ་དཀྲིས་ནཱ་རངྒི། ། ཀུན་ཏུ་དཀྲིས་པ་ཞེས་བྱའོ། །རྐང་པའི་རྩེ་མོར་ཁྱབ་པའི་གོས། །གང་དེ་སྲ་བདེ་མ་ཞེས་བརྗོད། །སྟེང་དུ་བགོ་བ་སིལླཱི་དང་། །ཨུཙྪ་ལི་ཀཱ་གཉིས་ཡིན་ནོ། །ཕྲ་མོའི་གོས་ནི་དུ་ཀཱུ་ལ། །ནཀྟ་ཀཾ་དང་ཀརྦ་ཊ། །བ་མོའི་གོས་དང་བེའུ་རིས་སོ། །ཁ་བ་རླུང་པོ་སྐྱོབ་པའི་གོས། ། འདིར་ནི་གོས་དང་ཨཾ་ཀུ་ཤ །ཨཉྩ་ལ་ཞེས་བྱ་བའང་འདོད། །སྲིད་དུ་རིང་བ་ཨཱ་རོ་ཧ། །ཞེང་ཆེ་བ་དང་བི་ཤཱ་ལ། །སྨད་གོས་དང་ནི་དུང་བ་ཅན། །ནཱི་བཱི་དང་ནི་བ་རྟི་བཞིན། །བུད་མེད་རྣམས་ཀྱི་ཕལ་ཆེ་བ། །ཁྲུ་བཅུ་པ་དང་གཉིས་ཡིན་ནོ། །དངོས་པོ་དང་ནི་བི་ཤི་ཀཱ །བསགས་ པ་དང་ནི་ཤཱ་ལཱུ་ར། །ལྭ་བ་སྣམ་བུ་དམར་པོའོ། །མཆན་ཁུང་སྤྱོད་དང་ལོགས་སུ་སྤྱོད། །གོས་སྤྱོད་པ་དང་གཉིས་ཡིན་ནོ། །བླ་རེ་དང་ནི་སྟོད་གཡོགས་དང་། །གུར་དང་སྤྲ་ཞེས་བྱ་བ་ཡང་། །ཡོལ་བ་དང་ནི་སྒྲིབ་གཡོགས་དང་། །མི་སྣང་བྱེད་དང་གོས་གཡོགས་སོ། ། དེ་ཉིད་གོས་གཡོགས་ཡོལ་བའི་གོས། །གུར་དང་སྦྲ་དང་ཁྱིམ་གནས་དང་། །གོན་གནས་གོས་ཁྱིམ་གོས་རང་བཞིན། །འཕྲང་འཛིན་རྩེད་མོ་ཅན་དང་ནི། །འཁྲང་ཁྱིམ་དང་ནི་ཡོན་ཏན་གནས། ༩ །ཡོངས་བཅོས་ལུས་ཀྱི་བཅས་ལེགས་དང་། །འདག་ཆལ་ཁྲུས་རྩི་དག་ བྱེད་དོ། །ཨུརྦཱ་ད་ན་ཏྲི་མ་ཉིད། །ཕྱེ་མ་བགོས་དང་ལྡན་པའོ། །ལུས་ལ་རྗེས་སུ་བྱུག་པ་དང་། །པ་རྟི་དང་ནི་ཁ་དོག་ཅན། །རྣམ་པར་བྱུག་དང་རྣམ་པར་གཅོད། །བསྐ་བས་བྱུག་དང་ཡང་དག་ཐོབ། །ལུས་ཆགས་བགོས་དང་ཕུང་བར་བྱེད། །དབང་བསྐུར་མངོན་པར་ འཁྲུ་བ་དང་། །དབུས་དང་རྒྱལ་བྱེད་ཀུན་ཏུ་རྒྱལ། །འཁྲུད་པ་དང་ནི་འཁྲུ་བའོ། ༧ །ཏུམྦ་སྣང་དང་བྱིའུ་འཛུལ། ༧ །སྦྱོང་བྱེད། གནས། ཟེགས། རྗེས་སུ་འགོག །༢།སོར་འདབ་འཕྲིན་ཡིག་འདབ་མ་དང་། །འདབ་ལྕུག་དང་ནི་སྙེ་ཆའོ། །ཏ་མ་ལ་འདབ་ཐིག་ལེ་དང་། །རི་མོའི་ བྱེ་བྲག་བྲིས་པའོ། །གླ་རྩི་དང་ནི། དྲིའི་གོས་ཅན། །རི་དགས་ལྟེ་བ་རི་དགས་མྱོས། །མྱོས་པའི་མཚན་མ་དྲི་ཡི་ཐོད། ༦ །གུར་ཀུམ། དཔའ་བོ། གྷྲྀ་སྲི་ཎི། །མནྡ། ཧ་རི། ཙནྡན་དང་། །ཁ་ཆེ་མཆོག་དང་། ཁ་ཆེ་སྐྱེས། །ཙནྡན་དམར་དང་ཡང་ དག་འཁུམས། །སྣང་བྱེད། ཉི་མ། དམར་མིང་ཅན། །ཛཱ་གུ་ཌཾ་དང་། པཱི་ཏ་ནཾ། །སཱི་ཏ་ཀཱ་དང་། བེ་རི་དང་། །སེར་སྣ་ཟུར་དང་། དྲི་ཞིམ་དང་། །ལུས་དམར། ཨ་བི། མེའི་རྩེ་མོ། །མེ་ཏོག་དོན་ཅན། སརྦ་ཊཾ། ༤ །སྤྲིན་གྱི་སྙིང་པོ་རས་བལ་དང་། །ཁ་བའི་ཕྱེ་མ་འོད་དཀར་ དང་། །རྡུལ་གྱི་སྙིང་པོ་ཟླ་བའི་ཐལ། །ཁ་བའི་མིང་ཅན་རྟོགས་བྱེད་དང་། །ཤིང་གི་སྙིང་པོ་རོའི་གེ་སར། །མ་ལ་ཡ་སྐྱེས་དྲིའི་སྙིང་པོ། །དཔལ་གྱི་དུམ་བུ་ཙནྡན་དང་། །བཟང་དཔལ་མཱ་ཎ་ཡོ་རུ་དང་། །བྱ་མེ་ཀཾ་ག །སྐྱེད་པ་དང་། །གོས་ཅན། མདོག་ཅན། ཙནྡན་དཀར། ། དྲི་ཞིམ་བཏགས་དང་། སྙིང་པོ་སེར། །ཁ་བ་ཡཱ་མྱཾ་ཞེས་པ་དང་། །དྲི་ཞིམ་དཀར་པོ་ཞེས་པ་ཡང་། ༡༧ །ཏིལ་འདབ་ཅན་དང་། ས་མཆོག་དང་། །འཕྲོག་བྱེད་ཙནྡན་ཞེས་པ་དབང་། །རྣ་བ་ནག་མོ་དུས་རྗེས་འབྲང་། །སྐྱེ་ཅན་དང་ནི། ཁྱབ་འཇུག་སྐྱེ། ༤ །ཨ་ག་རུ་དང་རྒྱལ་མཉེས་ བྱེད། །དམར་པོ་སྤྲིན་སྐྱེས་ཛོངྒ་ཀཾ །བ་ཎི་ཀ་དང་། དྲི་ཡི་ཤིང་། །བྱ་རོག་གདོང་དང་ཙནྡན་སེར། །དུས་སྐྱེས། དོན་ལྡན། ཛོདྒྲ་ཎི། །ནགས་ཀྱི་ཙནྡན་མི་བདག་དགའ། །ཤིང་ནག། མདོག་སྦྱིན། མཛེས་སྦྱིན་བྱེད། ༡༦ །ཨ་གུ་རུ་ནག་ཨ་གུ་རུ། །བཀྲ་ཤིས་ཕྲེང་དང་། དྲི་དང་ནི། །ཙནྡན་དམར་དང་འདབ་མའི་ལུས། །རཉྫ་ན་དང་སའི་ཙནྡན། །སྣུམ་ལྡན་དང་ནི་བསམ་མི་ཁྱབ། ༡༠ །སི་སནྟུ་རཾ། རྣ་བ་འཛིན། །ཀོ་ལ་ཀ་དང་སྣུམ་འབྲས་དང་། །སྦུབས་སྐྱེས་ཛ་ཏི་ཕ་ལ་མཚུངས། །ཞོ་དང་འོ་མ་མར་གྱི་མཚན། །དཔལ་གྱི་གོས་དང་ཐང་ཆུའོ། །སྦྱར་ སྤོས་དང་ནི་པཱ་ཡབ། །རཀྟ་ཤཱིཪྵ་ཀ་ཞེས་སོ། །གནོད་སྦྱིན་སྤོས་དང་སྤོས་དཀར་དང་། །སྲ་རྩི་བྱེད་དང་ཀུན་ལྡན་དང་། །གཟུགས་མང་ནོར་བུ་སྤྲོ་བ་དང་། །པྲི་ཎ་ཀ་དང་། མིའི་ལྕུག་མ། །ཨཱ་ར་ལ་དང་སྡོང་པོ་ཅན། །གྲགས་ལྡན་གདོང་བཀྲིས་གཡོ་བའི་གདོང་། ༡༢ །ཏུ་རུ་ཥྐ་དང་ སི་ཧླ་དང་། །སྣུམ་ཅན་དང་ནི་གཡོ་མིང་ཅན། ༤ །གོང་བུ་ཅན་དང་དག་བྱེད་དང་། །གནོད་སྦྱིན་སྤོས་དང་སྦྱར་སྤོས་སོ། །རྒྱ་སྐྱེགས། རྒྱ་ཚོས། ཛ་ཏུ་དང་། །ཚོས་དང་ཤིང་གནས་ཡཱ་བ་དང་། །ནིརྦྷ་ཏྦ་ནཾ། ཚོས་ཀྱི་མ། །ཁ་དོག་མཆོག་ལྡན་ཞེས་པ་རྣམས། ༩ །ག་པུར་གླ་རྩི་ ཨ་ག་རུ། །ཀཀྐོ་ལ་རྣམས་མཆོད་སྦྱིན་བྱུག །གནས་ནས་གནས་གཞན་སོང་བ་ཡི། །བདུན་པ་ཤ་ཟའི་སྤོས་ཡིན་ནོ། །དྲི་དང་ཕྲེང་བ་ལ་སོགས་ཀྱི། །ལེགས་བྱས་གང་དེ་སྟ་གོན་ནོ། །ཐོད་དུ་ལེགས་བསྡམས་དགའ་དང་བཅས། །དེ་ནི་མགོ་བོའི་མེ་ཏོག་ཕྲེང་། །རྣ་བ་གང་ བར་བལྟ་བྱས་ཏེ། །དེ་བཞིན་མཆོག་དེ་རྣ་བའི་རྒྱན། །དྲི་ཞིམ་མ་རུ་བ་ཀ་ཡི། །ཕྲེང་བ་བསྒྲིགས་པ་ཏ་མ་ནི། །མེ་ཏོག་ཕྲེང་བ་སྤྱི་བོའི་སྟེ། །སྐྲ་ཡི་དབུས་སུ་སྙིང་པོ་ཅན། །སྟེང་དུ་འཕྱང་དང་རྩེ་མོ་འཕྱང་། །མདུན་འཕྱང་ལ་ལཱ་པ་ཀོ་བོ། །རབ་འཕྱང་དྲང་པོར་མགུལ་དུ་ འཕྱང་། །མེ་ཏོག་ག་ཤལ་སེ་རལ་ཁ། །གང་ཞིག་འཕྲེང་བཅིངས་བྲང་ལའོ། །ངེས་པའི་ཕྲེང་དང་དྲི་མེད་མཚུངས། །ལི་ཤི་ལྷ་ཡི་མེ་ཏོག་དང་། །ལྷ་རྫས་དང་ནི་དཔལ་མིང་ཅན། །སོ་སོར་འབད་དང་འཆད་རྩོམ་པ། །འདུལ་བྱེད་ཀ་ཙ་ནཱ་རྠ་ཀ །སྔར། དངོས། མཆོད་དང་ རྩོལ་བྱས་དང་། །རྩོལ་མེད་དང་ནི་ཡོངས་སུ་རྫོགས། །མལ་དང་ཉལ་ས་གཉིད་ས་དང་། །ཉལ་བྱེད་དང་ནི་ཉལ་བའོ། །གྲལ་དང་སྐྱིལ་ཀྲུང་སྐྱིལ་མོ་ཀྲུང་། །ལྷན་ཅིག་ཁྲི་ལ་འདུག་པའོ། །གདན་ཁྲི་ཆུང་ངུ་འདུག་ཁྲི་དང་། །སྔས་དང་། ཉེར་བརྟེན། ཉེ་བར་བསྙེས། །སྤང་ ལེབ་ཅན་ཞེས་བྱ་བའོ། །ཨ་སི་གཎྜ་ཞེས་པ་དང་། །ཀོ་ལ་གནྜུ་བཱ་ཊུ་ཀཱ ། གལླ་ཙཱ་ཏུ་རི་ཞེས་པའོ། །དྲི་ཡི་ཕྱེ་མ། མ་ལ་ནཾ། །བཱུག། སཱ་ཛ་ལ། དང་ནི། །ཕ་རུ་ཀཾ་ཞེས་བྱ་བའོ། །ཟ་མ་ཏོག་དང་། གའུ་དང་། །ཆོལ་ཟངས་དང་ནི་མཆིལ་མའི་སྣོད། །བུ་གའི་ཁྲི་དང་ས་ན་ཀ ། པྲཎྠོ། ཀ་ཊ་ཀོ་ལཱ་ཀཱ །དུས་མིན་བཱུ་གའི་ཕྱེ་མར་འགྱུར། །དུས་མིན་ཀུན་ཏུ་འདྲེས་པའོ། །སོ་རྩི་ཤ་ཀེ་མ་སྲ་བཾ། །ཨི་བྷི་ཀཱ་དང་གུཎྜ་ཀ །ཀ་ཊ་ཤྲིངྒ་ལ་གར་འགྱུར། །རི་སྐྱེས་དང་ནི་ཀཱནྷྭ་ཀཱ། །སྐུལ་བྱེད་དང་ནི་གུ་ཌའོ། ༤ །མར་མེ་རབ་འབར་སྣུམ་ཟ་དང་། །བཅུ་འགུགས་ བུད་ཤིང་བཅུ་པ་དང་། །མཚན་མོའི་སྣང་བྱེད་ཁྱིམ་ནོར་བུ། །དུད་པ་སྐྱེད་དང་སྣུམ་ལ་དགའ། །འབར་བའི་རལ་པ་ཅན་རྣམས་སོ། །བུང་བ། ལྟ་བྱེད། མིག་སྨན་ནོ། ༣ །དེ་ནས་ཀཽ་མུ་དཱིའི་ཤིང་དང་། །སྒྲོན་ཤིང་དང་ནི་གཙུག་ཕུད་ཤིང་། ། མཁས་པའི་ཁྲི་ཡི་བར་ལ་ནི། །ཁྲི་དང་། གདན་དང་། སྟན་རྣམས་སོ། །སྐྲ་ཤད་དང་ནི་སོ་མངས་དང་། །སྐྲ་ཆས། སྐྲ་ཡི་བྱི་དོར་རོ། ༤ །བཏགས་དང་གོས་ལ་བགོས་པ་དང་། །དྲི་མར་བྱས་དང་རུལ་སོང་བ། །ནི་ཤྩུ་ཀྐ་ཎཾ། དུལ་དང་ཞི། །རླུང་གཡབ་དང་ནི། བསིལ་ གཡབ་པོ། །མེ་ལོང་ཀུན་མཐོང་མཱུ་ཀུ་ར། །མུ་ཀུ་ར་དང་ཀརྐ་རཾ། །ཞེས་པ་སྙན་དང་དངགས་མཁན་པོ་མཁས་པ་དཔལ་འཛིན་སྡེ་ཡིས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་མིའི་སྡེ་རྫོགས་སོ།། །།རྒྱུད་དང་རིགས་དང་རྒྱུད་དང་ ནི། །བྱུང་བ། སྔོན་སྐྱེས། །རྗེས་འགྲོ་དང་། །རིགས་དང་རུས་དང་ཆོ་འབྲང་དང་། །དེ་ཡི་རྒྱུད་ཅེས་བྱ་བ་ཡང་། ༩ །རྒྱུད་སྐྱེས། རིགས་སྐྱེས། །རིགས་ལས་བྱུང་། །རྣམ་བལྟས་དང་ནི་རིགས་ལས་འཁྲུངས། །རྒྱལ་པོའི་རིགས་ལས་བྱུང་བ་ལ། །རྒྱལ་པོའི་ས་བོན་ ཅན་རྒྱལ་བརྒྱུད། །རིགས་ཆེན་རིགས་བཟང་འཕགས་རིགས་དང་། །རིགས་མཆོག་སྐྱེས་བུ་དམ་པ་རྣམས། །རིགས་བཞི་བྲམ་ཟེ་ལ་སོགས་ཏེ། །གཉིས་སྐྱེས་གཉིས་སྐྱེས་ཤིན་ཏུ་བྱུང་། །ཚངས་པའི་བུ་དང་བྲམ་ཟེ་དང་། །པཱ་ཌ་པ་དང་། ཁ་ལས་སྐྱེས། །གཱུ་ སྐྱེས། སྐྱེ་བ་གཉིས་པ་དང་། །ཨ་ལ་ཡ་དང་། མགྲིན་སྐུ་ཅན། །རིགས་ཀྱི་ཐུ་བོ་རྒྱལ་མཚན་ཅན། །ཡུ་ཛཱ་ན་ཤྩ་བརྗོད་པ་དང་། །རྒོད་མ་སྐྱེས་དང་བཞི་མདོ་བ། །དབང་བཅས་སླར་བརྗོད་སྐྱེ་བའོ། །བྲམ་ཟེ་དང་ནི་ཚངས་ལས་བྱུང་། །བྲམ་ཟེའི་ཆུང་མ་དག་ལ་ནི། ། བྲམ་ཟེ་མོ་དང་རྗེ་བཙུན་མ། །དག་པའི་མཐའ་ལས་བྱུང་བ་དང་། །བྲམ་ཟེ་དང་ནི་ཚངས་པའི་བུ། །འདི་ཡི་ལས་དྲུག་མཆོད་སྦྱིན་བྱེད། །ཀློག་དང་སྦྱིན་ལ་སོགས་དང་ལྡན། །བྲམ་ཟེ་དང་ནི་གཉིས་སྐྱེས་རིགས། །རྒྱལ་རིགས་རྗེའུ་རིགས་དམངས་རིགས་དང་། །དེ་སྐྱེ་ཏ་རཱི་ ཡ་དང་ནི། །ད་ཏ་ཡཱ་ཏ་མ་ཞེས་འགྱུར། །ཚངས་པར་སྤྱོད་དང་ཁྲིམས་ལྡན་དང་། །ནགས་ན་གནས་དང་དགེ་སློང་དང་། །རྣམ་པ་བཞི་རུ་ག