Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 212

Văn bản gốc(Tây Tạng)

Trang 10 / 21 (50.000 ký tự/trang)
ཁྱུ་མཆོག་དཀྱིལ་འཁོར། །སྒྲུབ་བྱེད་མ་དང་དྲི་བཟང་སྐྱེས། །གྲོ་
རུ་པྲཱ་དང་མ་མ་དང་། །རྭ་ལྡན་མ་དང་མཆོད་བྱེད་སྐྱེས། །བ་མོ་བཱ་ནི་ལམྤྲི་དང་། །ཆུ་སྐྱེས་དང་ནི་ཏུ་ཧི་ཎི། །ཨུཌྷ་མཱ་ཡ་བ་ལང་རྣམས། །བ་ལང་ཁ་ལོ་ནི་པི་ཀཱི། །ཁ་དོག་ལ་སོགས་དབྱེ་བ་ལས། །སེར་སྐྱ་ཁྲ་བོ་དཀར་པོ་སོགས། །ལོ་གཉིས་མ་དང་ལོ་གཅིག་པ། །ལོ་
གཅིག་མ་དང་ལོ་གཅིག་པ། །བ་སར། ཤེ་དུས་བེའུ་འཁོར། །བེའུ་ཟིན་པ། ཞེས་པའོ། །ཨ་པ་ཏོ་ཀ་བེའུ་ཤོར། །ཁྱུ་མཆོག་སྦྱོར་དང་མཚམས་ལྡན་མ། །འཕྲལ་དུ་མངལ་ཆགས་བེའུའི་མ། །བེའུའི་མ། །བཞོན་མ་དྲུས་མ་དང་། །མང་དུ་འཇོམས་མ། ཡོངས་འཇོམས་མ། །
ལེགས་བརྟུལ་མ་དང་འཇོ་བདེ་མ། །ནུ་རྒྱས་མ་དང་བཞོན་ཅན་མ། །བེའུ་ཡུན་རིང་མ་ལོ་ཁུར་མ། །བེའུ་མངས་མ་དང་མིག་གཏུམ་མ། །འཇོ་མ། འོ་འཕེལ། འོ་མ་འཆིང་། །འོ་འཆིང་གནས་མ་འོ་གནས་མ། །གྲོ་ཎ་ཀྵཱི་ར་བྲེ་ཆེན་བཞོན། །བཱི་ར་བ་ལཱི་
བ་ལང་ཞག །ལོ་རེ་ཞིང་ནི་སྐྱེ་བ་དང་། །ལོ་བཏུང་སྐྱེ་དང་སླར་སྐྱེ་མ། །སྐྱེད་དུས་ལྡན་མ་པྲ་ས་ནེ། །བྷནྡརྣ་པྱཏ་རབ་སྐྱེ་མ། །བཞོན་ཉིད་དང་ནི་ཨཱ་བཱི་ན། །པྲ་སུ་བ་སྟུ་པི་ཡ་སུ། །ནི་པཱ་ནཾ་དང་དེ་ཧཾ་ནཱི། །སྲུབ་མའི་རྫ་མ་མཚུངས་པའོ། །སྲུབ་མ་སྲུབ་ཤིང་
ན་མནྠ། །སྲུབ་མ་དང་ནི་ཞོ་སྐྱེའོ། །ཏ་ཀྲ་ཊ་དང་ཞོ་བསྒྲལ་དང་། །སྲུབ་མ་བདུན་པ་ཞེས་པའོ། །སྲུབ་མའི་ཀ་བ་ཀུ་ཐ་རོ། །ཞི་བའི་ཕུར་པ་ནི་ཥྐ་མྡྷ། །སྲུབ་ཐག་སནྡ་ན་དང་ནི། །ས་ཤུར་མཛུ་དཱ་མ་ནཱི། །དེ་ལ་བ་ནི་གང་གྱུར་པ། །འཆིང་བ་རྐང་པ་གཅིག་པའོ། །ས་
ལི་ཀཱ་དང་ལྷས་མ་ཅན། །ཞོ་སོགས་གཅོད་བྱེད་གང་ཡིན་པའོ། །རྔ་མོ་རིམ་ཅན་རང་བཞིན་དང་། །ལུས་ཅན་ལ་ནི་ཚེར་མའི་ལྕག །མཆུ་འཕྱད་བྷོ་ལི་བྱ་སནྟ། །ཀུ་ལ་ནཱ་ས་རླུང་གཉིས་འཐུང་། །དྷུ་མྲ་ཤི་ཀ་ལྕགས་སྒྲོག་དང་། །དགའ་བྱེད་རིང་པོ་ལངྒ་ན། །འཁོར་

ལོའི་མགྲིན་དང་མང་པོ་སྒྲིལ། །ར་ས་ལཱ་དྷྭ་རླུང་ལ་དགའ། །དྷུ་རི་དྷ་ར་རོལ་པ་བཀྲམ། །རྡེའུ་དང་ནི་རྔ་ཕྲུག་གོ །རྡེའུ་འདོགས་ཐག་ཤིང་ཁ་ལ། །ཤིང་ལ་རྐང་པ་འདོགས་པའོ། །ར་དང་ལྟོ་འཕྱང་ཙྪ་ག་དང་། །བོ་ཙང་བྱ་ལྷན་ཅིག་རངས་པ་དང་། །ལྷ་རྣམས་དགའ་དང་མེ་ནཱ་
དང་། །བརྐ་ར་དང་ཞི་བ་དགའ། །འདབ་མའི་ཟས་ཅན་རྣ་བ་འཕྱང་། །ཡིད་སྲུབ་ཡང་བ་ཞེས་པ་དང་། །བསྟོ་བུཀྐ་ཨཱལྱ་བུ། ༡༥ །ར་རྣམས་དང་ནི་ར་ཁྱུ་དང་། །ར་ཡི་ཙུ་ལུ་མྤཱ་དང་ནི། །ཙྪ་ག་ལཱི་དང་ཙྪ་གི་དང་། །མཉྫ་ག་ལ་མུན་ཅན་ནོ། །ལུག་དང་སྤུ་ལྡན་གཡང་
དཀར་དང་། །བལ་ལྡན། ཨ་བི། ཨེ་ཌ་ཀ །ལྟོ་འཕྱང་དང་ནི་ཨུ་ར་བྷ། །གནས་བཅས་ཡུ་མང་འཇོམས་བྱེད་མ། །མཎྜེ། བྷ་ཎ། ཨུ་གི་ལུ། །མེ་ཥི་དྲ་བ་ཅན་དང་ནི། །བཞོན་ལུག་ཨ་བྷཱི་མཱ་རཱི་དང་། །ཤ་ཏེ་བི་དང་སཽ་ཌྷ་བི། །བེ་དུ་ཁ་དང་འདྲ་བའོ། །རྔ་
མོ་བྲང་འགྲོ་ཚོགས་དང་ཁྱུ། །རྔ་ཁྱུ་གསུས་འཕྱང་རྔ་མོའི་ཁྱུ། །བོང་བུ་དང་ནི་འཁོར་ལོ་ཅན། །སྣ་ཆེན། སྐད་ཆེན། རཱ་སུ་བྷ། །ཁ་ར་གྲོང་དུ་འདྲེན་པ་དང་། །དྲན་པ་དྲན་བྱ་ཕུར་བུའི་རྣ། །ལམ་འགྲོ་བྱེད་དང་། རྔ་མ་ཅན། །ཆུ་བ་རིང་དང་བྱིན་པ་གཙང་། །
སྦྱོང་བྱེད་ཕྱུགས་དང་རྩྭ་ཨཱ་རུ། །ཏྲི་ཎ་སཻ་ཧི་བྷ་ཞེས་དང་། །ཚ་ཊ་འི་ཁྱུ་མཆོག་ལམ་བ་དང་། །བཟོད་པའི་མུ་ཁྱུད་ས་ལ་ཉལ། །ཀྵ་ར་ཞེས་པ་རྣམས་ཡིན་ནོ། ༢༤ །ལུས་འཕགས་སྐྱེས་དང་དེད་དཔོན་དང་། །ཚོང་དཔོན་ཚོང་པ་ངེས་འགྲོ་དང་། །ཟོང་དང་ཚོང་གི་ཀ་ཡི་ཀ །ཟོང་
བ་དང་ནི་ཉོ་ཚོང་ངོ་། །པི་གྲོ་ཏི་ན་ཚོང་མཁན་ཏེ། །ཉོ་བ་གྲ་ཡི་ཀ་དག་མཚུངས། །བཙོང་བྱ་བ་ནི་ཛྱ་ཡིན་ནོ། །ཨཉྩོ་ཀྲ་ཡ་རིན་གཞལ་བྱ། །ཟང་དང་ཚོང་དངོས་རྩ་ནོར་དང་། །རྙེད་པ་ལྷག་པའི་འབྲས་བུ་ཅན། །བཅོལ་དང་གཏམས་དང་བཀོད་པའོ། །སླར་བླངས་པ་དང་
གཏང་པ་དང་། །ཟོང་ཚོང་བཀྲམ་པ་བཀྲ་བེེ་སྟེ། །ཀྲེ་ཡཾ་ཚོང་གི་ཕྱི་མའོ། །བཙོང་བྱ་ཚོང་ཟོང་ཚོང་ཟོག་དང་། །བསྒྱུར་བར་བྱ་བ་ལ་སོགས་སོ། །ས་མ་ཡཱ་ནི་བདེན་བྱེད་དང་། །བདེན་བྱས་ཀཱ་ཀ་ཎི་པ་ཎ། །ཏ་རིའི་ཆ་དང་བི་ཀྲ་ཡ། །བི་ས་ན་རྣམས་མཚུངས་པའོ། །

ཕྲེང་བཅུ་སྭ་ཙྪ་ཞེས་བྱ་སྟེ། །གྲངས་དང་བགྲང་བྱ་བཅུ་ལ་སོགས། །གྲངས་དང་བགྲང་བྱ་བགྲང་བྱེད་ཀྱི། །ཉི་ཤུ་ལ་སོགས་རྟག་ཏུ་གཅིག །གྲངས་དོན་གཉིས་དང་མང་པོ་ཉིད། །དེ་རྣམས་ལ་ཡང་དགུ་བཅུའོ། །བཅུ་གཉིས་གྲངས་ཀྱི་རྐང་པ་སྟེ། །
གཅིག་བཅུ་བརྒྱ་ཡི་རིམ་པ་ལས། །སྟོང་དང་ཁྲི་འབུམ་ས་ཡ་དང་། །བྱེ་བ་དུང་ཕྱུར་ནིརྦུ་དང་། །པདྨ་ལ་སོགས་ཐམས་ཅད་ནི། །ཕྱི་མ་ཕྱི་མ་བཅུ་འགྱུར་རོ། །འཇལ་བར་བྱེད་དང་ཚད་དུ་བྱེད། །མཉམ་བྱེད་ཅེས་པ་ཚད་ཀྱི་དོན། །འཇལ་བྱེད་སྲང་དང་སོར་དང་བྲེ། །
མ་རུ་ལྔ་རྣམས་མཱ་ཤ་ཀ །དེ་རྣམས་བཅུ་དྲུག་ཞོ་ཡིན་ཏེ། །ཞོ་བཞི་ལ་ནི་སྲང་གང་ངོ་། །གསེར་འཇལ་ཞོ་ཆ་གསེར་མིག་སྟེ། །ཀུ་རུ་བི་སྟ་དེ་ཡི་སྲང་། །འདེགས་བྱེད་དང་ནི་སྙོམས་བྱེད་དོ། །སྲང་བརྒྱ་ཁུར་ཡིན་ཉི་ཤུ་སྲང་། །ཡཱ་ཙི་ཏྲི་ནི་ཁུར་བཅུའོ། །ཤིང་རྟ་ཁུར་
ཏ་ཨཱ་ཙི་རྟ། །ཀཪྵཱ་པ་ཎི་དོང་ཚེ་ཡིན། །ཟངས་ཀྱི་དོང་ཚེ་པ་ཎ་འོ། །བཞི་ཆ་བཞི་པ་དག་དང་ནི། །བཅུ་དྲུག་ཉི་ཤུ་ཀུཉྩ་ཀ །ཨུ་ཌ་བ་དང་བྲེ་ལ་སོགས། །ཡོངས་སུ་འཇལ་བྱེད་སོ་སོ་ཀོ །རྐང་པ་ཞེས་པ་བཞི་ཆ་ཡིན། །ཆ་དང་ཆ་ཤས་དགོད་པའོ། །
ལོངས་སྤྱོད། ཟང་ཟིང་། རྫས་རང་དབང་། །ནོར་དང་། བ་སུ། ཨ་ནྭ་དང་། །དབྱིག་དང་རིན་ཆེན་ཡོ་བྱད་རྣམས། །འབྱོར་པ། མདུད་པ། སྙིང་པོར་རེ། །རྀ་ཀྵཾ། རྀ་ཙྪ་སྒྲུབ་བྱེད་རྣམས། ༡༨ །མཛོད་དང་རིན་ཆེན་གསེར་གཟུགས་དང་། །སྒྲོམ་དང་སྣོད་
ཅེས་བྱ་བ་ཡང་། །དེ་དག་ལས་གཞན་སྤ་བྱ་དང་། །དངུལ་དང་དེ་གཉིས་མ་ཧཱ་ཏི། །མཁའ་ལྡིང་གཤོག་པ་མརྒད་དང་། །རྡོ་ཡི་སྙིང་པོ་ནོར་བུ་ལྗང་། །པདྨ་རཱ་ག་དམར་པོ་དང་། །ཀུ་རུ་བིནྡ། ཤྨེ་ནཱསྨ། རི་བཟང་ཅན་དང་རིན་ཆེན་དམར། །ཡ་བ་རྦོ་ལ།
དཔལ་མེ་ཏོག །ནོར་བུ་ཆེན་པོ་བྱུ་རུ་དང་། །འཁྲི་ཤིང་ནོར་བུ་ཙ་ཀྲྀ་ཀན། །ལུས་དམར་འདབ་དང་གསེར་ཅན་འདབ། །བྱུ་རུ་དང་ནི་རྩི་དམར་རོ། །མུ་ཏིག་ཉ་ཕྱིས་ས་བོན་དང་། །གྲོལ་བ་ཅན་དང་མུ་ཏིག་འབྲས། །ཉ་ཕྱིས་སྐྱེ་བར་སྦུབས་སྐྱེས་དང་། །བ་ར་ས་ཡི་ཨུ་

བ་ལཾ། ༧ །མུ་མེན་རྒྱལ་པོ་འཁྱིལ་བ་དང་། །རྒྱལ་པོའི་ཅོད་པན་རྣམ་གསལ་སྐྱེས། ༤ །ཤེལ་ལ་ཨརྐ་ག་ལྭརྐ། །མེ་ཤེལ་འོད་གསལ་ཉི་མ་དང་། །རྡོ་བ་འོད་གསལ་རི་སྐྱེས་དང་། །སྲེག་བྱེད་རྡོ་བ་ཤཱ་ལི་འཕྱེ། །སྦྱངས་པའི་རྡོ་བ་དྲི་ལྡན་དང་། །ཙ་མའི་སྙིང་པོ་
དངས་པ་དང་། །དག་པའི་རྡོ་དཀར་ཟླ་བའི་བྲི། །རྡོ་བ་དཀར་པོ་ཞེས་པ་རྣམས། ༡༢ །ཉི་བཞོན་ལ་ནི་བེཌཱུཪྻཾ། །སྤྲིན་ཆེན་དང་ནི་གཞོན་ནུ་སྐྱེས། ༧ །རྡོ་རྗེ་ལ་ནི་ཞོ་ལྡན་གནས། །ཧཱི་ར་ཀ་དང་ནོར་བུའི་དབྱེ། །ཆུ་ཤེལ་མ་ནི་པ་སཱ་མ། །མ་ཎི་ཙ་ཀ་དབུས་ན་འཛག །མིག་
ལ་ཕན་དང་རིན་ཆེན་ཆེ། །བསིལ་བའི་ཆར་བ་ལྡན་ཞེས་པའང་། ༧ །དབང་པོ་སྔོན་པོ་ནོར་བུ་སྔོ། །ནོར་བུའི་སྙིང་པོ་རྗེས་འབྲང་བ། །སརྒ་སེ་འབྲུའི་ས་བོན་མདོག །ནོར་བུ་ལས་སྐྱེས་ཐོད་དུ་འདོད། །རྡོ་སྐྱེས་མུ་ཏིག་ལ་སོགས་ཀྱང་། །ནོར་བུ་མཛེས་བཟང་རོལ་པ་
དང་། །རིན་པོ་ཆེ་དང་འགྱུར་བྱེད་དང་། །འཆིང་བུ་འདི་དག་མཚུངས་པའོ། །པུཥྤ་ར་ག་ས་ཡི་ཆི་ལ། །བཾ་ཤ་རཱ་ག་ལ་སོགས་གཞན། །གསེར་ལ་སྭརྞ། ཀ་ན་ཀ །ཧེ་མ་ཟངས་མཆོག་ཀཱཉྩ་ནཾ། །དུགྨ་དང་ནི་ཙམ་ས་སྐྱེས། །གཾ་གཱ་སྐྱེས་དང་བསྲེག་བྱ་དང་། །ཨཱ་ལི་
དང་ནི་ཀརྦུ་རཾ། །ས་ལེ་སྤྲ་མ་དང་སྐྱེས་གཟུགས་དང་། །བུམ་བརྒྱ་སྐྱེས་དང་རི་ལས་སྐྱེས། །བྷརྨཱ། འོད་བྱེད་འཛམ་བུའི་གསེར། །རྐང་བརྒྱད་པ་དང་ཧི་ར་ཎི། །ཆ་ཤས་སྦྱངས་དང་མཚོའི་ས་བོན། །གཟི་བརྗིད་སྐྱེས་དང་རིན་ཆེན་ཆེ། །སྐྱེས་དང་ཙ་ཀུ་ར་སྐྱེས་དང་། །
འཚོ་བསྒྲོལ་དང་སའི་ཟླ་བ། །ལྕགས་མཆོག་མདོག་ལྡན་སུ་རཱ་བྷི། ༢༧ །རྭ་ཅན་རྒྱན་གསེར། རྭ་ཅན་གསེར། །མི་ཟད་གསེར་ལ་ཀ་ལྱཱཾ་ནཾ། །དངུལ་ལ་ཚོན་ཅན། ཨརྒ་ཌཾ། །ཁརྫུ་ར་དཀར་མདོག་ངན་དང་། །འཁྱོག་པོའི་ས་བོན་ཏཱ་རའོ། ༧ །ཟངས་མ་ཤུཝཾ་ཉི་མ་ཡི། །
ལྗོན་དམར་ཨུ་དུམྦཱ་ར་དང་། །དམར་པོ་ཀླ་ཀློའི་ཁ་གཉིས་བརྒྱད། །བི་རཥྛ་དང་ཐུབ་མཁྲིས་འཛིན། །ལྕགས་དམར་དང་ནི་ཡོང་སྐྱོབ་ཀྱང་། །ར་གན། རིའི་ཀཱ་རི་མེད། །མཁྲིས་འཛིན་ཨཱ་ར་ཀུ་ཊ་དང་། །རི་ཏི་དང་ནི་ཞུ་བྱའོ། །རྒ་བ་འཁྱོག་དང་ལུས་འཇམ་དང་། །སུ་རེ་

བྷ་དང་། པིཙྪ་ཊ། །ཏྲ་སུ་ཞེས་བྱ་བ་རྣམས་སོ། །ཞ་ཉེ། སཱི་པ། ཀ་སྦྱོར་འདོད། །ཏྲ་པུ་དང་ནི་དེས་འདོད་ཅན། །པྲྀ་ཙྪ་ཏ་དང་སཱི་པའི་བདག། །བ་དྷྲཾ། འཇམ་པའི་གཟུགས་ཅན་ནོ། །གསེར་གྱི་དགྲ་དང་། སྟོབས་མང་པོ། །མ་དྷུ་ཀཱཾ་དང་སྟོབས་པོ་
ཆེ། །ལྕགས་དང་མཚོན་ཆ་ཅན་རྣོན་པོ། །གོང་བུ། ནག་པོ། ལྕགས་གོང་དང་། །རི་ཡི་སྙིང་པོ་རྡོ་ཡི་སྙིང་། །ས་ར་ས་པ་ཞེས་པ་ཡང་། །ལྕགས་ཀྱི་རྣམ་འགྱུར་ཕྲ་མོ་འདི། །ཐམས་ཅད་ཀྱང་ནི་ལྕགས་སུ་འགྱུར། །ལྕགས་སྙིགས་སོ་ཐོག་ལྕགས་དྲེག་དང་། །
ལྕགས་ཀྱི་དྲི་མ་ཚ་ཚའི་ཞག །འཁར་བ་ཀཾ་སྱ་ཀཾ་ས་སྠི། །ཟངས་སྐྱེས་བསིལ་བའི་ཆུ་སྐྱེས་སོ། །ཞ་ཉེ་སྐྱེས་དང་ཟངས་སྐྱེས་དང་། །ས་རཱཥཱི་ཀཾ་ཙ་ར་ཎཾ། །རྒྱུག་བྱེད་དངུལ་ཆུ་འདང་བྱེད་དང་། །ཁུ་བའི་དབང་པོ་ཞེས་གྲགས་དང་། །འཕྲོག་བྱེད་ས་བོན་ཁམས་ཆེན་པོ། །
དྲག་པའི་ཁམས་དང་སུ་ཏ་ཀ །མཚལ་སྐྱེས་དང་ནི་ཧིང་གུ་ལ། །དཱ་ར་ད་དང་དམར་པོ་དང་། །མཆོག་སྦྱིན་དང་པའི་རྐང་པའོ། །སིནྡྷཱུ་ར་དང་བྱེ་མ་དམར། །ཕྱེ་མ་དམར་དང་རྡུལ་དམར་དང་། །དྲི་འཛིན་སྐྱེས་དང་ཞ་ཉེ་སྐྱེས། །བ་བླ་ལ་ནི་ཀརྦཱུ་རཾ། །བ་ལང་སོ་དང་གར་
མིང་ཅན། །པིཉྫ་ར་དང་བཱི་ཏ་ནཾ། །ཏཱ་ལ་མཱ་ལམ། གར་གྱི་རྒྱན། །སེར་པོ། པཱི་ཏཱཾ། བྱི་ལའི་མིག །རོ་མ་པྲ་ཏ་ནཾ་ཞེས་སོ། ༡༡ །ལྡོང་རོས་དང་ནི་གར་ངན་མ། །ཡིད་འབོད་མ་དང་ཀླུ་ལྕེ་མའོ། །བལ་མོ་ས་ཡི་གོར་མ་དང་། །གོ་ལ་དྲི་རྣོ་མུ་ཟིའི་དྲི། །དྲི་བཟངས་དང་ནི་
མིག་ལ་ཕན། །རིགས་ཅན་ཀུ་ལ་རྠི་ཀཱའོ། །དུས་ཀྱི་མེ་ཏོག་མེ་ཏོག་ཟེ། །པཽ་ཥྱ་ཀཾ་དང་ཀུ་ཤུའི་ཁམས། །ཀཱ་ཤི་ཤཾ་དང་མཉྫ་ནཾ། །དུས་ཀྱི་པདྨོ་ལས་སྐྱེས་དང་། །ཕུག་རོན་སྐྱེས་དང་དཔལ་བཟང་སྐྱེས། །ཆུ་སྲོལ་མིག་སྨན་སཽ་ནཱི་རཱ། །མིག་སྨན་ག་ཏིས་ཡ་མུ་ནཾ། །མིག་སྨན་
ནག་པོ་ཆུ་ཀླུང་སྐྱེས། །རྒྱུན་གྱི་མིག་སྨན་མིག་གི་རྒྱན། །སྤང་མའི་མིག་སྨན་རྩེ་ཅན་མགྲིན། །སྔོན་པོ་དང་ནི་རྨ་བྱ་ཅན། །བཙོས་པ་ལས་བྱུང་སྤང་མའོ། །སྤང་མ་བརྟུལ་བ་ད་རྦི་ཀ །མིག་སྨན་སྔོན་པོ་བྱ་ཁྱུང་རྡོ། །ཁུ་བའི་མིག་སྨན་ཁུ་བའི་སྙིང་། །ཀཱ་ཤི་ཥ་

ཁམས་ཀཱ་ཤཱི་ཁམས། །ལེ་བརྒན་ཀ་མ་ལུས་དང་མཆོག །ཡང་དག་ཚོན་དང་མེའི་རྩེ་མོ། །གྲོང་གི་གུར་གུམ་ཞེས་པ་རྣམས། །བྲག་ཞུམ་དོན་ཕན་རིན་སྐྱེས་དང་། །རྡོ་སྐྱེས་ཤི་ལཱ་ཛ་ཏུ་དང་། །རྡོ་བའི་ནད་ཅེས་བྱ་བའོ། །དབྱར་རྩི་གོང་བུ་དྲི་སྦྱིན་དང་། །རི་བོང་གོས་
སྲོག་ཅན་དང་། །ར་ས་གནྡྷ་གནྡོ་ར། །གནག་ཚ་འཕེལ་ཞེས་བྱ་བ་རྣམས། ༩ །ཚལ་ཊངྐ་ཀྵ་རཱ་ཥྚཾ། །གར་འོ་དེ་ནས་རི་ཙ་ཀ །ཡ་བག་ཀྵ་ར་འགྱུར་བྱེད་སྨན། །ཡ་བ་སྲི་ཀ་ནས་རྩེ་སྐྱེས། །རྒྱ་ཚ་འགྱུར་བྱེད། ཀཱ་པོ་ཏ། །བདེ་འཕེལ་སཽ་བརྩ་ལ་དང་། །རུ་ཙ་ཀཾ་དང་རི་
སྐྱེས་དང་། །སྠ་བྷྲ་ཀཱ་མཱ་ལ་རྣམས་སོ། །སྦྲང་དང་མངར་ལྡན་མཱ་ཀྵི་ཀ །ས་ར་གྷ་བྱུང་སཱ་ར་གྷཾ། །པྲ་ཚིལ་དང་ནི་སྦྲང་རྩིའི་སྙིགས། །ཤིང་རྩ་སྨྱིག་རྐང་ས་ཡི་སྤུ། །ནཱ་པཏྟ་སི་འབྱུང་པོའི་སྐྲ། །ཙནྡན་དམར་པོ་ཚ་བ་གསུམ། །དྲོད་གསུམ་སྐྱོན་དང་སྨིན་པ་དང་། །འབྲས་
གསུམ་ཕ་ལཾ་ཀྲྀ་ཀཾ་དང་། །ཏྲི་ཕ་ལཱ་དང་དྲི་ཕ་ལཱ། །རི་བོང་བལ་དང་རི་བོང་སྤུ། །ལུག་སྐྱེས་ལྭ་བ་ལུག་པ་ལ་དང་། །ལུག་ཅན་ལྟོ་འཕྱང་ཅན་ཞེས་པའང་། །ཞེས་པ་སྙན་ངག་མཁན་པཎྜི་ཏ་དཔལ་ལྡན་དཔལ་འཛིན་སྡེས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་བྱ་བ་
མིང་གཞན་མུ་ཏིག་ཕྲེང་བ་ལས་རྗེ་རིགས་ཀྱི་སྡེ་རྫོགས་སོ།། །།དམངས་རིགས་རྐང་སྐྱེས་འབངས་དང་ནི། །རིགས་ཀྱི་ཐ་མ་བྱིན་པ་སྐྱེས། །ཆོས་སྣུམ་དེ་ནས་གཏུམ་པོ་དང་། །འདྲེས་པའི་རི་མོ་མཁན་སོགས་སོ། །དམངས་དང་རྗེས་སྐྱེས་རི་མོ་མཁན།
སྨན་པ་རྗེའུ་རིགས་གཉིས་སྐྱེས་ལས། །དམངས་དང་རྒྱལ་རིགས་དྲག་པོའོ། །བྱ་བས་འཚེ་བ་རྒྱལ་རྗེ་འདྲེས། །མཱ་ཧི་ཥྱ་ནི་རྗེ་རྒྱལ་འདྲེས། །ཀྵཏྟྲ་རྗེའུ་དམངས་རིགས་འདྲེས། །བྲམ་ཟེ་དང་ནི་རྒྱལ་རིགས་བུ། །དེ་ནི་ལུས་འཕགས་རྗེའུ་རིགས་རྣམས། །ཤིང་རྟ་མཁན་ནི་
མ་ཧི་ཥྱ། །རི་མོ་མཁན་ལས་བྱུང་བའོ། །གཏུམ་པོའི་སྐྱེ་བར་གྱུར་པ་ནི། །བྲམ་ཟེ་མོ་དང་ཆོས་བསྒྲུབ་ལས། །ཡི་གེ་པ་དང་བཀའ་འགྲེལ་བྱེད། །རྩེགས་པ་རིགས་དང་གླེགས་བམ་རིགས། །བྱེད་མཁན་དང་ནི་བཟོ་མོ་མཁན། །རི་མོའི་ལས་བྱེད་སྒྱུ་རྩལ་རིགས། །རང་བཞིན་

གྱིས་ནི་ཤས་ཉན་ཅན། །བློ་གྲོས་ཅན་དང་བཟོ་བོའི་རིགས། །རིགས་ལྡན་དང་ནི་རིགས་ཀྱི་གཙོ། །གྲོང་བརྩེགས་པ་དང་ཆེན་པོའོ། །ཕྲེང་རྒྱུད་མཁན་དང་མེ་ཏོག་གཅོད། །མེ་ཏོག་གིས་འཚོ་མེ་ཏོག་ཅན། །དེ་ལ་མེ་ཏོག་ཡ་བཱ་ཥཱི། །
མེ་ཏོག་གཅོད་མ་ནགས་མཛེས་མ། །པུཥྤ་མཱ་བྷྲི་ཕྲེང་ལྡན་མ། །མེ་ཏོག་རབ་ཏུ་སོག་བྱེད་མའོ། །རྫ་མཁན་དང་ནི་བུམ་པ་མཁན། །འཁོར་ལོས་འཚོ་དང་ས་ལས་བྱེད། །དབྱུག་གུ་བསྒྱུར་བ་ཞེས་པའོ། །ཞལ་བ་མཁན་པོ་ལ་པ་ཀ །པྲ་དྷས་འཚོ་དང་ཙྪ་དྷཱ་དང་། །སུ་དྷ་སུསྟ་
ཕྱུགས་སོགས་ལས། །ཏནྟ་བ་ཡ་ཐགས་མཁན་ནོ། །གོས་བཟོ་བ་དང་ཚེམ་བུ་མཁན། །དུང་མཁན་དང་ནི་དྲུང་འབུད་པ། །ཟངས་མཁན་དང་ནི་ཟངས་མགར་བ། །གསེར་མཁན་དང་ནི་གསེར་བྱེད་པ། །གསེར་བཟོ་བ་དང་གསེར་མགར་དང་། །གཽཉྫི་ཀཱ་དང་དམར་བ་ཅན། །
མུཥྚི་ཀས་འཚོ་ཟླ་བས་འཇུག །ནོར་བུ་བྱེད་དང་བཻ་ཀ་ཊི། །ཀོ་རངྒས་འཚོ་བཀྲ་བ་བྱེད། །རི་མོ་ཅན་དང་རི་མོ་བྱེད། །ཁ་དོག་སྤྱོད་པ་ཏོ་ལི་ཀ །ཕྲ་མོ་གོ་ཆས་འཚོ་བུངས་ཆགས། །མཚོན་ཆ་མཁན་དང་རལ་གྲི་མཁན། །ལྕགས་བཟོ་བ་དང་ལྕགས་མགར་བ། །བ་རུ་ཊྀ་བྱེད་
བཱ་རུ་ཎི། །ཀ་ལྱ་བཱ་ལ་བཏུང་བ་འཚོ། །ཆང་ཚོང་མ་དང་ཆང་མའོ། །སྦྲང་ཆང་ཚོང་མ་གོ་ལཱི་དང་། །མཚམས་ཅན་ཆུ་ཡི་གཡོན་པ་ཅན། །གྲོང་དཔོན་དང་ནི་མཐོ་རིས་གྲགས། །ནཱ་བི་ཏ་དང་མཐར་གནས་པ། །འདྲེག་མཁན། སྐྲ་མཁན་ཟླ་བ་ཅན། །སེན་མོ་གཅོད་
དང་བཏྤཱཾའི་བུ། །ཐོ་བ་ཅན་དང་ཀཱཽ་རི་ཀ །སྣོད་སྤྱད་འདྲེན་དང་སྣོད་སྤྱད་པ། །ཟླ་འཛིན་གྲོང་དབང་གཅོད་པའོ། ༡༧ །ཤིང་མཁན་ཤིང་བཟོ་ཤིང་འཇོག་པ། །ཤིང་རྟ་བྱེད་དང་ཤིང་འཇོག་མཁན། །ཕྱ་མཁན་དང་ནི་ཤིང་ཁྱིམ་མཁན། །ཁྱིམ་གནས་དང་ནི་བཟའ་མིའོ། །
ཚོས་མ་དང་ནི་བཙོ་བླག་མཁན། །ཚ་བ་དང་ནི་ཡས་ཕུར་ཅན། །གཞུ་བུ་མལ་ཧ་རཱི་དང་། །སྲང་བ་སྦྱངས་དང་ཚོས་བྱེད་པ། །ལྷམ་ནག་བྱེད་དང་ལྷམ་མཁན་དང་། །ཀོ་པགས་མཁན་དང་ཀུ་ར་ཊ། །ཞོ་ཤས་འཚོ་དང་ལས་བྱེད་པ། །གླ་པ་དང་ནི་གླ་ཡིས་འཚོ། །གླ་ཟ་བང་ཆེན་འཕྲིན་པ་དང་། །

ཁུར་པ་དང་ནི་ཁུར་འདྲེན་པ། །ཤཽབྷི་ཀ་དང་མིག་འཕྲུལ་བ། །ན་བྷ་ཤྲ་མ་དབང་པོའི་རྟ། །སྒྱུ་མ་པ་དང་སྒྱུ་མ་མཁན། །ངན་གཡོ་བ་དང་སླུ་བྱེད་པ། །སྒྱུ་མ་བྱེད་དང་དགའ་བྱེད་པ། །བྱེད་པ་སྦྱོར་དང་ཁམ་སྨྲ་བ། །ལྷ་ཡིས་འཚོ་དང་ལྷ་བཟོ་བ། །འབྱུང་བ་ལས་སྐྱེས་ཚངས་པ་མཁའ། །ཚངས་པ་ལས་བྱུང་
ལྷ་བྲམ་ཟེ། །རྔ་པ་དང་ནི་རྔ་བརྡུང་བ། །ལག་པའི་སྒྲ་དང་ཐལ་མོ་རྡེག །གླིང་བུ་བ་དང་གླིང་བུ་འབུད། །པི་ཝང་པ་དང་པི་ཝང་མཁན། །འཚོ་བའི་ཐ་ཆད་བྱ་ཤོར་བ། །དེ་ཉིད་ལམ་དུ་འདྲེན་པའོ། །ར་རྫི་དང་ནི་ར་སྐྱོང་བ། །རྔོན་པ། སྙི་པ། བཤན་པ། ལིངས། །ཤ་འཚོང་
བ་དང་ཤ་གཅོད་པ། །གང་ཞིག་སྐམ་པའི་ཤ་འཚོང་བ། །དེ་ནི་ཤ་བསྐམས་ཅན་ཡིན་ནོ། །ཤན་པ་རི་དགས་གསོད་པས་འཚོ། །རྔོན་པ་དང་ནི་ལིངས་པའོ། །ཨཱ་ཥེ་ཌི་ཀ་རི་དགས་འཛིན། །རི་དགས་རྒྱ་དང་འདྲ་བ་ཅན། །འདེང་བྱེད། གསོད་བྱེད། སྟོང་བྱེད་དང་། །དྱ་སྟྲི། རི་དགས་
དྲ་བའོ། །ཨ་ཙཽ་ད་ནཾཨཱ་ཁེ་ཊ། །རི་དགས་སྡིག་པ་གཉིས་ཀྱང་ངོ་། །ཨུནྨ་ན་དང་འདབ་ཅན་བརྩེགས། །བཱི་ཏ་སསྟུ་ཉེ་བར་བྱེད། །བྱ་དང་རི་དགས་འཆིང་བའོ། །དཀྵཱི་ཎཱ་ཀ་བསྣུན་པ་ཉིད། །དེ་ནི་རི་དགས་གཡས་རྨས་ཅན། །ཨཱ་ཁེ་ཊ་དང་འཆིང་བ་དང་། །ཞགས་པ་དང་ནི་
ཤུ་རཾ་བྷ། རྒྱུད་ཅན། ཤུ་མྦ། ཐག་པ་དང་། །མྲི་ཥུབ་ཊཱི་གུ་ཎི་འོ། །ཕལ་པ། །དམན་པ། ངན་རིགས་དང་། །ཛལ་མ་ཅིག་ཤོས་སོ་སོ་སྐྱེས། །ངན་པ་དམངས་རིགས་རིས་མེད་དང་། །ཁོལ་དང་བྱེད་པས་གནས་པའོ། །བྲན་དང་འབངས་དང་གཡོག་པོ་དང་། །གླ་མི་
དང་ནི་ཙི་ཏྲ་ཀ །མངག་གཞུག་བསྒོ་བྱ་སྦེད་པ་དང་། །སྔགས་པ་ཞགས་ཐོགས་ཡོངས་གཅོད་པ། །གཞན་སོས་དང་ནི་ཙལླུ་དང་། །གཞན་སྐྱེས་པ་དང་གཞན་གྱི་སྐྱོང་། །ལུཥྞཱ་མཚམས་འཁྱོགས་མནྠ་ར། །ངེས་བཟོ་དང་ནི་བེམས་པོའོ། །ཐ་ཤལ་ལྟོ་འགེངས་ཤཱི་ཏ་ཀ །
འདར་བ་ལན་གླན་ལེ་ལོ་ཅན། །སྒྲེན་པོ་ཁྲམ་པ་མཁས་པ་དང་། །གསལ་པོ་དྲུང་པོ་སྤྱང་པོའོ། །གཏུམ་པོ་གདོལ་པ་མཐོ་རིས་སོ། །སྡིག་ཅན་གསོང་པོར་འགྲོ་བྱེད་དང་། །ངེས་འཇིགས་བྱེད་དང་མ་ཏཾ་ག །ངན་ཐབས་ཅན་དང་ཉལ་མེད་པ། །མཐར་གནས་དང་ནི་མི་འདོད་པ། །དབྱེ་བ་མོན་པ་རི་ཁྲོད་པ། །ཤིན་

ཤུན་པ་ནི་ཀླ་ཀློ་སྐྱེས། །ཆོམ་པོ་རྐུན་མ་རྐུན་པོ་དང་། །སྲང་བ་ཤ་དིམ་ཏ་མདོག་ཅན། །ཇག་པ་གཞན་རྐུ་ཨར་པ་དང་། །རྐུ་ཇག་ཆོམ་རྐུན་འཇབ་བུ་བ། །ཡངས་འཕྱག་སོ་སོར་རྐུ་བྱེད་དོ། །བུམ་པ་ཅན་འགེབས་སྐྱེས་བུ་འགེབས། །མཚམས་
ཀྱི་བྱེད་པོ་འོག་ཏུ་རྒྱུ། །སུ་རུངྒ་སྦྲུལ་མེ་ཏོག་ཅན། །ས་ཡི་ཆུ་བག་ཞེས་པ་དང་། །འོག་གི་སུ་རུངྒ་དྷཽར། །རྣམ་སྒྲོགས་དང་ནི་ཌིཎྜ་ཀ །རབ་ཆགས་ཆོམ་རྐུན་ཙི་ལླ་མླ། །ཕྱག་འཚལ་སྒྲ་དང་མཱ་བ་ལ། །ཕྱག་བྱེད་པ་དང་དེ་བཤད་དང་། །པ་རཱངྒུཊ་དུང་གི་སྒྲ། །སྙན་ངག་ཆོམ་
རྐུན་ཟླ་བའི་རྡུལ། །ཀ་པྲ། བཅང་བྱ། རྐོ་བྱེད་དོ། །ས་རུངྒ་མཚམས་དེ་དབྱེ་བ། །དཔལ་བེའུ་བ་ལང་ཁ་སོགས། །ན་ཤྚི་སྟི་སཱུ་ཏྲ་ནོ་ཥྚོ། །རྐུན་ནོར་རྐུན་རྫས་ཆོམ་རྐུན་ཅན། །རྐུ་བྱ་ཞེས་བྱ་ཆོམ་རྐུན་ལ། །བཅིངས་པ་ཞེས་ནི་ཁ་ཅིག་གོ །ཁྱི་དང་སཱ་ར་མེ་ཡ་དང་། །སེར་སྐྱ་
དང་ནི་རི་དགས་ཟ། །ཤུ་ན་ཀ་དང་སྨྲ་བྱེད་དང་། །ཤྲཱ་དང་། ཨིནྟྲ་མན་དང་། །འདོད་ཅན་དཀྱིལ་འཁོར་རིང་པོ་དང་། །རབ་དགའ་བནྟ། དར་དང་། །ཀཽ་མེ་སུ་ཀ་ནཱ་ལི་ཧ། །རྡོ་རྗེའི་མཇུག་མ་ཉལ་ལྡན་དང་། །དགའ་གསུམ་ར་ཏ་པྲ་ལ་དང་། །བཅུད་འཐུང་དགའ་དང་བཅོ་བ་
དང་། །དགའ་མཐའ་ཤཱ་ལ་པྲྀ་ཀ་དང་། །གྲོང་གི་རི་དགས་ཀུ་ཀུ་ར། །ཕྲ་མ་ཅན་དང་གསོ་བྱ་དང་། །རུས་པ་ཟ་དང་ཁྲེལ་ཅན་དང་། །རོལ་པ་ལྕེ་སྒྲིལ་ཞི་བའི་སྒྲ། །བཤེས་བྱེད། དགྲ་བྱེད། རི་དགས་དགྲ། །སྐྱེ་བའི་ཆ་ཅན་འདོད་དབང་དང་། །དགའ་བའི་ཕུར་བུ་ཞེས་
རྣམས་སོ། །༣༧ །ཨ་ལ་ཀ་དང་སྦྱང་བཅས་དང་། །ཨ་ཁེ་ཊི་ཀ་སྣ་ཚོགས་དྲག །རི་དགས་འཚེད་དང་གཡོ་དང་ཁྱི། །ཁ་ཌུ་ཀ །ཤྭཱ་སེང་གེའི་རིགས། །རོ་ལྡན། ཏུམྦུ་རི། ཤུ་ནི། །ཤུ་ནྱ། ཤུ་ནྱི། ཤུནཱ་ར། །བཤང་བ་ཟ་དང་གྲོང་གི་ཕག །ཐོད་པ་ཆུ་སེར་ཅན་མ་དང་། །
སྡིགས་བྱེད་མ་དང་སྲེད་ཅན་མ། །བུད་མེད་རྣམས་ཀྱི་འཇུག་པ་ལ། །སྲད་བུ་གཅོད་བྱེད་ནི་ཥྤི་ཏ། །རྟོག་པ་ཁྲིའུ་པཉྫི་ཀ །ཤིང་བལ་དང་ནི་ནཱ་ཀི་ཀཱ། །ཏཱུ་ལ་པི་ཙུ་ཤིང་བལ་འཇམ། །འཇམ་པོ་ལས་སྐྱེས་ཏཱུ་ལ་ཀཾ། །རས་བལ་དང་ནི་བརྟ་རཾ། །ཤིང་བལ་འཁལ་བ་པིཉྫ་

ན། །ངེས་འཐག་ནཱ་རི་བཱི་ར་མེ། །ཤིང་བལ་ཤིང་ལྡན་ཀརྐ་རཱི། །ཟླ་བ་ཅན་དང་ཀུཤཱ་ཎ། །ཀཱུ་ལ་ས་ཀ་ཇ་ལློ་ལ། །སྲད་བུ་ཐགས་རྒྱུད་ཧནྤཱ་ན། །སྣལ་མ་སྲད་བུ་ཐགས་ཀྱི་རྒྱུ། །ཐགས་བཟང་དང་ནི་རྟག་མའོ། །ས་རཱི་དང་ནི་ཐགས་མཁན་དང་། །ཐགས་འཐག་བྷུ་ཏི་
བླུ་ཏི། །ཞེས་སོ། །ཏ་རཱི་མདོག་གཉིས་ཤིང་ཡིན་ནོ། །སྒམ་དང་། སྒྲོམ་དང་། སྣོད་དང་མཛོད། །འཇོག་ས་དང་ནི་བང་བའོ། །བཟོ་བོ་ལས་དང་སྒྱུ་རྩལ་ལོ། །ཀནྡ་བཱ་ས་ཁུར་འཛིན་དང་། །ཁུར་ཤིང་དེ་འཕྱང་ཐག་པ་དང་། །ཀཱ་ཙའོ་ས་དེ་ནས་བི་བདྷ། །བི་བ་དྷ་དང་
ཁུར་ཡོངས་འདྲེན། །ལྷམ་དང་ཆག་དང་བཅག་ལྷམ་དང་། །མཐིལ་ལྷམ་དང་ནི་སྲོག་ཕན་དང་། །མཛོད་ལྡན་རྐང་པའི་ཤིང་རྟ་དང་། །རྐང་མཆོག་སྐྱེ་དང་རྐང་ཁྲི་དང་། །རྐང་རྟེན་ཟླ་བ་གཅིག་པ་དང་། །ཞབས་སྟེགས་དང་ནི་རྐང་སྟེགས་སོ། །འབྲེང་ཐག །
འབྲིང་ཞགས་ཀོ་ཐག་གོ །གསེར་གཅོད་རྔོ་ནི་ཀ་ཥ་སྟེ། །ནཱ་རཱ་ཙཱི་དང་ཞོ་ཆའོ། །མཆན་གྲི་དང་ནི་གྲི་གུག་མཚུངས། །སོག་ལེ་གཅོད་བྱེད་འདབ་མ་འཛིན། །གསོར་དང་འབིགས་བྱེད་ཅེས་བྱའོ། །སྙུང་དང་ཀོ་བ་འབིགས་བྱེད་དོ། །ཤིང་ཟ་གཟོང་དང་ཤིང་འབིགས་དང་། །
ཊཾ་ཀ་རྡོ་བའི་གཟོང་ཡིན་ནོ། །ཆན་གྲི་པཊ་པ་ར་ཤུ། །གྲགས་ལྡན་དང་ནི་ཟ་བྱེད་དོ། །འོད་ཅན་ལུགས་ཀོང་མཱུ་ལའོ། །སྦུད་པ་དང་ནི་ཀོ་བའི་སྦུད། །ཁྲ་བོ་འདྲི་བྱེད་པིར་དང་ནི། །བྲིས་སྨྱུག་དང་ནི་ཏུ་ལི་ཀཱ། །ཀཱ་བཱ་རི་དང་ཛ་ལ་ཧཱ། །སྐྱེ་འགྲོའི་ཅོད་པན་ཁརྦ་རཱ། །བྷ་མེད་
ད་ཊཱི་མགོ་བོའི་ཞྭ། །ཆུ་སྐྱོབ་མགོ་རས་མགོ་བོ་འཆིང་། །པ་ལཱ་ཤ་ཡི་འདབ་མ་དང་། །འདབ་མ་པི་ཙཱ་ཙི་ཀའོ། །གཏུམ་པོ་རྣམས་ཀྱི་པི་ཝང་ནི། །ཙཎྜ་ལ་དང་པལླ་ཀཱི། །སྐུ་གཟུགས་གཟུགས་བརྙན་པྲ་ཏི་མ། །ལྡེར་བཟོ་དང་ནི་སླར་གྲིབ་མ། །སླར་བྱས་འདྲ་དང་སོ་
སོར་མཚུངས། །སླར་གཟུགས་དང་ནི་སྐུ་འདྲ་དང་། །འདྲ་བར་བཞེངས་དང་འདྲ་འབག་དང་། །པྲ་ཕབ་བཞིན་དང་ལེགས་པར་བཞེངས། །ཉེ་བར་འཇལ་དང་དཔེ་རྣམས་སོ། །བརྗོད་བྱའི་རྟགས་ཅན་མཉམ་དང་མཚུངས། །དེ་འདྲ་དེ་མཉམ་དེ་དང་མཚུངས། །དེ་ཡི་

གཞི་འཛིན་རབ་ཏུ་འདྲ། །མཚུངས་པ་དང་ནི་སླར་གཟུགས་བཞིན། །དེ་ནས་ཀུན་གསལ་ངེས་པར་གསལ། །སོ་སོར་གསལ་དང་རབ་གསལ་བཞིན། །ངེས་སྣང་ངེས་སྣང་གྲིབ་མ་དང་། །མཉམ་དང་མཆོག་གི་གནས་སུ་བརྗོད། །ལས་གླ།
སྒྲུབ་གླ། རྔན་པ་དང་། །བྱ་དགའ། གླ་དང་། དགེ་དང་ནི། །ཁུར་གླ་གླ་དང་རིན་དང་ནི། །ཡོན་དང་སྙེད་པ་ཞེས་བྱའོ། །ཆང་དང་མྱོས་འགྱུར་མྱོས་བྱེད་དང་། །བཤོལ་ལྡན་མཉེས་དང་བཅུད་རབ་དང་། །སྤོས་ངད་ལྡང་དང་སོ་སོར་ཐོས། །མྱོས་པར་བྱེད་དང་
ཡོངས་སུ་ཐོས། །ཀ་པི་ཤི་དང་ཀུན་འཛིན་མ། །ཆུ་མ་བཤོལ་མ་ཚོགས་ལྡན་པ། །ཀ་ཤྱཾ། ཀ་ལྱཱཾ་ཆུ་བདག་སྐྱེས། །དཔའ་མོ་དྲི་མཆོག་གནོད་སྦྱིན་བཅུད། །ཨཱ་ལི་ཀཱ་དང་ཤཪྻ་ནི། །ཤུཎྜ། ཉིང་ཁུ། ཀཾ་ལྱཾ་དང་། །ཀནྟོ་ཡཾ་དང་ལྷ་མིན་མོ། །ཀ་ཙ་མཱ་ལི་ཀཱ་
དང་ནི། །འགྲོ་བྱེད་ཆགས་ལྡན་མྱོས་གནས་དང་། །ཨ་བིཥྚཾ་ཞེས་བྱ་བ་ཡང་། ༣༢ །ཤུན་པའི་ཆང་ནི་ཤིང་ཤུན་ཆུ། །བུར་ཆང་བུ་རམ་ལས་བྱུང་བ། །བ་ནུ་ཀརྞ་མཱརྟཱི་ཀཾ། །སྦྲང་ཆང་སྦྲང་རྩི་ལས་སྐྱེས་པ། །སྡོང་བུ་ལྡན་པ་སྡོང་བུའི་བཅུད། །ཆང་འདེགས་དང་ནི་ཏཱ་ལ་ཏཱི། །
མེ་ཏོག་སྦྲང་ཆང་མ་དྷ་ག །མངར་ལྡན་དང་ནི་སྦྲང་གི་ཆང་། །མེ་རེ་ཡ་དང་མེ་ཏོག་ཆང་། །བུར་ཆང་མ་དྷ་ཀ་དང་ནི། །སྦྱར་ཆང་དང་ནི་མཚུངས་པའོ། །སྨ་རཱ་ས་བོ། x བདེ་བྱེད། །མ་དྷུ་བཱ་རཱ་སྦྲང་གི་ཆང་། །ཉེ་བར་ཟ་དང་ཀུན་ཏུ་ཟ། །ཆང་སྤགས་དང་ནི་ཆང་ཟས་སོ། །ཆང་
ཁང་ཆང་མལ་བཏུང་བའི་གནས། །ཆང་ར་དང་ནི་ཆང་འཐུང་གནས། །ཆང་སྐྱོགས་དང་ནི་ཆང་སྣོད་དང་། །ཁ་ཕོར་དང་ནི་ཚིམ་བྱེད་དོ། །པཱ་རཱི་དང་ནི་ག་ལུ་ཀ །ཕབ་དང་ཆང་རྩི་ཞེས་བྱའོ། །ཉིང་ཁུ་བདུད་རྩིའི་སྙིང་པོ་དང་། །སནྡྷ་ན་དང་ཆང་བསྙལ་པའོ། །ཆོ་ལོ་རྒྱན་པོ་ཤོ་
དང་ནི། །རྒྱན་འབྱེད་ཀྲྀཥྞ་ཀོ་ཧ་ལ། །ཤོ་རྒྱན་རྩེ་དང་གཉའ་བོ་དང་། །རྩེ་དང་མ་ལཱ་ཎ་དང་ནི། །ཁབ་ལེན་མགོ་འཐུ་ཆ་འཛིན་ནོ། །ཤོ་རྩེད་ཆོ་ལོ་ལྡན་པ་དང་། །རྒྱན་འགྱེད་དུ་ཏོ་ད་རཾ་དང་། །པ་ཎ་ཞགས་ལྡན་ཆོ་ལོའི་མིག །རྒྱུད་རྩེ་པ་ཎ་ཆོ་ལོའི་སྐུགས། །འབྲེང་བྱེད་ལྕགས་

སྒྲོག་པཉྫ་ནཱི། །ཡོངས་འདྲེན་བརྐྱང་པ་ཁྱི་དང་དྷོ། །ཀུན་ནས་སྐྱེད་བ་ཞེས་བྱའོ། །རྐང་བརྒྱད་རེ་མིག་འབྲས་བུ་ཅན། །དེ་ཡང་གནས་ཅན་དགུ་ཉིད་དོ། །ཙ་ཉྫུ་རི་དང་ཏིནྟི་ཌཱི། །སྲོག་ཆགས་སྐུགས་ཤོ་རྒྱལ་ཞེས་བྱ། །དོན་ཅན་བ་ཊ་ཙྪི་དྡྷ་ནྣ། །ཛ་དུ་པུ་ཊཱ་ཀཱ་ཡིན་ནོ། །ཏྭནྨ་བཱི་ཀཱ་ཚོ་
ལོའི་དབྱེ། །ལྔ་གཅིག་ཀ་ནི་ཀ་རྣམས་མཚུངས། །ཆོ་ལོ་སྟོན་པ་བྱི་བའི་རྣ། །ཀུརྦི་ཀནྟ་སྣ་ཅན་ནོ། །རྟགས་ཀྱི་ཕྲེང་བར་ཅི་བརྗོད་པ། །དེ་ནས་ཆོས་གཞན་ལ་ཡང་འཇུག །གང་དང་གང་དུ་བསྟན་གྱུར་པའི། །སྒྲ་ཡི་སྦྱོར་བ་རྣམ་རྟོགས་བྱ། །ཞེས་པ་དམངས་རིགས་ཀྱི་སྡེ་རྫོགས་
སོ།། །།ལེགས་བྱས་པ་ནི་བསོད་ནམས་ལྡན། །དཔལ་ཡོན་ལྡན་དང་ཆོས་ཅན་དང་། །སྐལ་ལྡན་དང་ནི་བཟང་བྱས་སོ། ༦ །སྙིང་དུ་སྡུག་དང་སྙིང་ལ་འབབ། །ཡིད་འོང་དང་ནི་སྙིང་པོ་ལྡན། ༤ །འདོད་པ་དང་ནི་འདོད་དང་ལྡན། ༢ །བློ་ཆེ་བ་དང་བསམ་ཡངས་དང་། །མི་ཞན་པ་དང་
མཐོན་པོ་དང་། །བདག་ཉིད་ཆེ་བ་བསམ་པ་ཆེ། ༦ །སྐྱབས་གནས་རྒྱ་ཆེན་ཡོན་གྱི་གནས། ༤ །རྩོམ་པ་ཆེ་དང་སྤྲོ་བ་ཆེ། །བརྩོན་ཆེན་མཚོན་ཐབས་བསླབ་པ་དང་། །བརྩེ་ལྡན་དང་ནི་སྙིང་རྗེ་ཆེ། །སྙིང་བརྩེ་ལྡན་དང་ངེས་པ་དང་། །ཕུན་ཚོགས་ཅན་དང་མཚན་ལྡན་དང་། །ཤླི་ལ་
དང་དཔལ་ལྡན་དང་། །དཔལ་དང་མཛེས་པ་ཡང་དག་ལྡན། །ལས་ལ་བྱང་དང་ཁ་བྱང་དང་། །བསླབ་པ་དང་ནི་དགེ་དང་མཁས། །མངོན་ཤེས་རྣམ་ཤེས་ངེས་པར་བྱང་། །ལེགས་ཤས་རྣམ་པར་ཤེས་པ་ཅན། །ཤེས་ལྡན་དང་ནི་གོ་བ་ཅན། །དེ་ནས་ནུས་ལྡན་སྟོབས་ལྡན་
མཚུངས། །ལྷ་དང་རྗེ་བཙུན་མདོ་ལྡན་དང་། །འོད་ལྡན་ལེགས་ལྡན་མཆོད་བྱ་དང་། །ཞབས་དང་མཐར་འགྲོ་ཡོན་གནས་དང་། །མཆོད་འོས་སྦྱིན་འོས་ཡོན་དབུལ་བྱ། །རབ་སྦྱིན་གཏོང་ཕོད་སྦྱིན་རླབས་ཅན། །མང་དུ་འགོད་དང་སྙན་སྨྲ་དང་། །སྦྱིན་དང་ཚུལ་ལྡན་དཔལ་སྟུག་དང་། །
ཤིན་ཏུ་སྦྱིན་བྱེད་སྦྱིན་པ་པོ། །སྦྱིན་བྱེད་གྲོལ་བ་སྣུ་ཀ་ལ། །སྦྱིན་པོ། སྦྱོང་པོ་ཞེས་བྱ་དང་། །ཡོངས་སུ་རྟོགས་དང་རྒྱུ་མཚན་ཅན། །མཆོག་སྦྱིན་དང་ནི་རབ་ཏུ་སྟེར། །ཡུན་རིང་འཚོ་དང་ཚེ་ལྡན་ནོ། །བཤེས་གཉེན་ཅན་དང་བསྟན་བཅོས་རིག། །ཤེས་རབ་ཅན་དང་ལེགས་སྦྱངས་

ཤེས། །ཡིད་གཞུངས་པ་དང་བློ་གཙང་མཚུངས། །ཡིད་དགའ་མགུ་དང་ཡིད་རབ་བདེ། །སེམས་ནི་རངས་པར་བྱེད་པའོ། །མིག་ངན་དང་ནི་ཡང་ངན་དང་། །ཡིད་ནང་ཆུད་དང་ཡིད་མི་བདེ། །བློ་ཆུད་ཟོས་དང་སེམས་མྱོས་པ། །སོཏྐཎྛི་དང་
ཨུ་དྐཎྛི། །ཐེ་ཚོམ་དང་ནི་སོམ་ཉི་དང་། །ཡིད་གཉིས་དང་ནི་མ་ངེས་པ། །ཡོན་ཏན་ནོར་ལྡན་མཚན་ཉིད་དང་། །ཕན་པར་བྱེད་པ་མཚན་ཉིད་ཅན། །ཤེས་ལྡན་རྒྱ་ཆེར་གྲགས་པ་ཅན། །རིགས་ལྡན་རྣམ་ཤེས་རྣམ་པར་ཐོས། །རབ་ཏུ་བརྟན་དང་ཁྲིགས་གནས་དང་། །
ཀུན་ཏུ་དུལ་དང་ཡང་དག་འདུལ། །ལྷུར་བྱེད་གཞོལ་དང་རབ་ཏུ་འབབ། །རབ་ཏུ་གནས་དང་རབ་ཞན་འདོད། །གཞོལ་དང་ཀུན་ཏུ་ཆགས་པ་མཚུངས། །ནཱི་ར་པ་དང་པཎྜི་ར། །ནོར་ལྡན་ནོར་དབང་ཕྱུག་པ་དང་། རྫས་ལྡན་ནོར་ལྡན་ཡོ་བྱད་ཅན། །དབང་ལྡན་དབང་
ཕྱུག་རྗེ་བོ་དང་། །གཙོ་བོ་མགོ་འདྲེན་བདག་པོ་དང་། །ལྷག་སྦྱོར། འདྲེན་པ། མགོ་དཔོན་དང་། །ཇོ་བོ་མངའ་བདག་དཔོན་པོ་དང་། །ལྷག་པར་འཕེལ་དང་ཆེན་པོར་སྐྱེ། །གྲོང་ཁྱེར་རྩེད་བྱེད་ཙྪ་གི་ལུའོ། །ཥི་ཌྒེ་བི་དཥྩ་ཥ་ཊྱ་ཛྙ་བྱ་ལཱི་ཀཙྪ་ཀ །ནཱ་ག་ཌི། བྷུ་ཛ་ག་བྷྲིངྒ་
ལངྒ་ཤྩ་ཏ་ར་ལ་ཤྩ་པ་དེ་བ་ཀཿ ཙངྒོ་བཻ་ཤྱཱ་པ་ཏྲི་ཤྩཱ་ཐབྷ་བི་ལི་ཙྪ་ལ་རོ་བི་ཊཿ། ༣ །ཁྱེའུ་རྩེ་དང་གནས་འཇོམས་དང་། །འདོད་པའི་རྩེད་མོ་རྣམ་སུན་འབྱིན། །བྷོ་ལོ་པེ་ལུ་ཧ་ལ་ཤྩཻ་བ་བེ་ལ་ས་བི་བྷཱ་ཝ་ལི་སེ། ལ་ཏེ་བ་གྲོཀྟི་ར་ཏི་རོ་ཙྪ་ཀཱ་ལཙྪ་ཀི་ལཱ་བུ་བྷཽ། །ཡན་ལག་མཆོག་དང་
གཟུགས་ལྡན་དང་། །ལུས་མཛེས་པ་དང་སྡུ་གུའོ། །སྲུང་མ་ཉུག་རུམ་ཉམས་པ་དང་། །འོག་མེད་དང་ནི་ཁྱིམ་ཁོལ་པོ། །ངས་བྱེད་བྱ་བ་བྱེད་པ་དང་། །གཞུངས་བྱེད་འགྲུས་པར་བྱེད་པའོ། །སྨྲ་མི་ཤེས་དང་ལྐུགས་པའོ། །ཡིད་ལ་གཅགས་དང་ཕ་བཅས་
དང་། །ཕ་ཡི་ཆོས་ལྡན་པ་དང་འདྲ། །ཕ་ལྟ་བུ་དང་གནས་བྱའོ། །དགའ་བས་བརྒྱན་བྱ་བུ་མོ་དང་། །གང་ཞིག་སྦྱིན་བྱེད་ལན་ཅིག་འགྲོ། །དེ་ལ་ཕ་རོལ་སོན་པ་དང་། །འདོད་དོན་བརྩོན་དང་བརྩོན་འགྲུས་ཅན། །བྱམས་དང་། མཉེས་གཤིན་མཚུངས་པའོ། །མཛའ་

ལྡན་མཛའ་དང་གཅེས་པར་འཛིན། །དགེ་ལྡན། བདེ་ལྡན་བདེ་འབྱུང་དང་། །དགེ་གསུམ་པ་དང་ཡན་ལག་ལྡན། །ང་ལྡན་ང་རྒྱལ་ལྡན་པ་དང་། །ང་རྒྱལ་བྱེད་ཅེས་བྱ་བའོ། །རང་རྒྱུད། རང་དབང་། རང་བདག་ཅན། །རང་དགའ་གཞན་གྱིས་མ་བཟུང་
བ། །སྲེད་བཅས་དེ་ནི་ཅི་འདོད་ཅན། །ཁྲི་ལ་འཕྱེ་དང་རྡུལ་ཅན་ནོ། །གཞན་རྒྱུད་གཞན་དབང་ཕ་རོལ་དབང་། །རང་དབང་མེད་དང་བདག་དབང་མེད། །རང་དབང་མེད་པར་འཛིན་པ་ཅན། །རང་དབང་མེད་དང་གཞན་དབང་ཅན། །གཞན་གྱིས་ཟིན་པར་དེ་བརྗོད་
དོ། །གང་ཞིག་བུད་མེད་སྐྱེས་པ་ཡི། །མཚན་མ་རིག་བྱེད་རྒྱ་མཚོ་པ། །རྨ་གཟིར་བ་དང་གནད་ལ་རེག །གནད་དུ་ཕོག་དང་གནད་འབྱེད་པའོ། །འབྲེལ་པ་ཅན་དང་ཡོན་ཏན་ལྡན། །ལྡན་དང་བྱ་ལྡན་ལས་ལ་བརྩོན། །ལས་བཟོད་ལས་ནུས་ལས་སུ་རུང་། །
ལས་ལ་ནུས་པ་ལྡན་པའོ། །ལས་ཀྱི་ངང་ཚུལ་ལས་ལ་བཟང་། །ལས་ལ་དཔའ་དང་མགོ་ཐོན་བྱེད། །གླ་ཟན་དང་ནི་ལས་བྱེད་དང་། །ལས་མཁན་དེ་ཡི་བྱ་བའོ། །ཕྱག་མ་དང་ནི་མང་པོས་བྱེད། །ཡུན་རིང་ཐོགས་དང་རིང་དུ་བྱེད། །སྐྱེ་བོའི་བྱ་བ་གྲོང་ལྡན་དང་། །
གྲོང་བྱ་གྲོང་དང་ལྡན་པའོ། །འདྲེས་པར་སྤྱོད་དང་ཅི་འགྲུབ་བྱེད། །ངན་དང་དམན་བ་བྱེད་མཁོས་ཆུང་། །ཉམ་ཆུང་སྟོབས་ཆུང་སྒྲུབ་པ་ལས། །འདྲེས་མའི་ལམ་དུ་འཕགས་པའོ། །གཏི་མུག་རྨོངས་དང་ཇི་བཞིན་སྐྱེས། །ཤེས་པ་གཞན་དང་མ་ལ་བརྟེན། །མདོག་
མེད་དང་ནི་མཚན་ཉིད་མེད། །ལྟ་བ་དམན་དང་འཇིགས་བཅས་སོ། །འགྲོ་མེད་ཀུན་ཏུ་བསྒྲིབས་པས་འཚོ། །སྐྱབས་ཚོལ་མངོན་ཞུགས་སྐྱབས་དོན་གཉེར། །རྗེས་སྐྱེ་བ་དང་མཚན་ཉིད་མེད། །ལྟོགས་པ་དང་ནི་བཀྲེས་པ་དང་། །བྲུ་བ་ཚ་དང་ཟས་འདོད་པ། །
བཀྲེས་གྱུར་བཀྲེས་དང་ལོ་མ་ཟ། །ཀུ་ཊཱི་བ་ག་གཞན་ཟ་དང་། །གཞན་གྱི་བསོད་སྙོམས་ཟ་བ་དང་། །གཞན་སྐྱེས་གཞན་ལ་རེག་པའོ། །ཀུན་ཟས་ཀུན་གྱིས་འཚོ་བའོ། །འདོད་པ་ཅན་དང་རྡེ་ཅན་དང་། །ཨ་མི་གྱུ་དང་འདོད་སྲུང་ཅན། །བརྐམ་དང་ཤིན་

ཏུ་རྨོངས་པའོ། །སྙོམ་ལས་སྒྱིད་སྙོམ་སྒྱིད་སྐྱུར་དང་། །འཇས་པོ་དང་ནི་ཐ་ཤལ་ལོ། །བདག་འགེངས་དང་ནི་རང་གྲོད་འགེངས། །བདག་གི་གསུས་པ་འགེགས་པའོ། །ཀྲུམས་དང་ཤ་ཡི་ཟས་དང་ནི། །ལྟོ་ཆེན་གྲོད་ཆེ་དོང་ག་བདེ།
བཏུང་འདོད་པ་ལས་ཚིམ་པ་དང་། །སྐོམ་པ་ཚིམ་དང་བྲི་ཊའོ། །ཤིན་ཏུ་འདོད་ལོ་ལུ་བྷ། །ལུ་པྷཱ། ལོ་མ། ལམ་དང་ནི། །པ་ཊ་ལཱ་ལ་སཱ་ཞེས་སོ། །བ་སྤུའི་མྱུ་གུ། །བ་སྤུ་ལངས། །ཀུན་ཏུ་ཞུགས་དང་ཡི་དགས་བྱེད། །བྲེང་ཁེ་ལེ་ཏཾ་མཛེས་པ་དང་། །རབ་ཏུ་འགྲོ་དང་
རོལ་པ་མཚུངས། །ལོ་མ་མེད་དང་ཤིང་ཁྲུས་དང་། །གནས་སྦྱར་དང་ནི་མི་བཟད་མཚུངས། །མྱོས་པ་དང་ནི་ར་རོ་བ། །རང་ཉིད་བྱེ་དང་འཁྲབ་པའོ། །མྱོས་དང་ཆང་གིས་གཡེངས་པ་དང་། །གཡོ་ལྡན་ཆང་འཐུང་མྱོས་པས་གཡེངས། །ལམ་རིང་དོན་ནི་ཡང་
དག་མཐོང་། །རིང་དུ་ལྡང་དང་རིང་པོ་མཐོང་། །ད་ལྟར་བྱུང་བའི་བློ་གྲོས་དང་། །དུས་སུ་ཉེ་བར་ཞུགས་པའི་བློ། །གང་ཞིག་འབྱུང་འགྱུར་བསྐལ་པ་གཞན། །མཉམ་དང་མཐོང་པ་པོ་དག་མཚུངས། །ཕྲ་མོ་མཐོང་དང་ཀུ་ཤ་བསྟེན། །བློ་སྐྱེ་བ་དང་མཆོག་
བདེ་བ། །འདོད་དང་ལྔ་སྐྱེས་སྣོད་ལ་སོགས། །ཨ་བྷི་ར་དང་བྷ་ཛ་ནོ། །སྣོད་དང་བཅས་དང་ཐུན་ཟོས་དང་། །དུས་སུ་སྐྱེས་དང་ཉེ་བར་གནས། ༡ །འདོད་ལྡན་ལ་ནི་ཀ་མི་ཏཱ། །ཀ་མུ་ཀཱ་མ་ར་ཞེས་དང་། །ཀཱ་ལ་ལ་དང་ཨ་ནུ་ཀ །ཨཾ་བྷཱི་ཀ་དང་། ཨ་བྷི་ཀ །ཀཱ་མ་
མི་ཏཱ་ཞེས་པའོ། །མི་བརྟན་པ་དང་སྲབ་ས་པ་དང་། །རང་གནས་མི་གནས་གཞན་སྡང་མིན། །གང་དེ་གནས་སུ་བརྗོད་པར་བྱ། །ཀྲུ་བྲྀ་ཏཱ་ཏིར་གཉེན་ལས་སྐྱེས། །ལོག་ཅན་མཚམས་ཀྱི་འཚོ་བའོ། །འཇུག་བྱེད་རྗེས་དང་ཤ་སོགས་དང་། །ཆུ་ལ་སྨེ་བྱ་མངོན་
སྒྲུབ་པའོ། །སྒྲུབ་ཅན་དང་ནི་དུལ་བ་འཛིན། །ཚིག་བརྟན་པ་དང་ཨཱ་ཤྭ་བ། །དཔང་དང་རང་དགར་བྱེད་པ་དང་། །ཞི་བ་དུལ་བ་མཉེན་པ་མཚུངས། །སྤྱི་བརྟོལ་སྤོབས་ཅན་མཛེ་མེད་དང་། །ལོག་པར་སྤོབས་དང་བྷྲྀ་ཥུ་དང་། བྷྲྀཥྞུ་ཚུག་མེད། གནོངས་མེད་དང་། །

ཕྱག་འཚལ་གསོང་པོར་སྨྲ་བའོ། །གསོད་དང་འཇོམས་བྱེད་རྣམ་པར་འཚེ། །མི་ལ་འཚེ་དང་རྩུབ་ལས་བྱེད། །ལྕགས་རྩེ་ཅན་དང་རྣོན་པོའི་ལས། །མྱུར་བར་བྱེད་དང་འདེབས་པ་དང་། །ནུས་པས་གཟིར་དང་གདུང་བར་བྱེད། །འདེད་བྱེད་ཉམས་བྱེད་
འཇོམས་བྱེད་དང་། །རབ་སྒྲུབ་རྣམ་འགེབས་ག་ཎྜ་དང་། །རིགས་དང་སྔགས་བཅས་གཎྜ་ཀ །ཙི་ཀི་ཏ་དང་དགོངས་པ་དང་། །བག་ཚ། འཇིགས་དང་། འཇིགས་མེད་དང་། །འཇིགས་རུང་དང་ནི་སྐྲག་པའོ། །འཇིགས་ཕྱིར་རབ་ཞུགས་རང་འབད་ལྡན། །བྷརྨཱ་ཊཾ་
ནི་བདག་པོའི་ཆུང་། །འཐབ་པའི་དོན་དུ་རབ་སྦྱིན་བྱེད། །ཨ་ནུཏྤལ་ཐམས་ཅད་ཀྱི། །ཨུཏྤཱ་ལ་མཆོག་དཔའ་བའོ། །ཤོ་ཐ་ང་རྒྱལ་མེད་པ་མཚུངས། །ང་རྒྱལ་བཅས་པ་སཾམ་ཎི། །ཉེ་བར་གྱུར་དང་ཉེ་བར་གདུགས། །ལུས་ལྡན། མུརྟི་མྲྀཏྟཾ་དང་། །ཀ་ཐོ་རཾ་དང་། མཁྲེགས་
དང་། བརྟན། །ནིཥྛ་པ་རཾ་དང་ཀ་ཐུ་ཊཾ། །ཀཱུ་རཾ་དང་ནི། ཛ་ཐ་རཾ། །ཀརྐ་ཤ་ཞེས་བྱ་བ་རྣམས། ༡༡ །མཚམས་མེད་དང་ནི་རླུང་མེད་དང་། །ནི་རྦ་རཾ་དང་ཀརྐ་རཾ། །པཱི་ཏ་ར་དང་པཱི་ན་ཥཱི། །ཡཱ་ནོ་སྦོམ་པོ་བྱེད་ཅེས་ཀྱང་། །སེར་སྣ་དམན་དང་ཞན་པ་དང་། །མི་ཏཾ་པ་ཙི་ཀ་པ་
ཙཱ་ན། །སྲང་དང་ཁུ་ཚུར་སྲིན་བུ་དང་། །ཀྵུ་པ་ཀ་དརྦྱ་ངན་པ། །དབུལ་པོ་སྒྲུབ་མེད་དམན་པ་དང་། །ནི་སྤཱ་ཅུང་ཟད་ངན་འགྲོ་ཉིད། །གནས་ངན་ངེས་འཐོར་བཱ་ཐ་ཙཱ། །ཙ་ཀེ་ཚོལ་བའི་དོན་ཅན་དང་། །བ་ནཱི་བ་ཀ་སློང་བ་པོ། །བ་སུ་ཀི་ཊ་ཁ་གཞན་ནོ། །ཀུན་ཏུ་ཆོས་
ཅན་ཆོས་ལྡན་དང་། །ཤིང་ཀུ་ར་བི་མཐའ་ལྡན་ནོ། ༦ །ས་སྦཱཾ་ཏྤ་ང་རྒྱལ་ཤེས། །སྒ་ནྟྲ་སྣུམ་དང་མཉེན་པའོ། །ཤིན་ཏུ་གཞོན་དང་སོ་མཱ་ནཱཾ། །ག་མ་ལཾ་དང་རྩ་བ་སྦྱིན། །འཇམ་དང་རེག་བདེ་ཀོ་མ་ལཾ། །སེ་ལ་བཾ་ཞེས་བྱ་བའོ། ༤ །མཛེས་དང་། གསལ་དང་། བཟང་བ་
དང་། །སུ་བ་མ་དང་བཱ་དྷ་དང་། །ཤོ་བྷ་ནཾ་དང་། ཀཱནྟཾ་དང་། །ཡིད་འཕྲོག་ཏུ་ཙ་ཡིད་འོང་དང་། །མ་དྲུ་དང་ནི་མཉྫ་ལཾ། །ལོ་ཌི་ཧཾ་དང་བཟང་པོ་ཅན། །ན་ཡུདྑཾ་ལ། ག་ཏཾ་དང་། །བརྞ་དང་ནི། བརྡྷ་རཾ། ༡༨ །གཡོན་དང་པདྨ་ལྡན་པ་དང་། །ཡིད་དུ་འཐད་དང་ཡིད་དགའ་དང་། །

ཉམས་དགའ་སྤྱོད་པ། དགའ་བ་ལྡན། །བྱེད་ལྡན་ཞི་བ་སེ་ཤ་ལམ། །མངོན་པ་ཨ་བྷི་སྶ་ཏ་དང་། །སྙིང་འབབ་ཐོབ་དང་རྩེ་དང་དགའ། །སྐལ་བཟང་དང་ནི་མ་ལུ་རཾ། །མིག་ཏུ་འཐད་དང་མཐོང་ན་དགའ། །ལྟ་བས་ཆོག་
མི་ཤེས་དང་ཚིམ། །མཐའ་མེད་གྲགས་ལྡན་ལེགས་མཐོང་བ། །གཞན་དང་ཐུན་མོང་མིན་པ་དང་། །བྲ་ཏི་སྭི་གཾ་མ་འདྲེས་པ། །རྣོན་པོ་དང་ནི་རྒྱལ་པོ་འཇོམས། །མ་སྟན་དང་ལྷོད་པ་དང་། །ཚགས་ལྷོད་འདོད་རྒྱལ་རབ་ཏུ་ལྷོད། །ལྷོད་པ་མགོར་གནས་
འདྲེན་པ་མིན། །མ་དྷ་སྠ་དང་། བྲིཥྚེ་དང་། །བཅོམ་དང་། རྒྱབ་དང་ཤམ་བདེ་བ། །གཏམ་དང་ཐོས་ཅན་རབ་བསྟེན་བྱ། །རབ་ཏུ་སྦྱིན་བྱེད་ཅེས་པའོ། །བརྣབ་སེམས་ཡིད་འདོད་ཅེས་བྱ་དང་། །ཁྱིམ་ཆགས་པ་དང་ཁྱིམ་ཞན་པ། །ངང་ཅན་ནང་གནས་
དང་ཆགས་པ། །ལྟུང་འདོད་དང་ནི་བབས་འདོད་དོ། །ངོ་ཚ་ཚུལ་ཅན་ཁྲེལ་ལྡན་ནོ། །འཇུག་པ་དང་ནི་འཕེལ་འདོད་དང་། །འཕུར་འདོད་དང་ནི་སྟེང་འགྲོ་འདོད། །ཚུལ་བཟང་ལོགས་དང་རྨང་མེད་པ། །གྱེན་དང་། སྟེང་དུལ། སྟེང་གནས་དང་། །རབ་ཏུ་ཞི་
དང་སྤོབས་པ་ཅན། །རྒྱན་འདོད་དང་ནི་རྒྱན་ཆ་འདོད། །འགྱུར་འདོད་དང་ནི་ཡིད་འདོད་དང་། །འཁོར་འདོད། འཇུག་འདོད་མཚུངས་པའོ། །ཁ་འགོག་ཉ་བ། ཆུ་འདོད་པ། །ནི་རིག་ལ། ཨ་བ་དྷ། །ཤེས་ལྡན་རྣམ་སྤྱོད་ཐིག་ལེ་དང་། །རྣམ་པར་རྒྱས་
དང་། རྣམ་པར་གསལ། །བཀྲམ་པ་བརྡལ་བ་རབ་ཏུ་བརྐྱངས། །རྣམ་པར་བརྐྱང་བ་ཞེས་བྱའོ། །མ་ནགས་ནུས། མི་འཛེར་བཟོད་པ་དང་། །བཟོད་དང་བསྲན་ནུས་གུས་པའོ། །ཁང་པ། ཆུ་ཀླུང་། ཁྱིམ། དེ་པའོ། །བསྡུས་པའི་དཔའ་བོ་དེ་ནས་ཁྲོ། །
ཁྲོ་བ། འཚིག་པ། སྣ་ཐུང་བ། །གཏུམ་པ་ཤིན་ཏུ་ཁྲོ་བའོ། ༦ །གཉིད་མེད་དང་ནི་གཉིད་ཆག་གོ །གཉིད་ཡུར་བ་དང་། རབ་ཏུ་འཐིབས། །གཉིད་འདོད་པ་དང་། གཉིད་ལོག་འདོད། །གཉིད་ལོག་པ་དང་ཉལ་བ་མཚུངས། ༨ །འཕྱང་དང་། མཛེས་དང་།

ཕྲ་དང་ཟད། །དེ་ནས་ཉམས་དང་ཟིན་པའོ། །ལྷར་འགྲོ། ལྷ་ལ་ཕྱོགས་པ་དང་། །སྣ་ཚོགས་འགྲོ་བ་ཀུན་ཏུ་འགྲོ། །གང་ཞིག་འཕྲེད་འགྲོ་ད་དུད་འགྲོ། །ལྷན་ཅིག་འགྲོ་དང་དུས་གཅིག་འགྲོ། །ཕྱིན་ཅི་ལོག་དང་གཞན་དུ་ཕྱོགས། །ཕྱིར་ཕྱོགས་པ་དང་
ཕ་རོལ་ཕྱོགས། །རྒྱབ་ཀྱིས་ཕྱོགས་དང་། པྲ་ཏཱི་པ། །མཐུན་པ། ས་མཉྫ་བའོ། །ཉེ་བ་དང་ནི་ཉེ་བར་ཞུགས། །འགྲོལ་དང་ཁ་བུབ་འོག་ཏུ་ཕྱོགས། །རྗེས་སུ་འགྲོ་དང་རྗེས་སུ་སོན། །བཟོད་འདོད་ཉེ་བར་བསྟེན་པ་དང་། །རྗེས་སུ་འགྲོ་བྱེད་དེ་རྗེས་ཚིག །
མ་ནིང་དང་ནི་མི་ཟད་པའོ། །སྒོ་བཅས་ངེས་བཅས་རབ་བརྗོད་དང་། །སྨྲ་བར་བྱེད་དང་། སྤོབས་པ་ཅན། །ངག་དབང་དང་ནི་ངག་དག་མཚུངས། །བཟླས་པ་སྨྲ་བ་བརྗོད་པའོ། །གསུང་ལྡན་སྨྲ་བྱེད། སྨྲ་མཁས་དང་། །གསལ་ལྡན་དང་ནི་སྒྲིན་པོ་དང་། །སྨྲ་བའི་
བྱེད་པོ་ཞེས་བྱའོ། །ཁ་བཅིངས། ཁ་ངན། ཚིག་ངན་ནོ། །གཏམ་དང་། ལོ་རྒྱུས་ལབ་བཟང་དང་། །སྨྲ་བཟང་། སྨྲ་མང་། གཏམ་མང་པོ། །བླ་ན་མེད་པ་གང་སྨྲ་བ། །བསྙེམས་པས་བརྗོད་དང་། བརྗོད་པ་ཆུང་། །ངན་སྨྲ། ངན་སྤྱོད་མཚུངས་
པའོ། །འབྲུ་མི་གསལ་དང་། གཏམ་མི་གསལ། །སྐད་དང་། སྒྲ་ཞེས་བྱ་བ་དང་། །བསྟོད་སྨད། བསྔགས་སྨྲ་བརྗོད་པ་མཚུངས། །ནུས་དང་འགལ་བ་སྨྲ་བྱེད་མཚུངས། །གཟེངས་བསྟོད་པ་དང་མཐོ་བར་བྱས། །སྨྲ་བའི་ཚུལ་དང་ཁ་རོག་གོ །གཅེར་
བུ་གོས་མེད་ཕྱོགས་ཀྱི་གོས། །གནོད་དང་། གཟིར་དང་། གཞན་གྱིས་འཆིར། །གཞལ་དང་མིག་ཞལ་ངེས་འཇོམས་སོ། །འཁྲུལ་དང་ཕལ་ཆེར་རྣམ་སྐྲག་དང་། །བག་ཚ་བ་དང་། འཕྱར་བ་མཚུངས། །བྱར་མེད་པ་དང་རྣམ་གཡོ་མཚུངས། །བྱ་སྟ་
འཁྱོག་པོ་ཀུན་ཏུ་འཁྲུགས། །འདོད་དང་། ཨུཏྤ་ཉྫ་ལ་དང་། །སྐྲག་པ་སྦྱིན་དང་དགོས་པའོ། །སྡིག་སྤྱོད་དང་ནི་ཀུན་སྤྱོད་ངན། །དབང་བྲལ་འཆིང་ལྟས་སུན་འབྱིན་བློ། །དོན་མེད་པ་དང་དོན་སྟོང་འཐོབ། །ཉམ་ང་བ་དང་ཤིན་ཏུ་འཇིགས། །ཀྵི་ཏ་ལྕག་

ཙུབ་ལྕག་གི་རྒྱུ། །གཡོ་བ་དང་ནི་མི་བརྟན་པའོ། །མི་ཤེས་བླུན་པོ་མངོན་པར་སྟོན། །སུན་འབྱིན་པ་དང་། བྱི་བ་ཤོར་རོ། །ཁ་རྒྱལ་བ་དང་ཤགས་རྒྱལ་བ། །ལག་ཡངས་པ་ནི། སྟེར་འདོད་མཚུངས། །འཇིགས་པ་མེད་དང་ཀུན་ཤེས་
དང་། །འགྲོ་དང་། ཏི་ཀ་པཱ་ག་ར། ཚིག་རྡེག་དང་ནི། སླར་སྨྲ་བ། །འཆིང་བྱེད་ཕུར་བུ་འགོག་བྱེད་དོ། །འཆིང་བ་བཅིང་དང་གོ་ཆ་ཅན། །ལྕག་གཞུས་སྐྱོབ་བྱེད་གསང་བྱ་གསོད། །སྐྱོན་འཛིན་ཕ་རོལ་ཉེ་བར་རྟོག །སྐྱོན་ལ་གཅིག་ཏུ་རྟོག་པའོ། །དུག་སེལ་བ་དང་དུག་
གིས་གསོད། །གཏུན་ཤིང་། གཏུན་གྱིས་བརྡུངས་པ་དང་། །ཞེ་སྡང་དང་ནི་འཁྲུག་པ་དང་། །གསང་བྱ་མགོ་བཅད་འདི་དག་མཚུངས། །ཨུཏྟཱ་བི་ལ་གཡོ་བ་དང་། །ཤིན་ཏུ་གཡོ་དང་རྣམ་གཡེང་ངོ་། །ཨུཏྤཱ་ལ་དང་། ཏ་རཱ་ལ། །ལོག་དང་མ་དུལ་ཚུལ་ངན་
ཅན། །རྣ་བར་ཟློས་དང་སྨྲ་མཆུ་ཅན། །ཕྲ་མ་དབྱེས་དང་གཅུགས་ཞེས་བྱ། །སྐྱེ་བོ་ངན་དང་། ལྕེ་གཉིས་དང་། །སླུ་བྱེད་དང་ནི་སྭོ་ད་ཀ །རྣམ་འཚེ་འཇོམས་བྱེད་འཚོ་བ་སྡིག །མནར་བྱེད་དང་ནི་མ་སྒྲུངས་པ། །སྠ་ག །མ་རུངས་ཀི་ཏ་བ། །གཡོ་དང་། ངེས་
བྱེད་མ་ཡིན་སྐྱེས། །དབྱུག་འཁྲུག་ཅན་དང་ཀུ་ཧ་ཀ་༡།། སྒོ་གླེགས་ཅན་དང་། དྲ་བ་ཅན། །སྲི་ཏི་ཀ་དང་། ཁམ་པ་དང་། ཟུར་མིག་སྒྱུ་མ་ལྡན་པ་དང་། སྒྱུ་མ་མཁན་དང་སྒྱུ་མ་ཅན། །སྒྲུབ་མེད་ངན་པ་ཉེར་འཇིག་དང་། །ཡིད་ཅན་ཁ་ན་མ་ཐོ་དང་། །རིགས་ངན་
ཀུན་ཏུ་དམན་པ་དང་། །ཨ་བ་ལཱཾ་ཀུ་ཡཱ་པ་རཾ། །ཀཾ་རེ་པ་དང་། སཱ་ལླཱི་དང་། །ཁེ་ཊ་གརྒྷ་པྲ་ཏིཥྞ། །ཨརྦ། པཱ་བ་ནི་ཀཱཎྜཾ། །ཙ་ལཾ་དྷྲུ་གཾ་ཧེ་ཏུ་པྲཾ། ༢༡ །སྡིག་པ་སྡིག་འདོད། སྡིག་ཅན་ནོ། །སྟོན་པ། བསྟན་པ། སྟོན་བྱེད་དོ། །མཐོ་རིས་ལྷ་རྣམས་
རྫུས་སྐྱེས་ཏེ། །མི་དང་ཕྱུགས་སོགས་མངལ་ན་སྐྱེས། །ཤ་སྦྲང་སྲིན་སོགས་དྲོད་གཤེར་སྐྱེས། །བྱ་དང་སྤྲུལ་སོགས་སྒོང་སྐྱེས་རྣམས། །ཤིང་དང་སྔོ་སོགས་ས་གཞི་སྐྱེས། །སས་བསྐྲུན། ས་སྐྱེ། ས་ལས་འཁྲུངས། །ཁ་བ་བསྐ་བ། དྲི་ཞིམ་དང་། །འགྲོ་

བ་རབ་སྦྱོང་ལམ་ཁའོ། །གཙང་བ་དྲི་མ་མེད་པ་དང་། །ཡེ་དག་རང་བཞིན་དྲི་མེད་དོན། །ཚོགས་པ་སྦྱར་དང་བྱི་དོར་བྱས། །བཀྲུས་དང་དྲི་མ་མེད་པར་བྱས། །ངེས་སྦྱངས། ཁྲུས་དང་། དག་པ་དང་། །དག་བྱས་རབ་ཏུ་བཀྲུས་པ་དང་། །རྙོག་པ་མེད་དང་དྲི་མ་བྲལ། །
རྣམ་སྦྱངས་འབར་དང་དྲི་མ་མེད། །དྲི་མས་གོས་དང་། དྲི་མ་ཅན། །ནག་ནོག་དྲི་མས་སུན་ཕྱུང་བ། །ཉམས་པ་དང་ནི། ཀཥྨ་ལཾ། །སྙིང་པོ་མེད་དང་། ཕལྒུའོ། །སྟོང་པ་དང་ནི་གསོག་དང་གསོབ། །ཡ་མ་བརླ་དང་། ཏ་ལི་ནི། །གཙོ་བོ་དང་ནི་དང་པོའི་སྒོ། །གདོང་དང་། མཆོག་དང་། དཔོན་
དང་ནི། །ཆེ་ཤོས། རྩེ་མོ། མཆོག་གྱུར་དང་། །གོང་མའི་གོང་དང་། མཆོག་རབ་མཆོག །རབ་རྩེ་ཆེན་པོ་ཕུལ་བྱུང་དང་། །ཆེས་ཆེ་བ་དང་། ཕུལ་བྱུང་དང་། །མཆོག་གི་མཆོག་དང་རྩེ་མོར་འགྲོ། །ལེགས་པ་ལེགས་གནས་མཆོག་ལྡན་དང་། །མཆོག་གནས་དང་ནི། རབ་མཆོག་
རབ། །ཕུལ་བྱུང་གྱ་ནོམ། ཤིན་ཏུ་མཆོག །བླ་ན་མེད་དང་ཤིན་ཏུ་མཛེས། །གོང་མ་མ་ཡིན་དམན་པ་གཉིས། །འོག་མ་དང་ནི་མ་རབས་སོ། །ཆེ་དང་། རྒྱ་ཆེ་བ་ཏྲཾ་དང་། །ཡངས་དང་ཡངས་ལྡན་ཡངས་པ་དང་། །མ་ཧ་ཏ། རྣམ་ཡངས། དབྱེས་ཆེ་དང་། །མུར་བླུ་དུ། གུ་
རུའོ། །ཕྲ་མོ་བག་ཙམ་ཆུང་ངུ་མ། །ཆུང་བར་གནས་དང་ཨ་ལཱི་ཡ། །ཆུང་དང་། ཉུང་དང་། ཅུང་ཟད་པ། །ཕྲ་མ། འཇམ་པ། རྩ་ཕྲན་ཚོགས། །སྲབ་དང་། ཆར་ཉེ་བག་ཙམ་དང་། །ཟེགས་མ་དང་ནི་འཐོར་མའོ། །ས་ཏུ་ཕྲན་ཚིགས་ཐུན་ཚིགས་སོ། །དཔག་མེད། ཚན་ཆེ། མང་པོ་དང་།
རབ་མང་དཔུང་ཆེ་ཕལ་ཆེ་དང་། །མང་རབ་དང་ནི་བྷུ་ཏིའོ། །གང་བ། བརྟན་པ། ཁེངས་པ་དང་། །རྒྱས་པ་དང་ནི་གཏམས་པའོ། །ངེས་པར་སྒྲུབ་དང་ངེས་པར་འཇུག །བཙས་པ་དང་ནི་སྨིན་པའོ། །བྱས་པ་དང་ནི་བཅོས་པ་མཚུངས། །སྦྱིན་པ། བྱིན་དང་། བྱིན་པའོ། །བདེ་བྱེད་དང་ནི་
འདོད་པ་མེད། །མ་ཊཾ་ཀ་ར་བདེ་བྱེད་དོ། །རྒྱུད་དང་། དགེ་བ། སྦྱིན་བྱེད་དང་། །དགེ་བ་སྦྱིན་སོགས་དེ་བྱེད་པའོ། །གོང་དུ་འཕོ་དང་ཞི་བ་པ། །སངས་རྒྱས་པ་དང་རྣམ་འཇིག་མཚུངས། །ལྔ་འཛིན་པ་དང་། ཕྱུགས་བདག་སྐྱེས། །ཀཽན་སྟ་དང་འདྲེན་འདོད་པ། །ཟས་བྱེད་པ་དང་དབྱེ་བ་

དང་། །འཛེམ་མེད་གོས་མེད་ཕྱོགས་གོས་ཅན། །གཅེར་བུ། བ་ལང་། ལུས་གཅེར་ཚོགས། །བསོད་སྙོམས་ཟ་དང་། དྲི་མ་འཛིན། །འཚོ་བ་པ་དང་ཐོས་བྱེད་པ། །འཁོགས་དང་། བཙུན་བ། སྲིད་འདུལ་བྱེད། ༡༥ །ཆེ་ཕན་བགྲོད་པ་ངེས་འགྲོ་བ། །རབ་གྲགས་པ་
དང་ཕ་མེས་འདོད། །དཀར་པོ་ལྡན་དང་། འཕགས་པ་འདྲེས། །མཆོད་བྱ་དང་ནི་འགྲོན་འོངས་མཚུངས། །དེ་འཚོ་བསམ་འདོད་རེ་བ་དང་། །སྦྱིན་བྱེད་དང་ནི་ངེས་འཛོམས་སོ། །ཉིན་མོ་དགའ་དང་འདོད་པ་དང་། །འཇོམས་བྱེད་བནྡྷུ། དཀྟ་བཏ། །རབ་ཏུ་ཐལ་སྦྱོར་དྲང་པོ་དང་། །ནི་རནྡ་
ལ་གནོད་ལས་རྒྱལ། །འདོར་འདོད། སྣང་འདོད། རབ་གནས་དང་། །མཆོག་གནས། སྒྲོས་གནས། ཕྱི་རོལ་གནས། །མྱུར་དང་། ཕྲ་དང་། ཤིན་ཏུ་འདོད། །རྒྱ་ཚེ་སྦོམ་མ། །རབ་བྱེད་དོན། །ལེགས་དང་། རིང་དང་། རྒྱས་པ་དང་། །ཤིན་ཏུ་ལྕི་དང་། ཤིན་ཏུ་ཐུང་། །འཕེལ་དང་ཆེ་དང་ཡངས་པ་དང་། །
མང་དང་། བརླིང་དང་། ཐུང་བ་དང་། །ཚོགས་ལྡན་ཤིན་ཏུ་ཕུལ་བྱུང་ངོ་། །ཐམས་ཅད་སྣ་ཚོགས་མ་ལུས་དང་། །ཟད་པར་ལྷག་མེད་ལུས་པ་མེད། །ནི་ཁི་མ་དང་། མཐའ་དག་དང་། །ས་མ་གྲ་དང་། ས་མསྟ། །རྫོགས་དང་མཚང་མེད་པ་དང་། །ཀུན་དང་དུམ་བུ་མིན་ཞེས་བྱ། ༡༤ །བརྒྱ་ལས་ཕ་རོལ་
སྟོང་ལ་སོགས། །བརྒྱ་སོགས་ཕ་རོལ་གྲངས་གྱུར་པ། །གང་དེ་གྲངས་ཏེ་བརྩིས་ཏེ་གཞལ། །བགྲང་བ་དང་ནི་བརྩི་བའོ། །བསྡུས་དང་། བསྒྱུར་དང་། བསྣུན་པ་དང་། །ཀུན་ཏུ་བསྣུན་པ་ཞེས་པར་འགྱུར། །རྣམ་པར་བཅད་པས་ཁྱད་པར་བྱས། །སྟུག་པོ་བར་མེད། མཚམས་མེད་དང་། །ཐོ་
རེ་བ་དང་། ཅོ་ལེ་བ། །ཉེ་ལོགས། ཉེ་འཁོར་དྲུང་ན་མོ། །གློ་དང་མཐོ་འཁོར་འདྲ་བ་མོ། །ཉེ་བའི་མགྲིན་དང་། ལུགས་བཅས་པ། །ཕྱོགས་མཐུན་པ་དང་མཚུངས་པར་སྤྱོད། །ས་ནཱི་ཨི་དང་ཉེ་བ་དང་། །མ་ཟད་པ་ནི་ཨ་བྱ་ཡཾ། །ལོགས་དང་། མཐའ་དང་ཉེ་བའོ། ༡༨ །ཕྱོགས་འདྲ་བ་དང་། ཕྱོགས་
མཚུངས་འདོད། །ཡང་དག་ཆགས་པ་འབྱར་བ་དང་། །ཤིན་ཏུ་འཐམས་པ་ཞེས་ཀྱང་ངོ་། །འགྱངས་དང་མཆོག་ཏུ་རིང་བ་དང་། །ཨ་རང་བྱ་བ་ཧཾ་ཏཾ་མཚུངས། །ཤིན་ཏུ་རིང་འགྱངས་ཆེས་རིང་དང་། །རིང་པོ་དང་ནི། རྒྱ་ཆེ་བ། །ཟླུམ་པོ་རིལ་པོ། ཟུར་མེད། སྒོང་། །མཐོ་དང་མཐོན་པོ་རིང་

པོ་དང་། །དམའ་བ་ཐུང་ངུ་། མི་མཐོ་བ། །མཆུ་ཐུང་བའོ། །དེ་ནས་མཐོ། །རིང་དང་རྩེ་མོ་བསྒྲེང་བ་དང་། །ཏུངྒེ་དང་ནི་ཨུཙྪཻ་པའོ། །བཀྵུ་རཾ་དང་། གུག་དང་། དུད། །རྩེ་མིན་དམའ་དང་། ཐུང་བའོ། །འཁྱོག་པོ་ཡོན་པོ། ཀྱོག་པ་དང་། །མི་དྲང་འཁྱུས་དང་། སྒུར་པོ་དང་། །ཡོ་ཅན་ཀྱག་ཀྱོག་
འཁྱོག་ཅན་དང་། །གྱ་གྱུ། དགྱེ་དགུ། བྷ་སྒུ་ར། །ཡན་ལག་མ་ཚང་། རྩི་ཏཾ་དང་། །ཀ་ལཱ་ལ་དང་ས་སྟོ་མཚུངས། །དྲང་པོ་དང་ནི་འཁྱོག་མེད་དང་། །པྲ་གུ་ཎ་དང་། ཤ་ར་ལ། ༤ །རྟག་པ་རྟག་ཏུ་ངེས་པ་དང་། །རྟག་ཏུ་གཏན་དུ་ཆགས་མེད་དང་། །གཟུགས་གཅིག་ཉིད་ཀྱི་དུས་ཁྱབ་
དང་། །ཐེར་ཟུག་པར་ནི་བརྗོད་པར་བྱ། ༧ །དོན་མེད་དོན་བྲལ་མོ་གཤམ་དང་། །འབྲས་མེད། ཆ་མེད། སྭཱ་ཧཱའོ། །ཀ་རཾ་བི་ཏཾ་སྤྲས་པ་དང་། །ཁྲོས་པ་བྷུ་རུ་ཀུཎྜི་ཏཾ། །གནས་དང་། ཆེས་བརྟན། གནས་བྱ་དང་། །བརྟན་དང་ཅིག་ཤོས་གཡོ་བའོ། །སྤྱོད་དང་། གཡོ་བ། སྤྱོད་བྱེད་དང་། །
གཡོ་བ། ལྡེག་པ། འགུལ་བ་དང་། །བསྐྱོད་པ་འཁྱམས་པ་ཡམ་ཡོམ་དང་། །ལྡག་ལྡེག། ཤིག་ཤིག་པག་པིག་དང་། །འགུལ་དང་བསྐྱོད་པ་ཉིད་དང་ནི། །ཡོངས་སུ་འགུལ་དང་ཡོངས་སུ་འཁྱོལ། །འགྲོ་དང་། རྐྱལ་དང་། རབ་གཡོ་འདེགས། །རྙིང་པ་དང་ནི་རབ་རྒན་དང་། །སྔོན་
དུས་མ་དང་། ཡུན་རིང་མ། །སྔོན་སྐྱེས་དང་པོ་རྒས་པའོ། །བཟང་པོ་སར་པ། མངོན་པར་སར། །སོ་མ། སླར་བྱུང་། རབ་གཞོན་དང་། །ཐོག་མ་ཡག་མ་གསར་བྱུང་ངོ་། །རབ་འཕེལ་དར་མ་མེ་དྷི་ཏ། །རབ་གསལ་སྣང་བ་གསལ་བ་དང་། །རབ་སྒང་། རབ་གསལ། སྨུ་ཊའོ། །
རྩེ་གཅིག་དང་ནི་བགྲོད་གཅིག་དང་། །ལུས་གཅིག་པ་དང་གཞན་མིན་འཇུག །བགྲོད་གཅིག་འགྲོ་དང་གཅིག་འགྲོ་བ། །མཆོག་གཅིག་དང་ནི་དེར་འགྲོའོ། །རྟིང་པ་དང་ནི་ཕྱི་མོའོ། །གཅིག་གཅིག་པ་ཡང་རེ་རེ་བ། །ཐོག་མ། སྔོན་མ། སྔ་མ་དང་། །དང་པོ་མགོ་མ་ལ་སོགས་སོ། །
ཐ་མ་ཐ་ཤལ། རྗེས་མ། མཐའ། །ཕྱི་མ་དང་ནི་མཇུག་མའོ། །ཐ་དད་དོན་དང་། གཅིག་གཞན་དང་། །ཆེས་གཞན་པ་དང་ཅིག་ཤོས་སོ། །བེེ་ཙ་གི་ཀ་ཆགས་བྲལ་འོས། །མ་ལུས་དོར་བ་ཞེས་བྱ་གཉིས། །དབང་པོ་ཅན་དང་བར་ལྟ་བ། །མངོན་སུམ་ལ་ནི་ཕྱི་ཞེས་ཀྱང་། །

དབང་པོ་ལས་འདས་ནང་དང་ཕྱི། །བར་ན་གནས་པ་དོན་མེད་ཅན། །བི་སྭཙྪསྟུ་སྠི་རེ་ཤུ། ཥྐེ་བཱ་ན་མཱ་སྱ་ན་ནཱི་ར་སཾ། །སུཙྪཎྜ་ཏི་རྣམ་འཕྱང་མིན། །ཨ་ལཾ་ག་ཊཾ། རབ་འཕྱང་མིན། །ཤིང་རྟ་དང་ནི་སཾ་པཱ་དྷ། །འདྲེས་པ་དང་ནི་
འཆོལ་བའོ། །ས་བྱཾ་ལུས་ཀྱི་གཡོན་ལ་འགྱུར། །ཨ་པ་ས་བྱཾ་གཡས་ལའོ། །པྲ་ས་བྱཾ་ནི་གོ་བཟློག་འགྱུར། །ཨ་པཥྵུ་ཡང་གཡས་ལའོ། །མི་མཐུན་པྲ་ཏི་ལོ་མ་དང་། །པྲ་ཏི་ཀུ་ལཾ། ཨ་པཥྛུ་ལཾ། །ཕན་དང་མཉེས་གཤིན་གཅེས་པའོ། །མཐོང་བྱ་པ་
ཤོ་ཧྲྀ་ཏའོ། །ལྕགས་སྒྲོག་ཨ་ནརླ་ནའོ། །ཚིག་མང་གཅིག་གིས་དབྱེ་བ་དང་། །སྐྲ་བྲེགས་པ་དང་། བཞར་བའོ། །མཉེས་པ་བསུབ་པ་འཕུར་བ་དང་། །རྣམ་བབ་འགྲོ་དང་འགྱུར་བའོ། །བར་དུ་སོང་དང་བརྗེད་པ་དང་། །རབ་ཏུ་སོང་དང་བར་དག་མཚུངས། །
འཕུལ་བ་འདེད་པ་བསྐུལ་བ་དང་། །བསྐྱེད་པ། འཕུལ་བ། འཕེན་པར་འདོད། །ནི་གཱ་ཌ་དང་ཤཱ་ཏ་དང་། །བརྡར་བས་རྣོ་བྱས་རྣོན་པོར་བྱས། །རྒྱ་བཏབ་པ་དང་། ཨབ་བཏབ་པ། །བསྒོ་བ་དང་ནི་བརྗོད་པ་དང་། །སློང་བ་དང་ནི། ཞུ་བའོ། །རབ་ཏུ་བཀབ་དང་
སམྦཱི་ཏཾ། །ཁེབས་དང་བཀབ་པ་ཞེས་པ་ཡང་། །ངེས་པ་དང་ནི་ནི་ཡ་ཏ། །གང་བ་དང་ནི་རྫོགས་པའོ། །རྫོགས་ལ་ཁད་དང་། ཟིན་ལ་ཁད། །བསྲེགས་དང་། ཚིག་དང་། ཚིག་མའོ། །བཞོགས་དང་། བཞུར་དང་། ཆུང་ངུར་བྱས། །ཉོན་མོངས་དང་ནི་སེམས་སྡུག་གོ། །
ཕུག་དང་། རྟོལ་དང་། བུག་པ་བྱས། །རྣམ་དཔྱད། བརྟག་དཔྱད། རྣམ་པར་ཕྱེ། །སྟུག་པོ། འཐུག་པོ། དྲུ་ཏའོ། །གྲུབ་པ། ཟིན་པ། རྫོགས་པའོ། །གསེས་པ། ཕྱེ་བ། དབྱེ་བའོ། །འཁོར་བ་འཇུག་པ་འཁྱིལ་བའོ། །ཡང་དག་འབྱོར་དང་ཉེ་བར་འབྱོར། །
འཆིང་བ། འཁྱིགས་པ། བསྡོམས་དང་། འདོགས། །བརྟོད་པ་དང་ནི་དཀྲིས་པའོ། །དོག་པ། སྣལ་མ། རན་མ་སྣས། །ཐགས་ཀྱི་རྒྱུ་རྣམས་བྱེད་པའོ། །ཉེ་བར་གནས་དང་ཉེ་བར་བཏུད། །ཉེ་བར་དོང་དང་ཉེ་བར་སོན། །ངེས་མཆོད་སོགས་དང་འཕར་དང་པོར། །

སྟེར་དང་ཤིན་ཏུ་མཆོང་པ་དང་། །གྲོལ་དང་ཡོངས་སུ་འཇམ་པ་མཚུངས། །འཐོབ་དང་། རྙེད་པ་གཉིས་དག་གོ །འདོགས་པ་འཁྱོར་བ་འགུལ་བ་དང་། །གཡོ་ལྡེག་པ་དང་། འདར་བའོ། །གཤེར་ཅན་རླན་ཅན། རློན་པ་དང་། །འདས་པོ་སྐལ་མིན་ཐག་ཅན་བློན། །
ཀུན་མཆོད་དང་ནི་ཀླིནྣའོ། །རབ་ཏུ་འགྲོ་དང་རབ་ཏུ་འཕེལ། །ཆག་པ་དང་ནི་ཞིག་པའོ། །སྦས་དང་། ཡིབ་དང་། ཉེ་བར་བསགས། །སྨིན་དང་། མྱུག་དང་། ལེན་པ་དང་། །ཏེ་བར་བྱུག་པ་ཞེས་བྱའོ། །བབས་པ་དང་ནི་ཞུ་བའོ། །ཆུ་དོང་དང་ནི་ཁྲོན་པའི་ཆུ། །བསྒོ་
བ་དང་ནི། སློབ་པའོ། །མཆོད་དང་། རྗེད་དང་། གསོལ་རིམ་འགྲོ། །ཕཱ་ཊ་དང་ནི་མ་ནཱ་ཡང་། །བཀུར་སྟི་འགྲོ་དང་། མར་འོ་མ། །ཆུ་ཡིས་སྨིན་པ་ཞེས་པའོ། །སྣ་དང་། སྣོམ་དང་། བསྣམ་པ་དང་། །སྣ་མང་། སྣོམ་ཉན། སྒོ་ཆོས་པ། །ཁྲེལ་དང་ངོ་ཚ་འཛེམ་བག་དང་། །
འཐོབ་བྱ། འདུད་བྱ། བསྡུ་བ་སོགས། །གཡོགས་པ་དང་ནི་བྱིབས་པའོ། །འགྲོ་བ། འབབ་པ་འགྱུར་དང་འཇུག །ཞར་བྱུང་བ་ནི་ཟུར་གྱིས་བརྗོད། །ཡོངས་སུ་གྱུར་དང་བརྗོད་པའོ། །རྣམ་སྒྲུབ་མང་བྱེད་སྣ་ཚོགས་དང་། །གཟུགས་ནི་སོ་སོར་སྒྲུབ་པ་མཚུངས། །
བསྡོམས་ནས་བརྗོད་དང་བསྡུ་ཡིག་གོ །ས་མུནྣ་རྷ་ངེས་པར་སྨད། །མྱང་འདས་ཐུབ་པའི་མེ་ལ་སོགས། །མྱང་འདས་རླུང་མི་འཇུག་པའོ། །བཤང་བ། ལྕི་བ་བཅག་བྱས་པ། །རྒྱས་པ་དང་ནི་གང་བའོ། །ཁ་སླང་བ་དང་རང་གིར་བྱས། །ཀུན་ཐོས་སོ་སོར་བཟོད་པ་
དང་། །ཡང་དག་ཐོས་དང་རིག་པ་དང་། །ཉེ་བར་ཐོས་དང་ཆད་བྱས་དང་། །མཉམ་པར་བཞག་དང་ཉེ་བར་སོན། །ཕྱག་འཚལ་འདུད་དང་། མཆོད་པ་དང་། །བཀུར་སྟི་རིམ་གྲོ། རི་མོར་བྱས། །ཉེ་བར་སྤྱོད་དང་། ཉེ་བར་གནས། །ཞབས་ཐོག་ཞབས་འབྲིང་བཀུར་བའོ། །
སྙན་བརྗོད་བསྔགས་པ་བརྗོད་པ་དང་། །བསྟོད་པ། བརྗོད་པ། སྒྲོགས་པ་དང་། །ངག་སྙན། ཚིག་སྙན། བསྒྲགས་པ་དང་། །ལེགས་བརྗོད། གྲགས་བརྗོད། ཡོན་ཏན་བརྗོད། །ཡང་དག་གདུང་དང་། སེམས་སྡུག་དང་། །སྡུག་བསྔལ་དང་ནི་ཚབ་དང་། །གདུང་དང་ཀུན་ཏུ་གདུང་

བའོ། །མི་མཛེས་བཟོད་དང་དུལ་བ་དང་། །དུལ་འགྱུར། ཞི་དང་། ཞི་བར་འགྱུར། །བཅད་པ། གཏུབས་པ། བྲེགས་པ་དང་། །བཀས་པ། བྲལ་བ། གས་པ་དང་། །འཐུབ་པ་དང་ནི། གཅོད་པའོ། །ཡིད་དགའ། སེམས་དགའ། ཚིམ་དང་
དངས། །རབ་ཏུ་དགའ་དང་མཉེས་པའོ། །བཅོམ་དང་ཞིག་དང་ཉམས་པ་དང་། །བརླག་པ་ཆུད་ཟོས་ཞིག་པ་ཉམས། །ཐོབ་པ་རྙེད་པ། འཕྲད་པ་དང་། །དངོས་རྙེད། འཐོབ་པ་རྙེད་པའོ། །ལམ་རྟོག་པ་དང་ལམ་ཉུལ་དང་། །ཚོལ་དང་རྗེས་ཚོལ་རྟ་རྗེས་འབྲང་། །རྗེས་སུ་དགོངས་དང་
ཀུན་ཏུ་བརྗོད། །འཆབ་དང་སྦེད་པ་མཚུངས་པའོ། །བརྙས་པ། སྔན་ཅན། ཁོག་ཆུད་དང་། །ཚོད་ཡོད། ཧ་ས་ཧ་སྟི་ཏཾ། །བཏང་བ་བོར་བ་སྤངས་པ་དང་། །འཕངས་པ་བསྐྱུར་བ་པོར་བའོ། །དབེན་པ་དང་ནི་བྲལ་བ་དང་། །བཅོམ་དང་བཞག་པ་མེད་པའོ། །སྐྱབས་དང་
སྐྱོབ་པ་བསྲུང་བ་དང་། །སྦེད་པ་སྒྲིབ་པ་སྦས་པའོ། །སྨྲ་བ་བརྗོད་པ་ཟློས་པ་གཏམ། །གྲགས་པ་ལོ་རྒྱུས་བཀའ་མཆིད་དོ། །གོ་དང་རྟོགས་དང་ཁོང་དུ་ཆུད། །རིག་དང་ཤེས་དང་ཀུན་ཆུབ་པ། །ཟོས་པ་འཆོས་པ་མྱངས་པ་དང་། བལྡད་པ་མིད་པ་གསོལ་དང་
ཟས། །མྱངས་བྱས་ཚིམ་བྱས་ཟོས་པ་དང་། །གསོལ་བ་ཚིམ་བྱ་ཟ་དང་ཟས། །གོན་དང་ཨ་རི་གཏམ་དང་བཀབ། །བསྒྲིབས་དང་སྐོར་དང་འདོད་དང་བཞག །སླར་བཅིངས་བསྡམས་དང་ཆིངས་མ་དང་། །ཀུན་ཏུ་བསྡམས་པ་ཞེས་པ་ཡང་། །བཀག་པ་དཀྲིས་
པ་བཅིངས་པ་བསྐོར། །ཡོངས་བསྐོར་ངེས་བསྐོར་ཡོངས་སུ་བཅུག །རབ་ཏུ་ཀུན་ཕྱེ་བ་དང་ཕྱེ། །བཞག་དང་རྣམ་བཀོད་བཏགས་པ་དང་། །ངེས་བཀོད་ཕྱུགས་དང་ངེས་པར་སོན། །ངེས་པ་ཀོ་ར་བཙོན་དང་དེ་ནས་བྲལ། །རྐུ་དང་དབྱི་བ་དག་མཚུངས་སོ། །སྒྲ་
སྒྲོགས་སྒྲ་བྱེད་ངེས་པར་ཉོ། །སྐད་ཅིག་བཅོམ་དང་ཕྱི་མར་བྱས། །བཀྲམ་དང་རབ་ཏུ་གཏོར་བ་དང་། །ལྷུར་བ་དང་ནི་རབ་འགྲོའོ། །འཁྲུགས་དང་འཚོལ་དང་ཡང་དག་འཁྲུགས། །ངེས་པར་བསགས་དང་ཀུན་ཏུ་བསགས། །ཀུན་འཇུག་གང་དང་

རྫོགས་པ་དང་། །ཁྱབ་དང་བཀབ་པར་ཡང་བརྗོད་དོ། །རྩད་ནས་བཏོན་དང་དྲུང་ཕྱུང་དང་། །གནད་ནས་ཕྱུང་བ་ཞེས་པ་ཡང་། །བཀག་པ་དང་ནི་བསལ་བ་དང་། ཁོར་དང་སྤངས་དང་ཡོངས་སུ་སྤང་། །སྤང་བྱས་ཡོངས་སུ་བསྣུན་པ་ཡང་། །ཆག་གྲུམ་དང་
ནི་ཞིག་པའོ། །བཀག་སོགས་རྗེས་སུ་མི་འདོད་པ། །རྣམ་པར་སེལ་དང་ཀུན་ཏུ་ཡངས། །རྒོད་དང་ངེས་པར་སྙེམས་པའོ། །བསླུས་པ་དང་ནི་རྣམ་པར་ཐོབ། །དེ་བཞིན་དེས་བཀུག་ཅེས་པ་ཡང་། །གསེང་ལྡན་ལེགས་རྒྱལ་དང་བ་ཆེ། །གཟིར་བ་
དང་ནི་བཙིར་བའོ། །ཇི་ལྟ་ཇི་ལྟར་སྦྱིན་གྱུར་དང་། །གང་གི་དེ་ལ་མ་གུས་ལས། །འབད་དང་རབ་འབད་ངེས་པར་བཀབ། །ངེས་པར་གཏམ་འདོད་བརྟན་པ་དང་། །སུ་ནཱི་ཐ་དང་ལུགས་དག་མཚུངས། །སྤྱོད་པ་ངན་དང་བསམ་པ་འཁྱོག །འགྲོ་
བྱེད་གསོ་བྱེད་འགྲོ་དང་རྒྱུག །ཕྱག་དར་བ་དང་སུན་འབྱིན་པ། །སོ་སོར་བརྟན་དང་ཎ་དཾ་ཀ། ཕྲག་དོག་ཅན་དང་ཚུལ་འཆོས་མཚུངས། །རྩལ་ཉིད་གང་དུ་འགྲོ་ཡོན་ཏན། །ཕྲ་མ་དང་ནི་བྱེད་པའོ། །དེ་འགྱུར་རྩེ་མོར་སོན་པ་པ། །བ་དན་དང་ནི་མདའ་
ཞེས་པའང་། །ཞེས་པ་དཔལ་ལྡན་དཔལ་འཛིན་སྡེས་རྣམ་པར་བཀོད་པ་སྣ་ཚོགས་མིག་ཅེས་བྱ་བའི་མངོན་བརྗོད་ལས་ཁྱད་པར་ཅན་གྱི་སྡེ་རྫོགས་སོ།། །།རང་བཞིན་རྐྱེན་ལ་སོགས་དོན་གྱི། །འདྲེན་པའི་རྟགས་རྣམས་དྲང་བར་བྱ། །ལས་
དང་བྱ་བ་བྱེད་པ་ཡི། །ཆོ་ག་སྒྲུབ་པར་བྱེད་པ་ཡི། །ཆོ་གའི་ལས་ནི་རྟག་ཏུ་འཕྲོ། །ཕན་ཚུན་གཞོམ་པར་བྱེད་པ་རྣམས། །མཐའ་དག་ཚིག་ལ་མཆོག་ཏུ་འགྲོ། །ལས་དང་སྒྲུབ་བྱེད་བྱ་བ་ལ། །སོང་དང་ཀུན་ཏུ་འགྲོ་བར་བྱེད། །རྟག་ཏུ་དབང་བྱ་སྦྱིན་པ་དང་། །
དབང་དུ་བྱེད་པ་ཞེས་པ་ཡང་། །ནུ་མ་ལོངས་སྤྱོད་ནཱུ་མ་འཛིན། །གཞན་གྱི་ཚེ་དང་རང་གི་འབྱོར། །ཡོངས་སུ་ཐོབ་དང་ཡོངས་སུ་སྐྱོབ། །ཆོག་པ་དང་ནི་ལག་པ་འགེབས། །གཡོ་བ་དང་ནི་འདར་བྲ་བྱེད། །ངོམ་པ་དང་ནི་ཚིམ་པའོ། །འཚེམ་པ་དང་ནི་ཚེམ་

བུའོ། །འདྲ་བ་གཅོད་པ་གཏུབས་པའོ། །རོལ་བ་དང་ནི་ཀུན་ཏུ་བརྩེ། །བསྟེན་དང་ཀུན་ཏུ་བསྟེན་པའོ། །དེ་ནས་སྐྱོབ་དང་མཉམ་གཉིས་རྫས། །ས་མཉྫ་སཾ་གཞན་མིན་བཅས། །གཅིག་འགྲོ་བ་དང་ཕྱོགས་གཅིག་པ། །གྲགས་ལྡན་
གྲོགས་སུ་གྱུར་པ་དང་། །སྦྱིན་པར་བྱེད་དང་ལྷ་ཉིད་དང་། །ཡིད་ཀྱི་རྒྱལ་སྲིད་གྲུབ་བཅས་དང་། །ཉེ་བར་འགྲོ་དང་རྩེ་བ་དང་། །མི་ཟད་སྦྱིན་དང་སྦྱིན་པ་དང་། །འཕེལ་དུ་འཇུག་བྱེད་དང་སྦྱིན་པ། །ཡིད་བྱེད་པ་དང་ལྷ་སོགས་དེ། །གང་བའི་བཞིན་དང་གང་བའི་
སྣོད། །བ་ལང་། བ་དང་ཉེ་བར་བྱུག །དབྱེ་བ་བརྗོད་དང་བརྗོད་བརྟེན་དང་། །སྙན་བརྗོད་མཁས་དང་མཁས་ལྡན་དང་། །བྱམས་ལྡན་དང་ནི་མཛའ་བཤེས་ལྡན། །ཡོངས་སུ་ཡན་ལག་ཀུན་ཏུ་གནས། །རྟོགས་པ་དང་ནི་བྱང་ཆུབ་པོ། །ཀུན་ནས་ཤེས་དང་
ཀུན་ཏུ་འགྲོ། །བབ་ཆོལ་དང་ནི་འགྲོ་བྱེད་དེ། །ནོར་དང་དཔལ་ཡོན་བཱ་ཊ་བཾ། །ཡངས་པ་ཅན་དང་བྱེད་པ་ཅན། །གཞན་དངོས་བྱེད་དང་རྒྱལ་བའོ། །ཞི་དང་དུལ་དང་ངེས་པ་དང་། །བཟོད་དང་ནུས་དང་ཐུབ་པའོ། །ནོར་དང་འཁྲུལ་དང་འཁོར་བའོ། །སྤྱོད་པ་
དང་ནི་སྤྱོད་ཚུལ་ལོ། །རིགས་པ་དང་ནི་ལུགས་དང་ཚུལ། །སྦྱིན་པ་སྦྱིན་བྱེད་འདེབས་དང་སྟོང་། །འབྱོར་དང་རེག་པ་འབོད་པ་སྦྲོན། །གྲགས་དང་རབ་གྲགས་བབ་དང་ལྟུང་། །འཕེལ་བ་དང་ནི་རྒྱས་པའོ། །འཚེད་པ་ཕྲེང་བ་སྨིན་པའོ། །གནོན་པ་དང་ནི་བརྩོན་
པའོ། །ཚིག་པ་བསྲེགས་པ་བཟུང་པ་བླངས། །འབུགས་དང་འབིགས་དང་ཟད་དང་རྫོགས། །བསྲུང་བ་དང་ནི་སྐྱོབ་པ་དང་། །རྒྱུ་དང་ནི་གསལ་བ་ཡི་སྒྲ། །བརྟེན་པ་དང་ནི་རྟེན་བྱེད་འདོད། །རབ་འཇལ་ཚད་མ་འཇལ་བྱེད་དོ། །ཡང་དག་འཕེལ་དང་སྒྲུབ་པ་མཚུངས། །
འཕེལ་བྱེད་གཅོད་རྟོགས་བསེ་བའོ། །བརྒྱལ་བ་དང་ནི་མངོན་པར་ཁྱབ། །སློང་བ་བསོད་སྙོམས་དོན་འདོད་སློང་། །ཁྲོ་བ་དང་ནི་མངོན་པར་ཁྲོ། །ཚོར་བ་མྱོང་བ་ཉམས་སུ་མྱོང་། །དྲི་བ་དང་ནི་རྨེད་པ་དང་། །ཁམས་བདེ་བ་དང་འདྲི་བའོ། །རབ་ཏུ་འགྲོ་དང་རབ་ཏུ་སྐྱེ། །

འགྱུར་བྱེད་རབ་ཏུ་སྲུང་བྱེད་འདོར། །རི་དང་རི་བོ་རྒས་དང་འཁོགས། །རྒྱས་པ་དང་ནི་འཕྲོ་བའོ། །བརྗོད་དང་དབྱངས་སོགས་རྒྱགས་དང་ཁེངས། །བྱེད་སྒྲུབ་གྱེན་བསྐྱོད་སྟེང་དུ་བསྐྱོད། །ཤིན་ཏུ་ཕུལ་ཕྱིན་སྦྱར་དང་འཁྱུད། །ཡུལ་དག་དང་ནི་བསམ་པའོ། །
མཚེ་མ་ཟུང་དང་ཕྲུག་མ་དང་། །བུབས་དང་རོ་ཞེས་བྱ་བའོ། །ཉམས་པ་དང་ནི་རྨས་པའོ། །བསྡུ་བ་དང་ནི་བཏུས་པ་དང་། །རྗེས་སུ་འགྱིང་དང་རྗེས་སུ་སྒྲུབ། །བསྡུ་བ་དང་ནི་མངོན་པར་ལེན། །མངོན་པར་བསྡུ་དང་མངོན་པར་འཛིན། །གནས་དང་ཡོངས་སུ་
རྒྱུ་བའོ། །སོ་སོར་བསྡུ་དང་ཉེ་བར་ལེན། །སྡོད་དང་གནས་པར་བྱེད་པའོ། །ཡོངས་སུ་འགྲོ་དང་ཡོངས་སུ་འབྲང་། །རྗེས་སུ་བྱེད་དང་ཡོངས་སུ་བྱེད། །འཆགས་པ་བསྟི་གནས་ངལ་བསོ་དང་། །དྲི་བྱུག་པ་དང་མཚོན་བྱེད་དོ། །ལྟུང་བ་ལྷུང་བ་ལྟུང་བྱེད་ལྟུང་། །
འགྲོ་བྱེད་དང་ནི་འགྲོ་བའོ། །ངེས་ཚིག་དང་ནི་རབ་ཏུ་ངེས། །ཉེ་འཁོར་ཉེ་ལོགས་དག་དང་ནི། །ཁུ་ཚུར་བཅིངས་དང་ཡང་དག་གཟུང་། །མངོན་པར་བསྐྱེད་དང་རྗེས་སུ་འཛིན། །མི་འཛིན་དེ་དང་འགལ་བའོ། །མངོན་པར་སྦྱོར་དང་མངོན་པར་འཛིན། །རྣམ་པར་
ཉེ་དང་ཡོངས་སུ་ཉིད། །ངེས་པར་འཇུག་དང་ཉེ་བར་སྤྱོད། །བགེགས་དང་པར་གཅོད་གྲུབ་པའི་བགེགས། །འབྱུང་པོ་ཉེར་འདུག་འཁོད་ཅིང་འདུག །རབ་ཏུ་འབེབས་དང་འཇུག་པ་དང་། །འབྱུང་དང་འཇུག་དང་འགྱུར་བའོ། །འབྲེལ་བ་སྐྱིགས་པ་གཅོད་
པའོ། །ནད་པ་རེག་བྱ་རླུང་ནད་ཅན། །སྤྱོད་བྱེད་ཟླུམ་པོ་བྱེད་པ་དང་། །ཕྱིར་བྱེད་པ་དང་འཇིག་དང་བྲེད། །ཡེངས་འགྱུར་རྣམ་པར་འགྱུར་བ་དང་། །གཉིས་མཚུངས་མ་མེད་ལོག་པར་བྱེད། །རྣམ་འཚེའི་ལས་དང་མངོན་སྤྱོད་དང་། །དེ་ནས་སོང་ཟིན་ཟད་
པའོ། །ལྷན་ཅིག་མི་གནས་སྤངས་ཏེ་འགལ། །མི་མཐུན་པ་དང་འགལ་བའོ། །མདོར་བསྡུས་པ་དང་བསྡུས་པའོ། །ཉེས་པ་དང་ནི་མཐོང་བ་མེད། །རྣམ་པར་ཁྱེད་དང་ཁྱེད་པ་དང་། །ཚོགས་པ་བསྡོམས་པ་མཚུངས་པའོ། །གནས་སྐབས་དང་ནི་སྐབས་

ཡིན་ནོ། །ལན་ཅིག་དང་ནི་སྐད་ཅིག་ཀྱང་། །ཤ་སྦྱོར་མངོན་པར་འཁྲིག་པའོ། །ཐགས་ཡུན་བཀྲི་རྫོང་སྣལ་མ་བ་ཀྲི། །རྔ་བ་འདྲེག་པ་འབལ་བའོ། །ངེས་པར་འཕྱར་བ་འཁྲབ་པའོ། །ཡང་དག་བསྟོད་དང་ཀུན་ཏུ་སྤྱོད། །བློ་ནུས་
དང་ནི་ཆུ་སྲོལ་ལོ། །འཁྲུག་ཕྱིར་འཇུག་དང་རབ་སྦྱོར་དོན། །རྩོམ་པ་དང་ནི་མགོ་འཇུ་བ། །ཤོ་མ་དང་མགོ་ཟུག་ཨ་རཾ་བཱ། །སྦྱིན་པ་དང་ནི་གསལ་བར་བྱེད། །བར་ཆད་དང་ནི་བགེགས་བྱེད་དོ། །མྱུར་རྩོལ་མགྱོགས་སུ་བྱེད་པའོ། །ཉེ་བར་དམིགས་དང་ཉམས་སུ་
མྱོང་། །སྐུ་བྱུག་དང་ནི་བྱུག་པའོ། །རྗེས་ཆགས་དང་ནི་སྦྱོར་བའོ། །རྣམ་པར་དམིགས་དང་ཤིན་ཏུ་འདོར། །ལུས་ཀྱི་རྒྱས་པ་པཱི་སྟཱ་རཱ། །སྒྲ་ཡི་རྒྱས་པ་བིསྟ་ར། །ཀུན་ཞུམ་ཟག་པ་ཉོན་མོངས་སོ། །ཚོགས་པ་འདུས་པ་འཕུང་བའོ། །ལྟ་བ་ཚོལ་བ་རྟོགས་པ་དང་། །
ཉུང་དང་ཚོལ་བ་ཞེས་བྱའོ། །རྣམ་གྲངས་དང་ནི་མིང་གཞན་དང་། །མིང་གི་རིམ་པ་རྣམས་མཚུངས་སོ། །ཕྱིར་རྒོལ་དང་ནི་བཟློག་པ་དང་། །བཀག་པ་དང་ནི་བསལ་བའོ། །ལྡོག་པ་དང་ནི་ཕྱིར་ལག་དང་། །ཉལ་སར་ལོག་དང་ཕྱིན་ཅི་ལོག །འགོངས་པ་དང་ནི་
མཆོངས་པ་དང་། །འཕྲོ་བ་གོ་རིམས་འདས་པའོ། །རྣམ་པར་གྲགས་དང་རབ་ཏུ་གྲགས། །ལེགས་འབབ་དང་ནི་ཉེད་པའོ། །དེས་ཀློག་ངེས་བརྗོད་འདོན་པ་དང་། །ངེས་པར་འདྲེན་དང་ངེས་ཚིག་གོ །དབྱིབས་དང་དེ་ཡི་གནས་ཚུལ་དང་། །ཡང་དག་འགྲོ་བ་
ཞེས་བྱའོ། །སྐྱུག་བྲོ་བ་དང་ཞེ་མེར་དང་། །བཙོག་སྐྱུག་ལྟ་ལོག་དོན་དག་གོ །རིང་པོའི་དུས་དང་ཉིན་ཞག་རིང་། །ཨུ་ད་ཛ་ནི་ཕྱུགས་འདེད་པ། །ཤིང་སྟེགས་ཤིང་འཇོག་གང་དག་ཏུ། །ཤིང་སྟན་ཤིང་གི་ཨུཏྒྷ་ན། །གང་གི་སྡོང་པོ་འབིགས་ཤིང་ཟ། །སྡོང་
པོ་འཇོམས་དང་སྡོང་འཇོམས་སོ། །དེ་ལ་ཀུན་མཉམ་གང་ཞིག་གིས། །དེ་སྐྱེས་པ་ནི་མཐོ་བའོ། །གློ་ལུ་ལུད་པ་འབོད་པ་དང་། །གློ་འཁོགས་པ་དང་ལུད་པ་འཁོགས། །རིམས་དང་ཚད་པའོ་རྒྱུག་དང་འཁྱུ། །བཱིར་ར་ཏི་དང་ཨཱ་ར་ཏི། །ངལ་བསོ་དང་ནི་ཉེ་བར་

དགའ། །ཕུར་བུ་དང་ནི་ཕུང་པོ་དང་། །བསོ་བ་སྟེང་དུ་འཕེན་པའི་དོན། །ནཱི་ཀཱ་ར་ནི་སྒྲེགས་པ་སྟེ། །གྱེན་ལོག་ལུང་པ་སྒྲེགས་པའོ། །སོ་སོར་སྒྲིགས་པ་ལས་བྱུང་བ། །གློ་དང་ཟས་དག་རིམ་པ་ལས། །རབ་བྱུང་བརྟུལ་ཞུགས་སྦྱིན་པ་དང་། །དཀའ་ཐུབ་
ངེས་པ་གནས་པའོ། །ཡོངས་སུ་སྤྱོད་དང་གསོ་བ་དང་། །འདུད་དང་ཕྱག་འཚལ་པ་དག་མཚུངས། །མཐའ་ནི་སཱ་ཏི་བི་རཱ་མི། །སཱ་ནི་ཞེས་པ་དག་ཀྱང་ངོ་། །ག་ལི་སྟ་དང་ས་པ་ལཾ། །ཉུལ་དང་རྒྱལ་མཚན་ལྡན་པ་དག །སྐད་ཅིག་སྐད་ཅིག་ལྡན་དུས་དང་།
འདོད་དང་ཟ་བར་བྱེད་པའོ། །དུས་སུ་ཆད་དང་ཡང་དག་རྫོགས། །དུམ་བུ་མུ་ཁྱུད་མི་ཟད་པ། །གསོལ་དང་ཡོངས་སུ་བཤད་པ་དང་། །རི་ལྡན་རྟ་དང་མཉམ་བྱེད་དང་། །པྲ་ཏི་པཱ་ནི་ཚིགས་སོ་སོ། །དགའ་བའི་སྒྲ་དང་ཅ་ཅོར་འགྱུར། །བྱེད་པ་མེད་དང་འཕྲོག་སྐྱེད་
སོགས། །བྱེད་སོགས་བྱ་བ་བཅོ་བ་ལ། །འགྲན་ཟླ་མེད་དང་གཏམ་དང་ནི། །འདུ་འཛི་དང་ནི་འདོར་དང་གཏོང་། །རིགས་མཐར་དེ་ཡི་ཚོགས་པ་དང་། །ཨུ་བ་ག་ན་ཀ་ལ་སོགས། །བེམས་པོ་སེམས་མེད་རིགས་མེད་དང་། །དེ་བཞིན་སེམས་མེད་ལ་སོགས་
པ། །བྱིས་པ་དང་ནི་བུ་ཚའོ། །ལྷན་ཅིག་འགྲོ་དང་དུས་གཅིག་འགྲོ། །བྲམ་ཟེ་མི་ཚོགས་མི་རྣམས་ཀྱིས། །བཤོལ་ཚོགས་ཧ་ལ་ནཾ་དུ་འགྱུར། །གཡུལ་ས་གཡུལ་ཐང་གཡུལ་ཁའོ། །རྩིབ་ལོགས་དང་ནི་རྒྱབ་རྣམས་ནི། །པཱརྴྭཾ། པྲྀཥྛཾ། །ཞེས་པ་ཉིད། །
གྲོང་ཚོགས་སྐྱེ་ཚོགས་དུ་བའི་ཚོགས། །ཞགས་པ་ཚོགས་པ་སོ་སོའོ། །སྟོང་ཕྲག་ཚོགས་དང་ལྕེ་མེ་ཚོགས། །གོ་ཚོགས་རིག་བྱེད་ལ་སོགས་ཀྱང་། །སྡེ་ཚན་བྱེ་བ་རྫོགས་པ་ལས། །འདོད་བཞིན་བཤད་པ་རབ་ཏུ་བརྗོད། །རྒྱུད་བཅིངས་པ་ཡི་ཁྱད་པར་ཅན། །
གཏམ་དང་ཡོངས་སུ་བརྗོད་པ་དང་། །དུམ་བུའི་གཏམ་དང་ཚོགས་པ་དང་། །གཙོ་བོ་གཞན་ཡང་རྟོགས་པར་བྱ། །བཅད་དང་སྡེ་ཚན་ལེའུ་དང་། །ཡོངས་གཅོད་ལྡན་པའི་མཚམས་མི་ཟད། །ཚིག་དང་རབ་བརྗོད་སྣང་བྱེད་པ། །བུད་མེད་སྐབས་དང་ཕོའི་བེའུ། །

ཨངྒིའི་གཞུང་ནི་གསལ་བ་ཡི། །གནས་འདིར་ཡང་ནི་ཡང་དག་བསྡུས། །ཚིགས་བཅད་སོ་སོ་སོ་སོའི་གནས། །ཕན་ཚུན་བརྗོད་པའི་ནང་ལས་སོ། །སརྒས་བཅིངས་པ་སྙན་ངག་ཆེ། །གཟུགས་ཅན་ཆེན་པོ་ཟློས་གར་དུའོ། །དྲང་སྲོང་
ཀུན་དྷརྨཱའི་བསྟན་བཅོས། །དྲན་པའི་ལུང་དང་བསྟན་བཅོས་དང་། །གྲངས་དང་ཏོག་དང་གཞལ་བ་དང་། །གཉིས་གཞུང་གཉིས་གསུམ་བཅུ་ཡིག་ཅན། །རྗེས་སུ་དཔག་དང་ལུང་ཅན་དང་། །གཏན་ཚིགས་ཁྱབ་དང་རྟགས་སྒྲུབ་བྱེད། །དེ་ནས་རྒྱུ་དང་ཉེར་ལེན་དང་། །
རྐྱེན་དང་ལྷན་ཅིག་བྱེད་པའོ། །ཀློག་དང་དེ་ལ་གོམས་པ་དང་། །བསྡུས་པ་དང་ནི་སྤྱོད་པའོ། །རྒྱུ་མཐུན་དེ་དང་འདྲ་བ་དང་། །ཀུན་ད་སྨིན་དྲུག་ཅན་དུས་སྟོན། །དགོངས་པ་དང་ནི་ཀུན་སྤྱོད་དོ། །འཁོར་ལོ་དང་ནི་དཀྱིལ་འཁོར་རོ། །ཤུནྜ་ནཾ་དང་གཡོ་བའོ། །ཀྵོ་རཾ་བཟང་
པོར་བྱེད་པ་ཡང་། །འདབ་བཅས་དང་ནི་དེ་བྱེད་གང་། །མཆོག་དང་གང་ཞིག་གཟིར་བའོ། །རཱ་མཱ་ཡ་ཎ་དགའ་བྱེད་ཀྱིས། །སྒྲ་སྒྲོགས་ཟད་པར་བྱེད་པའོ། །དངོས་པོ་ཚིག་དོན་ཆོས་དང་ནི། །སེམས་ཅན་ཕྱིན་དང་སྤྱོད་པའོ། །འདས་པའི་རྣམ་པ་འཕེན་པ་དང་། །ངེས་
པར་བསྒྲུབ་བྱ་ཡི་གེ་མང་། །དེ་ཉིད་དང་ནི་དེའི་སྐད་ཅིག །ཚིག་དང་གཙོ་བོ་ཞེས་པ་ཡང་། །ཁྱེའུ་དང་ནི་མ་བསྡུས་དང་། །སྒྲིབ་པར་བྱེད་དང་རྟེན་མེད་པ། །བྱེད་པ་གང་དང་སོ་སོར་བྱེད། །སོ་སོར་དེ་ཉིད་ཚར་ཕྱིན་པ། །རབ་ཏུ་ངེས་ཚིག་རྗེས་ཀྱི་ཚུལ། །སཱནྟཱ་ནཾ་དང་མཉམ་
གསུམ་མོ། །གང་ཡང་འོད་ལྡན་ལམ་དང་ནི། །གཙོ་བོ་ཉིད་དང་འོད་ཞུགས་འགྱུར། །དེ་ནས་ཆུ་དང་ཞེང་དང་གནས། །མཐོ་དང་གཟུགས་ཅན་ཞེས་པའོ། །ཡོངས་སུ་སྤྱོད་དང་ཡོངས་སུ་འཇོམས། །ཡོངས་སུ་འདུན་དང་ཡོངས་སུ་འཛིན། །ཡོངས་སུ་འཆོས་
དང་ཡོངས་སུ་བྱེད། །ཡོངས་སུ་སྨོད་དང་ཡོངས་སུ་འགེབས། །ཆ་ཤས་སྐྱེ་བ་དུག་མཚོན་ཆ། །གསད་པ་བྱ་དང་རི་དགས་དག །འོས་དང་སྣང་བ་འཇིག་པ་དང་། །འཐུག་དང་སྙིགས་མར་གྱུར་པ་བརྗོད། །ལཱ་ཊི་འདབ་མ་མགོ་བོ་རྣམས། །གནས་དང་

ཡུལ་འཁོར་ངེས་པར་གནས། །ཆ་ཤས་ཉེ་ཚིག་དྲི་དང་ཟས། །འཆིང་དང་ཚོལ་བར་བྱེད་པ་དང་། །སངས་རྒྱས་རྫས་དང་མཆོད་རྟེན་དཀོར། །སེམས་ཅན་རྫས་དང་རྩ་ལག་དང་། །དྲུག་གི་གྲངས་ཀྱིས་ཕྱུགས་རྣམས་ཀྱི། །ཚིག་ལ་བ་ལང་དྲུག་པར་འདོད། །རྣམ་
གཉིས་རྩོད་དང་གཟུགས་དང་ནི། །བྱེད་པ་འགྲོ་བ་དགའ་བ་དང་། །དགེ་བ་ཉེས་ལྟུང་སྙིང་ལ་བྲིས། །རྟོག་དང་སེམས་དང་ཚུལ་དུ་བྱས། །འཁོར་ལོ་འཇུག་དང་ཡུར་ག་དང་། །ངེས་འཇོམས་དང་ནི་མི་འགྲོ་བ། །གྲོང་ཚོགས་གྲོང་དང་ཕྱག་དར་དང་། །ཕུབ་ཅན་ནོར་དང་དགའ་
བ་ཅན། །ཚོང་པ་དང་ནི་ཚོང་བྱ་དང་། །ཉེ་བར་བསྟེན་དང་ཉེ་བར་འདོར། །རུཎྜ་ལུས་འཆིང་སྣོད་དང་གནས། །ས་གནས་འཚོ་བ་བཏུང་བྱ་དང་། །སྙིང་དང་པགས་པ་ཕུར་མ་འདོད། །ཨ་ལ་བརྒྱ་དང་འདུད་པའི་གནས། །འདིར་ནི་དེ་བཞིན་སྒྲུབ་པ་མིན། །བསླུ་དང་
མངོན་པར་སྤང་པོ་དང་། །ཕྲེང་བ་གྲལ་དང་འཇུག་པ་གྲལ། །ཀུན་ཏུ་འཛིན་དང་ཆུ་ཡི་སྣོད། །མཆོད་རྟེན་དང་ནི་རྣམ་འདྲེན་སྒོ། །མངོན་སུམ་དང་ནི་དོན་གསལ་མཐོང་། །དཔའ་བོ་གནོན་དང་རྣམ་པར་གནོན། །དེ་ནས་རབ་ཏུ་བསྟོད་དང་བརྩམ། །དེ་ལ་ཕྱོགས་
པ་ཞེས་པ་ཡང་། །རང་འདུན་སྐྱེས་དང་འདུད་བྱེད་དང་། །རབ་གཡོ་སྐྱེས་དང་རྗེས་འབྲེལ་བཞིན། །སི་ཎོ་ཆུ་ཡི་བ་རཎྜ། །པ་ཀུ་ར་དང་ཡང་དག་གནས། །ཀུན་སྐྱོབ་ཚོང་ཟོང་འདུད་པ་དང་། །གསེར་བུམ་མཚམས་དང་སྣ་ཅན་དང་། །གང་བ་སྒྲུབ་པ་མཆོག་འདུད་
པ། །འཇིག་པར་བྱེད་དང་ཨཥྚ་ཀ །གླང་པོ་རྔ་དང་ཁྲུས་ཆེན་དང་། །ཚངས་པ་ཆེན་པོ་ཐོས་དང་ཟན། །ཨཱ་བ་ལྱ་ཀ་ཨུཏྐཎྛ། །བློན་པོ་བར་མ་མཇལ་བ་གཉིས། །སྦལ་པ་དང་ནི་བ་ལང་གཤེད། །ཟས་དང་བྱེད་པ་ཏརྐུ་ཊ། །ཉིན་མོ་མ་ཙུ་ཀཾ་མ་ནིང་། །མཱ་མཱ་
ཛྱི་ཏི་རྟ་རྣམས་ཀྱིའོ། །ཞེས་པ་སྙན་ངག་མཁན་པོ་པཎྜི་ཏ་དཔལ་ལྡན་དཔལ་འཛིན་སྡེ་ཡིས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་འདྲེས་པའི་སྡེ་རྫོགས་སོ།། །།

༄༅། །སྐད་དོད་གཅིག་གིས་དོན་དུ་མར་འཇུག་པའི་མངོན་བརྗོད་ནོར་བུའི་ཕྲེང་བ་བཞུགས་སོ།། །། ༄༅།།སངས་རྒྱས་ལ་ཕྱག་འཚལ་ལོ། །དབྱངས་དང་ཀ་སོགས་རིམ་ང་ལས། །གཏན་ཕབ་ཀ་ལ་སོགས་པའི་མཐའ། །ཡི་གེ་གཉིས་པ་ལ་ཡང་ཡོད། །ངེས་པ་ཀ་སོགས་རིམ་པ་ལས། །
ཀཿནི་ཚངས་པ། རླུང་ཉི་མ། །མེ་དང་། གཤིན་རྗེ་བདག་ཉིད་དང་། །གསའ་བ་དང་ནི་འགྲོ་བ་ལའོ། །ཀཻ་ནི། མགོ་དང་། ཆུ་དང་བདེ། །ཀུའི་སྒྲ། ས་དང་ངན་པ་ལ། །ཨ་ཀ །སྡུག་བསྔལ། སྡིག་པ་ལ། །ཨརྐ། རི་མོ། མཚན་མོ་དང་། །མཚན་མ་དང་ནི་མཚན་ཉིད་དང་། །གར་
ལ་སོགས་དང་ལེའུ་དང་། །ཕང་པ་དང་ནི། གཟུགས་ཅན་ལ། །ཨནྟ་ཀ་ནི། རི་མོ་འཁྲུག །སྔགས་དང་། གནས་དང་། རྒྱན་དག་ལའོ། །ཨརྐ། ཉི་མ། ཨརྐའི་འདབ། །བརྒྱ་བྱིན་ཤེལ་དང་ཟངས་དག་ལ། །ཨེ་ཀ །གཙོ་བོ། གྲོགས་པོ་དང་། །གང་ཞིག་ཅིག་ཤོས་མིན་པ་ལ། །
ཤཾ་ཀ །འདབ་ཆགས་བྱེ་བྲག་དང་། །མཐར་བྱེད། སྒོ་གླེགས་གཉིས་སྐྱེས་ལ། །ཀརྐ་རིན་ཆེན་ཀརྐེ་ཏ། །མེ་དང་། རྟ་དཀར། མེ་ལོང་བུམ། །ཀལྐ་སྡིག་པ། བཤང་བ་དང་། །ཀིཥྚ་སྐྱོན་དང་། ངན་གཡོ་དང་། །དེ་བཞིན་ཏིལ་མར་ཚིགས་མ་དང་། །སྡིག་སེམས་དང་
ནི། བ་ཏུ་རའོ། །ཀཱ་ཀ །བྱ་རོག །གདན་དང་། སྦྲུལ། །མགོ་བོ། བྱད་གདོང་། ངན་པ་དང་། །ང་རྒྱལ་གླིང་དང་། ཤིང་གི་བར། །ཀཱ་ཀཱ། བྱ་རོག་བྱིན་པ་དང་། །བྱ་རོག །གྲལ་དང་། བྱ་རོག་ཤིང་། །ཀཱ་ཀ །མཱ་བྱ། དྲི་མ་འཇོམས། །བྲག་ཅན་ལ་ཡང་བལྟ་བར་བྱ། །
ཀཱ་ཀཾ། བྱ་རོག་ཚོགས་དང་། །གཡོ་བ་འཆིང་བར་བྱེད་པ་ལའང་། །ཀུཥྐུ། མཐོ་དང་ཁྲུ་དང་ནི། །བང་མཛོད་དང་ནི། སྨད་པ་ལ། །ཀོ་ཀ །འཁོར་ལོ་ཅེ་སྤྱང་དང་། །གཙོ་བོ་དང་ནི། འབྲ་གོའི་ཤིང་། །སྦལ་པ་ཁྱབ་འཇུག་རྣམས་ལའོ། །ཙྪ་ཀ །ཁྱེམ་ལ་ཞེན་པ་དང་། །སྣ་ཚོགས་རི་
དྭགས། འདབ་ཆགས་དང་། །གྲོང་ཁྱེར་དང་ནི། འཁྱོག་པོ་ལ། །ཊི་ཀ །རྡོ་བ་འཇོམས་པ་དང་། །རྡོ་ཡི་རྩིག་པ་མངོན་བརྗོད་དང་། །ང་རྒྱལ། བྱེ་བྲག །སྤྲེའུའི་གནས། །བྱིན་པའི་བར་དང་། རལ་གྲིའི་ཤུབས། །ཁྲོ་དང་རྐོ་བར་བྱེད་པ་ལ། །ཏརྐ། སོམ་ཉི་རྣམ་རྟོག་དང་། །སྦྲུལ་

དང་ལས་དང་ཤཱ་ཏྲི་ཡི། །རབ་ཏུ་དབྱེ་བ་དག་འ།འོ། །ཏོ་ཤཾ། བུ་རྒྱུད། བུ་དང་ནི། །རི་མོ་དང་ནི་རྒྱབ་འཇོག་གསུམ། །ཏྲི་ཀཱ། ཁྲོན་པའི་མུ་ཁྱུད་དང་། །གཉིས་པ་ཅན་དང་བྱ་རོག་མཛོད། །ནཱ་ཀ །མཐོ་རིས། བར་སྣང་ལ། །ནཱ་ཀུ། གྲོག་མཁར་རི་བོང་དང་། །ཐུབ་པའི་བྱེ་བྲག་
རྣམས་ལའོ། །ནིཥྐ་གསེར་དང་། དོང་ཙེ་ཞོ། །བརྒྱད་ལྷག་བརྒྱ་ཡི་གསེར་དང་ནི། །བྲང་གི་རྒྱན་སྲང་གསེར་སྲང་ལའོ། །ནྱདྐུ་། རི་དྭགས། དྲང་སྲོང་དབྱེ། །པངྐ། འདམ་དང་། སྡིག་པ་ལ། །པཱ་ཀ།།སྨིན་དང་བྱིས་པ་ལ། །བཱ་ཀ །རྒས་དང་ཡོངས་སུ་སྨིན། །མཐར་ཐུག་པ་
དང་ངལ་བ་ལ། །བ་ག་མཐར་བྱེད་ཞི་བ་དང་། །སྲིན་པོའི་བྱེ་བྲག །ལུས་ངན་ལ། །བངྒ་ཆུ་སོགས་འཁྲོག་པ་དང་། །བཪྻཱ་ན་དང་། སྐལ་བ་དང་། །བཅོམ་པ་ལ། ནི་བརྗོད་བྱ་ལྡན། །པངྐ། ཤིང་ཤུན། ཤིང་སྐོགས་རྡུ། །དྷཱུ་ཀ། བུ་ག་དུས་ལའོ། །བྷེ་ཀ །སྦལ་པ། སྤྲིན་དག་
པ། །མུཥྐ། སྒོ་ངའི་མཛོད་དང་། ཚོགས། །ཐར་པ་ཅན་དང་། ཡལ་ག་ཅན། །རཱུ་ཀ །ངག་མི་ལྡན་དང་། དམན། །རངྐ། རྟ་དང་གྱང་དག་ལ། །རཱ་ཀཱ། མཐོང་བའི་རྡུའ། དང་ནི། །བུ་མོ་དང་ནི་འབབ་ཆུའི་བར། །ཟླ་བ་གང་ཞིང་རྫོགས་པ་དང་། །གཡའ་བའི་ནད་ལའང་བལྟ་
བར་བྱ། རེ་ཀ །དོག་པ། པ་རི་ཀ །ཐ་མ་དང་ནི་བརྗོད་བྱ་ཅན། །རོ་ཀཻ་བུ་ག །བྱིན་ནས་འཕྲོག །རི་བོ་ཀ་དང་མཛེས་ང་།འོ། །ལངྒཱ། སྲིན་པོའི་གྲོང་། ཡལ་ག །ཀུ་ལཥྚ་དང་། ཤཱ་ཀི་དཱི། །ཨཱ་ལོ་ཀ་ནི་སྣང་བར་བརྗོད། །ལོ་ཀ་ང་། དང་། སྐྱེ་བོ་ལ། །ཤཾ་ཀཱ།སྐྲག་དང་། རྣམ་རྟོག་
ལ། །ཤཾ་ཀུ། གངས་ཀྱི་ཁྱད་པར་དང་། །ཞི་བ།ཕུར་བུ། རྐང་པ་དང་། །མཚོན་ཆའི་ཁྱད་པར་དག་ལ་ཡང་། །ཤལྐེ་དག།ཤིང་ཤུན་ཕྱེ། །ཤཱ་ཀ་ནུས་པ་ཤིང་དང་གླང་། །མི་ཡི་བདག་པོའི་ཁྱད་པར་ལ།།ཤཱ་ཤཾ། ལྗང་གུ་ལོ་མ་དང་། །མེ་ཏོག་འབྲས་བུ་ལ་སོགས