Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 212
Văn bản gốc(Tây Tạng)
Trang 7 / 21 (50.000 ký tự/trang)
སོ་གལ་རླུང་། །གློ་བའི་སྒྲ་ཅན། རླུང་བུག་ཅན། །གོས་ངན་དང་ནི། ཤ་ཟའོ། ༦ །མཁའ་ལ་ཉལ་དང་། མཁའ་ཉལ་སྤྱོད། ༢ །ཀཾ་ཀ་སྐྱོབ་དང་། ཆུས་གཟིར་བས་སྐྱེས། དབང་འཛིན། ཉ་འབུ་དང་། །མིག་ལྔ་པ་དང་། སྐྲ་སྐྱེད་དོ། ༥ །སྒོ་ངའི་ཉ་བྲན་ཚོགས་པ་ལ། །གྲུ་སྐྱེད་དང་ནི། ཆུའི་སྒོང་ཅན། །འཁོར་ལོ་སྤྱོད་དང་། གྲུ་འཛིན་དང་། །མ་ནུའི་སྦྲུལ་དང་། སྐུམས་པ་ཅན། ༢ །ཨུལཱུ་པཱི་དང་། བྱིས་ཅན་མཚུངས། ༨ །འོད་བརྩེགས་དང་ནི། ག་ཧྭར་དང་། །དམར་པོར་ཟ་ དང་ཤ་ཀུ་མ། །དགའ་བ་འཁྱིལ་དང་ཏི་མི་དང་། །ཏི་མིངྒི་ལ། རཱ་གུའི་བུ། །ཨ་གྷ་རྣམས་ནི་དབྱེ་བར་འགྱུར། །ཡཱ་དཱི་ས་ནི་ཆུའི་སྐྱེ་བོ། །མིང་བཟང་དེ་ཡི་དབྱེ་བ་ནི། །ཤཾ་ཀུ་སྲཾ་དང་ཆུ་སྲིན་སོགས། །ཆུ་ཡི་གཟུགས་བརྙན་ཆུ་སྲིན་དང་། །རལ་གྲིའི་སོ་ཅན་མ་ རོ་ལི། །མཐའ་དག་ཚིམ་དང་ཉ་འདེབས་དང་། །དེ་དབྱེ་ཆུ་སྲིན་ཀ་རའོ། །ཆུ་སྲིན་དཀར་དང་ཕྱོགས་འཛིན་དང་། །འཛིན་ཁྲི་ལུས་ཀྱི་རྒྱུད་ཅན་དང་། །ཆུ་ཡི་སྤྲིན་རིངས་ན་ཀྲའི་རྒྱལ། །ཆུ་སྒོང་ཅན་དང་། ཆུའི་བུ་ཟ། །རན་ཀྲ་ཆུ་ཡི་ཟས་ཅན་དང་། །བཱ་ཏུཎྜ་དང་། ཀུམྦྷཱ་ར། །ཆུ་ཡི་ཕག་པ་ཆུ་མགྲིན་ཅན། །ཨ་པཱ་ད་དང་། ཉ་ཟས་དང་། །འབབ་འཛིན་ཆུ་ཡི་འབུ་ཟན་དང་། །ཆུ་ཡི་ལྕེར་ཡར་ལྟ་བར་བྱ། ༡༡ །གོ་དྷི་ཀཱ་དང་། ནི་ཧཱ་ཀཱ། །ཛ་ལ། གྲ་ཧ། ཞེས་པའོ། ༣ །ཧྲི་དང་ཆུ་ཡི་བྱེ་མ་དང་། །ཆུར་འཛུལ། ཆུ་ལ་རྒྱལ་བ་དང་། །ཉ་ འཛིན་ཆུ་ཡི་སྲེ་མེའོ། ༦ །བྱིས་པ་གསོད་དང་། བྱིས་པ་ཅན། །རལ་གྲིའི་མཇུག་ལྡན་པ་ལའངྒ། །ཆུ་ཡི་རུས་སྦལ། ཆུའི་སྤྲེའུ། །སྐད་ཅིག་དབུགས་དང་། དབྱིད། བདག་པོ་ཅན། །བ་ཤཱ་གྷ་ཞེས་པ་རྣམས་སོ། ༩ །རུས་སྦལ་ཡན་ལག་ལྔ་པ་དང་། །ཀ་མ་ཐ་དང་ ཀཙྪ་བ། །ཡན་ལག་ལྔ་སྦས་ཀོ་ཌའི་རྐང་། ༥ །ས་སྲིན་དང་ནི། གྷཱ་རྒྱུ་རཱི། ༢ །ཀརྐ་ཊ་དང་། ཀུ་ལཱི་ར། །ཁ་གྱེན་ཕྱོགས་དང་། འཕྲོག་བྱེད་མིག །ཏི་པ་ཤ་ན། ལུས་སྤས་དང་། །བ་ཌི་དང་ནི་གྱ་གྱུར་འགྲོ། ༨ །གླང་པོ་ལ་སོགས། ཐང་ལ་གནས། །དེ་རྣམས་ སྔོན་ནི་ཆུ་ལས་སྐྱེས། །ཀིཉྩ་ལུ་ཀ །ས་སྲིན་ཏ་ལ། །ས་ཡི་འཁྲིལ་ཤིང་ཞེས་པའོ། ༣ །ཤཱི་ལི་དང་ནི་ས་སྲིན་མོ། ༢ །སྦལ་པ་མོ་དང་དབྱར་སྐྱེས་མ། ༢ །རུས་སྦལ་མོ་དང་། དུ་ལི་མོ། ༢ །མཎྜུ་ཀ་དང་། དརྡུ་ར། །ལུས་བྲལ་འཕྲོག་བྱེད། བྷེ་ཀ་དང་། །རྨ་ཡི་གནས་ དང་། ཆར་སྐྱེས་དང་། །བེ་ཀ་དགའ་བྱེད། ཤཱ་ལཱུ་ར། འཕར་བར་བྱེད་དང་འཕར་བ་དང་། །ལྕེ་མེད་དང་ནི་བཤང་བ་སྦས། ༡༣ །ཆུ་སྲིན། ཆུང་ངུ་། མ་ཀྵི་ཀཱ། །ཆུའི་བུ་ཆུ་ཡི་མ་ཀྵི་ཀཱ། ༤ །འགྲོན་བུ། པ་ཊ། ཧི་ར་ཎྱ། །ཧི་ར་ཎ་དང་། རིན་ཐང་ཀུན། །ཟ་མ་ ཏོག་ཅན། རུས་པའི་ཟོང་། །ཆོ་ལོའི་ས་བོན། ཞེས་པ་རྣམས། །དུང་གི་ཁྱུ་དང་དུང་ཅན་མ། ༢།དུང་ཕྲན་དུང་གི་སྲིན་མོའོ། ༢ །དུང་དང་ཀམྦུ་ར། ཆུ་སྐྱེ། །ཆུ་ཡི་ཀ་རཾ་ཀ་དང་ནི། །ཁབ་ཀྱི་ཁ་ཞེས་བྱ་བའོ། ༥ །མུ་ཏིག་སྐྱེས་དང་འགས་བྱེད་དང་། །བེ་ཤཱིའི་མཛོད་དང་ ཉ་ཕྱིས་དང་། །ས་ཊཱ་ལུ་ཀ་ཞེས་པའོ། ༥ །ཨུར་ཞེས་བྱ་དང་མཛོད་རིང་མོ། ༥ །ཕུ་ཊ་ཊི་ཀ །འདམ་ཉ་ཕྱིས། ༤ །ཆུ་ཡི་ཉ་ཕྱིས་འབུ་སྐོགས་དང་། །སྤུར་བའི་བུ་དང་། ཤམྦུ་ཀ །ཛ་ལ་ཌིམྦ། ཤི་བུ་ཀ །ཀམྦུ་ར་དང་། བཎྛ་ར། །འདམ་གྱི་སྦལ་པ་ཞེས་པའོ། ། སྲིན་བུ་པད་པ་ཛ་ལུ་ཀ །ཆུ་ཁྱིམ། ཛ་ལཱ་ཡུ་ཀཱ་དང་། །ཆུ་ཡི་སྣང་བ་ཁྲག་འཐུང་དང་། །ཆུར་འགྲོ། ཆུ་འཐུང་དེ་བཞིན་དུ། །པེ་ཎི། བོ་དྷི་ནཱི་དང་ནི། །པ་ཊ་ལུ་ཀ་ཞེས་པའོ། ༡༠ །ཆུ་ཉལ་དང་ནི། ཆུ་ཡི་གཞི། །དེ་ལ་གཏིང་མེད་ཆུ་སྒྲ་ སྒྲོགས། །ལྟེང་ཀ་འཁྱིལ་དང་། ཆུ་སྐྱང་སྐྱོང་། །ཉེ་བའི་ཁྲོན་པ་ཆུ་ཉལ་ལོ། ༢།ཁྲོན་ཆུ། བྲུས་ཆུ། ཀཱུ་པ་དང་། །བཏུང་ཆུ། དུས་མཆོག །ཁ་འཆིངས་ཅན། །གཙུག་ཕུད་ཅན་དང་ཆུ་ཡི་མ། ༨ །རྣམ་འཐོར་དང་ནི། ཙཱུ་ཌ་ཀ །ཙུཎྜཱི། འཛག་ཆུ། ཙཎྜའི་ འདབ། །པ་ཊ་ཞེས་པ་རྣམས་ཡིན་ནོ། །ཨ་ར་གྷཊྚ། ཁྲོན་པ་ཆེ། །རྐང་པ་འཇུག་པའི་པཊའོ། ༣ །ཏྲི་ཀཱ། ཁྲོན་པའི་མུ་ཁྱུད་ཏེ། །བཱི་ནཱ་ཧཱ་ནི་ཁ་འཆིངས་སོ། །གྱེན་འདྲེན་བུམ་པའི་འཁྲུལ་འཁོར་དང་། །ཆུ་གྱེན་འབབ་བྱེད་པྲ་ཧིའོ། ༣ །མུན་ནག་ཁྲོན་པ་ཆུ་ཉམས་ པའོ། །མུན་པ་ཅན་དང་འབུ་སྲིན་གནས། ༣ །རྫིང་བུ་དང་ནི་བྲུས་ཆུ་དང་། །མཐིལ་ཅན་དང་ནི་ཁྲོན་ཆུ་ཅན། །འོག་གི་གནས་ཅན་ཞེས་པའོ། ༥ །འོག་དང་། ཏལླཾ། བལླཾ་དང་། །ཏལླཾ་ཀཾ་ཞེས་པ་རྣམས་སོ། ༢ །ཀུཎྜ། ལྷ་ཡི་རྫིང་བུའོ། །ཨཱ་ཁཱ་ཏཾ་ནི། ལྷས་ བསྐོས་པའོ། །རྫིང་བུ། རྫིང་རིངས། ལོགས་ངོས་ཅན། །མཆོད་སྡོང་ཅན་དང་། ཉ་སྦལ་ཅན། ༥ །འོབས་དང་། ཡོངས་སུ་བརྐོས་པའོ། ༢ །གཞི་ཅན་གོང་དུ་ཆུ་འཛིན་པའོ། །བཙུགས་ཤིང་ཆུས་བསྐོར་བཀྲུན་ཤིང་དང་། །ཕྱག་དང་། རྡུལ་སྐྱེས། ཆུ་སྐྱེས་ དང་། །ཀེ་དཱ་རོ་དང་། ཤྲཱི་ཏྲ་ཧ། །བྱ་ཡིས་བསྐྲུན་དང་། བཞིན་ཅན་དང་། །གནས་ཅན། ཤི་རྩ་ཆུ་འཛིན་པའོ། ༡༡ །པདྨའི་འབྱུང་གནས། མཚེའུ་དང་། ཆུ་ཡི་སྙིང་པོ། བཞད་ལྡན་མཚོ། ༥ །མཚོ་ཆུང་། རྫིང་མཚོ། ལྟེང་ཀའོ། ༣ །འདམ་སྐྱེས་པདྨ་ཆུ་སྐྱེས་ དང་། །མཚོ་ལས་སྐྱེས་དང་། མཚོ་ལ་སྐྱེས། །འདབ་སྟོང་། འདབ་བརྒྱ། ཀ་མ་ལ། །འདམ་ལ་སྐྱེ་དང་། ཏཱ་མའི་བཅུད། །རྩིབས་འབིགས་དང་ནི། ཨུཏྤལ་ཆེ། །དཔལ་གྱི་འདབ་མ། ཨམྦུ་ཛ། །བཾ་ཀེ་ཛ་དང་། ཛ་ལ་ཛ། ཨཉྫ་ནི་དང་། བཱཾ་ར་ཛི། ། ས་ར་པཱཾ་ཛཾ། མཚོ་ལས་སྐྱེས། །ས་རོ་དུ་ཧ། ས་རོ་ཛཾ། །མི་ཡི་འཚོ་བ། དུག་རབ་འཇོམས། །རྒྱས་བྱེད། ཨམྦོ་རུ་ན་དང་། །གེ་སར་ཅན་དང་། སྡོང་བུ་ཅན། །ཀཉྩི། དཔལ་གོས། ནཱ་ལི་ཀཾ། ༣༡ །པདྨ་དཀར་པོ། ཆུ་སྐྱེས་དཀར། ༢ །ཨུཏྤ་ལ་དང་། ཀུ་བ་ལ། ཀུ་བཾ། ཀུ་བ་ལ་ཡའོ། ༤ །ཀཾ་སཏྶོ་ལ། ནགས་ཨུཏྤ་ལ། ༢ །ཆུ་སྐྱེས། སྔོན་པོ། དབང་མཆོག་དང་། །འཆི་མེད། དབང་མོ་ཞེས་པའོ། ༣ །ཨུཏྤལ་དཀར་པོ་ཟླ་བའི་དྲི། །ཀཻ་ར་བཾ། ཀུ་མུ་ད། ཀུ་མུ་ཏ། །ཟླ་བ་དགའ་དང་། ཟླ་མཛེས་དང་། ། ཀནྟོཊྚ་དང་། མཚན་མོ་བཞད། ༣ །ཀྲྀཎྞོ་ཀནྡི། དཔལ་གྱི་ལག །ཨུཏྤལ་དམར་པོ་བུང་བ་དགའ། །དཔལ་མོའི་ཁྱིམ་དང་། ཀུ་མུཏ་དང་། །ཀོ་ཀ་ན་དང་། མཚོ་སྐྱེས་དམར། ༨ །ཀ་ཏ་ལཱ་རཾ་དང་། དྲི་བཟང་ཅན། ༢ །ཐུན་མཚམས་ལྟར་དམར་ཧ་ལཱུ་ཀཾ །དུག་ གི་ལྟེ་བ་པད་རྩ་ཅན། ༤ །སྡོང་བུ་ཅན་མ་ནི་ལ་ནཱི། །རྒྱས་ལྡན་མ་དང་པདྨ་ཅན། །པུཊ་ཀི་ནཱི་ཞེས་པའོ། ༧ །ཀུ་མུ་ད་ཡི་ནགས་ཚལ་ནི། །ཀུ་མུ་དི་ནཱིའོ་གཞན་མཐའ་ཡས། །ཀུནྡི་ན་ལ་ནཱི་ལ་སོགས། །སྡོང་བུ་ནཱ་ལཱ་ནཱ་ལཾའོ། །པདྨའི་རྩ་བ་ཏནྟུ་ལཾ། །པི་སི་དང་ ནི་བི་ཥཎྜཾ། །པད་སོགས་ཚལ་ནི། ཀ་དམྦ། །ཀ་ར་ཧཱ་ཊ། ཤི་ཀཱ། ཀནྡ། ༣ །ཟེ་འབྲུ་དང་ནི་གེ་སར་རོ། ༢ །ལྟེ་བ་དང་ནི། ས་བོན་མཛོད། །གདུགས་ཀྱི་ས་བོན་སཀྵཽ་རཾ། ༤ །སམྦ་རྟི་ཀཱ། འདབ་མ་གསར། ༢ །ཤཱ་ལུ་ནི་ཀཾ། འདབ་འཁྲུངས་ལྡན། །ཀ་ཤེ་ རུ་དང་། ཤཱ་ལུའི་རྒྱལ། །འཕགས་པ་དགེ་བ་ཞེས་ཀྱང་ངོ་། ༣ །དེ་ནས་ཤྲིངྒ་ཊ་ཀ་ལ། །ཆུ་ཡི་ཚེར་མ། ཆུའི་སྒུ་ར་འཁྱོག །༢ །པྲ་སྣི་བུམ་པ་ཅན་དང་ནི། །ཆུ་ཡི་རྩ་བ། ཆུའི་བཞི་མདོ། །མཁའ་ཡི་རྩ་བ་ཆུ་ཡི་འདབ། །འདབ་མ་ཆུ་ཡི་ཤུན་པ་དང་། །འདི་ནི་ཀརྟྲི་ ཎི་དུའང་བལྟ། །ཛ་ལ་སཱུ་ཀཾ །སྦུབས་ཅན་ནོ། །ཤེ་བཱ་ལཾ་དང་། ཆུ་བལ་དང་། ཆུ་ཡི་རྔམ། ཆུའི་ལེན་བུ། །ཀཱ་ཙཱ་རཱཾ་དང་། ཆུའི་སྔོན་མོ། །ཆུ་ཡི་ལུས་དང་། ཆུ་ཡི་རྟགས། །ཆུ་ཡི་སྐབས་དང་། ཆུའི་དྲ་བ། །ཆུ་ཡི་འདབ་མ་ཞེས་རྣམས་སོ། ༡༡ །རྒྱ་མཚོ་ལ་སོགས་ པའི་རབ་ཏུ་དབྱེ་བའོ། །ས་འོག་གི་སྡེ་རྫོགས་སོ། །སྙན་ངག་མཁན་པོ་པཎྜི་ཏ་དཔལ་ལྡན་དཔལ་འཛིན་སྡེས་རྣམ་པར་བཀོད་པའི་མངོན་བརྗོད་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་སྐབས་དང་པོ་རྫོགས་སོ།། །། ས་གཞི་གྲོང་དང་ས་འཛིན་ནགས། །སེང་གེ་མི་དང་གཉིས་སྐྱེས་སོགས། །རྒྱལ་རིགས་དང་ནི་མི་ཟད་པར། །འདི་ནི་སྡེ་ཚན་དྲུག་ཏུ་བྱས། །བརྟན་པ། འཛིན་མ། ནོར་འཛིན་མ། །དབྱིག་འཛིན། བྷ་རཱ། མི་གཡོ་མ། །ཀྵོ་ཎི་རྒྱ་མཚོའི་སྐེ་རགས་ཅན། ། ཨི་ལ། ཀྵ་མྲཱ་དང་ནི། ཀྵྨཱ། །སྲུང་བྱེད། ཞག་ལྡན། མཆོད་འོས་མ། །མཆོད་སྦྱིན་བྱེད་མ། འགྲོ་ལྡན་མ། །ས་གཞི་འཛིན་མ་འཛིན་བྱེད་མ། ས་སྦྱིའི་མིང་དྲུག་ཅུ་རྩ་གཉིས། སྣ་ཚོགས་འགེངས་དང་། ནོར་ལྡན་མ། །ཀྵི་ཏེ། ཀུན་བཟོད། བཟོད་ལྡན་མ། །མཐའ་ཡས་ བཅུད་ལྡན། འཛིན་བྱེད་མ། །ཡངས་ལྡན་རྒྱ་མཚོའི་གོས་ཅན་མ། །ཆུ་སྐྱོབ་ས་དང་། ས་གཞི་སྐུ། །རྒྱལ་བྱེད། འབྱུང་པོ་འཛིན་མ་དང་། །དྷཱི་དཱི། ཆུ་ལྡན། གླིང་འཛིན་མ། །གླིང་ལྡན་མ་དང་འོད་སྲུངས་བྱིན། །བྷཱུ་མེ། ཨུརྣཱི། ཡངས་ཅན་མ། །དྲི་ལྡན་རི་ ཡི་རྣ་ཅན་མ། །རིན་ཆེན་སྙིང་མོ། ཀླུ་ཡི་གཞི། །རི་ཡི་ཕུར་བུ་མ་དང་ནི། །མཛེས་ཆེན་མ་དང་། ལུས་ལྡན་མ། །སྣ་ཚོགས་འཛིན་མ། བཟོད་མ། གཽཿ ཐང་ཆེན་མ་དང་། བ་སྠི་ལཱི། །མིའི་གནས། བར་ཡངས་ལྡན་མ། མའི་འཇིག་རྟེན་དང་། །ས་སྟེང་ རོ་དང་རོ་དང་སཱི། །ཆུ་གཏེར་མུ་ཁྱུད་དྲི་སྐྱེད་མ། །ས་བོན་སྐྱེད་དང་། རང་སྐྱེད་མའོ། ༧༢ །ས་བཟང་དང་ནི་ཡིད་འོང་མ། །རབ་དང་ས། མྲྀཏྶཱ། མྲྀཏྶ་ནཾ་དང་། །མྲྀཏྟ། ཀཱ་ཞེས་བྱ་མཁའ་ཐང་། བའོ། །ས་གཤིན། འབྲུ་ཀུན་སྐྱེ་བ་དང་། །ག་ཎི། ཨཱ་ར་ པུཥྤའོ། །ཚྭ་སྒོ། འགྱུར་བྱེད། ས་ཅན་ནོ། །ཚྭ་སྒོ་ཅན་དང་། བ་ཚྭ་ལྡན། ས་བྱེ་བྲག་བའི་མིང་། །ད་ཤ་དང་ནི། ཨཱི་རི་ཎི། ༤ །ས་བྱེ་བྲག་པའི། ཀ་ཙ་ག་ལཱ། ན་ལིངྒཱ། ༢ །ཐ་དད་ཡིད་འོང་། སྐྱེ་བ། རྗེས་སུ་ཟོས། ༢ །ས་ནག་ཡུལ་ནི་ས་ནག་ཅན། །དེ་བཞིན་ས་སྐྱ་ལ་སོགས་ པ། །བརྗོད་བྱའི་རྟགས་ཅན་གཞན་ཤེས་བྱ། །སྠ་ལ་དང་ནི་སྠ་ལཱིའོ། །སྠི་ཎི་ལ་ནི། ཐང་གི་མཚམས། །རིག་པའི་ཐང་མཚམས། བྱེ་མ་ཅན། །མ་རུ་དང་ནི། མྱ་ངམ་ཐང་། ༢ །མ་བརྐོས་པ་དང་། མ་རྨོས་པ། ༢ །སྐྱེ་འགྲོ། འགྲོ་ལྡན་འཇིག་རྟེན་དང་། །ས་རྟེན་ དང་ནི། གནས་རྟེན་ནོ། ༥ །འཇིག་རྟེན་འདི་ནི་བྷ་ར་རྟའི། །ཡུལ་ཏེ། ཧཻ་མ་བ་ཏའོ། །ཐ་ར་ཏ་དང་། མི་ཡི་ས། །ཡི་ལཱ། པྲྀ་ཏཾ། ཏོག་གི་ཕྲེང་། །འཕྲོག་བྱེད། ཁྱུ་མཆོག་སྐྱེས་བུའམ་ཅི། །བཟང་པོ་དང་ནི་དབྱིག་རིང་བཞིན། །བྱང་གི་སྒྲ་མི་སྙན་རྣམས་ཏེ། ། ས་སྟེང་གི་ནི་ཡུལ་རྣམས་དགུ ། ༩ །ཀུ་ཤ། ངམ་སྐབས། ཁྲུང་ཁྲུང་ཛམྦཱུ་ཤིང་། །པདྨ། ཤཀ །ཤལྨ་མིང་དང་། གླིང་རྣམས་སུ་འགྱུར། །ཀླ་ཀློའི་ཡུལ། །བྷཱ་ཏ་ང་ཡི་མཐའ་འཁོབ་པོ། །པྲ་མཱ་ག་དང་། སྒྲ་ངན་ཞིང་། །གངས་རི་དང་ནི། འབིགས་བྱེད་ པར། །འཕགས་འཁྲུངས། བསོད་ནམས་ས་གཞི་དང་། །ཡུལ་དབུས་དང་ནི་དབུས་ཡིན་ནོ། །དེ་ནས་འདིར་ནི་ཨཱདྷཱ་རི། །འབི་དིར་ཡ་ནི་འགའ་ཞིག་འདོད། །འབིགས་བྱེད་གངས་རི་དག་དབུས་སུ། །ཤར་དང་ནུབ་ཀྱི་ཆུ་གཏེར་རོ། །ཤ་རཱ་བ་ཏིའི་མཚམས་གང་ དེར། །འཕགས་པའི་ཡུལ་ལ་སོགས་པ་རྣམས། །ཡུལ་ནི་ཤར་དང་། ལྷོ་དང་ནུབ། །བྱང་དང་། ནུབ་བྱང་རྣམས་ཡིན་ནོ། །ལྷ་ཡི་ཆུ་བོའི་བར་གང་ཡིན། །དབྱངས་ཅན་ཏྲྀ་ས་ཐ་ཏཱི་དག །དེ་ཉིད་སྤྲུལ་པའི་ཡུལ་ཡིན་ནོ། །ཚངས་འཁྲུངས་དེ་དག་པ་ཊའོ། ། གཾ་གཱ་ཡ་མུ་ནཱ་དག་གི། །བར་བར་བཞི་ནི་རི་བོང་ཐང་། །པྲ་ཧཱ་ས་དང་། ཟླ་བའི་འགྲོ། །བཏྶའི་ཚོང་རྡལ། ཀཽ་ཤཱམྦཱི། །གཽཌཱི་མདའ་རིས་སུཎྜ་ཡིན། །པུཎྜས་མཚན་པ་བ་རནྟྲ། །ཀ་ནྱ། ཀུནྫ། གྷཱ་དྷཱིའི་གྲོང་། །བུ་མོ་སྒུར་འཁྱོག །ཀུ་ཤའི་ཐང་། །ཆར་ཆེན་ཞེས་ པ་རྣམས་སུ་འགྱུར། ༥ །ཛི་སྟ་རི་དང་ཉེ་བའི་ཐང་། །འཁོར་མོ་འཇིག་དང་ཞི་བའི་གྲོང་། །གསལ་ལྡན་འགྲམ་དང་རྒྱལ་པོ་ཅན། ༤ །རང་བྱུང་སྐྱེས་དང་ཡུལ་འཁོར་ཆེ། །ཡུལ་གྱི་གནས་མཆོག་སད་མ། ཞེས་བྱ་བའོ། ༣ །མེ་ཏོག་དང་གྲོང་ཁྱེར་དང་། །སྐྱ་སྣར་བུ་ཞེས་ བྱ་བའོ། །གནས་བཅས་དང་ནི་ཀོ་ཤ་ལཱ། །འཐབ་མེད། དགའ་མཆོག །མཛོད་འཛིན་ནོ། ༥ །གཽ་ཏ་མ། སྟོབས་ཀྱི་རིགས། །ཟངས་བྱུགས། ཏ་མཱ་ལི་ཀཱ་དང་། །དུལ་བ་བྱུགས་དང་། འཕྲོག་བྱེད་ཁྱིམ། །འཁོར་ལོ་གཅིག་པ། གནོད་ མཛེས་གྲོང་། །གླང་པོ་ཅན་དང་། ལག་ལྡན་ཅན། །གླང་པོས་མཚན་དང་། ལག་ལྡན་གྲོང་། །གླང་པོའི་ཡན་ལག་ཅེས་པའོ། ༥ །ཟངས་གཡོག་པའི། ནགས་ཚལ་བྲེ་བོ། རྒྱལ་བྱེད་གྲོང་། ༢ །ནགས་ཚལ་དང་ནི། ཁཎྜ་བཾ། །མ་ག་དྷ་དང་། ཀ་ཊ་དག །༢ །བརྟྟ་ནི་དང་ཤར་གྱི་ ཡུལ། །བི་ར་ཛཱ་དང་། འོད་ལྡན་ནོ། ༢ །ཡངས་པ་ཅན་དང་། འཕགས་རྒྱལ་དང་། །སྲུང་བྱེད་མེ་ཏོག་ཟེའུ་ཅན། ༤ །དེ་ཡི་སྐྱེད་མོས་ཚལ་གང་ཡིན། །དེ་ནི་མེ་ཏོག་ཟ་མ་ཏོག །ལྷ་མོ་མཁར་དང་མདའ་ཡི་གྲོང་། །ཀོ་ཊའི་ཡུལ་དང་། དཀའ་བཟློག་ནགས། ། དམར་སྡུག་བསྔལ་བྲལ། པོའི་གྲོང་ཡང་དེ་ཉིད་དོ། ༥ །གྲོང་ཁྱེར། ཙམྦཱ། ཕྲེང་བ་ཅན། ༣ །སྒོ་ལྡན། ནོར་ཅན། གྲོང་ཁྱེར་དང་། །སྒོ་ཅན་ཚལ་དང་། ཕྲེང་བ་ཅན། ༤ །ག་ཡཱ། གའི་རྒྱལ་པོ་ཅན། ཏཱི་ར། བྷུ་ཀྟི། ལིཙྪ་བཱི། ༨ །ལུས་འཕགས་ གྲོང་ཁྱེར། ལུས་འཕགས་དང་། །ཀ་མི་ཐི་ལ་ཞེས་བྱ་བའོ། ༣ །རྣམ་པར་ཞི་བྱེད། སྒྲ་ངན་ཞིང་། ༢ །མཉམ་ཡོད། ཆོས་ཀྱི་ཚོང་རྡལ་ལོ། །གྲོང་གསུམ་དང་ནི་གྲོང་ཁྱེར་རོ། ༢ །འབུ་ལེན་དང་ནི། འབུ་ཡི་གྲོང་། ༢ །མ་ཐུ་རཱ་དང་། སྦྲང་ཅན་དང་། །སྦྲང་ རྩི་ཉེ་བར་འཇོམས་ཞེས་སོ། ༣ །ཀུ་ཀུ་དྒྷི་ན། དེ་ཡི་གྲོང་། །ལེགས་མཐོང་ཅན་དང་། ཀུ་ཤའི་ཐང་། ༢ །སྐྱེ་དགུའི་བདག་སྐྱེས། པྲ་ཡཱ་ག །༢ །ཀཱི་ར་དང་ནི། ཌྜྷ་ཀའོ། ༢།མཚོན་ཆ་བཟོ་གྲོང་བཱ་ཧཱི་ཀཱ །ཏྲི་ག་རི་ཀཱ། ཀསྨཱི་ར། ༢ །ཀཱ་མ་རཱུ་པའི་ཡུལ་ལ་ནི། ། པྲཱཉྫ་ཏོ་ཥཱ། པྲཱཉྫ་ཥཱི་ཀཱ ༢ །བངྒཱ། སེང་གེ་གཙན་པ་ཅན། ཧཾ་རི་ཀ་ལ་ཡ། ༢ །མ་ཏཱ་གི་ཌྷ། ཨུཏྐ་ལ། ༢།ཤ་ཀ་མ་ཏྲ། ཏུ་རུ་ཀྵ། །མ་ཁ་དང་ནི་ཉེ་བའི་ནགས། ༣ ད་ཤེས་ར་དང་། ཀཱ་མཱ་རུ་སྐྱེས། ༢ །ཕྲེང་བ་དང་གསུམ་ཅན་དང་། སྲུང་བྱེད་དོ། ༢ །ཏཱི་ར་བྷུ་ཀྟི། ལུས་འཕགས་དང་། །ལིཙྪ་བཱི་ཡུལ་ཤེས་པར་བྱ། ༣ །ཌྭ་ཧཱ་ལ་དང་། རྟ་ལ་བརྩེ། །མཆོད་རྟེན་ཅན་ཞེས་བྱ་བའོ། །ཀཱ་རུ་ཥ་དང་། ཁྱིམ་ཆེན་པོ། ༢ །ཡ་ད་བསྟུ། དཪྴ་རྟ། ཤཱ་ལྭོ་ཏ་དང་། ཀུ་ཀུ་ར། །ཀུ་རུ་པ་དང་བྷ་དྷིའི་ཡུལ། །སྐྱེ་བོ་དང་ནི། པཱཎྡྱཱོ། ༢ །མི་ལྡན། དང་ནི། ཧཱ་ཧྣཱི་ཀྴ། །ཨ་བ་དྷྭ་ར། ཀམྦོ་ཛ། །ཛཱ་ལནྡྷ་ར། ཏྭི་གརྟ། ༢ ཨངྒ། ཙམྤ་ཉེ་མཚན་ཉིད། ༢ །མངའ་རིས་དང་ནི། ཡུལ་ལྗོངས་སོ། །རྒྱལ་ཁམས་ཡུལ་དང་། ཉེ་བར་ཕྱི་ཡུལ། གནས། ༢ །གཙྪ། མི་དང་སྐྱེ་བོ་མང་། ༢ །འདམ་བུ་ཅན་དང་འདམ་ བུ་མང་། ༢ །ཀུ་མུད་ཅན་དང་། ཀུ་མུད་མང་། ༢ །སྦ་ཡི་ཚལ་དང་། ཡ་མང་ཅན། ༢ །འདམ་རྫབ་ཅན་དང་། འདམ་ཅན་ནོ། ༢།ནེའུ་གསིང་ཅན་དང་། རྩྭ་ལྗང་ཅན། ༢ །གྱོ་དུམ་གསེག་མ་ཅན་གྱི་ཡུལ། །གསེག་མར་བཅས་དང་། གསེག་མ་ལྡན། །དེ་བཞིན་ བྱེ་མ་ལྡན་པའོ། །ཡུལ་གང་ཆར་ཆུས་འབྲུ་སྐྱོང་བ། །ལྷ་ཡི་མ་ཅན་ཞེས་པའོ། །ཆུ་ཀླུང་ཆུ་ཡིས་འབྲུ་སྐྱོད་མ། །དེ་ནི་ཆུ་ཀླུང་མ་ཅན་ནོ། །རྒྱལ་པོ་བཟང་དང་། རྒྱལ་ལྡན་ཡུལ། །རྒྱལ་པོ་མེད་དང་། རྒྱལ་ངན་ཅན། བ་ལང་། མང་བ། བ་ལང་གནས། ། བ་ལང་སྔོན་བསྡད། བ་ལང་ལྷས། ༢ །གྲལ་དང་། ཀུན་སྤྱོད། ཚུལ་དང་ནི། །བསོད་སྙོམས་ལེན་དང་རྒྱུན་དང་འཛིན། ༦ གྲོག་ཚང་དང་ནི། གྲོག་མཁར་དང་། །བརྒྱ་བྱིན་སྐྱེ་བ། བསྟཱི་བརྩེགས། །བཱ་མ་ལཱུ་ར། འབུ་ཡི་བྲག །༦ །ས་ཡི་ཁོར་ཡུག་འཁོར་ པའོ། ༢ །ལམ་དང་། རྗེས་ལྡན་རྒྱུ་ས་དང་། །འཇུག་བྱ་གཅིག་རྗེས་བགོམ་བྱ་དང་། །བགྲོད་བྱ་འགྲོ་ས་རྐང་ལྡན་དང་། ༢ །བརྟ། བ་ནཾ། རྡུལ་ཅན་དང་། །པནྠ། བཱ་ཊ། ས་ཐ། བ་ཧ། །ཨ་དྷྲ། མཱ་ཋ། ཁུ་ལུ་མའོ། ༡༨ །དམ་པའི་ལམ་དང་། མཆོད་བྱའི་ལམ། ། ལམ་པོ་ལམ་གྱི་མིང་བཅོ་བརྒྱད། ཆེ་དང་། ལམ་བཟང་དང་། །དཔལ་གྱི་ལམ་དང་། རྒྱལ་པོའི་ལམ། ༦ །ལམ་བྲལ། ལམ་ངན། འཇིགས་བཅས་ལམ། །ཀ་ད་དྷྲ་དང་། ཀ་པ་ཐ། ༥ །ཤྲིཾ་ག་ཊ་ཀ །དབྱིབས་དང་ནི། །ལམ་འདྲེས་དང་ནི། བཞི་མདོའོ། ༤ །བར་ སྟོང་རིང་པོ། །ལམ་སྟོང་དང་། །དགོན་པ་དང་ནི། བགྲོད་དཀའི་ལམ། །ལམ་མེད་པ་དང་ཨ་པ་ཐཾ། ན་ལྟ། ཁྲུ་ནི་བཞི་བརྒྱའོ། །ལྕགས་ཁྲོག་ལམ་དང་། ཨཱ་ལ་མྦྷཱ་ས། །རིམ་པས་བགྲོད་དཀའ། ཀུན་རྒྱུ་བ། །བ་ལང་ཤིང་རྟ་ རྒྱང་གྲགས་ཟུང་། །དཔག་ཚད་ལམ་དང་དྷ་ནུ་ཀཾ། །རྒྱལ་པོའི་ལམ་དང་ཀུན་འགྲོ་བ། །དེ་ནི་གྲོང་གི་ཉེ་འཁོར་ལ། ཞེས་པའི་སྡེ་རྫོགས་སོ།། །།གྲོང་དང་སྐྱོང་བྱེད་གྲོང་ཁྱེར་དང་། །ཚོང་རྡལ་ཚོང་སྲང་གནས་དང་ལྗོངས། །སྨད་གནས། མཚམས་གནས། ཀརྦ་ཊཾ། ༡༠ །ཨཱ་རཾ་ག་དང་། ཨ་ཏྲི་བ། །རཾ་བ། པྲ་ཏི། རྩཱརྦྦ་ཀཾ ༤ ། གྲོང་གི་རྩ་བའི་གྲོང་ལས་ནི། །གྱིས་པ་གྲོང་ཁྱེར་ཉེ་བའི་གྲོང་། །དེ་ལ་རྒྱུན་འབབ། གྲོང་ཆུང་དང་། །ཨུརྦ་ས་སུ་རཾ་ཞེས་སོ། ༣ །འཕྲོག་བྱེད་ཟླ་གྲོང་བཟང་པོའི་གྲོང་། །དྲི་ཟའི་གྲོང་ཁྱེར་ཞེས་ པའོ། ༣ །འདུལ་གནས། ཆོས་ཀྱི་ཕུར་བུའོ། ༢ །མུ་དཱཿ ཏྲཱི་དང་། དམངས་འགུལ་གནས། །ས་བརྐོས། སྤྱོད་པའི་ཕུར་བུའོ། ༢ །སིནྦྷུ་རཾ་དང་། དམར་པོ་འཆོས། །པ་ཊོ་ལི་ཀཱ། སྦས་ཕུར་བུ། །འགའ་ཞིག་ཕྱག་དར། རྡུལ་ལ་ཡང་། །གྲོང་ནི་བཟང་པོ་བདུན་ བརྒྱ་ཡི། །དབུས་ཀྱི་གནས་ནི་ཀརྦྦ་ཊཾ། །གལ་ཏེ་དེ་གྲོང་བཞི་བརྒྱའི་དབུས། །དེ་ཚེ་དྲོ་ཎ་མུ་ཁཾའོ། །ཀུན་ནས་འདམ་པའི་ཚོང་འདུས་དང་། །ཁྱིམ་དང་། དབང་པོའི་ཚོང་འདུས་དང་། །གྲོང་གི་འགྲམ་ཞེས་བྱ་བའོ། ༤ །ཚོང་ལམ། ཟོང་འཚོང་ར་བ་དང་། །སྲང་ ལམ། ཚོང་འདུས། ཀུན་འཇུག་དང་། །ཧེཎྟ་ཟོང་དང་། ཨ་ཛི་ར། །ཐོབ་པའི་སྒོ་དང་། སྐྱེད་དང་ནི། །ཚོང་ལམ། དབྱངས་ཆེན། བརྗེ་དང་འཚོང་། །ཀ་ཙམ་ག་ལམ། ནི་རྨུ་ཊ། །མིག་མངས་ཡང་དག་ཚོགས་པའོ། ༣ །བྱིས་ཁྱིམ། ཁྱིམ་གྱི་ས་དང་ གཞི། ༣ །འཇུག་དང་། འཇུག་བྱ། སྐྱེ་བོའི་གནས། །རབ་བསྔགས་གནས་དང་ས་གཞི་མ། །རབ་ཏུ་དགའ་དང་། དགའ་བྱེད་དོ། །གྲི་ཧ། གྲྀ་ཧཾ། བེེ་ཤ་དང་། །བེཤྨྲ་དང་ནི་གནས་པ་ཡིན། །གོ་ཧཾ་ཀུན་དགའི་གནས་དང་ནི། །གནས་ཁང་། ཕིབས་ འོག་འདུན་གནས་དང་། །མཚན་མོའི་ནང་གནས་སྒྲིབ་གཡོགས་དང་། །ཁྱིམ་དང་བྱ་བའི་གནས་ཀྱང་ངོ་། །ངེས་གནས། གནས་དང་། ཀུན་ཏུ་གནས། །སྐྱབས་འོག་དང་ནི། ཁང་ཁྱིམ་དང་། །ཁང་ཆུང་། སྤྱིལ་པོ། འདུན་ས་དང་། །ལཾ་ལཱ། ཀ་ཀྵྱ་འཇུག་གནས་སོ། ༢༧ །ར་བ་བཞི་པ། ཀུན་འཇུག་གོ ༢ །ཀུན་གནས་ཁྱིམ་དང་། བཤེས་གཉེན་ཅན། ༢ །ཁང་བཟངས་ར་བས་ཡོངས་བསྐོར་དང་། །ཟླ་བའི་ར་བ། སྤྱི་བོའི་ཁྱིམ། །ཁང་བརྩེགས་དང་ནི། བ་ཌ་བྷི། ༦ །ད་དྷི་ཊཱ་དང་། ངེས་བྱས་ཁྱིམ། ། ཐུབ་རྣམས་ལོ་མའི་སྤྱིལ་པོ་དང་། །མཆོད་སྤྱིལ་པོ་ཞེས་བྱ་བའོ། །བཟོ་བོ་དང་ནི་ཀུན་འཇུག་གནས། ༢ །རྟ་ཡི་ར་བ། རྟ་ཡི་ཁང་། ༢ །འདབ་ཆགས་ར་བ། བྱ་ལྡན་ནོ། ༢ །ཆུ་ཁང་བཏུང་བའི་ར་བའོ། །རྒྱ་མཚོའི་ཁྱིམ་དང་རླུང་ཡོང་ཅན། །ཆུ་ཡི་འཁྲུལ་འཁོར་གནས་ ཡིན་ནོ། །བ་སི་ཏ་པ་ཡི་ལས་དང་། །ཨ་བ་ས་ནཱི། སྤྲ་ཡི་ཁྱིམ། །ཏིལ་མར་ར་བ་འཁྲུལ་འཁོར་ཁྱིམ། །དུད་ཁང་ཨ་ལ་ནྡྷུ་ཀཱའོ། །བཙོན་ར་དང་ནི་འཆིང་བའི་ཁྱིམ། །གསོད་པའི་མྱུ་གུ་བྱ་བའི་སྦྱོར། །དཀའ་ཚེགས་གནས་དང་བྱེད་པ་ཅན། ༦ །ཚང་མའི་ཁྱིམ་དང་ གཉྫའོ། །གྲྭ་པའི་ཁང་པ་ལ་སོགས་ལ། །གནྟཱི་དང་ནི། མ་ཋའོ། །སོ་སོའི་གནས་ནི་དེའི་ར་བ། །ཐུབ་པ་རྣམས་ཀྱི་གནས་དང་རྟེན། །གྲགས་པའི་ཕུང་པོ་ལྷ་ཡི་གནས། །མཆོད་རྟེན་དང་ནི། མཆོད་སྦྱིན་གནས། ༢ །སྙིང་པོའི་ཁང་པ། ཀུན་སྤྱོད་དོ། །འདུན་ ཁང་དང་ནི་སྐྱེ་བོའི་གནས། །ས་གཞི་དཀོར་མཛེས་འདུན་ཁང་མཆོག །སྙིང་པོའི་ཁང་པ། གནས་ཁང་དང་། །ལོངས་སྐྱོད་གནས་སུ་དེ་བརྗོད་དོ། །མཚན་དང་མཚན་གྱི་བར་དང་ནི། །མཛོད་རབ་དང་ནི་འདུན་ཁང་ངོ་། ༢ །བང་མཛོད་དང་ནི་མཛོད་ཡིན་ནོ། །ཨ་ རིཥྚས་ནི་བུ་བཙས་ཁྱིམ། །རྩྭ་སྤྱིལ་དང་ནི། ལུས་ཚད་ཅན། །རྣ་བའི་རྒྱུད་དང་མཉྩ་ཀཿ། །རྩྭ་ཡི་ཁང་བཟངས་མ་ཀ་ཊ། །མུན་ཁང་། ༡ མཉྩ། ཀུ་ཏྲཾ་ཤ །བསིལ་ཁང་ལ་སོགས་ནོར་ལྡན་གནས། །ཁང་བཟངས་ལྷ་དང་ས་བདག་ཁྱིམ། །གཙང་གནས་ དང་ནི་རྒྱལ་པོའི་ཁང་། །འདུ་ཁང་རྒྱལ་པོའི་ཕོ་བྲང་དང་། །བདེ་ལེགས་ཅན་དང་ཀུན་ནས་བཟང་། །མདོག་མཛེས་དང་ནི་འཕེལ་བ་ཅན། །དགའ་བ་འཁྱིལ་པ་ལ་སོགས་དང་། །གཞན་ཡང་སྒོ་སྒྲིགས་སོགས་ཀྱིས་ཕྱེ། །ཁྱད་པར་བཀོད་པ་ འོད་རྣམས་སྤེལ། །དབང་ཕྱུག་ལྡན་པའི་ཕོ་བྲང་གི །ཁྱད་པར་གཞན་ཡང་སྦྱིན་སོགས་འགྱུར། །བཙུན་མོའི་ཁང་པ་ས་སྤྱོད་མའི། །ནང་དང་ཕོ་བྲང་སྲུངས་མ་ཅན། །དག་པའི་མཐའ་ཅན་ཀུན་ནས་འགོགས། ༤ །ཡང་ཏོག་དང་ནི། ཁང་བཟང་སྟེ། །ཡ་ཕུབས་ དང་ནི་དགྲ་ཁང་ངོ་། །དབང་པོའི་སྒྲ་དང་། ཨཾ་ག་ཀ །མནྡ་ནི་ནཱི་བ་ལང་ར། །གླང་པོ་མཆོག་གི་ར་བ་ལ། །ཀུ་ཏྲཾ་ག་དང་། ཨུརྒྷ་ཊ། །སི་ཋ་རཱ་ཞེས་བྱ་བའོ། །སཏྨཱི། ཀ་ནྱཱ་ཊ་ནིཿཀུ་ཊཱི། །གྲོང་རྣམས་བར་གྱི་ལམ་པོ་ཆེ། །རཱཙྪ་ཞེས་སད་ཚོང་ཁང་དང་། །ཟོང་གི་གནས་ཀྱང་དེ་ཉིད་དོ། །ལྕོགས་ཆུང་ཙ་ཡ་བ་ པྲིའོ། ༢ །ལྕགས་རི་སྐྱིབས་དང་། བགྲོད་དཀའ་དང་། །མདའ་ཡི་ར་བ་འདིའི་རྩ་ཆིངས། །ར་བ། འོབས་རིངས། མཐའ་མུ་ཁྱུད། །གཏམ་གྱི་ལམ་ཞེས་བྱ་བའོ། ༦ །ཁོར་ཡུག །བསྐོར་བ་གྲོང་སོགས་མཐའ། །འོད་མ་སྤ་སོགས་ལས་བྱས་དཀྲིས། །སྐྱོབས་ དང་། མཐའ་བསྐོར། བརྩིགས་པ་བརྩེགས། །ཨེ་ཌུ་ཀཾ་ཞེས་བྱ་བའོ། །དེ་ནང་རུས་པ་སོ་བཙུགས་པ། །རྩིག་པ་བྷིཏྟི། ཀུ་ཊྱཾའོ། །ལུས་ཅན་ཁྱིམ་དང་ཀུན་འཛིན་ནོ། །སྒོ་དྲུང་། །སྒོ་འདུན། སྒོ་རྩ་ནི། །ཕྱི་རོལ་སྒོ་ཡི་ཁྱམས་ཡིན་ནོ། །སྲང་ལམ་དང་ནི་ ཁྱིམ་གྱི་འགྲམ། ༥ །གཡོགས་དང་། ཁེབས་དང་། བཀབ་ཙཱ་ལ། ༤ །ཀུ་ཊཱི་ལ་དང་། ནཱི་གྲ་དང་། །བཀབ་དང་། རབ་མཐའ་ཕྲེང་བ་ཅན། །ཏཱ་ཀོ གྲལ་བཅུ། །རབ་རིངས་དང་། །སྤྲིན་ལྡན། ཨ་པ་ཧཱ་ལི་ཀཱ། ༧ །སྒོ་གླེགས། ཀ་བ། ཀ་བཱ་ཊ། །ཨ་ར་ར་དང་ ནིཥྐུ་ཊ། །རྭ་ར་ཀཊྚ་ཀ་ཞེས་སོ། །སྒོ་ཡི་དབྱུག་གུ་ཡོངས་འཇོམས་དང་། །ས་རོ་དང་། སྭརྒ། །ཤཱ་ཞེས་སོ། ༤ །སྒོ་དང་། སྲུང་བྱེད། སྒོ་མོའོ། ༣ །སྟེགས་བུ་དང་ནི་ཁ་ཁྱེར་དང་། །ཙ་ཏུཿཀི་ཀཱ། ལུས་ལྡན་གནས། ༤ །རྟ་བབས་དང་ནི། ཕྱི་ཡི་སྒོ། །གྲོང་ ཁྱེར་སྒོ་དང་སྒོ་མོ་ཆེ། །མདའ་ཡབ་ཡོངས་བརྩེགས། གླང་པོའི་སེན། ལོགས་ཅན། །ཕྱོགས་སྒོ། ཉིན་མོའི་སྒོ། །ཨུ་ཀྐི་ཀཱི་ཞེས་བྱ་བའོ། ༤ །རབ་ཏུ་བཀབ་དང་། མི་སྣང་བྱེད། ༢ །ཡན་ལག་བཞི་ལྡན་བརྟན་པ་དང་། །ཤིང་འོག་རྡོ་ཡི་ཡ་ཐེམ་ དང་། །རེ་བཞི་དེ་ཡི་སྟེང་དུ་གནས། །གོང་མའི་ཡན་ལག་དེ་ཡི་འགྲམ། །སྒོ་ཡི་སྟེང་གི་ཤིང་གང་ཡིན། །གདུང་སྒུར་ཤིང་ཁྱིམ་ཐོག་ཤིང་རྒྱུ། །ཕུག་རོན་སྐྱོང་དང་བྱ་སྐྱིབས་ཅན། །ཀྲཱ་མ་ཤཱི་རཱ་སྤྲེའུའི་མགོ །ཞྭ་ཡི་རྩེ་མོ་ཅན་ཞེས་སོ། ༣ །ས་བཅིངས་ པ་དང་ཞལ་ཞལ་ལོ། །ཡོལ་བས་བཀབ་དང་གོས་ཀྱིས་བཅིལ། །མ་ཏ་ཏི་དང་། ༡ བ་ཏ་ཀཾ །ས་གཞི་ཁ་དོག་ཅན་ཞེས་སོ། །རླུང་གསེང་སྐར་ཁུང་། ཁྲ་མ་ཅན། །ཉེ་བའི་མགྲིན་ལྡན་གྲོང་མཐའ་དང་། །ཉེ་བའི་ཤཾ་ལྱ་ཞེས་བྱ་བའོ། །གྲོང་དང་གྲོང་བར་འདུག་ གནས་སོ། །རྩྭ་ཕྲེང་། རྩྭ་ཡི་སུ་ལི་ཀཱ། །འཛེག་སྐས་དང་ནི་ཐེམ་སྐས་དང་། ༢ །སྐས་ཀ་དང་ནི་སྟེང་དུ་འཛེག །༢ །ཕྱག་དར། སྤྱོད་པ་བྱི་དོར་དང་། །གཙང་བར་བྱེད་པ་ཞེས་བྱའོ། ༤ །བྱི་དོར་བྱས་དང་། སྦྱངས་པ་དང་། །ཕྱག་དང་། ཕྱི་རོལ། བྱ་བ་པའོ། ༤ །སྒོ་ དང་ངེས་པར་འབྱུང་བའོ། །ངེས་པར་འཇུག་དང་། དེས་འགུགས་སོ། ༢ །མཚམས་དང་། སོ་མཚམས། ཁྲིམས་དང་། །ཚོད། །ཆུ་ཚོད་དང་ནི། ཨ་བ་དྷི། ༦ །འབྲོག་ཁྱིམ་དང་ནི། རྩྭ་ཡི་ཁྱིམ། ༢ །འཚོ་བྱེད་གནས་དང་། རྔོན་པའི་ཁྱིམ། གྲོང་གི་སྡེ་རྫོགས་ སོ། །།མི་གཡོ། རི་བོ། རྡོ་བརྩེགས་དང་། ཚིགས་ཅན་གྱེན་འཕྱུར་འཛིན་བྱེད་དང་། །ས་འཛིན། མ་ཧཱི་དྷ་ར་དང་། །འགྲོ་མེད། མི་འགྲོ། ཀ་ཊ་ཀཱི །ཡངས་ལྡན། རྩེ་ཅན། ཤ་ཥ་ར། །རྒྱུན་ལྡན། ཁམས་འཛིན། མི་འཕྲོག་པ། ། རི་ལྗོངས་དང་ལྡན། རི་བོའི་མིང་སོ་གཅིག་ས་གཞི་འཛིན། །རླན་འཛིན། སྤྲིན་གྱི་སོ་ཅན་དང་། །ས་སྐྱོབ། ཆུ་སྐྱོབ། སའི་ཕུར་བུ། མགྲིན་པ་ཅན་དང་། བརྟན་པ་དང་། ཆ་ཤས་ཆེ་བརྩེགས། ཀུཊྚི་རཱ། །སྤྲིན་འཛིན། འབྱུང་གནས་ཀཊྚཱི་ར། ༢༡ ། ཀི་ལཱ་པ་དང་། ནོར་སྦྱིན་གནས། །ནོར་སྦྱིན་རི་བོ། ཚོགས་ཀྱི་རི། །དངུལ་གྱི་ལྕོག་ཅན། དངུལ་རབ་གནས། ༦ །དེ་ནས་རི་བདག །གངས་རི་དང་། །ཁ་བ་རབ་གནས། མེ་ནཱའི་བདག །དཀའ་བཟློག །བླ་མ་ཞེས་བྱའོ། ༥ །དབྱིག་ གི་ལྟེ་བ། མེ་ནཱ་ཀ། རོལ་གནས། །ལྟེ་བ་བཟང་དང་གངས་རིའི་བུ། ༣ །མཐའ་རི། ས་འཛིན་ཕྱི་མ་དང་། །ནུབ་པའི་རི་དང་། ལྷའི་རི་བོ། ༤ །ཤར་ར་ཉིན་མོའི་རྩེ་མོ་དང་། །མདུན་རི་ཤར་གྱི་གཡོ་མེད་གནས། །མཁའ་འགྲོའི་གདན་ཞེས་བྱ་བའོ། །འབིགས་བྱེད་དང་ནི། མེ་ཀ་ལ། ཆུ་བོ། ནརྨ་དཱ་འབབ་པའོ། ༣ །དལ་འབབ་རི་དང་། དབང་པོའི་ཕུར། ༢ །རི་བོ་ཁྲུང་ཁྲུང་ཀཽ་ཉྩ་དང་། །ཕྲེང་བ་ཅན་ཞེས་བྱ་བའོ། ༣ །བདེ་ལྡན། མིད་པ། རབ་འབབ་རི། ༢ །རི་བོ་རྩེ་གསུམ། ངོས་གསུམ་པ། །འཇིག་རྟེན་སྣང་དང་། འཁོར་ཡུག་ རི། ༢ །མ་ལ་ཡ་དང་ཙནྡན་རི། །རི་བོ་ཨཱ་ཥཱ་དྷ་ཞེས་སོ། ༢ །དེ་ནས་ནི་ཥ་དྷ་དང་ནི། །དརྡ་ར་དང་ཡོངས་འདུ་ཅན། །སྤོས་ངད་ལྡན་དང་གཞན་ཡང་ནི། །སྣ་ཚོགས་བརྩེགས་པ་ལ་སོགས་རི། །གངས་རི་དང་ནི་ཁ་བ་བརྩེགས། །རྣ་ཅན། རྭ་ཅན། ལྷའི་རི་བོ། ། སྣ་ཚོགས་ཅན་དང་ནི་ཥ་དྷ། །བདུན་པོ་འདི་དག་དྲང་སྲོང་རི། །རྡོ་བ་སྦེད་བྱེད། གོར་མ་དང་། །ཙོག་པོ། ཇུ་བོ། སྟུན་དང་རྡོ། །གཞན་འཇོམས། པཱ་ར། ཊི་ཊ་དང་། །སྲ་བ། ས་འཇོམས་ཤིང་འཇོམས་སོ། ༡༢ །ཁབ་ལེན། རབ་འབྱེད། འོ་བྱེད་ དང་། །འཁོར་བར་བྱེད་ལ་སོགས་པའོ། །རྭ་དང་། རྩེ་མོ། བྱ་སྐྱིབས་དང་། །སོ་དང་བརྩེགས་པ་ཞེས་བྱའོ། །རྡོ་བའི་བུ་དང་། རིའི་རུས་སྤལ། །གྷརྒྷ་ནཱ་ལ་ཁྱིམ་གྱི་རྡོ། ༤ །བཙག་དང་། རྡོ་དམར། དམར་པོའི་ཁམས། །རི་སྐྱེས་ནགས་ཀྱི་རྒྱ་སྐྱེགས་དང་། ། མེ་ཏོག་ས་རུལ་རི་ཡི་གསང་། །༨་མཁྲེགས་པ། ཁ་ཊཱི། ཝརྣ་དང་། །རེ་ཁཱ་དང་ནི་རྡོ་དཀར་དང་། །རྡོ་བའི་ཁམས་དང་ས་དཀར་དང་། །ཤི་ལཱ་དྷཱ་ཏུ་པྲ་ཝའོ། ༨ །ཁམས་ནི་ལྡོང་རོས་མུ་ཟི་དང་། །བ་བླ་དང་ནི་ཅོང་ཟི་བཙག །༥ །གཞན་ཡང་ཐུན་མོང་ཁྱད་པར་བ། ། རི་ལས་སྐྱེས་པ་རྣམས་ཡིན་ནོ། །རི་བོ་དང་ནི་རི་ཡི་སྨད། །རི་ཡི་འགྲམ་དང་། ཨ་ཛི་རཾ། ༤ །རི་ལྗོངས། བང་རིམ་སྟེང་སྙིང་པོ། ༤ །མཐའ་འཁོབ་རི་དང་། རིའི་རྐང་པ། ༢ ། གཡང་ས། ལྟུང་གནས། རི་གཟར་ངོས། །རི་ངོས་ཁྲོན་པ། རི་སྟེང་ཆུ། །ཡང་ དག་འབབ་དང་། ལྟུང་བྱེད་པའོ། །ཆུ་ལྡན། རབ་འཛག །ཆུ་འབབ་དང་། །ཆུ་རྒྱུན་ལྷུང་ལྷུང་སྒྲ་སྒྲོགས་པའོ། །ལྷས་བསྐོས་ཁུང་དང་། བུ་ག་དང་། ཚང་ཚིང་ཕུག་དང་། ཀོ་ཊ་རཾ། ༤ །རི་སུལ་དང་ནི། ངམ་གྲོག་གོ། །ས་བརྐོས་པ་དང་འབྱུང་ཁུངས་ས། ། རི་བཙན་ནི་འོག་ས་གཞི་དང་། །རི་སྟེང་དང་ནི་ས་གཞི་མཐོ། །ལྟོ་བ་བརྟོལ་དང་བྲག་བརྟོལ་བ། །ཤྭ་དང་རི་ཡི་བུད་ཅེས་བྱ། །ནགས་ཚལ་དང་ནི་སྨན་ལྗོངས་དང་། །འགྲམ་ཤིང་སོགས་ཀྱིས་ལྟོ་བ་བཀག །ཞེས་པ་རི་ལི་སྡེ་རྫོགས་སོ།། །།འབྲོག་དང་ དགོན་པ་སྟོང་པ་དང་། །ཚལ་དང་ཚང་ཚིང་ནགས་ཚལ་དང་། །ཛྷཱི་ཌ། དཱ་པ་ད་པ་དང་། །ཤིང་ལྡན། ཕུགས་ཅན། ནི་སྟ་ལི། །ཏ་ལཾ་བཱརྐྵ། འབྲོག་དགོན་པ། །མི་མེད། གཞི་ཅན། དུད་འགྲོ་ཅན། །སྐྲག་གནས་ཞེས་པ་རྣམས་ཡིན་ནོ། ༡༧ ། དགོན་པ་ཆེན་པོ་ནགས་སྟུག་པོ། །ངེས་འགྲོ་ཁྱིམ་གྱི་ཀུན་དགའ་ར། །བཅོས་མའི་ཚལ་དང་ཉེ་བའི་ཚལ། །ནགས་ཀྱི་ཀུན་དགའ་ར་བའོ། ༢ །དཔལ་གྱི་ཀུན་ར། བསོད་ནམས་འབྲས། ༢ །འདོད་པའི་དགོན་ས། བཏུང་མཆོག་ཚལ། ༤ །སྨད་འཚོང་མ་དང་ སློབ་དཔོན་གྱི། །ཁྱིམ་གྱི་ཀུན་དགའ་ར་བ་ནི། །པ་ཊའི་ཤིང་ལྡན། ཙུ་ཏའི་ཤིང་། །སྐྱེས་བུ་རྩེ་ས་སྐྱེད་མོས་ཚལ། །ཐུན་མོང་རྒྱལ་པོའི་ནགས་ཀྱི་ཚལ། །རབ་དགའི་ཚལ་དང་རབ་མྱོས་ཅན། །བཙུན་མོ་རྣམས་ཀྱི་སྐྱེད་མོས་ཚལ། །ནགས་ལྡན་ དང་ནི་ནགས་ཚོགས་ཅན། །དེ་ཉིད་རོལ་པའི་སྐྱེད་མོས་ཚལ། །དུས་ཀྱི་ནགས་དང་རྒྱ་མཚོའི་ཚལ། །འགྲམ་གནས་དེ་ཡི་འགྲམ་དང་ནི། །ཆུ་ཀླུང་འགྲམ་གནས་དགོན་པ་ནི། །ཕྲ་མོའི་ཀུན་ར་རབ་དང་ཅན། །ལྷ་ཁང་གནས་ཀྱི་སྐྱེད་མོས་ཚལ། །རོལ་མོ་ ཅན་དང་མང་ཚོར་ཅན། །གྲལ་དང་ཕྲེང་བ་བཀོད་པ་དང་། །ཨཱ་ལི་བསྒྲིགས་དང་། དང་ར་བ་དང་། །མཚར་དང་། ཡཱ་ལི། འཁྲིགས་ཆགས་སོ། ༩།ཕྲེང་བཀོད། གྲལ་རིམ། མངོན་འཐུག་བྱས། །ས་སྐྱེས་ཤིང་དང་། ནགས་ ཀྱི་བདག །སྟེང་སྐྱེས་པ་དང་། རྩེ་མོ་ཅན། །ཡལ་ག་ཅན་དང་། འཁོར་ལོ་ཅན། །སྡོང་པོ། ཀུན་འགྲོ་འགྲོ་མེད་དང་། །ན་ག་ཀུ་ཛ་ཨ་གཙྪ། །མི་གཡོ་ཀ་པ། བརྟན་པ་དང་། །སྐྱེད་བྱེད། ས་ལྡན། རྐང་འཐུང་ཤིང་གི་མིང་ཉི་ཤུ་རྩ་བརྒྱད། དང་། །རླན་སྐྱེས། །འདམ་ལྡན། མགོ་ལིང་ཅན། །ཕུང་པོ་ཅན་དང་། འདབ་མ་ཡངས། །རྣམ་རྒྱས་འདབ་ཅན། འགྲོ་མེད། སྐྱེ་མེད། མི་འགྲོ། ཡལ་ག་འཛིན། །ཡལ་གས་ལྷག་དང་། ལུས་རྣམས་རྒྱས། །ཀཱ་ར་ཝཱི་ཞས་བྱ་བའོ། ༢༨ །མེ་ཏོག་ འབྲས་མེད་ནགས་ཚལ་བདག །དེ་ཉིད་ནི་མུཌྜྷ་ཞེས་བྱ། །མེ་ཏོག་འབྲས་ལྡན་ཚལ་དག་སྐྱེས། །རྐང་འཐུང་མཆོད་རྟེན་དུ་བརྟན་ནོ། །ཤིང་གི་གྲིབ་མ་བསྟན་པའི་གྲག །ཡལ་ག་རྩ་ཐུང་ཀྵུ་པའོ། །འདོད་འཇོ་ལས་ཤིང་ས་ནག་དང་། ཨུ་དུམྦཱ་ར་དང་། པླ་ཀྵ་ལ་སོགས། ལྷ་ཡི་བདུད་རྩི་ལས་བྱུང་ཤིང་། །ཀཱ་རི་བ་དང་བྷཉྫ་རུ། ༢ །འབྲས་ཁ་རྫུར་རེ་འབྲ་གོ་དང་། ཨ་མྲ་དང་། ཨ་ལ་ཀ་ལ་སོགས་པ། པུ་འཛིན་པ་མོ་གཤམ་མིན། །འབྲས་ལྡན་འབྲས་ཅན་འབྲས་བུ་ཅན། །རབ་ཤར་ཉེར་བྱེད་ཡང་དག་རྒྱས། །སྦུབས་གྲོལ་བ་དང་རྒྱས་པ་དང་། ། རྒྱ་གྲོལ། །ངེས་བྱེད། གོ་ཆ་གྲོལ། །རྒྱས། འཛུམ། བྱ་དང་། གསལ་བ་དང་། །མི་འཛུམ་པ་དང་ཤིན་ཏུ་རྒྱས། །རྣམ་དབྱེ་རྣམ་གསལ། ཤིན་ཏུ་ཕྱེ། །རྣམ་ཕྱེ། གཉིད་བྲལ་ཤིན་ཏུ་མཛེས། །སྐྱེས་དང་། བྱུང་དང་། རྣམ་རྒྱས་པའོ། ༡༣ །མོ་གཤམ། འབྲས་མེད། སྒྲ་ཅན་ནོ། ༣ །མོ་གཤམ་མིན་པ་ལ་སོགས་གསུམ། །བརྟན་པ་ངེས་པ། ཤཾ་ཀུའོ། ༣ །མྱུ་གུ། མངོན་འཁྲུངས། གསར་དུ་སྐྱེས། ༣ །སྨན་དག་གིས་ནི་རིགས་ཙམ་ལ། སྐྱེད་མེད། ཨ་ཛ་ཏ་དང་། ཀུན་ལ་སྨན། །སྨན་ནི་འབྲས་བུ་སྨིན་མཐའ་ དང་། །འཁྲི་ཤིང་། གུ་ག །ལྕང་མ་དང་། །ལྕུག་མ་དང་ནི་ཚང་ཚིང་ངོ་། །ཨུ་པ་སཉྩ། སྡོང་པོ་དང་། །མགོ་ལིང་གནས་དང་གེལ་པ་ཅན། །རྩ་བ་ཡལ་གའི་བར་གྱི་ཤིང་། །སྡོང་རྐང་དང་ནི་ཕུང་པོའོ། ༢ །ཡལ་ག་རྒྱན་དང་འཁྲི་ཤིང་ངོ་། །ཕུང་པོའི་ཡལ་ག་ མཐོ་བའོ། ༢ །རྩ་བ་དང་ནི་རལ་པའོ། ༢ །ཡལ་གའི་རལ་པ། ཀུན་ནས་སྐྱེས། རྩེ་བར་བསྡུད་པ། །རྩ་ནས་རྩེ་མོར་འཁྲི་ཤིང་སོན། །ཤིང་ལ་སོགས་པ་བཙུགས་པ་དང་། །བསྟོད་པ་བསྒྲང་དང་། བླང་བའོ། །མགོ་དང་། རྩེ་མོ། ཅོ་ཏོའོ། །རྩ་བ། སྨད་ དང་། རྐང་བའི་མིང་། །གོང་བུ་དང་ནི། སྙེ་མའོ། །དེ་ཉིད་མཉྫི་པལླཱཾ་དང་། །གུནྡྷཱེ། འདི་རྣམས་མཚུངས། །སྦལ་མིག་ཐོན་དང་ཛཱ་ལཾ་ཀཱ །ཀོ་མཱ་རི་ཀུ། ཛཱ་ལ་ཀཱ། ༤ །གཞོན་ནུ་གསར་བུ་ཚིགས་ཀཾས་པ། ༣ །ཁ་བྱེ་བ་དང་། གྱེས་པ་དང་། །གུ་ཙྪ། ཀྵེ་པ། གུ་ལུཙྪ། ། ཨཱ་ལིམྦཱ་ཞེས་བྱ་བའོ། ༦ །བུ་ཚབ་བ་དང་། མུ་ཀུ་ལ། །མེ་སྙེ་མ། གོང་བུ། ཏོག་རབ་སྐྱེས་སྐྱེས་པ་དང་། །སུ་མ་ན་ས། ཡིད་འོང་དང་། །ཀུ་སུ་མ་ཞེས་བྱ་བའོ། ༦ །མེ་ཏོག་རྡུལ་དང་། ཡིད་འོང་རྡུལ། །མེ་ཏོག་རྩི་དང་། མེ་ཏོག་རོ། །ལོ་མ་རྙིངས་པ། ས་བ་ཀཾ། ། འདབ་མ་ལོ་མ། སྒྲིབ་བྱེད་དང་། །ད་ལི་པརྣོ་ཙྪ་དའོ། །སྡོང་པོའི་སན་མ་བརྡྷཉྩ། །མགྲིན་པ་ཅན་དང་། ཡིད་དགའ། ཨུརྐི་ལ། །ཀ་ད་ར་དང་། མེ་ཏོག། ཤུ་ནི་དང་། །འདབ་མའི་རྩེ་དང་། དཀར་པོའི་རྩེ། །སྡོང་པོ་ཅན་ཞེས་བྱ་བའོ། །མགོ་ལིང་། ཡལ་ཚོགས་ཀི་ཤ་ལཾ། ། རྩར་སྐྱེས་སྡོང་པོ་ལྷག་པ་དང་། འདབ་མ། ཤིང་ལོ། ལོ་འདབ། ཤིང་གི་བཅུད་དང་ཡངས་པ་དང་། །ཤིང་གི་བརྟུལ་ཞུགས་ཤེས་པའོ། །ལྕུག་མ་དང་ནི་འཁྲི་ཤིང་དང་། །སྡོང་པོའི་འཁྲི་ཤིང་ཡཱ་བ་ཀ །འདབ་མའི་ལང་ཚོ་ཤིང་གི་བརྟུལ། །འདག་ཁུ། རྡུལ་དང་ ཙརྦ་ཌ། བྱུ་རུ་ཤིང་དང་། ལྕུག་མ་གསར། །མ་སྨིན་འབྲས་བུ་ཤི་ལ་ཌུ། །སྐམ་པོ་རཱ་ན་ཞེས་པའོ། །ཤིང་ཤུན། ཙོ་ཙམ། ཤལ་ཀཾ་དང་། །སྐོགས་པའམ་ཤུན་པ། ཤིང་ལྤགས་དང་ནི་བལ་ཀ་ལམ། ༥ །སྙིང་པོ་དང་ནི་རྐང་མར་མཚུངས། ༢ །རྒྱལ་ཆེན་དང་ ནི་མགོ་ལིང་ངོ་། །ཁོང་སྟོང་དང་ནི་ནང་ཅན་ནོ། །ཕྲ་མོའི་ཤིང་དང་ཀི་ལིཉྩི། མེ་ཤིང་། ཤིང་བུ། བུད་ཤིང་དང་། །ཡམ་ཤིང་། ཧོམ་ཤིང་། འཚོད་བྱེད་ཤིང་། །སྦྱིན་སྲེག་ཤིང་ཞེས་བྱ་བའོ། །ཤིང་འཁྲི་ཤིང་སོགས་སྐྱེས་པ་ ཡི། །ལོ་ཏོག་དང་ནི་འབྲས་བུའོ། །མདུད་པ། ཚིགས་པ། པ་རུ་ཥི། ༣ །ཐང་ཆུ་འཆིང་བ། བིནྟའོ། ༢ །སྨན་ཤིང་འབྲས་བུ་འབྱུང་བ་ཀུན། །ཨ་རུ་ར་ལ་སོགས་པའོ། །ཨ་ཤྭ་ཐ་སྐྱེས་བི་ནུ་སྐྱེས། །ནྱ་གྲོ་དྷ་སྐྱེས་ཨངྒ་དེའི། །འབྲས་དང་། པྲི་ཧ་ཏཱི་སྐྱེས་འབྲས་ ཛམྦཱ། །ཛམྦྷུ་ལས་སྐྱེས་པ། །ཛམྦ་སྐྱེས་དང་། ཛམྦཱུ་སྐྱེས། །བི་དཱ་རི་ལྡན་རྩ་བ་མ། །རང་གི་རྟགས་ཅན་འབྲུ་དང་འབྲས། །མེ་ཏོག་མལླི་ཀཱ་དང་ནི། །ཛཱ་ཏི་ན་བ་མཱ་ལི་ཀཱ། །ཀེ་ཏ་ཀཱི་དང་གཞན་ཡང་ནི། །མེ་ཏོག་སྐྱ་སྣར་ལ་སོགས་སོ། །བྱང་ཆུབ་ཤིང་ དང་འདབ་བསྐྱོད་དང་། །པིཔྤ་ལ་དང་གླང་པོའི་བྲས། །པཱ་ད་རི་ག་ཨ་ཤྭདྠཱ། །ཀ་པཱ་ཏེ་ན་འདབ་མ་སྣུམ། །ཀེ་ཤ་བཱ་ལ་པླཀྵ་དང་། །རབ་འགྱུར། །བྱང་ཆུབ་དང་ནི་མཆོད་རྟེན་ཤིང་། ༡༢ །པི་འབྲས་གནོད་སྦྱིན་ཁ་སྦྱོར་རོ། ༡ །པླཀྵ་ནི་བ་རྐཱ་ཊཱི། ༣ །བྱང་ཆུབ་ཤིང་གི་མིང་། ཨ་མ་ཙཱུར། བཅུད་འཛིན་བྱང་ཆུབ་ཤིང་དང་། ཁྱད་པར་གནས་སམ་ཏྲ་གནས། ཀ་སི་རྠའི་མིང་། སྤྲེའུ་གནས། །མཱ་ཀནྡ་དང་། རྐང་དྲུག་ཚོས། །སྦྲང་རྩིའི་ཕོ་ཉ་དཔྱིད་ཀྱི་ཤིང་། །བུད་མེད་དགའ་དང་། གེ་སར་འཐབ། །པི་ཀའི་གཉེན་དང་། རྩ་ལག་འཛིན། ། འདི་ནི་ས་ཨ་མྲའི་མིང་། ཧཱ་ཀ་ར་དང་། །ཤིན་ཏུ་བཅུད་བཟང་ཞེས་པའོ། །ཨ་མྲའི་འབྲས་དང་། འབྲས་བུ་མངར། ༢ །ཀི་ཀ་ཤི་དང་། ཀ་བ་ཀཱི། ༢ །ས་ན་སེ་དང་། ཚེར་ཅན་འབྲས། །ཙམྦཱ་ཀཱ་ལུ། གཙུག་ཕུད་ལྡན། །མུ་ར་ཛ་འབྲས་ཞེས་པའོ། ༥ །དེ་ཡི་སྦུབས་ལ་ས་ན་ ཨ་མ་ཁྱེད་པར་བའི་མིང་། ལྷན་ཅིག་བྱེད། སའི། །ཏཱ་ལི་ཀཱ་ཞེས་བྱ་བའོ། །བ་ཀུ་ལ་དང་། ཤཱི་དྷུ་དང་། །དྲི་ལྡན་གེ་སར་ཅན་ཞེས་པའོ། ༤ །མྱ་ངན་མེད་ཀྱི་མིང་། མྱ་ངན་མེད་དང་། པཉྫུ་ལ། །ཆུ་ལ་གར་རྩེ། རྐང་མཛེས་དང་། །དགའ་བ་སྦྱིན་ཞེས་བྱ་བའོ། ༥ །སྐྱ་ནར་སྐྱ་ནར་གྱི་མིག ཅན་ཤིང་དོན་ཡོད་དང་། །ཆུ་ལྡན་གནས་པ་པཱ་ཊ་ལ། །མེ་ཏོག་རྩ་ནག་ལུས་ངན་མིག །ཀཱ་ཙི། སྠུ་ལཱི། འབྲས་བུ་སྐྱེས། །འདོད་པའི་ཕོ་ཉ་མཛོད་ཐ་མ། །ཟངས་ཀྱི་མེ་ཏོག་ཅན་མའོ། ༡༢ །ཙམ་པ་སྐྱེས་དང་གེ་སར་ཅན། །ནཱ་ག་གེ་སར་རྐང་དྲུག་དགའ། །ནཱ་ག་ པུཥྤ་ཞེས་ཀྱང་བྱ། །འདི་ནི་གསེར་གྱི་མེ་ཏོག་ཅན། །པུཥྤ་རོ་ན། གསེར་འདྲ་དང་། །ཐང་གི་ཀྲོ། ཀླུ་ཡི་མིང་ཅན་ཞེས་པའོ། ༩ །ཧ་རི་དྲ་བ་འདིའི་ཕྱེ་མ། །དེ་བཞིན་ཀ་དི་ཀུ་སུམྦྷ། ༢ །ཙམ་པ་ཀ་ནཱ་ག་གསེར་གྱི་མིང་། དང་། བསོད་ནམས་བསུང་། །མེ་ཏོག་རྒྱལ་དང་ ཙམ་པ་སྐྱེས། །མཆོག་ཐོབ་གསེར་གྱི་མེ་ཏོག་ཅན། ༦ །འདི་ཡི་འབྲས་བུ་ཀ་ལི་ཀཱ། །དྲི་ཡི་འབྲས་བུ་ཞེས་པར་འགྱུར། །སྤུང་པའི་མིང་། སེ་འབྲུ་ཤིང་དང་། མེ་ལེ་བརྒན། ཙམ་པ་ཀའི་མིང་ཏོག་གོ། །དཱི་མྦ་དང་། ཀ་ར་ཀཾ། །འབྲས་བུ་བྱ་བ། སདྡྷ་མླ། ནེ་ཙོའི་ལྕུག་མ་ཚིགས་ཆེན་སྐྱེས། །རབ་སྐྱེས་དང་ནི་གོང་བུ་ཅན། ༡༠ །འོ་མ་ཅན་དང་རྒྱལ་པོའི་ཟས། །འབྲས་བུའི་བདག་པོ་ཞེས་བྱ་བའོ། སེ་འབྲུའི་མིང་། །ཀླུ་ཤིང་སྐྱེས་བུ་མཐོ་བ་དང་། །གེ་སར་ཅན་དང་། སེ་འབྲུ། ལྷའི་ལྕུག་མ། །སེང་གེ་སྐྲོད་དང་། ཀླུའི་ མེ་ཏོག །ཀིཉྫི་ར་དང་། གེ་སར་དམར། །བུམ་ཅན་ལྷ་ཡི་འདབ་མ་ཅན། ༡༡ །ཀེ་ཏ་ཀ་དང་། སོགས་ལེ་སྒྲིབ། །ཚད་ལྡན་འདབ་མ་མེ་ཏོག་རྩེ། །རྩ་བ་མང་དང་། ཛམྦུ་འཛིན། །ས་སྲུང་སྐྱེས་དང་། ཀླུ་ཡི་ཚོན། །ཤུན་པ་དྲི་ཞིམ་འབབ་ཆུ་གནས། །ཀི་རྨཱི་ ར་དང་། ཆུ་བོ་སྐྱེས། །ས་ཡི་ཛམྦུ་ཀ་རྣམས་སོ། །ཆུ་ལ་རོལ་དང་། གཞོལ་བ་དང་། །མདོག་མཛེས་མ་དུ་ལངྐ་ལ། །སྐྱུར་རྩི་ཆེན་པོ་སོ་རྩེད་དང་། །སྐྱུར་མོ། ཛམྦྷཱིར། ཛམྦྷ་ལ། །ལེགས་འཛིན། རབ་གནས་མེ་ཏོག་དང་། །སྙིང་རྗེ་དང་ནི་སོ་དགའ་ བྱེད། །རྣམ་པར་མཛེས་ཞེས་བྱ་བའོ། ༡༠ །རྒྱལ་པོའི་འོ་མ། སྤྲེའུ་ཡི་སྤྲང་། །ལས་ཀྱི་ཚོན་དང་། ལས་ཀྱི་ཆ། ༢ །རབ་སྐྱུར་རྩི་ཆེན་པོ་མིང་། མཆོད་དང་ནི་མ་ལ་ཀཾ། །སྐྱུར་མོ་བཏུང་བ་ནས་ཀྱི་བཏུང་བ་དང་། །མ་ལ་ཀི་ཞེས་བྱ་བའོ། །ད་རཾ། རཀྟཾ་བ་ད་རཱ། ། མལ་ཀཾ་ཞེས་པ་ལ་ཡང་དེའོ། ༤ །ཆུས་གང་བ་དང་། ས་བོན་གང་། །དེ་ཉིད་སྐྱུར་བའི་གེ་སར་ཅན། ༣ །མཱ་རུ་ལུམ་གཱི། རུལ་འབྲས་མ། །ལྷ་ལྡན་མ་དང་དྲི་བཟང་ཅན། ༤ །ལ་ཀུ་ཙ་དང་ནི་ཀུ་ལ། །ཤིང་སྐྱུར་དང་ནི་ཤིང་བྲན་དང་། །ཕྲ་བའི་ས་ན་ས་ཞེས་སོ། ༥ །མེ་ ལྡན་མ་དང་། ཏིནྟི་དྲཱི། །ཙིཉྩ། ཏིནྟི་རི་ཡི་ཤིང་། །ཙུཀྲཱ། སྤྲིན་གྱི་རྭ་ཅན་དང་། །ཤིང་སྐྱུར་ཡལ་ག་སྐྱུར་བ་དང་། །ས་སྐྱེས་སྐྱུར་དང་། ཤཱ་ཀཱམླ། །ཏིནྟི་ལཱི་དང་། དམར་པོས་གང་། །ཏིནྟི་ཌཱི་ཀ །སྟར་བུ་ཤིང་། ༣ །དེ་ནས་བྱ་རྒོད་སེན་མོ་དང་། །ཀོ་ནི། རྒྱ་ ཤུག་ཀརྐ་ནྤ། །བི་ཅི་ལ་འདོག་འབྲས་ཞིམ་དང་། །འབྲས་ལྡུམ་ཅན་ཞེས་བྱ་བའོ། །ཀོ་ལ། ཤིན་ཏུ་དཔའ་སྐྱེས་དང་། །རྒྱ་ཤུག་གྷོཎྜ། ས་སྟོབས་དང་། །ས་ལ་ངེས་གནས་ཞེས་པའོ། ༤ །འབྲས་བུ་ནག་མིན། བི་གུ་འབྲས། །སྡེ་བཟང་དང་ནི་ལག་འཇོམས་ སོ། ༤ །བིལ་བ་དཔལ་གྱི་འབྲས་བུ་དང་། །ཤཱཎྜི་ལྱ་དང་། མཱ་ལཱུ་ར། །ཧ་རཱི་རྟ་ཀཱི། ཀ་པི་ཏ་ཚ། །ཤེལཱུ་ཥ་དང་རབ་མཆོད་མིག །མཱ་གནྡཱ་དང་། མ་ལ་ཀཱཾ། ༡༠ །འདི་མི་སྡོང་བུ། ལཾ་ག་ལཱི། །ནཱ་ལི་ཀེ་ར། ཙུག་ལྡན་དང་། །བུ་ག་བྱེད་དང་། ཆུ་ལྡན་མགོ། ། འབྲས་བ་མི་པའི་མིང་། ལྡན་མགོ་རྒྱན། བུ་ཏཾ་དྲང་སྲོང་གི་དབྱེ་བས། ཀ ། བཱ་ནའི་ཆུ་དང་། འབྲས་རྟག་དང་། །མེ་ཏོག་རྟགས་དང་འབྲས་བུའི་ཕུང་། །སྦྱང་བའི་པིཥྐ། མེ་ཏོག་སྒྲོམ། །གཉའ་ཤིང་གི་མིང་། ཧ་ཌཱའི་འབྲས་ཅན། ས་འཚོའི་འདབ། །ཏཱ་ལའི་རྒྱལ་དང་བཅུད་ སྐྱེའོ། ༡༨ །གུ་བཱ་ཀ་དང་། མཁའ་འགྲོ་དང་། །གྷོཎྚཱ་སྡུག །ཀྲ་མགོ་ལག་འཇོམས། །སྙིང་པོ་ཚེར་མ་ཅན། །སྙིང་པོ་ཅན་དང་། ཛྙོ་ཏའོ། ༧ །སོ་རྩི་དང་ནི་དཔལ་མོའི་བདག །གཾ་གཱའི་རྩིབས་ལྡན་ཞེས་པའོ། ༣ །གྱེན་ཤུགས་འབྲས་ཅན་སྨིན་པ་འཛིན། ། འཇམ་པའི་འབྲས་བུ་ལྡན་པའོ། །དགའ་བྱེད་སཱུ་ག་འདོད་པ་ཅན། །ཐུབ་པའི་སུ་ག་ལྷ་ཤིང་དང་། ༤ །རྩས་རྒྱས། པ་ཡསྟཱ་ལ་དང་། །ཏ་ལ་མི་བདག་སུ། ཏཾ་ག །འབྲ་གོ་མདུད་པ་མཐུག་པ་དང་། །སྦྲང་གི་འོ་མ་མཁྲིགས་འབྱུང་དང་། །བུང་བ་རྩུབ་དང་བཅུད་སྐྱེ་དང་། །མྱང་ བྱ་དང་ནི་ཤིང་ཐོག་མངར། ༨ །འབྲ་གོའི་ཤིང་གི་པུང་པོ་ལ། །ས་སྐྱོང་དང་ནི་ཛམྦཱུ་སྐྱེས། །པྲྀ་ཡངྐུ་དང་འབྲས་ལྡན་མ། །སྔོ་བསངས་ཅན་དང་། ཀཱ་རི་བྷ། །བུད་མེད་མིང་ཅན་སྣ་ཚོགས་སྡེ། །དྲི་ཡི་འབྲས་ཅན། ཀུནྡྲ་དང་། །སོ་ལ་ཕྱག་འཚལ་འབྲས་བུ་ཅན། །འཁྲི་ ཤིང་མཆོག་ལྡན་དཀར་མོ་དང་། །དགའ་བྱེད་འབྱུང་པོའི་མེ་ཏོག་ཅན། ༡༡།ཕ་རོལ་ཅན་དང་། མཛེས་ལྡན་དང་། །མུ་ཏིག་འབྲས་དང་། འབྲས་བུ་ཅན། །ཀླུ་ཡི་མདོག་མ། སོ་རྩི་དང་། །སོ་རྩིའི་ལྕུག་མ་ཞེས་པའོ། ༣ །རྒུན་འབྲུ་ཤིང་དང་རོ་མངར་དང་། །རོ་ཞིམ། འཇམ་ལྡན་པའི་ནུ་མ། ༥ །དོ་ཤལ་བྱེད་དང་། །རབ་དགོད་མ། །ཁྱུ་ལྡན། དབུས་འགྱུར། འཆང་མ་དང་། །ཚོགས་ཅན་མ་དང་མ་གནས་སོ། །གེ་སར། གསེར་གྱི་མེ་ཏོག་མ། །ཕྲེང་ལྡན་མ་དང་། ཡིད་བཟང་སྐྱེས། །རྒུན་འབྲུམ་གྱི་མིང་། །མཚན་མའི་མེ་ཏོག་མཱ་ཀནྡི། ། མཱ་ལཱ་ཏཱི་དང་ཀ་ལི་ཀཱ། །ཡིད་བཟང་སྐྱེས་དང་། ནཱི་བི་དུ། །པུཎྜ་ཀ་དང་འཕྲོག་བྱེད་ལྡན། །ཨ་ཏི་མུཀྟ། དཔྱིད་བཟང་དང་། །དཔྱིད་ཀྱི་ཕོ་ཉ། བྱ་སནྟཱི། །སྦྲང་རྩི་སྐྱེས་མ་འཁྲི་ཤིང་ངོ་། ༨ །ཀུན་ཏུ་གྱེས་དང་ནགས་ལས་བྱུང་། །འདབ་བདུན་ཕྲེང་བའི་གསར་ པ་དང་། །སོས་ཀ་ཅན་ཞེས་བྱ་བའོ། །རྩ་སྟོང་དང་ནི་རྒྱ་འཇིགས་དང་། །མལླི་ཀ་ཨ་ཏི་མུཀྟའི་མིང་། ཤིན་ཏུ་གྲོལ་མ། དང་ས་ཡི་རྐང་། །དེ་ནས་མུ་ཀུ་ཏ་རའི། མེ་ཏོག། །བི་ཙ་ཀཱི་ལ། མུ་ཀུ་རཾ། ༢ །བྱེར་བ་མཁྲེགས་དང་། གྲོང་གསུམ་ཕྲེང་། ༢ །ཨཱ་སཱོ་ཏཱ་དང་། ནགས་འཕྲེང་ ཅན། ༢ །མཚན་མོའི་མེ་ཏོག་ནརྒུཎྜི། །ཤེ་ཕ་ལི་ཀཱ། །ལེགས་འབབ་དང་། །དམར་པོའི་ཚོགས་ཅན་བྱ་རུ་ཅན། །སྔོན་པོ་ཅན་དང་། རོ་ཞིམ་དཀར། ༨།འདི་དཀར་འབྱུང་པོའི་སྐྲ་ཅན་ནོ། །བནྡཱུ་ཀ་དང་། རྩ་ལག་འཛིན། །རྩ་ལག་དང་ནི་རྩ་ལག་འཚོ། །དམར་པོ་ ཅན་ཞེས་བྱ་བའོ། །རླུང་དགའ་མ་དང་། སྙིང་རྗེའི་ཕྲེང་། །སྦྲང་རྩི་ཕྲེང་དང་། ཀ་རུ་ཎ། ༤།དེ་ནས་ནུས་ལྡན་ཆེན་པོ་དང་། །ཀི་ཀི་རཱ་ཏ་ཨཱམླན། ༣ །དེ་དམར་ཀུ་རུ་རུབ་ཀ་སྟེ། །སེར་ན་བནྡུ་ཛི་བ་ཀའི་མིང་། ཀུ་རུཎྜ་ཀའོ། །ཨཱམླན་སྔོན་པོ་མུ་མེན་ཏེ། །བི་ཤ་རི་ཀཱ ། ཀུཎྜ་སྔོ། །ཀུནྡ་དང་ནི་བོ་ར་ཊ། །མཆུ་ཟླ་མཛེས་དང་། འདབ་མའི་མཛོད། །ད་ལཱ་ཊ་ཀ་ཞེས་བྱའོ། །ཀ་ར་བཱི་ར་སོ་སོར་དགོད། །བརྒྱད་སྐྱེས། །གཏུམ་པོ། རྟ་གསོད་པ། ༥ །པཎྜི་ཏ་ཀ །ཏ་ག་ར། ༢ །པཎྜི་ཏ་ག་ར་དང་ནི། །པཎྜི་ཏ་ག་ར་ཞེས་ དང་། །ཀ་པ་འཕེལ་བ་ཅན་ཞེས་སོ། ༣ །མ་རུ་བ་ཀཾ །པཱ་རཱ་ཊཾ། །ཨཽ་ར་བྷ་ཡི་འདབས་ལ་གནས། །མེ་ཏོག་དཔའ་བོའི་ལག་པ། ཀ་ར་བཱི་རའི་མིང་། ས་བོན་ཞེས་པ་དང་། །ཚོར་ལྡན་མེ་ཏོག །དྲི་མེད་འདབ། ༧ །ཧ་ཊཱའི་ཚེར་ཅན་འདུལ་བྱེད་ཅན། །འདུལ་བྱེད་རྔ་ཡབ་མེ་ ཏོག་གོ། །ཆུ་ཤིང་། པགས་ལྡན། རྩོམ་བྱེད་དང་། །གླང་པོའི་ལྕུག་མ་གྲོལ་བ་དང་། །པཱ་ཌ་བུ་ཥཱ། རྒྱུད་རྣམས་འཛིན། །འོད་མེད་འབྲས་ཅན། འཇམ་འབྲས་ལྡན། །ནད་ཀྱི་འབྲས་ལྡན། འཆི་འབྲས་ཅན། །རྩ་ཡི་སྙིང་པོ་མཛོད་ལུས་ཅན། །ཤཱལྨ་ ལཱི་དང་རླུང་ལ་འདུན། །ཤིང་འཛིན་ཞེས་པ་ཡང་འདོད་དོ། ༡༦ །མ་ལི་དང་ནི་མེ་ཏོག་དཀྲིས། །གྲོལ་བ་ཅན་ཞེས་བྱ་བའོ། །དེ་བ་དཱ་རུ། ཡོངས་བཟང་དང་། །ལྷ་དབང་རྐང་འཐུང་། ཤིང་སར་དང་། །ཀི་ལི་མའི་ཤིང་བཟང་པོའི་ཤིང་། །དཱ་རུ། སེར་ཤིང་། ཚི་ཅན་ ཤིང་། །མདའ་འཛིན་དང་ནི། བདུག་སྤོས་ཤིང་། །ས་སྐྱེས་མདངས་ཅན། ཤིང་རིངས་དང་། །འོད་ཟེར་འདབ་ཅན་དེབ་དཱ་རུའི་མིང་། སྡོང་གི་ཏོག །སྦྲང་གནས་ཅན་དང་། མེ་ཏོག་མངར། །ལེགས་པའི་ཤིང་དང་། ནགས་རབ་སྐྱེས། །ལམ་པའི་ལོངས་ སྤྱོད་སྦྲང་རྩི་ཅན། །མེ་ཏོག་བུ་ར་ཆུ་སྐྱེས་སོ། །རྐང་མང་པ་ཊ། ནྱ་གྲོ་དྷ། ༣།ཨ་མྲ་མཐར་བྱེད། པཱི་ཏ་ན། །སྦྲེའུའི་ཙུ་ཏ། སྦྲེའུ་དགའ། །ཀ་པི་ཏ་ན་ཞེས་པའོ། ༥ །དེ་ནས་ཡོངས་འདུ་ས་བརྟོལ་ནི། །རྔ་ཡབ་ཅན་དང་། ས་འཇོམས་དང་། །འདབ་མ་བཟུང་ལྡན་ཆུ་ སྐྱེས་དང་། །ཙམྦ་ཀ་དང་། ཕུན་ཚོགས་འཕེལ། །གསེར་གྱི་གདོང་ཅན་གསེར་ཤིང་དང་། །ཀརྦུ་འཇོམས་པ་ཉིད་དང་ནི། །སྨིན་པའི་དགྲར་ཡང་ལྟ་བར་བྱ། ༡༠ །ཤེ་ལུ་ཁང་ཀན་འཇོམས་པ་དང་། །ཡོངས་འདུའི་མིང་། བསིལ་བ་གྱེན་འཇོམས། འཁོར་མང་ཅན། ཚོགས་ཅན། ཀ དམྤའི་ཤིང་། གཤོལ་ལྡན་དགའ། །ནཱི་ས་རྒྱུན་ཅན། ཚོགས་ཅན་དང་། །ཡུང་མདོག་གསལ་དང་། མེ་ཏོག་གི། །རྡུལ་དང་ལྡན་པའི་ཚོགས་ཅན་ཤིང་། །གེ་སར་ཅན་དང་། འབྲས་མིང་ལྡན། །རབ་མཆོག་ལྡན་དང་། རྡུལ་སྟོབས་ཅན། །ཡོངས་སུ་ ནི་མ་པའམ་ཀདྭཱིའི་མིང་ནི། རྒྱུད་ལྡན་ནིམ་པའི་ཤིང་། །དཔའ་བའི་འདྲེན་བྱེད། མནྡཱར་དང་ཡོངས་འདུ་དང་། །ས་ལཱ་དང་ནི་ཙམ་པ་ཀ། ༡༤ །པཱ་ལཱ་ཤ་དང་། ཀི་ཤུ་ཀ ། པདྨ་དང་ནི། རྒྱ་སྐྱེགས་ཤིང་། །རླུང་འཇོམས་འདབ་ཅན། འཇིགས་སྒྲ་ཅན། །གསེར་ཤིང་མེ་ཏོག་དམར་པོ་ཅན། ། ཚངས་པའི་ཤིང་དང་འདབ་གསུམ་པའོ། ༡༡ །མིག་སྨིན་བཟང་དང་། ཤི་གྲུ་དང་། །དྲི་སྣོམ། རྒྱ་སྐྱེགས་ཤིང་གི་མིང་། ལྗང་སེར། ནེ་ཙོའི་ཙམྦ་ཀ ། མིག་འདྲ། གྲོལ་བ་ཅན། །རབ་འཇོམས་བུད་མེད། སེམས་འཕྲོག་དང་། །རི་མོ་རྣམ་པར་འཇོམས་པ་དང་། །ཆོམ་རྐུན་ དང་ནི་རྩ་བ་ཅན། ༡༠ །དེ་དམར་མངར་བའི་ཤིང་གྲུའི་མིང་། ཤི་གྲུ་དང་། །སུ་རུ་གཱའོ་འདིའི་ས་བོན། །ན་ལེ་ཤཾ་དཀར་ཤི་གྲུ་སྐྱེད། ༡།ལུང་ཐང་། ཨ་རྀ་ཊ་ཕེ་ནའི། ༣ །ལོ་མ་བདུན་པ་ཤུན་པ་ཡངས། །སྟོན་ཀ་ཅན་དང་། མི་མཉམ་འདག །ལྷ་ཡི་བཟང་ཤིང་ དྲི་ལྡན་དང་། །སྐྲ་ཅན། མ་རྒྱུ་ཤིང་གྲུའི་མིང་། །གདོན་འཇོམས། གྲངས་ཅན་འདབ། ༧ །སཱ་ལའི་ཤིང་དང་། རྩ་བ་ནི། བྲ་ཙི་ཤིང་། །ཨཪྻ། ལུང་ཐང་ཤིང་གི་མིང་། ལུང་ཐང་། དབུ་མ་ཅན། ལོ་མ་བདུན་པའི་མིང་། རྟ་ཡི་རྣ་བ་ཅན། །འཁྲི་ཤིང་ཐོགས་མེད་ཤིང་དང་ནི། །ལོ་ཏོག་བདེ་ མཆོག་ཞེས་ཀྱང་བྱ། ༦ །སཱ་ལའི་ཐང་ཆུ། སྤོས་དཀར་དང་། །མེ་ཡི་ལྕུག་མ་ཞེས་བྱའོ། ༣།ཆུ་ཀླུང་པྲ་ཤིང་དཔའ་བོའི་ཤིང་། །དབང་ཤིང་ཀ་ཀུ། བྷ་སྲིད་སྒྲུབ། ༥ །སཱ་ལ་སེར་པོ། རྩ་ལག་ཅན། །མེ་ཏོག་དགའ་བྱེད། འཚོ་བྱེད་དང་། །ཀུན་ཟ་དགའ་ བྱེད། སཱ་ལ་དང་། །མདོར་བྱེད་ཀཥཱ། ཡ་གུའོ། ༨ །གྲོ་ག་ཤིང་སྟག་པའི་ཤིང་། གདུགས་ཁེབས་པགས་པ་ཅན། །རེ་གའི་འདབ་དང་། ཤུན་པ་མཉེན། ཡི་གེའི་གཞི་ཅན་ཞེས་བྱའོ། ༦ །ཀ་པི་ཏ་ཤིང་དང་དདྷིང་ཤིང་། །སོ་རྩེ་ལ་གནོད་སྐྱུར་མོའོ། །དེ་ལ་ ཞོ་འབྲས་མེ་ཏོག་འབྲུ། །སོ་རྩེ་ཉམས་བྱེད་ཞེས་པའོ། །ཨུ་དུམྦཱ་ར་ཛནྟུའི་འབྲས། །མཆོད་སྦྱིན་ཡན་ལག་གསེར་འོ་མ། །ཤུན་པ་མེ་ཏོག་འབྲས་བུ་བསིལ། །དེ་འབྲས་འབྲུ་དང་ཚེར་མ་ཅན། །རྒྱལ་པོའི་ཟས་དང་། པི་ཡཱ་ལ། །རྒྱུད་ཀྱི་ ཤིང་དང་གཞུ་ཡི་ཤིང་། །ཥ་ཊ་དགའ་བ་འཛིན་ཞེས་བྱ། ༦ །ཤི་རཱི་ཥ་དང་མེ་ཏོག་འཇམ། །ཆུ་འཐུང་། དུག་འཇོམས། བྷིཎྜ་ལ། །ནེ་ཙོ་འཚེ་དང་། ཕྱིར་བཟློག་མའོ། ༧ །ཤིནྴ་པཱ་དང་། འདབ་བཟུང་ཅན། །སེར་སྐྱ་ཐལ་བའི་སྙིང་པོ་ཅན། །བི་ཙྪ་ལ། ཨ་ གུ་རུ། ༦ །ཤལླ་ཀཱི་དང་གླང་པོའི་ཟས། །ཚིམ་བྱེད། ཅུང་བཟང་། ས་སྐྱེས་བཅུད། །ཐང་ཆུ་ཅན་དང་། ལེགས་འབབ་དང་། །དྲི་བཟང་མ་ཏཾ། ག་སྐྱེས་དགའ། ཨ་གུ་རུའི་ཤིང་གི་མིང་། ༡༠ །འོ་མའི་མིང་ཅན། ཨིངྒུ་རཱི། །ཆ་བ་ཤིང་དང་། དཔལ་གྱི་ འདི་ལྕིབ། གནས། །སུ་ཊཾ་ཛི་བ་ཞེས་པའོ། ༢ །ཀ་ཏ་ཀ་དང་། ཆུ་དངས་བྱེད། ༢ །འཇིགས་མེད། ནད་མེད། ན་ཚོད་གནས། །ཚི་ཅན། བདུད་རྩི། ཨ་རུ་ར། །གསེར་ལྡན། བཅུད་ལེན་འབྲས་བུ་ཅན། །ཞི་བ། སེམས་བྱེད། དགེ་ལེགས་ཅན། །དཔལ་ ཡོན་ཅན་དང་། བརྒྱ་བྱིན་སྤོས། །ནད་འདོར། བདེ་བྱེད་དོན་ཡོད་དང་། །དག་བྱེད། ལྷ་རྫས། ལུས་གནས་བྱེད། །དེ་བཞིན་ནད་རབ་འཇོམས་པའོ། ༡༠ །སྐྱུ་རུ་ར་དང་། དཔལ་ལྡན་དང་། །ཞི་བྱེད་རྒྱལ་འབྲས། འཆི་མེད་དང་། །ན་ཚོད་བཅུད་གནས་མ་མ་དང་། ། བཅུད་ལྔ་ལྡན་པ་ཞེས་བྱའོ། །རབ་ཏུ་ར་དང་། རུ་ལི་དང་། །འབྱུང་པོའི་གནས་དང་། རྩོད་པའི་ཤིང་། །མིག་དང་། ཚིམ་བྱེད། ཀཪྵཱི་འབྲས། །མིག་གི་རྩ་བ། དཔག་བསམ་ཤིང་། ༧ །ནིམྦ། ཀུན་བཟང་། ཤིང་ཀུན་འདྲེས། །དྲི་ཅན་འཇུག་བྱེད། འཇམ་པོ་ འཇོམས། །ཀརྐའི་ལྕུག་མ། ཨརྐ་དང་། །ས་སྐྱེས་ཞེས་པ་རྣམས་སུ་འགྱུར། ༧ །ཤལྨ་ལི་དང་། གྲོལ་བ་དང་། །རྙིང་པ། སྐྱེ་ངན། པིཙྪ་ལི། །དམར་མོ། ཚེ་བརྟན། མེ་ཏོག་དམར། །ཙ་ཏུ་ནཱི་དང་། བཛྫེ་ལ། ༡༠ །གམྦྷཱ་རེ་དང་། འདབ་བཟང་དང་། ། དཔལ་གྱི་ལོ་མ་སྦྲང་རྩིའི་འདབ། །ཀཱསྨ་རཱི་དང་ཀུན་བཟང་དང་། །སྤྲོ་བྱེད། ཀཱསྨ་རི་སྐྱེས་སོ། ༨ །ཀཱ་ཤཏྨ་ལི། ཤཱལྨ་ལི། །སྣར་བྱེད་ཕུང་པོ་ཞེས་པའོ། ༣ །བཻ་ཀཾ་ཀ །དགང་གཟར་ཤིང་། །པི་ཀཾ་ཀ་ཏ། མཆོད་སྦྱིན་ཤིང་། །རྒྱ་ཤུག་ཕྲ་མོ་ཚིགས་མང་དང་། །སྟག་གི་ རྐང་པ་ཚེར་མ་ཞིམ། །ས་འཚོ་རྒྱ་ཤུག་ཚེར་མ་ཅན། །བྲེ་ཏཾ་ཀ་ར་ཞེས་བྱའོ། ༡༡ །ཨ་ཀོ་ཐ་དང་། ཟངས་ཚེར་ཅན། །མཚན་ཅན། ཨོ་ལློ་ལི་ཀའོ། ༤ །འདི་ཡི་མེ་ཏོག་མོ་ར་ཊ། །མངར་འབྲས། སི་ལེ་ཤྲ་སཱིའོ། ༢ །ཀརྶ་དཱ་ར། ཨ་ཀཱོ་ཌ། །འདི་དག་རི་ལ་སྐྱེ་བའོ། །ཤིན་ ཏུ་ཀ་དང་། སྤུརྫི་ཀ །ནག་པོའི་ཕུང་པོ། རྐང་མར་ནག །༤ །བྱ་རོག །ཟླ་བ། རིགས་ངན་དང་། །བྱ་རོག་འཐུང་གཅོད་ཅན་དང་ནི། །བྱ་རོག་ཏིནྦྷུ་ཀ་ཡི་ཤིང་། ༤ །དོང་ཀ་དང་ནི་རྒྱལ་པོའི་ཤིང་། །མེ་ཏོག་ཕྲེང་ཅན་གསེར་ལྡན་དང་། །འཁོར་ལོ་འདྲ་དང་ནད་འཇོམས་ དང་། །ལེགས་སྨིན། སོར་བཞི་པ་དང་གསེར། །སེ་ཕ་ལི་ཀ །གསེར་མེ་ཏོག །འབྲས་བུ་རིང་པོ་ཅན་ཞེས་སོ། ༡༢ །རི་ཡི་ཕྲེང་བ་བཅད་སྐྱེ་དང་། །བིའུ་ཅན། ཤིང་སྐྱ། །བརྒྱ་བྱིན་ཤིང་། །སུ་མཚན་དབང་དང་ནས་བཟང་དང་། །ནས་ཀྱི་འབྲས་བུ་ཅན་ ཞེས་སོ། །ཀླུ་ཤིང་ཆུ་ཤིང་དཀར་བ་དང་། །ཏིཀྐའི་ལོ་མ་གཞོན་ནུ་ཅན། །ཨཤྨ་རཱི་འཇོམས་ཞེས་བྱའོ། །ཨ་ཏི་མུཀྟ། ཀ་ཡི་ཤིང་། །ཏི་ནི་པ་དང་འཇིག་བྱེད་དང་། །མུ་ཁྱུད་ཤིང་དང་། ཤིང་རྟའི་ཤིང་། །སྣ་ཚོགས་བྱེད་དང་། སྣོད་ཤིང་ངོ་། ༧ །ཀ་རཱི་ར་དང་ ཀྲ་ཀ་ར། །མདུད་པ་ཅན་ཞེས་བྱ་བའོ། ༣ །འཇམ་པོ་ལེན་དང་། སཱ་ཙུ་ཀ །ཏྲ་ས་རི་ཥྱདྷ། །བི་དུལ། །ཆུ་སྐྱེས་ཆུ་ཡི་བེ་ཏ་ས། ༤ །པེ་ཏ་ས་དང་། བསིལ་ནག་ཅན། །བཉྫུ་ལ་དང་། ཆུ་འདོང་པ་དང་། །ཤིང་རྟའི་ཤིང་དང་སྤྲིན་མེ་ཏོག །མཁས་པ་ཅན་དང་ཡན་ལག་ མཆོག །༧ །ནི་ཙུ་ལ་དང་སྙེ་མ་དམར། །འགྲོ་ཆུ་ཅན་དང་། འབབ་ཆུ་ཅན། །ཆུ་སྐྱེས་ཤིང་ཞེས་བྱ་བའོ། ༥ །གུ་གུལ་གྲོང་དང་། ཀཽ་ཤི་ཀ །བུམ་ཅན་ལཱུཁ་ལ་ཀ་དང་། །མདུང་ཅན་ས་ལམ་དྲ་བའོ། ༦ །མཛོད་ལྡན། དྲི་ཅན། སྦྲེའུ་ཤིང་། །རོ་ཧི་རོ་ཧི་ཏ་ཀ་དང་། ། མཆིན་དགྲ་སེ་འབྲུའི་མེ་ཏོག་གོ། ༤།གཱ་ལ་བ་དང་ཤཱ་བ་ར། །ལོ་དྷྲ། ཏི་རཱི་ཊ། ཏི་ཉུ། །བྱི་དོར་བྱེད་པ་ཞེས་བྱའོ། ༦ །ཙི་ར་བི་ལཱ་མཚན་མོའི་ཕྲེང་། །ལག་སྐྱེས། ཀ་རཉྫ་ཀའོ། ༤ །སོ་སོར་བྱང་སྐྱེས། པྲ་ཀཱིརྨ། ལཱ་ཊ་བྱེད་སྐྱེས། པ་ཏཱི་ ཀ །རྩོད་བྱེད་པ་དང་མར་གྱི་གང་། །དེ་དབྱེ་མརྐ་ཊི་དང་ནི། །ཨངྒཱ་རང་དང་། བལླ་རཱི། །ཚིགས་དྲུག་པ་ཞེས་བྱ་བའོ། །སེང་ལྡེང་དང་ནི་གླུ་ལེན་མ། །སོ་རྒྱུག་བྱེད་དང་ཤིང་སཱུ་པ། །བྱིས་པའི་ལུས་དང་། རུལ་བྱེད་དང་། །འདབ་མ་གཞོན་ནུ་ཅན་ཞེས་སོ། ༧ ། སེང་ལྡེང་ངན་པ་ཚིལ་དགྲ་དང་། །ཀ་ད་ར་དང་སེང་ལྡེང་དཀར། །ཟླ་བའི་ཤུན་པ་ཞེས་པའོ། །ཨེ་རཎྜ་དང་སྙིང་པོ་ཅན། །དྲི་ཟའི་ལག་དང་སྟག་གི་མཇུག །ཨུ་ཨུ་རུ་བྲྀ། ཀ་གནས་གསུམ་མ། པ་དང་འབྲས་བུ་ཅན། །ཙཉྩུ་དང་ནི་སོར་ལྔ་པ། །སྙིང་པོ་འཕེལ་ལྡན་རླུང་གི་ མ། །རླུང་གི་དགྲ་དང་རི་མོ་ཅན། །གླང་པོའི་རྣམ་པ་སྟག་གི་འདབ། །གནས་ཅན་མ་དང་། གཞོན་ནུ་འོ། ༡༢ །འདི་ཡི་རང་ཀྱང་སྨིན་པ་ནི། །སེ་ཥ་དང་ནི། ནཱ་རུ་ཀཾ །ཅུང་ཟད་ཞེས་དང་ཤ་མཱི་ར། །ཤ་མཱི་ཤཾ་ཀུའི་འབྲས་ཞི་བ། །པས་དཏ་ཏུ་མིག་ནས་སོ། ༥ །སཾ་ག་ར་ འབྲས་ས་མཱི་ཀ། །རྒྱལ་དང་རྒྱལ་བྱེད་རྟོགས་པའི་དགྲ། །ཆུ་བོ་སྐྱེས་དང་། ༡༨ རྣམ་རྒྱལ་བྱེད། །གཤོར་ཤིང་འགྲོལ་འཛིན་གར་བྱེད་དང་། །མེ་ཏོག་མགུལ་རིངས་ཀ་ཊྭཱཾ་བ། །བཅད་ཅིང་གར་བྱེད་སྤལ་བའི་འདབ། །བལ་འདབ་དྱངྐུ་ས་སྐྱེས་དང་། །ཌུཎྜུ་ཀ་དང་། ནེ་ཙོ་སྣ། ། སྐར་མ་དང་ནི། ཤྭ་ན་ཀ། ༡༣ །དེ་ནས་ཤིང་གི་ཨུཏྤ་ལ། །དོང་ཀ་བ་ནི། ཡོངས་སྣུན་དང་། ༡།ཨ་བདྷ་དང་། ཤུན་པ་མངར། །བྱ་རོག་ཨུ་དུམྦ། རི་ཀཱ། ཕིལྥུ་མ་ར་བཱུ་རྫ་དང་། །གྷ་ན་འི་འབྲས་དང་། དཔྱིད་ཀྱི་ཤིང་། །མཚན་མོའི་མེ་ཏོག་དགའ་བྱེད་གནས། །རབ་ ཏུ་བ་ཀ་བསྡུས་པ་དང་། །ལག་པའི་ཚོང་འདུ་མ། སྭཱ་ཤ་ན། །མགྲིན་པའི་ཟུག་རྔུ་མྱོས་བྱེད་དང་། །ཆོས་ཅན། པིཙྪ་ལ་དང་ཤུན། །འཁྱོག་པོའི་སྡེ་ཞེས་བྱ་བའོ། །ཤུན་པ། ནུབ་ཤིང་། ནེ་ཙོ་སྣ། །ཐུབ་པའི་སྡོང་པོ་ཞེས་བྱའོ། །སིནྡུ་བཱ་ར། །སིནྡུ་ཀ། ས་ར་ས། །སིནྡུ་པཱ་རི་ཀ །ནིརྒུ་ཎྜི་ནི་ཀཱ་ཀ། ༦ །སྒུར་འཁྱོག་རྡོ་རྗེའི་ཚེར་མ་ཅན། །བལ་པོའི་ཤིང་དང་། རྨ་བྱེད་དང་། མིའི་གདོང་། བྷལླཱ་ཏ་ཀཱང་ཀརྨ་ལ་པན་དང་མྱ་ངན་བྱེད། །སྲིན་པོ་འཇོམས་དང་མེའི་རྐང་འཐུང་། ༡༠ །ཤིང་ཆེན་དང་ནི་ཛྷ་ཊལ། །དྲི་ཅན་སྐྱ་ ནར། ཁྲོས་པའི་ཤིང་། ༥ །ཤ་ཟའི་ཤིང་དང་། འབྲས་བུ་སེར། །ཡལ་གས་ཁྱབ་དང་། གྲིབ་མས་འགེབས། ༤ །དཔལ་གྱི་ལོ་མ་ཀུ་མུད་ཅན། །བུམ་ཅན། ཀཻ་ཌརླུ་དང་། ནི། །ཚ་བ་ལེན་ཞེས་བྱ་བའོ། ༥ །ཞུ་མཁན་པཊྚི་ཀཱ་ཁྱ་དང་། །པ་ཊི་ལ་དང་། དམར་པོ་ལེན། ། རྒྱ་སྐྱེགས་དང་ས་བྱེད་ཅེས་བྱའོ། ༥ །འདེང་བྱེད། གསོ་བྱེད། རིམ་པ་ཅན། །ཚངས་ཤ་ཚངས་པའི་མཆོད་སྦྱིན་ཤིང་། །ཉེར་སྦྱོར་ཤིང་དང་། ཚངས་པའི་ཤིང་། །ར་ཏུ་དང་ནི་ཏུ་ལ་ཡ། ༦ །ཀནྡ་ར་ལ་བོང་བུའི་སྒོང་། །ཆུ་འཐུང་ངོས་བཟང་། པླ་ཀྵའོ། །ཆུ་ཀླུང་ སྐྱེས་དང་། སའི་ཛམྦུ། །ནག་པོའི་ཕུང་པོ་ཏ་མཱ་ལ། །པིཉྫ་ཀཱ་དང་མཆུ་ཅན་ན། ༤ །ནག་མོ་སྐྱེས་དང་། པི་ཙྪིའི་འདབ། །ཧ་རྟྲ་དང་ནི། འདབ་མ་འཇམ། ༥ །དཔལ་གྱི་ལོ་མ་མི་བསྲུབ་དང་། །རྐེད་ལྡན། དལ་བྱེད། རྒྱལ་མའོ། ༥ །དཔལ་ལྡན་དང་ནི་ཐིག་ ལེ་ཅན། །ཀྵུ་ར་ཀ་ཞེས་བྱ་བ་མཚུངས། ༣ །ཟུང་དུ་སྐྱེ་དང་། ཧིནྡྲ་མ། །དེ་ཡི་འབྲས་བུ་གི་རི་ཊི། །སྐྱེད་མོས་ཚལ་དང་ནགས་ཀྱི་རབ་ཏུ་བྱེད་པའོ།། །།མཆུ་ཅན་དང་ནི་རྒྱ་མཚོའི་མཐའ། །རས་བལ་ཅན་དང་རྒྱ་ཤུག་གོ། ༦ །ནགས་ དེ་བྷ་ར་དྷྭ་ཛཱའོ། །རས་བལ་སྲད་བུའི་མེ་ཏོག་ཅན། ༢ །ཨེ་འབར་མ་ནི་མུ་བྷིཀྵ། །བྷཱ་ཏ་ཀཱི་དང་སྐྱེ་བྱེད་མ། །ཟུངས་ཀྱི་མེ་ཏོག་མེ་ཏོག་ཅན། །མྱོས་བྱེད་གནས་མ་ཞེས་པར་འགྱུར། ༦ །སྨྱོ་བྱེད་ཀེ་ཏ་བ། དྷུརྟ། །དྷུ་ཀུ་ར་དང་། གསེར་མིང་ཅན། །སྐྱ་ནར་ཆེན་པོ་དྷུ་ ཏུ་ར། །མེ་ཏོག་སྙིང་ཅན། ཀཱ་ཧ་ལ། །མཱ་ཏུ་ལ་དང་། མྱོས་བྱེད་དོ། ༡༡ །ཨ་སྨ་ཕ་ལ་ལ་ནི་མཱ་རུ་ལ་སུ་ཏྲ་ཀ་དང་། ཧོ་ཌ་པུཥྤཾ་དང་། ཛ་བཱ་དམར་པོ་དང་། དམར་པོའི་གོང་བུ་དང་། སྟན་མཆོག་གོ། ༥ །ཛ་བའི་ཤིང་ལ་ནི་མ་ཧོ་ཊ་དང་། རྡོ་རྗེའི་མེ་ཏོག་དང་།ཏིལ་ མེ་ཏོག་གོ། །སཽ་མ་རི་ཡ་ག་ནི། ཛྷིཎྜི་ཡིན་ཏེ། དེ་དམར་ན་བུ་བ་ཀ་དང་། །སེ་བན་ཀུ་རུཎྚ་ཀ་སྟེ། ཛྷིཎྜཱི་དེ་དང་ལྷན་ཅིག་སྤྱོད་པ་གཉིས་སོ། །ཛཱིཎྜཱི་སྔོན་པོ་ནི་གཉིས་ཏེ། ནགས་ཀྱི་འབངས་དང་། ཚོགས་ཅན་ཨུཏྤལའོ། །འདི་ན་རྟིག་ལའོ། །དེ་ནས་ཀླུའི་ལྕེ་དང་། བ་ རི་སིཧཱའོ། ༢ །ཨརྐའི་འདབ་མ་ལ། རྨ་འོ་མ་ཅན་དང་། ནོར་ཅན་དང་། འགགས་པ་ཅན་དང་། སྣ་ཚོགས་དང་། པིཙྩུ་ར་དང་། ཉི་མས་མཚན་པ་དང་། མནྡཱ་ར་དང་། སྣ་ཚོགས་ཀྱི་གཟུགས་ཅན་དང་། རྣམ་པར་འཐོར་བྱེད། འདི་ལ་ནེ་ཙོའི་འབྲས་བུ་ཞེས་པའོ། ༡༡ །འདི་དཀར་ན་ཨ་ལརྐ་དང་། རབ་ཏུ་གདུང་བ་ཅན་ནོ། ༢ །ཀཐིཥྛ་ར་ནི། བརྣས་ཏེ། ཀུ་ཐི་ར་ཀ་དང་། ཀུ་ཐིལླ་ཀ་དག་གོ། །འདི་དཀར་ན་ཨརྫ་ཀ་དང་། དྲིའི་སུ་ཅན་དང་། བུ་ཐི་ར་ཀའོ། །ས་མཱི་ར་ཎ་དང་། མ་རུ་བ་ཀ་དང་། བྲསྠ་པུཥྦ་དང་། ཧ་ནིཛྫ་ཀ་དང་། ཛམྦཱི་རའོ། ༢ །དེ་ནས་ཧྲཱི་བེ་ར་ནི་ལྷའི་སྒྲ་དང་། ཆུའི་མིང་ཅན་ཏོ། །དཱ་ལ་དང་། དྲིའི་ཆུ་ དང་། བརྦྷིཥྚི་དག་གོ །གཉྫི་ནི་དབང་པོ་དང་། ཨཱ་ས་ནི་མའོ། །ཀ་ནི་ཞི་བའི་ལྕུག་མ་ཡིན་ཏེ། །བུ་ཀ་དང་། ཕྱུགས་བདག་དང་། ནོར་དང་། ཨེ་ཀཥྛཱི་ལ་ཞེས་པའོ། །པཱི་ཋི་ནི་ཙི་ཏྲ་ཀ་དང་། མེའི་མིང་ཅན་ཏེ། འཇོམས་བྱེད་དང་། སྣུན་བྱེད་དང་། ཆུ་ནད་འཇོམས་ བྱེད་དོ། ༥ །ཤིང་ཟ་བ་དང་། སྲི་སྲིད་འགྲོ་བ་དང་། འཚོ་བྱེད་དང་། བྱ་རོག་སྐྱེས་དང་། ཤིང་སྐྱེ་ཡང་དེའོ། ༥ །དེ་ནས་འོད་ལྡན་མ་དང་། ཏིལ་སེར་ཅན་དང་། ཕུག་རོན་ཅན་དང་། ཨིངྒུ་རཱི་དང་། རོ་ཁ་བ་དང་། འདོར་བྱེད་དང་། དཀའ་ཐུབ་སྦྱར་དང་། ཤིང་ཤུན་ དང་། ཕུག་རོན་རྐང་དང་། ཀ་ཊ་བྷཱི་དང་། འཁྲི་ཤིང་དང་། པི་ནྱ་ན་དང་། སརྐ་ཊཱིའོ། ༣ །གུ་ཌཱུ་ཙི་དང་། རྒས་མེད་དང་། བ་ཛཱ་དང་། རྒྱུད་ཅན་དང་། ཧི་ཏྭཱ་ཀ་དང་། མྲི་ཏཱ་དང་། པུ་བྲས་དང་། བཅད་སྐྱེ་དང་། ཡངས་པ་དང་། སྦྲང་རྩིའི་འདབ་མ་དང་། འཚོ་ བྱེད་དང་། ཟླ་བའི་ལྕུག་མ་རྣམས་སོ། ༡༢ །ཤ་ཐ་འཇོམས་ན་ཕུ་ན་རྟ་བཱའོ། ༢ །སབྟ་ལཱ་དང་། ཀྲྀཥྞ་ལཱ་དང་། སླེ་ཏྲེས། གསེར་ཅན་དང་། ཀཱ་ཀཱ་ཉྩི་ཀཱ་དང་། གུཉྫ་དང་། །བྲག་མཆོག་དང་། ཛཱ་ཙ་རུ་ལཱ་དང་། ས་བོན་དམར་པོ་ཅན་དང་། དུ་རྨེ་ཥཱ་དང་། དུ་བྱེད་ མ་དང་། འདབ་མ་དམར་པོ་དང་། གཙུག་གི་ནོར་བུ་ཡང་དེའོ། ༣།ཀིམྦཱ་ཀ་ལ་ནི། མ་ཧཱ་ཀཱ་ལ་དང་། ཨུ་ཏུ་ཀཱ་ལའོ། ༢ །དེ་ནས་སཔྟ་ལཱ་དང་། དྲིའི་རྫས་དང་། དྲི་མེད་མ་དང་། ལཱ་ཏ་ལཱ་དང་། དབུ་བ་མང་པོ་དང་། ཙརྨ་ཀ་ཋ་ཞེས་པ་ཡང་ངོ་། །ནག་པོ་དང་། ཨུ་བ་ཀུ་ལྱ་དང་། ལུས་འཕགས་སྐྱེས་དང་། པིསྤ་ལཱི་དང་། གཡོ་བ་དང་། ཟེགས་མ་དང་། ཨུ་ཥ་ཎ་དང་། མཱ་གྷ་དྡཱི་དང་། ཀོ་ལཱ་དང་། སྣ་རིང་ས་དང་། རྟོག་མེད་མ་ཞེས་པ་རྣམས་སོ། ༡༡ །མདུད་བ་ཅན་དང་། པིསྤ་ལཱི་དང་། རྩ་བ་ཚིགས་ཟུག་པ་དང་། བི་ཀཱ་ཤཱི་ར་རྣམས་སོ། །སྤྲེའུ་འི་ལྕུག་མ་དང་། ཀོ་ལའི་ལྕུག་མ་དང་། དགེ་ལེགས་མ་དང་། གླང་མོའི་པི་སྤ་ལི་དང་། བ་སི་རོ་ནཱ་རྣམས་སོ། །དེ་ནས་ཙ་ཀི་ཀ་དང་། དབྱི་མོ་དང་། གཟི་བརྗིད་མ་ཞེས་པ་ཡང་ངོ་། །མདོག་མེད་སྐྱེས་དང་། ཟླ་བའི་ལྕུག་མ་དང་། ལྕུག་མ་བཟང་པོ་དང་། ཟླ་བའི་རྒྱལ་མོ་དང་། ལུག་ནག་མ་དང་། འབྲས་ནག་མ་དང་། བཱ་གཱ་ཛི་དང་། རུལ་པའི་འབྲས་བུ་ཡང་ངོ་། ༨ །ཤུ་དག་དང་། དྲི་མཆོག་དང་། མདུང་མ་དྲུག་པ་དང་། ཚིགས་བརྒྱ་པ་དང་། ས་ཡི་སྤུ་དང་། དག་ཕན་དང་། དྲི་རྩུབ་ ཞེས་པར་འགྱུར་རོ། ༧ །དེ་ཉིད་དཀར་པོ་ལ་གསེར་ལྡན་མ་ཞེས་སོ། །ཡུང་བ་ལ་ནི་ནི་ཤཱ་དང་། མདོག་མཛེས་མ་དང་། མདོག་མཆོག་དང་། ཀ་ཊཾ་དང་། ཀ་མེ་རི་དང་། རུལ་ལྡན་མ་དང་། གསེར་ལྡན་མ་དང་། གསེར་འཇོམས་མ་དང་། སེར་མོ་དང་། ཁུ་སེར་མ་དང་། གནད་སཱ་ལཱ་དང་། ཤཱི་སཱི་དང་། ཏ་པཱ་ལ་ཀཱ་དང་། ལ་བཱ་དང་། པྲ་གྷ་རཱ་ཎཱི་རྣམས་སོ། ༡༦ །དེ་ནས་འོ་མ་དང་། རྣམ་པར་འཇོ་བ་དང་། མཚུངས་སོ། །ཨེ་ལའི་ཤུན་པ་དང་། དྲི་བཟང་དང་། པྲ་ཙི་ཀཱ་དང་། པགས་པ་ལས་བྱུང་བ་དང་། ས་མོ་དང་། ཟླ་བ་གཞོན་ནུ་མ་དང་། ནིཥྐུ་ཊི་ བ་ཧུ་ལཱ་དང་། ཙ་བཱ་དང་། སྦོམ་མོ་རྣམས་སོ། ༩ །སུག་སྨེལ་དང་། རུ་ཏཱ་དང་། ཀ་རང་གཱི་དང་། ཕུར་མ་གསུམ་པ་དང་། གཅོད་བྱེད་དང་། ཕུག་རོན་མདོག་དང་། མ་ལ་ཡ་སྐྱེས་དང་། ཨུ་པ་ཀུ་ཉྩི་ཀཱ་དང་། ཤིང་ལྡན་དང་། འདབ་མ་དང་། ཤིང་སེར་ དང་། ཀ་ཊཾ་ཀ་ཊི་དང་། ཀ་ཊཾ་ཀ་ཊི་རཱི་དང་། སཱི་ཏ་དྲུ་དང་། དུས་སུ་སྐྱེས་པ་དང་། ལྗང་སེར་མདོག་དང་། པཪྻ་ནྱ་དང་། པཪྻ་བྱཱ་དང་། པཱི་ཏ་ཀཱཥཋཾ་དང་། བཱི་ཏ་ན་ར་ཀཾ་རྣམས་སོ། ༢༡ །ལེ་བརྒན་དང་། བི་ཀ་ཁ་དང་། ཛིངྒཱི་དང་། ཡང་དག་ ལུས་མ་དང་། ལུས་ནག་མ་དང་། སྦལ་པའི་འདབ་མ་དང་། བྷཱཎྜ་རཱི་དང་། བྷཎྜི་ཡ་དང་། ཆུའི་ལྕུག་མ་དང་། དྲི་བཟང་རྩ་བ་དང་། རླུང་འཇོམས་མ་དང་། བཀྲ་བའི་འདབ་མ་ཅན་མ་རྣམས་སོ། ༡༢ །གཎྛི་པརྞི་དང་། མདུད་པའི་ལོ་མ་དང་། ཀ་བ་སྐྱེས་ དང་། །མདུད་པ་ཅན་དང་། དྲི་བཟང་དང་། ཤིང་དཀར་དང་། ནེ་ཙོ་དང་། རྨ་བྱ་དང་། མེ་ཏོག་སྦོམ་པོ། ཀུཀྐུ་རི་རྣམས་སོ། ༡༠ །སྦྲང་ཅན་དང་། ཤིང་མངར་དང་། ཀླཱི་ཏ་ཀཾ་དང་། མ་དྷུ་ཡཥྚི་ཀཱ་དང་། ཡཥྚི་མ་དྷུ་ཀཱ་རྣམས་སོ། །དེ་ནས་ནང་ཅན་དང་། རུ་རྟ་དང་། མྲྀཏྤ་ལོ་ལཾ་དང་། ལུས་ངན་སྐྱེས་དང་། འོད་འབར་དང་། བྱ་བ་དང་། ཡོངས་སུ་བསྒོ་བ་དང་། སྨིན་པ་ཅན་དང་། དབྱུག་པས་མཚན་པ་རྣམས་སོ། །འདིའི་རྩ་བ་པདྨའི་རྩ་བ་དང་། དཔའ་བོ་རྒྱས་བྱེད་དང་། ཀྵྨཱི་ར་དང་། །པདྨའི་འདབ་མ་དང་། ཎཻ་རྣམས་སོ། ༥ །མོན་གྱི་ཏིཀྟ་དང་། སའི་ནིམ་པ་དང་། མོན་སྐྱེས་མ་དང་། འགྲོ་བྱེད་ཏིཀྟ་ཀ་དང་། ཡུན་རིངས་ཏིཀྟ་ཀ་དང་། གསེར་ཅན་རྣམས་མཚུངས་སོ། ༧ །སའི་ཚོར་གཟེམ་མ་དང་། སའི་འགྱུར་བྱེད་ཅན་དང་། ཚེར་མ་གསུམ་སྦྱར་བ་དང་། ཀྵུ་ར་དང་། ས་ལམ་ཀ་ཥ་དང་། བུར་ཤིང་དྲི་དང་། སོ་དང་། ཆེར་མ་མངར་བ་དང་། ཐང་གི་རྭ་ཅན་དང་། ཀེ་རྭ་ཡེ་རྭ་ཅན་དང་། ཁ་དོག་གསུམ་པ་རྣམས་སོ། ༡༡ །བུར་ཤིང་དྲི་དང་། ཀཱཎྜི་ཀྵུ་དང་། ཁུ་བྱུག་མིག་དང་། ཀྵུ་ར་དང་། ཀྵུ་རའོ། ༦ །ཨུ་ཥྱ་པྲ་སྟོ་དང་། མི་འཇིགས་འདབ་ ཅན་མ་དང་། རྩ་བ་བརྒྱ་མ་དང་། བརྒྱ་མཆོག་མ་དང་། སྲེད་མེད་དང་། བུ་མངས་མ་དང་། འཇིགས་མེད་མ་དང་། དབང་མོ་དང་། བ་རཱི་བ་རཱ་དང་། ཨཱ་ཧེ་རུ་རྣམས་སོ། ༡༠།ཨུ་ཥྱ་པྲོ་ཀྵ་ནི། སྤྲེའུ་མོ་དང་། པཾ་ཀ་སིམྦ་ཀཱ་དང་། བདག་སྦས་མ་དང་། སྐྱེས་མ་དང་། ཧྱཎྜ་དང་། ཀནྟུ་རཱ་དང་། རབ་ཆར་འབེབས་མ་དང་། ནགས་ཀྱི་མི་འདྲ་དང་། སྤྲེའུ་སྔོ་ཅན་རྣམས་སོ། །རྭ་ཅན་ནི་ཨུ་ཥ་བྷ་དང་། ཨཥྚ་བཪྵ་པ་ཏི་ཏ། དེའི་ཨུ་ཥ་བྷཱ་ཥྱ་ནི་པྲྀ་ཥའོ། ༣ །བ་ལང་བསྲུང་བའི་འབྲས་དང་། ཀླུའི་སྟོབས་དང་། མཇུག་མ་དང་། འདབ་མ་ཅན་ དང་། གངྒེ་རུ་པཱ་ཙ་དང་། ཤིན་ཏུ་སྟོབས་མ་དང་། ཨུ་ཥ་དང་། ཐུང་དུ་ག་བེ་ཏྱུ་ཀཱ་རྣམས་སོ། ༧ །བ་ལའི་དབྱེ་བ་ལ་ལུ་ཏི་པཱ་ལཱ་དང་། བ་ལཱ་དང་། བ་ཏིཏྨཱ་དང་། སྤྱོད་པའི་མེ་ཏོག་མ་དང་། བཱ་ཏྱ་ལ་གེན་རིའོ། །གོ་དྷཱ་པ་དཱི་ནི་ལེགས་འབབ་མ་དང་། འདབ་གསུམ་མ་དང་། ངང་པའི་རྐང་མ་ཡང་ ངོ་། ༤ །ཨ་སྤོ་ཏཱ་རིའི་རྣ་བ་ཡིན་ཏེ། ཁྱབ་འཇུག་གནོད་པ་དང་། གཞན་གྱིས་མི་ཐུབ་པ་དང་། བ་ལང་ཟས་དང་། གི་རི་ཀ་ཥླ་དང་། ཐང་གི་མེ་ཏོག་པ་དང་། བ་ཤི་ཡང་དེའོ། །དེ་ནས་བ་ཀ་ན་སྨིན་པའི་མ་དང་། སེང་གེ་མ་དང་། བཱ་ས་ཀཱ་དང་། བྲི་ཥཱ་དང་། གནས་ཅན་ མ་དང་། ཨ་ཊ་རུ་ཥ་དང་། སེང་གེ་ཅན་མ་དང་། རྟ་སོ་ཅན་རྣམས་སོ། ༨ །ཀུ་ནས་འོ་མ་དང་། ཨཱ་བཱི་དང་། གཎྜ་དང་། རྡོ་རྗེ་དུ་བཱུ་ཀ་དང་། སྒུ་ཧཱི་དང་། གུ་ཧཱ་མ་རྣམས་སོ། །བི་ཌཾ་ག་དང་། དོན་ཡོད་དང་། འབྲས་དང་། འབྲས་ཁྲ་བོ་དང་། ཀྲྀ་མ། རྨ་སྟུཾ་དང་། སྟུ་ལ་དང་། ཁེ་ལླཾ་དང་། རཀྟ་བྲྀནླཱ་དང་། ཀཻ་རི་ལཱ་རྣམས་སོ། ༩༨ །དགའ་བ་ནི། དྲག་པོའི་དྲི་དང་། ཚངས་པའི་ངག་དང་། ཡ་མཱ་ནཾ་ཀཱ་དང་། ཧྲཱྀ་ཪྻ་དང་། གསལ་བྱེད་མ་དང་། དགའ་བའི་དངོས་པོ་མ་རྣམས་སོ། ༧ །གཞོན་ནུ་མ་དང་། ཏ་ར་ཙི་དང་། སྟྲ་ཧའོ། །སྐྲའི་རྒྱལ་པོ་དང་། ཀླུའི་ བདུད་དང་། བ་རཱ་ཏུ། བྷྲྀངྒ་སོ་དར་རྣམས་སོ། ༤ །བུང་བ་དང་། བུང་བའི་རྡུལ་དང་། བུང་བའི་རྒྱལ་པོ་དང་། མཱརྐ་ཀཱི་དང་། ཛཱ་ག་རཱའོ། ༥ །བཱ་ཡ་ནཱི་དང་། ཀཱ་ཀ་མཱ་ཙཱི་དང་། བྱ་རོག་ཟས་དང་། བཅུད་ལེན་ནོ། ༤ །ས་ཧ་བྲ་བེ་བྷཱི་དང་། ཙ་ཀྲོ་མླ་དང་། བཏབ་དང་། ས་ ཏ་བེ་དྷཱིའོ། ༤ །རྩེངྒ་རཱི་དང་། ཙུ་ཀྲི་ཀཱ་དང་། དགུ་ཤ་ཐཱ་དང་། བྲཥྚ་དང་། མཱུ་མོ་ནི་ཀཱ་དང་། ཀྵུ་རཱམྨཱ་དང་། འདབ་མ་ཕྲ་མ་དང་། འཛིན་བྱེད་མ་དང་། ཨ་མྦེ་རོ་ལྱི་ཀཱ་རྣམས་སོ། ༩ །ཤིང་ཨ་བཱ་མཱ་རྒ་ལ་ཤཻ་ཁཱ་རི་ཀ་དྷཱ་དང་། མཱ་རྒ་བ་དང་། རྨ་བྱ་ཅན་དང་། པྲ་ཧྱ་ཀྱ་ རྞི་དང་། ཀཱི་ཤ་བརྞི་དང་། ཀི་ཎི་ཧཱི་དང་། ཁ་ར་མཉྫ་རཱ་རྣམས་སོ། །ཨངྒྷ་ཌྷ་དང་། ཚེར་ཅན་འབྲས་བུ་དང་། སླཱི་ཏ་གྷ་དང་། ཤ་ཏ་སུཥྦི་ཀ་རྣམས་སོ། ༤ །རུཎྜི་ཀིརཱི་དང་། རཀྟ་ཕ་ལཱ་དང་། གཟུགས་ཅན་མ་དང་། མ་དྷུ་བ་ཎི་ དང་། བི་བཾ་ཀ་དང་། ཆུ་སྲིན་མ་ཡང་ངོ་། ༦ །དེ་ནས་བི་ཏུལླ་ཀ་དང་། ཛྙཱ་ཊཱ་མ་ལཱ་དང་། ཛྷཱ་ཊ་ཏཱ་ལི་དང་། ཞི་མ་དང་། ཏཱ་མ་ལཱ་ཀཱི་བྷ་ཙཱི་དང་། སྡེ་ཚན་བུ་མོ་དང་། ཕྲ་མོའི་འབྲས་བུ་དང་། ཨདྷྱཎྜཱ་བ་བྷཱུ་མྱཱ་མ་ལ་ཧི་ཡང་ངོ་། ༩ །བཛྲ་པ་སྱ་སྠི་དང་། སཾ་ཧཱ་ར་དང་། ཧ་སྟི་ ཤུནྜི་དང་། བ་ལཱ་ལི་ཀཱ་དང་། ད་དྲུ་ད་ལ་དང་། བཱ་ཏུ་ཋ་དང་། ཨ་རིམ་ཀུཎྜི་ཀ་རྣམས་སོ། ༧ །ལྷར་བཅས་མ་དང་། ལྷན་ཅིག་མ་དང་། སྣ་ཚོགས་ལྷ་མོ་དང་། ཨུཏྤལ་ཡུ་བ་མ་རྣམས་སོ། ༤ །ཕག་ནག་མ་དང་། ཉི་མ་བསྒྱུར་དང་། །ཧུ་ལུ་ཧུ་ལུ་ཡང་དེའོ། ༥ ། པཽཎྜ་རི་ཀཾ་དང་། པཽཎྜ་ཏྱའོ། ༢ །ཤོ་ཐི་ཌྨ་ནི་བཱུ་ན་རཱ་ཥའོ། །ཆུ་ཀླུང་ཤིང་དང་། འཁྱོག་པོ་དང་། ཨནྟོ་ལ་ཀ་དང་། ཀཙྪ་དང་། ལུས་ངན་ཅན་དང་། ཏུནྣའོ། ༦ །དུང་ཅན་མ་ནི་ཆོམ་རྐུན་མེ་ཏོག་མ་དང་། སྒྲ་ཅན་མའོ། །སོ་ཀ་ཅན་དང་། ཀྲི་བྷི་ར་ཊ་དང་། ལ་ མཛེས་དང་། ནགས་ཀྱི་ཏིཀྟ་རྣམས་སོ། ༤ །བཀྵཱ་ཎ་དང་། བད་ཀན་གྱི་སྙིང་འདབ་མར་བྱེད་པ་དང་། གློ་ནད་འཇོམས་བྱེད་དོ། །ཚངས་མ་ནི་ཉ་མིག་མ་དང་། ན་ཚོད་གནས་དང་། ཟླ་བའི་འཁྲི་ཤིང་ཞེས་བཤད་པ་ལ་སོགས་པ་འདབ་མ་དང་། ལྕུག་མའོ། །པ་ཊུའི་ འདབ་མ་དང་། གསེར་ལྡན་མ་དང་། གསེར་བྱེད་མ་དང་། གངས་ཅན་མ་རྣམས་སོ། ༤ །དྷཱ་མཱརྒ་བ་དང་། སྒྲ་ཅན་དང་། ཨཱ་ཧཱ་ཀོ་ཥཱ་ཏ་ཀཱི་དང་། ཀོ་ཥ་ཏ་ཀཱི་དང་། མཛོད་འབྲས་རྣམས་སོ། ༥ །དྲ་བ་ཆེན་པོ་དང་། ས་ར་ཅན་ནོ། །ཟུག་རྔུ་ཡང་མ་དང་། ཤླི་ཁཱ་དང་། མཐའ་ཡས་མ་དང་། འབྲས་ལྡན་མ་དང་། བརྒྱ་བྱིན་མེ་ཏོག་མ་ཡང་ངོ་། ༥ །བེ་ཎཱི་ཁ་རཱ་དང་། ག་རཱི་དང་། ལྷ་མཚུངས་དང་། ཆར་སྤྲིན་ཞེས་པ་ཡང་ངོ་། ༤ །ལུག་གི་རྭ་དང་། མེ་དྲུའི་རྭ་དང་། རྭ་ཅན་མ་དང་། རྭའི་རྭ་ཅན་མའོ། ༤ །བྲྀ་དྷཱ་དཱ་ར་ཀ་ལ་ནི་ཛངྒ་དང་། ཨཱ་བེ་གཱི་དང་། ཙྪ་ག་ལཱནྟི་ཀཱ་དང་། རིཥྱ་གནྡྷཱི་ཡང་ངོ་། ༦ །སྤང་སྤོས་དང་། མི་སཱི་དང་། འབྱུང་བོའི་རལ་པ་དང་། རལ་པ་ཅན་དང་། དྲིའི་རྫས་དང་། དཀའ་ཐུབ་ཅན་མ་དང་། རལ་པ་འཛིན་མ་དང་། རྒྱུན་སྦྱིན་མ་དང་། རལ་པའི་སྤུ་ཅན་མ་རྣམས་སོ། ༩ །དྲིའི་འདབ་མ་དང་། སྟོབས་བཟང་མ་དང་། འགྲོ་བྱེད་མ་དང་། རབ་འགྲོ་མ་ དང་། །ཀ་ཊམྦྷ་ར་དང་། རྒྱལ་པོའི་སྟོབས་དང་། དྲི་འཛིན་མ་དང་། འབྱོར་པའི་དྲི་ལྡན་མ་རྣམས་སོ། །ར་མཱུརྦཱ་དང་། ལྷ་མོ་དང་། རོ་མ་དར་མ་དང་། མོ་ར་ཊཱ་དང་། རྣོ་བྱེད་མ་དང་། སྲུ་བྷཱ་མ་དྷུ་ལི་ཀཱ་དང་། དྷ་ནུ་དང་། ཤེ་ཎཱི་ཐ། ཀརྞི་དང་སིའི་ལུ། པརྞ་ཡང་ངོ་། །རྒྱ་སྤོས་དང་། ལྷ་མོ་དང་། ལྷ་དང་། ཕྲེང་བ་དང་། སེར་སྣ་དང་། ཡང་ཤའི་འཁྲི་ཤིང་དང་། བྱ་བའི་ཚད་དང་། རྒྱ་མཚོའི་མཐའ་དང་། པ་དྷ་ལང་ཀཱ་དང་། སཱཾ་ཀཱ་ཞེས་པ་ཡང་ངོ་། ༡༠ །དེ་ནས་རྭ་ཅན་དང་། བོང་ང་ནག་པོ་དང་། བོང་ང་དཀར་པོ་དང་། ཤིན་ཏུ་དུག་དང་། འོད་དམར་དང་། སྨན་ཆེན་དང་། ཉེ་བའི་དུག་དང་། དུག་སྤུན་དུ་གནོན་པ་དང་། བལླ་རཱི་རྣམས་སོ། །རྨ་བྱ་དང་། བྱེ་ལྡན་སྣང་དང་རྟ་བོང་མིག་དང་། མགོ་དང་། རྨ་བྱའི་གཙུག་ཕུད་ཀྱང་ངོ་། ༥ །དེ་ནས་མུ་ཧྱ་ལཱི་དང་། ཏཱ་ལཱི་རྩ་བ་ཅན་ནོ། ༢ །རྣམ་པར་འཇོམས་པ་དང་། འོ་མ་དཀར་པོ་ དང་། བུར་ཤིང་དྲི་དང་། རྔ་མོ་དང་། གྲགས་ལྡན་མའོ། ༥ །གཞན་འགྱུར་ལ་རྣམ་འཇོམས་དང་། དཀར་ཆེན་དྲི་ལྡན་མ་དང་། འོ་མ་ཅན་མ་དང་། རྩ་བ་མངར་བ་དང་། བྱི་ལ་ཅན་ནོ། ༦།བརྗོད་ལྡན་དང་། རང་གནས་དང་། རིག་པའི་རྣ་བ་དང་། འཇོག་ མེད་མ་དང་། དཔལ་མོ་དང་། བཅུད་མ་དང་། གནས་གཅིག་འཛིན་དང་། སཱ་ཡ་བ་ལཱི་དང་། རབ་བསྔགས་དང་། ནགས་ཀྱི་ཏིཀྟ་རྣམས་སོ། ༡༠ །ཚ་བ་དང་། ཚ་བ་འཛིན་མ་དང་། མྱ་ངན་མེད་དམར་པོ་དང་། ཉའི་འབྱོར་པ་དང་། ལུས་ངག་མིག་དང་། འཁོར་ལོའི་ལུས་དང་། བྱའི་ཟས་རྣམས་སོ། །སྔོན་མོ་དང་། ནག་མོ་དང་། རྡུལ་མ་དང་། མཆོག་དང་། ཉ་མོ་དང་། སྤང་གི་འདབ་མ་དང་། དཔལ་འབྲས་དང་། ཏུཏྠཱ་དང་། ཏཱུ་ནཱི་དང་། འདེགས་མ་དང་། སྔོན་མོ་ལྡན་མ་རྣམས་སོ། ༡༡ །དགྲ་སྟས་གཅོད་མ་དང་། དགྲ་སྟ་ཅན་ མའོ། ༢ །འབྲས་ཅན་མ་དང་། ལེགས་མཐོང་མའོ། །འདྲི་བྱེད་ལོ་མ་དང་། ལོ་མ་སོ་སོ་བ་དང་། ཙི་ཊ་པ་ཎཱི་དང་། རྐང་ལྡན་མ་དང་། ལྕུག་མ་ཅན་མ་དང་། རྔ་མོའི་འབྱོར་པ་དང་ངོ་། །སེང་གེའི་མཇུག་མ་དང་། ཆ་ཤས་གྲུབ་མ་དང་། ནགས་ཐུག་མ་རྣམས་སོ། ༣ །ཕྱོགས་ དེས་མ་དང་། རེག་ལྡན་མ་དང་། སྟག་ལྡན་མ་དང་། གྲི་ཧཱ་ཎཱི་དང་། ཀཎྜ་ཀཱ་རི་དང་། རབ་ཏུ་སྐུལ་བྱེད་མ་དང་། རིག་ལྡན་མ་དང་། ཕྲ་མོ་དང་། རེག་དཀའ་མ་དང་། ཡུལ་འཁོར་མ་རྣམས་སོ། ༡༠ །འོད་མ་ཕྲ་མོ་དང་། ཀུ་ཀུཉྫ་དང་། ལག་འཇོམས་རྣམས་སོ། ༣ །བློ་འཇོམས་མ་དང་། ཉུང་ངུ་འཇོམས་དང་། བངྐ་བཱ་ཌི་རྣམས་སོ། །ཐམས་ཅད་རྗེས་སུ་འབྱོར་དང་། མ་འཇོམས་མ་དང་། ཕུང་མ་གསུམ་མ་དང་། གསུམ་སྐོར་མ་དང་། དུར་བྱིད་དང་། ཚངས་གསུམ་མ་དང་། འདོར་བྱེད་མ་རྣམས་སོ། ༧ །སྔོ་བསངས་མ་དང་སྐྱོང་བྱེད་མ་ནི་སྡེ་བཟང་མ་སྟེ། ཀཱ་ལཱ་མ་སུ་དང་། འདས་བྲལ་མ་དང་། ཟླ་བ་ཕྱེད་པ་ དང་། ལུག་ནག་མ་རྣམས་སོ། ༧ །ནཱ་ཀུ་ལི་དང་། བཅུད་བཟང་དང་། གནྡྷཱ་དང་། གནྷཱ་ནཱ་ཀུ་ལཱི་དང་། ན་ཀུ་ལཱ་དང་། འདོད་མ་དང་། ལག་འགྲོ་མིག་མ་དང་། གདུགས་ཅན་མ་དང་། ལེགས་འབབ་མ་ཞེས་པ་ཡང་དེའོ། ༧ །རྣམ་འཇོམས་མ་དང་། དྲི་མྱུར་ལྡན་མ་དང་། འདབ་མ་མཐོ་བ་དང་། བརྟན་མ་དང་། ངེས་མ་རྣམས་སོ། ༥ །རི་དགས་དྲི་དང་། འཁྱོག་པོ་དང་། ལྷ་མིན་མ་དང་། ཏ་ལའི་འདབ་མ་དང་དྲི་ལྡན་མ་རྣམས་སོ། ༥ །རབ་ཐོབ་མ་དང་། གླང་པོ་དཀར་པོ་དང་། ད་དྲུ་འཇོམས་འཁོར་ལོ་མཐོང་དང་། པདྨཱ་ཊཱ་དང་། ཨུ་ར་ཎ་ཞེས་བྱ་བ་ལ་ཡང་ངོ་། ༧ །འཁོར་འོ་མ་མཚན་པ་ནི་སྨན་ཆེན་ཏེ། དུག་འཇོམས་ དང་། མགྟཱིའོ། །གྷརྞ་བཱ་ཎི་ཤ་ཎཾ་དང་། མེ་ཏོག་ཅན་ནོ། །རུངས་དང་འབྱོར་པ་ནི་ཨ་དྷྱ་ཞེས་བྱ་བའི་སྨན་གྱིས་གྲུབ་པ་སྟེ། དཔལ་མོ་དང་། བཀྲ་ཤིས་མ་དང་། རྟོགས་བྱེད་མ་དང་། དགའ་མ་དང་། པྲཱ་ཎད་དང་། ཐུབ་པ་སྤྲོས་དང་། འཕེལ་བ་སྟེ་འདི་དག་ནི་མཚོན་པ་འདི་རྣམས་ནི། བརྦ་རཾ་དང་། བ་རྦ་ཏཱི་ཀི་དང་། བརྦ་རཱི་ཀྵི་དང་། བརྦ་རི་པུཥྛཏཱ་ཞེས་པ་ལ་འང་ངོ་། །བརྦ་རཱ་ཀ་བ་ཌཱི་དང་། མཐོན་པོ་མ་དང་། བ་ར་བརྔ་ཌཱི་དང་། ཡལ་གའི་མེ་ཏོག་མ་དང་། འཕྲོ་ལྡན་མ་རྣམས་སོ། །ཨེ་ལའི་ལོ་མ་ནི། ལེགས་འབབ་མ་དང་། རསྤཱ་དང་། ཕོ་བཅུད་ལྡན་མ་གང་དེའོ། ༤ །དཱི་ཛ། གཉིས་སྐྱེས་ནི། རེ་ན་ཀཱ་དང་། ཀནྟི་ དང་། ཧ་རི་ཎི་དང་། ཐལ་བའི་དྲི་དང་། སེར་སྐྱ་མོ་རྣམས་སོ། ༦ །མུངྒའི་ལོ་མ་ནི། བྱ་རོག་མུངྒ་དང་། ལྷན་ཅིག་པ་ཞེས་ཀྱང་ངོ་། ༣ །རྟག་འཇུག་མ་ནི། འདར་བྱེད་སྐྱེས་མ་དང་། ཟླ་བའི་ལོ་མ་དང་། བཟོད་ཆེན་མ་རྣམས་སོ། ༤ །ཤིང་ཚ་དང་། འདབ་མ་དང་། པཱུཏྣ་ ཊཾ་དང་། མཐོ་བ་དང་། ཤུན་པ་དང་། ཙོ་ཙ་དང་། ལུས་མཆོག་ཅན་རྣམས་སོ། ༧།ག་པུར་དང་། ཏྲཱ་བི་ཏྲ་ཀ་དང་། འོད་སྲུངས་དང་། རིག་བྱེད་གཙོ་མོ་རྣམས་སོ། ༤ །སྣ་ཚོགས་སྡེའི་དགའ་མ་དང་། གྲྀ་ཥྚི་དང་། ཕག་མོ་དང་། རྒྱ་ཤུག་དང་། ཕག་གདོང་ཞེས་པ་ ཡང་དེའོ། ༥ །སྐྱོབ་བྱེད་མ་ནི། རི་ངོས་སྐྱེས་དང་། ཕྲ་མོ་སྐྱེས་དང་། རཱ་ཙི་ཀཾ་དང་། སྐྱོབ་མ་དང་། ནགས་ཚལ་བཟང་མོ་རྣམས་སོ། །ཀྲྀ་ཏྭ་ཤཱིཪྵ་དང་། མངར་བ་ཅན་དང་། ཤིངྒ་ཧྲ་སོ་སྭཱདྒ་ཛི་བ་ཨཥྚ་བརྒ་ཡ་ཏི་ཏ་སྱ་ཛི་བ་ཀཱ་སྱ་ཀཱཿ འདབ་སྐུམ་མ་དང་། ངོ་ཚ་ལྡན་ མ་དང་། ནོར་ཅན་དང་། བ་སུ་ཏྭཊྚ་ཀའོ། ༢ །བཀྲ་བ་དང་། ཉེར་བཀྲ་དང་། ནྱ་གྲོ་དྷཱ་དང་། པྲ་བནྟཱི་དང་། ཤམྦ་རཱི་དང་། པྲྀ་ཥཱ་དང་། པྲ་ཏྱ་ཀྵེ་ཎཱི་དང་། སུ་ཏ་ཤྲེ་ཎཱི་དང་། རཎྜཱ་དང་། བྱི་བའི་ལོམ་རྣམས་སོ། །ཧཉྫ་ཀཱ་དང་། བྲམ་ཟེ་དང་། བདྨཱ་བྷཱ་རྒཱི་དང་། བྲམ་ཟེའི་ མཆོད་སྡོང་དང་། སོལ་བའི་མདོ་མ་དང་། སྐོབ་སྐྱེས་དང་། བཀྵ་ཤཱ་དང་། བི་ཤཱ་ཀ་དང་། བརྦ་ཏ་བརྡྷ་ཧ་རྣམས་སོ། ༩ །རེག་དཀའ། དྷ་ནཱ་ཡཱ་ཤ་དང་། དུ་བྱེད་མ་དང་། ཡཱིལ་ཡ་ནཱི་ས་དང་། ཀཙྪ་རཱ། མཐའ་ཡས་མ་དང་། རྒྱ་མཚོ་ཡི། ཐ་མ་རྙེད་དཀའ་ཀ་ཎ་ སའོ། ༡༠ །ས་འཚོའི་བུ་མོ་མཐའ་ཡས་རྩ། །མེ་ཏོག་ཕྲ་མོ་ཀྵི་ཎི་རི། །བ་ལང་སྲུང་མ་སྔོ་བསངས་མ། །སྔོ་བསངས་འཁྲི་ཤིང་། སཱ་རི་ཀྵ། །མཐའ་ཡས་ཨུཏྤ་ལ་སཱ་རི་ཀྵ། ༩ །མི་ཡི་གཙུག་ཕུད་ལའང་ག་ལི། །གཤོལ་ལྡན་མ་དང་སྨྲ་བྱེད་མ། །རབ་གདུང་མ་དང་གོ་ བྱེད་མ། །རང་དབང་མ་དང་མི་གདོང་མ། ༢ །དེ་ནས་བྱ་རོག་བྱིན་པ་ལ། །བྱ་རོག་ལུས་དང་བྱ་རོག་སྣ། ༢ །དྲི་ཡི་རྫས་ཀྱི་ཨི་ལ་དཱ། །ཀ་མེ་ལ་ཡ་དྲི་བཟང་དང་། །གསེར་བྱེ་མ་དང་། བྱེ་མ་ཅན། ༥ །དེ་ནས་ས་ལཾ་ཀཱ