Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 212

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
ཱི་ཙ་བཛྲ་པཱ་ཎི་རྨ་ཧཱ་བ་ལཱ། །བཛྲ་མ་ལཱ་མ་ཧཱ་བི་དྱཱ་ཏ་ཐཻ་བཱ་མྲྀ་ཏ་ཀུཎྜ་ལིཿ། །ཨ་པ་རཱ་ཛི་ཏཱ་མ་ཧཱ་དེ་བཱི་ཀཱ་ལ་ཀ་རྞཱི་མ་ཧཱ་བ་ལ།
ལྷ་མོ་སྒྲོལ་མ་ལྕགས་ཀྱུ་མ། དེ་བཞིན་རྡོ་རྗེ་ལྕགས་སྒྲོག་མ། ནག་མོ་ཆེ་དང་ཕོ་ཉ་མོ། །དེ་བཞིན་རྡོ་རྗེ་ཕོ་ཉ་གཞན། །གཞག་བཟང་རྡོ་རྗེ་ཞགས་པ་མ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་མ། །རྡོ་རྗེ་ཕྲེང་བ་རིག་མ་ཆེ། །དེ་བཞིན་བདུད་རྩི་འཁྱིལ་པ་དང་། །གཞན་གྱིས་མི་ཐུབ་ལྷ་མོ་ཆེ། །སྨེ་བ་ནག་པོ་སྟོབས་ཆེན་མ། །
ཏ་ཐཱ་དྷ་ནྱ་མ་ཧཱ་བྷཱ་གཱ་པདྨ་ཀུཎྜ་ལི་རེ་བ་ཙ། །པུ་ཥྤ་དཎྜཱི་མ་ནི་ཙཱུ་ཊཱ་སྦ་ནྱ་ཀེ་ཤཱི་ཙ་པིཾ་ག་ལཱ། །མ་ཧཱ་ཏེ་ཛཱ་ཏ་ཐཱ་དེ་བཱི་དྷ་ནྱཱ་ཙ་བིཪྻུ་ནྨཱ་ལི་ནཱི། །རཱ་ཀྵ་སྱཻ་ཀ་ཛ་ཊཱི་རྩེ་བ་བུདྡྷཱ་ཀྵི་ཏི་ཀ་ནཱ་ཡི་ཀཱཿ། །ཀཱ་པཱ་ལི་ནཱི་མ་ཧཱ་བྷཱ་གཱ་དྷ་ནྱཱ་ལངྐེ་ཤྭ་རཱི་ཏ་ཐཱ།
དེ་བཞིན་དཔལ་ཡོན་སྐལ་ཆེན་མ། །པདྨ་འཁྱིལ་པ་ཉིད་དང་ཡང་། །མེ་ཏོག་སོ་མ་བཅུད་སྟེར་མ། །གསེར་གྱི་སྐྲ་མ་དམར་སེར་མ། །དེ་བཞིན་ལྷ་མོ་གཟི་བརྗིད་ཅན། །དཔལ་མོ་ཀློག་གི་ཕྲེང་ལྡན་མ། །སྲིན་མོ་རལ་པ་གཅིག་མ་དང་། །སངས་རྒྱས་ས་ཡི་འདྲེན་པ་མོ། །ཐོད་པ་ཅན་མ་སྐལ་ཆེན་མ། །དེ་བཞིན་དཔལ་མོ་ལངྐའི་དབང་། །
ཨ་ནྱཱ་ཤྩ་བ་ཧ་བོ་བི་དྱཱཿས་ཏྭཱ་ནུ་གྲ་ཀ་རི་ཀཱཿ། ཏདྱ་ཐཱ། ཀཱ་ལི་ཀ་རཱ་ལི་ཀུམྦྷ་ནྜྀ་ཤཾ་ཁི་ནི། ཀ་མ་ལཱ་ཀྵི། ཧཱ་རཱི་ཏི། ཧ་རི་ཀེ་ཤི། ཤྲཱི་མ་ཏི། ཧ་རི་སིངྒ་ལེ། ལམྦེ། པྲ་ལམྦེ། ཀཱ་ལ་པཱ་ཤེ། ཀ་ལ་ཤོ་ད་རི། ཡ་མ་དུ་ཏི། ཡ་མ་རཱ་ཀྵ།
གཞན་ཡང་རིག་པ་མང་པོ་ནི། །སེམས་ཅན་ཡོངས་སུ་འཛིན་པ་མ། །འདི་ལྟ་སྟེ། ནག་མོ་མཆེ་གཙིགས་མ་གྲུལ་བུམ་མ་དུང་ཅན་མ། པདྨའི་མིག་མ། འཕྲོག་མ། སྐྲ་ལྗང་གུ་མ། དཔལ་ལྡན་མ། འཕྲོག་མ་དམར་སེར་མ། འཕྱང་མ། རབ་ཏུ་འཕྱང་མ། ཞགས་པ་ནག་པོ། །བུམ་པའི་ལྟོ་མ། གཤིན་རྗེའི་ཕོ་ཉ་མ། གཤིན་རྗེའི་སྲིན་མོ། །
སི་བྷཱུ་ཏ་གྲ་ས་ནི། འབྱུང་པོ་ཟ་བྱེད་མ། པྲ་ཏཱི་ཙྪེ་མི་གནྡཾ་པུཥྤཾ་དྷཱུ་པཾ་དཱི་པཾ་བ་ལིཾ་ཙ་དཱ་སྱཱ་མཾ་ར་ཀྵཱི་ཀུ་རུ། གཏོར་མ་དྲི་དང་མེ་ཏོག་བདུག་སྤོས་མར་མེ་དང་ལྡན་པ་འདི་འབུལ་གྱིས་བཞེས་ཤིག་སྲུང་བར་མཛོད། མ་མ་སརྦ་སཏྭ་ནཱ་ཉྩ་སརྦ་བྷ་ཡོ་པ་དྲ་བེ་བྷྱོ་ཛཱ་བ་ཏུ། བདག་དང་སེམས་ཅན།

ཐམས་ཅད་འཇིགས་པ་དང་ཉེ་བར་འཚེ་བ་འདི་ལས་ལོ་བརྒྱ་འཚོ་བར་ཤོག་ཅིག །པཪྵ་ཤ་ཏཾ་པ་ཤྱ་ཏུ་ས་ར་དཱི་ཤ་ཏཾ། སིདྡྷྱ་ནྟུ་མ་ནྟྲ་པ་དཱཿསྭཱ་ཧཱ། པཉྩ་རཀྵ་པ་ལིཿ། ༼༣༣༽ ཨོཾ་ན་མོ་བྷ་ག་བཏི་པྲ་ཛྙཱ་པཱ་ར་མི་ཏེ་྅ །མི་ཏེ་མ་ཧཱ་པཱི་ཏེ། མ་ཧཱ་ཤྭེ་ཏེ། མ་ཧཱ་ནཱི་ལ་རཏྣ་པངྒ་ཛ་པུསྟ་ཀ་ཧ་སྟེ།
ཨི་མཾ་བ་ལིཾ་པཉྩཱ་མྲྀ་ཏཾ་བྷུཉྫ་ཛིགྷྲ། ཨོཾ་པི་ཙུ་པིཙུ། འཇམ་པ་འཇམ་པ། སྟོན་བརྒྱ་མཐོང་བར་ཤོག་ཅིག །གསང་སྔགས་ཀྱི་ཚིགས་རྣམས་གྲུབ་པར་གྱུར་ཅིག །བསྲུང་བ་ལྔའི་གཏོར་མའོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། དཔག་མེད་མ། སེར་ཆེན་མ། དཀར་ཆེན་མ། རིན་པོ་ཆེའི་འདམ་སྐྱེས་སྔོན་པོ་ཆེན་པོས་གླེགས་བམ་བསྣམས་མ།
པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ། མེ་དྷཱ་བརྡྷ་ནི། དྷི་རི་དྷི་རི། བུ་དྷི་བརྦྷ་ནི་སྭཱ་ཧཱ། ཨོཾ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ། དྷཱིཿདྷཱར་ཎཱི་ཡི་སྭཱཧཱ། བློ་འཛིན་མ། པྲཛྙཱ་པཱ་ར་མི་ཏཱ་བ་ལིཿ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏོར་མའོ། ༼༣༤༽། ཨོཾ་བ་སུ་དྷཱ་རི་ཎི་དཱ་རི་དྷྱ་དུཿཁ་བྷ་ཡ་ཧ་རི་ཎི།
ཤེས་རབ་འཕེལ་མ། འབར་མ་འབར་མ། ཡིད་གཞུངས་འཕེལ་མ། བློ་འཕེལ་མ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་མ་ཧཱ་བི་ཛ་ཡེ་སྭཱ་ཧཱ་ཟེར། ཐོས་པ་དྲན་པ་རྣམ་རྒྱལ་མ། སརྦ་ཡཀྵི་ཎི་ས་མེ་ཏཱ་ཤཱི་གྷྲཾ་ཨཱ་གཙྪནྟུ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ། ཁཱ་ཧི་ཁཱ་ཧི། ནོར་རྒྱུན་མ་དབུལ་བའི་སྡུག་བསྔལ་དང་འཇིགས་པ་འཕྲོག་མ།
ཨོཾ་དྷར་ཎི་དྷ་ར་ཎི་སྭཱ་ཧཱ། བ་སུ་དྷཱ་ར་བ་ལིཿ། ༼༣༥༽ ཨོཾ་པྲ་སནྣ་ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནེ། མ་མསརྦཱརྠ་སཱ་དྷ་ནི། གནོད་སྦྱིན་མ་ཐམས་ཅད་དང་ལྡན་པ་མྱུར་དུ་ཚུར་བྱོན། སརྦ་སཏྭཱཾ་ཤཾ་ཀ་རི། ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཕཊ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ།
པྲ་སནྣ་ཏཱ་ར་བ་ལིཿ། ནོར་རྒྱུན་མའི་གཏོར་མའོ། །རབ་ཏུ་དང་བའི་སྒྲོལ་མ་བདུད་རྩིའི་ཞལ་མ་བདུད་རྩིའི་སྤྱན་མ། བདག་གི་དོན་ཐམས་ཅད་སྒྲུབ་པ། ༼༣༦༽ ། ཨོཾ་ན་མཿ ཤ་བ་རི་ཀུ་མཱ་རཱི་བི་ཥ་དཱུཥ་ཎཱི་ཡེ། སེམས་ཅན་ཐམས་ཅད་བདེ་བྱེད་མ། བི་ཥ་བྷཀྵ་ཎཱི་ཡེ་ཙཱ་ལ་ཡ། སཾ་གྷཊྚ་ཡ།
རབ་ཏུ་དང་བའི་སྒྲོལ་མའི་གཏོར་མའོ། །མནྟ་མཱ་ཏཾ་ག།། གླང་པོ་མྱོས་པ། ཨ་བི་དྷེ་ཧེ། དུག་འཇོམས་མ། ཨི་དཾ་བ་ལི་བྷུཉྫ་ཛི་གྷྲ་ཨོཾ་ཛཱཿཛཿསྭཱཧཱ། རི་ཁྲིད་མ་གཞོན་ནུ་མ་དུག་སུན་འབྱིན་མ། ཨཱཪྻཾ་གུ་ལཱི་བ་ལིཿ། འཕགས་མ་སོར་མོ་ཅན་གྱི་གཏོར་མའོ། །དུག་ཟ་བྱེད་མ་སྐྱོད་ཅིག། ཟུང་དུ་བརྡུངས་ཤིག།

༼༣༧༽ ཨོཾ་ན་མོ་བྷ་ག་བ་ཏྱཻ། བཛྲ་གྡཱ་ནྡྷ་ཪྻ། ཨ་ནེ་ཀ་ཤ་ཏ་ས་ཧ་སྲ་ཛྭ་ལི་ཏ་དཱིཔྟ་ཏེ་ཛཱ་ཡཻ་ཨུ་དྲ་ཀཱི་ར་ཎཱ། བྷ་ཡཱ་ན་ཀཱ་ཡཻ། ཨ་ཧྱེ་ཧི། ཏྲ་ཡཱཎཱཾ་རཏྣཱ་ནཱཾ་ས་ཏྱ་ན་དེ་བཱ་དཱི་ཀཾ། ཡེ་ཙཱ་ནྱེ་ས་མ་ཡེ་ན་ཏིཥྵི་ཏེ་ཏཱ་ན་བ་བྷུ་ཥི་སྭཱ་མི་ཤཱི་གྷྲ། མི་དཾ་བ་ལི་གྲྀ་ཧྞ་གྲྀཧྞ།
བཅོམ་ལྡན་འདས་མ་ལ་ཕྱག་འཚལ་ལོ། །རྡོ་རྗེས་འཛིན་མ། འོད་དང་གཟི་བརྗིད་བརྒྱ་སྟོང་ཕྲག་དུ་མ་འབར་མ་རབ་ཏུ་འབར་མ་འོད་ཟེར་དྲག་མོ། །འཇིགས་རུང་མ་ལ། ཚུར་བྱོན་ཚུར་བྱོན། དཀོན་མཆོག་གསུམ་གྱི་བདེན་པ་དང་ལྷ་ལ་སོགས་པ་དང་། གང་གཞན་དམ་ཚིག་ལ་གནས་པ་དེ་རྣམས་སྣང་བར་བྱེད་པའི་རྗེ་མོ་མྱུར་དུ།
ཨོཾ་མ་ལ་མ་ལ། ཏུ་ལུ་ཏུ་ལུ། མུ་ལུ་མུ་ལུ། ཙུ་ལུ་ཙུ་ལུ། དྷ་མ་དྷ་མ། རངྒ་རངྒ། རངྒ་ཡ་རངྒ་པ་ཡ། པཱུ་ར་ཡ་པཱུ་ར་ཡ། ཨཱ་ཤཱཾ་མེ་བྷ་ག་བ་ཏི་མ་ཧཱ་བཛྲ་གཱནྡྷཱ་རི། སིདྡྷི་ཙཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བཛྲ་གཱནྡྷཱ་རི་བ་ལིཿ། ༼༣༨༽ ཨོཾ་དྷྭ་ཛཱ་གྲ་ཀེ་ཡཱུ་རེ།
ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡཱ་བ་ཧི་ནི། ཚོས་ཚོས། ཚོས་ཤིག་ཚོས་ཤིག། གང་བར་གྱིས་གང་བར་གྱིས། བདག་བསམ་པ་བཅོམ་ལྡན་འདས་མ་རྡོ་རྗེས་འཛིན་ཆེན་མོ། གྲུབ་པ་གཏུམ་པོ་ཕྱག་ན་རྡོ་རྗེའི་བཀའ་བཞིན་གྱིས། རྡོ་རྗེས་འཛིན་པའི་གཏོར་མའོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན།
རྒྱལ་བ་རྒྱལ་བ། རྣམ་པར་རྒྱལ་བ་རྣམ་པར་རྒྱལ་བ། རྒྱལ་བ་ཐོབ་མ། མ་མ་སརྦ་ཤཏྲཱུཾ་ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། མ་ཐ་མ་ཐ། གྲ་ས་གྲ་ས། ཧཱུཾ་རཀྵ་རཀྵ་མཱཾ་བྷ་ག་ཝཱཾ། ཨི་མཾ་བ་ལིཾ་གྲྀ་ཧྞ་གྲྀ་ཧྞ། བྷཉྫ་བྷཉྫ། པ་ར་སཻ་ནྱཾ་བི་དྷྭནྶཱ་ཡ་བིདྷྭནྶཱ་ཡ། ཤ་ཏྲཱུན་ཤ་ཏྲཱུན་ཙ་ལ་ཙ་ལ་ཙི་ལི་ཙི་ལི། དགྲ་རྣམས་སྐྱོད་སྐྱོད།
ཏུ་ལུ་ཏུ་ལུ། ག་ལ་ག་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། བདག་གི་དགྲ་ཐམས་ཅད་རྨུགས་པར་གྱིས་རྨུགས་པར་གྱིས། སརྦ་ཏ་ཐཱ་ག་ཏཱ་བ་ལོ་ཀི་ཏེ་སྭཱ་ཧཱ། གུཎ་རཱ་ཛ་པྲཱ་བྷཱ་སེ་སྭཱ་ཧཱ། ཙནྡྲཱ་རྐ་བི་མ་ལེ་སྭཱ་ཧཱ། སརྦ་ནཀྵ་ཏྲ་ཙ་མི་ཀ་རི་ཎེ་སྭཱ་ཧཱ། རཀྵ་རཀྵ། གཞན་གྱི་དམག་རྣམས་རྣམ་པར་ཆོམས་ཆོམས། སརྦ་ཏ་ཐཱ་ག་ཏེ་བྷྱཿ སྭཱ་ཧཱ། དྷྭ་ཛཱ་གྲ་ཀེ་ཡཱུ་རཱ་བ་ལིཿ།
༼༣༩༽ ཨོཾ་ན་མོ་བྷ་ག་བ་ཏི་ཨུཥྞི་ཥ་བི་ཛ་ཡེ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་གཟིགས་མ། ཡོན་ཏན་རྒྱལ་པོ་རབ་སྣང་མ། ཟླ་བ་ཉི་མ་དྲི་མེད་མ། རྒྱུ་སྐར་ཐམས་ཅད་གསལ་བར་བྱེད་མ། དེ་བཞིན་གཤེགས་པ་ཐམས་ཅད་རྣམས་ལ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཏོར་མའོ། །

མ་མ་མྲྀ་ཏྱུ་ནཱ་ཤ་ཡ་ནཱ་ཤ་ཡ། བི་ནཱ་ཤཱ་ཡ་བི་ནཱ་ཤཱ་ཡ། བི་དྷྭནྶཱ་ཡ་པི་དྷྭནྶཱནྶཱ་ཡ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། དཱི་རྒྷཱ་ཡུཥྐ་མི་ཀུ་རུ་སྭཱ་སྟི་སྭཱ་ཧཱ། ཨུཥྞི་ཥ་བི་ཛ་ཡཱ་བ་ལིཿ། ༼༤༠༽། ཨོཾ་སིདྡྷཻ་ཀ་བཱི་རཱ་ཡ་པཱི་རེ་ཤཱ་ཡ་ཀ་རུ་ཎཱ་པེ་ཤ་ལ་ཧྲྀ་ད་ཡཱ་ཡ་ནི་ལོ་ཏྭ་ལ་ཧསྟཱ་ཡ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་
བདག་གི་འཆི་བདག་ཉམས་པར་གྱིས་ཉམས་པར་གྱིས། རྣམ་པར་ཉམས་པར་གྱིས་རྣམ་པར་ཉམས་པར་གྱིས། རྣམ་པར་ཆོམས་ཆོམས། བདག་གི་ཚེ་བསྲིངས་ཤིག་བདེ་ལེགས་གཞི་ཚུགས། གཙུག་ཏོར་རྣམ་རྒྱལ་མའི་གཏོར་མའོ། །དཔའ་བོ་གཅིག་ཏུ་སྒྲུབ་པ་ལ། དཔའ་བོའི་དབང་པོ་ལ། སྙིང་རྗེ་དང་ངེས་པའི་ཐུགས་ཅན་ལ། ཨུཏྤལ་སྔོན་པོ་ཕྱག་ན་བསྣམས་པ་ལ།
ཏཱི་ཏཱ་བ་བྷུ་ཛེ་ཤཱནྟིཾ་ཀུ་རུ་སརྦ་སིདྡྷཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སིདྡྷཻ་ཀ་བཱི་ར་བ་ལིཿ། ༼༤༡༽ །ཨོཾ་ཡ་མཱནྟ་ཀཱ་ཡ་ཡ་མ་བྷཱི་ཥ་ཎཱ་ཡ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ནཱ་ཡ་ནཱ་གཱ་བྷ་ར་ཎཱ་ཡ་ཏྲཻ་ལོ་ཀྱ་བི་མརྡ་ན་དཎྜ་ཧསྟཱ་ཡ་སརྦ་མཱ་ར་བ་ལ་བི་ནཱ་ཤ་ནཱ་ཡ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ།
བཟུང་སྟེ་ལོངས་སྤྱད་དེ། མ་མ་བིགྷྣན་ཧ་ར་ཧ་ར་ཙ་དཔའ་བོ་གཅིག་ཏུ་སྒྲུབ་པའི་གཏོར་མའོ། །གཤིན་རྗེ་མཐར་བྱེད། གཤིན་རྗེ་འཇིགས་པར་བྱེད་པ། རྣམ་པར་འགྱུར་བའི་ཞལ་ཅན་ཀླུའི་རྒྱུན་ཅན། འཇིག་རྟེན་གསུམ་རྣམ་པར་འཇོམས་པའི་དབྱུག་པ་ཕྱག་ན་བསྣམས་པ། བདུད་དཔུང་རྣམ་པར་འཇོམས་པ།
ཏུརྨཱ་རཱ་ན་ནི་བཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཡ་མཱནྟ་ཀ་བ་ལིཿ། ༼༤༢༽ །ཨོཾ་བིགྷྣཱནྟ་ཀ་ལ་ཧཱ་ཀྲོ་དྷ་མ་ཧཱ་བ་ལ་པ་རཱ་ཀྲ་མ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ། ཁཱ་ཧི་ཁཱ་ཧི། མ་མ་སརྦ་བིགྷྣཱན་ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། དྲུ་ཏཾ། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། ཨཱཿ
བིགྷྣཱན་ཀཾ་ཏ་ཧཱུཾ་སྭཱ་ཧཱ། བིགྷྣཱནྟ་ག་བ་ལིཿ། གཤིན་རྗེ་མཐར་བྱེད་ཀྱི་གཏོར་མའོ། །བགེགས་མཐར་བྱེད་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་ཕ་རོལ་གནོན་པ། ༼༤༣༽ །ཨོཾ་བྷ་ག་བ་ཏི་གྲ་ཧ་མཱ་ཏྲི་ཀེ་སརྦ་གྲ་ཧ་ན་ཀྵ་ཏྲ་བྷ་ཡ་ནཱ་ཤི་ནི་སརྦ་དེ་བ་ནཱ་ག་ཡཀྵ་དི་བྷ་ཡ་བྱུ་ཡུ་པ་ཤ་མ་ནི་རཱ་ཛ་ཙཽ་ར་འི་དི་བྷ་ཡ་
བིདྷྭནྶ་བགེགས་མཐར་བྱེད་ཀྱི་གཏོར་མའོ། ནི་བྷ་ག་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་འཇིགས་པ་རྣམ་པར་འཇོམས་མ། བཅོམ་ལྡན་འདས་མ་གཟའ་རྣམས་ཀྱི་ཡུམ། གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱི་འཇིགས་པ་ཐམས་ཅད་སེལ་མ། ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱི་འཇིགས་པ་ཉེ་བར་ཞི་བྱེད་མ།

བ་ཏི་གྲ་ཧཱ་མཱ་ཏྲྀ་ཀེ་སརྦ་གྲ་ཧ་ནཀྵ་ཏྲཱ་དི་བྷིཿ ཤཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། མ་མ་སརྦ་བིགྷྣཱན་ཧ་ར་ཧ་ར། ཤཱནྟིཾ་པུཥྚིཾ་རཀྵཱཉྩ་མེ་ཀུ་རུ་ཧཱུཾ་ཕཊ་སྭཱ་ཧཱ། བྲ་ཧ་མཱ་ཏྲྀ་ཀཱ་བ་ལིཿ།༼༤༤༽ ཨོཾ་ན་མོ་ལོ་ཀ་ནཱ་ཐཱ་ཡ་དེ་བཱ་སུ་ར་ན་
བཅོམ་ལྡན་འདས་མ་གཟའ་རྣམས་ཀྱི་ཡུམ། གཟའ་དང་རྒྱུ་སྐར་ལ་སོགས་པ་ཐམས་ཅད་ལྷན་ཅིག་ཏུ་མྱུར་དུ་བྱོན། ར་ཡཀྵ་རཱཀྵ་དེ་བྷིརྦནྡི་ཏ་པཱ་ད་པདྨ་ཡ་ཨ་ཤེ་ཥ་ནཱ་ར་ཀ་ས་ཏྭོདྡྷ་ར་གཟའ་ཡུམ་གྱི་གཏོར་མའོ། །འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཎ་ཙནྟཱི་
ཏཏྤ་པཱ་ཡ་མ་ཧཱ་ཀཱ་ཀུ་ཎི་ཀཱ་ཡ་ཐུགས་རྗེ་ཆེན་པོ་ཅན་ལ། ཨི་དཾ་བ་ལིཾ་དུ་གྡྷཱ་དི་ས་ཧི་ཧཾ་ལྷ་དང་ལྷ་མ་ཡིན་དང་མི་དང་། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་ཕྱག་བྱ་བ། གྲྀཧྞ་གྲྀཧྞ། མཱཾསརྦ་སཏྭཱ་ཤྩ་ན་ར་ཀཱ་དི་དུཿཁཱ་དུཏྟ་ར་ཡ་ཁཱ་དུཏྟ་ར་ཡ། ཨུདྡྷ་ར།
ཨུདྡྷ་ར། དམྱལ་བའི་སེམས་ཅན་མ་ལུས་འདོན་པར་དགོངས་པ་ལྷུར་མཛད་པ། སམུདྡྷ་ར་ས་མུདྡྷ་ར། བུདྡྷ་ས་ཏྱཻ་ན་དྷརྨ་ས་ཏྱཻ་ན་སཾ་གྷ་ས་ཏྱཻ་ན་ས་ཏྱ་བཱ་དེ་ས་ཏྱ་ན་ཨོཾ་ཨཱིཿཧྲཱིཿཧཱུཾ་ཕཊ་འོ་མ་སོགས་དང་བཅས་པའི་གཏོར་མ་འདི་ཟུང་ཟུང་། བདག་དང་སེམས་ཅན་ཐམས་ཅད་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་སྒྲོལ་སྒྲོལ།
ཕྱུང་ཕྱུང་། སྭཱ་ཧཱ། སརྦ་ལོ་ཀེ་ཤྭ་ར་བ་ལཱིཿ། ༼༤༥༽ ཨོཾ་ན་མཿ ཀུན་ནས་ཕྱུང་ཕྱུང་། སངས་རྒྱས་ཀྱི་བདེན་པ་དང་ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པས། ཤྲཱིཁ་སརྦྦ་ཎཱ་ཡ་ཏྲཻ་ལོ་ཀྱ་ད་རྦྦ་ཎཱ་ཡ། ཨེ་ཀཱ་གྲ་ཅི་ཏྟ་ཡ། ས་ཀ་ལ་རོ་ག་དཱ་རི་དྷྱ་དུཿ། དུཿཁ་དུ་རི་ཏོ་པ་ཟེར་ཏེ་འོག་མ་དོན་བཟང་།
འཇིག་རྟེན་དབང་ཕྱུག་ཐམས་ཅད་ཀྱི་གཏོར་མའོ། །ཁ་དྲུ་ཏ་མུ་པ་ཤ་མ་ནཱ་ཡ་ཨི་དཾ་བ་ལིཾ་དུགྡྷ་དི་ས་ཧི་དཾ་གྲྀ་ཧཱི་ཏྭོ་པ་བྷུ་ཛྱ་ཕྱག་འཚལ་དཔལ་མཁའ་ལ་གཤེགས་པ་འཇིག་རྟེན་གསུམ་གྱི་མེ་ལོང་། ཤཱནྟཾ་པུཥྚིཾ་ནད་དང་དབུལ་བ་དང་། སཾཧ་དུཿ རཀྵཱཉྩ་མེ་ཀུ་རུ་ཨོཾ་ཨཱཿ ཧྲཱིཿ
ཧཱུཾ་ཕཊ་སྭཱ་ཧཱ། བཟོད་པར་དཀའ་བའི་སྡུག་བསྔལ་མཐའ་དག་མྱུར་དུ་ཞི་བར་མཛད་པ། བཟུང་སྟེ་ལོང་སྤྱད་ནས། ཁ་སརྤྤ་ཎཱ་བ་ལིཿ། མཁའ་ལ་གཤེགས་པའི་གཏོར་མའོ།། ༼༤༦༽ ཨོཾ་ན་མོ་བུདྡྷ་ཡ། སངས་རྒྱས་ལ་ཕྱག་འཚལ་ལོ། མ་ཧཱ་ཀ་རུ་ཎཱ་བྷཱ་ར་བྷ་

རི་ཏ་ཧྲྀ་ད་ཡཱ་ཡ། པ་རཱརྨ་བ་ཏཱ་ག་ཏ་ཙིཏྟཱ་ཡ་གཞན་གྱི་དོན་མཉམ་པ་ཉིད་རྟོགས་པའི་ཐུགས་ཅན། ཏྲཻ་དྷ་ཏུ་ཀཻ་ཀ་མཱུརྟྟ་ཡེ་ས་ཏྭཱརྠ་མ་ཧཱ་དུཿཀ་ར་ཀཱ་རི་ཎེ་ཨི་དཾ་བ་ལིཾ་དི་བྱ་གནྡྷ་བརྞ་ར་སྭ་པེ་ཏཾ་མུ་པ་བྷུ་ཛྱཾ་ཟེར་ཏེ་དོན་གཅིག །བུ་བྱུ་ཛྱ་མཱཾ་སརྦ་སཏྭཱཾ་ཤྩཱ་ནུཏྟཱ་རཱ་ཡཱཾ་སམྱགྶཾ་
སྙིང་རྗེ་ཆེན་པོའི་ཁུར་གྱིས་གང་བའི་ཐུགས་ཅན། བོ་དྷཽ་པྲ་ཏིཥྛཱ་བ་ཡ་ཨོཾ་ཨཱཿ སུ་ག་ཏ་བཛྲ་ཏུ་ཥྱ་ཁམས་གསུམ་པའི་སྐུ་གཅིག་པུ་རང་གི་དོན་དོན་ཆེན་པོ་མཛད་པ་མཛད་པ། ལྷའི་དྲི་དང་ཁ་དོག་དང་། ཧོཿཧཱུཾ་སྭཱ་ཧཱ། ཤྲི་བུདྡྷ་བྷཏྟ་ར་ཀ་བ་ལིཿ། རྒྱ་དཔེ་གཅིག་ན་འདི་གཉིས་པར་བྱ་སྣང་པ།
རོ་དང་ལྡན་པའི་གཏོར་མ་འདི་བཞེས་ཏེ་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་ཁོད་ཅིག །༼༤༧༽ ཨོཾ་མྲྀ་ཏྱུ་པཉྩ་ནི་ཏཱ་རེ་ཀཱ་ལཱ་ཀཱ་ལ་མྲྀ་ཏྱུ་ཧ་རེ་དཱ་རེ་དྱ་དུཿཁ། བདེ་གཤེགས་རྡོ་རྗེ་དགྱེས་པ། དཔལ་སངས་རྒྱས་རྗེ་བཙུན་གྱི་གཏོར་མའོ། བྷ་ཡཾ་ཀ་རེ་ཨཥྚ་མ་ཧཱ་བྷ་ཡ་ཧ་རེ་
ཁཌྒཱཉྫ་ན་པཱ་དུ་ཀ་བྷ་དྲ་གྷ་ཊཱ་དི་སིདྡྷི་དེ། བྷ་ག་བ་ཏི་ཏཱ་རེ་ཨི་དཾ་བ་ལིཾ་པཉྩཱ་མྲྀ་ཏཾ་གྲྀཧྞ་གྲྀཧྞ། མ་མ་འཆི་བ་བསླུ་བའི་སྒྲོལ་མ། དུས་དང་དུས་མ་ཡིན་པའི་འཆི་བ་འཕྲོག་མ་དབུལ་བ་དང་། སྡུག་བསྔལ་གྱི་འཇིགས་པ་འཇིག་པར་བྱེད་མ། འཇིགས་པ་ཆེན་པོ་བརྒྱད་འཕྲོག་མ།
རལ་གྲི་དང་མིག་སྨན་དང་ལྷམ་དང་བུམ་པ་བཟང་པོ་ལ་སོགས་པའི་དངོས་གྲུབ་སྩོལ་མ། བཅོམ་ལྡན་འདས་མ་སྒྲོལ་མ། མྲྀ་ཏྱུཾ་ནཱ་ཤ་ཡ་ནཱ་ཤ་ཡ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མྲྀ་ཏྱུ་པཉྩ་ནཱི་ཏཱ་རཱ་བ་ལིཿ། ༼༤༨༽ ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ་ན་མོ་མ་ཎི་བྷ་དྲ་ཡ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་
ཨུཙྪུཥྨ་ཛམྦྷ་ལ་ཛ་ལེནྟྲ་ཡ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ཧཱ་བ་སུ་མ་མེ་དེ་ཧི་ད་དཱ་ཡ་སྭཱ་ཧཱ། སྡུག་བསྔལ་མྱུར་དུ་སྒྲོལ་བའི་སྒྲོལ་མ། འཆི་བ་བསླུ་བའི་སྒྲོལ་མའི་གཏོར་མའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ནོར་བུ་བཟང་པོ་ལ། །གནོན་སྦྱིན་སྡེ་དཔོན་ཆེན་པོ་ལ། །
འཆོལ་པ་རྨུགས་འཛིན་ཆུའི་དབང་པོ་ལ། །བདག་ལ་ནོར་ཆེན་པོ་སྦྱིན་དུ་ཆུག་ཅིག །ཨུཙྩུ་ཥྨ་ཛམྦྷ་ལ་བ་ལིཿ། འཆོལ་པ་རྨུགས་འཛིན་གྱི་གཏོར་མའོ། །༼༤༧༽ ཨོཾ་ཨཱཿ ཧྲཱིཾ་ཧཱུཾ་ཤུཀླཻ་ཀ་ཛ་ཊཱི། རལ་གཅིག་མ་དཀར་མོ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། གྷཱ་ཊ་ཡ་སརྦ་

དུཥྚཱན་ཧཱུཾ་ཕཊ་སྭཱ་ཧཱ། སརྦ་མཱ་ར་བ་ལ་བི་ནཱ་ཤ་ནཱ་ཤཱནཱ་ཤཱརྠཾ་ད་དྱཱ་ཏ། ཤུཀླཻ་ཀ་ཛ་ཊི་བ་ལིཿ། ༼༥༠༽ །ཨོཾ་ན་མཿཀ་ཡ་ཝཱཀྩིཏྟ་བྷྱཿ། ཀརྐོ་ཊ་ཤཾ་ཁ་པཱ་ལ་ཨ་ནནྟ་པཱ་སུ་ཀི་ཏཀྵ་ཀ། ཀུ་ལི་ཀ་པདྨ་མ་ཧཱ་པདྨེ་བྷྱོ་ནཱ་ག་རཱ་ཛེ་བྷྱ་ཨི་དཾ་པ་ལིཾ་ནཱ་ནོ་པ་ཀ་ར་ཎ་དུཿ། ཁཱ།
ཕྱིས་ཤིག་གདུག་པ་ཅན་ཐམས་ཅད། རྣམ་པར་གཤེགས་པའི་ཕྱིར་དུ་སྦྱིན་པར་བྱ་སྟེ། རལ་གཅིག་མ་དཀར་མོའི་གཏོར་མའོ། །ཕྱག་འཚལ་སྐུ་གསུང་ཐུགས་རྣམས་ལ། སྟོབས་རྒྱུ། དུང་སྐྱོང་མཐའ་ཡས་དང་། ནོར་རྒྱས་བུ་དང་། འཇོག་པོ་དང་། རིགས་ལྡན་པདྨ་པདྨ་ཆེན་པོ་སྟེ་ཀླུའི་རྒྱལ་པོ་རྣམས་ཉེར་སྤྱོད་དང་བཅས་པའི་གཏོར་མ་འདི།
ས་ཧི་ཏཾ་གྲྀཧྞ་གྲྀཧྞ། ཁ་ཁ། ཁཱ་ཧི་ཁཱ་ཧི། མ་མ་ན་སིདྡྷིཾ་པྲ་ཡཙྪ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ནཱ་ག་བ་ལིཿ། ༼༥༡༽ ཨོཾ་ན་མཿཤྲཱི་མཻ་ཏྲེ་ཡ་ནཱ་ཐཱ་ཡ། བྷཱ་བི་བི་དྱཱ་ཙ་ར་ཎ་སམྤནྣ་སམྱཀྶཾ་བུདྡྷཱ་ཡ། སརྦ་ས་ཏྭཱ་རྠེ་ཎ་བཱ་བུདྡྷྲི་ཏྱཱ་ནུ་ཏྟ་རཱ་ཡཱཾསམྱཀྶཾ། དྲ་བི་ཏ་ཙིཏྟཱ་ཡ།
ཨི་དཾ་བ་ལིཾ་དི་བྱ་གནྡྷ་བརྞ་ར་སོ་པེ་དཾ་ཨུ་པ་བྷུ་ཛྱ་མཱཾ། སརྦ་སཏྭཾཤྩ་སཾ་སཱ་དུཿཁཱརྞ་བཱ་ཏྶཾ་ཀླུའི་གཏོར་མའོ། །བོ་དྷཽ་པྲ་ཏིཥྛཱ་པ་ཡི་ཥྱ་སི་བྱམས་པ་མགོན་པོ་ལ། སྒོམ་པའི་རིག་པ་དང་ཞབས་སུ་ལྡན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། དུདྷྲྀ་ཏྱཱ་ནུཏྟ་རཱ་ལཱཾ་སམྱ་ཀྶཾ་ཟེར། སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་བརླན་
པའི་ཐུགས་ལ་ཕྱག་འཚལ་ལོ། །ལྷ་རྫས་ཀྱི་དྲི་དང་ཁ་དོག་དང་རོ་དང་ལྡན་པའི་གཏོར་མ་འདི་བཞེས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། རྫོགས་པའི་སངས་རྒྱས་ཀྱི་ས་ལ་འཁོད་པར་མཛོད་ཅིག །ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། མཻ་ཏྲི་ཡ་བ་ལིཿ།
༼༥༢༽ ཨོཾ་ཨིནྡྲ་ཛ་མ་ཛ་ལ་ཛ་ཛཀླ་བྷཱུ་ཏ་བཧྣི་བཱ་ཨུ་རཀྑ་ཙནྡྲ་སུཛྫ་མཱ་ད་བཔྤ་ཏཱ་ལི་ཨཊྛ་སཱཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཉྫ་ཛི་གྷ་ཕུ་ལྨ་དྷཱུ་པ་མཱཾ་ས་པིཾ་གྷ་ཨམྨ་སཔྤ་སཱ་དྷ་ཁཱནྟི་ཁུ་ཎི་ཕེ་ཌ་གཱ་ད་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། བྱམས་པའི་གཏོར་མའོ། །
དབང་པོ། གཤིན་རྗེ། ཆུ་ལྷ། གནོད་སྦྱིན། འབྱུང་པོ། མེ་ལྷ། རླུང་ལྷ། སྲིན་པོ། ཟླ་བ། ཉི་མ། མྱོས་མ། མཐིལ། འོག་ན། སྦྲུལ་བརྒྱད། འདི་སྣོམས། མེ་ཏོག ། བདུག་པ་ཤ།། ཉ་ཤ་བདག་གི་ཐམས་ཅད་བསྒྲུབས་བཟོད་པར་གསོལ་གནོད་པ་སོལ། ད་འདི་དཔེ་ཤས་ཆེར་མི་འདུག།

ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཤྲཱི་ཧེ་རུ་ཀ་བ་ལིཿ། ༼༥༣༽ །ཨོཾ་ས་ཧ་ཛ་སམྦ་ར་ཨཱཿཧཱུཾ་ཨཱ་གཙྪ་ཨཱ་གཙྪ། ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། བྷུཀྟྭཱ་ཏྲྀཔྟིཾ་ཀྲྀ་ཏྭཱ་སརྦ་སཏྭཱ་ནཱཾ་ཤཱནྟིཾ་ཀྲྀ་ཏྭཱ། སྭ་སྠཱ་ནཾ་གཙྩ་གཙྪ་སྭཱ་ཧཱ། ཤྲཱི་ས་ཧ་ཛ་སམྦ་ར་བ་ལིཿ། ༼༥༤༽ །ཨོཾ་ཏཱ་རེ་སརྦ་བྷ་
ཡ་ཧ་རེ་མ་མ་ཀྲྀ་ཏེ་དུཥྚ། སརྦ་དུཥྚ་ས་ཏྭཱ་ན་ཛམྦྷ་ཡ་ཛམྦྷ་ཡ། དཔལ་ཧེ་རུ་ཀའི་གཏོར་མའོ། །ལྷན་སྐྱེས་སྡོམ་པ། སྟ་མྦྷ་ཡ་སྟ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། མ་མ་ཤཱིནྟཾ་ཀུ་རུ་གསོལ་ཞིང་འཐུང་སྟེ་ཚིམས་ནས་སེམས་ཅན་ཐམས་ཅད་ལ་ཞི་བར་མཛོད། རང་གི་ནང་དུ་གཤེགས། དཔལ་ལྡན་སྐྱེས་སྡོམ་པའི་གཏོར་མའོ། །སྒྲོལ་མ་འཇིགས་པ་ཀུན་
འཕྲོག་མ། བདག་ལ་བྱེད་མ་གདུག་པ་ཅན་དང་རྣམ་པར་གདུག་པའི་སེམས་ཅན་ཐམས་ཅད། སརྦ་བི་གྷ་ན་ཤཱནྟིཾ་ཀ་རེ་པྲ་ཀྲྀ་ཏི་པྲ་བྷ་སྭ་རེ། ཨི་དཾ་བ་ལིཾ་པཉྩ་མྲྀ་ཏ་ས་ཧི་རཾ་གྲྀཧྞ་གྲྀ་ཧྞ། ཁ་ཁ་ཁཱ་ཧི་ཁཱ་ཧི། པུཥྚིཾ་ཀུ་རུ་རཀྵ་བ་ར་ཎ་གུཔྟི་ཀུ་རུ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ། སརྦ་དུཥྚ་པྲ་དུཥྚ་སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། ཨཱདྱ་ཏཱ་རི་བ་ལིཿ།
༼༥༥༽ ཨོཾ་བཛྲ་གྷཎྚི་ཨཱཿཨོཾ་བཛྲ་གྷཎྚེ་ར་ཎ་ར་ཎ། པྲ་ར་ཎ་པྲ་ར་ཎ། སཾ་པྲ་ར་ཎ་སཾ་པྲ་ར་ཎ། བགེགས་ཀུན་ཞི་བར་བྱེད་མ། རང་བཞིན་རང་འོད། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་རི་ཎི། པྲཉྫཱ་པཱ་ར་མི་ཏེ་ནཱ་ད་སྭ་བྷ་བེ། བཛྲ་ས་ཏྭ་ཧྲྀ་ད་ཡ་སནྟོ་ཥ་ན་ཀ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རེངས་བྱེད་སྒྲོལ་མ། འཕགས་མ་སྒྲོལ་མའི་གཏོར་མའོ། །
སདྡྷརྨ་པཱ་ཋཱརྠཾ་གྷནྡཾ་བཱ་ད་རྡོ་རྗེ་དྲིལ་བུ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར། ཡནྣ་ནེ་ན་མནྟྲེ་ན་ད་དྱཱ་ཏ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་རྒྱུ་བར་བྱེད་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན། རྡོ་རྗེ་སེམས་དཔའི་ཐུགས་ཀུན་ཏུ་མཉེས་པར་བྱེད་མ། དཱི་པ་དྷཱུ་པཾ་གནྡྷེ་ནཻ་བི་དྱ་པུཥྤ་ཏཱམྦུ་
ལཾ་ཙ་ཡ་ཐཱ་བི་དྷི་མཱ་དཱ་ཏཾ་བྱ། ཏ་ཏཿཀྲྀ་ཏོ་བཿ སརྦ་སཏྭཱརྠ་ཨི་ཏྱཱ་དི་ནཱ། ཨོཾ་བཛྲ་མུཿསྭ་ཧེ་ཏྱ་དམ་པའི་ཆོས་ཀློག་པའི་དོན་གྱིས་དྲིལ་བུ་གསིལ་ཞིང་སྔགས་འདིས་དབུལ་བར་བྱ་ཞིང་། ནེ་ན་བི་སརྫ་ཡེ་ཏ། སདྡྷརྨྨ་བ་ལིཿ། ༼༥༦༽ ། ཨོཾ་བྲ་ཧྨཱ་དྱཱ་དེ་བ་ཏཱཿ སརྦེ་ཨིནྡ་དྱ། མར་མེ་དང་བདུག་པ་དང་དྲི་དང་ཞལ་ཟས་དང་མེ་ཏོག་དང་སོ་རྩི་
ཡང་ཆོ་གས་ཇི་ལྟ་བ་བཞིན་དུ་དབུལ་བར་བྱའོ། །དེ་ནས་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད་ཅེས་བྱ་བ་ལ་སོགས་པ་དང་། ཨོཾ་བཛྲ་མུཿསྭཱ་ཧཱ་ཞེས་བྱ་བ་འདིས་གཤེགས་སུ་གསོལ་བར་བྱ་སྟེ། དམ་པའི་ཆོས་ཀྱི་གཏོར་མའོ། ཚངས་པ་ལ་སོགས་པའི་ལྷ་རྣམས་དང་དབང་པོ་ལ་སོགས་པ་བདག་བསྲུང་བའི་ཀླུ་དང་།

མ་མ་རཀྵ་ཀཱཿནཱ་ག །གནྡྷ་ཡཀྵ་ཤྩ་སཾ་ཏྲིསྟཱ་བ་ལི་ནཱ་ས་དཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། སརྦ་ཀཱརྨཱི་ཀ་བ་ལིཿ། ༼༥༧༽ །ཨོཾ་ཨཱཿརཱ་ཧུ་ཀཱ་མཱ་གྣི་ཙནྡྲ་སཱུམཾ་ག་ལ་བུ་དྷ་བྲྀ་ཧསྤ་ཏི་ཤུ་ཀྲ་ཀེ་ཏུ་ཤེ་ནི་ཤྩ་རེ་བྷྱོ་ཉ་྅བྷྱཿ།
དྲི་ཟ་དང་གནོད་སྦྱིན་རྣམས་རྟག་ཏུ་གཏོར་མས་ཚིམ་པར་མཛོད། ཙ་དེ་བ་ནཱ་ག་ཡཀྵ་གནྡྷརྦཱ་སུ་ར་ག་རུ་ཌ་ཀིནྣ་ར་མ་ཧོ་ར་གཱ་དི་བྷྱ་ཨི་དཾ་བ་ལིཾ་ལས་ཐམས་ཅད་པའི་གཏོར་མའོ། །སྒྲ་གཅན། དུས་མེ། ཟླ་བ། ཉི་མ། བཀྲ་ཤིས་གཟའ་ལྷག །ཕུར་བུ། པ་སངས། མཇུག་རིངས། སྤེན་པ།
གྲྀཧྞ་གྲྀཧྞ། ཧཱུཾ་ཕཊ་སྭཱ་ཧཱ། སརྦ་གྲ་ཧ་བ་ལིཾཿ། གཞན་ཡང་། ལྷ་ཀླུ། གནོད་སྦྱིན། དྲི་ཟ། ལྷ་མ་ཡིན་ནམ་མཁའ་ལྡིང་། མི་འམ་ཅི། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས། ༼༥༨༽ །ཨོཾ་མ་ཧཱ་སཱ་ཧ་སྲ་པྲ་མརྡ་ནི་བི་དྱཱ་རཛྙི་སརྦ་ཤ་ཏྲཱུཾ་བི་དཱ་ར་ཎི་མ་མ་སརྦ་ས་ཏྭཱ་ནཉྩ་ཤཱནྟིཾ་ཀུ་རུ་པུཥྚི་ཀུ་རུ་
པ་ཤྱཾ་ཀུ་རུ་སརྦ་ད་ནཱ་ག་གནྦྷརྦཱ། གཟའ་ཐམས་ཅད་ཀྱི་གཏོར་མའོ། །སུ་ར་ག་རུ་ཌ་ཀིནྣ་ར་མ་ཧོ་ར་ག་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙཱ་དཱི་ན་ད་ཧ་ད་ཧ། པ་ཙ་པ་ཙ་མ་ཐ་མ་ཐ་སྟོང་ཆེན་མོ་རབ་ཏུ་འཇོམས་མ། རིག་སྔགས་ཀྱི་རྒྱལ་མོ། དགྲ་ཐམས་ཅད་རྣམ་པར་འཇོམས་མ། བི་དྷྭཱ་ནྶ་ཡ་མ་ཧཱ་
སཱ་ཧ་སྲ་པྲ་མརད་ནཱི་ཨི་དཾ་བ་ལིཾ་གྲྀ་ཧྞ་གྲྀ་ཧྣ་མཾ་སརྦ་སཏྭཱཾ་ཤྩ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མ་ཧཱ་སཱ་ཧ་སྲ་པྲ་མརྡི་ནི་བ་ལིཿ། ༼༥༩༽ །ཨོཾ་མ་ཧཱ་མཱ་ཡུ་རི་བི་དྱཱ་རཱ་ཛྙི་སརྦ་བི་ཥ་པྲ་ཤ་མ་ནི་མ་མ་ཤཱནྟིཾ་ཀུ་རུ་པུཥྚི་ཀུ་རུ་བ་ཤྱཾ་ཀུ་རུ་སརྦ་དེ་བ་ནཱ་ག་ཡཀྵ་གནྡྷརྦཱ་སུ་ར་
ག་རུ་ཌ། ཀིནྣ་ར་མ་ཧོ་ར་གཱ་དྻུ་པ་དྲ་བཱ་ན་ཧ་ན་ཧ་ན། ད་ཧ་ད་ཧ། མཱ་ར་ཡ་མཱ་ར་ཡ། གརྫ་ཡ་གརྫ་ཡ། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་གཏོར་མའོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ། དུག་ཐམས་ཅད་རབ་ཏུ་ཞི་བར་བྱེད་མ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། མཱཾ་སརྦ་
སཏྭཱཾ་ཤྩ་རཀྵ་རཀྵ། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་ཧེ་བར་འཚེ་བ་རྣམས། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མ་ཧཱ་མཱ་ཡུ་རི་བཱ་ལིཿ། རྨ་བྱ་ཆེན་མོའི་གཏོར་མའོ། །༼༦༠༽ ། ཨོཾ་མ་ཧཱ་ཤཱི་ཏ་བ་ནི་བི་དྱཱ་རཱ་ཛྙི་སརྦ་དུཥྚ་པྲ་མརྡ་ནི་རིགས་སྔགས་ཀྱི་རྒྱལ་མོ་བསིལ་བ་ཚལ་ཆེན་པོ་གདུག་པ་ཐམས་ཅད་རབ་ཏུ་འཇོམས་མ། མ་མ་སརྦ་

སཏྭཱ་ནཱཉྟ་ཤཱནྟིཾ་ཀུ་རུ་པུཥྚི་ཀུ་རུ་བ་ཤྱཾ་ཀུ་རུ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙཱ་དི་ན་མཱ་ར་ཡ་མཱ་ར་ཡ་ཀཱ་ར་ཡ་ཀཱ་ར་ཡ་ཀཱ་ར་ཡ་ཏརྫ་ཡ་ཏརྫ་ཡ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་རཀྵ་རཀྵ་ཧཱུམ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མཧཱ་ཤཱཏི་བ་ནི་བ་ལིཿ། ༼༦༡༽ ཨོཾ་མ་ཧཱ་པྲ་ཏི་ས་རེ་སརྦ་བི་དྱ་དྷི་པ་ཏེ་ཨི་དཾ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦ་སཏྭཱ་ནཱཉྩ་ཤཱནྟིཾ་ཀུ་
རུ་པུཥྚིཾ་ཀུ་རུ་བ་ཤྱཾ་ཀུ་རུ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་དཱི་ན་མཱ་ར་ཡ་མཱ་ར་ཡ་མརྡ་ཡ་མརྡ་ཡ་མཱཾ་སརྦ་སཏྭཱཾ་ཤྩ། རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མ་ཧཱ་པྲ་ཏི་ས་རཱ་བ་ལིཿ། བསིལ་བ་ཚལ་ཆེན་མོའི་གཏོར་མའོ། །རིག་སྔགས་ཀྱི་རྒྱལ་མོ་སོ་སོ་འབྲང་ཆེན་མོ། ༼༦༢༽ །ཨོཾ་མ་ཧཱ་མནྟྲ་ནུ་པཱ་རི་ཎི་ཨི་དྱུ་པ་དྲ་བཱ་ནཱ་ཤི་ནི་ཨི་དཾ་
བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦ་ཏྭཱ་ནཱ་ཉྩ་ཤཱནྟིཾ་ཀུ་རུ་པུཥྚིཾ་ཀུ་རུ་པ་ཤྱཾ་ཀུ་རུ་མ་མ་སརྦ་ཤ་ཏྲུཾ་མཱ་ར་ཡ་མཱ་ར་ཡ་ཧྲཱིཾ་ཧཿཧཱུཾ་ཕཊ་སྭཱ་ཧཱ། མ་ཧ་མནྟྲ་ནུ་པཱ་རི་ཎཱི་བ་ལིཿ། སོ་སོ་འབྲང་ཆེན་མོའི་གཏོར་མའོ། ༼༦༣༽ །ཀྲྀ་ཏི་རི་ཡ་མཱ་ཙཪྻ་སུ་མ་ཏི་སིཾ་ཧ་པཱ་དཱ་ནཱཾ་བ་ལི་མཱ་ལི་ཀཱ་ས་མཱཔྟ། གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ། ཡམས་དང་ཉེ་བར་
འཚེ་བ་སེལ་མ། གཏོར་མ་འདི་ཟུང་ཟུང་། བདག་དང་སེམས་ཅན་ཐམས་ཅད་ལ་ཞི་བར་མཛོད། རྒྱས་པར་མཛོད། དབང་དུ་མཛོད། གསང་སྔགས་རྗེས་སུ་འཛིན་པའི་གཏོར་མའོ། །སློབ་དཔོན་བློ་བཟང་སེང་གེའི་ཞལ་སྔ་ནས་མཛད་པའི་གཏོར་མའི་ཕྲེང་བ་འདི་རྫོགས་སོ།། །།བདེ་བར་གཤེགས་པའི་རིང་ལུགས་དམ་
པ་མཆོག་ཏུ་གཅེས་སྤྲས་མཛད་པའི་རྗེ་བཙུན་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་སྔ་ནས་དང་། ས་སྐྱོང་ཆོས་ཀྱི་སྤྱན་ལྡན་གྱི་བཀའ་བཞིན་རྒྱ་གར་ཤར་ཕྱོགས་ཀྱི་དགེ་སློང་དྷརྨཱ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་དྷརྨཱ་པ་ལ་བྷ་དྲས་དཔལ་ཨེ་ཝཾ་ཆོས་འཁོར་དུ་བསྒྱུར་བའོ།། །།༈བཅོམ་ལྡན་འདས་མ་འཕགས་པ་སྐྱེ་བ་
དྲན་མ་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་ཝ་ཏེ་སིདྡྷི་སིདྡྷེ་མོ་ཙ་ནི་མོ་ཀྵ་ཎི་མུཀྟྲེ་ཨ་མ་ལེ་བི་མ་ལེ་ནིརྨ་ལེ་ཨཎྜ་རེ་པཎྜ་རེ་མངྒ་ལཾ། ཧི་ར་ཎྱེ་གརྦྷེ་སརྦ་ཏྲཱ་པྲ་ཏི་ཧ་ཏེ་སྭཱ་ཧཱ། གང་ཞིག་གཟུངས་འདི་འཛིན་པ་དང་ཀློག་པ་དང་སྟོན་པ་དང་ཡི་གེར་འདྲི་བ་དང་ཡི་གེར་འདྲིར་འཇུག་ན། གཟུངས་འདིའི་མཐུས་དེ་བསྐལ་བ་བརྒྱད་
ཁྲི་བཞི་སྟོང་དུ་སྐྱེ་བ་དྲན་པར་འགྱུར་རོ། །བསྐལ་པ་དགུ་ཁྲིར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བར་འགྱུར་རོ། །ནད་ཐམས་ཅད་དང་རྣམ་པར་གྲོལ་བའི་གཟུགས་དང་ལྡན་པར་འགྱུར་རོ། །འཕགས་པ་སྐྱེ་བ་དྲན་པའི་གཟུངས་རྫོགས་སོ།། །།རྒྱ་དཔེ་གསེར་གྱིས་བྲིས་པ་ལས་དྷརྨཱ་བྷ་དྲས་བསྒྱུར་བའོ།། །།༅། །ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་བ་གསར་

འགྱུར་བ་ཞུགས། །༄༅༅། །རྒྱ་གར་སྐད་དུ། ཙནྡྲ་བྱཱ་ཀ་ར་ཎ་བཎྜི་སཱུ་ཏྲ་ཎི་བྲྀཏྲཱིཿ། བོད་སྐད་དུ། ལུང་སྟོན་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱལ་དཀའ་བདུད་ཀྱི་སྟོབས་བཅོམ་སྟེ། །རྙེད་དཀའི་གོ་འཕང་ཉམས་པ་མེད་བརྙེས་པ། །གཞན་དོན་ལེགས་
མཛད་རྒུད་པ་མི་མངའ་བའི། །མི་མཆོག་ཀུན་མཁྱེན་དེ་ལ་ཕྱག་འཚལ་ནས། །སྒྲ་ཡི་བསྟན་བཅོས་མངོན་པར་མི་ཤེས་ཤིང་། །རང་གི་དོན་ནི་ཚོལ་བར་འདོད་པ་ལ། །ཡི་གེའི་མདོ་ཡི་རྣམ་པར་འགྲེལ་པ་ནི། །བདག་གིས་མདོར་བསྡུས་པ་ཡིས་བརྗོད་པར་བྱ། །བདུད་ཀྱིས་ཉེར་སྒྱུར་སྐྱེ་བོ་ངན། །ཡིད་ནི་ཕྲག་
དོག་གིས་བཅོམ་ཕྱིར། །ཡོན་ཏན་སྐྱོན་དག་མི་ཤེས་པས། །སྐྱོན་མེད་པ་ཡང་རྟག་ཏུ་སྐྱོན། །སྐྱེ་བོ་དམ་པ་རིང་ནས་བཅོམ་ན་ཡང་། །ད་ལྟར་གཞན་ཀྱི་སྐྱོན་དག་རྒྱས་མི་བྱེད། །སྐྱེ་དགུ་རྣམས་ལ་ནམ་ཡང་མི་བརྙས་པའི། །ཡོན་ཏན་ཕྱོགས་སུ་ལྷུང་བ་དེར་ཕྱག་འཚལ། །དེ་ལ་རེ་
ཞིག་དང་པོར་སྒྲའི་མཚན་ཉིད་ཉེ་བར་བརྗོད་པར་བྱ་བ་ནི། །ནམ་མཁའ་རླུང་ལས་བྱུང་དང་ལུས་ལས་དང་། །བརྗོད་དང་ཁ་དང་ཉེ་བ་ནཱ་ད་སྟེ། གནས་གཞན་རྣམས་སུ་དབྱེ་བར་བྱེད་པ་ཡིས། །ཡི་གེ་ཉིད་དུ་འབྱུང་གང་སྒྲ་ཡིན་ནོ། །ནམ་མཁའ་དང་རླུང་དང་ཞེས་པ་ནི་ནམ་མཁའ་དང་
རླུང་དག་ལས་དེ་དག་འབྱུང་བའི་རྒྱུ་གང་ཡིན་པ་དེ་ནམ་མཁའ་འགྱུར་རྙེད་ཞིག་ན། ནམ་མཁའ་རླུང་ལས་རབ་ཏུ་བྱུང་ཞིང་ལུས་ལས་ནི། །ཡང་དགའི་མ་པས་གྱེན་བསྐྱོད་ཁ་ནང་སྒྲ་རིང་འདི། །གནས་རྣམས་དེ་མ་ཐག་པར་རབ་ཏུ་རྣམ་རྩོལ་ལྡན། །ཡི་གེ་ཉིད་དུ་ཀུན་དུ་འགྲོ་བ་གང་དེའི་སྒྲ། །ཞེས་པ་སྣང་སྟེ་འགྱུར་མི་བདེ། དང་རླུང་ལས་
བྱུང་བའོ། །ཡང་ན་ནམ་མཁའ་དང་རླུང་ལས་འབྱུང་བ་ནི་སྐྱེ་བ་སྟེ་སྐྱེའོ་ཞེས་པའི་དོན་ཏོ། །ལུས་ལས་ཞེས་པ་ནི་ལུས་ཀྱི་ཕྱོགས་གཅིག་ལྟེ་བའི་ཕྱོགས་ལས་སོ། །བརྗོད་པ་ཞེས་པ་ནི་ཡང་དག་པར་སྟེང་ནས་ཕྱིར་འབྱུང་བའི་བར་དུ་འགྲོའོ་ཞེས་པའོ། །ཁ་དང་ཉེ་བ་ནི་འོང་བ་སྟེ་ཐོབ་
པོ་ཞེས་པའི་དོན་ནོ། །ཅི་ཡིས་དེ་ནི་ནཱ་དའི་སྒྲར་འགྱུར་ཞེ་ན་མི་གསོལ་བའི་སྒྲ་ཞེས་པའོ། །གནས་གཞན་རྣམས་ནི་བརྒྱད་དེ། ཁོག་པ། མགྲིན་པ། སྤྱི་བོ། ལྕེ་རྩ། སོ། སྣ། མཆུ། རྐན་རྣམས་ཏེ། དེ་སྐད་དུའང་། ཡི་གེའི་གནས་ནི་བརྒྱད་ཡིན་ཏེ། །ཁོག་པ་མགྲིན་པ་སྤྱི་བོ་

དང་། །དེ་བཞིན་ལྕེ་རྩེ་སོ་དང་སྣ། །མཆུ་དག་དང་ནི་རྐན་རྣམས་སོ། །དེ་རྣམས་ཀྱང་གང་ལ་མ་ལྟོས་པའི་གནས་གཞན་དུ་བརྗོད་པའོ། །ཁོག་པའི་གནས་ནི་མགྲིན་པ་ལ་མ་ལྟོས་པའི་གནས་ཏེ་གནས་གཞན་མགྲིན་པའི་གནས་ལས་མི་བརྗོད་པས་ཁོག་
པར་བལྟའོ། །གནས་གཞན་རྣམས་ཀྱང་གཞན་ཁོ་ནར་བལྟ་བར་བྱའོ། །དེས་ན་དེ་ཉིད་གནས་གཞན་རྣམས་སུ་དབྱེ་བར་བྱེད་པས་སོ་སོར་བྱ་བ་ཡིན་ནོ། །གང་ཡི་གེ་ཨ་ཡིག་ལ་སོགས་པ་རྣམས་ཀྱི་གཟུགས་སུ་འབྱུང་བ་དེ་ནི་སྒྲ་ཞེས་གསལ་བར་རྟོགས་པར་བྱའོ། །སྒྲ་གང་གི་མཚན་ཉིད་ཉེ་
བར་བརྗོད་པ་དེ་ནི་སྤྱིའི་བདག་ཉིད་དོ། །ཅི་སྟེ་ཡི་གེ་དེ་རྣམས་ཅི་ལས་སྐྱེ་བར་འགྱུར་ཞེ་ན་སྨྲས་པ། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ་ཞེས་པ་སྟེ། གནས་ནི་སྔར་བཤད་པའི་ཁོག་པ་དང་མགྲིན་པ་ལ་སོགས་པའོ། །བྱེད་པ་ནི་ལྕེའི་རྩ་བ་ལ་སོགས་
པའོ། །རྩོལ་བ་ནི་འཕྲད་པ་ལ་སོགས་པའོ། །གནས་དང་བྱེད་པ་དང་རྩོལ་བ་ནི། གནས་དང་བྱེད་པ་དང་རྩོལ་བ་རྣམས་སོ། །དེ་རྣམས་ལས་ཡི་གེ་ཨ་ཡིག་ལ་སོགས་པ་རྣམས་སྐྱེ་བ་སྟེ་མངོན་པར་འབྱུང་བའོ། །དེ་རྣམས་ཀྱི་ནང་ནས་ཡི་གེ་རྣམས་
ཅི། གནས་ནི་ཅི། རྩོལ་བ་ནི་ཅི། རྣམ་པར་གཞག་པ་ཅི་ཞེ་ན། སྨྲས་པ། དེ་ལ་ཞེས་པ་ནི་ངེས་གཟུང་ལ་བདུན་པ་སྟེ། རེ་ཞིག་གནས་རྣམ་པར་བཤད་པའང་འདིའོ་ཞེས་བསམས་པའོ། །ཨ་ཀུ་ཧ་རྣམ་པར་བཅད་པ་རྣམས་ཀྱི་མགྲིན་པའོ། །མགྲིན་པ་ལས་བྱུང་བ་ནི་མགྲིན་པའི་
གནས་ཏེ་མགྲིན་པའི་གནས་ནས་བརྗོད་པའོ། །དེ་དག་ཅི་ཞེ་ན། ཨ་ཀུ་ཧ་རྣམ་པར་བཅད་པ་རྣམས་སོ། །ཨ་ནི་ཨ་ཡིག་གོ། །ཀུ་ནི་ཀ་སྡེའོ། །ཧ་ནི་ཧ་ཡིག་གོ། །རྣམ་པར་བཅད་པའི་ཡང་ཨ་སྦྱར་བ་ནི་བརྗོད་པའི་རྟེན་ནོ། །དེ་རྣམས་མགྲིན་པའི་གནས་ལས་འབྱུང་བར་ཤེས་པར་
བྱའོ། །ཨིཏ་ཨེཏ་ཨཻ་ཏ་རྣམས་ཀྱི་མགྲིན་པ་དང་རྐན་ནོ། །རྐན་ལས་གྱུར་པ་ནི་རྐན་ཅན་ནོ། །མགྲིན་པ་དང་རྐན་དང་ཞེས་པ་ནི་མགྲིན་རྐན་གྱི་གནས་སོ། །ཅི་རྣམས་ཀྱི་ཞེ་ན་ཨིཏ་ནི་ཨི་ཡིན་ནོ། །ཨེཏ་ནི་ཨེ་ཡིན་ནོ། །ཨིཏ་ནི་ཨི་ཡིན་ནོ། །ཨིཏ་ཨེཏ་ཨཻཏ་དེ་རྣམས་སོ། །ཏ་ཕ་རོལ་

ཏུ་བྱེད་པ་ནི་བརྗོད་བདེ་བའི་དོན་དུའོ། །ཨུཏ་ཨོཏ་ཨཽཏ་རྣམས་ཀྱི་མགྲིན་མཆུའོ། །མགྲིན་པ་དང་མཆུ་ནི་མགྲིན་མཆུའི་གནས་སོ། །ཨུཏ་ནི་ཅི་ཞེ་ན་ཨུ་ཡིག་གོ། །ཨོཏ་ནི་ཨི་ཡིག་གོ། །ཨཽཏ་ནི་ཨཽ་ཡིག་གོ། །ཨུཏ་ཨཽཏ་སྟེ་དེ་རྣམས་སོ། །ཏ་ཕ་རོལ་ཏུ་བྱེད་པ་ཙམ་ཀྱང་སྔ་
མ་བཞིན་ནོ། །རི་ཊུ་ར་ཥ་རྣམས་ཀྱི་སྤྱི་བོའོ། །རྀ་ནི་རྀ་ཡིན་ནོ། །ཊུ་ནི་ཊ་སྡེའོ། །ར་ནི་རེ་པའོ། །ཥ་ནི་ཥ་ཡིག་གི་དོན་ནོ། །རྀ་ཊུ་ར་ཥ་རྣམས་ཀྱི་གནས་ནི་སྤྱི་བོའོ། །འདིར་སྔོན་མེད་པ་བསམ་པར་བྱ་བ་ནི་འདི་ཡིན་ཏེ་ཞེས་རེ་ཕ་འདི་ར་ཡིག་གི་དང་པོའམ་འོན་ཏེ་དབུས་སམ་
མཐར་གནས། དེ་ལ་གལ་ཏེ་རེ་ཞིག་དང་པོར་དམ་འཆའ་ན། ཨགྒིར། རྀ་ཏ་དྲྀ་ཥྱེ་ཞེས་པ་འདི་ལ་རྀ་ཡིག་དེ། གང་ནི་དང་པོར་ཞེས་པ་འདིའི་ཕྱིར། ཨསྣིཿ སྟེ་རྀ་ཏ་ཅེས་པ་འདི་ལ། རའི་ར་ལ་ཞེས་པ་འདིས་དབྱེ་བར་འགྱུར་རོ། །དེ་ལྟར་ཡང་ཡང་ན་ར་
དབྱི་བས་རིང་བོར་ཐལ་ལོ། །དེའི་ཕྱིར་དང་བོར་མི་སྤྱོར་ཏེ། འོན་ཏེ། མཐར་ངེས་པར་གཟུང་བ་དེ་ལྟར་ཡོད་ན། ཧོ་ཏྲི་ར་ཐནྟ་རི་ཞེས་པ་འདིར། རའི་ར་ལ་དབྱི་བར་འགྱུར་བའི་ཕྱིར་དེ་ཡང་མ་ཡིན་ནོ། །དེ་ནས་ངེས་པར་བྱ་བ་ནི་དེ་བཞིན་དུ། ནྲྀ་ཎཱཾ་ཞེས་པ་འདིར་མཚོན་
བྱ་ར་ཥ་ལས་ནའི་ཎའོ་ཞེས་པ་འདིར་མཚོན་བྱ་ར་ཥ་ལས་ནའི་ཎའོ་ཞེས་པའི་སྦྱོར་བ་འདིས་ཎ་ཉིད་དུ་མི་འགྱུར་རོ་ཞེས་སོ་། །བར་དུ་མི་ཐོབ་པ་ཁོ་ན་ཡོད་པ་འདི་ནི་མ་ངེས་པའི་གནས་ཀྱི་བྱ་བའི་དབང་ལས་ཀྱང་རྣམ་པར་ཤེས་སོ། །དེས་ན་ཇི་ལྟར་བྱ་བ་རྣམས་བསྒྲུབ་པའི་སྐྱོན་
རྣམས་ཀྱང་སྤང་བར་བྱའོ། །དཔེར་ན་བྱ་རོག་ལྟ་བ་བཞིན་དུ་འདི་ཁས་བླང་བར་བྱ་སྟེ། བྱ་རོག་ལྟ་བར་བྱེད་པ་དེ་ནི་ནང་དགང་གི་ལོགས་ལྟ་བར་བྱེད་པ་དེ་དང་དེ་ཉིད་དུ་འདིའི་དབང་པོ་འགྲོའོ། །དེ་སྐད་དུའང་། དང་པོར་ཨམྦིཿརྀ་ཏི་མཐོང་། །དེ་ནས་ཧོ་ཏྲི་ར་ཐན་བཞག །
བར་དུ་རྭྀ་ཎཱཾ་གཞག་པར་བྱ། །དེ་ཕྱིར་བྱ་རོག་ལྟ་བཞིན་བརྗོད། །ཅེས་སོ། །སོ་ནོ་ལྀ་ཏུ་ལ་ས་རྣམས་ཀྱིའོ། །ལྀ་ནི་ལྀ་ཡིན་ནོ། ཏུ་ནི་ཏ་སྡེའོ། །ལ་ནི་ལ་ཡིག་གོ། །ས་ནི་ས་ཡིག་གོ། །ལྀ་ཏུ་ལ་ས་རྣམས་སོ། །འདི་རྣམས་ཀྱི་གནས་ནི་སོ་ཡིན་པར་རྟོགས་པར་

བྱའོ། །སྣ་ནི་རྗེས་སུ་ང་རོའི་འོ། །ཨི་ཞེས་པ་རྗེས་སུ་ང་རོ་སྟེ་ཟླ་བ་ཕྱེད་པ་ཅན་ནོ། །དེའི་གནས་ནི་སྣའོ། །ང་ཉ་ཎ་ན་མ་རྣམས་ནི་རང་གི་གནས་དང་རྗེས་སུ་སྣ་ལྡན་ནོ། །རང་གི་ཞེས་པ་ནི་མགྲིན་པ་རྐན། སྤྱི་སོ། མཆུ་དག་གོ། །
གནས་ཀྱི་མཚན་ཉིད་ནི་གང་དག་སྣ་དང་རྗེས་སུ་འབྲེལ་བའི་མཐའ་ཅན་ནམ། རང་གི་གནས་དང་རྗེས་སུ་སྣ་ལྡན་པའོ། །ང་ཡིག་གི་རང་གི་གནས་ནི་མགྲིན་པ་སྟེ། ཀ་སྡེ་ཡིན་པའི་ཕྱིར་རོ། །ཉ་ཡིག་གི་རང་གནས་ནི་རྐན་ཏེ། ཙ་སྡེ་ཡིན་པའི་ཕྱིར་རོ། །ཎ་
ཡིག་གི་རང་གི་གནས་ནི་སྤྱི་བོ་སྟེ་ཊ་སྡེ་ཡིན་པའི་ཕྱིར་རོ། །ན་ཡིག་གི་རང་གི་གནས་ནི་སོ་སྟེ། ཏ་སྡེ་ཡིན་པའི་ཕྱིར་རོ། །མ་ཡིག་གི་རང་གི་གནས་ནི་མཆུ་དག་སྟེ། པ་སྡེ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་བཤད་པར་འགྱུར་བ་ནི། ད་ཡིག་ལ་སོགས་པ་རེ་རེ་
འང་། མགྲིན་པ་ལ་སོགས་པ་རེ་རེའི་གནས་ཉེ་བར་མཚོན་པས་ན། གནས་ཞེས་པའོ། །ཨི་ཙུ་ཡ་ཤ་རྣམས་ཀྱི་རྐན་ནོ། །ཨི་ཏ་ནི་ཨི་ཡིག་གོ། །ཙུ་ནི་ཙ་སྡེའོ། །ཡ་ནི་ཡ་ཡིག་གོ། །ཤ་ནི་ཤ་ཡིག་གོ། །དེ་རྣམས་ཨི་ཙུ་ཡ་ཤ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་རྐན་
ནོ། །མཆུ་དག་ནི་ཨུ་དང་པུ་དང་མཆུ་དང་ཉེ་བ་ཅན་རྣམས་ཀྱིའོ། །ཨུ་ནི་ཨུ་ཡིག་གོ། །པུ་ནི་པ་སྡེའོ། །མཆུ་དང་ཉེ་བར་ཅན་ནི་པ་ཡིག་དང་ཕ་ཡིག་གི་སྟེང་དུ་བཞག་པའི་ཡི་གེ་གླང་པོ་ཆེའི་བུམ་པའི་རྣམ་པ་ཅན་ནོ། །འདི་ནི་མཆུ་དང་ཉེ་བ་ཅན་ཏེ་མཆུ་ལས་འབྱུང་བར་བལྟ་བར་བྱའོ། །
སོ་དང་མཆུ་ནི་ཝ་ཡིག་གིའོ། །སོ་དང་མཆུ་སྟེ་ཝ་ཡིག་གི་གནས་སུ་རྟོགས་པར་བྱའོ། །དེ་ལྟར་ཡི་གེའི་རིམ་པ་ཇི་ལྟ་བས་གནས་ཀྱི་སྤྲོས་པ་མངོན་པར་བརྗོད་དེ། བྱེད་པ་ནས་བརྩམས་ནས་སྨྲས་པ། བྱེད་པ་ནི་ལྕེའི་རྩ་བ་ཅན་གྱི་ལྕེའི་རྩ་བའོ་ཞེས་པ་ལ་སོགས་
པའོ། །ཀ་ཡིག་དང་ཁ་ཡིག་དག་གི་སྟེང་དུ་བཞག་པའི་རྡོ་རྗེའི་རྣམ་པའི་ཡི་གེའོ། །ལྕེའི་རྩ་བ་ཅན་དེའི་བྱེད་པ་ནི་ལྕེའི་རྩ་བས་བྱེད་དོ། །འདིས་ནི་འདིའི་བྱེད་པ་དང་གནས་ཀྱང་འདི་ཉིད་དུ་རྟོགས་པར་བྱའོ། །ལྕེ་དབུས་རྣམས་ཀྱི་ནི་རྐན་གྱི་གནས་ལས་

བྱུང་བ་སྔར་བཤད་པ་རྣམས་ཀྱི་ལྕེའི་དབུས་བྱེད་པར་གཟུང་ངོ་། །ལྕེའི་རྩེ་མོ་དང་ཉེ་བ་ནི། །སྤྱི་བོ་ལས་བྱུང་བ་རྣམས་ཀྱིའོ། །སྤྱི་བོའི་གནས་ནས་བྱུང་བ་རྣམས་ཀྱི་ནི། ལྕེའི་རྩེ་མོ་དང་ཉེ་བ་གོམས་པ་སྟེ། རྩེ་མོ་དང་ཉེ་བ་ནི་བྱེད་པར་རྟོགས་པར་བྱའོ། །སོ་ལས་བྱུང་བ་
རྣམས་ཀྱི་ནི་ལྕེའི་རྩེ་མོའོ། །ལྕེ་རྩེའི་མཐའ་ཐུག་པ་ནི་སོའི་གནས་ལས་བྱུང་བ་རྣམས་ཀྱི་བྱེད་པར་བལྟ་བར་བྱའོ། །ལྷག་མ་རྣམས་ནི་རང་གི་གནས་ཀྱི་བྱེད་པ་ཅན་ནོ། །གང་ལྷག་མ་རྣམས་ཀྱི་བྱེད་པ་ནི་རང་གི་གནས་ཁོ་ན་བྱེད་པ་སྟེ་རང་གི་གནས་བྱེད་པ་ཡིན་པ་འདིས་ནི་བྱེད་པ་བཞི་
མངོན་པར་སྒྲུབ་པ་གཞན་མ་བཤད་པའི་གནས་ལས་བྱུང་བ་རྣམས་རང་གི་གནས་ཁོ་ན་ལས་རྟོགས་པར་བྱའོ། །དེ་ལྟར་བྱེད་པ་མངོན་པར་བརྗོད་ནས་རྩོལ་བ་ཉེ་བར་བསྟན་པའི་ཕྱིར་སྨྲས་པ། རྩོལ་བ་རྣམ་པ་གཉིས་ཏེ་ཞེས་པ་ལ་སོགས་པ་སྟེ། ཆེས་རབ་ཏུ་འབད་པས་ན་རྩོལ་བ་
སྟེ་བྱེད་པ་རྣམས་ཀྱི་ནང་དུ་གཏོགས་པའི་ཡོན་ཏན་གྱི་ཁྱད་པར་ལས་ངེས་པར་བྱུང་བའི་རང་བཞིན་ཏེ། ནམ་དུའང་འདིའི་རང་བཞིན་མཐའ་དག་པར་ངེས་པར་མི་ནུས་སོ། །དེས་ན་འདིར་ཡང་དེ་བཞིན་ཁོ་ནར་རྣམ་པར་བཤད་པ་བརྩམ་པར་བྱ་ཞེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་ཞེ་ན། ནང་
དང་ཕྱི་རོལ་གྱི་རབ་ཏུ་བྱེད་པ་གཉིས་སོ། །ནང་ནི་ནང་དུ་འཇུག་པའི་བྱེད་པའི་ནང་དུ་སོན་པར་རོ། །དེ་ལས་བཟློག་པ་ནི་ཕྱི་རོལ་ལོ། །དེ་ལའི་སྒྲ་ནི་འདིར་ངེས་གཟུང་ལ་འཇུག་གོ། །ནང་ནི་ཇི་སྲིད་མ་ནོར་བ་བརྗོད་དོ་ཞེས་པ་དེ་སྲིད་དུའོ། །ནང་གི་རྩོལ་བ་འདི་ལའང་བཙུམས་པ་དང་ཕྱེ་བ་དང་ཕྲད་
པ་དང་ཅུང་ཟད་ཕྲད་པའི་དབྱེ་བས་ཕྱེ་བ་རྣམ་པ་བཞིར་འགྱུར་རོ། །བཙུམས་པ་ནི་ཨ་ཡིག་གིའོ། །མགྲིན་པ་ཕྱེ་བ་མ་ཡིན་པས་བརྗོད་པ་ནི་བཙུམས་པ་སྟེ། ཨ་ཡིག་གི་ཡིན་པར་བཞག་གོ། །དེ་ལས་ཕྱེ་བ་ནི་དབྱངས་རྣམས་དང་དྲོ་བ་རྣམས་ཀྱིའོ། །ཕྱེ་བ་ཞེས་པ་ནི་མགྲིན་པ་མ་བསྡམས་
པས་བརྗོད་པའི་ཡི་གེ་ཨཱ་ཡིག་དང་ཨེ་ཡིག་དང་ཨོ་ཡིག་སྟེ། དབྱངས་ཡིག་རྣམས་དང་སྡེ་པའི་གཉིས་པ་དང་བཞི་པ་དང་ཤ་ཥ་ས་ཧ་རྣམས་ཏེ་དྲོ་བ་རྣམས་སོ། །དེ་རྣམས་ལས་ཕྱེ་བ་ཉིད་ནི་ཨེཏ་ཨཻཏ་དག་གིའོ། །དེ་རྣམས་ལས་ཀྱང་ལྷག་པར་ཕྱེ་བ་ནི། ཨེ་ཡིག་དང་ཨཻ་ཡིག་དག་

གིའོ། །དེ་དག་ལས་ཨོཏ་ཨཽཏ་དག་གིའོ། །ཨེ་ཡིག་དང་ཨི་ཡིག་དེ་རྣམས་ལས་ཀྱང་ཆེས་ཆེར་ཕྱེ་བ་ནི། ཨོ་ཡིག་དང་ཨཽ་ཡིག་དག་གོ། །དེ་དག་ལས་ཀྱང་ཨཱ་ཡིག་གིའོ། །ཨོ་ཡིག་དང་ཨཽ་ཡིག་དེ་དག་ལས་ཀྱང་ལྷག་པར་ཕྱེ་བ་ཡིན་པ་
ཨཱ་ཡིག་གིའོ། །ཕྲད་པ་ནི་རེག་པ་རྣམས་ཀྱིའོ། །ཕྲད་པ་ནི་གནས་གང་དུ་ཡི་གེ་དེ་རྣམས་མཐོན་པོར་བརྗོད་པ་རྩོལ་བ་ཆེན་པོས་བཙིར་ནས་འཕྲད་པ་དེ་རྣམས་ཏེ། ཀ་སྡེ་དང་། ཙ་སྡེ་དང་། ཊ་སྡེ་དང་། ཏ་སྡེ་དང་། པ་སྡེ་རྣམས་སུ་བཤད་པ་ནི་ཕྲད་པ་མངོན་པར་བརྗོད་
དོ། །ཅུང་ཟད་ཕྲད་པ་ནི་མཐར་གནས་ཀྱིའོ། །བཤད་མ་ཐག་པ་ལས་བཟློག་པ། མཐར་གནས་ཏེ། ཡ་ར་ལ་ཝ་རྣམས་ནང་དུ་ཅུང་ཟད་ཕྲད་པ་མངོན་པར་བརྗོད་དོ། །ཕྱི་རོལ་ནི་སྡེ་པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་དང་ཤ་དང་ཥ་དང་ས་དང་རྣམ་པར་བཅད་པ་དང་ལྕེ་རྩ་ཅན་
དང་མཆུ་དང་ཉེ་བའང་ཕྱི་རོལ་དུ་བྱུང་བ་ནི་ཕྱིའི་རྩོལ་བའོ། །ཅི་རྣམས་ཀྱི་ཞེ་ན། སྡེ་པ་ལྔ་པོ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་ཏེ། ཀ་ཁ་ཙ་ཚ་ཊ་ཋ་ཏ་ཐ་པ་ཕ་ཞེས་བྱ་བ་དེ་རྣམས་དང་། གང་ཡང་ཤ་ཡིག་དང་། ཥ་ཡིག་དང་ས་ཡིག་དང་རྣམ་པར་བཅད་པ་དང་ལྕེ་རྩ་
ཅན་དང་མཆུ་དང་ཉེ་བ་ཅན་རྣམས་ཀྱང་སྟེ། ཁྱད་པར་ཅི་ཞེ་ན། མགྲིན་པ་ཕྱེ་བས་སྒྲ་རྗེས་སུ་རྟོགས་པ་ནི་སྒྲ་མེད་པ་རྣམས་ཡིན་ལ། ཕྱེ་བ་ནི་མགྲིན་པའི་བུ་ག་མ་བསྡམས་པས་བརྗོད་པ་གང་དག་མགྲིན་པ་ཕྱེ་བས་སྒྲ་རྗེས་སུ་སྟེ། ཕྱི་ནས་གྲག་པ་གང་ཡིན་པ་དེ་རྣམས་ནི་
སྒྲ་རྗེས་སུ་རྟོགས་པའོ། །སྒྲ་ཞེས་བྱ་བའི་ཡོན་ཏན་གང་ལ་མེད་པ་དེ་རྣམས་སྒྲ་མེད་རྣམས་སོ། །དང་པོ་དང་གསུམ་པ་རྣམས་དང་། ལྔ་པ་རྣམས་དང་མཐར་གནས་རྣམས་སྲོག་ཆུང་བའོ། །གང་སྡེ་པ་རྣམས་ཀྱི་དང་པོ་དང་གསུམ་པ་དང་ལྔ་པ་རྣམས་ཏེ། ཀ་ག་ང་ཙ་ཛ་
ཊ་ཌ་ཎ་ཏ་ད་ན་པ་བ་མ་ཞེས་བྱ་བ་རྣམས་སོ། །གང་ཡང་མཐར་གནས་ཡ་ར་ལ་ཝ་འདི་རྣམས་ཐམས་ཅད་སྲོག་ཆུང་བ་རྣམས་ཉིད་དོ། །ཅིའི་ཕྱིར་ཞེ་ན། སྲོག་ཅེས་བྱ་བའི་རླུང་འདི་རྣམས་ལ་ཆུང་ཞིང་ཕྲ་བས་སོ། །ཅིག་ཤོས་རྣམས་སྲོག་ཆེ་བའོ། །ཅིག་ཤོས་ནི་སྔར་མ་

བརྗོད་པའི་སྡེ་པ་ལྔའི་གཉིས་པ་རྣམས་དང་བཞི་པ་རྣམས་ཏེ། ཁ་གྷ་ཚ་པྟ་ཋ་དྷ་ཕ་བྷ་ཞེས་བྱ་བ་རྣམས་སོ། །ཤ་ཥ་ས་ཧ་འདི་རྣམས་ཀྱང་བརྗོད་མ་ཐག་པ་ལས་བཟློག་པ་ས་ངེས་པར་གཟུང་ངོ་། །གསུམ་པ་དང་བཞི་པ་དང་ལྔ་པ་རྗེས་སུ་ང་རོ་དང་བཅས་པ་རྣམས་དང་
མཐར་གནས་དང་ཧ་ཡིག་རྣམས་སོ། །སྡེ་པ་ལྔའི་གསུམ་པ་རྣམས་དང་བཞི་པ་རྣམས་དང་ལྔ་པ་རྣམས་ཏེ། ག་གྷ་ང་ཛ་ཛྷ་ཉ་ཌ་ཌྷ་ཎ་ད་དྷ་ན་བ་བྷ་མ་ཞེས་བྱ་བ་རྣམས་རྗེས་སུ་ང་རོར་བཅས་པས་རྗེས་སུ་ང་རོ་དང་བཅས་པའི་ཡ་ཡིག་དང་རེ་ཕ་དང་ལ་ཡིག་དང་ཝ་ཡིག་དང་ཧ་ཡིག་
རྣམས་ཀྱང་སྟེ། མགྲིན་པ་བཙུམས་པས་སྒྲ་རྗེས་སུ་རྟོགས་པ་འདི་དག་ནི་སྒྲ་དང་ལྡན་པའོ། །བཙུམས་པ་ནི་ཕྱེ་བ་མ་ཡིན་པ་ལ་སོགས་པ་སྔར་བཞིན་ཡིན་ལ། སྒྲའི་ཡོན་ཏན་དང་ལྡན་པའི་ཕྱིར་སྒྲ་ལྡན་ནོ། །གཉིས་པ་དང་བཞི་པ་དང་ཤ་ཥ་ས་རྣམས་དྲོ་བའོ། །གང་དག་
སྡེ་པ་ལྔའི་གཉིས་པ་དང་བཞི་པ་སྟེ། གཉིས་པ་དང་བཞི་པ་རྣམས་ནི་ཁ་གྷ་ཚ་ཛྷ་ཋ་ཟྭ་ཐ་དྷ་ཕ་བྷ་རྣམས་སུ་མངོན་པར་བརྗོད་པ་རྣམས་དང་ཤ་ཥ་ས་ཧ་རྣམས་ཀྱང་སྟེ། འདི་དག་ཐམས་ཅད་དྲོ་བ་ཉིད་ཀྱི་ཡོན་ཏན་དང་ལྡན་པས་དྲོ་བ་རྣམས་ཀྱི་མིང་ཅན་དུ་འགྱུར་རོ་ཞེས་པ་འདི་ནི་ཕྱིའི་
རྩོལ་བའོ། །དེ་ལྟར་བར་མ་ཆད་དུ་བརྗོད་པ་དེ་རྣམས་ནི་ཕྱིའི་རྩོལ་བར་རིག་པར་བྱའོ། །འདིར་ཡང་ཨ་ཡིག་ནི་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་ཞེས་པ་རྣམ་པ་གསུམ་དུ་དབྱེའོ། །འདིར་ཞེས་པ་ཡི་གེའི་རབ་ཏུ་བྱེད་པ་འདི་ལ་སྟེ། ཨ་ཡིག་ནི་ཨའི་ཡི་གེའོ། །དེ་ཡང་
ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོའི་རབ་ཏུ་བྱེད་པས་གསུམ་མོ། །དབྱེ་བ་ནི། ཨེཏ་དང་ཨིཏ་ཏུ་འགྱུར་རོ། །བརྞ་སྨོས་པས་གནས་སྐབས་ཐམས་ཅད་དུ་ལྡན་པ་ཉིད་དེ། ཨའི་རིགས་འཛིན་ཞིང་། དེ་ལྟར་གཞན་དུའང་ངོ་། །ཏེ་ཏེ་ལ་ཨུ་དཱཏྟ་དང་། ཨ་ནུ་དཱཏྟ་དང་སྭ་རི་ཏས་
ཕྱེ་བ་དང་རྗེས་སུ་སྣ་ལྡན་དང་བཅས་པས་རྗེས་སུ་སྣ་ལྡན་མེད་པའི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །ཏེ་ཏེ་བ་སྟེ། ཐུང་ངུ་ལ་སོགས་པ་རེ་རེ་ལ་ཨུ་དཱཏྟ་དང་ཨ་ནུ་དཱཏྟ་དང་སྭ་རི་ཏས་ཕྱེ་བས་རྣམ་པ་གསུམ་དུ་དབྱེ་བར་འགྱུར་རོ། །ཐུང་ངུ་ལ་སོགས་པ་རེ་རེ་པོ་དེ་ཉིད་སླར་ཡང་རྗེས་སུ་

སྣ་ལྡན་དང་བཅས་པ་དང་རྗེས་སུ་སྣ་ལྡན་མེད་པ་ཉིད་ཀྱིས་ཉམས་སུ་ཕྱེ་བས་དེ་ལྟར་གསུམ་པོ་རྣམས་སོ་སོར་རྣམ་པ་དྲུག་ཏུ་འགྱུར་རོ། །རྣམ་པ་དྲུག་པོ་ནི་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཨིའི་ཡི་གེ་དང་ཨུའི་ཡི་གེ་དང་རྀའི་ཡི་གེའང་ངོ་། །ཇི་ལྟར་
ཨ་ཡིག་ལ་ཐུང་ངུ་ལ་སོགས་པའི་རབ་ཏུ་བྱེད་པ་ཕྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་བ་དེ་ལྟར་ཨེ་ཡིག་ལ་སོགས་པའི་ཡི་གེའང་དབྱེ་བར་འགྱུར་རོ། །ལོའི་ཡི་གེ་ལ་རིང་པོ་ཡོད་པ་མ་ཡིན་ཏེ། དེ་ནས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ལྀ་ཡིག་ཐུང་ངུ་དང་ཤིན་ཏུ་རིང་
པོར་ཕྱེ་བས་བཅུ་གཉིས་ཁོ་ན་ཡིན་ཏེ། རིང་པོར་དབྱེ་བའི་རབ་ཏུ་བྱེད་པ་དྲུག་པ་མེད་པའི་ཕྱིར་རོ། །མཚམས་སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་ངུ་ཡོད་པ་མ་ཡིན་ཏེ། དེ་ན་དེ་རྣམས་ཀྱང་རྣམ་པ་བཅུ་གཉིས་རྣམས་སུ་འགྱུར་རོ། །ཨེ་ཡིག་ལ་སོགས་པ་ཡི་གེ་བཞི་རྣམས་ནི་མཚམས་
སྦྱོར་ཡི་གེ་རྣམས་ཏེ། དེ་ལའང་ཐུང་ངུ་དྲུག་རྣམས་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་རྒྱས་པར་བྱ་བས་རེ་རེ་ལ་བཅུ་གཉིས་ཁོ་ནའོ། །ཡི་གེ་གཉིས་རྣམས་ཀྱང་ངོ་། །ཀྱང་གི་སྒྲ་ནི་མཚམས་སྦྱོར་ཡི་གེ་རྣམས་སུ་མངོན་པར་འབྲེལ་ལོ། །དེ་རྣམས་ཀྱང་ཡི་གེ་རེ་རེ་བ་ཉིད་དུ་འགྱུར་
རོ། །ཅི་ཨ་ཡིག་དག་དང་རྀ་ཡིག་དང་ལོ་ཡིག་རྣམས་ཀྱི་ཆེས་གཞན་པ་ཚོགས་པ་ལ་ཨེ་ཡིག་ཏུ་འགྱུར་བ་དེ་བཞིན་དུ་ཨེ་ཡིག་དག་ཀྱང་ཨི་ཡིག་སྟེ་འདི་དག་ཀྱང་ཨུ་ཡིག་དང་ཨཱུ་ཡིག་རྣམས་ཀྱི་ཆེས་གཞན་པ་ཚོགས་པ་ལ་ཨོ་ཡིག་ཏུ་འགྱུར་བ་ཡོད་པ་དེ་བཞིན་དུ་ཨོ་ཡིག་ཀུན་ཏུ་བརྗོད་པ་
ལའང་ཨཽ་ཡིག་གོ། །འདི་དག་ཨི་ཡིག་དང་ཨཱེ་ཡིག་དང་། ཨཱུ་ཡིག་དང་། ཨུ་ཡིག་རྣམས་ཀྱི་ཅིག་ཤོས་ཕྲད་པ་ལའང་ཨེ་ཡིག་དང་ཨོ་ཡིག་དག་འབྱུང་བ་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་པ་བདེན་ཏེ། དེ་རྣམས་ཨེ་ཡིག་དང་ཨོ་ཡིག་སྨོས་པས་གཟུང་བའི་ཕྱིར་འདི་དག་སོ་སོར་
བརྗོད་དོ། །ཕྱི་མོ་གཅིག་པ་ཐུང་ངུའོ། །ཐུང་ངུའི་ཡི་གེ་ནི་ཕྱི་མོ་གཅིག་ཅན་དུ་བསྟན་ཏོ། །ཕྱི་མོ་གཉིས་པ་རིང་པོའོ། །རིང་པོ་ནི་ཕྱི་མོ་གཉིས་པ་ཅན་དུ་བརྗོད་དོ། །ཕྱི་མོ་གསུམ་པ་དླུ་ཏའོ། །ཕྱི་མོ་གཉིས་པའི་རིགས་པས་པླུ་ཏ་མངོན་པར་བརྗོད་པར་འགྱུར་རོ། །མཐོན་པོ་རྣམས་ཀྱིས་ཨུ་དཱཏྟའོ། །གང་དག་

ང་རོ་མཐོན་པོས་མངོན་པར་བརྗོད་པའི་ཡི་གེ་དེ་ནི་ཨུ་དཱཏྟའོ། །དམའ་བ་རྣམས་ཀྱིས་ཨ་ནུ་དཱཏྟའོ། །ཡི་གེ་གང་གི་ང་རོ་དམའ་བས་བརྗོད་པར་བྱ་བ་དེ་ནི་ཨ་ནུ་དཱཏྟའོ། །དེ་དག་པར་མ་སྭ་རི་ཏའོ། །ཨུ་དཱཏྟ་དང་། ཨ་ནུ་དཱཏྟ་དེ་དག་ལས། བར་མའམ་བསྡུས་པ་དང་
རོ་མཉམ་པ་ནི་སྭ་རི་ཏར་འགྱུར་བ་ཉིད་དེ། དེའི་ཚེ་འདིས་མངོན་པར་བརྗོད་པ་ལས་མཐོ་བ་དང་དམའ་བའི་ང་རོ་མ་གཏོགས་པའི་ང་རོས་ཡི་གེ་གང་མངོན་པར་བརྗོད་པར་བྱེད་པ་དེ་ནི་སྭ་རི་ཏར་བརྗོད་དོ། །རང་གི་གནས་དང་རྗེས་སུ་སྣ་ལྡན་དང་རྗེས་སུ་སྣ་ལྡན་མ་ཡིན་པའོ། །
རང་གི་ནི་བདག་ཉིད་ཀྱི་གནས་དང་། སྣ་དང་ལྡན་པའི་གནས་ནི་ཡི་གེ་གང་། །རང་གི་གནས་ཀྱི་རྗེས་སུ་སྣ་དང་ལྡན་པ་དང་། རྗེས་སུ་སྣ་ལྡན་མ་ཡིན་པ་ནི་སྣའི་གནས་དང་བྲལ་བའོ། །མཐར་གནས་ནི་རབ་ཏུ་དབྱེ་བ་གཉིས་པའོ། །རབ་ཏུ་དབྱེ་བ་གཉིས་ཀྱིས་
རྟོགས་པ། ཡ་ར་ལ་ཝ་རྣམས་སོ། །ཅི་ལྟར་ཞེ་ན། རྗེས་སུ་སྣ་ལྡན་དང་བཅས་པ་དང་། རྗེས་སུ་སྣ་ལྡན་མ་ཡིན་པ་རྣམས་ཀྱང་སྟེ་སྔར་སྨོས་པ་བཞིན་ནོ། །ཕྲག་དོག་སེར་སྣས་རིག་པ་ཡི། །རྗེས་སུ་ལེགས་པར་འབྲང་བ་དག །ཡང་དག་ལྟ་བའི་དངོས་པོ་ཡི། །མཚན་ཉིད་
མི་ལྡན་དོར་བར་བྱ། །གང་ཕྱིར་གཞན་གྱི་དོན་ཚོལ་བའི། །བླ་མའི་མཁྱེན་པ་ལས་ཐོབ་པ། །མཁས་པ་བདག་ཉིད་ཀྱིས་བྱས་པའི། །དགེ་བ་བླང་བྱ་ཉིད་ཡིན་ནོ། །གང་འདིར་ཡི་གེའི་མདོ་ནི་འགྲེལ་བྱས་པའི། །དགེ་བ་ཅུང་ཟད་བསགས་པ་དེ་དག་གིས། །འཁོར་བའི་རྒྱ་མཚོ་ཆེན་
པོར་འཕྱན་གྱུར་པའི། །སྐྱེ་བོའི་སྡུག་བསྔལ་སྦྱོར་བ་ཞི་གྱུར་ཅིག །ལུང་སྟོན་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ་རྫོགས་སོ།། །།འདི་ནི་འཛམ་བུའི་གླིང་མཐའ་དག་སྙན་གྲགས་ཀྱི་གདུགས་དཀར་པོ་དྲི་མ་མེད་པ་གཅིག་གིས་ཁེབས་པ་དངོས་གྲུབ་མཆོག་བརྙེས་པའི་སློབ་དཔོན་
ཆེན་བོ་ཙནྡྲ་གོ་མིའི་ཞལ་སྔ་ནས་མཛད་པ་སྟེ། སྔོན་བོད་དུ་མ་འགྱུར་སྣང་བས། གངས་ཅན་གྱི་སྐྱེ་བོ་ཀུན་གྱི་མིག་གཅིག་པུ་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་ཆེན་པོ་དྷརྨྨ་པཱ་ལ་བྷ་དྲའི་བཀའ་དྲིན་ལས་རྣམ་དཔྱོད་ཀྱི་སྐལ་བའི་ཆ་ཤས་ཐོབ་པ་སྐྱོགས་སྟོན་ལོ་ཙཱའི་མིང་ཙམ་འཆད་པ་ངག་

དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོས་འཛིན་བྱེད་ཅེས་བྱ་བ་མེ་ཕོ་ཕྱི་བའི་རྒྱལ་ཅན་གྱི་ཉ་ལ་དཔལ་གྲ་ཐང་གི་གཟིམས་ཁང་དུ་བླ་མ་དམ་པ་ཉིད་ཀྱིས་བསྒྱུར་ཅིག་ཅེས་བཀའ་སྩལ་པ་བཞིན་དཔང་ལོ་ཆེན་པོའི་ཕྱག་དཔེ་རྒྱ་དཔེ་ལས་བསྒྱུར་ཅིང་མ་རྟོགས་
པ་དང་ལོག་པར་རྟོགས་པ་ཐམས་ཅད་རྗེ་ལོ་ཙཱ་བ་ཆེན་པོའི་གསུང་ལ་གཏུགས་ནས་དག་པར་བྱས་པའོ། །སླར་ཡང་ཁ་ར་ཞེས་བྱ་བ་ལྕགས་མོ་ཡོས་ཀྱི་དབོའི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་ཉང་པོའི་ཡུལ་གྱི་ལྗོངས་ཕྲག་ཟུར་དུ་གདོང་གི་དཔལ་ཀརྨྨ་པའི་ཆོས་ཀྱི་སྡེ་
ཆེན་པོ་འཇམ་དབྱངས་དགྱེས་པའི་གཙུག་ལག་ཁང་གི་འདབས་སུ་རྒྱ་དཔེ་ལ་གཏུགས་ཏེ་བསྒྱུར་བ་པོ་ཉིད་ཀྱིས་ཅུང་ཟད་ཞུས་ཤིང་གཏན་ལ་ཕབ་པའི་ཡི་གེ་པ་ནི་སྒྲ་རིག་སྨྲ་བ་ཨཱ་ནནྡ་བཛྲ་ཞེས་བྱ་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་དང་ལུས་ཅན་དཔག་ཏུ་མེད་པ་ལ་ཕན་པར་གྱུར་
ཅིག །༄། །སྡེབ་སྤྱོར་རིན་ཆེན་འབྱུང་གནས་སྟག་ཚང་ལོ་ཚ་བས་བསྒྱུར་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཙྪནྡ་རཏྣ་ཨ་ཀ་ར་ནཱ་མ། བོད་སྐད་དུ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། འཕགས་པ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ནང་གི་མཚན་མོ་བཤེས་བྲལ་གྱི། །ནང་གི་ཐུབ་པ་ཉི་མ་ནི། །སྣང་བ་མཆོག་གི་བདག་ཉིད་ཅན། །རྒྱལ་བ་ཉི་མ་ལ་ཕྱག་འཚལ། །མདོར་བསྡུས་ཚིགས་བཅད་གསལ་བ་དང་། མདོ་ཡིས་དཔེར་བརྗོད་བགྱིས་པ་དང་། །མ་འདྲེས་རིམ་ལྡན་འདོན་སླད་དང་། །ཚོགས་མཐར་
སྡོད་རྣམས་ཡོན་ཏན་ཡིན། །ཚིགས་བཅད་རྐང་བཞི་དེ་ལ་ཡང་། །བྲྀཏྟ་ཛཱ་ཏི་ཞེས་རྣམ་གཉིས། །ཡི་གེ་བགྲང་བ་བྲྀཏྟ་སྟེ། །ཕྱི་མོ་བགྲང་བ་ཛཱ་ཏི་ཡིན། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །འདི་རྣམས་ཡི་གེ་ལྔ་བཅུ་དགུ། །དབྱངས་
ཀྱི་ཡི་གེ་བགྲང་བར་བྱ། །ཡང་བ་ལ་ཡིན་དྲང་པོ་དབྱངས། །ཐུང་ངུའོ་ལེགས་བྱས་ནུས་བཤད་ལ། །ལྕི་བ་ག་ཡིན་འཁྱོག་པོ་ནི། །རྐང་པའི་མཐའ་རྣམས་ཕལ་ཆེར་ཏེ། །དབྱངས་དང་བྲལ་བའི་གསལ་བྱེད་ལས། །སྔ་མའང་ཤི་ན་ནུས་ནས་ཅི། །རིང་པོ་དང་ནི་པླུ་ཏ་འང་། །

གར་བསྒྱུར་བུད་མེད་ལྷ་ཡི་ལུས། །དབང་པོ་མེ་ནུས་རྩེ་མོ་ཐོབ། །གསུམ་གྱི་ཐོག་མ་ལྕི་བ་བྷ། །དབུས་ལྕི་ཛ་ཡིན་མཐའ་ལྕི་ས། །ཐམས་ཅད་ལྕི་བ་མ་ཞེས་བྱ། །ཐོག་མ་ཡང་བ་ཡ་ཡིན་ཏེ། །དབུས་ཡང་ར་དང་མཐའ་སྔ་ཏ། །ཐམས་ཅད་ཡང་བ་ན་ཏེ་བརྒྱད། །
ཐོག་མ་བར་མཐའ་ཀུན་ལྕི་བ། །བྷ་དང་ཛ་དང་ས་དང་མ། །ཐོག་མ་བར་མཐའ་ཀུན་ཡང་བ། །ཡ་དང་ར་དང་ཏ་དང་ནི། །བསྡུ་བའི་ཚིགས་བཅད་དོ། །དྲུག་པ་ནས་བརྩམས་རེ་རེ་འཕེལ། །རྐང་པས་སྡེབ་སྦྱོར་རྣམས་རྟོགས་བྱེད། །དབྱངས་སྒྲོག་རབ་དགའ་རྗེས་
བསྔགས་དང་། །བྲྀ་ཧ་ཏཱི་དང་འཕྲེང་ལྡན་དང་། །དེ་བཞིན་གསུམ་བསྔགས་ཞེས་བྱའོ། །སྐྱེ་འགྲོ་ནུས་ལྡན་ལེགས་སྤྱོད་དང་། །བསྟན་འཛིན་རྣམས་ལ་སོ་སོར་ནི། །རེ་རེའང་ཕྱི་མར་ཤིན་ཏུའོ། །བྱེད་ལྡན་དག་པའོ་རབ་དང་ཀུན། །རྣམ་དང་ལེགས་དང་ཤིན་ཏུ་དང་། །ལྷག་
པ་རྣམས་ལས་ཕྱི་མོ་ཡང་། །དེ་ལྟར་དྲུག་བརྒྱད་རྟ་རྣམས་སོ། །མཉམ་དང་ཕྱེད་མཉམ་མི་མཉམ་ཞེས་བྱ་བ། བྲྀཏྟ་རྣམ་པ་གསུམ་དུ་རབ་བཤད་བྱ། །དེ་ནི་དབུས་ཕྲ་སོགས་དང་ཉེ་བཀྲ་སོགས། །ཁ་སྒོ་ལ་སོགས་རྣམས་དང་གོ་རིམས་བཞིན། །འདོད་པ་རྣམས་ཀྱི་
གནས་པ་སྡོད། །འགྲམ་པའི་རྡུལ་སེལ་མིག་མཛེས་མ། །རྣ་བའི་ཨུཏྤལ་ཉམས་བྱེད་དང་། །ཡོན་ཏན་ཟུང་བྱས་གཙུག་ན་བཟླས། །ཞབས་སེན་ཟེར་ལ་རབ་ཏུ་འདུད། །ཚོགས་ཆེན་སྟུག་པོར་གྱུར་པ་ལ། །གང་གི་རྒྱལ་མཚན་ཏོག་དག་གི། །གྲགས་པ་འཕྲོ་བ་འདི་ཉིད་
ནི། །ས་སྐྱོང་ཉིད་དུ་རྣམ་པར་བཤད། །རྐང་པ་རྣམས་ཀྱི་མཐའ་ལའོ། །བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །རྐང་པ་སོ་སོ་རྣམས་ལ་ནི། །ལྕི་བ་བ་ཡིན་ཡང་བ་ཀ །གལ་ཏེ་ཏ་ཡ་དབུས་ཕྲ་བའོ། །གཞོན་ནུ་རོལ་པ་ཛ་ས་ག །༡ །ལྕི་ཡང་བཞི་པ་དེ་འདྲ་མཚུངས། ༢ །ལ་ག་བཞི་
པ་དེ་གཞལ་དཔག །༣ །གལ་ཏེ། བྷ་ག་གཉིས་རྐང་བཀྲ། ༤།གལ་ཏེ་མ་གཟུང་ཀློག་འཕྲེང་། ༥ །བྷ་ལས་ཏ་དང་ལ་དང་ནི། །ག་རྣམས་ཡོད་པ་བྲམ་ཟེའི་བུ། ༡ །གལ་ཏེ་ར་ལས་ན་དང་ནི། །ས་དག་ཡོད་པ་གཤོལ་གདོང་ངོ་། ༢ །ན་གཉིས་དང་ནི་མ་ཡོད་པ། །

ལག་འགྲོ་ཁྱེའུའི་བུ་ཡིན་ནོ། ༡ །མ་དང་ས་དང་ཛ་དང་ག །དག་པའི་སྣང་བར་ཤེས་པར་བྱ། ༢ །མ་དང་ན་དང་ཡ་རྣམས་ལས། །ལྕི་བ་ངེས་པར་འཁར་རྡར་བཤད། ༢ །ར་དང་ཛ་དང་ར་རྣམས་ནི། །ག་རྣམས་རྨ་བྱའི་འགྲོས་ཡིན་ནོ། །༤ །
གང་ལ་བྷ་དང་མ་དང་ས། །གང་ཡོད་དེ་ནི་གསེར་ལྡན་ནོ། ༥ །མ་དང་བྷ་དང་ས་དང་གས། །བསྐྱེད་མ་མྱོས་མར་ཤེས་པར་བྱ། ༡ །ཏ་ལས་ཛ་གཉིས་ག་དང་ག །ཞེས་པ་འདི་ནི་ཉེ་ར་འཁོད་འགྱུར། ༢ །གལ་ཏེ་ཏ་གཉིས་ཛ་དང་ནི། །ལྕི་གཉིས་དབང་པོའི་རྡོ་རྗེའོ། ༢ །ཛ་དང་ཏ་
དང་ཛ་དང་ནི། །ལྕི་གཉིས་ཉེ་དབང་རྡོ་རྗེའོ། །དེ་མ་ཐག་ཏུ་བརྗོད་ཟིན་མཚན་ཉིད་དག །སྣ་ཚོགས་རྟོག་པས་རྐང་པ་རྣམས་སུ་འགྱུར། །དེ་གཉིས་མཉན་འོས་ངལ་བསོའི་སྤྲོས་ལྡན་གང་། །དེ་རྣམས་དྲན་པའི་དབང་པོས་ཉེར་བསྐྱེད་བཤད། ༥ །བྷ་གསུམ་ལས་ནི་
ག་གཉིས་པ། །དེ་ནི་འདོད་པ་འཇོ་བའོ། ༦ །མ་དང་བ་དང་ར་གཉིས་པ། །རིག་བྱེད་འཇིག་རྟེན་ཤཱ་ལི་ནཱི། ༧ །གལ་ཏེ་མ་དང་བ་དང་ས། །ར་དང་བ་ནི་ཆུ་རླབས་འཕྲེང་། ༨ །མ་དང་བ་དང་ན་དག་དང་། །བ་ནི་བུང་བ་རོལ་པའོ། ༩ །ར་ལས་ཕ་རོལ་ན་དང་ནི། །ར་ལ་ག་
རྣམས་ཤིང་རྟ་དྲེགས། ༡༠ །ར་དང་ན་དང་བྷ་དང་ག །རྣམས་དང་ལྕི་བར་ལེགས་འོངས་སོ། ༡༡།ན་དང་ན་དང་ས་དང་ག །ག་ཞེས་བྱ་བ་ཟླུམ་པོར་འགྱུར། ༡༢ །ན་དང་ན་དང་ར་དང་ལ། །ག་ཞེས་བྱ་བ་བཟང་ལྡན་ཉིད། ༡༣ །ར་དང་ཛ་དང་ར་དང་ནི། །ལ་དང་ལྕི་བ་དཀར་མོར་
བརྗོད། ༡༤ །ཛ་དང་ས་དང་ཏ་དང་ནི། །ག་ག་རྣམས་ནི་ཉེར་གནས་འགྱུར། ༡ །ར་དང་ན་དང་བྷ་དང་སས། །རྒྱུ་ཞིང་འཁོར་བ་ཟློ་བའི་ལམ། ༢ །ཛ་དང་ཏ་དང་ཛ་དང་ར། །འདི་ནི་རིགས་གནས་ཉིད་དུ་འདོད། ༡༢ །གང་ལ་ཏ་གཉིས་ཛ་དང་ར། །ངེས་པར་དབང་པོའི་
རྒྱུད་ཏུ་འགྱུར། ༤ །ན་གཉིས་ག་དང་བ་ར་བ། །ནོར་དང་རིག་བྱེད་འདིར་སྦྱོར་བའོ། ༥ །ཛ་སུ་ཛ་སུ་དུས་ཟུང་བ། །ཆུ་འཐོར་འགྲོ་བ་ཉིད་ཡིན་ནོ། ༦ །ས་ཡིག་ཆུ་གཏེར་བྱས་པ་ནི། །དེ་ནས་འགྲོ་བར་བྱེད་པའོ། ༧ །ན་དང་བྷ་དང་བྷ་དང་ནི། །ར་རྣམས་དལ་མྱུར་ཡིན་པར་

སྨྲ། ༨ །ཡ་ཡིག་བཞི་པ་རྣམས་ཀྱིས་ནི། །ལག་འགྲོ་ལྟུང་བ་ཉིད་ཡིན་ནོ། ༩ །ར་ཡིག་བཞི་པ་དེ་ཉིད་ནི། །མེ་ཏོག་ཕྲེང་ཅན་ཅེས་གྲགས་སོ། ༡༠ །ས་དང་ཛ་དང་ས་དང་ས། །རྣམས་ཀྱིས་ཡི་གེ་ཉུང་ངུར་གྲགས། ༡༡ །མ་དང་ག་བ་ར་དག་པ། །མདའ་རྟས་སྣ་ཚོགས་
ལྷ་མོའོ། ༡༢ །མ་བ་ན་ཡ་ག་བ་སྟེ། །ཡན་ལག་མཚོ་ཡི་ཆུ་འཛིན་ཕྲེང་། ༡༡༢ །ན་ན་ར་ར་འདུས་པ་ནི། །དལ་གྱིས་འབབ་པ་ཉིད་ཡིན་ནོ། ༡༤ །ན་དང་ཛ་དང་ཛ་དང་ར། །ཡ་མུ་ན་རུ་ཐུབ་པ་སྨྲ། ༡༥ །གལ་ཏེ་འདིར་ནི་ན་དང་ཛ། །བྷ་ཡ་འཕྲེང་བ་གསར་བའོ། ༡ །མུ་དང་ན་དང་
ཛ་ར་བ། །གསུམ་དང་ཕྱོགས་ཀྱི་རབ་དགའ་ཅན། ༢ །ཛ་བ་ན་ཛ་ར་ཞེས་བྱ། །བཞི་དང་གཟའ་ཡིས་དགའ་མཛེས་ཡིན། ༣ །མ་བ་བྷ་ཏ་ཡ་རྣམས་ཏེ། །དེ་ཉིད་ངལ་བསོ་རྨ་བྱ་མྱོས། ༤ །ས་དང་ཛ་དང་ས་དང་ས། །ག་ནི་སྙན་པའི་དང་པར་བཤད། ༥ །གལ་ཏེ་ས་དང་ཛ་
དང་ས། །ཛ་དང་ག་རྣམས་འཇམ་པའི་ངག །༢ །མ་ག་བ་དང་ན་གཉིས་མ། །ལྔ་དང་དགུ་ཡིས་གནོད་མེད་ཡིན། ༢ །ན་ན་བ་དང་ཛ་ཛ་བ། །དབྱངས་རྣམས་གཞན་གྱིས་མི་ཐུབ་པོ། ༡༢ །ན་ན་བ་དང་ན་ན་བ། །དེ་རྣམས་མཚོན་ཆ་ཁ་འབུས་ཡིན། ༩ །ཏ་བྷ་ཛ་ཛ་ག་ག་དག །
དཔྱིད་ཀྱི་ཐིག་ལེར་ཤེས་པར་བྱ། ༥ །ས་ལ་ཝ་ན་གཞན་ར་དག །ལྔ་དང་གཟའ་ཡིས་ནོར་འཛིན་ཡིན། ༡ །ཡང་བ་མ་ནུའི་མཐར་ལྕི་བ། །འདིར་ནི་རི་བོང་ཅན་གྱི་ཆ། ༢ །འདི་ཉིད་རོ་དང་དགུས་ངལ་བསོར། །གྱུར་པ་གཞན་ནི་འཕྲེང་བའོ། ༣ །དེ་བཞིན་ནོར་དང་ཐུབ་པ་ཡིས། །
ངལ་བསོ་ཡོན་ཏན་ནོར་བུའི་ཚོགས། ༤ །ན་ན་ག་པ་ར་ར་བས། །བརྒྱད་དང་འཇིག་རྟེན་གྱིས་འཕྲེང་ལྡན། ༥ །ན་ཛ་བྷ་ཛ་ར་རྣམས་ནི། །རྣམ་པར་སྤེལ་འདི་རྒྱ་མཚོ་ཅན། ༡ །བྷ་ར་ཀ་ན་ན་ས་ལས། །ཐུབ་བུག་ཁྱུ་མཆོག་གླང་ཆེན་རྩེན། ༢ །གལ་ཏེ་ན་ཛ་བྷ་ཛ་ར། །
ལྕི་དེ་དེ་ཚོ་ལེ་བརྒན་རྩི། ༡ །ཡ་མུ་ན་ས་བྷཱ་ལ་བ། །རོ་དྲག་ངལ་གསོ་གཙུག་ཕུད་ཅན། ༢ །ཛ་ས་ལ་བ་ན་ར་ར། །ནོར་དང་བཟང་སྣོད་ཡང་ལྡན་ནོ། ༣།བྷ་ར་ན་བ་ན་ན་ག །ཕྱོགས་ཐུབ་འོད་མའི་འདབ་ལྷུང་བ། ༤ །ན་སུ་མ་བ་ཛ་ཛ་བ། །རོ་ཆུ་དབྱངས་ལ་རི་དྭགས་མོ། །

མ་བ་ན་སུ་ར་ར་བ། །ཚོང་དུས་འཛིན་དེ་དལ་གྱིས་གནོན། ༦ །གལ་ཏེ་ན་ཛ་བྷ་ཛ་ཛ། །ཡང་ལྕི་དེ་ཚེ་བུམ་པ་ཅན། ༢ །ན་ཛ་བ་ན་བྷུ་བྷ་བ། །ཐུབ་རོ་ཆུ་གཏེར་ཁུ་བྱུག་གོ། ༡ །མ་ལྕི་བ་ན་སུ་ར་གཉིས། །བ་རྣམས་དབང་དུས་འཇིག་རྟེན་གྱིས།
མེ་ཏོག་གཡོ་བའི་ཁྲི་ཤིང་ཡིན། ༢ །འདིར་ནི་ན་དང་ན་དང་ར། །བཞི་སྒྲིགས་ལྕགས་ཀྱི་མདའ་རུ་བཤད། ༡།ཡ་མུ་ན་དང་སུ་ར་དག །བ་རྣམས་དྲུག་དུས་མགྱོགས་འགྲོ་ཡིས། །སྤྲིན་རྣམས་སྒྲོག་ཅེས་བྱ་བར་འགྱུར། ༢ །གལ་ཏེ་མ་དང་ས་ཛ་སུ། །ཏ་ཏ་བ་རྣམས་ཉི་མ་
དང་། །རྟ་རྣམས་ཀྱིས་ནི་སྟག་རྣམ་རྩེན། ༡ །གལ་ཏེ་མ་ར་བ་ན་དང་། །ན་བ་ཏ་སུ་རྣམས་ལ་ནི། །བདུན་ཏ་རོས་ཕྱི་ཞ་མཛེས་ཡིན། ༢ །ར་ཛ་ར་ཛ་ར་ཛ་དང་། །ལྕི་དང་ཡང་བ་འདི་ལྟ་བུ། །ཟླུམ་པོ་ཞེས་ནི་བྱ་བར་འདོད། ༡ །མ་ར་བ་དང་ན་ན་བ། །ར་ར་བ་རྣམས་བདུན་
གསུམ་གྱི། །སྡོད་པ་ཕྲེང་འཛིན་ཞེས་བྱར་འགྱུར། ༡ །གང་ལ་བྷ་ར་ན་བ་ཛ། །ས་ཛ་ས་ཕྱོགས་ཉི་མར་ནི། །ངལ་གསོ་འདི་ནི་ཟབ་མོའི་དབྱངས། ༡ །ན་ཛ་བྷ་ལ་བ་ཛ་དང་། །ས་དང་ཛ་སུའང་འཕྲོག་བྱེད་དང་། །ཉི་མར་ཐ་དད་རྟ་རོལ་པ། ༢ །འགལ་ཏེ་མ་མ་ག་བ་ན། །
ལ་ཀ་ན་ན་ན་བ་རྣམས། །ནོར་དབང་ཕྱོགས་ཀྱིས་མྱོས་མ་རྩེན། །བྷ་ལྕི་བ་བ་ན་ན་བ། །བྷ་ཟུང་ན་ཡུ་རྣམས་ལ་མདའ། །དབྱངས་གཉིས་ངལ་གསོ་ལུས་ཕྲར་འགྱུར། ༡ །བྷ་ག་བ་དང་བྷ་ག་བ། །ན་ཟུང་ལ་ཀ་ན་ན་བ། །མདའ་མདའ་ནོར་དང་ཐུབ་པར་ནི། །སྡོང་པ་
ཁྲུང་ཁྲུང་རྐང་ཡིན་ནོ། ༡ །མ་ཟུང་གང་ན་ཟུང་དང་། །ལ་ཀ་སུ་དང་ཛ་ཟུང་དང་། །བ་རྣམས་ནོར་ལྷ་མྱོས་སྲེད་དང་། །ཐུབ་པས་ལག་འགྲོ་རྣམ་བསྒྱིངས་སོ། །མ་ན་ནུ་དང་ན་ནུ་གཉིས། །ས་ག་བ་ཞེས་བྱ་རྣམས་ལ། །དགུ་དང་རོ་རོ་བྱེད་པར་ནི། །ངལ་བསོ་
བཟློག་ཕྱོགས་འབབ་པར་འགྱུར། ༡ །འདི་རུ་རྒྱུན་ཆགས་དང་པོ་ནི། །ན་གཉིས་དེ་ནས་ར་བདུན་གྱི། །གཏུམ་པའི་ཆར་འབེབས་སུ་འགྱུར་རོ། །རྐང་པ་སོ་སོར་ར་འཕེལ་རྣམས། །འདིར་ནི་ཆུ་རྒྱུན་རྒྱ་མཾ་ཚླཾ་སྤྲུལླཾ། །ཆར་སྤྲིན་རོལ་པའི་འབྱུང་གནས་དང་། །ཤིན་ཏུ་

ཀླུ་བུས་དང་དུང་སོགས་སོ། །འདིར་ནི་ར་ཡིས་ཇི་ལྟ་བར། །ཡ་ཡིས་རྒྱུན་ཆགས་རབ་བསགས་ཏེ། །ན་ཟུང་དག་ལས་ཡ་རྣམས་ཀྱིས། །གཏུམ་པའི་ཆར་འབེབས་སོགས་ཇི་བཞིན། །མཉམ་པའི་བྲིཏྟ་རྣམས་སོ། ༡ །ཟུང་མིན་ས་གསུམ་ལ་ག་དང་། །གལ་ཏེ་ཟུང་ལ་བྷ་གསུམ་
ལས། །ག་ཟུང་ཅན་ནི་ཉེ་བཀྲར་སྨྲ། ༢ །བྷ་གསུམ་ཅན་ལས་ག་དག་སྟེ། །སླར་ནི་ན་ཛ་ཛ་ཡ་རྣམས། །གལ་ཏེ་ལྡན་གྱུར་མྱུར་བའི་དབུས། ༣ །ས་གསུམ་ཅན་ལ་ལྕི་བ་དང་། །བྷ་གསུམ་ཅན་ལ་ག་དག་ནི། །གལ་ཏེ་ལྡན་ན་ཤུགས་ལྡན་མ། ༤ །ཟུང་མིན་ཏ་ཛ་ར་ལྕི་བ། །ཟུང་ལས་མ་ས་ཛ་ལྕི་
བ། །གང་ལ་ལྡན་དེ་བཟང་པོའི་སྣོད། ༥ །མི་མཉམ་པ་ཛ་ས་ལྕི་བ། །མཉམ་ལ་བྷ་ར་ན་ལྕི་བ། །གལ་ཏེ་ཌ་ན་ཏོག་ལྡན་མ། ༦ །ཟུང་མིན་ཏེ་ཟུང་ཛ་ལྕི་བ། །ཟུང་ལ་ཛ་ཏ་ཛ་ག་ལྕི། །གལ་ཏེ་ལྡན་ན་ཀུན་བསྒྲགས་སོ། ༧ །འདིར་ཡང་ཛ་ཏ་ཛ་ག་ག །ཏ་ཟུང་ཛ་ག་ལྕི་དེ་ནི། །བཟློག་པའི་ཀུན་
བསྒྲགས་སྔ་མ་ཅན། ༨ །ས་གསུམ་ཅན་ལས་ལ་དང་ག །ན་བྷ་བྷ་ར་རྣམས་ཀྱང་ནི། །གལ་ཏེ་དེ་ཚེ་རི་དགས་འཕྱོང་། ༧ །གལ་ཏེ་ན་ན་ར་ལ་ག །གལ་ཏེ་ན་ཛ་ཛ་ར་ནི། །དེ་ཡི་ཚེ་ན་གཞན་སྒོར་འདོད། ༡༠ །ཟུང་མིན་ན་ཟུང་ར་ཡ་དང་། །ཟུང་ལ་ན་ཛ་ཛ་ར་ག །མེ་ཏོག་རྒྱས་པའི་རྩེ་མོ་བརྗོད། ༡༩ །ར་
ཛ་ར་ཛ་དེ་བཞིན་དུ། །ཛ་ར་ཛ་ར་ག་རྣམས་ལས། །ཡ་བའི་སྒྲ་ལས་མ་ཏཱུས་ཡིན། །བུད་མེད་མཚུངས་བརྗོད་ནས་ལྡན་མ། ༡༢ །མི་མཉམ་བཅུ་དང་བཅུ་ནོར་ཡང་། །ཅིག་ཤོས་བཅུ་དང་བཅུ་བཅུ་ཡང་། །ཐ་མ་གཉིས་ཀ་ལྕིར་བྱས་པ། །རོལ་རྐང་རྣམ་སྤྲོ་གཙུག་ཕུད་ཅན། ༡༣ །མཉམ་དང་མི་མཉམ་
རྐང་པ་ཡིས། །ཡོངས་བརྗོད་ངེས་གནས་ངེས་བྲལ་བྱས། །འདབ་མར་བཀོད་པའི་ངེས་འདི་ནི། །རྐང་འཁྱོག་འགྲོས་ལྡན་འཐེང་པོ་དང་། །མཚུངས་འདྲར་གྱུར་པ་འཐེང་པོར་བརྗོད། །ཕྱེད་མཉམ་པའི་བྲྀཏྟ་རྣམས་སོ། ༡ །རྐང་པ་ཡིག་བརྒྱད་དང་པོ་ལས། །ས་དང་ན་མིན་མཚོ་ལས་ནི། །ཡ་རུ་གྱུར་
པ་ཁ་སྒོའོ། ༢ །རྐང་པ་ཟུང་དག་ཛ་ཡིག་གིས། །ཁ་སྒོ་ཕན་པ་ཞེས་པར་གྲགས། ༣ །ཛ་ཡིས་ཟུང་མིན་བརྗོད་འདི་ནི། །ཟློག་པ་དང་པོ་ཅན་གྱི་དེའོ། ༤ །ན་ཡིག་སྦྱོར་ལས་ཁ་སྒོ་དེ། །གྱ་གྱུ་ཅན་དུ་ཤེས་པར་བྱ། །ཟུང་ལ་བདུན་པ་ཡང་གྱུར་བ། །དེ་ནི་ཐུབ་པས་ཡངས་མར་འདོད། ༦ །ཐམས་ཅད་

ནས་དེ་དེ་ཉིད་དེའི། །མཚོ་ལས་བྷ་ཡིས་དེའི་ཡངས་མ། ༢ །ར་ཡིས་དེ་བཞིན་དེ་ལས་གཞན། ༢ །ན་ཡིག་གིས་ཀྱང་དེ་བཞིན་ཡབ། ༧ །ཏ་ཡིག་གིས་ཀྱང་དེ་ལྟ་ཉིད། ༡༠ །མ་ཡིག་གིས་ཀྱང་དེ་ལྟར་ལྟ། ༡༡ །དེ་ལས་གཞན་པའི་བླ་བྲེ་ཡིན། །རྐང་པ་ཀུན་ལ་ཐོག་མ་ལས། །
ས་དང་ན་མིན་རྐང་ཟུང་གི། །མཚོ་ལས་ཛ་དང་ཟུང་མིན་ལ། །ཕལ་ཆེར་ཇི་ལྟར་མཛེས་སྦྱོར་ལྟ། །ཁ་སྒོའི་བྱེ་བྲག་རྣམས་སོ། ༡ །རྐང་པ་དང་པོ་ཡིག་བརྒྱད་ཡིན། །འདི་ལས་ཕྱི་མར་རིམ་བཞིན་དུ། །བཞི་དང་མངོན་འཕེལ་དེ་དང་དེ། །སྣ་ཚོགས་རྣམ་བཀོད་
ཡང་དག་མཛེས། །རྐང་པ་རྐང་པར་རོལ་སྒེག་ལྡན། །རྐང་བཞི་འཕེལ་དུ་མཁས་རྣམས་སྨྲ། ༢ །འདིར་ནི་རྐང་བཞི་འཕེལ་དེ་ལ། །ཀུན་ཡང་རྐང་མཐར་ག་དང་ག །རོལ་སྒེག་བཅས་ཕན་ངལ་གསོའི་འགྲོས། །འཇིག་རྟེན་དགའ་བསྐྱེད་ཨཱཾ་ལྡན་པའི། །པཱི་ཊར་གྱུར་
དེ་ཀུན་ནས་བཅེར། ༣ །འདིར་ནི་ཡང་དག་ལྷུང་བ་ཡི། །རྐང་པ་རྣམས་ལམ་དང་པོ་ནི། །ཉེ་ལས་ཕ་རོལ་གནས་བྱས་ཀྱང་། །དེ་ནས་དབུས་སུ་གནས་གྱུར་ལ། །ཅིག་ཤོས་གསུམ་རྣམས་གཡོ་མེད་པར། །དེས་གནས་མེ་ཏོག་ཁ་མ་བྱེ། ༤ །ཡང་དག་ཤིན་ཏུ་འདིར་
ལྷུང་བའི། །རྐང་པ་དང་པོར་གྲགས་པ་དེ། །ཉེ་བའི་རྐང་པ་ཟུང་འདས་ལ། །ཅིག་ཤོས་རྐང་པ་གསུམ་རྣམས་ནི། །གཡོ་མེད་ངེས་གནས་ཡུད་ཙམ་རོལ། ༥ །འདིར་ནི་རྐང་པ་དང་པོ་ཡིས། །ཅིག་ཤོས་གཡོ་མེད་གསུམ་འདས་པར། །ལྷུང་འགྱུར་རྣམ་མང་རོལ་སྒེག་སྡོད། །མངོན་
དགའ་བསྐྱེད་འདི་བདུད་རྩིའི་རྒྱུན། །རྐང་བཞི་འཕེལ་གྱི་བྱེ་བྲག་རྣམས་སོ། ༡ །སྔ་མ་ས་ཛ་ས་དང་ལ། །ན་ས་ཛ་ལྕི་དེ་མ་ཐག །དེ་ནས་བྷ་ན་ཛ་ལ་ག །དེ་ནས་ས་ཛ་ས་དང་ཛ། །ལྕི་འགྱུར་འདི་ནི་སྟེང་འགྲོ་ཉིད། ༢ །གསུམ་ནི་སྟེང་འགྲོ་དེ་འདྲར་འགྱུར། །གསུམ་པ་གཞན་དུ་ཤེས་བྱ་སྟེ། །
ར་ན་བྷ་དང་ལྕི་བསྒྲིགས་པ། །དེ་འདྲ་དྲི་ཞིམ་ལན་དུ་བརྗོད། ༡༢ །གསུམ་པར་ན་ཟུང་ས་དག་འགྱུར། །རྐང་པ་ཞེས་བྱ་གཞན་གསུམ་ལ། །རབ་སྤྲོས་ཚིག་བཀོད་རོལ་སྒེག་ལྡན། །རོལ་པར་སྙན་ངག་མཁན་རྣམས་བཞེད། །སྟེང་འགྲོའི་བྱེ་ཕྲག་རྣམས་སོ། ༡ །དང་པོ་མ་ས་ཛ་བྷ་ལྕི། །དེ་ནས་

ས་ན་ཛ་ར་ག །ཕ་རོལ་ན་གཉིས་དང་ནི་ས། །དེ་ནས་ན་གསུམ་ཛ་ཡ་འདི། །ཉེ་བར་གནས་པའི་ངལ་འགྲོར་བརྗོད། ༢ །རྐང་པ་གསུམ་པར་ན་ཟུང་དང་། །ས་དང་ན་ཟུང་ས་ཡིན་ལ། །གཞན་ཀུན་དལ་འགྲོ་དང་འདྲ་བར། །རྐང་པར་གནས་པའི་མཚན་ཉིད་ཀྱི། །བསྒྲུབ་པ་སོ་སོར་
ངེས་དེ་ནི། །སྙན་དངགས་མཁན་གྱིས་འཕེལ་ལྡན་བརྗོད། །གང་ཚེ་གསུམ་པར་ཏ་ཛ་ར། །འདི་ཡི་དང་པོ་ངལ་གསོ་ཏེ། །གཞན་གསུམ་དལ་འགྲོ་དག་དང་ཚོགས། །མཚུངས་གྱུར་དག་པ་སྣང་ལྡན་གྱིས། །ཁྱད་པར་རབ་མཆོག་ལྡན་དུ་བརྗོད། །མི་མཉམ་པའི་བྲྀཏྟ་རྣམས་སོ། །
བྲྀཏྟའི་རྣམ་པར་བརྟག་པ་བཤད་ཟིན་ཏེ། །ཕྱི་ནས་ཛཱ་ཏི་མངོན་བརྗོད་བྱ། །ཡང་བ་ཕྱི་མོ་གཅིག་ཡིན་ཏེ། །ལྕི་གཉིས་གསལ་བྱེད་དག་གིས་མིན། །བྷ་ཛ་ས་དང་ལྕི་བ་ཟུང་། །ཡང་བ་བཞི་ཚོགས་དེ་ལྔ་པོ། །ཕྱི་མོ་བཞི་པའོ་ཙ་ཡིན་ལ། །ཡང་བ་བཞི་པོ་ཁ་ཡང་ཡིན། །ཕྱི་མོ་གཅིག་
གཉིས་ཀ་དང་ང་། །འདབ་མ་འདབ་མར་ཚོགས་བརྒྱད་ས། །མི་མཉམ་རྣམས་ལ་ཛ་སྤངས་ཤིང་། །ཕྱི་མོ་ཕྱེད་ལ་དྲུག་པ་ཀ །གཉིས་ཀའི་བརྒྱད་པ་ང་ཡིན་ལ། །ལྷག་མ་ཙ་རྣམས་འཕགས་མར་འགྱུར། ༣༡ །ཕྱེད་སྤང་དྲུག་པ་ཛའམ་ཁ། །ཁ་ལ་སྔོན་དུ་ཡང་བའི་སྡོད། །ཕ་རོལ་ཁ་ལ་དྲུག་པའི་
མཐར། །འདབ་མ་ཕྱི་མར་བཞི་པ་འང་། །ཟུང་མིན་རྐང་པ་ཙ་གསུམ་གྱིས། །རྫོགས་པ་དེ་ཚེ་འཕྲོད་པར་འགྱུར། ༢ །ཟུང་མིན་གཅིག་ཀྱང་རྫོགས་མིན་པ། །དེ་རྣམས་ཀྱི་ཚེ་ཡངས་མ་ཡིན། ༣ །གལ་ཏེ་གཉིས་པ་བཞི་པའི་ཚོགས། །ལྕི་གཉིས་དབུས་བཞུགས་ཛ་དག་བཤད། །
ཕྱེད་པ་གཉིས་ལ་གྱུར་དེ་ཚེ། །ཀུན་ནས་གཡོ་བར་གྱུར་པ་ཡིན། ༡ །གལ་ཏེ་སྔ་ཕྱེད་འབའ་ཞིག་ཉིད། །གཡོ་བ་ཡིས་ནི་མཚན་ཉིད་གྱུར། །སླར་ཡང་ཕྱི་ཕྱེད་ལ་གྱུར་མིན། །དེ་ཚེ་དེ་སྒོ་གཡོ་བར་འགྱུར། ༥ །གང་ལ་བསྟན་པའི་གཡོ་མཚན་ཉིད། །སྔ་མ་ཕྱེད་ལ་སྤངས་ནས་ཀྱང་། །
ཕྱི་མར་གཅིག་པུར་བསྟན་ནས་བཞུགས། །དེ་ནི་ལུས་བསྟན་གཡོ་བའོ། ༡ །གང་དུ་འདབ་མ་གཉིས་ཀ་ཡང་། །དྲུག་ཚོགས་ཛ་འམ་ཁ་ཡིག་གྱུར། །ཕྱེད་སྔ་བཞིན་དང་ལྷག་མ་ཡང་། །སོ་སོར་ངེས་གྱུར་དེ་དབྱངས་འགྱུར། ༡ །གང་གི་འདབ་མ་གཉིས་ཀའི་ཡང་། །དྲུག་པའི་

ཚོགས་ནི་ཀ་ཉིད་གྱུར། །ཕྱེད་ཕྱི་བཞིན་དང་ལྷག་ངེས་པ། །དེ་ནི་ཉེ་བའི་དབྱངས་སུ་སྨྲ། ༢ །གང་དུ་སྔ་ཕྱེད་དྲུག་གྱུར་ཀ །ཕྱི་ཕྱེད་ལ་ནི་ཛ་འམ་ཁ། །ལྷག་ངེས་འདབ་མ་ལོག་པ་ལས། །གྱུར་པ་དེ་ནི་མཆོག་དབྱངས་ཡིན། ༣ །འདབ་མ་འདབ་མར་
བརྒྱད་རྣམས་ཙ། །དྲུག་པའི་ཚོགས་ནི་ཛ་འམ་ཁ། །ཕྱེད་སྔ་བཞིན་དང་ལྷག་སོ་སོར། །དེས་དེ་འཕགས་པའི་དབྱངས་སུ་འགྱུར། །འཕགས་མའི་ཛཱ་ཏི་རྣམས་སོ། །ཟུང་མིན་དང་པོ་ད་གསུམ་པ། །ཟུང་ལ་ད་བཞི་ཕྱི་མ་ལ། །ར་ལ་ག་སྟེ་ཡང་བ་དྲུག །བར་མ་ཆད་དུ་མ་
ཡིན་པ། །དེ་ནི་རོ་ལངས་ཅན་དུ་བརྗོད། ༡༢ །དང་པོ་རོ་ལངས་ཅན་ལྟ་བུ། །ཕྱི་མ་ར་ཡ་ཉེ་སྡེབ་སྦྱོར། །དང་པོ་རོ་ལངས་ཅན་མཚུངས་འདིར། །བྷ་ག་ག་མཐའ་ཀུན་ནས་སྲབ། །ཟུང་ཐོག་ད་ལས་ཕྱིས་ཛ་དང་། །ལྷག་མ་སྔོན་འདྲ་རབ་འཕེལ་ཡིན། །ཟུང་མིན་དང་
པོ་ཛ་ད་དག །ལྷག་མ་སྔོན་འདྲ་ཕྱི་འཕེལ་ཡིན། །ཟུང་མིན་ཆ་ནི་ཕྱི་འཕེལ་གྱི། །ཟུང་ཆ་རབ་འཕེལ་ཀུན་འཕེལ་ལོ། །ཀུན་འཕེལ་ཟུང་ནི་གཞན་མཐའ་ཅན། །ཟུང་མིན་རྐང་པས་མཛེས་རྒོད་མ། །རོ་ལངས་ཅན་གྱི་ཛཱ་ཏི་རྣམས་སོ། །རྐང་པ་རྐང་པར་ཆུ་གཏེར་ཙ། །ལྕི་མེད་
མི་གཡོ་བརྟན་པའོ། །འདབ་ལས་ཡང་ཞིང་མཐའ་ལྕིག །ཕྱི་མོ་མཉམ་པ་ཉིད་ཡིན་ནོ། །ཙ་གཉིས་ལས་བྷ་ཉེར་བཀྲ་ཡིན། །ཙ་ལས་ཁའམ་ཛ་ཉིད་ནི། །ཁྱད་པར་ཚིགས་བཅད་ཉིད་ཡིན་ནོ། །ཕྱེད་ལས་ཁ་འམ་ཛ་ཉིད་ནི། །ནགས་ཁྲོད་གནས་པ་ཉིད་ཡིན་ནོ། །གལ་
ཏེ་ཙ་ཞེས་བྱ་བ་ལས། །ས་གཉིས་པ་དེ་བཀྲ་བའོ། །བཤད་མ་ཐག་པའི་མཚན་ཉིད་རྟེན། །ཕྱི་མོ་མཉམ་སོགས་རྐང་པ་དཀྲུགས། །བྲྀཏྟའི་ཚད་རྣམས་རྟོགས་མེད་པ། །རྐང་དཀྲུགས་སུ་ནི་ཐུབ་པས་བརྗོད། །གང་གི་ཕྱེད་ལ་བརྒྱད་བརྒྱད་པ། །ཕྱི་མ་གཞན་ཀུན་ཡང་བ་
ནི། །ཆུ་གཏེར་ནོར་བསྒྱུར་རྐང་པ་སྤྲོ། །དེ་ནི་ལུས་མེད་རྩེན་དུ་བརྗོད། །འདབ་རེར་བཅུ་བཅུ་བཅུ་ཡང་བ། །བཀོད་མཐར་ལྕི་བྱས་གསལ་མཛེས་མ། །ཛ་མེད་རང་གི་ཐོག་མིན་པར། །བྷ་བྲལ་ཙ་ད་ཀ་ད་ཀ །ཙ་གསུམ་ཛ་ག་ཞེས་དུམ་བུ། །ཕྱི་མོ་མཉམ་པའི་བྲྀཏྟ་རྣམས་སོ། །

ཛཱ་ཏི་རྣམས་བཤད་ཟིན་ཏོ།། །།བྲྀཏྟའི་དང་པོར་ཐམས་ཅད་ལྕི། །ལྕི་གཙོའི་འོག་ཡང་ཕྱི་རྣམས་འདྲ། །སྔ་མར་ལྕི་འདི་པྲསྟཱ་ར། །ཇི་སྲིད་ཐམས་ཅད་ཡང་དེ་སྲིད། །སྡེབ་སྦྱོར་སོ་སོར་ཉིས་འགྱུར་གྱི། །ཕྲེང་རིང་སྟེང་ལྕི་འོག་ཡང་བ། །ཉིས་འགྱུར་ལྕི་ཡང་ཚོགས་
རྣམས་ཀྱིས། །རེ་རེར་རིམ་སྤེལ་པྲསྟཱ་ར། །འདི་འདྲ་འདི་ལྟ་ཅི་ཞེས་པས། །དེ་བཀོད་འབྲས་ལས་འདའ་མ་བྱ། །གཅིག་བཅས་མི་མཉམ་འདབ་མ་ལྕི། །འདིར་མཉམ་ཡང་འབྲས་ནཥྚའོ། །སྟེང་དུ་གཅིག་སོགས་རིམ་པས་ནི། །ཉིས་འགྱུར་བྲིས་ཏེ་ཡང་བའི་སྟེང་། །
བསྡོམས་པས་གཅིག་དང་བཅས་འདི་ལྟ། །ཉིད་ཡིན་ཅེས་པ་ཨུད་དིཥྚ། །གཟུགས་བཀོད་ཡི་གེའི་གྲངས་ཀྱིས་བསླངས། །མཉམ་པ་སྟེང་དུ་བཅུག་པ་ཡིས། །ལངས་པ་རིམ་པས་ཐུང་དུ་སྟེ། །བྲྀཏྟ་ཡང་མེད་གཅིག་ཡང་སོགས། །དང་པོར་གཟུགས་ནི་མ་བྱས་
ཀྱང་། །སྟེང་བཞུགས་གང་བྲི་དེ་ནས་འོག །གནས་པའི་རང་རང་འོག་མཉམ་བསྲེ། །བྲྀཏྟ་ཡང་མེད་གཅིག་ཡང་སོགས། །བྲྀཏྟ་རྣམས་ཀྱི་གྲངས་ཀྱི་གཟུགས། །ཟུང་གི་ཡི་གེའི་གྲངས་སུ་བསྒྱུར། །ཨུད་དིཥྚའི་ཨམ་ཀའི་མཐའ། །གཉིས་འགྱུར་ཡང་
བའི་བྱ་བ་བསྡུ། །གྲངས་ཉིད་ཡི་གེས་བསྒྱུར་དེ་ནས། །དེ་ཕྱེད་དེ་ནས་གཉི་གའང་སྡོམ། །དང་པོར་ཡི་གེ་དབུས་ལྕི་ཡང་། །དེ་ནས་ཕྱི་མ་རྣམས་ཡིན་ནོ། །ཡི་གེ་བྲྀཏྟ་གཉིས་ཀྱིས་བསྒྱུར། །གཅིག་དམན་ཨ་དྷྭ་འཕྲེང་དང་འོག །ལྕི་ཡང་རྣམས་ཀྱི་ས་དང་ནི། །
དེ་ལ་བར་ཡང་མཚུངས་པའོ། །མཉམ་པའི་བྲྀཏྟ་རྣམས་ཀྱི་བྲསྟཱ་ར། །མཐའ་དག་ལ་རྟོགས་བྱེད་དྲུག་པོ་རྣམས་བཤད་ཟིན་ཏོ།། །།བྲྀ་ཏྟའམ་ཛཱ་ཏི་རེ་རེ་ལ། །ལྕི་ཡང་ཡི་གེ་ཕྱི་མོ་རྣམས། །གྲངས་ནི་ཤེས་པ་བརྗོད་བྱ་སྟེ། །དཔེར་བརྗོད་ཚིགས་བཅད་འདི་གཉིས་སོ། །
གང་ཞིག་མཆོག་དང་གང་ཞིག་དམ་པའི་དོན། །མ་ལུས་དོན་དམ་ལས་འབྲས་རྟོགས་གྱུར་ཅིང་། །སྐྱེ་བོ་གང་ཡང་དེར་ནི་བསྐྱེད་མཛད་པ། །སངས་རྒྱས་ཆོས་ཚོགས་དེ་རྣམས་རྒྱལ་གྱུར་ཅིག །རྒྱལ་ཆོས་ནང་ལས་རྒྱལ་བ་རྒྱལ་གྱུར་ཅིག །དེ་ཡི་ལྷན་ཅིག་སྤྱོད་མ་ཤེས་རབ་

ཀྱང་། །གཉིས་ལས་ལྷག་མོས་ས་བོན་ལས་བྱུང་བ། །ལུས་ཅན་འཕགས་པའི་ཚོགས་ཀྱང་རྒྱལ་གྱུར་ཅིག །ཡང་བ་རྣམས་ཀྱི་ཡི་གེ་དོར། །ཕྱི་མོའི་ཡང་བ་དོར་མངའ་མ། །ཡི་གེ་དོར་བའི་ཕྱི་མོ་ཡང་། །དེ་རྣམས་ཇི་སྟེད་འདིར་ལྕི་བ། །
ལྕི་བའི་གྲངས་སོ། །ལྕི་བ་གཉིས་འགྱུར་གྱི་ཕྱི་མོ། །ཡི་གེ་གཉིས་འགྱུར་ཕྱི་མོས་སྤངས། །ལྕི་བ་བྲལ་བའི་ཡི་གེ་རྣམས། །ཇི་སྙེད་དེ་རྣམས་འདིར་ཡང་བ། །ཡང་བའི་གྲངས་སོ། །ཅི་ཡང་བསྡོམས་པ་ཇི་སྙེད་དེ། །ཕྱི་མོ་ལྕི་བྲལ་ཇི་སྙེད་དོ། །ཇི་སྙེད་ཕྱི་མོ་ཡང་
བསྡོམས་འདབ། །དེ་སྙེད་འདིར་ནི་ཡི་གེ་རྣམས། །ཡི་གེའི་གྲངས་སོ། །ལྕི་བ་ཉིས་འགྱུར་ཡང་བ་བསྲེ། །ཡི་གེ་ཉིས་འགྱུར་ཡང་རྣམས་དོར། །ལྕི་བ་བསྲེས་པའི་ཡི་གེ་རྣམས། །ཇི་སྙེད་དེ་རྣམས་འདིར་ཕྱི་མོ། །ཕྱི་མོའི་གྲངས་སོ། །རྒྱལ་བའི་རིག་པ་འདི་ལ་བདག་དད་
པའི། །བསོད་ནམས་གང་ཞིག་བདག་ལ་རབ་སྐྱེས་པ། །དེ་ཡིས་འགྲོ་རྣམས་དམ་པའི་ལམ་དང་ནི། །རིག་པ་མཆོག་ལ་རབ་ཏུ་དད་གྱུར་ཅིག །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་
འབྱུང་གནས་ཞེས་བྱ་བ་རྫོགས་སོ།། །།འདི་རང་འགྲེལ་དང་བཅས་པ་ལ་ཆོས་ལྡན་རས་པ་དང་། ཡར་ལུང་པ་གྲགས་པ་རྒྱལ་མཚན་དང་། ལོ་ཆེན་བྱད་རྩེ་བ་རྣམས་ཀྱིས་སུམ་རིམ་དུ་བསྒྱུར་བའི་མཐར། །ལོ་ཙཱ་བ་ནམ་མཁའ་བཟང་
པོས་དག་པར་བསྒྱུར་བའི་རྩ་བ་རྣམས་ཀྱི་དཔེར་བརྗོད་སྟོན་པ་རྒྱུ་མཚན་དང་བཅས་པ། སྡེབ་སྦྱོར་སོ་སོའི་རྐང་པའི་ཡིག་གྲངས་སུ་བྱས་འདུག་པས། བོད་སྐད་ལ་ཤིན་ཏུ་མི་བདེ་བ་ཅིག་བྱུང་ཞིང་། བོད་སྐད་ལ་ལ་སྡེབ་སྦྱོར་ཞིག་པས་
ལྕི་ཡང་སོགས་ཀྱི་རིམ་པ་མི་དགོས་པ་བཞིན་དུ། ཡིག་གྲངས་ཀྱང་མི་དགོས། མདོའི་དཔེར་བརྗོད་སྟོན་པ་རྒྱ་སྐད་ཀྱི་དབང་དུ་བྱས་པ་ཡིན་པས། བོད་ལ་གོ་བདེ་ཞིང་གཟུང་སླ་བར། སྟག་ཚང་པ་ཤེས་རབ་རིན་ཆེན་གྱིས་བསྒྱུར་བའོ།། །།

སྐྱེས་རབས་ཀྱི་ཊཱི་ཀ་བཞུགས་སོ། །༄༅༅། །རྒྱ་གར་སྐད་དུ། ཛ་ཏ་ཀ་མ་ལ་སྱ་པཉྩི་ཀ། བོད་སྐད་དུ། སྐྱེས་པའི་རབས་ཀྱི་རྒྱུད་ཀྱི་དཀའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་སྟོབས་ཀྱིས་ཐབས་ཀྱི་
སྤྱོད་པ་རྒྱ་ཆེ་དང་། །ཤེས་རབ་ཀྱིས་ནི་དེ་ཉིད་དོན་གཟིགས་ཆགས་བྲལ་བ། །མཐའ་གཉིས་མི་གནས་ཡོན་ཏན་རྒྱ་མཚོ་དང་ལྡན་པའི། །འགྲོ་བ་ཀུན་སྐྱོབ་རྒྱལ་དང་དེ་སྲས་རྣམས་ལ་འདུད། །གང་ཞིག་འགྲོ་བ་མཐའ་དག་ཡོངས་སུ་སྐྱོབ་པའི་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་། ཤེས་
རབ་ཀྱིས་འགྲོ་བའི་བྱ་བ་ལ་རབ་ཏུ་མ་རྨོངས་པ། བརྩོན་འགྲུས་ཀྱི་སྟོབས་མཚུངས་པ་མེད་པས་སེམས་ཅན་གྱི་དོན་སྤྱོད་པ་ལ་རབ་ཏུ་མི་ངལ་བ། བདག་གི་བདེ་བ་ལ་མི་ཆགས་ཤིང་བག་ཡོད་པ་སྤྱིར་ལ་རབ་ཏུ་གནས་པ། ཡོན་ཏན་རིན་པོ་ཆེའི་གཏེར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་
དཔའ་དེ་ཚོགས་གཉིས་ཀྱི་བདག་ཉིད། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པས་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ཉིད་བསྡུ་བའི་དངོས་པོ་བཞིར་གྱུར་པས་གཞན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡིན་
ལ། ཁྱད་པར་དུ་དེ་བཞིན་གཤེགས་པ། སློབ་དཔོན་འདིའི་བཞེད་པས་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ལ། བསམ་གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ་བརྩོན་འགྲུས་གཉི་གར་གཏོགས་པའོ། །ཤཱཀྱ་ཐུབ་པས་ཀྱང་སྔོན་དེ་ལྟ་བུའི་སྤྱོད་པ་རྣམ་པ་དུ་མ་མཛད་དོ། །དེའི་ཕྱོགས་ཤིག་
ཙམ་སློབ་དཔོན་དཔའ་བོས་སྦྱར་བ་ཡིན་ལ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་པོ་གང་དག་གི་བདག་ཉིད་ཡིན་པ་དང་། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་བྱང་ཆུབ་སེམས་དཔའི་སར་གསུངས་པའི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གང་དང་གང་ཡིན་པ་
དང་། ཐབས་ལ་མཁས་པའི་ཁྱད་པར་ལ་སོགས་པར་གྱུར་