Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 212
Văn bản gốc(Tây Tạng)
Trang 14 / 21 (50.000 ký tự/trang)
བསམས་པའོ། །ར་མྱ་ཙམྦ་ཀ་ཡི་ཤིང་། །རཱུ་བྱཾ་གུས་དང་ གསེར་དང་དངུལ། །རབ་བཞིའི་ཚུལ་དང་ཐོབ་བྱ་དང་། །ཐོབ་པ་དང་ནི་རིགས་པ་ལ། །ལ་ཡ་གར་སོགས་མཚུངས་པ་དང་། །རྣམ་པར་སྒེག་དང་མ་འདྲེས་པ། །ལཀྵྱཾ་གྲངས་དང་མདའ་ཟད་པ། །ཁང་པ་ལའོ། །ལཱ་བྱཱཾ་ནི། །སིལ་སྙན་གསུམ་པ་བུད་མེད་གར། །བིཀྵྱ་ རྟ་ཡི་རོལ་པ་དང་། །མཐོང་བྱ་རྨད་དུ་བྱུང་བ་ལ། །བྲཧྨྱཱ་སྡེ་ཚན་རབ་གནས་དང་། །བཪྻ་ཊ་ན་ལ་ཡང་ངོ་། །ཤཱ་ཡ། མལ་སྟན། །སྦྲུལ་ལག་པ། །མལ་དང་ལྡན་པ་ཉིད་དང་ཡང་། །སྒྲ་ཡི་གུམྤྷ་ལ་ཡང་ངོ་། །ཤལྱ་ཤྭཱ་བི་ཊ། མྱོས་བྱེད་ཤིང་། །ཤ་མྱ་ཕུར་བུ་མདའ་དང་ནི། །འོད་ མའི་ཀ་མྦི་ཀཱ་མདའ་ཆེན། །ཤཱུ་ནྱཱ་སྦུབས་ཅན། །ཤཱུ་ནྱཾ་ནི། །སྐྱེ་བོ་མེད་པ་ལ་འདོད་དོ། །སཽ་རྨྱཾ་དཔའ་བ་ཉིད་དང་ནི། །སྤྱོད་དང་ཤོར་བ་ལ་ཡང་ངོ་། །སཾ་ཁྱཾ་ཡང་དག་འགྲོ་དང་གྲངས། །གཅིག་ཉིད་སོགས་དང་འདོར་བ་ལའོ། །ཏ་ཡ་འཇིག་རྟེན་ལས་ཕ་རོལ། །ས་ཏྱ་བདེན་པ་བདེན་ བ་ཟུང་། །ལྷ་རྫས་ལའོ་ས་ཏྱཱ་སྐད། །ས་ཏྱཾ་དེ་ལྡན་མཚམས་དང་བསགས། །ཆུ་ཀླུང་དབྱེ་བ་ཀུན་འཛིན་དང་། །དམ་བཅའ་བསམ་པ་ཁྲིམས་ལུགས་ལ། །ས་བྱ་གཡོན་ཕྱོགས་ཉེ་བ་ལ། །ཤ་བྱཾ་མཚོན་ཆ་འབྲས་ཡོན་ཏན། །རྡོ་བ་བདུན་དང་སཽཌྷ་བྱ། །ནཻ་རུ་ཛྱ་དང་བཟོད་པ་ལ། །ས་དྷྱ་རྣལ་འབྱོར་ དབྱེ་བ་ལ། །ཚོགས་དང་ལྷའོ་བསྒྲུབ་བྱ་ལའང་། །སཱ་ཡ་མདའ་དང་ཕྱི་དྲོ་ལ། །སྲུཪྻ་ཉིན་མོའི་དེའི་དགའ་མ། །སྨན་གྱི་དབྱེ་བ་ལ་སུཪྻཱ། །སེ་བྱཾ་བསྟེན་འོས་འདམ་བུ་བྱིངས། །བསྟེན་པའོ་སོ་མྱཱ་མཛེས་འཁྲི་ཤིང་། །སྠེ་ཡ་མདུན་ན་འདོན་ལའོ། །སྨཡ་རྩོད་པའི་ཚིག་གཏན་འབེབས། ། སྒྲོལ་བ་སྙེམས་དང་རྨད་དུ་བྱུང་། །ཧཱཪྻ་པ་རུ་ར་ཡི་ཤིང་། །འཕྲོག་བྱ་ལའོ་ཧྲི་དྱ་ནི། །དབང་དུ་བྱེད་དང་རིག་བྱེད་སྔགས། །རིག་པ་དང་ནི་སྨན་ལའོ། །ཧྲྀ་དྱ་འཚོ་བ་བརྒྱ་པ་དང་། །སྙིང་དགའ་བ་དང་སྙིང་པོ་ལ། །ཀྵ་ཡ་འགོད་དང་བསྐལ་བའི་མཐའ། །གནས་དང་སྐྱེས་བུའི་ཁྱད་པར་ལ། །ཨདྱ་ཡ་ནི་སུན་ འབྱིན་དང་། །བཀའ་དང་རིམ་འདས་འཇིག་པའི་དབྱུག །ཨ་དྷི་ཥྱ་ནི་ཚུགས་པ་མེད། །སྤུངས་ཆེན་ཆུ་ཀླུང་ཁྱད་པར་ལ། །ཨ་ན་ཡ་ནི་ཕོངས་པ་དང་། །སྐལ་བ་ལུགས་དང་མི་དགེའི་གནས། །ཨ་པ་ཏཾ་ནི་བུ་མོ་གུ། །ཨ་བྷ་ཡ་ནི་འཇིགས་པ་མེད། །ཨབྷ་ནི་ཡའོ་བ་ན་པ་ལ། །ཨ་བྷི་ཡ་ནི་ཨུ་ཤཱིར། ། ཨ་བྷི་ཁྱཱ་ནི། །སྙན་དང་གྲགས། །བཟང་པོ་རྣམས་གྲགས་མིང་རྣམས་ལ། །ཨ་བ་དྱཾ་ནི་བསད་འོས་དང་། །དོན་མ་ཡིན་དང་སྤྱོ་བ་ལ། །ཨ་ཤྭཱི་ཡ་ནི་རྟའི་ཚོགས་དང་། །རྟ་ལ་ཕན་པའོ་ཨ་ཧ་ལྱ། །ལྷ་དང་དཔལ་མོའི་དབྱེ་བ་དང་། །གཽ་ཏ་མ་ཡི་བཙུན་མོའོ། །མ་ཧཱ་རྨ་ནི་རི་དང་བརྟན། །ཨཱ་ཏི་ཐུགས་ནི་ ཤེན་པའི་བུ། །ཤེན་པ་ལའོ་ཨཱ་ཏེར་ཡཱི། །མེ་ཏོག་ཅན་དང་རྒྱུན་ཤེས་བུ། །འབབ་ཆུའི་ཁྱད་པར་དག་ལའོ། །ཨཱ་ཏྲཻ་ཡ་ནི་ཐུབ་པའི་དབྱེ། །ཨཱ་དི་ཏྱ་ནི་ཉི་མ་ལྷ། །ཨམྣ་ཡ་ནི་མན་ངག་ཐོས། །ཨཱ་ཤ་ཡ་ནི་བསམ་པ་དང་། །གཞི་རྟེན་གཞན་ལ་བརྟེན་པའོ། །ཨཱ་ཤྲ་ཡ་ནི་བང་མཛོད་དང་། །མརྒས་པ་ དང་ཅི་འཆད་མའོ། །ཨིནྡྲི་ཡང་ནི་སེམས་ལ་སྟེ། །ཨིནྡྲི་ཡ་ནི་ཡུལ་དབང་བྱེད། །ཨུ་ད་ཡ་ནི་ཤར་རི་འཆར། །ཨ་བཱ་ཡ་ནི་མཉམ་འབྱེད་སོགས། །ཐབས་དང་ཉེ་བར་བགྲོད་པ་ལ། ཨཱུརྞཱ་ཡུ་ནི་བ་ལ་ལྡན་ལུག །ལྭ་བ་སྐད་ཅིག་འཇིག་པ་ལ། །ཨཻ་ནྱ་ཡཾ་ནི་ཨེ་ནྱཱི་ལྤགས། །དགའ་བ་འཆིང་བའི་ ཁྱད་པར་ལ། །ཨཽ་ཙི་བྱེ་ནི་གྲོལ་དེ་ཉིད། །བདེན་པ་དང་ནི་རུང་བ་ལ། །ཀམྦ་ཡ་ནི་ནིཪྻ་མ། །བཅུད་ཀྱི་དབྱེ་བ་བྱུག་པ་དང་། །འདོད་ཆགས་ཡན་ལག་དྲི་བཟང་དམར། །ཀཱ་ལེ་ཡ་ནི་ལྷ་མིན་དབྱེ། །ཀཱ་མེ་ཡཾ་ནི་དུས་དུམ་བུ། །ཀུ་ལཱ་ཡ་ནི་སྔོན་པོ་བཞིན། །འདབ་ཆགས་སྔོན་པོ་དང་ནི་གནས། ། ཀཽ་ཀྲྀ་ཏྱ་ནི་རྗེས་སུ་གདུང་། །མི་རིག་བྱེད་པ་དག་ལའོ། །གཱཾ་གེ་ཡཾ་ནི་མུ་སྟ་ཀ །གསེར་དང་ཀ་སྟེ་རུ་ཥའོ། །གཱཾ་གེ་ཡ་ནི་སྡེ་ཚན་དང་། །འཇིགས་སྡེ་དང་ནི་གཱཾ་གའི་བུ། །ཙཀྵུ་ཥེ་ནི་ཀ་ཊི་ཀ །པད་དཀར་ཤིང་དང་མིག་སྨན་བཅུད། །ཀུ་ཤ་ལྱཾ་ནི་སྐལ་བཟང་དང་། །མིག་ལ་ཕན་པའོ་ཙ་མྦི་ ཡ། །ཤྱ་པ་ཀ་དང་འཇིག་བྱེད་མདའ། །མེ་ཏོག་གེ་སེར་གསེར་ལའོ། །ཛ་གྷ་ཉཾ་ནི་ཐ་མ་སྨོད། །ལྷག་མའོ་ཛ་ཊཱ་ཡུ་བྱའི་དབྱེ། །གུ་གུལ་ཤིང་ངོ་ཏ་པ་སྱཱ། །ཚངས་སྤྱོད་དཀའ་ཐུབ་སྐར་མ་དབོ། །དེ་བ་ཡུ་ནི་ཆོས་ལྡན་དང་། །དེ་བ་ཡཱ་ཏྲི་ཀ་ལའོ། །དྭི་ཏཱི་ཡཱ་ནི་ཆེས་དབྱེ་དང་། །ས་ལེ་ རྫོགས་པར་བྱེད་པ་ལའོ། །ནཱ་དེ་ཡི་ནི་རྒྱལ་མ་དང་། །སྦ་ཡི་ཛམྦུ་ཆུའི་ལྕང་མ། །ནཱི་ཀ་ཡ་ནི་བདག་ཉིད་ཁྱིམ། །ཛ་བཱ་ནི་རངྒ་གི་གུཥྛ། །ཆོས་མཐུན་ངེས་འབབ་མཚོན་ཆ་དང་། །འདུས་པ་དང་ནི་འདྲེས་པ་ལའོ། །ཉཻ་པ་ཐྱཾ་ནི་ཚོས་བྱེད་པ། །རབ་ཏུ་སྒྲུབ་པར་བྱེད་པ་ལ། །བ་ཡ་སྱ་ནིའོ་ ཐུག་དང་། །མདོག་བཟང་འོ་མ་བཞོན་མ་དང་། །འོ་མ་ཕན་ངའོ་བཪྻ་དང་། །གནས་དང་འབྲུག་སྒྲ་སྒྲ་འབྱིན་ལ། །ངཪྻཱ་ཡ་ནི་རྣམ་གྲངས་དང་། །སྤྲུལ་པ་རབ་འབྱེད་མདའ་ལའོ། །སཱ་ནཱི་ཡ་ནི་བཏུང་བྱ་ཆུ། །བཱ་རུ་ཥ་ནི་ཕུར་བུ་ལ། །བཱ་རུ་ཥྱཾ་ནི་རྩུབ་པ་དང་། །བརྒྱ་བྱིན་གྱི་ནི་ཚལ་ལའང་ ཡང་། །པུ་ལཔྡྱ་ནི་མི་ཅིའི་དབང་། །འོད་ཡངས་ཚའོ་མགྲིན་བཅུ་ལ། །བྲ་ཏཱིརླེ་ནི་ལག་སྐྱེས་རུལ། །ཆོ་ག་ངེས་པར་བཀྲམ་པ་ལ། །པྲ་ན་ཡ་ནི་དགའ་བ་དང་། །བི་ཤྲམྦྷ་དང་སློང་བ་ལ། །པྲ་ཎཱ་ཡ་ནི་སྲེག་ལ་འདོར། །ཡང་དག་མི་འདོད་མངོན་པར་བརྗོད། །པྲ་ཏྱ་ཡ་ནི་མནའ་གཏན་ ཚིགས། །ཤེས་དང་ཡིད་རྟོན་ངེས་པ་དང་། །སཱི་ནྟཱ་དི་ཁྱཱ་ཏ་ཏཱ་དང་། །བུ་ག་གནས་སྤྱོད་རག་ལས་ལའོ། །པྲ་མ་ཡ་མཆི་བསྐལ་པའི་མཐའ། །བརྒྱལ་བར་གྱུར་པ་རྣམས་ལའོ། །པྲ་པ་བྱ་ནི་ལམ་མཐུན་དང་། །རང་བཞིན་ལྡན་པའོ། །པ་ལ་ཡ། །གདུ་བུམ་མགུལ་ནད། ཀཾ་ཀ་ཎ། ། བཱ་ལེ་ཡ་ནི་བཉྫི་ཀཱ། །བོང་བུ་བ་སི་ཧི་ཏ་པ། །བྲ་ཧྨ་ནྱ་ནི་ས་ནུ་དང་། །བྲྀ་ཥ་ཚངས་པའི་ལེགས་པ་ལ། །བྲཧྨ་ཎྱཾ་ནི་བྲམ་ཟེ་དང་། །བྲམ་ཟེ་རྣམས་ཀྱི་ཚོགས་པ་ལ། །བྷུ་ཛི་ཥྱ་ནི་གྲོགས་ངན་དང་། །ལག་པའི་སྲད་བུའོ་བྷུ་ཛི་ཥྱཱ། །རག་ལུས་མན་དང་རྗེ་རིགས་བྲན། །བྷཱུ་ཥཱ་ཙྱུ་ནི་འོད་ ཆེན་འདོད། །བསིལ་པའི་འོད་ཟེར་རྣམས་ལའོ། །བྷྲཱ་ཏྲི་བྱ་ནི། སྤུན་ཟླའི། ཐུ། །མཾ་ག་ལྱཾ་ནི་ཞོ་བཀྲ་ཤིས། །ཡིད་འོང་ལའོ་མངྒ་ལྱཱཾ། །དཔལ་འབྲས་དང་ནི་ཨ་ཤྭ་དྠ། །མ་སཱུ་རཱ་དང་སྐྱོབ་བྱེད་ལ། །མཾ་ག་ལྱཱཾ་ནི་གསལ་མ་དང་། །མེ་ཏོག་བརྒྱ་པ་བྲྀ་ཡང་ གུ། །ཐུར་བལྟས་མེ་ཏོག་ཞི་མ་དཀར། །དུང་གི་མེ་ཏོག་ཤུ་དག་རྣམས། །མ་ལ་ཡ་ནི་ཡུལ་རིའི་དབྱེ། །ཀུན་དགའ་ར་དང་རི་ཡི་ཆ། །དུར་བྱིད་ལ་ཡང་མ་ལ་ཡཱ། །མྲྀ་གཡུ་ནི་བྲམ་ཟེར་བརྗོད། །གོ་མ་མུ་ནི་ནད་དག་ལ། །ར་ཧ་སྱ་ནི་སྦ་བྱ་ལ། །ར་ཧ་སྱཱ་ནི་ཆུ་ བོའི་དབྱེ། །ལོ་ཧི་དྱཾ་ནི་དམར་པོ་དང་། །འབྲུ་དང་ཆུ་བོའི་ཁྱད་པར་ལ། །བཀྟ་བྱ་ནི་སྨོད་དང་དམན། །རག་ལས་པའོ་མ་དཱ་ཧྱ། །ངག་བཟང་པོ་དང་གཅོད་བྱེད་དང་། །རྣམ་པར་རྒྱལ་དང་རྒྱལ་བའི་ལམ། །བི་ཛ་ཡ་ནི་གཽ་རཱི་དང་། །དེ་ཡི་གྲོགས་མོ་ཆོས་དབྱེ་ལ། །བི་ ན་ཡ་ནི་དྲུལ་དང་ལུགས། །དྲ་བ་ལའོ་བི་ཤ་ལྱ། །མོ་ཡི་གཙུག་ཕུད་གླང་པོ་དང་། །གུ་ཌཱུ་ཙི་དང་དུར་བྱིད་དང་། །ཟུག་རྔུ་བྲལ་བ་ལ་ཡང་ངོ་། །བིསྨ་ཡ་ནི་རྨད་བྱུང་སྙེམས། །བི་ཥ་ཡ་ནི་སྤྱོད་ལམ་ཡུལ། །དབང་པོའི་དོན་ལའང་ངེས་པར་འཇུག །འབྲེལ་པ་སོགས་ཀྱི་ཤེས་ པའང་དྲན། །བྱ་བཱ་ཡ་ནི་རབ་དགའ་དང་། །མི་སྣང་བ་ལ་ཡང་དག་དྲན། །བྱ་བཱ་ཡཾ་ནི་གཟི་བརྗིད་ལ། །ཤིཎྜ་ཡཾ་ནི། །ཐུབ་པའི་དབྱེ། །དཔལ་འབྲས་དག་བྱེད་ཁྱད་པར་ལ། །ཤཱ་ལྱ་ཡཾ་ནི་མེ་ཏོག་བརྒྱ། །ཤའོ་སྐྱེས་པ་ལ་ཡང་ངོ་། །ཤྲཱིཪྵ་ནྱ་ནི་རྣམ་པར་རྒྱས། །སྐྲ་དང་རྩེ་མོ་ ཅན་ལའོ། །ཤཻ་ལེ་ཡཾ་ནི་རྒྱ་མཚོའི་ཚ། །ཏ་ལའི་འདབ་དང་བྲག་སྐྱེས་ལ། །ཤྭ་ཤུརླུ་སྒྱུག་མོ་དང་། །བུམ་པ་དང་ནི་ཤྱཱ་ལེ་ཀ །པནྣ་ཡ་ནི་རྒྱབ་གནས་དང་། །སྟོབས་དང་ལུགས་དང་འདུ་བའོ། །ས་མ་ཡ་ནི་གྲུབ་མཐའ་དང་། །མནའ་དང་ཀུན་སྤྱོད་ཡང་དག་རིག །དེས་བསྟན་ བྱ་བའི་རྣམ་པ་དང་། །དུས་དང་བརྡ་རྣམས་ལ་ཡང་ངོ་། །ས་རཎྜྻུ་ནི་ཆུ་སྦྱིན་དང་། །རླུང་དང་ནུས་པ། རུང་བ་སྟོབས། །བཽ་ནི་ཨ་ནཱ་ཡ་པ། །ཕག་གི་བྱ་བ་ལ་ཡང་ངོ་། །སཽ་ར་བྷྱཾ་ནི་དྲི་བཟང་དང་། །མཛེས་དང་ཡོན་ཏན་གུས་པ་ལའོ། །སཾ་སྟྱ་ཡ་ནི་ཀུན་ཏུ་འཇུག །དབྱིབས་ དང་རྒྱ་ཆེ་མགྲིན་པ་ལ། །ཏིར་ཎྱཾ་ནི་མི་ཟད་རྫས། །མཆོག་དང་གསེར་དང་ཁུ་བ་དང་། །ང་རྒྱལ་དབྱེ་བ་ལ་ཡང་ངོ་། །ཧྲི་དེ་ཡཾ་ནི་སྙིང་པོ་སྙིང་། །ཀྵི་པ་ཎྱཾ་ནི་དྲི་ཞིམ་ལུས། །ཀྵི་ཏྲ་ཡ་ནི་གཞན་ལུས་དང་། །གསོ་སྤྱད་འོས་དང་ཞིང་དང་རྩ། །གཞན་གྱི་ཆུང་མ་དགའ་བ་ དང་། །བསྒྲུབ་བྱ་དང་ནི་ནད་དག་ལ། །ཨ་ནུ་ཤ་ཡ་རྗེས་སུ་གདུང་། །རྗེས་སུ་འབྲེལ་དང་ཞེ་སྡང་ལ། །ཨནྟ་ཤ་ཡཱ་འཆི་བ་དང་། །ས་ཡི་མལ་དང་དུར་ཁྲོད་མ། །གཡས་བྲལ་གཡས་མིན་མི་མཐུན་པ། །ཨ་བ་བྱ་ན་སྙེམས་ནི་ན། །ཨུ་པ་ཀཱཪྻ་ལྟམི་བདག་གནས། །ཕན་ པར་བྱེད་པའི་དབྱེ་བ་ལ། །ཀཱ་ཏྲ་བེ་ཡ་ཞ་ཉེ་དང་། །ཤ་ཚེ་དང་ནི་མཚོན་དག་ལ། །ཨུ་བ་ཀྲ་ཡ་གསོ་སྤྱད་དང་། །རྩོམ་པ་དང་ནི་གསོད་པ་ལ། །ཟླ་བའི་ན་ཚོད་བླ་རེ་དང་། །བདག་ཉིད་དང་ནི་སྨན་གྱི་དབྱེ། །ཛཱ་ལཱ་ཤ་ཡ་ཆུ་ཡི་གཞི། །ཛ་ལ་ཤ་ཡཾ་འདམ་བུ་སྦྱིན། ། ཏཎྚུ་ལི་ཡ་བྱི་དོང་གའི། །ཤིང་དང་ཆུང་དུ་མཱ་རི་ལ། །གདུང་བ་རྩ་དང་སྟོང་པ་དང་། །ཀ་ཏ་ཀའི་འབྲས་ཕྲེང་བ་ཡངས། །དྷ་ནཾ་ཛ་ཡ་རྟ་དང་ལུས། །གླང་པོ་རླུང་མེ་ཀ་ཀུ་བྷ། །ནི་ར་མ་ཡ་སྐྱོན་མེད་རྟོག །པ་རི་བཱ་མ་ཆུ་ཡི་གནས། །ནཾ་ཏ་མྦ་དང་། །ཡོངས་སུ་བཀབ། །པཱཉྩ་ ཛེ་ནྱ་ཧྲི་ཋཱི་ཀ་ཤ །དུང་དང་བཱ་ཊ་ག་ལའོ། །བཽ་རུ་ཥེ་ཡ་སྐྱེས་བུའི་རྩལ། །ཚིག་དབྱེ་ཚོགས་བ་གསོད་པ་དང་། །སྐྱེས་བུས་བྱས་པ་རྣམས་ལའོ། །བི་ཏ་བཱ་ཡཾ་འཇིགས་པ་དང་། །འཇིགས་རུང་པྲ་ཏི་ཤྲ་མ་ནི། །འདུན་ས་དང་ནི་གནས་ལའོ། །ཕ་ལཾ་ད་ཡ་འབྲས་ བུ་རྣམས། །འབྱུང་དང་རྙེད་དང་སུམ་རྩེན་ལ། །པི་ལེ་ཤ་ཡ་བྱིས་བ་སྤྲུལ། །བྷཱ་ག་དྷེ་ཡཾ་སྐལ་བ་དང་། །ལག་པ་དང་ནི་ཆ་ལའོ། །བྷྲི་ཏནྡྲྀ་ཡ་བྱེད་པ་དང་། །སྒྲ་དང་སྤྱོད་ཡུལ་འདུས་པ་ལ། །མ་ཧོད་བོ་ཡེཀུན་འབྱུང་དང་། །བྱང་གྲོལ་དུ་མོ་རྒུར་མོ་ལ། །ཡ་ཧཱ་ལམ་གཙུག་ ལག་ཁང་། །མུ་སྟེགས་ཁང་དང་མཆོག་བདག་ལ། །མ་ཧཱ་མཱུ་ལྱི་རིན་ཐང་ཆེ། །པདྨ་རཱ་ག་ལ་སོགས་ལ། །མཱཛཱ་རི་ཡ་དམངས་རིགས་དང་། །བྱི་ལ་བྱ་བ་སྤྱོད་པ་ལ། །ར་ཏེ་ཎྱ་ཡ་རབ་འཕྱང་གསོད། །ལྷག་པ་དང་ནི་ནེའུ་ལེ། །ས་མུཙྪ་ཡ་སྦྲིང་དང་འགོག །ས་མུ་དཱ་ཡ་ ཚོགས་པ་དང་། །ཀུན་ཏུ་སྦྱོར་དང་ཉེ་བའི་རིམ། །ས་མཱུ་དཱ་ཡ་ཚོགས་བྲིད་སྒྲ། །སམྦ་ར་ཡ་གཡུལ་འགྱེད་དང་། །རྒུད་དང་ཕྱི་མའི་དུས་དག་ལ། །ས་ལངྒ་ཡ་སྒྲ་དང་མིང་། །རོལ་རྩེད་ཕྱུགས་དང་བྱ་དག་ལ། །སྠུའུ་ལོཙྪ་ཡ་མཐའ་དག་ནི། །ཤིང་དུམ་རྡོ་བ་ཟ་མ་ཏོག །གླང་པོ་རྣམས་ཀྱི་བར་མ་ལ། ། ཨ་ཀུ་ཏོ་བྷ་ཡཾ་ཞེས་པ། །ལྷ་ཁང་ཨ་ཀཱིནྡི་ཤཱིཀ །ཀཱ་ལཱ་ནུ་པཱཪྻཾ་ནི་ཤིང་། །ཤི་ཤ་བ་དང་དུས་སྐྱེས་དང་། །རི་ལས་སྐྱེས་པ་རྣམས་ལའོ། །དུགྦྷ་ཏཱ་ལཱི་ཡང་ཞེས་པ། །ཨཱ་མའི་འོ་མ་འོ་མའིས། །དབུ་བ་ཅན་དང་དེ་ནས་ནི། །འོ་མའི་ཙམ་ས་དང་ནི། །ཏ་ཏ་པཎྜ་ཀཱི་ཊའོ། །པྲ་བ་ཙ་ནཱི་ཡ་ཞེས་པ། །བརྗོད་བྱའི་ རབ་དང་རྗོད་བྱེད་རབ། །པྲྀ་ཥ་ཀ་བཱ་ཡཱི་ཞེས་པ། །དཔལ་མོ་གོ་རིམ་འཚོ་བྱེད་མ། །བརྒྱ་ལས་མཆོག་ཏུ་གྱུར་མའོ། །པ་ཏྱུངྒ་མ་ནཱི་ཡཾ་ནི། །ཉེ་བར་གནས་བྱ་སྦྱང་པའི་གོས། །བི་ཤྭ་ཀྶེན་བྲི་ཡཱ་ནི། །པདྨ་མ་དང་སྐྱོབ་བྱེད་ལ། །ཡ་མཐའི་སྡེའོ།། །།ར་ནི་འདོད་མེ་མེ་དང་རྣོ། །རྭ་ནི་ཨ་རྟོག་སེར་དག་ལ། ། རུ་ནི་སྒྲ་དང་འཇིགས་དང་ཆ། །རི་ནི་ཉིན་བྱེད་ས་ལའོ། །གྲོ་ནི་བཅོད་བྱ་འཚོད་བྱེད་ལ། །གྷྲཱ་ནི་སྣ་དང་སྣོམ་བྱེད་དང་། །དྲ་ནི་ཤིང་དང་ཉིན་མོ་དང་། །གསེར་དང་འདོད་པའི་གཟུགས་ཅན་ལ། །ཤྲཱི་ནི་དཔལ་མོ་དབྱངས་ཅན་དང་། །མཛེས་དང་ཤེས་རབ་ཐང་ཤིང་དང་། །འཇུག་པ་སྡེ་གསུམ་ཕུན་ ཚོགས་དང་། །ཆ་ལུགས་དང་ནི་ཕན་བྱེད་དང་། །སྲུ་ནི་འཛག་དང་ཆུ་འབབ་སྒྲ། །ཧྲི་ནི། བི་ཌ་ངོ་ཚ་ལ། །ཨ་གྲཾ་གཙོ་བོ་མཆོག་དང་ནི། །རྩེ་མོར་གྱུར་དང་ལྷག་པ་སོགས། །མདུན་དང་སྟོབས་དང་ང་རྒྱལ་དང་། །བྲམ་ཟེ་མཛེས་དང་འོད་དག་ལ། །མཆོད་དང་འདེགས་པ་དག་ལའོ། །ཨངྒ་མ་ སྲི་མྦེ་ཁཱཎྜི་སྭ་རྣོ། །མ་དྷོ་རི་ཧེ་རི་སྐྱེས་ལའང་ངོ་། །རནྟྲ་མྱུར་བ་འཁྱོགས་ལུས་དང་། །མྱུར་བར་འགྲོ་བ་དག་ལའོ། །ཨ་ཤྲཾ་དམར་དང་གསོལ་ལའོ། །ཨ་ཤྲ་ཟུར་དང་སྐྲ་ལའོ། །ཨ་སྟྲཾ་མཚོན་ཆ་གཞུ་གནས་ཕྱིན། །ཨཱ་རཱ་པགས་པ་འབིགས་པ་ལ། །ཨཱ་རཱ་ས་སྐྱེས་སྤེན་པ་ལ། ། ཨ་རུ་ཤིང་གི་དབྱེ་བ་དང་། །སྤེའུ་དང་ནི་མཆེ་བ་ཅན། །ཨིནྡྲ་བརྒྱ་བྱིན་མུན་པ་ཉིད། །རྣལ་འབྱོར་དབང་པོ་གདེངས་ཀ་ལ། །ཨི་ར་བཅུད་དང་འཁོར་དང་འཛིན། །མི་མཉམ་པ་ཡིས་རྣམས་ལ། །ཨུ་གྲ་དྲག་གོ་བོད་པ་དང་། །དམངས་རིགས་བུ་དང་འཕྲོག་བྱེད་ལ། །ཨུ་གྲ་ཤུ་ནག་སྦྲིད་པ་ དང་། །རྔ་མོ་གླང་མོ་ཆེ་མོ་ལ། །ཨུཥྚི་པ་ལང་སྐྱོང་མ་ལ། །ཨུ་སྲ་འོད་ལ་ཨུ་སྲཱ་ནི། །བ་ལང་སྟེང་སྐྱོབ་དག་ལའོ། །ཨཻ་ནྡྲི་བྱ་རོག་རྒྱལ་བྱེད་ལ། །ཨེ་དྲ་ཛ་པཱའི་ཤིང་དང་ནི། །ཆང་གི་ཁྱད་པར་དག་ལའོ། །ཨཾགྷྲྀ་རྐང་པ་པྲཾ་ཐུ་བོ། །ཀ་དྲུ་གསེར་དང་སེར་སྐྱ་ལ། །ཀ་རི་ལག་པ་འོད་ཆར་རྡོ། །ཀཱ་ར་བསད་ པ་མ་མོ་རི། །ངེས་དང་སོ་སོར་འབད་པ་དང་། །སྟོབས་ལྡན་ལའོ་སཱ་རཱ་ནི། །གཉེན་དང་གྲོང་ཁྱེར་འཆིང་བ་དང་། །གསེར་དང་བྱས་པ་གཟིར་བ་དང་། །ཕོ་ཉ་མོ་དང་རབ་བསྟེན་པ། །ཀཱ་རུ་བཟབ་དང་། །བྱེད་པ་པོ་དང་ལས་ཀུན་པ། །ཀཱ་རི་བྱ་བ་ནཱ་པི་ཏ། །ཀཱི་ར་ལྗོངས་དང་ནེ་ཙོ་ ལ། ཀུ་རུ་མི་བདག་ཁྱད་པར་ཟས། །དཔལ་མགྲིན་དང་ནི་དུག་སེལ་ལ། །ཀྲྀ་ཙྪཾ་དཀའ་ཚེགས་སྡིག་པ་དང་། །ཀུན་ཏུ་གདུང་བ་ལ་སོགས་ལ། །ཀྲུ་ར་དྲག་པོ་རྩེ་མེད་དོ། །ཀྲོཥྚི། ཅེ་སྤྱང་འོ་མ་དང་། །རྣམ་པར་འཇོམས་དང་བེ་དའི་ཤིང་། །ཁ་རེ་བོང་བུ་ལྷ་སེག་དང་། ། རྣོན་པོའི་ཁ་རུ་སོ་མེད་སྦྲུལ། །དཀར་པོ་ལྷན་ཅིག་ཀོ་ལའི་འདབ། །ག་ར་ནད་ཀྱི་ཁྱད་པར་ལ། །ག་རཾ་དུག་དང་ཉེ་དུག་བྱེད། །གཱ་ཏྲཾ་གླང་པོ་མཆོག་དང་ལུས། །བྱིན་པ་ལ་སོགས་ཡན་ལག་དབྱེ། །གི་རི་རི་དང་རི་ལྡན་དང་། །འཛིན་ཁྲི་མིག་དང་འཇིག་པ་དང་། །སྐད་དང་ ཚིག་དང་དབྱངས་ལ་ཡང་། །ཀུ་རུ་བསྟེན་བྱ་སོགས་བྱེད་དང་། །བྲམ་ཟེ་སོགས་དང་ལྷ་སྔགས་པ། །ཆེན་པོ་གཡོ་བ་དུ་རྫར། །གུཎྡྲ་གཟི་བརྗིད་ཅན་ལའོ། །གུནྡཱ་འབྲས་གང་བླ་སྒང་དང་། །བྲྀ་ཡང་ཀུ་དང་གར་འཁྱོག་ལ། །གྲྀདྷྲ་ལུ་བའི་བྱེ་བྲག་གོ། །གོ་ཏྲ་ས་འཛིན་གོ་ཏྲཾ་ རིགས། །ཀྵ་ཏྲ་དང་ནི་མིང་ལ་ཡང་། །སྲེད་པ་གནོད་པ་ཟླ་བ་དང་། །ལམ་དང་ནགས་ཚལ་དག་ལ་ཡང་། །གོ་དྲཱ་བ་དང་བ་ལང་ཚོགས། །གོ་ར་མཚན་མོར་བྱེད་པ་དང་། །སྐྱ་རེངས་རེ་དཀར་རྣམ་དག་ལ། །གོ་རི་རི་ཡི་བུ་མོ་དང་། །ཆུ་ལྷ་མོ་དང་འཇིགས་པའི་སྐལ། ། ཆུ་ཀླུང་། རི་མོ་སྐྱེད་མ་དང་། །དམར་སེར་གསལ་འདོད་པྲྀ་ཡང་ཀུ། །གཽ་རཾ། རྣམ་འཇིག །དཀར་པོ་དང་། །ཡུངས་ཀར་པདྨ་ཅན་དང་མཚོ། །གྷ་པྲ་ཉིན་མོ་འཚེ་བ་ལ། །གྷོ་རི་འཇིགས་པ་མངོན་པར་བརྗོད། །ཨུ་མའི་མིང་། །གྷོ་ར་མདུད་ཅན། །ཙ་ཀྲ་ནཾ། །དུར་པ་དང་ནི་ཚོགས་པ་ལ། ། ཙ་ཀྲེ་ཤིང་རྟའི་ཡན་ལག་དམག །གྲོང་གི་དྲ་བ་ཆུ་ཡི་འཁོར། །ཀུ་ལ་ལ་དང་བྱ་བ་སྒྲུབ། །སྣོད་དང་ཡུལ་འཁོར་མཚོན་ཆའི་དབྱེ། །རྩི་ཏྲཾ་སྣ་ཚོགས་རྨད་བྱུང་དང་། །ཀུན་ནས་བྲིས་དང་ཐིག་ལེ་མཁའ། །ཙི་ཏཱ། རྒྱུ་སྐར་ཐོས་བྱེད་མ། །ལག་འགྲོ་ དང་ནི་ལྷ་མོའི་དབྱེ། །བྱི་བའི་ལོ་མ་གོ་ཊུ་མབ། །བཟང་མོ་དང་ནི་གླང་མོའོ། །རྩི་རཾ་ཝ་སྟ་གཙུག་ཕུད་དང་། །ཞ་ཉེ་དང་ནི་བའི་ནུ་མ། །ཙི་རི་ཀཙྪ་ཊི་དང་ནི། །ཀཱ་པི་ནི་དང་། ཙི་ཀྲ་དང་། །སྐྱུར་བ་ཆུ་ཡི་ལྕང་མ་འོ། །ཙུ་ཤྲཱི། ཙག་དང་། ཙུ་གྲི་ནི། །སྐྱུ་རུ་ར་ཡི་ཤིང་ལ་འདོད། །ཙི་ཏྲ་ཟླ་ བ་རིའི་དབྱེ་བ། །ཤི་བ་དང་ནི་མཆོད་རྟེན་ལ། །ཙོ་ར་ཆོམ་རྐུན་དུང་བཟང་པོ། །རྩྪ་ཆེ་གདུང་སྒྲིབ་པ་ལ། །ཆེ་ཏྲཱ་སྦྲང་རྩི་ཅན་དང་ནི། །གཡེར་མ་དང་ནི་དབང་པོའི་བྲག །ཛཱ་ར་ཚིམ་བྱེད་བདག་པོ་ལ། །རྫཱ་རི་ངེས་དང་སྨན་བྱེ་བྲག །ཛཱི་ར་ཟིར་རལ་གྲི་དང་། །ཊཱ་ར་ མཚོན་དང་མགྱོགས་འགྲོ་ལ། །ཏིནྟྲི་གཙོ་པོ་གྲུབ་མཐའ་དང་། །ཐོས་པ་ཡལ་གའི་ཁྱད་པར་དང་། །བྲན་བཟའ་འཛིན་དང་བསྟན་བཅོས་དང་། །རྒྱུ་དང་ཡོངས་སུ་འགེབས་པ་དང་། །སྲད་བུ་ལྡན་དང་། རྐྱང་པ་མཆོག །གྲུབ་པ་དང་ནི་སྒྲུབ་བྱེད་ཐབས། །ཏནྟྲི་ རིག་དང་ཡོན་ཏན་དང་། །ཚིག་དང་། གུ་ཌཱུ་རྩཱི་དང་ནི། །མིག་དང་རབ་ཏུ་རིངས་པ་ལ། །ཏ་རི་གོས་སོགས་སྒྲོམ། གྲུ། སྒམ། །ཏཱ་ནཾ་ཟངས་དང་སྐྱ་རེངས་དམར། །ཏཱ་ར་ཤིན་ཏུ་མཐོ་དང་གཞུ། །མུ་ཏིག་ལ་སོགས་ལེགས་དག་དང་། །སྒྲོལ་དང་དག་དང་གྲོལ་བ་ལ། །ཏཱ་རཾ་ དངུལ་དང་སྐར་མ་དང་། །མགྲིན་བཟང་བླ་མ་བུད་མེད་དང་། །སངས་རྒྱས་ཅན་འཁྲུངས་ལྷ་མོ་དང་། །མིག་གི་དབུས་ཀྱི་འབྲས་བུ་ལའོ། །ཏཱི་ར་དཀའ་ཐུབ་འགྲམ་ངོགས་དང་། །ཤར་དང་ནུབ་ཀྱི་དེ་དག་གོ། །ཏཱི་པྲཾ་ཤིན་ཏུ་བོད་པ་དང་། །ཚང་བ་དང་ནི་མིག་དེ་ལྡན། ། ཧཱི་བྲི་དུར་བའི་ཏ་ཟེར་དང་། །དྲི་ཡི་དུ་རྦཱ་དག་དང་ནི། །འོད་མ་ཅན་དང་རབ་སྐྱེས་ལ། །ཏོ་ཏྲཾ་འཇོམས་བྱེད་སྐྲག་དང་དོར། །ད་རི་རི་སུལ་ཅུང་ཟད་དོན། །ད་པྲ་བོང་བུ་རྟ་དག་ལ། །ད་རུ་ལྷ་ཡི་ཤིང་དང་ཤིང་། །དྭ་རཾ་སྒོ་དང་ཁས་ལེན་ལ། །དྷུ་ར་རུས་སྦལ་ཕྱུགས་དང་གསོད། ། རས་བལ་དྷ་ར་འཛིན་མ་དང་། །སྙིང་པོའི་གཞི་དང་ས་ལའོ། །དྷཱ་དྲཱི་སྒྱུར་དང་ཤ་མ། །ཉེ་བའི་མ་དང་ཀེ་ཏ་ཏཱི། །དྷྭ་ར་འཛིན་མ་ཕུན་ཚོགས་ཆར། །དྭ་ན་ཕྲེང་བ།འཚེ་བ་རྫས། །འགྲོ་བ་རྟ་འགྲོས་རྔ་པ་ཅན། །རལ་གྲི་སོགས་ཀྱི་ཁ་དང་ནི། །དམག་རྩེ་མིག་ དེང་གོང་བྱེ་བྲག །ཡུང་བ་དང་ནི་མཚན་མོ་ལ། །དྷི་ར་མཁས་བརྟན་ཡངས་དང་འཇམ། །དྷཱི་རཾ། གུར་གུམ་ན་བཀྲ་ནི། །ཟབ་མོ་ལའོ་ན་ཏྲ་ནི། །སྣ་ཡི་རྩེ་མོ་དྲག་པོ་ལ། །ནཱ་རས་དང་རྒྱལ་བ་མི། །མཱ་རཱ་མ་དང་ག་བུར་ལ། །ནཱ་ར་རྒྱུད་བཱ་ན་ཆུ་ནཱ་པྲ། །མཚན་ མོའི་བདག་པོའི་ནི་པྲི་ནི། །སྟོབས་ཅན་དང་ནི་མུ་ཁྱུད་དང་། །ནམ་གྲུ་དང་ནི་ནགས་ཚལ་ལ། །ནེ་ཏྲཾ་མིག་དང་ཤིང་གི་རྩ། །གོས་དང་ཡོན་ཏན་ཤིང་རྟ་གར། །ནེ་རྟ་དར་དང་འདྲེན་བྱེད་བརྗོད། །པཏྟྲི་ལོ་མ་འདབ་མ་མངའ། །ཕྱོགས་དང་འདྲེན་པའོ་པ་ར་མཆོག །བདག་ ཉིད་འདི་དང་ལྐོག་ཏུ་གྱུར། །པ་རཾ་མི་ཟད་འགའ་ཞིག་འདོད། །པཱ་ཏྲི་སྣོད་དང་བློན་པོ་དང་། །རུང་དང་འགྲམ་གཉིས་ཁྱད་པར་དང་། །བླུགས་གཟར་སོགས་ཀྱི་འདབ་མ་དང་། །ཕན་ཚུན་འགྲམ་གྱི་ཁྱད་པར་ལ། །པཱ་རཱི་སྡིག་སྲིན་རྫོགས་པ་དང་། །བཱནྟ་དང་ནི་པཱ་ར་བ། ། གླང་པོའི་རྐང་པའི་ཐག་པ་ལའོ། །པུནྟ་ལྷ་མིན་བུར་ཤིང་དབྱེ། །པདྨ་དཀར་པོ་དང་ནི་འབུ། །ཁྲ་བོ་དང་ནི་གནས་མ་དང་། །ས་དང་ཆང་ལའོ་སུ་རཾ་ནི། །གྲོང་ཁྱེར་སྐྱ་ནར་བུ་དང་ཁྱིར། །སྟེང་ཁྱིམ་གྲོང་དང་ལུས་ལའོ། །པུ་ར་གུ་གུལ་བུ་རཱ་ནི། །སྔོན་དུས་པུ་རུ་མཐོ་རིས་དང་། །མི་བདག་ཁྱད་པར་བྲ་ཧྱའོ། ། པ་རཱ་ཆོམ་རྐུན་པུ་ར་ནི། །ཕྱེ་མའི་བྱེ་བྲག་ཆུ་འབབ་དང་། །རྨ་ནི་ཡང་དག་འཁྲུད་པ་ལ། །བོ་ཏྲཾ་གོས་དང་གདོང་གི་རྩེ། །ཕག་པའི་མཆུ་ལའང་དང་བ་ལྟར་བར་བྱ། །པཽར་གྲོང་ན་བརྗོད་པར་བྱེད། །པཽ་རཾ་རྩའོ། །བ་ཀྲ་ནི། །དལ་བལ་འགྲོ་བའོ་བ་ཀྲཾ་ནཾ། །འཕར་མའི་དབྱེ་བ་རྗོད་པར་བྱེད། །བ་ཀྲ་འཁྱོག་དང་ཁྲོ་བ་ལ། །བ་དྷྲུ་གྲོང་ དང་མིག་དག་ལ། །བ་དྷུ་ཐུབ་པ་ཕྲ་མོ་དང་། །ནེའུ་ལེ་རྐང་ག། །རྡོ་རྗེ་དང་། །དམར་སེར་དང་ནི་ཡངས་པ་ལ། །བར་བུ་མོའི་བདག་པོ་དང་། །ཥི་ལྒ་ལྷ་ལ་སོགས་དང་། །བསླུ། །ཡོངས་སུ་བསྐོར་བ་ལ་འགྱུར་རོ། །བ་རཾ་གུར་གུམ་ལ་འདོད་དོ། །གཙོ་བོ་ཡིད་ཀྱི་ཁྱད་པར་ལའང་། །བི་རཱ་འབྲས་བུ་གསུམ་དང་གྲུ། །བ་རཱི་བ་རྒྱལ་ལས་འདོམས་མའོ། ། བཱ་ར་ཉི་མ་སོགས་ཉིན་དང་། །སྒོ་དང་། སྐབས་དང་འཕྲོག་བྱེད་ལ། །བྷ་ར་ཤིར་སྒུར་ཆང་སྣོད་ཚོགས། །བཱ་རི་གླང་པོའི་ཆིངས་སོགས་ལུས། །བཱ་རི་ལྷ་མོ་དབྱངས་ཅན་མ། །བ་རི་ངོ་ཚ་ཤེས་དང་ཆུ། །བཱ་སྲ་ཉིན་མོ། །བ་སཾ་ནི། །མྱོས་བྱེད་ཡན་ལག་བཞི་མདོའི་ལམ། །བཱི་ ར་ཤིན་ཏུ་དཔའ་དང་རྫོགས། །བི་རཾ་རྩ་དང་བའི་རཾ་མི། །ཆུ་ཤིང་གམྷ་རཱི་དང་ནི། །ཏཱ་མ་ལ་དང་ལ་བཱ་ལུ། །ཀྵཱི་རཱི་པཱི་དང་། ཀཱ་ཀོ་ལཱི། །འོ་མ་བདག་པོ་བུ་ལྡན་མ། །ཨུ་དུམྦ་རི་བ་ལང་ལྷས། །འོ་མ་རྣམ་པར་འཇོམས་པ་ལ། །བྲེནྟ་སྦྱིན་བྱེད། །བརྒྱ་བྱིན་སོགས། །འཇོམས་དང་སྤྲིན་དང་ སྒྲ་རྣམས་ལ། །བྷ་དྲ་འཕྲོག་བྱེད་དགའ་སྤྱོད་དང་། །ཤིང་དང་མ་རུ་ཀ་དནྡྷ། །གླང་པོ་གཙོ་བོ་ལེགས་པ་ལ། །བྷ་དྲི་བྱེད་པའི་དབྱེ་བ་དང་། །བླ་སྒང་བདེ་བ་གསེར་རྣམས་ལ། །བྷ་དྲཱ་འདོར་བྱེད། །སྨན་དང་ཕྲ། །མ་གུག་པ་དང་ཀཊྥ་ལ། །བྷ་ར་ཤིན་ཏུ་ཕུལ་བྱུང་བུར། །བྷ་རུ་སྤུན་ཟླ་ གསེར་ལའོ། །བྷཱ་ར་གསོད་བྲལ། བ་ལཱ་ནི། །གསེར་དང་ཁྲི་ཕྲག་གཉིས་ལའོ། །བྷི་རུ་དབང་པོར་འདམ་པ་དང་། །འཇིགས་དང་ནཱ་སི་ཀའི་བྱེ་བྲག །བྷཱུ་རི་བྲཱ་རྫྱ། །གསེར་དང་། །ཚངས། དབང་པོ་དང་ནི་དཔའ་བ་ལ། །མནྟཱ་རིག་བྱེད་ཁྱད་པར་དང་། །གསང་བ་སྨྲ་དང་ ལྷ་སོགས་སྒྲུབ། །མ་རུ་མྱ་ངམ་རི་སྐྱེས་ལ། །མཱ་ཏྲཾ་མཐའ་དང་དེས་བཟུང་ལ། །མཱ་ཏྲཾ་ཡོངས་སུ་འགེབས་དང་འབྱོར། །ང་རྒྱལ་ཉུང་དང་རྣ་རྒྱན་དང་། །ཡི་གེའི་ལུས་སོ་མཱ་ར་ནི། །བགེགས་དང་འཆི་དང་ལྷ་བྲྀ་ཥ། །མཱ་རི་གཏུམ་པོ་སྐྱེ་བ་ཟད། །མི་ཏྲ་གྲོགས་པོ་ཉི་མ་ལ། ། མཱི་ར། འོད་ཟེར་རི་བོ་ཆུ། །མུ་ར། ལྷ་མིན། །གསོད་པ་ལ། །ཡཱ་ཏཱ་ལྟད་མོ་འགྲོ་དང་འགྲོ། །ལྷ་ཡི་དགའ་སྟོན་དག་ལའོ། །རཱ་ཥྚཾ་ཡུལ་སྐྱེད་པ་དག་ལ། །རུ་རུ་རི་དགས་ལྷ་མིན་དབྱེ། །རེ་ཏྲཾ། ཁུ་ག་བདུད་རྩི་དང་། །དངུལ་ཆུ་གོས་ཀྱི་གནས་ལའོ། །རོ་དྷཱ། རྔོན་ པའི་བུ། ལོ་དྷཾ། །རྒྱ་སྐྱེགས། །སྡིག་པ། །སྒྲུབ་པ་བྲལ། །རོ་ཏྲཱཾ་གཏུམ་མོ། །རཽ་ཏྲ་ནི། །དྲག་པོ་དང་ནི་འཇིགས་སུ་རུང་། །དབང་པོའི་དབྱེ་བ་དང་ནི་སྒོ། །བཀྲཾ་བཛྲ་རྒྱུད་ཅན་སྨད། །བཛྲ་དབྱིག་དང་། རྒྱགས་དང་ནི། །བྱིས་པ་དག་དང་སྐྱུ་རུ་རའོ། །ར་བྲ་པ་དང་ འགྲམ་ལའོ། །ཀྵེ་ཏྲ་ཡིད་དང་རྡུལ་དག་ལ། །གེརཾ་ལུས་དང་ཁ་བྱེ་རླུང་། །བྱ་གྲ་གོ་བཟློག་ཡང་དག་ལ་བྲུགས། །བྱཱ་གྷྲ་གུད་དང་ཀ་རཉྫ། །ཁྲག་ལྡན་སྒོ་ངའོ། །བྱ་གྷི་ནི། །རེག་དང་གཙོ་བོ་གཞན་གནས་སོ། །ཤ་བཀྲ་བརྒྱ་བྱིན། སྲིད་སྒྲུབ་ཤིང་། །རྟ་ཏྲི་བདེ་སོགས་ བདག་པོ་སྤྲིན། །ག་རུ། རྡོ་རྗེ་ཁྲོ་བོ་ལ། །ཙཱ་ར་གཟི་བརྗིད་ཆེར་མ་ལ། །ཤ་རི་ཆུ་དང་གྲི་ལའོ། །སསྟཱི་གྲི་དང་མཚོན་ཆ་ལྕགས། །ཤར་ཁྲ་བོ་དང་ནི་རླུང་། །ཤཱ་རི་བྱ་དང་མདོག་དམར་སེར། །འཐབ་དང་གླང་པོ་བགྲོད་པ་དང་། །འདོགས་དང་བྱེད་པ་དག་ལའོ། །ཤཱ་ཏྲཾ་ ཀ་དང་བསྟན་པ་ལ། །ཤི་གྲུ་སོམ་ཉི་ཡལ་ག་ལ། །བཛྲ་ལུས་དང་སྙིང་པོ་ལ། །ཤི་གྷྲ་མྱུར་དང་སྒྲོལ་བ་ལ། །ཤུ་ཀྲ་པ་སངས་མ་གཙོ་བོ། །ཤུ་ཀྲཾ་ཀུ་བ་མིག་ནད་དང་། །དཀར་པོ་ལའོ་ཤུབྷྲཾ་སྤྲིན། །སྒྲོན་མེ་དང་ནི་དཀར་པོའོ། །ཤུ་ར་མཛེས་དང་དཔའ་བར་བཤད། ། སཱུ་ར་ཉི་མ་ལ་ཡང་བལྟ། །ཤ་ཏྲཾ་མཆོད་སྦྱིན་རྟག་ཏུ་སྦྱིན། །ཀེ་ཏ་བ་དང་གནས་དང་ནགས། །ས་ར་དོ་ཤལ་སྟག་པའི་རྩེར། །སཱཾ་ཏྲཾ་འཐུག་པོ་དང་ནི་ས། །ནགས་ཚལ་རྣམས་ལའོ་བཱ་རཾ་ནི། །རིགས་པ་ཆུ་དང་ནོར་ལའོ། །སཱ་ར་རྐང་མར་ཆ་ཤས་རགས། །པི་བྲ་ཚད་གདུང་དང་ ནི་ཆུ། །པི་པྲ་ཆུ་ཀླུང་ཁྱད་པར་ལ། །སཱི་ར་ཐོང་གཤོལ་ཉིན་མོའི་བདག །སུ་ར་ལྷའོ་སུ་རཱ་ནི། །ཆང་དང་བཏུང་བ་སྣོད་དག་ལ། །སཱུ་ཏྲཾ་མཚོན་བྱེད་དང་ནི་གཞུ། །སྣལ་མ་དང་ནི་རྣམ་གནས་ལ། །སྠི་རཾ་གཡོ་མེད་ཐར་པ་དང་། །ཤལའི་འདབ་མ་ས་ལའོ། །སྥར་རྣམ་པར་གཙིགས་པ་ དང་། །སྤྱི་བླུགས་སོགས་དང་ཆུ་བུར་བདག །ས་ར་ཨ་ཡིག་ལ་སོགས་དང་། །མཐོ་བ་སོགས་དང་བར་མ་སོགས། །སྒྲ་མེད་འཇིགས་དང་རླུང་ལའོ། །སྭ་རི་རང་འདོད་དང་ནི་དལ། །སྭ་རུ་རྡོ་རྗེ་མཆོད་སྦྱིན་འདའ། །ཁུར་བ་དང་ནི་དུམ་བུ་ལའོ། །ཧ་རི་ཁྱབ་འཇུག་ཡོངས་དབང་དང་། །ཟླ་ བ་རླུང་དང་དབང་པོ་མེ། །གཤིན་རྗེ་སྦྲུལ་དང་སྦལ་པ་སྤྲེའུ། །རྟ་དང་ནེ་ཙོ་འཇིག་རྟེན་དབྱེ། །དམར་སེར་དང་ནི་འཕྲོག་བྱེད་དོ། །ཧཱ་ར་མུ་ཏིག་ཕྲེང་མཚོན་ཆ། །ཧི་སྲཾ། བྱ་རོག་འབྲས་བུ་ཤ། ཧི་པྲཾ་འཇོམས་པར་བྱེད་པ་ལ། །ཧཱི་ར་པཱི་སཱི་ལི་ཀཱ་དང་། །དཔལ་དང་རྡོ་རྗེ་བདེ་བྱེད་ལ། །ཧོ་བཱ་རི་མོའི་ བྱེ་བྲག་དང་། །བསྟན་བཅོས་དབྱེ་བ་ཁྱིམ་དང་ནི། །དུས་སྦྱོར་ཕྱེད་པ་རྣམས་ལའོ། །ཀྵ་ར་སྤྲིན་དང་ཀྵ་རཾ་ཆུ། །ཀྵ་ར་འཆིར་བུ་ཐལ་བ་དང་། །བཅུད་དང་ངན་པ་ལན་ཚྭ་ལ། །ཀྵི་རཾ་འོ་མ་ཆུ་དག་ལ། །ཀྵུ་ཏྲ་ཆུང་ངུ་ཐ་མ་དང་། །ཁྲོ་དང་སེར་སྣ་ དག་ལའོ། །ཀྵུ་ཏྲཱ་རྗེ་རིགས་མ་གར་མ། །ལུས་བྲལ་བཅུད་འཇོམས་ཆེན་མོའོ། །ཧོ་ཤཱ་ཀཎྜ་ཀཱ་རི་དང་། །ཅཾ་གེ་རཱི་དང་མ་ཀྵི་ཀ །ཀྵུ་ར་ནཱ་སི་ཏ་ཕན་བྱེད། །བཟེ་མ་དང་ནི་ཨ་མབ་ར། །ཀྵེ་ཏྲཾ་ལུས་དང་ཆུང་མ་དང་། །ཟོར་བ་གྲུབ་པ་གནས་རྣམས་ལ། །ཀྵཽ་ཏྲ་འོ་ མ་ལ་ཡང་ངོ་། །ཨཾ་གུ་ར་ནི་ཤིང་ཤ་པ། །ཡངྐ་ཀེ་དང་ཡང་བའོ། །ཨངྐུ་ར་ནི་མྱུ་གུ་དང་། །སྦུ་དང་ཆུ་དང་ཁྲག་ལའོ། །ཨཾ་གཱ་ར་ནི་མི་ཤེས་དང་། །བཀྲ་ཤིས་དང་ནི་མ་པོ་བ། །ཨ་ཛཾ་ར་ནི་རླུང་བུད་མེད། །ལུས་ཀྱི་ཡུལ་དང་ད་རྡར། །ཨནྡི་ར་ནི་སྐྱེས་བུ་ ནུས། །ཨ་དྷ་ར་ནི་སོ་དང་གནས། །དམའ་བ་དང་ནི་བརླ་མེད་ལ། །ཨ་དྷ་ར་ནི་སའི་བྱེ་བྲག །མི་ཤེས་པ་དང་ལྷུར་ལེན་ལ། །ཨནྟ་རི་ནི་ཁྱད་པར་དང་། །ཁྱད་པར་ཅན་དང་གོ་སྐབས་དང་། །བདག་དང་བདག་གི་བྲལ་བ་དང་། །ནང་དང་ཕྱི་དང་བར་དང་མཚམས། ། དེ་ཡི་དོན་ཆེད་སྐབས་བུ་ག །ས་པ་རཾ་ནི་དུས་བབ་དོན། །གླང་པོ་ཕྱི་ནས་ལུས་ལ་ཡང་། །ཨ་ནཱ་ཙེ་དང་ནེ་ཏྲ་བརྗོད། །ཨ་བ་ར་ནི་དགའ་བ་དང་། །སྲིད་པ་མ་དང་ཐ་མར་བརྗོད། །ཨ་བ་རི་ནི་གླང་པོ་ཆེའི། །བྱིན་པའི་མཐའ་དང་ཕྱི་མ་བསལ། །ཨ་བ་ར་ནི་ལྷ་རུས་པ། ། བསྡུས་པ་རྡོ་རྗེ་ལྗོན་ཤིང་ལ། །ཨ་མཱ་རཱ་ནི་དབང་པོའི་གྲོང་། །དུ་རྦཱ་ཀ་བ་གུ་ཊཱུ་ཅི། །ཨམྦ་རི་ནི་གོས་རས་བལ། །ནམ་མཁའ་ཆགས་པ་དྲི་བཟངས་ལ། །སྒྲིབ་བྱེད་སྒོ་གླེགས་ཨ་ར་རཾ། །ཨ་སུ་ར་ནི་སྲིན་པོ་མེ། །ལྷ་མིན་ཉི་མ་དག་ལའོ། །ཨ་ཀྵ་རཾ་ཎི་ ཚངས་པ་དང་། །མཁའ་དང་ཡི་གེ་དག་ལའོ། །ཨཱ་ཀ་ར་ནི་སྐྱེ་དང་གནས། །དེས་འབབ་གཙོ་བོ་འདོད་པར་བཤད། །ཨཱ་ཀཱ་ར་ནི་ཟུར་གྱིས་མཚོན། །དབྱིབས་དང་འབོད་པ་དག་ལའོ། ཨཱ་དཱ་ར་ནི་རྟེན་གཞི་དང་། །གཞི་དང་ཆུ་འཛིན་རྣམས་ལའོ། ། ཨཱ་སཱ་ར་ནི་རབ་འབྱམས་དང་། །འཛིན་མ་དང་ནི་ཆར་བ་དང་། །མཛའ་བཤེས་དང་ནི་སྟོབས་ལའོ། །ཨཾ་གུ་རི་ནི་རབ་རིབ་དང་། །འཁྲུགས་དང་རབ་སྟོབས་ལེགས་པ་ལ། །ཨཱ་ཧཱ་ར་ནི་བཟའ་བ་དང་། །ཟ་བ་འཕྲོག་དང་སྡུད་པ་ལ། །ཨི་ཏ་ད་ནི་སཱ་མ་ར། །གཞན་ དང་གྲུབ་དང་ནད་མེད་མྱུར། །ཨི་ཏྭ་ར་ནི་རྭ་འབིགས་དང་། །དམའ་བ་ལམ་པ་འཁྲུགས་པའི་ལས། །ཨི་ཤྭ་ར་ནི་ནོར་ཕུན་ཚོགས། །ཞི་བ། རྗེ་བོ་ཡིད་སྲུབ་ལ། །ཨཱི་ཤྭ་རཱི་ནི་རྗེ་མོ་དང་། །དཀར་མོ་དབང་མོ་སྐེམ་བྱེད་མ། །ཨཏྟ་ར་ནི་ཚིག་ཐ་དད། ། རྒྱལ་པོའི་སྲས་དག་ལ་ཡང་ངོ་། །ཨུཏྟ་ར་ནི་བྱང་དང་སྟེང་། །ཕྱི་མ་དང་ནི་བླ་མའོ། །ཨུ་ད་ར་ནི་ལྟོ་བ་དང་། །འཐབ་དང་ངོས་འཛིན་སྤྱོད་སྐད་ཅིག །ཨུ་དཱ་ར་ནི་གཅོད་བྱེད་ལ། །ཆེན་པོ་ཡོན་གནས་རིགས་པ་ལ། །ཨནྡ་རཱ་ནི་ས་གཞི་དང་། །ལོ་ ཐོག་ཐམས་ཅད་ཟ་བ་ལ། །ཆུ་རྒྱུན། དུས་མཆོད་དྲི་ཀྵ་རིཾ། །ཨཽ་ཤཱི་རི་ནི་རྩེ་གཅིག་དང་། །ཏཱ་ན་གཅིག་དང་མ་འཁྲུགས་པ། །རྔ་ཡབ་ཡུ་བ་གཅིག་བརྗོད་དང་། །མལ་སྟན་དག་ལའོ། །ཀཙྪུ་རི། །སཱ་མ་ན་དང་གཡོ་བ་འོ། །ཀ་ཙྪུ་རཱ་ནི། །ངན་པ་རྙེད། ། ངན་རིག། །རྩེ་མོ། ཤི་མྦི་དང་། །ས་རཱིའོ་ཀཉྫ་ར་ནི་སྒྲ། །ཉི་མ་ཚངས་པ་ཐུབ་པ་ལྟོ། །ཀ་ཊྭ་རི་ནི་འཁོར་ལོ་འདོད། །སྨད་པའོ་དེ་ནས་ཀ་ཊྭ་སཱུ། །རམྦཾ་ཤཱི་པ་མིག་སྦྱིན་དང་། །བདེན་བྲལ་དང་ནི་ལང་ཚོ་ཅན། །ཀ་ཊི་ཏྲཾ་ནི་སྐྱེད་གོས་དང་། །གསེར་ཅན་པགས་པའི་ ཡན་ལག་ལ། །ཀ་ཌཱ་ར་ནི་དམར་སེར་དང་། །འབངས་དང་དམར་སེར་མདོག་དག་ལ། །ཀ་ཎི་རུ་ནི་དོང་ཀ་དང་། །གླང་མོ་དང་ནི་འཇུག་པ་ལ། །ག་ནེ་རུ་ཡང་དེ་ཉིད་ལ། །ཀ་ད་ར་ནི་སེང་ལྡེང་གི །བྱེ་བྲག་སོག་ལེ་ནད་དག་ལ། །ཤྲེ་ན། རི་སུལ་ཀནྡ་ར། །ཀནྡ་ར་དང་། །ཀནྡྷཱ་རཱ། །སྤྲིན་དང་ མགྲིན་པ་དག་ལའོ། །ཀུ་ར་ར་ནི་བྱ་དབྱེ་ཁྱི། །སོག་ལེ་ལོང་བ། ཀ་རཱི་ར། །འོད་མའི་མྱུ་གུ་བུམ་པ་དང་། །ཤིང་གི་དབྱེ་བ་ལ་ཡང་ངོ་། །ཀ་བ་རཱི་ནི་སྐྲའི་བཀོད་པ། །ཡལ་གའི་དབྱེ་བ་ལ་ཡང་ངོ་། །ཀ་བ་རཾ་ཎི་ལན་ཚྭ་དང་། །སྐྱུར་དང་གསེར་དང་རས་ཡུག་ལ། །ཀརྤར་ན་ནི་ཁུར་བ་དང་། ། མཚོན་ཆའི་བྱེ་བྲག་གཞོང་པ་ལ། །ཀརྐ་རཱི་ནི་ག་ལནྟི། །སྲིན་བུ་མེ་ལོང་བརྟན་པ་ལ། །ཀ་རཱི་རཱི་ནི་སྦྲང་ཆུང་དང་། །སོ་ཡི་རྩ་བ་གླང་པོ་ཆེ། །ཀརྦུ་ར་ནི་སྲིན་པོ་དང་། །སྡིག་པ་ཆུང་དང་། གསེར་ལའོ། །ཀརྦུ་རཱི་ནི་ནག །པོའི་ཚོགས། །ཀརྦུ་ ར་ནི་ཁྲ་བོ་ལ། །ཀརྦུ་རཱ་ནི་ཅེ་སྤྱང་ལ། །ཀ་རྦུ་རཾ་ནི་སྟག་ལའོ། །ཀ་ལ་ཏྲཾ་ནི་ཡང་ཡང་ཟ། །བགྲོད་དཀའི་གནས་དང་ཆུང་མ་སྐེད། །ཀཱནྟ་ར་ནི་ཉེར་འཚེ་སོགས། །མཛོད་དང་བྱེད་པའི་ཁྱད་པར་ལ། །ཀཱ་ནྟཱ་རཾ་ནི་བགྲོད་དཀའི་ལམ། །དགོན་པ་ཆེན་པོ་ལ་ཡང་ངོ་། །ཀཱ་བེ་རེ་ ནི་ཆུ་ཀླུང་དབྱེ། །ཡུང་བ་ལྟ་བ། །བུད་མེད་དོ། །ཀཱ་སྨཱི་རི་ནྀ་གུར་ཀུཾ་ལའོ། །ཙི་ཀུ་ར་ནི་གཡོ་བ་འོད། །ཁྱིམ་དང་ཡངས་པ་ལག་འགྲོ་དང་། །རི་བྱི་ཤིང་གི་ཁྱད་པར་ལ། །ཚི་ཏྭ་རཾ་ཎི་གཅོད་བྱེད་རྫས། །ངན་པ་དང་ནི་སྡང་བ་ལ། །ཚི་དི་ར་ནི་སྣང་བ་ཆེ། །པ་བཤྒུ་དྷ་དང་རལ་ གྲི། །ཐག་པ་ལའོ་ཛ་ཋ་རཾ། །ལྟོ་བ། །སྲབ་བཅིངས་པ་ལ། །རྫཾ་བི་རང་བཞིན། །ཛ་མྦི་རིའི། །ཤིང་དང་བྲེ་དང་མེ་ཏོག་དག །ཛརྫ་ར་ནི་རྙིང་པ་དང་། །ཧྲུལ་པོ་གནས་ཀྱི་རྒྱལ་མཚན་ལ། །རྫ་ལེནྟཱ་ནི་ཆུ་ལྷ་དང་། །རྒྱ་མཚོ་དང་ནི་རྨུགས་འཛིན་དང་། །ཛ་སུ་རི་ནི་རྡོ་རྗེ་ཐོག །ཛྷ་ཛྷ་ར་ནི་ རྩོད་པའི་དུས། །རོལ་མོའི་དབྱེ་བ་ཤིང་ཁྱད་པར། །ཛྷ་ལ་རཱི་ནི་སིལ་ཁྲོལ་དང་། །བཅིངས་དང་རོལ་མོ་ཧུ་ཌཱུ་ག། བྱིས་པ་འཁོར་ལོ་འཛིན་ལའོ། །ཌ་ག་ར་ནི། ཊཾ་གནྜ། །ཊི་ར་དང་ནི། ཀུ་རེ་དང་། །རྣམ་པར་འཁོར་བ་སྤྱོད་ཡུལ་ལ། །ཊཾ་གཱ་ར་ནི་སིཾ་ཛ་ནཱི། །སྒྲ་དང་རབ་གྲགས་ ངོ་མཚར་ལ། །བྲིངྒི་ར་ནི་དོར་བྱ་ལ། །ཏིཾ་ག་ར་ནི་སྐྱུག་པ་དང་། །ཊ་ཊྛ་རཱི་ནི་འཕྱང་བ་དང་། །དམག་རྡ། རོལ་མོ་བརྫུན་སྨྲ་ལ། །ཏ་མི་ཕ་རཾ་ཎི་རབ་རིབ་ཁྲོ། །ཏ་མི་ཤྲཱ་ནི། །མུན་མཚན་མོ། །མུན་པ་བསྟོད་པའོ། །ཏིཏྟི་རི། །བྱེའུ་དང་ནི་ཐུབ་པ་ལ། །ཏི་མི་རཾ་ནི་མུན་འཚུབ་ དང་། །མུན་པ་དང་ནི་ཐིབས་པོ་དང་། །སྲེད་པ་དང་ནི་སྤྲིན་ནག་ལའོ། །ཏམྦུ་ཏཱི་ནི་ཤུ་ལཱི་དང་། །ཨཱ་ཌཱུ་དཔལ་ཡོན་དག་ལའོ། །ཏུ་ཥཱ་རང་བཞིན་ཁ་བའི་དབྱེ། །བསིལ་བར་བྱེད་པ་དག་ལའོ། །བྷཱུ་པ་ར་ནི་བསྐ་བ་དང་། །རྭ་དང་ཆུ་མཆོག་སྨྲ་ར་མི། །ཏྭ་ཀྱནྟྲཱ་ནི་ལག་པ་ཙན། ། ཏ་ཀྱནྟ་ནི་ཡན་ལག་མཆོག །དནྡྷ་ར་ནི་རྫ་མཁན་གྱི། །འཁོར་ལོ་འདྲེན་དང་གླང་པོ་མྱོས། །མདའི་འཁྲུལ་འཁོར་དག་ལའོ། །དནྟུ་ར་ནི་མི་མཉམ་དང་། །མཐོ་དམན་ཅན་གྱི་སོ་དག་ལ། །ད་ཧ་ར་ནི། རྫུན་ཅན་དང་། །ནོ་བོ་དང་ནི་ནག་པོ་ཅན། །ད་རྟ་ར་ནི་རི་ཡི་དབྱེ། ། ཅུང་ཟད་ཞིག་པ་བརྗོད་པར་བྱེད། །དརྡུ་ར་ནི་སཱ་ལ་པ་དང་། །མ་ལ་ཡ་དང་སིལ་སྙན་དང་། །བྷཾ་དྲ་རི་ཡི་དབྱེ་བ་ལ། །ད་རུ་རཱ་ནི་དབྱིག་དང་ཤེལ། །གྲོང་གི་དྲ་བ། དུརྡུ་ར། །དཱ་སེ་ར་ནི་འབངས་འོས་བུ། །དུ་རྡུ་རཾ་ཎི་གཟུང་དཀའ་དང་། །ཁྱུ་མཆོག་སྨན་དང་། །ལྷ་མིན་ སོགས། །སུམ་རྩེན་ཁྱབ་འཇུག །གཉིས་ལྡན་དང་། །ཐེ་ཚོམ་དང་ནི་ཟུང་ལའོ། །དྷཱུ་པ་ར་ནི་ཁོང་བུ་དང་། །ཉུང་ངུ་དང་ནི་རབ་མཐའ་ལ། །ན་རེནྡྲ་ནི་ས་ཡི་མགོན། །དུག་གི་སྨན་པ་གཅོད་བྱེད་པ། །ནརྨ་ར་ནི་ཉི་མ་རྟ། །དབུ་བ། རུས་སྦལ་བ་མོ་མེ། །ནརྨ་རཱི་ཐུནི། གླང་ པོ་དང་། །རི་སུལ་ཆ་མེད། མུ་ར་ལཱ། །ནཱ་ག་ར་ནི། གྲོང་ཁྱེར་འཛིན། །མཁས་དང་། །ཡངས་པ་དག་ལའོ། །ནཱ་ག་རཾ་ནི་གླ་སྒང་དང་། །བཅའ་སྒ། དགའ་བ་འཆིང་བ་ལ། །ནི་ཀ་ར་ནི། ཚོགས་སྙིང་པོ། །རིགས་ཀྱི་སྦྱིན་བྱ་ཚོགས་བྱེ་བྲག །ནི་ཀ་ར་ནི་འབྱོར་པ་དང་། ། དཔལ་ཡོན་དང་ནི་རྣམ་འགོད་ལ། །ནིརྫ་རཱ་ནི་རྒས་མེད་དང་། །པི་ཤ་ག་དང་རྒས་འདོར་དང་། །ཏ་ལའི་འདབ་དང་གུ་ཌཱུ་རྩི། །ནིརྦ་ར་ནི་འཛེམ་མེད་དང་། །འཇིགས་མེད། སྙིང་པོ་མཁྲེགས་པ་ལ། །ནི་ཥྛུ་ར་ནི་འཛེམ་མེད་སྭ། །ནི་བ་ར་ནི་ཚོང་པ་དང་། །དངོས་པོ་ ཅན་ནོ་བུཾ་ཀུ་ར། །ཟམ་པ་ཐེམ་སྐས། ཆུ་བལ་དང་། །ཆུ་ཡི་སྒུར་འཁྱོག་དག་ལའོ། བུཾ་ཛ་ར་ནི་ལུས་ལ་སྟེ། །པཉྫ་རཾ་ནི་བྱ་ཡི་སྣོད། །པ་དཱ་ར་ནི་རྐང་པའི་རྡུལ། །རྐང་པར་གོས་པ་རྣམས་ལའོ། །པ་བི་ཏྲཾ་ནི། ཟངས་དང་ཆུ། །ཆོས་ལྡན་དང་ནི་གཙང་བྱེད་དང་། །གཙང་ མ་ལའོ། །བ་ཊཱི་ར། །ཟོར་བ་དང་ནི་རྩ། བ་ཅན། །མཆིལ་པ་འོད་མ་རྡུལ་སྙིང་སྤྱོད། །བཱ་ནྜུ་རཾ་ནི་ཁ་དོག་དང་། །མ་རུ་བ་ཀཾ་དེ་ལྡན་ལ། །སཱ་མ་ར་ནི་དམན་དང་རྨོངས། །མཁའ་ལ་གནས་པ་ལ་ཡང་ངོ་། །པརྦ་ར་ནི་རྒྱལ་པོ་ཡི། །མཆོད་སྦྱིན་འཇིགས་དང་ཟན་སྙིགས་ལ། ། པིཛེེ་ནི་ཐལ་པ་དང་། །མཱི་ཏྲ་རལ་པ། ནི་པ་ཀ །མངའ་རྣམས་ལའོ་པིཉྫི་རཾ། །གསེར་དང་སེར་པོ་རྟའི་ཁྱད་པར། །བི་ཋ་ར་ནི་སྣས་ལའོ། །པི་ཋ་རཾ་ནྀ་བསྲུབ་པ་དང་། །མུ་སྟའོ། །པིཎྜཱི་ར་ཞེས་པ། །མ་ཧེ་སྐྱོད་དང་ཡལ་ག་འདོར། །པཱི་པ་ར་ནི་ རུས་སྦལ་རྒྱབ། །པུཥྐ་རཾ་ཎི་མཁའ་དང་། ཆུ། །གླང་པོ། །ལག་རྩེ་པདྨ་དང་། །ཆགས་པ་མཚོན་དང་ས་དང་སྨན། །གླིང་དང་འགྲམ་གྱི་དབྱེ་བ་དང་། །མཚོ་མདའ་རལ་གྲི་འབྲས་བུ་དང་། །རོལ་མོ་སྣོད་དང་། ཁ་རྣམས་ལའོ། །པྲ་ཀ་ར་ནི། ཀུ་རུ་མྦ། །རབ་བཀྲམ་ མེ་ཏོག་ལ་སོགས་ལ། །པྲ་ཀ་རཾ་ནི། ཛོངྒ་ཀ །ཤེས་བྱའོ་པྲ་ཀ་རཱི་ཞེས་པ། །བཞི་མདོ་དང་ནི་ནགས་ཚལ་ལ། །པྲ་ཀཱ་ར་ནི་འདྲ་བ་དབྱེ། །པྲཱ་ཁ་ར་ནི་ཤིན་ཏུ་རྩུབ། །རྟ་ལ་སོགས་དང་གོ་ཆ་དང་། །དྲེའུ་དང་ནི་ཁྱི་ལའོ། །པྲ་ད་ར་ནི་ནང་དབྱེ་བ་དང་། ། ཤ་ར་བྷ་དང་། གླུ་དག་ལ། །པྲཱནྟ་རཾ་ནི་རིང་དང་གཏོང་། །ལམ་དང་ནགས་ཚལ་བས་མཐའ་ལ། །པྲ་བ་རང་ནི་རྒྱུད་དང་རིགས། །པྲ་བ་ར་ནི་མཆོག་ལའོ། །པྲ་ས་ར་ནི་ཡང་དག་གསལ། །ཤུགས་དང་རབ་ཏུ་འདྲེན་པ་ལ། །པྲ་སྟ་ར་ནི་ནོར་བུ་ཐོབ། །པཉྩ་ར་ནི་ལྕི་བ་ དང་། །སྦུབས་དང་། ཏཱ་ལའི་ལྕུག་མ་ལ། །པྲ་ས་ར་ནི་བ་ཀོ་ཊ། །སྛ་ཤི་ཀཱ་རཉྫ་དང་རིགས། །པ་ད་རཾ་ཎི་རྒྱ་ཤུག་དང་། །ཤིང་བལ་དང་ནི་འབྲས་བུ་ལ། །བ་ད་རཱ་ནི་ཨེ་ལའི་འདབ། །ཁྱབ་འཇུག་གནོན་དང་སྨན་ལའོ། །བནྡྷུ་ར་ནི་འཆིང་བ་དང་། །དགའ་དང་སོ་སོར་ འཆིང་བ་ལ། །བ་དྷུ་རཱ་ནི་མཁའ་འགྲོ་ལ། །ངང་པ་དང་ནི་བུད་མེད་མཆོག །བ་ར་ཏཱ་ན་མཚན་ཁུང་དང་། །འཇུག་པ་ཙམ་ལའོ་བརྦ་ར། །སྐྲའི་བཀོད་པར་སིག་དམན་པ་ལ། །བརྦ་རཱ་ནི་པཉྫི་ཀཱ། །ཡལ་ག་མེ་ཏོག་དག་ལའོ། །བཱ་ག་ར་ནི་མི་མེད་དང་། །ཤཱ་ གྷ་སྤྱོད་པ་རླུང་དཀྲིས་དང་། །སྨྲ་འདོད་དང་ནི་འཇིགས་མེད་ལ། །བཱ་ས་ར་ནི་ཉིན་མོ་ཆགས། །པཱ་སུ་རཱ་ས་དབང་ནི་ཀྵུ། །བྷཱརློ་རུ་ནི་རྩེ་མོ་ལ། །གང་གི །སུ་པ་མཆོག་བུད་མེད། །དེ་ནི་རི་དགས་རིའི་དབྱེ་བ། །བྷཱ་སྐ་ར་ནི་ཉི་མ་མེ། །བྷྲཾ་གཱ་རི་ནི་བུང་བ་ལ། །བྷྲྀ་ག་ར་ནི་གསེར་ སྤྱི་བླུགས། །འདོད་ཅན་བུང་བ་བྷ་རའོ། །རྡོ་བ་སྦྲང་བུ་བྷྲ་མ་ར། །མ་ཀ་ར་ནི་མི་ལ་འཛིན། །གཏེར་དང་། ཁྱིམ་གྱི་རབ་དབྱེ་ལ། །བས་ཀུ་ར་ནི་མུ་ཀུ་ར། །མེ་ལོང་བ་ཀུ་ར་ཡི་ཤིང་། །སྡོང་བུ་མེ་ཏོག་ཀུ་ལཱ་ལའི། །བལླཱ་ཀའོ། །མཉྫ་རཱི། །སྙེ་མ་མུ་ཏིག་སྦོམ་པོ་དང་། ། ཏི་ལ་ག་ཡི་ལྗོན་ཤིང་ལ། །མ་ཏྶ་ར་ནི་དགེ་དང་སྡང་། །ལམ་དང་འཐབ་མོ་འོ་མ་ཏྶ་རཱ། །སེར་སྣ་དང་ནི་སྦྲང་བུ་ལ། །མ་དཱ་ར་ནི་སིནྡྷི་པ། །ངན་པ་ལའོ་མདྡྷུ་ཏྲ། །བུང་བ་དང་ནི་འོད་ལྡན་ལ། །མ་དྷུ་ར་ནི་མ་ཤ་སྟེ། །མ་དྷུ་རཾ་ཎྀ་དུག་བྱེ་བྲག །མ་དྷུ་ར་ནི་བཅུད་ཕྲ་མོ། །མི་དགའ་ བའོ་མ་དྷུ་རཱ། །སྦྲང་གི་སྤལ་མོ་མེ་ཏོག་བརྒྱ། །གྲོང་གི་དབྱེ་བ་དག་ལའོ། །དེ་བཞིན་སྦྲང་ལྡན་ཤིང་དང་ནི། །ནི་སྟེ་ཡཱ་དང་ཚེམ་བུ་ལའོ། །མནྡ་ར་ནི་མཚོན་བྱེད་དང་། །མཛོད་དང་སྲུབ་པར་བྱེད་པ་ལ། །མནྡྲ་རྂ་ནི་ལེ་བརྒན་རྩི། །མནྠ་ར་ནི་མྱོས་བྱེད་དང་། །འཁོར་ ལོ་དང་ནི་ཡངས་པ་ལ། །མནྡ་ར་ནི་མཐོ་རིས་དང་། །མནྡཱ་ར་དང་སྲུབ་བྱེད་རི། །མནྡ་ར་ནི་དལ་དང་འབྲས། །མནྡ་རྂ་ནི་གྲོང་ཁྱེར་དང་། །ཁང་པའོ་མནྡ་ར་ཞེས་པ། །ཆུ་སྲིན་གནས་ལའོ་མནྡཱ་ར། །ལྷ་ཤིང་ཡོངས་བཟངས། །ཨརྐའི་འདབ། །མཾ་དུ་རཱ་ནི་རྟའི་ར་བ། །ཉེ་ བའི་དོན་ཅན་དངོས་པོ་ལ། །མ་ཡུ་ར་ནི་གཙུག་ཕུད་ལྡན། །མརྨ་ར་ནི་གོས་སྒྲ་མེད། །ལོ་མ་སྒྲ་མང་གོས་ཀྱི་དབྱེ། །མརྨ་རཱི་ནི་ཤིང་སེར་པོ། །མ་སཱུ་ར་ནི་སྲན་ཆུང་དང་། །མཚུངས་པ་དང་ནི་བུད་མེད་དོ། །མ་ཧི་ར་ནི་ཐ་སྙད་རྒན། །མ་ཧནྡྲ་ནི་གནས་དང་རི། །མ་ཋ་ ར་ནི་ཉི་མ་ཡི། །འོད་སྐོར་དང་ནི་བྱའི་བྱེ་བྲག །མཱརྶཱ་རཱ་ནི་བྱི་ལ་དང་། །ཁ་དྫ་ཤའོ་མུ་དི་ར། །འོད་ལྡན་དང་ནི་སྤྲིན་ལའོ། །མུངྒ་ར་ནི་བོང་བ་སོགས། །འཇོམས་དང་ཐབས་མིན་མེ་ཏོག་དབྱེ། །མུར་མུ་ར་ནི་ཉི་མ་ཏ། །བ་མོ་མེད་དང་ཞི་གནས་ལ། །མུ་ཧི་ར་ནི་རྒྱགས་ དང་རྨོངས། །རུ་དྷི་ར་ནི་གུར་རྐུ་ཁྲག །རུ་དྷིར་ར་ནི་ས་དགའ་བྱེད། །བ་ཋ་ར་ནི་སྲ་བ་དང་། །གཡོ་བ་བཥྚ་དག་ལའོ། །བཀྐ་ར་ནི་བཞོན་པ་ལུག། །བ་ལླུ་ར་ནི་ཤ་སྐམ་ཤ །མཆེ་བ་ཅན་ནོ་བ་ལླུ་རཾ། །ནགས་ཀྱི་ཞིང་དང་འབབ་པ་ལ། །བལླ་རཱི་ནི་སྙེ་མ་དང་། །ཤ་སྐམ་ལའོ་བ་ལླ་ ར། །ནེའུ་གསིང་དང་ནི་ཆུ་མདོ་གནས། །ཙི་ལུའི་ཞིང་དང་སྨན་ལྗོངས་ལ། །བ་ཤི་རཾ་ནི་རྒྱ་མཚོའི་ཚ། །བྷ་ག་ཎཾ་དྷ་ཀ་དང་ནི། །ཀི་ཎི་ཧཱིའོ་བ་རཱཾ་རཾ། །ཆུ་དང་གཡས་འཁྱིལ་དུང་ལའོ། །གུཉྫ་དམར་པོའི་ས་བོན་དང་། །འབུ་སྐྱེས་ལ་ཡང་བལྟ་བར་ བྱ། །བས་རུ་ནི་བདུག་པ་དང་། །བྱ་ཡི་གནས་དང་ཁྱིམ་བུམ་པའོ། །བི་ཀཱ་ར་ནི་མི་སྡུག་ནད། །རྣམ་པར་འཇོམས་དང་འཇོམས་བྱེད་སྒྲ། །བི་དུ་ར་ནི་པཎྜི་ཏ། །ཥིལྒ་ཀོ་ར་བཱ་ནའོ། །བི་དྷུ་རི་ནི་སོ་སོར་འགྲོ། །ཕྲལ་བ་དང་ནི་མ་ཚང་བ། །བི་དུ་ར་ནི་བཅུད་ལེན་ལ། །བཱི་བ་ར་ནི་ ཁུང་བུ་ག །འཇུག་པ་རོ་དང་དོང་ལའོ། །པི་ས་ར་ནི་རབ་འབྱམས་འགྲོ། །བསྟི་ར་ནི་རྒྱ་ཆེ་སྤྲོས། །ཡངས་པའི་བི་སྟཱ་ར་ཞེས་པ། །ལོ་འདབ་རྒྱ་ཆེན་ཁེབས་པའོ། །བིཥྚ་ར་ནི་ཀུ་ཤའི་ཁྲེས། །སྟན་དང་ས་ལ་སྐྱེས་པའོ། །བཱི་ཧཱ་ར་ནི་འཁོར་བ་དང་། །ཕུང་པོ་བདེ་གཤེགས་ རོལ་པའི་གནས། །ཤ་ཀཱ་རཱི་ནི་སྡེབ་སྦྱོར་དབྱེ། །ཆུ་བོའི་དབྱེ་བ་སྐ་རགས་ལ། །ཤ་ཤཱ་རཾ་ནི་ཆུ་དབུས་སྒང་། །དུནྡྲ་རཱི་ནི་འགྲམ་ལའོ། །ཤཾ་ཀ་རཾ་ནི་རི་སྲས་མ། །མགོན་མོ་དགེ་བ་བྱེད་པའོ། །ཤརྐ་རཱ་ནི་གསེག་མ་དང་། །ལྡན་པའི་ཡུལ་དང་རས་བལ་ཅན། །བུ་རམ། དུམ་བུ། རྣམ་འགྱུར་དང་། །རྡོ་བ་མཛེས་པའི་དབྱེ་བ་ལ། །སརྦ་རཱི་ནི་ཐུན་གསུམ་མ། །ཡུང་བ་དང་ནི་བུད་མེད་ལའོ། །ཤ་ཝ་ར་ནི་ཀླ་ཀློའི་དབྱེ། །བདེ་བྱེད་དང་ནི་ཆུ་ལའོ། །ཤ་ཀཱ་ར་ནི་གླང་ལ་སྟེ། །ཤཱ་ཀཱ་རཾ་ནི་སྡེབ་སྦྱོར་དབྱེ། །ཤཱཾ་ཀ་རི་ནི་བགེགས་ཀྱི་བདག ། སྐེམས་བྱེད་ལའོ་ཤཱ་རཱི་ར། །ལུས་སྐྱེས་དང་ནི་གླང་ལའོ། །འོ་མའི་ལྦུ་བ་ཤརྐ་ར། །འཇོམས་བྱེད་མུན་ནག་ཤརྦ་རཾ། །ཤཱ་རཱ་རཾ་ནི་འདོམས་སེན་མོ། །སྐས་དང་འདབ་ཆགས་གཟེབ་ལའོ། །ཤཱ་བ་ར་ནི་རྒྱ་སྐྱེགས་ཤིང་། །སྡིག་པ་དང་ནི་སྒྲུབ་བྲལ་ལ། །ཤཱ་བ་རཱི་ནི་གྲ་ མ་ཡི། །ཤིམྦ་ཞེས་བྱའོ་ཤཱ་བ་རཾ། །དེ་ཡི་ངོ་བོ་ལ་ཡང་ངོ་། །ཤ་ཁ་རཾ་ནི་རི་ཤིང་རྩ། །མཆན་ཁུང་ཐལ་མོ་མཐའ་རྣམས་ལ། །སེ་འབྲུ་སྨིན་པའི་ས་བོན་དང་། །ནོར་བུ་ཅན་དང་མཐའ་དག་ལའང་། །ཤི་ལིནྡ་ནི་ཉའི་དབྱེ་དང་། །ཤིང་གི་དབྱེ་བ་དག་ལའོ། །ཤཱི་ ལཱིནྡྲི་ནི་ཀ་ར་ཀེ། །དངོས་པོའི་མེ་ཏོག་གྲོང་གསུམ་པའོ། །ཤཱི་ལཱིནྡྲི་ནི་བྱ་མོའི་དབྱེ། །རྐང་རིངས་དང་ནི་སཱ་ལའོ། །ཤི་ཤི་ར་ནི་དུས་ལས་ཏེ། །བ་མོ་ཅན་དང་འཁྱགས་པ་ལའོ། །ཤཱི་ཀ་ར་ནི་ཁྲ་བོ་དང་། །རླུང་དང་འགྲོ་མེད། ཆུ་ཅན་ལའོ། །ཤུ་ཥི་རཾ་ནི་ཁུང་བུ་ ཅན། །ནཱིགྣ་དང་ནི། བུ་ག་ཅན། །ཤྲཱིཾ་གཱ་ར་ནི་རབ་དགའ་དང་། །གར་གྱི་ཉམས་དང་གླང་པོའི་རྒྱན། །པྲིཾ་གཱ་རཾ་ནི་ཕྱི་མ་དང་། །སིནྡྷཱུ་ར་དང་ལི་ཤི་ཡི། །མེ་ཏོག་ལ་ནི་འཇུག་པར་འདོད། །ཤྭ་ཤུ་ར་ནི་ཁྱོ་ཤུག་གནས། །ཤྭ་ཤུ་རཱ་ནི་ཚངས་ལྡན་སྨན། །སཾ་ ཀ་ར་ནི་མེ་དེ་བྱེས། །ཀུན་ནས་བྱི་དོར་བྱི་དོར་བྲལ། །མི་སུན་འབྲིན་པའི་བུ་མོ་ལ། །ས་ཀཱ་ར་ནི་ཞེས་འགའ་ཞིག་འདོད། །སཾ་ག་ར་ནི་མདངས་དམ་བཅའ། །བྱ་བའི་རྣམ་པ་དུག་དང་ཕོངས། །སཾ་ག་རཾ་ནི། བགྲོད་བྱ་འབྲས། །ས་བྷཱ་ར་ནི་བསགས་དང་ཚོགས། ཨམྦ་ ར་ནི་རི་དགས་དང་། །ས་འཛིན་ལྷ་མིན་ཉ་དང་ནི། །རྒྱལ་བའི་ཁྱད་པར་དག་ལའོ། །སཾ་བཱ་རཾ་ནི་ཆུ་དང་ནི། །སངས་རྒྱས་པ་ཡི་བརྟུལ་ཞུགས་ནོར། །སཾ་བ་རཱི་སྨན་དབྱེ་བ་ལ། །ས་མུ་དྲཾ་ནི་ལུས་མཚན་ཉིད། །ས་མུ་ཊཱི་ཡ་མཛེས་སོགས་ལ། །སཱ་བཾ་ཏྲཱི་ནི་ལྷ་ཡི་དབྱེ། །སཱ་བི་ ཏྲི། སཱ་བནྟཱིའི་བདག །སིནྡྷཱུ་རཾ་ནི་ཤིང་གི་དབྱེ། །སིནྡྷཱུ་རཾ་ནི་བྱེ་མ་དམར། །སིནྡྷཱུ་རི་ནི་དྷཱ་ཧ་ཀཱི། །སླག་པ་དམར་པོ་མཛེས་པ་ལ། །སུནྡ་རི་ནི་གཙོ་མོའི་དབྱེ། །སུ་ནཱ་ར་ནི་ཁྱིའི་ནུ་མ། །སྦྲུལ་གྱི་རྒྱན་དང་བི་ཀའོ། །སེ་རི་ནྟྲཱི་ནི་གཞན་ཁྱིམ་གཞན། །ཤི་བྱ་ཀྲིང་དང་། རང་དབང་ ངོ་། །སཾ་ཀ་རཾ་ནི་ཁ་དོག་བྱེད། །རྒན་པོ་ཆེན་པོའོ། །སཽ་བཱི་རཾ། །ཀཱི་ཛི་ཀཾ་དང་མིག་སྨན་རྒྱུ། །རྒྱ་ཤུག་དག་གི་ཡུལ་ལའོ། །སཾ་སྐ་ར་ནི་ཉམས་མྱོང་དང་། །ཀུན་ཏུ་རྟོགས་དང་སོ་སོར་འབད། །སཾསྟ་ར་ནི་གྲལ་མཆོད་སྦྱིན། །ཏིཎྜཱི་ར་ནི་དབུ་བ་དང་། །བཱ་ན་ཕིཾ་ག་ན་ཞེས་པའོ། ། ཨ་ཀླུ་པཱ་ར་ཆུ་ཡི། །མགོན་དང་རུས་སྦལ་རྒྱལ་པོ་ལ། ཨགྣི་ཧཱོ་ཏྲ་མེ་ལ་ནི། །མེ་ཡི་སྦྱིན་སྲེག་སྦྱིན་པ་ལ། །ཨ་ནུཏྟ་ར་གཙོ་བོ་དང་། །སོ་སོའི་ཚིག་ནི་རྣམས་སངས་ལ། །ཨ་གྲོ་པ་ནི་བྱང་ཕྱོགས་དང་། །གོ་བཟློག་པ་དང་བླ་ན་མེད་པ། ཨ་ཏི་ས་ར་བཅིངས་དང་འཁྲུག །རང་སྟོབས་ དང་ནི་འཇིགས་བཅས་ལ། །ཨ་བྷི་ཧཱ་ར་མངོན་སྦྱོར་དང་། །ཆོམ་རྐུན་དང་ནི་བཟོད་པ་ལ། །ཨ་རུ་སྐ་ར། བྷལླཱ་ཏེ། །རྨ་བྱེད་ཤིང་དག་རྗོད་པར་བྱེད། །ཨརྡྷ་ཙནྡྲ་ཟླ་དུམ་དང་། །མགྲིན་པར་ལག་པ་མདའི་བྱེ་བྲག །ཟླ་ཕྱེད་ཟླ། ཁམ་དུར་བྱེད་དབྱེ། །ཨ་ལཾ་ཀཱ་ར་ རྒྱན་དང་ནི། །དཔེ་དང་ཡོན་ཏན་དག་ལའོ། །ཨ་བ་ས་རཾ་སྔགས་ཀྱི་དབྱེ། །རབ་ཏུ་སྟོང་དང་ཆར་དག་ལ། །ཨ་བ་ཏཱ་ར་འཇུག་པ་དང་། །མུ་འགྲི་དང་ནི་འོབས་ལ་སོགས། །ཨ་བྷ་ར་གདོན་ཆོམ་རྐུན། །འཁྲུག་པ་རྒྱན་པོ་སོགས་རྣམས་འཁོར། །ཨ་བ་སྐ་ར་བཤང་ལམ་ དང་། །གསང་བ་ངེས་འབོད་ཉེར་འགྲོ་ལ། །ཨ་ཤ་ཏ་ར་བེའུ་དང་། །གླང་པོ་རྟ་ཡི་ཁྱད་པར་ལ། །ཨ་སི་པ་ཏྲ་དར་གྱིང་བུ། །དམྱལ་བའི་ཁྱད་པར་དག་ལའོ། །ཨ་ཌམྦ་ར་གླང་པོ་ཆེའི། །དབང་པོའི་སྒྲ་དང་སིལ་སྙན་སྒྲ། །པྲ་བཉྩེ་ར་ཙ་ནཱ་དང་། །ཡང་དག་བརྩམས་ པ་དག་ལ་དྲན། །ཨཏྨ་བི་ར་སྲོག་ཆེན་པོ། །ཤྱ་ལའི་བུ་དང་སུན་འབྱིན་ལ། །ཨིནྡཱི་པ་རི་ཨུཏྤལ། །ཨིནྡཱི་པ་རཱ། །བ་བྷྱི་མོ། །ཨུ་དུམྦ་ར་སྐྱེ་བོའི་འབྲས། །ལུས་འཛིན་ཡངས་བའི་གྲོགས་པོ་ལ། །ཨུ་དུམྦ་རི་ཟངས་དང་ནི། །རུ་རྟའི་དབྱེ་བ་དག་ལའོ། །ཨུ་དུམྦ་ར་ཤིན་ཏུ་ མཐོ། །གཅིག་པ་དང་ནི་མི་བཟད་པའོ། །ཨུ་པ་ག་ར་མེ་ཏོག་སོགས། །འཐོར་དང་ཕན་པར་བྱེད་པ་ལ། །ཨུ་པ་ཀ་ར་ཉེ་བ་དང་། །ཡོངས་སུ་བགེགས་དང་ཕན་བྱེད་ལ། །ཨཽ་དུམྦ་ར་ཤིང་ཟན་ལྔ། །ནད་ཀྱི་དབྱེ་བ་ལ་ཡང་ངོ་། །ཀ་ཊཾ་བྷ་ར་རབ་འབབ་དང་། །སྣར་མ་གླང་ པོ་བུད་མེད་དོ། །ཀ་ལིམྦ་ཀ་ཟླུམ་པོ་དང་། །ཆར་སྐྱེས་དང་ནི་མཱུར་བ་ལ། །ཀ་ར་བཱི་ར་རྟ་གསོད་པ། །ལྷ་མིན་དབྱེ་བ་རྟ་དག་ལའོ། །བུ་བཅས་ལྷ་སྐྱེས་གཙོ་བོ་དང་། །བ་ལང་རྣམས་ལའང་དེ་བཞིན་ནོ། །རྒན་ཆེན་མ་དང་མཆོད་པ་ལ། །ཀ་ར་བཱི་རཱི་འགའ་ཞིག་འདོད། ། ཀརྞ་ཀཱ་ར་གི་མཱ་ཀའི། །ཤིང་དང་ཨུ་ཏཱ་ལ་ལའོ། །ཀརྞུ་པཱུ་ར་ཨུཏྤ་ལ། །སྙན་གྱི་གོང་རྒྱན་ཕལ་ཆེར་དང་། །རྒྱན་མཆོག་རྣམས་ལ་བལྟ་བར་བྱ། །ཀརྨ་ཀ་ར་གླ་མི་དང་། །གླས་འཚོ་བ་དང་ལས་པའོ། །མརྦཱ་དང་ནི་གཟུགས་ཅན་ལ། །ཀརྨ་ཀཱ་རཱི་འགའ་ཞིག་འདོད། །ཀ་ལི་ཀཱ་དང་ དྷུ་མ་པ་ཊ། སེན་མོ་དང་ནི་ལག་སྐྱེས་སོ། །ཀཱ་དཱམྤ་རཱི་གཞན་གཟུང་མ། །བུར་ཆང་དབྱངས་དང་བྱ་རི་སྐེགས། །ཀཱ་ལི་ཛ་ར་རྣལ་འབྱོར་པའི། །འཁོར་ལོ་འདུ་དང་འཇིགས་བྱེད་དབྱངས། །ཀུམྦྷ་ཀཱ་ར་རྫ་མཁན་རིགས། །ཀྲྀཥྞ་ས་རི་རི་དགས་དང་། །སྣུམ་པ་དང་ནི་ནེ་ཤ་བ། །གི་ ག་དྷ་རཱ་རི་ཡི་བུ་མོ། །མགོན་པོ་དང་ནི་ཆུའི་མགོན་པོ། །གི་རི་སཱ་ར་ལྕགས་སྐྱས་དང་། །མ་ལ་ཡ་ཡི་རི་བོ་ལ། །གྲྀ་ཧཱ་རཱི་ར་ལ་བས་འགེབས། །འདེགས་དང་རུ་རྟའི་ཡན་ལག་ལ། །ག་ན་སཱ་ར་ག་བུར་དང་། །དངུལ་ཆུ་གཡས་སུ་འཁྱིལ་བ་ལ། །ཙ་ཀྲ་དྷ་ར་ཁྱབ་འཇུག་དང་། །ལག་ འགྲོ་གྲོང་གི་དྲ་བ་ལ། །ཙ་རཱ་ཙ་ར་ས་གཞི་དང་། །ཟུར་གྱིས་ཤེས་དང་འགྲོ་བ་ལ། །ཙརྨ་ཀཱ་ར་ལྷྭ་མ་མཁན་དང་། །པགས་པའི་ལས་ཅན་སྨན་ལའོ། །ཙི་ཏྲ་ཊྲི་ར་མཚན་མོའི་བདག །དྲིལ་བུའི་རྣ་བ་དོན་ངེས་འཇོམས། །འགྲོ་བྱེད་ཟུར་གྱི་ཐིག་ལེ་ཅན། །ཛ་ཊ་ཊཱི་ར་རལ་ པ་དང་། །ཀོ་ཀ་ཎ་དང་རི་སྲས་བདག །རྐང་འཐུང་རྣམས་ཀྱི་མདུན་སྐྱེས་དང་། །སྙན་ཚིག་རིགས་བྱེད་ས་སྐྱེས་ལ། །ཏ་ལ་པ་ཏྲཱི་རཎྜ་ལ། ཏཱ་ལ་པ་ཏྲི་རྣ་རྒྱན་ལ། །ཏུངྒ་བྷ་དྲ་ཆུའི་བྱེ་བྲག །ཏུཾ་ག་བྷ་དྲ་མྱོས་ཤིང་གཙིགས། །ཏུཎྚ་ཀི་ཊཱི་རས་བླ་དང་། །གཟུགས་ཅན་ ལའོ། །དེ་ནས་ནི། ཏུ་ལཱ་དྷཱ་ར་མཚུངས་པའི་ཁྱིམ། །ཚོང་པའོ་ཏོ་ཡ་དྷ་ར་ནི། །སྤྲིན་དང་། །གླ་སྒང་གསེར་བཟང་པོའོ། །དཎྜ་དྷ་ར་གཤིན་རྗེ་དང་། །ས་དག་དཎྚ་དྷཱ་ར་ནི། །གཤིན་རྗེ་མི་བདག་དབྱུག་པ་ཡི། །སོལ་ཁང་སོགས་དང་ཕྲེང་བ་དང་། །ཐེམ་སྐས་དང་ནི་ཡོལ་ཁང་ མཆོག །ད་ཤ་པུ་ར་ཡུལ་དང་གྲོང་། །བ་ལང་གི་ནི་སྒྲ་དག་ལའོ། །དི་གམྤ་ར་ཟང་བྱེད་པ། །གཅེར་བུ། །མུན་པ་མདུང་ཅན་ནོ། །དུ་རོ་ད་རཾ་ཐ་སྙད་དང་། །ཆོ་ལོ་རྒྱན་པོ་འགྱེད་པ་ལ། །དེ་ཧ་ཡཱ་ཏྲ། གནམ་ལྕགས་འཆི། །དེ་མ་ཏུ་ར་གླང་པོའི་གདོང་། །སེམས་ཅན་ རྒན་པོའོ་དེ་ནས་ནི། །དྷ་ར་དྷ་ར་རི་ཁྱབ་འཇུག །པཱ་ར་དྷ་ར་ཆུའི་བཞོན་པ། །རལ་གྲིའོ་དྷ་རཾ་ཀུ་རཾ་ནི། །ཀ་ར་ཀཱ་དང་པཱི་ཀ་ར། །ཤཱི་ར་འོ་དྷཱརྟུ་རཥྚ་ན། །མཆུ་རྐང་ནག་པོའི་དང་བ་དང་། །ཀོ་ར་བ་དང་སྤྲུལ་པ་ལ་ཡང་། །དྷུ་རཾ་དྷ་ར་ཞེས་པ་ནི། །དྷ་བའི་ཤིང་དང་དྷྲུ་རྦ་ཧ། །དྷཱུནྡྷུ་ མར་བརྒྱ་བྱིན་དང་། །ཚིག་བསྲུང་ཁྱིམ་དང་དུ་བ་དང་། །རྐང་པ་ལྡན་པ་རྣམས་ལའོ། །དྷི་ཏ་རཱཥྚ་མ་ཅན་དང་། །བྱ་ཡི་བྱེ་བྲག་རྒྱལ་པོ་བཟང་། །དྷྲི་ཏ་རཱཥྚི་ངང་པ་དང་། །གནས་རྣམས་དང་ནི་སྨན་ལ་ཡང་། །ན་བྷཥྩ་ར་སྤྲིན་དང་རླུང་། །བྱ་དང་། །རིག་ པ་འཛིན་པ་ལ། །ནི་ཤཱ་ཙ་ར་སྦྲུལ་དང་ནི། །ནོར་དང་ཧེ་ར་རྡོ་རྗེ་མ། །ནི་ཤཱ་ཙ་རཱི་འུག་པ་ལ། ནི་ཥདྡྷ་ར་ཟ་བྱེད་སྦྲུལ། །ནི་ཥདྡྷ་རི་འདམ་མཚན་མོ། །ནཱི་ལཱམྦ་ར་གདུག་པ་ལ། །སྤྱན་ལོག་མཛད་དང་རབ་འཕྱང་གསོད། །རོ་ཟའོ་པ་ཡོ་དྷ་ར་ནི། །ཆུ་འཛིན་དང་ནི་བེ་ ཏའི་ཤིང་། །ཀུ་བ་ཟེགས་མ། རུ་ལི་དང་། །ཀཱ་ཤ་བྱེད་པ་རྣམས་ལའོ། །པ་རེ་བ་ར་ཆེའོ་སོགས། །རི་དགས་དབྱེ་བ་དག་ལའོ། །པ་རི་པ་རཱ་རྒྱུད་དང་ནི། །ཡོངས་སུ་རྒྱུད་དང་གནོད་པ་ལ། །པ་རི་ཀ་ར་བརྟུལ་ཞུགས་དང་། །སྐྱིལ་ཀྲུང་དང་ནི་འཁོར་རྣམས་དང་། །རྩོམ་དང་ ལུས་ལྡན་འཆིང་བ་དང་། །ཡོངས་སུ་འགེབས་དང་དབེན་པ་ལ། །པ་རི་བཱ་ར་འཁོར་དང་ནི། །རལ་གྲིའི་ཤུབས་དང་ཡོངས་འགེབས་ལ། པ་རི་པ་ར་ལྷ་དང་ནི། །བྲིན་པ་འཆི་བ་ཕྱོགས་རེ་བ། །པཀྵ་ཙ་ར་ཟླ་བ་དང་། །ཁྱུ་སྨིན་ཡངས་པ། །རིམས་གླང་པོ། །པཱ་ཊ་ཊཱི་ར་ཆུ་སྣོད་ དང་། །ཤོ་གམ་པ་ཡི་བྱ་བ་དང་། །ལྕགས་ཀྱི་སིལ་ཁྲོལ་ཤ་ཡི་ཟས། །ཛ་ཧུའི་སྣོད་དང་དག་བྱེད་ལ། །བཱ་རཱ་བཱ་ར་ཆུ་ཀླུང་མགོན། །ཕ་རོལ་ཚུ་རོལ་འགྲམ་དག་ལ། །པཱ་རི་བྷ་དྲ་ནི་མྦའི་ཤིང་། །མནྡཱ་ར་ཡི་རྐང་འཐུང་ལ། །བཱི་ཏཱམྦ་ར་ཁྱབ་འཇུག་གར། །པཱི་ཏ་པཱ་ར་བ་ལང་ཚིམ། ། ནོར་བུ་མ་ལ་ཡ་སྐྱེས་ལ། །པཱུརྞ་པཱ་ཏྲཱ་ཡོངས་གང་སྣོད། །འོ་མ་སྐྱེས་པ་ལ་སོགས་དང་། །སྨོད་དང་། །རྔ་དང་། སྤེལ་བྱེད་ལ། །པྲ་ཏཱི་ཧཱ་ར་ཆོ་འཕྲུལ་མཆོད། །སྒོ་དང་སྒོར་གནས་བར་མེད་ལ། །པྲ་ཏི་ས་ར། སྡེ་དང་རྒྱབ། །ཀཾ་ཀརྞ་དང་རྨ་ཁྲུ་དང་། །སྔགས་དབྱེ་ཆེན་པོ་དང་ནི་ རྒྱན། །ལག་པའི་སྲད་བུ་ངས་ཤེས་བསྲུང་། །པྲ་ཏཱི་ཀཱ་ར། ཕྱིར་བཅོས་དཔེའི། །པྲ་བྷཱ་ཀ་ར་ཉི་མ་མ། །བ་ཀྲ་ན་ཀྲ་ནེ་ཙོ་ངན། །པ་ལ་བྷ་དྲཱ་གཞོན་ནུ་མ། །སྐྱོབ་བྱེད་དང་ནི་སྟོབས་ལའོ། །བརྦ་ཊི་ར་ཀ་ཐུབ་པའི། །ཕྱུར་བུའི་གནས་ཀྱི་མྱུ་གུ་དང་། །ཚོགས་ཅན་མ་ཡི་བུ་མོ་ལ། ། བཱ་ར་ཀཱི་ར་མཆུ་རྣོན་དང་། །ངེས་པར་རྒྱས་དང་རྟ་ལའོ། །བི་ར་བྷ་དྲ། །རྟ་ཡིད་གཞུངས། །རྟ་དང་དཔའ་བོ་ཆེན་པོ་དང་། །དཔའ་བྱེད་བཱིང་ཏ་ར་ནི། །དཔལ་གཙོ་དཔའ་བྱེད་གུཎྚ་ལ། །མ་ཎིཙྪི་ཏྲ་ཚིལ་བུ་དང་། །ཁྱུ་མཆོག་ཞེས་བྱའི་སྨན་ལ་ཡང་། །མ་ཧཱ་པཱི་ར་མཁའ་ལྡིང་དང་། དཔའ་བོ་མགྲིན་ལྡན་སྒྲ་དང་ཐོག །སྤྲེའུ་ཉི་མ་མཁའ་ཡི་མེ། །ཛ་རཱ་ཊ་ཀ་རྣམས་ལའོ། །མ་ཧཱ་མཱ་ཏྲ། གླང་པོ་སྐྱེད། །ཡན་ལག་འབྱོར་དང་བློན་པོ་ལ། །ར་ཐ་ཀཱ་ར་མ་ཧེ་དང་། །གླང་མོ་སྐྱེས་དང་དེའི་སྐད་ཅིག །རཱག་སཱུ་ཏྲཾ་རས་བལ་སྐུད། །དར་སྐུད་དཔྱིད་དང་ཆ་ཤས་དང་། ། དུང་དང་ག་ཎི་པ་ཏྲི་ཀའོ། །ལངྒ་ཁ་རུ་མར་མེ་ཚིག །ད་ཤཱཾ་ཤེ་ཥ་དག་ལའོ། །ལམྦོ་ད་ར་འཆིང་བྱེད་དང་། །ཧ་ལ་གནས་དང་ལྟོ་བ་འཆང་། །ལགྨཱི་པུ་ཏྲ་འདོད་རྫོགས་རྟ། །བཱ་ཏ་པུ་ཏྲ་ཁྲམ་ཆེན་དང་། །ཧ་ནཱུ་མན་དང་འཇིགས་སྡེ་ལ། །བནྡུ་ཏནྡྲ་སྙིང་པོ་ཡི། །འབྲས་བུ་ཅན་དང་ ཡན་ལག་བཞི། །བི་བྷཱ་ཀ་ར་འོད་ཆེན་དང་། །རྣམ་པར་སྣང་བྱེད་དག་ལའོ། །བི་བྷཱ་ཀ་རཱི་མུན་སེལ་མ། །ཡུང་བ་དང་ནི་རྣམ་གསལ་བྱེད། །རྒོལ་བའི་གོས་དང་། ལུཎྚཱི་དང་། །ཀཊྚ་ལི་དང་བུད་མེད་འཁྱོག། །བི་ཤྭམྦྷཱ་ར་འཕྲོག་བྱེད་དང་། །བརྒྱ་བྱིན་བི་ཤྭམྦྷཱ་ར་ས། །བི་ཤྭ་ ཀ་དྲུ་ངན་པ་སྒྲ། །ཀུན་ནས་རྐོ་དང་ཁྱི་ལའོ། །བཱི་ཏི་ཧོ་ཏ་ཉི་མ་ཆེ། །བི་ཏྲ་ཧོ་ཏྲི་ཉིན་མོར་བྱེད། །བྱ་ཏི་ཀ་ར་ཕོངས་པ་དང་། རྣམ་པར་ཐོགས་པ་དག་ལའོ། །བྱ་བ་ཧཱ་ར་ཐ་སྙད་དང་། །ཤིང་གི་བྱེ་བྲག་གནས་ལ་ཡང་། །ཤ་ཏ་པ་ཏྲ་གྱེས་པའི་བརྒྱལ། །ཤིང་ལྡན་བུམ་པ་གཙུག་ ཕུད་ཅན། །ཤ་ཏ་པ་ཏྲི་རྒྱལ་འདྲ་བ། །ཤ་ཏཱ་པ་རཱི་ལེགས་སྤྱོད་དབང་། །ཤི་ལུ་མཱ་ར་ཆུའི་སྤྲེའུ། །བདག་སྒྲོལ་བ་དང་འཕྲོག་བྱེད་ལ། །ས་མུ་དྲཱ་རུ་ཟམ་པ་འཆིང་། །འཛིན་བྲི་ཏི་མིཾ་གི་ལའོ། །སཾ་པྲ་ཧཱ་ར་འགྲོ་དང་འཆག །ས་ཧ་ཙ་རཱི་ཛྷི་ཎྚཱའོ། །ས་ཧ་ཙ་ར་ལང་ཙོ་དང་། །སོ་སོར་ བྱེད་པ་དག་ལའོ། །སཱ་ལ་སཱ་ར། ཤིང་ཀུན་ཤིང་། །སུ་ཀུ་མཱ་ར་འཇམ་པ་ལ། །སཱུ་ཏྲ་དྷཱ་ར། ཤིང་མཁན་བཟོ། །ཨ་ནནྟྲར་ཕོ་བ་གར། །སྣོད་ཀྱི་དབྱེ་བ་བརྒྱ་བྱིན་ལ། །སྠི་ར་དཾཥྚྲ་ལག་འགྲོ་དང་། །ཕག་གི་དབྱིབས་འདྲའི་སེང་གེ་ལ། །ཨུཏྤ་ལ་བ་ནི་ཞེས་པ། །ཨུཏྤ་ལའི་ཚོགས་ མཉམ་པ། །མཐོ་རིས་གར་མ་སེར་སྐྱ་འཛིན། །མུ་སྟེགས་ཅན་གྱི་ཁྱད་པར་ལ། །ཏཱ་མཱ་ལཱ་བ་ཏྲི་ཞེས་པ། །ཐིག་ལེ་ཏཱ་པཉྩི་འདབ་ཅན། །ཏཱ་ལཱ་ཤི་པ་ཏྲཾ་ཞེས་པ། །ཏཱ་མ་ལ་ཀཱི་ཏཱི་ལཱ་པ། །པཱ་ད་ཅཽ་དྭ་ར་ཞེས་པ། །པི་སྤ་ལ་དང་། ཀ་ར་ཀ ། ར་དང་། །ཤཻཀ་རྟ་ལའོ། །གཞན་སྐྱོན་གཅིག་ཏུ་གསལ་བྱེད་དང་། །དེ་ལ་བརྩོན་དང་མི་ལ་འདོད། །པཱི་ཏ་ཀཱ་པ་རཾ་ཞེས་པ། །མཁྲིས་པ་འཛིན་དང་གུར་ཀུམ་ལ། །པཱ་ཤུ་ཙཱ་མ་ར་ཞེས་པ། །རྡུལ་སེལ་བ་དང་རབ་བསྟོད་ལ། །ར་ས་ཀེ་པ་ར་ཞེས་པ། །བ་ཀུ་ལ་དད་བེ་དྷ་ཀ །ཀླུ་ ཤིང་མེ་ཏོག་རྣམས་ལའོ། །རཱ་ཛ་པ་དཱ་རཾ་ཞེས་པ། །ལ་པ་ལླིའི་འབྲས་སྐྱུ་རུ་དམར། །རོ་མ་ཀེ་ས་ར་ཞེས་པ། །བ་སྤུ་ལངས་པ་ལ་འདོད་དོ། །བ་སྭོ་ཀསྨ་རཱ་ཞེས་པ། །དཔལ་སྦྱིན་གྱི་ནི་པདྨ་ཅན། །ལྕང་ལོ་ཅན་གྱི་གྲོང་ཁྱེར་ལ། །པི་པྲ་ཏཱི་ས་ར་ཞེས་པ། །འགྱོད་དང་། ཁྲོ་དང་ཕྲ་རྒྱས་ལ། །ས་མ་བྷི་ཧཱ་ར་ཞེས་པ། །ཡང་ནས་ཡང་དུ་ངེས་དོན་ཅན། །སརྦ་ཏོ་བྷ་དྲ་ཞེས་པ། །སྙན་ངག་སྒྲ་དང་ཕུག་བྱེ་བྲག །སརྦོ་ཏོ་བྷ་དྲ་ཞེས་པ། །དམའ་དང་ཟས་དང་བུད་མེད་གར། །ཞེས་པ་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་ཕྲེང་བ་ལས་རེ་ ཕའི་མཐའ་ཅན་གྱི་སྡེའོ།། །།ལ་ནི་དབང་པོ་ལཱ་ཞེས་པ། །སྦྱིན་པ་དང་ནི་འབྱོར་པ་ལ། །ལི་ནི་ཐིཾ་པ་ལ་ཡང་ངོ་། །ལུ་དང་ལཱུ་ནི་གཅོད་པ་ལ། །ཨཱམླ་རོ་ཡི་རབ་དབྱེ་དང་། །ཨཱམྦཱི་ཙཱདྒེ་རི་ཀ་སྨན། །ཨ་ལི་བུང་བ་དང་ནི་ཚང་། །ཨཱ་ལི་བསོད་སྙོམས་ལེན་པ་ལ། །ཨཱམྦཱི་བཏུང་ བ་བསམ་པ་ཡང་། །ཨ་ལུ་ག་ཡ་ནི་ཀའོ། །བྷེ་ལ་ཀ་ཀཾ་ང་ལའོ། །ཨི་ལཱ་བ་ལང་ས་བདུད་རྩི། །དབྱངས་ཅན་ཟླ་བ་བུད་མེད་ལ། །ཌོ་ལ་འདོད་དང་འགྲོ་བ་ལ། །ཀ་ལ་སྙན་དང་གསལ་བའི་སྒྲ། །མ་རྙིངས་ཆ་དང་དཀར་བ་ལ། །ཀི་ལཱ་བཅུ་དྲུག་ཆ་ཕྱི་མོ། །རཱུ་ལ་དོན་དང་རྒན་ པོ་དང་། །བཟོ་བོ་དང་པོའི་ཆ་དང་ནི། །དུས་ཀྱི་ཁྱད་པར་ཅན་ལའོ། །ཀ་ལི་ནང་གི་མཆོད་སྦྱིན་དང་། །འཁྲུག་པ་རྩ་ལྡན་དགེ་སྦྱིན་ལ། །ཀཱ་ལ་དུས་དང་འཆི་བ་དང་། །ནག་པོ་ཆེ་དང་གཤིན་རྗེ་དང་། །ཟ་བྱེད་དང་ནི་ནག་པོ་ལའོ། །ཀཱ་ལཱི་ནག་མོ་མ་མོའི་དབྱེ། །དཀར་ མོ་སྤྲིན་སར། ལེགས་འགྱུར་དང་། །ཀཱ་ཊ་དང་ནི་པ་བཱ་དའོ། །ཀཱ་ལ་དུར་བྱིད་ནག་པོ་དང་། །རམས་དང་ལེ་བརྒན་དག་ལའོ། །ཀི་ལཱ་ཀ་ཕ། ངེས་འཇོམས་དང་། །འབར་དང་ཡང་དག་སྐུམ་པ་དང་། །ཀུ་ལི། རང་སྐྱེས་མཆོད་སྦྱིན་དང་། །དུས་ཀྱི་ཡན་ལག་ ཁྱིམ་དང་ཚང་། །ཀཱུ་ལཾ་མཐུན་པ་སྡེ་དང་ནི། །རྒྱབ་བཅས་སྲི་པ་ལྟེང་ཀ་ལ། །ཀོ་ལ་མཚོན་བྱེད་སྐྱོང་བ་དང་། །ཕངས་པ་ཀོ་ཌ་བྷེ་ལ་བྱེད། །གྱོལ་པོའོ་ཀ་ལཾ་ཨུཏྤ་ལ། །ཀོ་ལ་དྲོད་སྨན་དབྱིབས་མོ་དག །ཀ་ལ་གཡོན་ཅན་ཐ་ཤལ་དམན། །ཁ་ལཾ་པ་དང་གནས་ ལ་ཡང་། །རྙོག་པ་དང་ནི་ལོ་ཐོག་ལ་འང་། །ཁ་ལུ་པགས་པ་གཞོལ་བ་དང་། །གོས་དབྱེ་ཁྱེའུ་ཙཱ་ཏ་ཀ །ཁལླཱི་ལག་པ་རྐང་པ་དག །ཉེར་བ་དང་ནི་ནད་ལའོ། །ཁི་ལཾ་མ་ཐོགས་སྙིང་པོ་དང་། །ཀུན་ཏུ་བཅུག་དང་འབིགས་པ་ལ། །ག་ལ་མགྲིན་པ། སྤོས་དཀར་ བཅུ། །སཱ་ལའི་པུང་པོ་ས་སྐྱེས་ལ། །གོ་ལཱ་པོ་དཱ་བ་རཱི་ཡི། །གྲོགས་དང་གོ་ལའི་འདབ་མིག་སྨན། །གོ་ལཾ་རིཾ་པའི་ཚོགས་དང་ནི། །ནོར་བུ་ཅན་དང་དཀྱིལ་འཁོར་ལ། །ཙ་ལཱ་གཡོ་འགུལ་པདྨ། གློག །ཁེབས་ལའོ། །ཀཱིལླ་མ་ཉམས་དང་། །རྒྱལ་བ་དང་ནི་གོས་ལའོ། ། ཙལླཱི་རིགས་དང་གཞི་ཅན་ལ། །ཀཱིལླཱ་གོས་དང་གཡོ་བ་ལ། །ཙ་ལུ། རུལ་ཙུལླཱི་ནི། །བསག་པ་བསམ་གཏན་རོལ་མོ་ལ། །ཙཱོལླ། གོས་དམན། སྨད་པ་ལ། །ཚལླཱི་མེ་ཏོག་དབྱེ་བ་དང་། །བ་ཀུ་ལ། རྒྱུད་རྣམས་སྒྲོགས་སོ། །ཚལླ་འདེགས་དང་། ཟོལ་དང་གཡོ། །ཛ་ལཾ་ ཆུ་མེར། ཆུ། འཁྱིལ། འཁྱོགས། །ཛཱ་ལཾ། ཀོ་ར་ཀཱ། དྲ་མིག །དམྦྷ། པྲིནད་དག་ལའོ། །ཛཱ་ལི་ཁེབས་ཀྱི་དྲ་བ་དང་། །ཉེ་བའི་དྲ་བ་ཤིང་དག་ལ། །ཛྷཱ་ལཱ། ཚད་གདུང་རླབས་ལུ་མོ། །འཇིགས་པའོ་ཛྷལླཱི་ཚད་པའི་ནད། །ཛྷི་རུ་ཀ་དང་། འཇུག་དང་། ཉལ། །ཏ་ལ་རོལ་མོ་ཏ་ལ་ནི། ། རལ་གྲིའི་ཆང་ཟུང་འཇོམས་བྱེད་གླང་། །ནགས་དང་བྱིའུ་དབྱངས་ཆུ་འཛི། །ཏལླཱི་བྱེ་མ་ཏ་ལུ་ཁུང་། །ཏོ་ལཱ་ཤིང་གི་ཁྱད་པར་དང་། །མཐེ་བོང་། གུང་མོ་དག་ལ་འདོད། །ཏཱ་ལ་དབྱངས་ཀྱི་བྱ་དུས་ཆང་། །རལ་གྲི་སོགས་ཀྱི་ཆང་ཟུང་དང་། །ཁར་བ་ལས་བཀོད་རོལ་མོ་ཡི། །སྣོད་ཀྱི་ ཁྱད་པར་དག་དང་ནི། །ལག་པའི་འབྲས་བུ་ལག་མཐིལ་དང་། །ཏཱ་སཾ་དང་ནི་བབ་ལའི་ཚོགས། །ཏུ་ལཱ་ཁྱིམ་དང་སྲང་བརྒྱད་དང་། །འཇལ་བྱེད་ཚད་ཀྱི་དབྱེ་བ་དང་། །འཆིང་བ་འཛིན་བྱེད་མི་བཟད་པ། །ཁྲེའུ་དང་ནི་སྣོད་ལའོ། །ཏཱུ་ལ་འཇམ་པོ། རྩ་ དང་ནི། །ནམ་མཁའ་ཚངས་པའི་ཤིང་ལའོ། །ད་ལཾ་རྫས་དང་། གྲིབ་མ་དང་། །མཚོན་ཆ་འདབ་མ་དུམ་བུ་མིན། །ད་ལི་འདབ་ལྡན་དབྱེ་བའོ། །དུ་ལི་ཀ་མ་བཱི་ལའོ། །དོ་ལཱ་ཐེག་པའི་ཁྱད་པར་དང་། །རམས་ལའོ། །དྷཱུ་ལི་རྡུལ་དང་ནི། །ཚད་ཀྱི་ཁྱད་པར་དག་ལའོ། ། ན་ལ། པོ་ཊ་ག་ལ་དང་། །རྒྱལ་པོ་ཅན་དང་། སཱི་ས་དང་། །པི་དཱུ་དི་པ་ཏ་ལའོ། །ན་ལཱི་ལྡོང་རོས་གྲིབ་མ་ལ། །ན་ལཾ་མཚོ་སྐྱེས་པད་སྡོང་ལ། །ནེ་ལཱ་ནཱ་ལཱ་ནཱི་ལཱི་རྣམས། །ཡལ་ག་ཀ་ཊཾ་བ་ཀ །ལ། །ནཱ་ལཱ་བཏུང་བར་བྱེད་སོགས་དོན། །གུར་ལའོ་ནཱི་ལ་མདོག་ནག་དང་། །སྤྲེའུའི་ དབང་ཕྱུག་རི་ཡི་བྱེ་བྲག །ནག་པོའོ། །ནཱ་ལཱི་ཤིང་མཚན་དབྱེ། །པ་ལཾ་མཱི་པ། བདག་ཉིད་ལ། །བ་ལཱུ་སྦོམ་པོ་ཀུ་སུ་མ། །ཁང་ཆུང་འཁོར་ལོའི་གྲོང་ལའོ། །སཱ་ལ། གྲལ་དང་། ཕྱོགས་རེ་དང་། །གཡང་སའོ། །ཀ་ལུཾ་འཁྲི་ཤིང་རྩེ། །ཆ་ཤས་ཤིག་དང་སྨ་ར་ལའོ། །ས་ལཱུ་ སྐྱུར་དང་མཚན་མ་ལ། །ཀཱི་ལུ་འཁྲུས་ལའོ། །པཱི་ལུ་ནི། །ཤིང་དང་། གླང་པོ་མེ་ཏོག་དང་། །མདའ་དང་ཏཱ་ལ་རུས་དུམ་ལ། །བུ་ལ་དོན་ཙམ་ཐལ་མོ་ཡངས། །ཕ་ལཾ་ལོ་ཐོག་རྒྱུས་བསྐྲུན་དང་། །འབྲས་བུ་རྣམ་སྐྱེད་རྙེད་པ་དང་། །ཛཱ་ཏི་ཕ་ལ་བཀྐལ། །ཚོལ་བར་བྱེད་པའི་ ཕུད་ལ་ཡང་། །འབྲས་གསུམ། འབྲས་ལྡན། །འབྲས་བུ་ཅན། །བཱ་ལཾ་སྙིང་པོའི་འཇིག་རྟེན་དང་། །རས་བལ་སོགས་དང་གོས་དང་ནི། །སྟོབས་ལྡན་གཤོལ་ལྡན་ལྷ་མིན་དང་། །ལུས་དང་བྱ་རོག །གཏོར་ལྡན་ལ། །བ་ལཾ། དྲི་རོ་དམག་དང་ནི། །མཐུ་དང་། རགས་པ་ གཟུགས་དགའ་ལ། །པ་ལཱ་བ་ཊྱ་ལ་ཀར་བརྗོད། །བ་ལི་ལྟ་མིན་ཁྱད་པར་དང་། །རྡལ་པ་སོ་དང་། འོད་ཟེར་དང་། །རྣག་དང་། ཕན་པ་རྒྱ་མཚོ་སྐྱེས། །རྒ་བ། བཤང་ལམ་པགས་པ་དང་། །ལྟ་བ་བཅོམ་པ་ཁྱད་པར་དང་། །ཁྱིམ། དང་ཤིང་གི་ཁྱད་པར་ལ། ། པལླི། ཛོ་མོ་པཱ་དང་ནི། །ཏ་ཏཱ་མེ་ཏོག་ཁྱད་པར་ལ། །བཱ་ལ་བྱིས་པ་སྐྲ་དང་། རྟ། །གླང་པོ་ཆེ་དང་མགོ་བོ་ལ། །བཱ་ལི། རྨོངས་དང་། བྱིས་པ་ཁྲེལ། །པི་ལམ་ཕུག་དང་བུ་ག་དང་། །ཁུང་དང་། ཚང་དང་། ཁྱིམ་ལའོ། །པཻ་ལཱ། དུས་དང་། མཚམས་དང་ནི། །དབང་ཕྱུག་ རྣམས་ཀྱི་སྟོན་མོ་དང་། །སོ་ཡི་རྙིལ་དང་འོ་མའི་དཀྲིས། །ཆུ་གཏེར་དང་ནི་དེ་ཡི་ཆུ། །ཉོན་མོངས་ཡོད་པར་ཤི་བ་དང་། །ཆགས་དང་ཚིག་དང་། བློ་རྣམས་སོ། །བྷལླ་མདའ་དང་དོམ་ལའོ། །བྷལླཱི་བྷལླཱ་ཏ་དང་མདའ། །བྷཱ་ལཾ་དཔྲལ་བ་ཉིན་མོའོ། །བྷ་ལཾ་འཇིགས་ དག་སྙིང་དང་ནི། །སྨྱུང་བའི་བྱེ་བྲག་རྒྱལ་བྱེད་ལའོ། །བྷེ་ལ་དྲི་མ་བཤང་འབུ་སྡིག །མལླ་ཀུན་ཏུ་སེར་སྣ་དང་། །སྣོད་དང་ཐོད་པ་ཅན་ལའོ། །མཱ་ལུ་ཉའི་དབྱེ་བ་ལ་ཊི། །བུ་དང་། འཁྲི་ཤིང་དག་ལའོ། །མ་ལམ་ཞིང་དང་ཆུ་ལའོ། །མཱ་ལ་མེ་ཏོག་ཆུན་པོ་ཕྲད། །མཱུ་ ལཾ་དང་པོ་རྩ་བ་དང་། །རྒྱུ་སྐར། གླང་པོ་ཆུལ། སོགས་དག་ལ། །མཽ་ལཱི་འདུས་དང་། འདྲེས་པ་དང་། །ཆོས་ལྡན་དང་ནི་གཙུག་ཕུད་དང་། །མྱ་ངན་མེད་པའི་ཤིང་ཅོད་པན། །རོལ་དང་རྩེ་དང་། སྒེག་པ་ལ། །སྒེག་པར་གྱུར་པའི་གཙོ་བོ་དང་། །འཁོར་ལོ་མ་ལུས་པ་ ལ་ཡང་། །ལོ་ལཱ་ལྕེ་རྩེ་གཡོ་བ་ལ། །ལོ་ལ་ཡང་དག་སྲེད་དང་གཡོ། །བྱཱ་ལ། མ་རུངས། ལག་འགྲོ་དང་། །གཅན་གཟན་གདུག་པའི་སོ་ཅན་ལ། །ཤ་ལ། ཤལླ་ཀའི་ལོ་མ། །བུང་བའི་ཚོགས་ཀྱི་བྱ་བ་ལས། །ཤཱ་ལ་ཉ་ཡི་ཁྱད་པར་དང་། །ཤིང་དང་སྤྱི་དང་འབྲས་ དང་ཟ། །ཤཱ་ལཱ་ཁྱིམ་དང་ཁང་པ་དང་། །ཕྱོགས་གཅིག་སྐེམས་བྱེད་ཡལ་ག་ལ། །ཤཱ་ལུ་ག་ཏི་རྫས། ཆོམ་རྐུན་སྨན། །ཤཱ་ལི་དྲི་དང་ཕྱི་ལ་དང་། །འབྲས་བུ་ལ་སོགས་རྣམས་ལའོ། །ཤི་ལཱ། ཆུ་ཀླུང་ཆུང་ངུ་དང་། །རྡོ་བ། མི་བཟད་འཁོར་ལོ་འཛིན། །ཤི་ལཾ་མཐོ་བ། རྡོ་བ་ལ། ། ཤི་ལིའི་སྲོག་ཆགས་མངས་ལ། །ཤཱི་ལཾ་བྷི་དཔྱོད་པ་མཆོག །ཁུ་བ། དཀར་པོ་རྣལ་འབྱོར་ལ། །ཤུཀླཾ་གཟུགས་ཅན་དཀར་པོ་དང་། །ཡོན་ཏན་ལྡན་པ་ཉིད་ལའོ། །ཤུ་ལཾ་ཤི་དང་། རྒྱལ་མཚན་དང་། །རྣལ་འབྱོར་དང་ནི་ནང་ལའོ། །ཤཱུ་ལཱ་ཚོང་ཟོང་ཡོ་ཥ་དང་། །ལྟ་བ་འཇིགས་དང་། ཕུར་བུ་ལ། །ཤེ་ལ་རི་བོ་ཤཻ་ལཾ་ནི། །རི་སྐྱེས་བྱ་ཁྱུང་རི་བོང་ཅན། །ཤཱ་ལ་ས་ཤིང་སྤོས་དཀར་ཤིང་། །སྠཱ་ལ་སྣོད་ཀྱི་དབྱེ་བ་ལ། །སྠཱ་ལཱི། སྐྱ་ནར་ནམ་མཁའ་དང་། །སྠཱ་ལ། །སྦོམ་རྩེགས་ཤེས་རབ་དམན། །ཧཱ་ལཱ་ཆང་དག་མི་ཡི་བདག ། ཧ་ལ་ཀུ་རེ་བརྙས་དང་། སྒེག། །ཨཾ་གུ་ལ་ནི་གླང་པོ་ཆེ། །རྣ་རྒྱན་ལག་པའི་ཡལ་གའོ། །ཨ་ཙ་ལ་ནི་རི་ཕུར་བུ། །གཡོ་མེད་ཨ་ཙ་ལཱ་ནི་ས། །ཨཉྫ་ལི་ནི་ཀུ་ཏ་པ། །ལག་པ་ཁ་སྦྱར་ཐལ་མོ་ལ། །ཨ་ན་ལ་ནི་ནོར་ལྷ་མེ། །ཨ་ནི་ལ་ནི་ནོར་དང་རླུང་། །ཨ་བེ་ལ་ནི་གོ་ལའི་ ཕྱེ། །ཨ་མ་ལཱ་ནི་པདྨ་ལ། །ཨ་མ་ལཾ་ནི་རྣམ་འཇིག་དང་། །སྤྲིན་ལའོ་ཨ་རཱ་ལ་ཞེས་པ། །ཐང་ཆུ། གླང་ཆེན་མྱོས་དང་། འཁྱོག །ཨ་ཀུ་ལཾ་ནཱ། །ཨ་ཀ་ཀའི། །གོས་དང་། དབྱུག་པའི་རྣ་ཅན་ལ། །ཨ་བྷཱི་ལམ་ནི་འཇིགས་རུང་གནས། །སཱུ་ལཱུ་ལཱཾ་རིགས་ཀྱི་མ། །མགོ་ དང་སྤྱི་བོས་སྒྲོལ་བ་ལ། །ཨི་ཏྭ་ལ་ནི་ཉ་དང་ནི། །ལྷ་མིན་རབ་དབྱེ་སྒེག་དང་འབར། །ཨུཛྫ་ལ་ནི་འབར་གསལ་ལ་རྒྱས། །ཨུཏྟཱ་ནི་སྤྲེའུ་དང་། །གཙོ་བོ་རྣམ་འགྱུར་སྟེང་དུ་འགྲོ། །ཨུཏྤའ་ལ་ལཾ་ནི་ཨུཏྤལ་དང་། །རུ་རྟ་དང་ནི་ཤ་མེད་ལ། །ཨུཏྥུལླ་ནི་བུད་མེད་ཀྱི། །བྱེད་པ་ཁ་བྱེ་སྟེང་ འགྲོ་ལ། །ཨུནྣཱ་ལ་ནི་འཕགས་པ་དང་། །གཙོ་བོ་སྟེང་དུ་འགྲོ་བ་ལ། །ཨུ་པ་ལཱ་ནི་གསེག་མ་དང་། །རྡོ་བ། ཤག་མ། རིན་ཆེན་ལ། །ཀ་ཏ་ལཱི་ནི་བ་དན་དང་། །བྷ་པ་ཏཱ་ཀཱ་རི་དགས་དབྱེ། །རྩོམ་བྱེད་ཆུ་ཤིང་། འདྲི་བྱེད་དང་། །ཌཾ་སྤྱཾ་དང་ནི་ཤཱལླ་ལཱིའོ། །ཀནྡ་ལོ་ནི་ཉེར་ཆགས་དང་། ། མྱུ་གུ་སར་དང་ཐོད་པ་ལའོ། །ཀ་དཱ་ལཱི་ནི་སྒྲ་སྙན་དང་། །ལྗོན་ཤིང་དང་ནི་རི་དགས་དབྱེ། །ཀ་པི་ལ་ནི་ཐུབ་པའི་དབྱེ། །མེ་དང་། ཁྱི་དང་། སེར་སྐྱའོ། །ཀ་པི་ལཱ་ནི་མེའི་ཕྱོགས་ཀྱི། །གླང་པོ། གླང་མོ། ཕྱུགས་བྱེ་བྲག །ཀཱ་པཱ་ལ་ནི་མགོ་བོའི་རུས། །ཤིཾ་ཤ་པ་དང་རྡུལ་ཅན་དང་། བུམ་པ་སོགས་དང་བུ་རཾ་དང་། རུ་རྟ་ནད་དབྱེ་འགྲོ་བ་ལའོ། །ཀ་མ་ལ་ནི་ཆུ་སྐྱེས་དང་། །ཆུ་དང་། ཀློ་མིན། ཟངས་དང་སྨན། །ཀ་མ་ལ་ནི་རི་དགས་དབྱེ། །ཀ་མ་ལཱ་ནི་དཔལ་མོ་ལ། །ཀ་མ་ལ་ནི་ཀླུ་ཡི་རྒྱལ། །སྣ་ཅན། རུལ་དང་། འབུ་ལའོ། །ཀམྦ་ལ་ནི་གྲེགས་མཆོག་ཆུ། ། ཀ་པ་ལཱ་དང་དནྟ་ར། །མཐོ་དང་འཇིགས་སུ་རུང་བ་ལ། །ཀ་རཱ་པཾ་ནི། །དགྲ་སྟ་ཅན། །གཙིགས་པ་འབད་པ་ཏིལ་མར་ལ། ཀལློ་ལ་ནི་ཨུལློ་ལ། །རབ་ཏུ་དགའ་དང་ལམ་ལའོ། །ཀཱ་ཀོ་ལ་ནི། ལུང་པ་ཡི། །བྱ་རོག་རྫའི་དབྱེ། །རྫ་མཁན་ལ། །ཀཱ་ཀཱི་ལ་ནི་ཆ་ཤས་འཚོ། ། འདོད་པའི་རྩེན་དང་། པྲ་ཎཱ་ལ། །བརྟན་བྲལ་ཡིད་འཕྲོག་ཤིང་གྲིབ་དོན། །ཀཱ་མཱ་ལཱ་ནི་འདོད་ལྡན་དང་། །འདོད་ཆགས་དབྱེ་བ་མྱ་ངམ་ཅན། །ཀཱརྷ་ལི་ནི་གཞོན་ནུ་མ། །ཀོ་ཧ་ལཱཾ་ནི་ངེས་དང་སྐྲཾ། །ཀཱ་ཧ་ལཱ་ནི་སིལ་སྙན་གྱི། །སྣོད་ཀྱི་ཁྱད་པར་དག་ལའོ། །ཀཱ་ཧ་ལ་ནི་ངན་པ་ལའོ། །ཀིཊྚ་ ལ་ནི་ཟངས་བུམ་དང་། །ལྕགས་ཀྱི་ཚོགས་ལ་ཡང་བརྗོད་དོ། །ཀཱི་ལཱ་ལཾ་ནི་ཁྲག་དང་ཆུ། །ཀུ་དྷཱུ་ལཾ་ནི་ཕུར་བུ་འདྲིས། །གཡང་ས་དང་ནི་ཕུར་མའི་མེ། །ཀུ་ཙི་ལཱ་ནི་རྣམ་མ་ཕུག །གོས་ངན་དྲི་མ་ལྡན་གོས་ལ། །ཀུ་ཊཱི་ལེ་མིན་གསེར་ལྡན་འཁྱོག། །ཀུ་ཊི་ལཱ་ནི་འབབ་ཆུའི་དབྱེ། །ཀུཎྜ་ ལཾ་ནི་རྣ་རྒྱན་དང་། །དེ་བཞིན་གདུ་བུ་སྲ་ཡབ་དག །གསེར་ཤིང་དང་ནི་གུ། །ཌཱུ་ཙཱི། །རིགས་ལ་ཡང་ནི་ངེས་པར་འཇུག། །ཀུདྡཱ་ལ་ནི་ཏོག་ཙེ་དང་། །ས་འཇོམས་དང་ནི་ས་འབྱེད་ལ། །ཀུནྟ་ལའི་ནི་ཡུལ་ལྗོངས་དང་། །ཡུལ་གྱི་སྒྲ་དང་ལན་བུ་ལྷས། །ཀུནྡ་ལ་ནི་ཤོག་ཤིང་དང་། །ནས་ དང་བྷཱ་ལ་ལ་ཡང་ངོ་། །ཀུམྦྷི་ལ་ནི་ཚིགས་བཅད་དང་། །གྲིབ་མ་འཕྲོག་བྱེད་ཆོམ་རྐུན་དང་། །གྲལ་དང་ཉ་དག་ལ་ཡང་ངོ་། །ཀུ་ལཱ་ལ་ནི་རྫ་མཁན་དང་། །ཀུཀྐུ་བྷ་དང་ཀོ་ཤི་ཀའོ། །ཀུ་བ་ལཾ་ནི་ཨུཏྤ་ལ། །མུ་ཏིག་འབྲས་བུ་རྒྱ་ཤུག་འབྲས། །ཀུ་ཤ་ལ་ནི་ཡོངས་འཐོབ་དག ། བསོད་ནམས་དང་ནི་བསླབ་པ་ལ། ཀེ་བ་ལ་ནི་གཅིག་བྱས་དང་། །འབའ་ཞིག་པ་དང་ཀུ་ཧ་ན། །ཀེ་བ་ལཾ་ནི་གཏན་ཕན་དང་། །ཡེ་ཤེས་དབྱེ་བ་དག་ལའོ། །ཀེ་པི་ལ་ནི་ཤིང་དང་སྐྱེ། །ཀོ་ར་རི་ཀ་ཀེ་མའོ། །ཀོ་མ་ལ་ནི་འཇམ་དང་ཆུ། །ཀོ་ཧ་ལ་ནི་ཐུབ་པ་ཆང་། །གནྡྷོ་ལཱི་ནི་བ་ར་ཊཱ། ། བཟང་པོའི་གནས་སོ་ག་ར་ལཾ། །དུག་དང་ང་རྒྱལ་རྩྭ་དང་ནི། །པུ་ལ་ཀའོ་གོ་ཀི་ལ། །ཁ་འཛིན་སྙིང་པོ་བ་ལང་སྐྱོང་། །ཉེ་བའི་ས་སྐྱོང་དག་ལའོ། །གཽ་རི་ལ་ནི་ལྕགས་ཕྱེ་དང་། །གཻ་ར་ལ་དང་ཡུངས་ཀར་དཀར། །གྲནྠི་ལ་ནི་སྨྱུག་མ་དང་། །བི་ཀངྐ་ཏ། ས་དྱ་ནྠི། །ཙཉྩ་ལ་ནི། གློག་དཔལ་མོ། །ཙཉྩ་ལ་གཡོ་འདོད་ལྡན་ལ། །ཙ་ཏྭཱ་ལ་རླུང་། སྙིང་པོ་ལ། །རྨོངས་དང་སྦྱིན་སྲེག་ཐབ་ལའོ། །ཙནྡི་ལ་ནི། ཟླ་བ་མིན། །ཙ་པ་ལ་ནི་སྐད་ཅིག་དང་། །མྱུར་བ་དང་ནི་གཡོ་བ་ལ། །དངུལ་ཆུ་ཉ་དང་ཆོམ་རྐུན་དང་། །རྡོ་ཡི་བྱེ་བྲག་ ལ་ཡང་ངོ་། །ཚ་བ་ལཱ་ནི་པདྨ་དང་། །གློག་དང་། བིསྦ་ལི་རྣམས་ལ། །ཙཱུ་ཌཱུ་ལ་ནི་འཁོར་ལོ་འཛིན། །གཙུག་ཕུད་འཛིན་དང་། གཙུག་ཕུད་ལྡན། །ཙག་ལ་ནི་ད་ཡོ་ཥཱ། །རྒན་པོ་དང་ནི་བྱིས་པ་ལ། །ཙྪ་ག་ལ་ནི་ཏ་མ་ཏ། །ར་དང་སྔོན་པོའི་གོས་ལའོ། །ཛག་ལ་ནི་ད་ད་ ཀ། ཆང་དང་། དང་བྱེད་མྱོས་བྱེད་ཤིང་། །ཛ་ག་ལ་ནི་ཆུ་མེད་པའི། །ཡུལ་དང་། དགོན་དུང་ས་ལའོ། །ཛ་ཊི་ལ་ནི་རལ་པ་ལྡན། །རལ་པ་འཛིན་དང་སྤང་སྤོས་སྨན། །ཛམྦྷ་ལ་ནི་ཛམྦྷིར། །ལྷ་ཡི་ཁྱད་པར་ལ་ཡང་ངོ་། །ཛམྦུ་ལཱ་ནི་ཤིང་ཛམྦཱུའི། །ཡལ་ འདབ་དང་ནི་འདབ་མས་ཁེབས། །ཛམྦྷ་ལ་ནི་ཆུབ་ལ་དང་། །འདམ་ལའོ། །དེ་ནས་ཛཱ་ག་ལ། །ཀ་པིཉྫ་ལའོ་ཛི་གུ་རཱི། །ཛངྒ་ལ་ལས་སྐྱེས་པ་དང་། །རྩེ་མོ་དང་ནི་ཤམྦྷི་དང་། །དུག་གི་སྨན་པའོ་ཛཾ་ག་ལཾ། །དྲ་བ་ཅན་དང་འབྲས་བུའོ། །ཏཎྜུ་ལ་ནི་འབྲས་སོ་བ། །ལ་ སོགས་ཚོགས་དང་པིངྒ་ཀ །ཏུ་མུ་ལ་ནི་བྱེད་པ་དང་། །རྩོད་པའི་ཤིང་ངོ་ཏཻ་ཏི་ལ། །གཎྜ་ཀ་དང་བྱེད་པའི་དབྱེ། །དུ་ཀཱུ་ལཾ་ནི་ཕྱེད་པ་དང་། །ཟར་མའི་རས་དང་གོས་ཕྲ་མོ། །དྷ་བ་ལ་ནི་མཛེས་དང་དཀར། །མ་ཧཱ་བྲི་ཥ་དག་ལའོ། །དྷ་བ་ལཱི་ནི་བཟང་སྐྱེས། །ན་ཀུ་ལ་ནི་ སྐྱ་བསེང་བུའི། །བྱེ་བྲག་དང་ནི་བསེ་མོའོ། །ན་ཀུ་ལཱི་ནི་བྱ་གག་དང་། །སྤང་སྤོས་དང་ནི་སྨན་ལའོ། །ནུ་ཀུ་ལི་ནི་བྱ་གག་མི། །རྩ་བ། རྩ་བྱ་ར་སྭ་ལོ། །ནཱ་བྷཱི་ལཾ་ནི་ལྟེ་བ་ཡི། །སྙིང་པོའི་གནས་དང་ཙཀྵི་ན། །ཙ་མཾ་ལའོ་ནི་ཙུ་ལ། །གོས་མེད་དང་ནི་ཆུ་ཤིང་ལ། །ནིརྨ་ལམ་ནི་དྲི་མེད་ དང་། །སྤྲིན་དཀར་དང་ནི་དྲི་མ་བྲལ། །ནིཥྐ་ལ་ནི་ཆས་སྟོང་དང་། །ས་བོན་ཉམས་དང་ཆ་མེད་དོ། །ནི་སྟ་ལཾ་ནི་ནི་ཟླུམ་པོ་ལ། །དེ་བཱ་ལཱི་ནི་ཕྲེང་བ་གསར། །ས་ཡི་ག་རམ་ལེགས་བྱེད་མ། །པཉྩཱ་ལཱི་ནི་གླུ། །བུམ། །པཉྩཱ་ལཱ་ནི་ཡུལ་སྐྱེ་བོ། །པ་ཊི་ལཾ་ནི་ལོས་མིན་ནད། །ནག་ ནོག་དང་ནི་ཡོངས་ཁེབས་ལ། །པ་ཊི་ལ་ནི་དོན་མེད་དང་། །ཀརྐ་ཤ་ཡི་གོས་ལའོ། །པ་ཊོ་ལ་ནི་གོས་དབྱེ་དང་། །འོད་ལྡན་མ་དང་བགོ་བ་ལ། །བ་ལ་ལམ་ནི་ཏིལ་གྱི་དབྱེ། །ཤ་དང་འདམ་དང་སྲིན་པོ་ལ། །པཱ་ག་ལོ་ནི་རུ་རྟ་སྨན། །སཱ་མ་ལཾ་ནི། ཆུ་ངན་རིག །བརྩེགས་ པ་སྔོན་མ་ཡང་དེ་ཉིད། །པཱ་ག་ལི་ནི་ས་རྩི་སར། །པཱ་ལཱ་ནི་གནོད་བྱེད་རྫས། །སྲིད་བྱེད་ལའོ་དེ་ནས་ནི། །བཱ་ཊ་ལཱ་དང་བཱ་ཊ་ལཱི། །ཤིང་དང་མེ་ཏོག་དག་ལའོ། །བཱ་ཊ་ལཾ་ནི་སྐྱ་ནར་ལ། །པཱ་ཊ་ལ་ནི་འབྲུ་མར་དང་། །བཀྲ་ཞིང་དམར་བ་ལ་འགྱུར་རོ། །བཱ་ཏི་ལཱི་ནི་ཤི་བ་དང་། ། སྣོད་དབྱེ་གཡོན་དང་ཉ་དོལ་ལ། །སྔོན་དུས་ས་འོག་པཱ་ཏ་ལཾ། །པཱ་དང་འཆིང་བྱེད་བཱ་ཤུ་ལ། །པཱི་ཤུ་ལཾ་ནི་ཁྲི་རྐང་མདུང་། །བི་ག་ལ་ནི་ཐུབ་པའི་དབྱེ། །མེ་དང་འོད་གཏུམ་འོད་ཀོར་དང་། །གཏེར་གྱི་དབྱེ་བ་སྤྲེའུ་ལའོ་སྐ། །སིངྒ་ལ་ནི་འོད་ཟེར་དང་། །གནོད་པ་འཇུག་གི་བྱ་ མིའུ་ཐུང་། །པི་ཙུ་ལ་ནི་ཛྷ་བུ་ཀ །ནི་ཙུ་ལ་དང་ཚུལ་བྱ་རོག །པི་ཙྪ་ལཱི་ནི་ཤཱཏྨ་ལི། །རྒྱ་མཚོའི་དབྱེ་བ་ཤིང་ཤ་པའོ། །རྐང་སྟེང་། ཆུ་མེད། པིཙྪ་ལ། །ཀུཉྫ་ལཾ་ནི་ཤ་ཡི་བུ། །པིཉྫ་ལཾ་ནི་གནོད་པ་ལ། །པིཏྟཱ་ལཾ་ནི་གཟི་བརྗིད་སྐྱེས། །རྫས་དང་འཁྲིས་པ་ལྡན་པ་ལ། །པིཏྟ་ལཱི་ ཆུ་པིཔྤ་ལཱི། །པཔྤི་ལཾ་ནི། བྱང་ཆུབ་ཤིང་། །བྱའི་དབྱེ་ནི་རི་ཤུ་བྷའོ། །པིཔྤ་ལཾ་ནི་ཆུ་ལའོ། །པིབྤི་ལི་ནི་གནས་དང་གཅོད། །དབྱེ་བ་དང་ནི་ཟེག་མ་ལ། །པུད་ག་ལ་ནི་གང་ཟག་བདག །ལུས་དང་རྣམ་པ་མཛེས་པ་ལ། །བི་ཤ་ལ་ནི་མཛེས་དང་མཁས། །བཟང་བ་དང་ནི་ཚུལ་ཁྲིམས་ ལ། །བྲ་ཁ་ལ་ནི་རྟ་གོ་ཆ། །མྱོས་པ། །ངན་དང་ཐ་ཆད་ལ། །ཏཱ་བཱ་ལ་ནི་འཇིག་རྟེན་འོག །བསྟོད་པ། སོར་མོ་ལག་པ་ལ། །བྲ་པཱ་ལ་ནི་བྱུ་རུ་དང་། །བི་ལྡང་དབྱུག་གུ། ལྕུག་མ་གསར།།ཕེ་ནི་ལ་ནི་ལུང་ཏཻ་ཤིང་། །ཕེ་ནི་ལཾ་ནི་རྒྱ་ཤུག་འབྲས། །མྱོས་བྱེད་ཤིང་འབྲས་ཕེ་ནི་ལཱ། །བྷནྡྷ་ ལ་ནི་སྐྱུར་བ་དང་། །མགོ་ལྡུམ་དང་ནི་བ་ལྭ་ར། །གླང་པོ་གྲོལ་བ་རྣམས་ལའོ། །བ་ཧུ་ལཾ་ནི་ནམ་མཁའ་ལ། །བཱ་ཧུ་ལཱ་ནི་ཨེ་ལཱ་དང་། །ནཱི་ལཱཾ་ཀཱ་དང་ས་ལའོ། །བྱེད་པ་ཅན་དང་ནག་ཕྱོགས་དང་། །མེ་ལ་ཡ་ནི་བྷ་ཧུ་མ། །པྲཱ་ཧྱ་མདོག་ནག་བ་ཧུ་ལ། །བདྷཱི་ལ་ནི་ཉོན་མོངས་ན། ། མ་སཱི་བསམ་གཏན་བརྒཱ་ལ། །མཾ་ག་ལཱ་ནི་དུརྦཱ་དཀར། །མེ་ག་ལ་ནི་ས་ཡི་བུ། །མངྒ་ལཾ་ནི་ལེགས་བཀྲ་ཤིས། །དེ་བཞིན་ནོར་གསར་བསྲུང་བ་ལ། །མཉྫ་ལ་ནི་ཛ་ལ་རདྐུ་། །མཉྫུ་ལ་ནི་འཇམ་པ་ལ། །མཉྫི་ལྂ་ནི་ཆུ་བལ་ལ། །མཎྜ་ལི་ནི་གླང་པོའི་ གཟུགས། །ནི་ཀུ་རུསྦ་རྒྱལ་ཁམས་དང་། །རྒྱལ་པོ་གཟའ་མིག་དམར། བཅུ་གཉིས་ཅན་དང་ནི། །རུ་རྟ་སྦྲུལ་དང་། དབྱེ་བ་དང་། །ཡོངས་སུ་ཁྱམས་དང་འཁོར་ཡུག་ལ། །མཎྜ་ལ་ནི་དཀྱིལ་འཁོར་ཞེས། །སྙིང་པོ་གཞལ་བྱ་ལ་ཡང་ངོ་། །མ་ཧི་ལཱ་ནི་ས་ཆེན་མས། ། མཆོད་ལྡན་འཇིགས་བྱེད། ཤུནྡྲའོ། །མཱ་ཙ་ལ་ནི་ཐིགས་པ་དང་། །ཆོམ་རྐུན་ཨཱ་མ་ཡ་དང་ནི། །འཛིན་པ་དང་ནི་ཡཱ་ད་སའོ། །མཱ་ཏུ་ལ་ནི་ངན་པ་དང་། །ཞང་པོ་འབྲུ་དང་མྱོས་བྱེད་ཤིང་། །མུ་ཁ་ལཱི་ནི་ཏཱ་ལ་དང་། །རིན་ཆེན་བྱི་བའི་རྣ་བ་ལའོ། །མུ་ཤཱ་ལཱི་ནི་ཁྱེམ་ལའོ། ། ད་བྱིད་ལའོ་མུ་ཁ་ལེ། །གཏུན་ཤིང་ལྕགས་ཀྱི་རྩེ་མོ་ཅན། །མེ་ཥ་ལ་ནི་གསེར་གྱི་རི། །རི་སྟོད་དང་ནི་རལ་གྲི་འཆིང་། །མེ། ཁ་ལཱ་ནི་རྐེད་པའི་ཕྱོགས། །རོ་ལྡན་དང་ནི་སྐ་རགས་ལ། །ར་ས་ལཱ་ནི་བུར་ཤིང་དང་། །གཙུག་ཕུད་ཐང་ཤིང་སཱ་ལའི་བཅུད། །ར་ཤ་ལཱ་ནི་བྱི་དོར་དང་། ། ལྕེ་དང་། དུརྦཱ་སོགས་དང་ཤིང་། །རཱ་མི་ལ་ནི་དགའ་བྱེད་དང་། །འདོད་པ། རྔ་མ་བ་ལང་མཇུག །ལཱདྐུ་ལཱི་ཆུའི་ཡི་སྦ་ལཱི། །ཤོག་ཤིང་མེ་ཏོག་ཁྱད་པར་ལ། །ལཱ་ངྒ་ལཾ་ནི་ཁྱེམ་ཤིང་གི། །བྱེ་བྲག་ཤཱ་ར། རྟ་ལའོ། །ལོ་ཧ་ལ་ནི་ལྕགས་སྒྲོག་དང་། །ད་རིགས་མི་གསལ་སྨྲ་བ་ལ། ། མཉྫུ་ལ་ནི་ཤིང་ཀེ་ལ། །ལྕང་མ་དང་ནི་ཏཻ་ཏི་ས། །བཎྜ་ལ་ནི་དཔའ་བོ་དང་། །གཡུལ་འཁྲུག་དང་ནི་འཇིག་རྟེན་དང་། །ཨ་པ་ནི་ཏྲ་ཀ་ཞེས་པའོ། །བཱ་ཏུ་ལ་ནི། རླུང་ཅན་དང་། །རླུང་ཚོགས་དང་ནི་རླུང་བཅས་ལའོ། །བཱ་ཏ་ལཾ་ནི་རྒྱལ་པོ་དང་། །ཀུཥྛཎྜ་ཡི་ས་བོན་དང་། །ཀོ་ལཱ་སྠ་ཡི་ ས་བོན་ལ། །བཱ་མི་ལ་ནི་ངན་གཡོ་དང་། །གཡོ་ལའོ། བི་ཌཱ་ལ་བྱི་ལ། །མཁའ་ལ་འགྲོ་བའི་ཁྱད་པར་ལའོ། །བེེ་བུ་ལ་ནི་ཡངས་པ་ལ། །གཏིང་ཟབ་རི་བོ་ནུབ་རི་ལ། །སི་མ་ལཱ་ནི་དྲི་མེད་བསེལ། །ས་ཡི་དབྱེ་བ་དག་ལ་ཡང་། །བི་ཤུ་ལ་ནི་ཤིང་དབྱེ་དང་