Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 194
Văn bản gốc(Tây Tạng)
Trang 17 / 20 (50.000 ký tự/trang)
ཨཉ་འགྱུར་ཞིང་བུད་མེད་ལ་བ་རའི་སྒྲ་བ་ར་ཤུ་རུ་བསྒྱུར་བའང་ངོ་། །བཻ་དཿ། ཨཽ་རྦཿ། བཾ་ཤ་ལ་སོགས་པ་རྣམས་ལས་ཞེས་པ་ཉིད་དེ། འགའ་ཞིག་གི་མིང་བི་ད་ཞེས་བྱ་བ་དེའི་བུ་རྒྱུད་ནི། བཻ་དིཿ། བ་དིཿ། ཨུརྦཿ། ཀེ་ཤྱ་པ་ ཀུ་ཤི་ཀ་བྷ་ར་དྷཱ་ཛ། ཨུ་པ་མནྱུ། ཀི་རཱ་ཏ། བི་ཤྭཱ་ན་ར། རིཥྚི་ཥེ་ཎ། རི་ཏ་བྷཱ་ག། །ཧཪྻཤྭ་བྲི་ཡ་ཀ །ཨ་ཡསྟམྦྷ། ཀུ་ཙ་པཱ་ར། ཤ་ར་དྭ་ཏ། ཀནྡིརྦ། ཤུན་ཀ་དྷེ་ནུ། གོ་པ་བ་ན། ཤི་གྲུ་བི་ནུ་བྷཱ་ཛ་ན། ཨ་ཤྭཱ་བ་ཏ་ན། ཤྱཱ་མཱ་ཀ། །ཤམྦ་ཀ །ཤྱཱ་ཡནྟུ་ཧ་རི་ཏ་ཀནྡཱི་ས། པ་ཤྱ་ཀ་ ཨརྐ་ལུ་ཥ། བདྷྱོ་ག་བིཥྞུ། བིརྡྷ་པྲ་ཏི་བོ་དྷ། བྷ་གཱི་ར་ཐ། ར་ཐནྟ་ར། ག་བིཥྛ་རི་ཡུདྷི་ཥྛི་ར། ནི་ཥཱ་ད། པ་ཋ་ར། པྲཾ་ཏ་ཀ །པུ་ནརྦྷཱུ་ཕུ་ཏྲ་ཧུ་ཧི་ཏྲི། ན་ནནྡྲྀ། པ་ར་ཏཱིའི་བུ་རྒྱུད་ནི། པཱ་ར་ཤ་པཿ། དྲང་སྲོང་བརྗོད་པ་རྣམས་ལ་རྀ་ཥྱ་སོགས་ཀྱི་མདོ་ཡིས་ཡིན་པ་ལའོ། །རིཥྚ་ཥེ་ཎ་དང་ཤི་བ་ལས་ ཨིཎའོ། །དྲང་སྲོང་མ་ཡིན་པ་བརྗོད་པ་ལས་ཨཏ་མཐའ་རྣམས་ལས་ཨཏ་ལས་ཨིཉའོ། །དེ་ལས་གཞན་པ་རྣམས་ལས་ཨཽཏྶུརྒི་ཀ་ལས་ཨ་ན་ལ་པར་སྟྲིའི་སྒྲ་ལས་གཞན་པའོ། །དྲང་སྲོང་ལས་རིགས་ལས་སོ། །བི་ད་སོགས་རྣམས་ལས་གང་དྲང་སྲོང་བརྗོད་པ་དེ་རྣམས་ཉིད་ལ་རིགས་ ཀྱི་བུ་རྒྱུད་ལ་ཨཉ་འགྱུར་ཏེ། བཻ་དཿ། ཀཽ་ཤི་ཀཿ། གཞན་རྣམས་ལས་ནི། བར་མ་ཆད་པའི་བུ་རྒྱུད་ཉིད་ལས་པཽ་ཏྲཿ། དཽ་ཧི་ཏྲཿ། ནཱ་ནཱནྡྲཿ། གརྒ་སོགས་རྣམས་ལས་ཡཉའོ། །གརྒ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ལས་རིགས་ཀྱི་བུ་རྒྱུད་ལ་ཡཉ་འགྱུར་ཏེ། གཱརྒྱཿ། པཱཏྶྱཿ། གོ་ཏྲ་ ལས་ཞེས་པ་ཉིད་དོ། །གཱརྒིཿ། པཱཏྶིཿ། སྔ་མ་བཞིན་ཨི་ཉའོ། །གརྒ། བཏྶ་བཱ་ཛ་ལས་བསྡུ་བ་མེད་པ་ལའོ། །བ་ཛྱཿ། བསྡུ་བ་ལ་ནི། སཽ་བ་ཛིཿ། སཾ་ཀྲི་ཏི། ཨ་སཾ་ཀྲྀ་ཏི། ཨ་ཛ་པྱཱ་གྷྲ། པཱ་ད། བིད་བྷྲིཏ། པྲཱ་ཙཱ་ནི་ཡོག །པུ་ལ་སྟི། རེ་ཏ། ཨགྣི་བ་ཤ། ཤཾ་ཁ། ཤཾ་ཋ། དྷཱུ་མ་ཨ་བ་ཊ་ཙ་མས་ དྷ་ནཉྫ་ཡ། བྲྀཀྵ། བི་ཤྭཱ་བ་སུ། ཛ་ར་མ་ཎ་ཀུ་རུ་ཀ་ཏ། ཨ་ན་ཌུ་ཧ། ལོ་ཧི་ཏ། ཤཾ་སི་ཏ། བ་བྷྲུ་བྷླུ། མཎྜུ། ཤངྒུ། སམ་བུ། ལི་གུ། གུཧླུ། ཛི་གི་ཤུ། མ་ནུ་མནྟུ། ཏམྟུ། མ་ནཱ་ཡི། ཤྲུ་ཙ། ཀནྠ་ཀ །རུཀྵ་ཏ་རཀྵ། ཏཎྜ་ཀ་པི། ཀ་ཏ། ཤ་ཀ་ལ། ཀཎྛ། གོ་ཀཀྵ། ཀུཎྜི་ནཱི། ཡ་ཛྙ་བལྐ། པརྞ་ བལྐ། ཨ་བྷ་ཡ། ཛཱ་ཏ་རོ་ཧི་ཏ། བྲིང་ཥ་ག་ཎ། གཎྜི་ལ་མུ་ཀུ་ལ་མུ་ཥ་ལ། པ་རཱ་ཤ་ར། ཛ་རཱུ་ཀརྞ་མཎྜ་ཀ། མནྟྲྀ། ཨ་སྨ་ར་ཐ། ཤརྐ་རཱཀྵ། པཱུ་ཏི། མཱ་ཥ། སྠུ་ལ་ཤ། །ཀ་པིཾ་ག་ལ། ཀྲྀཥྞ། གོ་ལནྡྲ། ཨུ་ལཱུ་ཀ། །ཏི་ཏིཀྵ། བྷི་ཥ་ཛ། པཎྜི་ཏ། བྷི་ཥ་ཀ །དཎྡ། ཙི་ཊ་ཀ །དེ་བ་ནཱུ། ཙྪ་ཏྲ་ཧཱུ། ཨེ་ཀ་ལཱུ། པི་བྱ་ལཱུ། ཨུ་དགྣི། །སུ་ནཱ་མ་ན། ཨཱུ་ཀྵན། ཀུ་ཌཱི་གཱུ། ཀ་ཐཾ། རཱཏྨཱ། ཛ་མ་དགྣྱ།། བྱཱ་ས་པཱ་ར་ཤཪྻཿ། བུ་དང་བུའི་བུ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར་དེ་ལྟར་བསྟན་ནོ། །བར་མ་ཆད་དུ་འཆད་པར་འགྱུར་བ་ནི། རྀ་ཥྱ་ཎེ་བ། ཛ་མ་དགྣཿ། པཱ་རཱ་ཤ་རཿ། དབྱིབས་ཀྱི་ཚོགས་འདིའོ། །ཨིཏ་ ལས་ཨིཉ་མ་ཡིན་པ་ལས་ཞེས་འདིས་བུ་རྒྱུད་ཙམ་ལས་ཌྷཀ་ཡིན་གྱི། རིགས་ཙ་མ་ལས་ནི་མ་ཡིན་ནོ། །མ་དྷུ། བ་བྷྲུ་དག་ལས་བྲཱཧྨ་ཀཽ་ཤི་ཀ་དག་ལས་སོ། །རིགས་ཀྱི་བུ་རྒྱུད་ལས་ཡཉ་འགྱུར་ཏེ། མ་དྷ་བྱཿ། བྲམ་ཟེའོ། །གཞན་ལ་མ་དྷ་བྷཿ། བཱ་བྷྲ་བྱཿ། ཀཽ་ཤི་ཀའོ། །གཞན་ལ་ བྷ་བྷྲ་བཿ། འདི་གརྒ་སོགས་སུ་བཀླགས་པ་དང་ལོ་ཧི་ཏ་སོགས་ཉིད་ཀྱི་ཕྱིར་རྟག་ཏུ་ཥ་ཨཱ་ཡ་ནའི་དོན་ཏོ། །བཱ་བྷྲ་བྱཱ་ཡ་ཎཱི། ཀ་པི་བོ་དྷ་ལས་ཨངྒ་ར་ས་ལའོ། །ཀ་པི་དང་པོ་དྷ་ལས་དྲང་སྲོང་ཡན་ལག་སྐྱེས་ཀྱི་རིགས་ཀྱི་བུ་རྒྱུད་ལ་ཡན་འགྱུར་ཏེ། ཀཱ་སྱཿ། བཽ་དྷྱཿ། གཞན་དུ་ནི། ཀཱ་པེ་ཡཿ། བཽ་དྷིཿ། ཀ་པིའི་སྒྲ་ནི་ལོ་ཧི་ཏ་སོགས་ཉིད་ཀྱི་ཕྱིར་རྟག་ཏུ་ཀཱ་ས་ཡ་ནི། བ་ཏཎྜ་ལས་སོ། །དྲང་སྲོང་ལུས་སྐྱེས་ཀྱི་རིགས་ཀྱི་བུ་རྒྱུད་ལས་ཀྱང་ཉ་ཉིད་འགྱུར་རོ། །བཱ་ཏ་ཎྱཿ། ཡན་ལག་སྐྱེས་ཀྱི་བུ་རྒྱུད་མ་ཡིན་པ་ནི་གརྒ་སོགས་དང་ཤི་བ་སོགས་ཉིད་ཀྱི་ཕྱིར། བཱ་ཏཎྜིཿ། པཱ་ཏཎྜཿ། བུད་མེད་ལ་ འཇིག་གོ། བ་ཏཎྜའི་སྒྲ་ལས་རིགས་ཀྱི་བུ་རྒྱུད་ལ་བུད་མེད་ལ། དྲང་སྲོང་ཡན་ལག་སྐྱེས་ལ་བྱས་པའི་ཡན་འཇིག་པར་འགྱུར་རོ། །བ་ཏཎྜཱི་རིགས་ལ་ཞེས་པ་ལ་སོགས་པས་དི་བའོ། །ཡན་ལག་སྐྱེས་མ་ཡིན་པ་ནི། བ་ཏཎྜཱི། བཱ་ཏཎྜྻཱ་ནཱི། ཨ་ཤྭ་ལ་སོགས་པ་རྣམས་ལས་ཕཉའོ། །ཨ་ ཤྭའི་བུ་རྒྱུད་དང་བུའི་བུ་ལ་སོགས་པ་ནི། ཨཱ་ཤྭ་ཡ་ནཿ། ཨཱ་ཤྨཱ་ཡ་ནཿ། ཨ་ཤྭ་ཨ་སྨན་ཤཾ་ཁ། ཁཌྒ། བིད། བུ་ཊ། རོ་ཧི་ཎ། ཁརྫཱུ་ཏི། བིཉྫ་ར། བྷཎྜ་ཏ། བྷ་ཌི་ཏ། པྲཱ་ཀྲྀཏ། མོད། ཀྵརྟྲ། གྲཱ་བཱི། ཀཱ་ཤ་ཀཱ་ཎ། གོ་ལ་ཀ ། ཨརྐ། སུ་ར། ཤུན། བན། པད་ཀྲ་མ། ཀཱུ་ལ། ཙ་ཏུར། ཤྲ་བིཥྚཱ་ པ་བི་ཊ། གོ་པཎྜི། གོ་མིན་ཤྱཱམ། དྷཱ་མ། དྷཱུ་མ། དྷཱུ་མྲྀ། བཱགྨིན། བི་ཤྭཱ་ན་ར། ཀ་ཊ་ཛ་ན། ཁ་ཌ་བ་ཏ། གྲཱིཥྨ། ཨརྡྷ། ཀྵཱི་བ། བྲྀཀྵ། བི་ཥཱ་ལ། གི་རི་ཙ་པ་ལ། དཱ་པ་ཀ །བཻནྱ། ཨཱ་ན་ཌུ་ཧྱ། ཨ་ཛུ་ན། སཱུ་ཏྲ་ཀ །སུ་མ་ནས། ཨུརྶ་ཨ་ཏ་ས། ཀི་ཏ་བ། ཤི་བ། ཁ་ད་རི། དབྱིབས་ཀྱི་ཚོགས་འདིའོ། ། དེས་ན། བྷི་ཌི་ལ་དང་བྷ་ཌི་ཀ་ལ་སོགས་པ་རྟོགས་པར་བྱའོ། །ཤཱ་པ་ཛཱ་ཏ། ཨ་ཏྲེ་ཡ། བྷ་ར་དྭཱ་ཛཱ། བྷརྒ་ལས་ཨཱ་ཏྲེ་ཡཱ། བུཾ་བྷ་ར་དྷྭཱ་ཛ། ཨཱ་ཏྲེ་ཡ། ཏྲཻ་གརྟྟ་རྣམས་ལའོ། །ཤཱ་པ་ལ་སོགས་པ་ལྔ་པོ་རྣམས་ཨ་ཏྲེ་ཡ་ལ་སོགས་པ་ལྔའི་དོན་རྣམས་གྲང་ཇི་ལྟ་བ་བཞིན་འགྱུར་བ་ནི། གལ་ཏེ་ཤཱ་པཱ་ཡ་ན་དང་། རྒྱུན་ཤེས་ཀྱི་བུ་ཡིན་ནའོ། །ཛཱ་ཏཱ་ཡ་ན། གལ་ཏེ་སྐྱེས་པ་ཡིན་པ་དང་། གལ་ཏེ་རྒྱུན་ཤེས་ཀྱི་བུའི་བུ་བྷ་ར་དྷྭཱ་ཛ་ཡིན་པ་དང་། གལ་ཏེ་བྷ་ར་དྷྭཱ་ཛའི་བུ་རྒྱུན་ཤེས་ཀྱི་བུ་ཡིན་པ་དང་། གལ་ཏེ་ངན་སྤོང་གི་བུ་ཏྲཻ་གརྟྟ་ཡིན་པ་ནའོ། །གཞན་ལ་ནི། ཤཱ་པོཿ། ཛཱ་ཏཱ་ཡའི་བུ་རྒྱུད་ ནི། ཛཱ་ཏ་ཡཱི་མེའོ། །ཨཱ་ཏྲེ་ཡིཿ། བྷཱ་ར་དྷྭཱ་ཛཿ། ཀུཉྫ་སོགས་ལས་ཕྱཉའོ། །རིགས་ཀྱི་བུ་རྒྱུད་ལ་འགྱུར་ཏེ། ཀཽཉྫ་ཡ་ནྱཿ། ཀཽཉྫ་ཡ་ནྱཽ། བྲཱ་དྷྣཱ་ཡ་ནྱ། བྲཱདྷྣཱ་ཡ་ནྱཽ། རིགས་ལས་ཞེས་པ་ཉིད་དེ། ཀཽནྫིཿ། ཀུཉྫ། བདྷྣ། བྷསྨན། ཤཾ་ཁ། ཁ་ཎ། ལོ་ནམ། ཤ་ཋ། ཤཱ་ཀ །ཤུཎྜ། ཤུ་བྷྲ། བི་པཱ་ཤསྐནྡ། སྐམྦྷ། བུད་མེད་ལ་མང་པོ་རྣམས་ལའང་ཕ་ཀའོ། །བུད་མེད་ལ་མང་པོ་རྣམས་ལའང་རིགས་ཀྱི་བུ་རྒྱུད་ལ་ཀུཉྫ་སོགས་རྣམས་ལས་ཕག་འགྱུར་ཏེ། ཀཽཉྫ་ཡནཱ། མོའོ། །ཀཽཉྫཱ་ཡ་ནཱ། ཕོའོ། །རིགས་ལ་ཞེས་པ་ཉིད་དེ། ཀཽཉྫཱི་མོའོ། །ཀཽཉྫ་ཡ་ཕོའོ། ན་ཌ་སོགས་ལས་སོ། །རིགས་ལ་བུ་རྒྱུད་ལ་ཕཀ་འགྱུར་ཏེ། ནཌའི་བུ་ རྒྱུད་ནི། ནཱ་ཌཱ་ཡ་ནཿ། ཙཱ་རཱ་ཡེ་ཎ། །རིགས་ལས་ཞེས་པ་ཉིད་དེ། ནཱཌིཿ། བཾ་ཤ་སོགས་རྣམས་ལས་ཞེས་པ་ཉིད་དེ། འགའ་ཞིག་གི་མིང་ན་ཌ་ཡིན་པ་དེ་ཡི་བུ་རྒྱུད་ནི། ནཱ་ཌིཿ། ནཱ་ཌ་ཙ་ར། མུཉྫ། ཨི་ཏི་ཀ་ཨི་ཏི་ས། ཨུ་པ་ཀ་ལ་མ་ཀ ། ཤ་ལམ་ཀའི་ཤྟྱ་སཾ་ཀ་ལས་ཀྱང་ཤ་ལ་ཀཱ་ཡ་ནཿ། བཻ་ལ་སོགས་རྣམས་ ལ་ཤཱ་ལཾ་ཀའི་སྒྲ་བཀླགས་པ་ལས་ཨིཉའང་འགྱུར་རོ། །ཤ་ལཾ་ཀིཿ། སཔྟ་ལ། བཱི་ཛ་ལ། པྲཱ་ཎ། ཤྭ་ཎ། སཱ་ཡ་ཀ །དཱ་ས། མི་ཏྲ། དྭཱི་པ། པིཾ་ག་ལ། ཀིཾ་ཀ་ར། ཀཱ་ཏ་ར། ཀཱདྡཱ། ཀཱ་ཤྱ་པ། ཀ་སྱ། ཨ་ཛ། ཨ་མུ་ཥྱ། ཨ་མི་ཏྲ། ལི་གུ། །ཙི་ཏྲ། ཀུ་མཱ་ར། ཀྲོཥྜུའི་ཀྲོཥྚ་ཡང་ངོ་། །ཀྲཽཥྚཱ་ཡ་ནཿ། ལོ་ཧ་ ཧས་ཧ། སྟམྦ། ཤིཾ་ཤ་བ། ཨ་གྲ་ཏྲི་ཎ། ཤ་ཀ་ཊ་དུརྨ་ནས། སུ་མ་ནས། བི་མ་ནས། བི་ཡ་ཏ། ཛ་ལནྡྷ་ར། ཧ་ས་ཀ །དཎྜ་ན། པཉྩཱ་ལ། བ་སིན། སུ་ཀྲ་ཏྱ། གི་རི་ཀ། །བྲཱ་ཧྨ་ཎ། ཨ་ཤོ་ལ། ཙ་ཏ་ཀ །བ་ད་ར། ཨ་དྷྭ་ར། ཁ་ར་བ། ཀཱ་མ་ཀ། །བྲཧྨ་དཏྟ། ཨུ་རུ་མྦཱ་ར། དཎྡ། སིཏ། དབྱིབས་ཀྱི་ཚོགས་ འདིའོ། །དེས་ན་སྤོ་ཊཱ་ཡ་ནཿ། ནཱ་རཱ་ཡ་ཎ། ཞེས་པ་ལ་སོགས་པའང་ངོ་། །ཀྲྀཥྞ། ཨགྣི་ཤརྨ། ར་ཎ་ལས་བྲམ་ཟེ་དང་བྲྀ་ཥའི་ཚོགས་དང་གནས་མཆོག་ལའོ། །ཀྲྀཥྞ་སོགས་རྣམས་ལས་བྲམ་ཟེ་ལ་སོགས་པ་རྣམས་ལས་རིགས་ཀྱི་བུ་རྒྱུད་ལ་ཕ་ཀ་འགྱུར་ཏེ། གལ་ཏེ་བྲམ་ཟེ་ཡིན་ན། ཀཱཪྵྞཱ་ཡ་ན། གཞན་ལ་ ནི་ཀཱཪྵྱཱིཿ། གལ་ཏེ་བྲྀཥའི་ཚོགས་ཡིན་ན། ཨཱགྣི་ཤརྨཱ་ཡ་ན། གཞན་ལ་ནི། ཨཱགྣི་ཤརྨྨིཿ། བ་ཧུ་སོགས་ཉིད་ཀྱི་ཕྱིར་ཨིཉའོ། །ནཱ་རཱ་ཡ་ཎཿ། གནས་འཇོག་གོ། །གཞན་ལ་ནི། རཱ་ཎིཿ། ཧ་རི་ཏ་སོགས་ལས་ཨཉ་ལས་སོ། །ཧ་རི་ཏ་སོགས་བིད་སོགས་སུ་བཀླགས་པ་ལས་ཨ་ཉའི་མཐའ་ལས་བུ་རྒྱུད་ལ་ཕ་ཀ་ འགྱུར་ཏེ། ཧཱ་རི་ཏའི་བུ་རྒྱུད་དམ་བུ་མོ་ནི། ཧཱ་རི་ཏཱ་ཡ་ནཿ། ཀཻཎྜཱ་ས་ཡ་ནཿ། ཧ་རི་ཏ་ལ་སོགས་པའི་ཚོགས་ཀྱི་མཐའི་བར་རོ། །ཡཉ་ཨིཉ་ལས་སོ། །རིགས་ལས་བུ་རྒྱུད་ལས་ཡཉ་དང་ཨིཉའི་མཐའ་གང་ཡིན་པ་དེ་དག་ལས་བུ་རྒྱུད་ལ་ཕག་འགྱུར་ཏེ། གང་གའི་བུ་རྒྱུད་དམ་མོ་ནི་གཱརྒྱཱ་ཡ་ཎཿ། བཱཏྶྱཱ་ཡ་ནཿ དཱཀྵཱ་ཡ་ཎཿ། ཤུ་ན་ཀ །དརྦ། ཤ་ར་དྭཱ་ཏ་ལས་བཏྶ། ཨ་གྲྭ་ཡན། བྷཱརྒ་ལ་བའོ། །ཤུ་ན་ཀ་སོགས་རྣམས་ལས་རིམ་པ་བཞིན་དུ་བཱཏྶྱ་སོགས་རྣམས་ལ་རིགས་ལ་ཕག་འགྱུར་ཏེ། ཤུ་ན་ཀའི་བུ་རྒྱུད་དང་རིགས་ནི། ཤཽ་ན་ཀཱ་ཡ་ནཿ། བཱཏྶྱའོ། །གཞན་ལ་ཤཽ་ན་ཀཿ། བི་ད་སོགས་ཉིད་ལས་ཨཉའོ། །དཱརྦྷཱ་ ཡཎཿ། གལ་ཏེ་ཨཱ་གྲཱ་ཡ་ཎ་ཡིན་པ་ནའོ། །གཞན་ལ་ནི། དཱརྦིཿ། ཤ་ར་དནྟ་ཡཱ་ནཿ། གལ་ཏེ་ངན་སྤོང་གི་བུ་ཡིན་ནའོ། །གཞན་ལ་ནི། ཤ་ར་དྭ་ཏཿ། བརྦ་ཏ། ཛཱི་བནྟ་ལས་ཡང་ནའོ། །རིགས་ལ་བུ་རྒྱུད་ལ་ཕག་འགྱུར་ཏེ། པཱརྦ་ཏ་ཡ་ནཿ། པཱརྦ་ཏིཿ། ཛཻ་པནྟཱ་ཡ་ནཿ། ཛི་བནྟིཿ། དྲོ་ཎ་ལས་སོ། །ཕག་ ཡང་ན་འགྱུར་ཏེ། དྲོ་ཎའི་བུ་རྒྱུད་ནི། དྲཽ་ཎཱ་ཡ་ནཿ། དྲཽ་ཎིཿ། རིགས་ལས་ཞེས་པ་བཟློག་གོ། །ཤི་བ་སོགས་ལས་ཨཎའོ། །ཤི་བ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ལ་བུ་རྒྱུད་ཙམ་ལ་ཨཎ་འགྱུར་ཏེ། ཤཻ་བཿ། པྲཽཥྛཿ། དགག་པ་འགེགས་པའི་ཕྱིར་སླར་ཡང་བརྩམས་སོ། །ཨཱརྵྚི་ཥྱ་ཎ་ཞེས་ པ་འདི་ལ་ཎྱ་དང་ཨིཉ་དག་མི་འགྱུར་རོ། །གངྒཱའི་སྒྲ་འདིར་བཀླགས་པའི་ཕྱིར་ཨཎའོ། །གཱངྒཱཿ། ཤུབྷྲ་སོགས་ཉིད་ཀྱི་ཕྱིར་ཌྷཀའོ། །གངྒཱཿ། ཡཿ། ཏི་ཀ་སོགས་བཀླགས་པའི་ཕྱིར་མི་ཉའོ། །གཱངྒཱའི་ཡ་ནིཿ། པི་པཱ་ཤའི་སྒྲ་འདིར་བཀླགས་པའི་ཕྱིར་ཨཉའོ། །བཻ་པཱ་ཤཿ། ཀུཉྫ་སོགས་བཀླགས་ པའི་ཕྱིར་ཉའོ། །བཻ་བཱ་ཤཱ་ཡ་ནྱཿ། ཤི་བ། བོཥྛ། ཙཎྜ། ཛམྦྷ། བྷཱུ་རི། ཀུ་ཋཱ་ར། ཨཱ་མྲྀ་ཡ་མཱ་ཎ། སིནྡྷ། མུ་ནི། ཀ་ཀུསྠ། ཀོ་ཧ་ཌ། ཀ་ཀུ་བྷ། རོ་ཧ། བི་ར་ལ། བ་ཏཎྜ། ཏྲྀ་ན། བིནྡུཿ། ཀྵི་ར། ཧྲ་ད། ཛཱ་ལ། ཧྲིད། པུ་རི་ཥི་ཀ ། ཤཱ་ཡི་ཀ ། ཀ་པི་ལི་ཀ ། ཛ་ཊི་ལི་ཀ །བ་དྷི་ར་ཀ །མཉྩ་ར་ ཀ ། བཥྚི་ཀ །ཁཉྫཱ་ར་ཁཉྫ་ར། རོ་ཁ་ལེ་ཁ། ཨཱ་ལེ། ཁ་ན། བི་གྲ་བ་ན། བརྟྟ་ནཱཀྵ། པི་ཊ་ཀ །པི་ཊཱ་ཀ །བྲྀཀྵཱ་ཀ་ན་ནཱ་ཀ་ན་བྷཱ་ཀ་ཨུརྞ་ནཱ་བྷ། ཛ་ར་ཏ་ཀཱ་རུ། ཨུརྐོ་ཥ། བུ་རོ་ཧ་ཏ་ཀ །ཨཪྻ་ཤྭེ་ཏཱ། སུ་པིཥྚ། མ་ཡཱུ་ར་ཀརྞ། གྲྀཧྣ་ཀ །ཏཀྵན། རྀཥྚི་ཥེ་ཎ། གངྒཱ། བི་པཱ་ཤ། །ཡཀྵ། ལཀྵ། དྲུ་ཧྱ། ཨ་ཡཿ། སྠཱུ་ཎ། ཏྲྀཎ། ཀརྞ། ཀ་ལནྡ་མ། བི་རཱུ་པཱཀྵ། །བྷཱུ་མི། ས་པརྞཱི། ཨ་ཙ་གཉིས་པ་ན་དཱི་ལས་སནྡྷཱིའི་བུ་རྒྱུད་ནི། སཱནྡྷྱཿ། ཀཽ་ལྱཿ། ཌྷཀ་མ་བཀག་པའི་ཨཎ་ཡང་རབ་ཏུ་འབྱུང་ངོ་། །ཏྲི་དེ་ཎྱཱ་ཏྲི་བ་ཎ་ཡང་ངོ་ཏྲེ་བ་ཎཿ། དབྱིབས་ཀྱི་ཚོགས་འདིའོ། །དེས་ན་བཻ་ཤྲ་བ་ཎཿ། ར་བ་ཎཿ། བྲྀདྡྷ་མིན་པ་ལས་ཆུ་བོ་དང་། མིའི་མིང་ལས་སོ། །ཡན་ལག་གང་ཞིག་བྲྀདྡྷ་མིན་པ་ལས་ཆུ་བོ་དང་མིའི་མིང་ཡིན་པ་དེ་ལས་བུ་རྒྱུད་ལས་ཨཎ་འགྱུར་ཏེ། ཌྷཀ་གི་དམིགས་བསལ་ལོ། །ཡ་མུ་ནཱའི་བུ་རྒྱུད་ནི། ཡ་མུ་ནཿ། ཨཻ་རཱ་བ་ཏཿ། མི་ཙནྟྲི་ཏི་ཞེས་པ་དེའི་བུ་རྒྱུད་ནི། ཙནྟ་ཏིཿ། ཤཻཀྵི་ཏ། བྲྀདྡྷ་མིན་པ་ལས་ཞེས་པ་ཅི་ཞེ་ན། ནོར་ལྷས་ བྱིན་གྱི་བུ་རྒྱུད་ནི། བཱ་ས་བ་དཏྟེ་ཡཿ། ཆུ་བོ་དང་མིའི་མིང་ལས་ཞེས་པ་ཅི་ཞེ་ན། འདབ་བཟང་གསེར་འདབ་ཀྱི་བུ་རྒྱུད་ནི། སཽ་བརྞེ་ཡཿ། མིང་སྨོས་པ་ཅི་ཞེ་ན། གཟུགས་བཟང་མའི་བུ་རྒྱུད་ནི། སཽ་རུ་བེ་ཡཿ། ཤཽ་བྷ་ནེ་ཡཿ། ཀྲུཉྩ་དང་ཀོ་ཀི་ལ་དག་ལས་སོ། །བུ་རྒྱུད་ལ་ཨཎ་འགྱུར་ཏེ། ཀྲོཉྩཿ། ཀཽ་ཀི་ལཿ། རྀ་ཥི། ཀུ་རུ། བྲིཥྞི། ཨནྡྷ་ཀ་ལས་སོ། །རྀ་ཥ་སོགས་ཀྱི་འཇུག་པ་རྣམས་ལས་བུ་རྒྱུད་ལ་ཨཉ་འགྱུར་ཏེ། འདི་ཨི་ཉའི་དམིགས་བསལ་ལོ། །བཱ་ཤིཥྚཿ། བཻ་ཤྭ་མི་ཏྲ་ན་ཀུ་ལཿ། ཀུ་རུའི་རིགས་སོ། །དེའི་བུ་རྒྱུད་ནི་ནཱ་ཀུ་ལཿ། བ་སུ་དེ་བཿ། བྲྀཥྞའི་རིགས་སོ། །དེའི་བུ་ རྒྱུད་ནི་བཱ་སུ་དེ་བཿ། ཤྭ་ཕལྒ་ན་སིནྡྷ་ཀའི་རིགས་ལས་འབྱུང་བའོ། །དེའི་བུ་རྒྱུད་ནི་ཤྭཱ་ཕལྐཿ། དྲང་སྲོང་ཛ་ཏ་སེ་ནཱ་དང་བྷཱི་མ་སེ་ན་ནི་ཀུ་རུའི་འོ། །བི་ཤྭཀྶེ་ན་ནི་བྲྀཥྞིའི་འོ། །ཨུ་གྲ་སེན་ནི་ཨནྡྷ་ཀའིའོ། །དེ་ལ་སེ་ནའི་མཐའི་མཚན་ཉིད་ལ་ནྱ་དང་ཨིཉ་དག་འགྱུར་རོ། །བར་མ་ནི་དམིགས་བསལ་ལོ། ། སྔ་མའི་སྒྲུབ་པ་བཀག་པ་ལས་ཕྱི་མའོ་ཞེས་པའི་རིགས་པ་ལས་སོ། །ཅི་ལྟར་མ་ཏྲེ་ཡ། ཞེ་ན། ཨིཥྚ་ཉིད་ཀྱི་ཕྱིར་ཌྷ་ཀའོ། །གྲངས་དང་སཾ་དང་བྷ་སོགས་ལས་མཱ་ཏྲི་ལས་ཨུ་ཨང་འང་ངོ་། །གྲངས་ལ་སོགས་པ་སྔོན་མའི་ནཱ་ཏྲི་ལས་བུ་རྒྱུད་ལས་ཨན་འགྱུར་ཞིང་ཨུ་ཨང་དུ་བསྒྱུར་བ་འང་ངོ་། དྭཻ་མཱུ་རུ་རཿ། ཏྲཻ་མཱ་རུ་རཿ། ཥཎྨཱ་རུ་རཿ། སཱཾ་མཱ་རུ་རཿ། བྷཱ་དྲ་མཱ་རུ་རཿ། གྲངས་དང་སཾ་དང་བྷ་དྲཱ་སོགས་དང་པོ་ལས་ཅི་ཞེ་ན། བི་མཱ་ཏྲེའི་བུ་རྒྱུད་ནི། བཻ་མཱ་ཏྲཻ་ཡ། མཱ་ཏྲིའི་སྒྲ་ནི་སྐྱེད་བྱེད་མ་བརྗོད་པ་ཉིད་ལ་གཟུང་ངོ་། མཱན་ཀརྟྲི་ལས་ནི་མ་ཡིན་ཏེ། དེ་ལ་སཱཾ་མཱ་ཏྲཿ། ཀནྱཱ་ལས་ཀ་ནཱི་ན་ཡང་ངོ་། ། ཀ་ནྱའི་སྒྲ་ལས་བུ་རྒྱུད་ལས་ཨཎ་འགྱུར་ཞིང་ཀ་ནཱི་ན་རུ་བསྒྱུར་བ་འང་ངོ་། །ཀཱ་ནཱི་ནཿ། རྒྱས་པའོ། །དེ་ཉིད་ཀྱི་ཕྱིར་ཡོངས་སུ་མི་འགྱུར་ཡང་ཀ་ནྱཱའི་སྒྲ་ཡིས་བསྟན་པར་བྱའོ། །ནཱ་ཀྵ་ཏ་ཡོ་ནི་རེ་བ། ཤུངྒཙྪ་ག་ལཿ། བི་ཀརྞ་ལས་བྷཱ་ར་དྭཱ་ཛ། བཱཏྶྱ་ཨ་ཏྲེ་ཡ་རྣམས་སོ། །ཨཎ་འགྱུར་ཏེ། ཤུངྒའི་བུ་རྒྱུད་ནི། ཤོངྒིཿ། གལ་ཏེ་བྷཱ་ར་སྤྱོཛ་ཡིན་ནའོ། །གཞན་ལ་ཤོངྒེཿ། རྟགས་ཀྱི་ཁྱད་པར་སྨོས་པས་ཤུངྒའི་སྒྲ་ལས་ཀྱང་འགྱུར་རོ། །དེའི་ཚེ་གཞན་ལ་ག་ཤཽངྒེ་ཡཿ། ཙྪ་ག་ལ། གལ་ཏེ་བཏྶའི་བུ་ཡིན་ནའོ། གཞན་ལ་ནི་ཙྪ་ག་ལིཿ། བཻ་ཀརྞྞཿ། གལ་ཏེ་རྒྱུན་ཤེས་ཀྱི་བུ་ཡིན་ནའོ། །གཞན་ལ་ནི་ཙྪ་ག་ལིཿ། བཻ་ཀ་རྞྞཿ། གལ་ཏེ་རྒྱུན་ཤེས་ཀྱི་བུ་ཡིན་ནའོ། གཞན་ལ་ནི་བཻ་ཀ་རྞིཿ། པཱི་ལ་ལས་ཡང་ནའོ། །བུ་རྒྱུད་ལས་ཨཎ་འགྱུར་ཏེ། པཻ་ལཿ། པཻ་ལེ་ཡཿ། མཎྡཱུ་ཀ་ལས་ཌྷཀའང་ངོ་། །མཎྜཱུའི་ཀའི་སྒྲ་ལས་ཨཎ་ཡང་འགྱུར་ཞིང་ཌྷཀའང་ངོ་། །མཱཎྜཱུ་ཀཿ། མཱཎྜཱུ་ཀི་ཡཱཿ། མཎྜཱུ་ཀིཿ། བུད་མེད་རྣམས་སོ། །བུད་མེད་དུ་བྱས་པ་རྣམས་ལ་དྷཀ་འགྱུར་ ཏེཿ། ཨཎ་གྱི་དམིགས་བསལ་ལོ། །སཽ་པརྞེ་ཡཿ། བཻ་ན་ཏྲཻ་ཡཿ། ཀཱ་མཎྜ་ལེ་ཡཿ། ཀཽ་མཱ་རེ་ཡཿ། ཡཽ་བ་ཏེ་ཡཿ། བ་ཌ་བ་ལས་བྲ་ཥ་ལ་ལའོ། །ཌྷཀ་འགྱུར་ཏེ། བ་ཌ་བའི་བུ་རྒྱུད་ནི། བཱ་ཌ་བེ་ཡཿ། བྲྀ་ཥ་ནི་འདིར་མངལ་འཇོག་པའི་ནུས་པ་ལ་བརྗོད་དོ། །ཨ་ཙ་གཉིས་པ་བུད་མེད་ཀྱི་རྐྱེན་ མཐའ་ལས་ཌྷཀ་འགྱུར་ཞིང་། དཱཏྟེ་ཡཿ། གཽཔྟ་ཡཿ། བྲྀདྡྷ་མ་ཡིན་པ་ལས་ཆུ་བོ་དང་མིའི་མིང་ལས་སོ་ཞེས་པས་ཨཎ་འགོག་པའི་དོན་ཏོ། །མིའི་མིང་ཉིད་ལས་ཨཎ་ལ་སོགས་པ་འདི་ཆུ་བོའི་མིང་ལས་མ་ཡིན་ཞེས་པས་འགའ་ཞིག་ཏུ་མ་ཡིན་ཏེ། ཤཻ་པྲཿ། ཨིཏ་ལས་ཨིཉ་མ་ཡིན་པ་ལས་ སོ། །ཨི་ཡིག་མཐའ་ཅན་ཨིཉ་མ་ཡིན་པ་ལས་བུ་རྒྱུད་ལ་ཌྷཀ་འགྱུར་ཏེ། ཨཱ་ཏྲཻ་ཡཿ། བཻ་དྷེ་ཡཿ། ཀཱ་བཻ་ཡཿ། ཨིཉ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། དཱཀྵཱ་ཡ་ནཿ། ཨ་ཙ་གཉིས་ཞེས་པ་དེ་ཉིད་དེ། མཱ་རཱི་ཙཿ། ཤུ་བྷྲ་སོགས་རྣམས་ལས་སོ། །བུ་རྒྱུད་ལ་ཌྷཀ་འགྱུར་ཏེ། སྦྱོར་བ་ ཇི་ལྟ་བར་ཨིཉ་ལ་སོགས་པ་རྣམས་ཀྱི་དམིགས་བསལ་ལོ། །ཤཽ་བྷྲ་ཡཿ། བཻཥྚ་པུ་རེ་ཡཿ། ཤུ་བྷྲ། བིཥྚ་པུ་ར། བྲཧྨ་བྲིཏ། ཤ་ཏ་དྭཱ་ར། ཤཱ་ལཱ་སྠ་ལ། ཤཱ་ལཱ་ཀ་བྷཱུ། ལེ་ཁ་བྷཱུ། བི་དྷ་བཱ། བི་ཀ་ཤཱ། རོ་ཧི་ཎཱི། རུ་ཀྑི་ཎཱི། བརྨི་ཎཱི། དྭཱ་ཤཱི། ཤཱ་ལཱུ་ཀ །ཨ་ཛ་བསྟི། ཤ་དྭི། ཤ་ཀ་དྭི་ལཀྵ་ཎ། ཤྱཱ་མ་དག་ ལ་བཱ་ཤིཥྛ་ལའོ། །ལཀྵ་ཎཱི་བུ་རྒྱུད་ནི། ལ་ཀྵ་ཎེ་ས། གལ་ཏེ་གནས་འཇོག་ཡིན་ནའོ། །དེ་བཞིན་དུ་ཤྱཱ་མེ་ཡ། གཞན་ལ་ནི། ལཱ་ཀཱ་ནི། ཤྱཱ་མཱ་ཡ་ནི། ཨ་སོགས་ཀྱི་ཕྱིར་ཕཉའོ། །གོདྷཱ། ཀྲྀ་ཀ་ལཱ་ཤཱ། ཨ་བཱི་ཙི་རོ་ཧ་ན། བྷཱ་ར་ཏ། བྷཱ་མ་ར། མུ་རུཥྚ། མྲྀ་ཀཎྜ། ཀརྦཱུ་ར་ཨི་ཏ་ར། ཨ་ནྱ་ཏ་ར། དེ་བ་ཏ་ ར། ཨཱ་ལིཌྷ། སུ་དཏྟ། སུ་དཀྵ་ཀ་དྲུ། སུ་ནཱ་མན། ཀཪྵ་གུ་ད། ཨ་ཀ་ཤཱ་ཡ། ཤ་ཀ་ལ་ཀུ་མཱི་རི་ཀ ། ཀུ་བེ་རི་ཀཱ། ཀྭི་ཤྭ་རི་ཀཱ །ཛིཧྨཱ་ཤི་ན། པཱ་དཏྟ་ཤ་ཀ་ལ། ཤ་བ་ལ། ཁ་དྭཱུ་ར་ཀ ། ཨམྦ་ཀི ། ཨ་ཤོ་ཀི་ཀ །གནྡྷ་བིཾ་ག་ལ། ཁེ་ཌོནྨཏྟཱ། ཀུནྡཱ་ཤ་ཀུ་ནི། ཨ་ནུ་པ། སྲྀཥྚ། ཛ་ར་ཏིན། ཤུ་ཀྲ། །ཨུ་གྲ། ཛཱི་བ། ཤྭན། ཨ་ཤྭ། །ཨ་ཛི་ར། དབྱིབས་ཀྱི་ཚོགས་འདིའོ། །གཱངྒེ་ཡཿ། བཻ་མཱ་ཏྲེ་ཡཿ། སུ་བྷྲ་ལ་སོགས་པ་རྣམས་ལས་སོ་ཞེས་འགའ་ཞིག་ཟེར་རོ། །དེའི་ལུགས་ལ་སྨིན་ལེགས་མའི་བུ་རྒྱུད་ནི། །སཽ་བྷྲེ་ཡཿ། བི་ཀརྞ་ཀུ་སྭཱི་ཏ་ཀ་ལས་འོད་སྲུངས་ལའོ། །བི་ཀརྞ་དང་ཀུ་སཱི་ཏ་ཀ་ལས་འོང་སྲུངས་ཀྱི་བུ་རྒྱུད་ ལ་ཌྷ་ཀ་འགྱུར་ཏེ། བཻ་ཀརྞེ་ཡ། ཀཽ་སཱི་ཏ་ཀེ་ཡཿ། གཞན་ལ་ནི་བཻ་ཀརྞིཿ། བྷྲུ་ལས་བུཀ་འང་ངོ་། །བུ་རྒྱུད་ལ་ཌཀ་འགྱུར་ཞིང་བུཀ་ཨཱ་ག་མའང་ངོ་། །བྷྲཽ་བེ་ཡཿ། ཀ་ལྱཱ་ཎི་ལ་སོགས་པ་རྣམས་ལ་ཨིནའོ། །བུ་རྒྱུད་ལ་ཌྷཀ་འགྱུར་ཟིང་ཨི་ནང་དུ་བསྒྱུར་བ་འང་ངོ་། །ཀ་ལྱཱ་ཎི་ནི་ཡཿ། སཽ་བྷཱ་གི་ནེ་ཡཿ། ཀ་ལྱཱ་ཎཱི། སུ་བྷ་གཱ །དུརྦྷ་གཱ། བནྡྷ་ཀཱི །ཨ་ནུ་སྲིཥྚི། ཛ་ར་དྲི། བ་ལཱི་བརྡཱི། ཛྱེཥྛཱ། ཀ་ནཱཥྛི། མ་དྷྱ་མཱ་པ་རསྟྲཱི། ཀུ་ལ་ཊཱ་ལས་ཡང་ནའོ། །ཌྷཀ་ཡང་དག་པར་སྦྱོར་བ་ན་ཀུ་ལ་ཊཱ་ལས་ཨི་ནང་དུ་བསྒྱུར་བ་ཡང་ན་འགྱུར་ཏེ། ཀུ་ལ་ཊའི་བུ་རྒྱུད་ནི། ཀཽ་ལ་ཏི་ནེ་ཡཿ། ཀཽ་ལེ་ཊེ་ཡིཿ། གང་རིགས་རྣམས་སུ་ འགྲོ་ཞིང་དང་ཚུལ་མི་འཇིག་པ་དེ་འདིར་དཔེར་བརྗོད་དོ། །གང་ཞིག་ངང་ཚུལ་འཇིག་པ་དེ་ཕྲ་མོའི་མཚན་ཉིད་དེ་ཨེ་རག་འགྱུར་རོ། །ཀཽ་ལ་ཊེ་རཿ། ཙ་ཏྲ་ཀ་ལས་ཨཻ་ར་ཀའང་ངོ་། །བུ་རྒྱུད་ལ་འགྱུར་ཏེ། ཙཱ་ཊ་ཀཻ་རཿ། རྟགས་ཀྱི་ཁྱད་པར་སྨོས་པའི་ཕྱིར། ཙ་ཊ་ཀཱ་ལས་ཀྱང་འགྱུར་རོ། །བུད་མེད་ ལ་འཇིག་གོ། །ཙ་ཊ་ཀཱ་ལས་བྱས་པའི་ཨཻ་ར་ཀ་ནི་བུད་མེད་ཀྱི་བུ་རྒྱུད་ལ་འཇིག་པར་འགྱུར་ཏེ། ཙ་ཊ་ཀ་འང་ཙ་ཊ་ཀ་མོའི་བུ་གྱུར་ནི། སྟྲཱི་ཙ་ཊ་ཀཱ །ཙ་ཊ་ཀའི་སྒྲ་ལས་ཨཻ་རཀ་འཇིག་པར་བྱས་པ་ལ་ཞིག་པས་དེ་ཕན་འཇིག་པ་ལ་གོ་ནྱ་སོགས་ཞེས་པས་ཊཱ་པ་ལྡོག་ཀྱང་སླར་ཨ་ཙ་སོགས་ཉིད་ ལས་རིགས་ཀྱི་མཚན་ཉིད་ལས་དཱི་པ་དང་ཨ་བཱ་ད་ལས་ཊཱ་པའོ། །ཛཱནྚ། པཱནྚ་ལས་ཨ་རཀའོ། །བུ་རྒྱུད་ལ་འགྱུར་ཏེ། ཛཱཎྚཱ་རཿ། པཎྜཱ་རཿ། གོ་དྷཱ་ལས་ཨེརཀའང་ངོ་། །གོ་དྷའི་སྒྲ་ལས་ཨེ་རག་འགྱུར་ཞིང་ཨཱ་རཀ་ཀྱང་ངོ་། །གཽ་དྷེ་རཿ། གཽ་དྷཱ་རཿ། ཤུ་བྷྲ་སོགས་ཉིད་ལས་དྷཀ་ཀྱང་ངོ་། །གཽ་དྷ་ ཡཿ། ཁ་ཅིག་ཨཱ་རཀ་དང་ཨཻ་རཀ་དག་གདུག་པའི་བུ་རྒྱུད་ལ་སྦྱོར་བར་བྱེད་དོ། །ཕྲ་མོ་རྣམས་ལས་ཡང་ནའོ། །བུ་རྒྱུད་ལ་ཨེ་རཀ་འགྱུར་ཏེ། ཀཱ་ཎེ་རཿ། ཀཱ་རེ་ཡཿ། དཱ་སེ་རཿ། དཱ་སེ་ཡཿ། ཕྲ་བ་ནི་ལུས་མ་ཚང་བ་དང་ཚུལ་ཁྲིམས་མ་ཚང་བ་སྟེ། དོན་ཕྲ་བའི་ཕྱིར་དེ་མངོན་པར་བརྗོད་པའི་ རང་བཞིན་རྣམས་ཕྲ་བར་བསྟན་ནོ། །བྷྲཱརྟྲྀ་བྱའོ། །སྤུན་ཟླའི་བུ་ལས་པཏྣེ་ཡང་ཚིག་ཕྲད་དེ། ས་པཏྣེ་ཏྭཱད་ཨུ་དཱཏྟའོ། །ས་པཏྣའི་སྒྲ་ནི་དགྲ་བོའི་རྣམ་གྲངས་སོ། །ཚའོ། །བྷྲཱ་ཏིའི་སྒྲ་ལས་བུ་རྒྱུད་ལ་ཚ་རྐྱེན་དུ་འགྱུར་ཏེ། བྷྲ་ཏྲཱི་ཡཿ། སྭོ་སི་ལས་སོ། །སྭ་སིའི་སྒྲ་ལས་བུ་རྒྱུད་ལ་ཚ་འགྱུར་ཏེ། སོ་སྲཱི་ཡཿ། བི་ཏྲི། མཱ་ཏྲི་སྔོན་མ་ལས་ཚནའོ། །པོ་ཏྲི་དང་མཱི་ཏྲི་སྔོན་མའི་སྭ་སྲིའི་སྒྲ་ལས་བུ་རྒྱུད་ལ་ཚན་འགྱུར་ཏེ། པྲཻ་ཏྲི་ཥྭི་སྲཱི་ཡཿ། ཌྷ་ཀ་ལ་དབྱིའོ། །པྲཻ་ཏྲི་མཱ་ཏྲི་སྔོན་མའི་སྭ་སྲིའི་སྒྲ་ལས་ཌྷཀ་ལ་འདིའི་མཐའ་དབྱི་ཞིག་རྟགས་འདི་ཉིད་ལ་ཌྷཀ་ཀྱང་ངོ་། །སཻ་ཏྲེ་ཥྭ་སེ་ཡ། མཱ་ཏྲི་ཥྭ་ས་ཡཿ། ཀྵ་ཏྲ་ལས་རིགས་ ལ་གྷའོ། །རིགས་རྟོགས་པར་བྱེད་པ་ལ་ཀྵ་ཏྲའི་སྒྲ་ལས་བུ་རྒྱུད་ལ་གྷ་འགྱུར་ཏེ། ཀྵ་ཏྲའི་བུ་རྒྱུད་ནི་ཀྵ་ཏྲི་ཡཿ། རིགས་ལས་ཞེས་པ་ཅི་ཞེ་ན། ཀྵཱ་ཏྲྀཿ། རཱ་ཛན་ལས་ཡ་ཏའོ། །རཱ་ཛན་གྱི་སྒྲ་ལས་རིགས་ལ་བུ་རྒྱུད་ལས་ཡཏ་འགྱུར་ཏེ། རཱ་མ་ཛནྱཿ། གལ་ཏེ་རྒྱལ་རིགས་ཡིན་ནའོ། །གཞན་ལ་རཱ་ ཛནཿ། མ་ནུ་ལས་ཨས་འང་སྟེ་ཥུ་ཀའོ། །མ་ནུའི་སྒྲ་ལས་རིགས་རྟོགས་པར་བྱེད་པ་ལ་ཨཉ་འགྱུར་ཞིང་ཡཏ་འང་ངོ་། །དེ་དག་སྦྱོར་བ་ལ་ཥུཀ་ཨཱ་ག་མ་འང་ངོ་། །མཱ་ནུ་ཥཱཿ། མ་ནུ་ཥྱཿ། བུ་རྒྱུད་ཙམ་བརྗོད་པར་འདོད་པ་ལ་ཨཎ་ཉིད་དོ། །མཱ་ན་པཱི། སྐྱེ་དགུའོ། །ཀུ་ཏིས་ ཏའི་བུ་རྒྱུད་ལ་པྲྀ་ཥོ་ད་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཎ་ཉིད་དོ། །མཱ་ཎ་བཿ། ཤྭ་ཤུར་ལས་སོ། །བུ་རྒྱུད་ལ་ཡཏ་འགྱུར་ཏེ། ཤྭ་ཤུཪྻཱཿ། ཀུ་ལ་ལས་ཌྷཀ་འང་ངོ་། །ཀུ་ལ་ལས་བུ་རྒྱུད་དོ། །ཀུ་ལའི་བུ་རྒྱུད་ནི་ཌྷ་ཀཉ་འགྱུར་ཞིང་ཡཏ་འང་ངོ་། །ཀཽ་ལེ་ཡཀཿ། ཀུ་ལེཿ། དེའི་མཐའ་ལས་ཁའང་ངོ་། ། ཀུ་ལའི་སྒྲའི་མཐའ་འབའ་ཞིག་ལས་བུ་རྒྱུད་ལ་ཁ་འགྱུར་ཏེ། ཨཱ་ཌྷྱ་ཀུ་ལཱི་ནཿ། ཀུ་ལཱི་ནཿ། དུར་ལས་ཌྷཀ་ཡང་ནའོ། །དུར་ལས་ཕ་རོལ་ཀུ་ལའི་སྒྲ་ལས་བུ་རྒྱུད་ལ་ཌྷཀ་ཡང་འགྱུར་ཏེ། དཽཥྐུ་ལཱི་ནཿ། མ་ཧཱ་ཀུ་ལ་ལས་ཨཉ་ཁཉ་དག་གོ། །མ་ཧ་སྐུ་ལའི་སྒྲ་ལས་བུ་རྒྱུད་ལ་ཨཉ་དང་ཁཉ་དག་ ཡང་ན་འགྱུར་ཏེ། མ་ཧཱ་ཀུ་ལཿ། མ་ཧཱ་ཀུ་ལཱི་ནཿ། གྲྀཥྚི་སོགས་དང་རྐང་བཞི་རྣམས་ལས་ཌྷཉའོ། །བུ་རྒྱུད་ལ་འགྱུར་ཏེ། གརྵྚེ་ཡཿ། ཧཱརྵྚེ་ཡཿ། གྲྀཥྚི་ཧྲིཥྚ། ཧ་ལི། བཱ་ལི། བིསྣ། ཀ་ཌི། ཨ་ཛ་བསྟི། མི་ཏྲ་ཡུ། རྐང་བཞི་པ་མ་ཡིན་པ་བརྗོད་པ་ལ་གྲཥྚའི་སྒྲའི་ཚོགས་སུ་བརྗོད་དོ། །ཨ་ཛ་ བསྟི་དང་། མི་ཏྲ་ཡུའི་སྒྲ་དག་ལ་ཨཎ་ཐོབ་པ་ལ་དང་། ལྷག་མ་རྣམས་ལ་ཨཏ་ལས་ཨིཉ་མ་ཡིན་པ་ལ་ཞེས་པས་ཌྷཀ་ཐོབ་པ་ལའོ། །རྐང་བཞི་རྣམས་ལ་ངེས་པར་ཡང་སྟེ། ཤཱ་བ་ལེ་ཡཿ། བཱ་ཧུ་ལེ་ཡཿ། རེ་བ་ཏཱི་སོགས་རྣམས་ལས་ཋཀའོ། །བུ་རྒྱུད་ལ་འགྱུར་ཏེ། རཻ་བ་ཏི་ཀཿ། ཨ་ཤྭ་པཱ་ལི་ ཀཿ། རེ་བ་ཏཱིཿ། ཨ་ཤྭ་པཱ་ལཱིཿ། མ་ཏྲཱི་པཱ་ལཱི། བྲྀཀ་པཉྩི་ན། པྲྀ་ཀ་གྲཱ་ཧཱ། དཎྜ་གྲྭཱ་ཧཱ། ཀུཀྐུ་ཊཱ་ཀྵ། དཱིའི་མཐའ་ལས་ཌྷཀ་ཐོབ་པ་དང་། ཎའི་མཐའ་ལས་ཨཎ་དང་། ཨཱཏ་ལས་ཨཉ་ལའོ། །རིགས་ལས་བུད་མེད་ལ་སྨད་པ་ལ་ཎ་ཙའོ། །རིགས་ལ་རྐྱེན་མཐའ་ལས་བུད་མེད་ལ་སྨད་པ་ བརྗོད་པ་ཋཀ་འགྱུར་ཞིང་ཎ་ཙ་འང་ངོ་། །གཱརྒའི་བུ་རྒྱུད་ཀྱི་བུད་མེད་ནི། གཱརྒའི་རྐོ་ཛཱལླཿ། གློ་ཙུ་ཀཱ་ཡ་ནཿ། སྨད་པ་ལ་ཞེས་པ་ཅི་ཞེ་ན། གཱརྒེ་ཡཿབྲམ་ཟེའི་ཁྱེའུའོ། །རིགས་ལ་ཞེས་པ་ཅི་ཞེ་ན། ཨཽ་པ་ག་བེ་ཡཿ། ཕའི་ཉེ་དུ་ཙམ་བསྟན་པས་ཀུཏྶའི་བུ་རྒྱུད་བསྟན་པའོ། །སཽ་བཱ་རི་རྣམས་ལ་ ཡང་ནའོ། །རིགས་ལས་ཞེས་པ་འཇུག་གོ། །རབ་ཏུ་གྲགས་པ་སཽ་བཱི་རའི་རིགས་ལ་སོགས་པའི་བུ་རྒྱུད་དང་བུའི་བུ་ལ་སོགས་པ་བུད་མེད་དེའི་བུ་རྒྱུད་ལ་སྨད་པ་ལ་ཋཀ་ཡང་ན་འགྱུར་ཏེ། བྷ་ག་བིཏྟའི་བུ་རྒྱུད་དང་བུའི་བུ་ལ་སོགས་པ་ནི། བྷ་ག་བིཏྟི། དེའི་བུ་རྒྱུད་ནི་བྷ་ག་བྲྀཏྟི་ཀ་ཛཱནྨཿ། ཡང་ན་བྷ་ ག་བིཏྟཱ་ཡ་ནཿ། རྩའི་ཐིག་པའི་བུ་རྒྱུད་དང་བུའི་བུ་ལ་སོགས་པ་ནི། ཏཱརྞ་བནྡི་བཱི། དེའི་བུ་རྒྱུད་ནི། ཏཱརྞ་བནྡི་བི་ཀཿ། ཡང་ན་ཏཱརྞ་བནྡི་བ་ཡཿ། ཨཱ་ཀ་ཥཱ་ཡའི་བུ་རྒྱུད་དང་བུའི་བུ་ལ་སོགས་པ་ནི། ཨཱ་ཀ་ཥཱ་ཡེ་ཡཱི། ཤུ་བྷྲ་སོགས་ཉིད་ཀྱི་ཕྱིར་ཌྷ་ཀའོ། །འདིའི་བུ་རྒྱུད་ནི། ཨཱ་ཀ་ཥཱ་ཡེ་ཡཱིཿ། བཱ་ཧུ་སོགས་ཀྱི་ དབྱིབས་ཀྱི་ཚོགས་ཉིད་ཀྱི་ཕྱིར་ཨིཉའོ། །སཽ་བཱི་ར་རྣམས་ལ་ཞེས་པ་ཅི་ཞེ་ན། ཨཽ་བ་ག་བེ་ཡཿ། ཛཱནྨཿ། སྨད་པ་ལ་ཞེས་པ་ཉིད་དེ། ཏཱརྞ་བནྡི་པེ་ཡཿ། ཕི་ཉ་ལས་ཚ་འང་ངོ་། །རབ་ཏུ་གྲགས་པའི་རིགས་སོ་སོ་བཱ་ར་རྣམས་ལ་ཕི་ཉའི་མཐའ་ལས་བུད་མེད་ཀྱི་བུ་རྒྱུད་ལ་སྨད་པ་ལ་ཚ་འགྱུར་ཞིང་ཋཀ་ཡང་ངོ་། ། ཡ་མུནྡཱའི་བུ་རྒྱུད་ནི། ཡ་མུནྡྷཱ་ཡ་ནིཿ། དེའི་བུ་རྒྱུད་ནི། ཡཱ་མུནྡྷཱ་ཡ་ནི་ཀཿ། སུ་ཡཱ་མན་གྱི་བུ་རྒྱུད་ནི། སཽ་ཡཱ་མཱ་ཡ་ནིཿ། དེའི་བུ་རྒྱུད་ནི། སཽ་ཡཱ་མ་ནཱི་ཡཿ། སཽ་ཡཱ་མཱ་ཡ་ནི་ཀཿ། བྲྀཥའི་བུ་རྒྱུད་ནི། བཱཪྵྱཱ་ཡ་ནིཿ། དེའི་བུ་རྒྱུད་ནི། བཱཪྵྱ་ཡ་ཎཱི་ཡཿ། བཱཪྵྱ་ཡ་ཎཱི་ཀཿ། སཽ་བཱི་ར་རྣམས་ལ་ཞེས་པ་ཉིད་དེ། ཏཻ་ཀཱ་ ཡ་ནིརྫཱལྨཿ། སྨད་པ་ལ་ཞེས་པ་ཉིད་དེ། ཡཱ་མུནྡཱ་ཡ་ནཱཿ། གཉིས་ཀ་ལ་ཡང་ཨཎ་འཇིག་གོ། །ཕནྚཱ་ཧྲཱི་ཏི་ལས་ཎ་དང་ཕིཉ་དག་གོ། །ཕཊྭཱ་ཏྲི་ཏི་ལས་སཽ་བཱི་རའི་རིགས་ལས་ཎ་དང་ཕིཉ་དག་འགྱུར་ཏེ། ཕྲདྡྷཱ་ཧྲེ་ཏཿ། ཕྲུདྡྷཱ་ཧྲི་ཏཱ་ཡ་ནིཿ། སཽ་བཱི་ར་རྣམས་ལ་ཞེས་པ་ཉིད་དེ། ཕཱ་ནྚཱ་ཧྲི་ཏཱ་ཡ་ནཱཿ། མི་མ་ཏ་ལས་སོ། ། བུ་རྒྱུད་ལ་ཎ་དང་ཕིཉ་དག་འགྱུར་ཏེ། མཻ་མ་ཏཿ། མཻ་མཱ་ཏཱ་ཡ་ནིཿ། སཽ་བཱི་ར་རྣམས་ལ་ཞེས་པ་ཉིད་དེ། མཻ་མ་ཏཱ་ཡ་ནཿ། ན་ཌ་སོགས་ཉིད་ཀྱི་ཕྱིར་ཕཀའོ། །ཀུ་རུ་སོགས་རྣམས་ལས་ཎྱའོ། །ཀུ་རུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་ལས་བུ་རྒྱུད་ལ་ཎྱ་འགྱུར་ཏེ། ཀཽ་ར་བྱཿ། གརྒཪྻཿ། ཀཻ་ཤི་ནྱཿ། རྒྱལ་རིགས་མ་ཡིན་པའི་དོན་ལ་ཀུ་རུའི་སྒྲ་བཀླགས་སོ། །དེས་ན་མང་པོ་རྣམས་ལ་ཀཽ་ར་བྱཱཿ། ར་ཐ་ཀཱ་རཿ། ཛཱ་ཏྱནྟ་རམ། བཟོ་བོ་བརྗོད་པ་ཉིད་ལས་བར་མ་ཆད་དུ་ཎྱའོ། །ཀེ་ཤི་ནཱིའི་སྒྲ་ནི་དཱི་པ་ཀྱི་མཐར་བསྟན་པའི་ཤུགས་ལས་སྐྱེས་པ་བཞིན་གྱི་དངོས་པོ་མ་ཡིན་ནོ། །ཏཀྵན་གྱི་སྒྲ་ འདིར་བཀླགས་པ་ལས་ཎྱའོ། །བཟོ་བོ་ཉིད་ཀྱི་ཕྱིར་ཨིཉ་སྟེ། ཏཱཀྵ་ཎིཿ། ཤི་བ་སོགས་སུ་བཀླགས་པ་ལས་ཨཎའོ། །ཏཱཀྵྞཿ། ཀུ་རུཿ། གརྒ་ར། མཉྫུ་ཥུ། ཨ་ཛ་མཱ་ར། ར་ཐ་ཀཱ་ར། ཙ་པ་ཊ་ཀ །ཀཀ་ལི། མ་དི་བཱ་ཀ །པི་ཀྲྀ། མན། ཨཎྜ་ཛཱ་ལི། དྷཱ་ཏ་ཀི ། དྷ་མོ་ཥྞཱི་ཥ། ཀརྞ་ ཀཱིད། ཀཻ་ཤྭ་རི་ཀ་པིཉྫ་ལ། ཀཱུ་ཊ། ཤ་ལཱ་ཀཱ །པུ་རཱ། ཨེ་ཌ་ཀཱ །དྷརྨྷ། ཀེ་ཤི་ནཱི་དྷེ་ནུ། སཱུཪྻ། ནྱཱ་ཡ། ཛྙཱ་ནཱ་ཡཿ། ཤྱཱ་བ་ར་ཐ། སྱཱ་པུ་ཏྲ། བེ་དྷཱ་ཏ་ཀི །ནི་ཏཱནྟཱ་བྲྀཀྵ། ཨཱརྡྲ་བྲི་ཀཱ་ར། སཏྱདྐཱ་ར་བྲྀ་ཧ་ཏིཾ་ཀཱ་ར། པ་ཐི་ཀཱ་ར་ནི། ཤམྦྷུ། ཧ་ནུ། ཤཾ་ཀུ། །ཨི་ཎ། པཎྜཱི། ཏཀྵ་ན། བཱ་མར་ཐྱཱ་ཡ་ན། སམ་རཱ་ཛ་ལས་ རྒྱལ་རིགས་ལས་སོ། །སམ་རཱ་ཛའི་སྒྲ་ལས་བུ་རྒྱུད་ལ་ཎྱ་འགྱུར་ཏེ། སམ་རཱ་ཛའི་བུ་རྒྱུད་ནི་སམྲཱ་ཛཿ། གལ་ཏེ་རྒྱལ་རིགས་ཡིན་ནོ། །གཞན་ལ་སཱ་ནཱའི་མཐའ་དང་ཀཱ་རུ། ལཀྵན་ལས་ཨིཉ་འང་ངོ་། །སེ་ནཱའི་མཐའི་ཡན་ལག་དང་བཟོ་བོ་དང་ལཀྵན་ལས་ཨིཉ་འང་ངོ་། །སེ་ནཱའི་མཐའི་དང་བཟོ་བོ་བརྗོད་པ་དང་ ལཀྵན་ལས་ཀྱང་བུ་རྒྱུད་ལ་ཨིཉ་འགྱུར་ཞིང་ཎྱའོ། །ཧཱ་རི་ཥེ་ཎིཿ། ཧ་རི་ཥེ་ཎྱཿ། བྷཻ་མ་སི་ནིཿ། བྷཻ་མ་སེ་ཉཿ། ཛཱ་ཏ་སེ་ནིཿ། ཛཱ་ཏ་སེ་ནྱཿ། བེ་ཤྭཀྶེ་ནིཿ། བེ་ཤྭཀྶེ་ནྱཿ། ཏཱནྟྲ་བཱ་ཡིཿ། ཏཱནྟྲ་བཱ་ཡྻཿ། ལཱཀྵ་ཎིཿ། ལཀྵ་ཎིཿ། ལཀྵ་ཎྱཿ། ཏིཀ་སོགས་རྣམས་ལས་ཕཉ་འགྱུར་ཏེ། བུ་རྒྱུད་ལ་ཕིཉ་འགྱུར་ཏེ། ཏཻ་ཀཱ་ཡ་ནིཿ། ཀཻ་ཏ་བཱ་ཡ་ནིཿ། ཀཽ་ར་བྱཱ་ཡ་ནིཿཀཽ་ར་བྱའི་སྒྲ་ནི་འདིར་རྒྱལ་རིགས་བརྗོད་པ་གཟུང་བར་བྱའོ། །ཨཽ་ར་སའི་སྒྲ་ནི་རྒྱལ་རིགས་བརྗོད་པ་དང་། ལྷན་ཅིག་སྤྱོད་པའི་ཕྱིར་གང་ཀུ་རུ་ལ་སོགས་པ་ཎའི་མཐའ་དེ་ཨིཉ་ཉིད་འགྱུར་རོ། །དེ་ཙཎྱ་སོགས་ཉིད་ལས་འཇིག་གོ། །ཏི་ཀ །ཀ་ཏི་པ། སཾ་ཛྙཱ་བཱ་ཎ། ཨུ་ ཁཱ། ཨུ་རས། སེནྡྷྱ་བ། སཱ་དྷྱ། ཡ་མུནྡ། རཱུ་པྱ། གྲཱ་མྱ། ཏཻ་ལ། ནཱི་ལ། གྲ་ས། ཨ་མི་ཏྲ། ཀུ་རུ་དེ། པ་ར། ཏཻ་ཏ་ལ། ཨཽ་རས། ཀཽར་བྱ། བྷཽ་རི་ཀི །བྷཽ་ལི་ཀི །ཙཽ་པ་ཡ་ཏ། ཀྵཻ་ཏ་ཡ་ཏ། ཙནྡྲ་མས། ཤུ་བྷ། གང་གཱ་བ་རེ་ཎྱ། བསྟྲ། ཨཱ་བ་ཊྱཱ་ཡ་ན། ཁ་ལྱཱ་ཀཱ །དྷྱ་ནཽ་མི་ཀཱ །སཱུ་ཡཱ་མན། ཨུ་ད་ནྱ། ཡ་ཛྙ། ད་གུ། ཀོ་ཤ་ལ་ཀརྨཱ་རཙྪ་ག །བྲི་ཥ་ལས་ཡུ་ཊ་འང་ངོ་། །བུ་རྒྱུད་ལ་ཕིཉ་འགྱུར་ཏེ། ཨུཊ་ཨཱ་ག་མ་འང་ངོ་། །དཱ་ག་བྱཱ་ཡི་ནཿ། ཀཽ་ཤ་ལྱཱ་ཡི་ནཿ། ཀཱརྨཱཪྻ་ཡ་ཎཿ། ཙྪཱ་གྱ་ཡ་ནིཿ། བཱཪྵྱཱ་ཡ་ནིཿ། ཨཎ་ལས་ཨ་ཙ་གཉིས་པ་ལས་སོ། །ཨཎའི་མཐའ་ཨ་ཙ་གཉིས་པ་ལས་བུ་རྒྱུད་ལ་ཕིཉ་ འགྱུར་ཏེ། ཀཱཏྟྲཱ་ཡ་ནིཿ། ཤཻ་བཱ་ཡ་ནིཿ། ཨ་ཙ་གཉིས་པ་ལས་ཞེས་པ་ཅི་ཞེ་ན། ཨཽ་པ་ག་བིཿ། ཨཎ་ལས་ཞེས་པ་ཅི་ཞེ་ན། དཱཀྵཱ་ཡ་ཎ། ཏྱཏ་སོགས་རྣམས་ལས་ཡང་ནའོ། །བུ་རྒྱུད་ལ་ཕིཉ་འགྱུར་ཏེ། ཏྱཱ་དཱ་ཡ་ནིཿ། ཡ་དཱཿ། ཡ་ནིཿ། ཏྱཱ་དཿ། ཏཱ་དཿ། ཡཱ་དཿ། རིགས་མ་ཡིན་པ་ལས་ཕིཉའོ། །རིགས་མ་ ཡིན་པའི་ཡན་ལག་ལས་བུ་རྒྱུད་ལ་ཕིཉ་ཡང་ན་འགྱུར་ཏེ། གླུ་ཙུ་ཀཱ་ཡ་ནིཿ། མཱུ་ཙུ་ཀཱ་ཡ་ནིཿ། མླཽ་ཙུ་ཀིཿ། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཁ་ཅིག་ཏུ་མི་འགྱུར་ཏེ། དཱཀྵཿ། པླཱཀྵཿ། རིགས་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཨཽ་བ་ག་བིཿ། བྲྀདྡྷ་ལས་ཕིཉའོ། །རིགས་མ་ཡིན་པའི་མཐའ་ ལས་བྲྀདྡྷ་ལས་ཕིཉ་ཡང་ན་འགྱུར་ཏེ། ཨཱ་མྲྀ་གུཔྟཱ་ཡ་ནིཿ། ཨཱ་མྲ་གུཔྟིཿ། གྲཱ་མ་རཀྵཱ་ཡ་ནཿ། གྲཱ་མ་རཀྵཿ། ཨཱིཥྚ་ཏྭཱནྣཱ་པི་ཏཱ་ཡ་ནིཿ། ན་པི་ཏིཿ། བྲྀདྡྷ་ལས་ཞེས་པ་ཅི་ཞེ་ན། ཡཱ་ཛྙ་དཏྟིཿ། རིགས་མ་ཡིན་པ་ལས་ཞེས་པ་ཉིད་དེ། ཨཽ་པ་ག་བཱིཿ། བཱ་ཀི་ན་ལ་སོགས་པ་རྣམས་ལ་ཀུཊ་འང་ངོ་། །བུ་ རྒྱུད་ལ་ཕིཉ་འགྱུར་ཞིང་ཀུཊ་ཨཱ་ག་མ་འང་ངོ་། །བཱ་ཀིན་ཀཱ་ཡཱ་ནིཿ། བཱ་ཀི་ནིཿ། ཀཱ་རེ་ཋ་ཀཱ་ཡ་ནིཿ། གཱ་རེ་ཋིཿ། བཱ་ཀི་ནི་མ་གཱ་རེ་ཋཿ། ཀཱརྐ་ཊྱ་ཀཱ་ཀ་ལཾ་ཀཿ། ཙརྨིནཿ། བརྨིན། པུ་ཏྲའི་མཐའ་ལས་ཡང་ནའོ། །པུ་ཏྲའི་མཐའི་བུ་རྒྱུད་ལ་བྲྀདྡྷ་ལས་རིགས་མ་ཡིན་པ་ལ་ཕིཉ་ཡང་ན་འགྱུར་ཏེ། བྷཏྶན་ངེས་ པར་སྦྱོར་བ་ལས་ཀུཊ་འང་ངོ་། །གཱརྒཱི་པུ་ཏྲ་ཀཱ་ཡ་ནིཿ། གཱརྒཱི་པུ་ཏྲཱ་ཡ་ཎིཿ། གཱརྒཱི་པུ་ཏྲིཿ། བཱིདྡྷ་ལས་ཞེས་པ་རྣམ་པར་བརྟགས་པས་ཕིཉ་གྲུབ་པ་ལ་བརྗོད་པ་ནི། ཨཱ་ག་མ་རྣམ་པར་བརྟགས་པའི་དོན་ཏོ། །ལྗོངས་ཀྱི་མིང་ལས་རྒྱལ་རིགས་ལས་ཨཉ་སྟེ་རཱ་ཛན་ལ་འང་ངོ་། །ལྗོངས་ཀྱི་མིང་གང་ཡིན་པ་ ཨངྒ་དེ་ལས་ཐ་མི་དད་པར་ཉེ་བར་བརྟགས་པའི་རྒྱལ་རིགས་ཀྱི་བུ་རྒྱུད་བརྗོད་པ་དང་རཱ་ཛ་ན་ལའང་ཨཉ་འགྱུར་ཏེ། བུ་རམ་ཤིང་པའི་བུ་རྒྱུད་དམ་རྒྱལ་པོ་ནི། ཨཻ་ཀྵྭཱ་ཀཿ། དཱཎྜྷི་ནཱ་ཡན་ལ་སོགས་པའི་མདོའི་ཚིག་ཕྲད་ལས་ཨུ་ཡིག་དབྱིའོ། །མཱ་ག་དྷཿ། ཀཱ་ལི་གཿ། ཤཽ་ར་མ་སཿ། པཱཉྩཱ་ལཿ། བཻ་དེ་ཧཿ། ལྗོངས་ཀྱི་མིང་ལས་ཞེས་པ་ཅི་ཞེ་ན།དཱ་པཱ་ར་ཐིཿ། རྒྱལ་རིགས་ལས་ཞེས་པ་ཅི་ཞེ་ན། ལྔ་ལེན་གྱི་བྲམ་ཟེའི་བུ་རྒྱུད་ནི། པཉྩ་ལིཿ། གཱནྡྷ་རིཿ། ཤཱ་ལྭི་ཡ་ལས་སོ། །བུ་རྒྱུད་ལ་རཱ་ཛ་ན་ལ་འང་ཨཉ་འགྱུར་ཏེ། ས་འཛིན་པ་རྣམས་ཀྱིས་བུ་རྒྱུད་དམ་ས་འཛིན་པ་རྣམས་ཀྱི་རྒྱལ་པོ་ནི། གཱདྡྷཱ་རཿ། ཤཱ་ལྭེ་ ཡཿ། སོ་སོར་མངོན་པར་འབྲེལ་བའི་དོན་དུ་གྲངས་ཇི་ལྟ་བ་བཞིན་མ་ཡིན་ནོ། །བྲྀདྡྷ་ལས་ཉྱངའོ། །ལྗོངས་ཀྱི་མིང་ལས་རྒྱལ་རིགས་ལས་རྒན་པོའི་བུ་རྒྱུད་དང་རཱ་ཛན་ལ་འང་ཉྱང་འགྱུར་ཏེ། ཨཱམྦཥྛྱཿ། སཽ་བཱིདྱཿ། ཨི་ཏཿ། ཀོ་ཤ་ལ། ཨ་ཛཱ་ད་ལས་སོ། །ཨིཏ་མཐའ་དང་ ཀོ་ཤ་ལ། ཨ་ཛཱ་ད་ལས་བུ་རྒྱུད་དང་རྒྱལ་པོ་ལ་འང་གསུམ་ང་འགྱུར་ཏེ། ཀུནྟའི་བུ་རྒྱུད་དང་ཀུནྟི་རྣམས་ཀྱི་རྒྱལ་པོ་ནི། ཀཽནྟྱཿ། ཨཱ་བནྟྱཿ། ཀཽ་ཥ་ལྱཿ། ཨཱ་ཛཱ་དྱཿ། ཏ་ཕ་རོལ་ཏུ་བྱེད་པ་ཅི་ཞེ་ན། གཞོན་ནུ་མའི་མིང་ཅན་གྱི་ལྗོངས་ཀྱི་མིང་དང་རྒྱལ་རིགས་ཀྱི་བུ་རྒྱུད་ནི། ཀཽ་མཱ་རཿ། ཨ་ཙ་གཉིས་པ་ལས་ ཨཎའོ། །ལྗོངས་ཀྱི་མིང་ཅན་གྱི་རྒྱལ་རིགས་ཨཙ་གཉིས་པའི་བུ་རྒྱུད་དང་རྒྱལ་པོ་འང་ཨཎ་འགྱུར་ཏེ། ཨཉའི་དམིགས་བསལ་ལོ། །ཨདྒཿ། བདྒཿ། ཨཉ་ཡིས་གྲུབ་པ་ལ་ཨཎ་སྨོས་པ་ནི་ཕིཉའི་དོན་ཏོ། །ན་དང་པོ་དང་ཀུ་རུ་དག་ལས་ཎྱའོ། །ན་ཡིག་དང་པོ་ཅན་གྱི་ལྗོངས་ཀྱི་མིང་ཅན་ གྱི་རྒྱལ་རིགས་བརྗོད་པ་དང་ཀུ་རུའི་སྒྲ་ལས་ཀྱང་བུ་རྒྱུད་དང་རྒྱལ་པོ་ལའང་ཎྱ་འགྱུར་ཏེ། ཨཉའི་དམིགས་བསལ་ལོ། །ནི་ཙ་ཀ་རྣམས་ཀྱི་བུ་རྒྱུད་དམ་རྒྱལ་པོ་ནི། ནཻ་ཙ་ཀྱཿ། ནཻ་ཥདྷྱཿ། ཀཽ་ར་བྱཿ། པཱུཎྜ་ལས་ཡཎ་འོ། །བུ་རྒྱུད་དམ་རྒྱལ་པོ་ལའང་འགྱུར་ཏེ། པཱཎྜྱཿ། ལྗོངས་ཀྱི་མིང་ལས་ཞེས་ པ་ཉིད་དེ། པཱཎྜ་བཿ། ཤཱ་ལྭཱ་ཨ་བ་ཡ་བ། པྲ་ཏྱ་གྲ་ཐ། ཀཱ་ལ་ཀཱུ་ཊ། ཨཤྨ་ཀ་ལས་ཨིཉའོ། །ཤཱ་ལྭཱའི་རྒྱལ་རིགས་དེའི་བུ་རྒྱུད་ནི། ཤཱ་ལྭེ་ཤཱསྨཱ་དེ་བ། ཚིག་ཕྲད་ལས་སོ། །དེ་གནས་པའི་ལྗོངས་ནི་ཤཱ་ལཿ། དེའི་ཡན་ལག་ནི། ཨུ་དུམྦཱུ་རཱཿ། རི་ལ་ཁ་ལཱཿ། ཡུ་གྣདྷ་རཱཿ། བྷཱུ་ལིངྒཱཿ། ཤ་ར་དཎྜ་རྣམས་སོ། །འདི་རྣམས་མིང་ཅན་གྱི་ལྗོངས་ཀྱི་རྒྱལ་རིགས་རྣམས་དང་པྲ་ཏ་གྲ་ཐ་སོགས་རྣམས་ཀྱི་རྒྱུད་དམ་རྒྱལ་པོ་ལ་ཨཉ་འགྱུར་ཏེ། ཨུ་དུམྦཱ་ར་རྣམས་ཀྱི་བུ་རྒྱུད་དམ་རྒྱལ་པོ་ནི། ཨུ་དུམྦཱ་རིཿ། ཏཻ་ལ་ཁ་ལིཿ། མཱ་དྲ་ཀཱ་རིཿ། ཡཽ་གནྡྷ་རཱིཿ། པྲཱ་ཏྱ་གྲ་ཐིཿ། ཀཱ་ལ་ཀཱུ་ཊཿ། ཀམྦོ་ཛ་ སོགས་ལས་འཇིག་གོ། །དེ་ལ་བུ་རྒྱུད་རྒྱལ་པོ་ལ་བྱས་པའི་རྐྱེན་འཇིག་པར་འགྱུར་ཏེ། ཀམྦོ་ཛ་རྣམས་ཀྱི་བུ་རྒྱུད་དམ་རྒྱལ་པོ་ནི། ཀམྦོ་ཛཿ། ཀེ་ར་ལཿ། ཙོ་ལཿ། ཤ་ཀཿ། ཡ་བ་ནཿ། ཨ་ཙ་གཉིས་པ་ལས་ཨཎ་འཇིག་གོ། །གཞན་ལས་ཨཉ་ལས་སོ། །བུད་མེད་ལ་ཀུ་རུ། ཀུནྟ་ཨ་བནྟི་རྣམས་ལས་ སོ། །ཀུ་རུ་སོགས་རྣམས་ལ་བུད་མེད་ལ་བྱས་པའི་བུ་རྒྱུད་འཇིག་པར་འགྱུར་ཏེ། ཀུ་རུ་རྣམས་ཀྱི་བུ་རྒྱུད་དང་། བུ་ད་མེད་ནི་ཀུ་རུ་ན་དང་པོའི་ཀུ་རུ་དག་ལས་བྱིས་པའི་ཎྱ་འཇིག་གོ། །ཨཱུ་ཏ་ལས་ཨུང་ཞེས་པ་ཨཱུང་འོ། །དེ་བཞིན་དུ་ཀུནྟཱི་འདིར་ཉྱང་འཇིག་གོ། །ཨིཏ་ལས་མི་རིགས་ལས་ཞེས་པ་ཅི་ཞེ་ན། ཀཽ་ ར་བྱཿ། ཀཽནྟྱ་བྱཿ། ཨཱ་བནྟ། འཇོངས་ཀྱི་མིང་ལས་རྒྱལ་རིགས་ལ་ཞེས་པ་ཉིད་དེ། ཀཽ་ར་བྱཿ། ཨཱཏ་ལས་བྲཱ་ཙྱ་དང་བྷ་རྒ་སོགས་མ་ཡིན་པ་ལས་སོ། །ཨ་ཡིག་གི་རང་བཞིན་ལས་པྲཱ་ཙྱ་དང་བྷརྒ་སོགས་བོར་བ་ལས་བུད་མེད་ལ་བུ་རྒྱུད་དུ་བྱས་པ་འཇིག་པར་འགྱུར་ཏེ། སཱུ་ར་སེ་ནཱི། ཨཉ་ཞིག་པའོ། ། མ་དྲཱིཿ། ཨཎ་ཞིག་བའོ། །པྲཱ་ཙྱ་དང་བྷརྒ་སོགས་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། པྲཱ་ཙྱ་ཏཱ། པྲཱཉྩཱ་ལཱི། བཻ་དེ་ཧཱི། མཱ་ག་དྷཱི། ཨཱངྒཱི། བཱངྒཱི། སོཧྨཱི། པཽཎྜཱི། བྷརྒ་སོགས་ལས་ནི། བྷཱརྒཱི།། ཀཱ་རུ་ཥཱི། ཀེ་ཀ་ཡཱ་ཏ་འཇིག་པ་ཡང་འདོད་དོ། །ཀེ་ཀཱ་ཡཱི། གོ་ར་ཉིད་ཀྱི་ཕྱིར་དི་པའོ། །བུད་མེད་ལ་ཞེས་པ་ཉིད་ དེ། མཱ་དྲཱཿ། བྷརྒ་ཀ་རུ་ཎ་ཀེ་ཀ་ཡ། ཀཥྨཱི་ར། ཤཱ་ལྭ་སུ་སྠ་ལ། ཨུ་ར་ས། ཀཽ་ར་བྱ། ཡཉ་ཨཉ་ལས་མང་པོ་རྣམས་ལ་བུད་མེད་མིན་པ་རྣམས་ལའོ། །ཡཉ་དང་ཨཉ་ལས་མང་པོ་རྣམས་ལ་བུད་མེད་མིན་པ་རྣམས་ལ་བྱས་པ་འཇིག་པར་འགྱུར་ཏེ། གཱརྒཱཿ། བི་དྷཱཿ། པཉྩཱ་ལཱཿ། མང་པོ་རྣམས་ལ་ཞེས་པ་ཅི་ ཞེ་ན། གཱརྒྱཱཿ། བཻ་དྱཱཿ། སྟྲི་ཡཿ། སྦྱོར་བ་ཇི་ལྟ་བར་བུ་རྒྱུད་དང་རྒྱལ་པོ་ལ་ཡང་ཞེས་པ་ཉིད་དེ། ཕྱི་རོལ་ལས་བྱུང་བ་ནི། བཱ་ཧྱཱཿ། ཨུཏྶ་ལས་བྱུང་བ་ནི། ཨཽཏྶཱཿ། ཅི་ལྟར་པྲི་ཡ་གཱ་རྒྱཱཿ། ཞེ་ན། མང་པོ་མིན་པ་རྣམས་ལས་བསྒྲུབ་པའི་ཕྱིར་རོ། །བྲི་ཡ་གརྒ་ཞེས་པ་ནི་མང་པོ་རྣམས་ཉིད་ལ་ཡཉའོ། །དེ་བཞིན་ གརྒའི་བུའི་རིགས་ནི། གཱ་རྒྱ་ཀུ་ལཾ། གརྒ་རྣམས་ཀྱི་རིགས་ནི་གརྒ་ཀུ་ལཾ། ཀུཎྜི་ནའོ། །ཀུཎྜི་ཎའི་སྒྲ་ལས་བུད་མེད་མིན་པ་རྣམས་ལ་མང་པོ་རྣམས་ལ་ཡཉ་འཇིག་པར་འགྱུར་ཏེ། ཨ་ཡིག་གི་མཐའ་ཉིད་ཀྱང་ཚིག་ཕྲད་དོ། །མང་པོ་རྣམས་ལ་ཞེས་པ་ཉིད་དེ། ཀཽཎྜི་ནྱཿ། བུད་མེད་མིན་པ་རྣམས་ལ་ཞེས་པ་ ཉིད་དེ། ཀཽཎྜི་ནྱ། སྟྲི་ཡཿ། ཉྱང་སོགས་ལས་སོ། །ཉྱང་ལ་སོགས་པ་རྣམས་མང་པོ་ལ་འཇིག་པར་འགྱུར་ཏེ། ཨཱམྦཥྛཱཿ། ཨངྒཱཿ། ཀུ་ར་བཿ། མང་པོ་རྣམས་ལ་ཞེས་པ་ཉིད་དེ། ཨཱམྦཥྛྱཿ། བུད་མེད་མ་ཡིན་པ་རྣམས་ལ་ཞེས་པ་ཉིད་དེ། སྟྲི་ཡཿ། ཡང་ལས་ཞེས་པས་ཊཱ་པའོ། །བུ་རྒྱུད་དང་རྒྱལ་པོ་ལ་ ཡང་ཞེས་པ་ཉིད་དེ། ཨདྒ་སྱེ་མེ་ཨངྒཱཿ། ཡསྐ་སོགས་རྣམས་ལས་སོ། །མང་པོ་རྣམས་ལ་ཨཎ་ལ་སོགས་པ་འཇིག་པར་འགྱུར་ཏེ། ཡསྐཱ་ལསྐཱཿ། དྭུ་ཧྱཱཿ། མང་པོ་རྣམས་ལ་ཞེས་པ་ཉིད་དེ་ཡཱསྐཿབུད་མེད་མ་ཡིན་པ་རྣམས་ལ་ཞེས་པ་ཉིད་དེ། ཡསྐྱཿ། བུད་མེད་དོ། །བུ་རྒྱུད་ལ་ཞེས་པ། ཉིད་དེ། ཡཱསྐཱ་ཤྪཱ་ཏྲཱཿ། ཡསྐ། ལསྐ། དྲུཧྱ། ཨ་ཡསྠཱུ་ཎ། ཏྲྀ་ཎ། ཀ་ན། ཀུ་ལནྡ་མ། འདི་རྣམས་ཤི་སོགས་ཉིད་ཀྱི་ཕྱིར་དེ་ལ་བྱས་པའི་ཨཎ་འཇིག་གོ། །པ་དཱ་མནྡ། ཀམྦ་ལ་ཧཱ་ར། བི་ཧཪྻོ་ག །ཧ་ལི་ནྱཱ་ཡ། ཀརྞཱ་ཊ་ཀ །པཎྜི་ཛིགྷ། །བཀྐ། །སཀྐ། །རཀྵོ་མུ་ཁ། ཛཾ་གྷཱ་ར་ཐ། ཨུཏྐ་ཤ། །ཀ་ཊུ་ཀ །མནྠ་ཀ ། བི་ཤ་ པུ་ཊ། ཨུཔ་རི་མེ་ཁ་ལ། ཀྲོཥྚུ་མཱ་ཡ། ཀྲོཥྚུ་པཱ་ད། པད་ཀ ། བཪྵ་ཀ ། འདི་རྣམས་ལས་ཨཏ་ལས་ཨིཉའོ། །པུཥྐ་ར་ས་ད། བ་ཧུ་སོགས་ཉིད་ཀྱི་ཕྱིར་ཨིཉའོ། །བི་སྲི། ཀུ་དྲི་ཨ་ཛ་བསྟི། འདི་རྣམས་གྲིཥཱི་སོགས་སུ་བཀླགས་པ་ལས་ཌྷཉའོ། །མི་ཏྲ་ཡུ་འདི་ལས་ཨནའོ། །ཁར་བ་ན་ཎི་སོགས་ ལས་ཕཉའོ། །བྷཎྜི་ཏ། བྷ་ཌི་ཏ། བྷ་ཌ་ཀ །འདི་རྣམས་ཨ་ཤྭ་སོགས་ལས་ཕཉའོ། །ཨ་ཏྲི་བྷྲྀ་གུ། །ཀུཏྶ། བ་ཤིཥྛ། གོ་ཏ་མ། ཨིངྒི་རས་རྣམས་སོ། །བུ་རྒྱུད་རྣམས་མང་པོ་ལ་འཇིག་པར་འགྱུར་ཏེ། ཨ་ཏྲ་ཡཿ། ཨིཏ་ལས་ཨིཉ་མ་ཡིན་པ་ལས་ཞེས་པས་ཌྷཀ་འཇིག་གོ། །བྷྲྀ་གུ་སོགས་རྣམས་ལ་ རྀ་ཥྱ་ཎའོ། །བྷྲྀ་ག་བཿ། ཀུཏྶཱཿ། བཤིཥྛཱཿ། གོ་ཏ་མཱཿ། ཨངྒི་ར་སཿ། མང་པོ་རྣམས་ལ་ཞེས་པ་ཉིད་དེ། ཨཱ་ཏྲ་ཡཿ། བྷཱརྒ་བཿ། བུད་མེད་མ་ཡིན་པ་རྣམས་ལ་ཞེས་པ་ཉིད་དེ། ཨཱ་ཏྲ་ཡྻཿ། བུད་མེད་དེ། །ཨ་གསྟྱའི་ཨ་གསྟི་འང་ངོ་། །ཨ་གསྟྱའི་སྒྲ་ལས་མང་པོ་རྣམས་ལ་བུ་རྒྱུད་ལ་རྀ་ཥི་ཨཎ་ འཇིག་པར་འགྱུར་ཞིང་ཨ་གསྟི་རུ་བསྒྱུར་བའང་ངོ་། །ཨ་གསྟ་ཡཿ། བུད་མེད་མ་ཡིན་པ་རྣམས་ལ་ཞེས་པ་ཉིད་དེ། ཨཱ་གསྟྱཿ། བུད་མེད་དོ། །ཨ་ཙ་མང་པོ་ལས་པྲཱཙྱ་ལས་ཨིཉའོ། །མང་པོ་རྣམས་ལ་བུ་རྒྱུད་ཀྱི་ཨིཉ་འཇིག་པར་འགྱུར་ཏེ། པནྣཱ་ག་རཱཿ། མནྟ་རེ་ཥ་ཎཱཿ། ཡུདྡྷཥྛི་རཱཿ། ཨཱུདྡྷཱ་ལ་ཀཱཿ བ་ཧུ་སོགས་སུ་བཀླགས་པ་ལས་ཨིཉ་འཇིག་གོ། །ཨ་ཙ་མང་པོ་ལས་ཞེས་པ་ཅི་ཞེ་ན། བཻདྒ་ཡཿ། པྲཱ་ཙྱ་ལས་ཞེས་པ་ཅི་ཞེ་ན། ཧཱསྟི་དཱ་ས་ཡཿ། མང་པོ་རྣམས་ལས་ཞེས་པ་ཉིད་དེ། པནྣཱ་གཱ་རིཿ། བུད་མེད་མ་ཡིན་པ་ཞེས་པ་ཉིད་དེ། མནྟྭ་རེ་ཥ་ཎྱཿ། བུད་མེད་དོ། །ཨུ་པ་ཀ་སོགས་རྣམས་ལས་ཡང་ནའོ། ། མང་པོ་རྣམས་ལ་བུ་རྒྱུད་ལ་ཡང་ན་འཇིག་པར་འགྱུར་ཏེ། ཨུ་པ་ཀཱཿ། ཨོ་པ་ཀ་ཡ་ནཱཿ། ནཱ་མ་ཀཱཿ། ནཱ་མ་ཀཱ་ཡ་ནཿ། ཨུ་པ་ཀ །ན་མ་ཀ །ཀ་པིཥྛ་ལ། ཨཱ་ཧཱ་ར་ཀ །ཁ་ཊྭཱ་ར་ཀ །ཤི་ཁ། བྷྲཥྚ་ཀ །སུ་པཥྚི། པིཥྚ། ཨུ་པ་ཙཱ་ར་ཀ །ཁ་དི་ར་ཛིགྷ། ཤ་ལཱ་ཐལ། པ་ཏཉྫ་ལ། པ་དཉྫ་ལ། ཀཱ་ཋེ་ར། ཀུ་ཤཱི་ཏ་ཀ །ཀཱ་ཤི་ཀྲཏྶྣ། ས་དཱ། མ་དྷ། ཀ་ལ་ཤཱི་ཀ་ཎ། དྭས་ཀཎྛ་ཀྲྀཥྞཱ་ཛི་ན་ཀྲྀཥྞཱ་སུནྡ་ར། བ་དྷི་ར་ག །བརྞ་ཀ །བཱ་ཊ་ལི་ཀ །ཛ་ཏཱུ་ཀརྞ། ཨ་ནུ་ལོ་མ། པིཉྫ་ལ། ཨཱ་པ་དསྨ། པྲ་ཏི་ལོ་མ། པྲ་ཏཱ་ན། ཨ་ན་བྷི་ཧི་ཏི། ཨུ་པ་ཀ་ལ་མ་ཀ་དག་ལ་ན་ཌ་སོགས་ལས་ཕག་འཇིག་གོ། །སུ་པཥྚི། བཥྚི། མ་ཡཱུ་ར་ ཀྲྞ། བ་དྷི་ཀ་རྣམས་ལས་ཤི་བ་སོགས་ལས་ཨཎའོ། །ཀཱཥྛ་རའི་སྒྲ་སྤྱིར་བཏང་ཅན་ལས་ཨཎའོ། །ལྷག་མ་རྣམས་ལས་ཨཏ་ལས་ཨིཉའོ། །ཨ་ནུ་ལོ་མ། པྲ་ཏི་ལོ་མ་དག་ལ་བཱ་ཏུ་སོགས་ཀྱི་མཚན་མ་ཉིད་ཀྱིའོ། །བུད་མེད་མིན་པ་རྣམས་ལས་ཞེས་པ་ཉིད་དེ། ཀཱ་བིཥྛི་ལྱཿ། བུད་མེད་དོ། ། ཀཱ་པཥྛི་རྣམས་ལ་ཞེས་པ་ཉིད་དེ། ཨཽ་པ་ཀཱ་ཡ་ནིཿ། ཀཱ་པཥྛ་ལིཿ། ཏི་ཀ་ཀི་ཏ་བ་སོགས་རྣམས་ལས་དང་གི་དོན་ལའོ། །ཏི་ཀ་སོགས་རྣམས་དང་ཀི་ཏ་བ་སོགས་རྣམས་ལས་མང་པོ་དང་བུད་མེད་ལ་དང་གི་བསྡུ་བ་ལ་འཇིག་པར་འགྱུར་ཏེ། ཏཻ་ཀཱ་ཡ་ན་དང་ཀཻ་ཏ་བཱ་ཡ་ན་ཡ་ནི། ཏི་ཀ་ཀ་ཏི་བཱཿ། ཏི་ཀ་སོགས་ལས་ཕིཉ་འཇིག་གོ། །བཱཏྑ་ར་ཡ་དང་། བྷཱཎྜི་ཏ་ཐཱཿ། ཨཏ་ལས་ཨིཉའོ། །དེ་བཞིན་དུ། ཡ་ཕ་ཀ་ན་ར་ཀཱཿ། བ་ཀ་ན་ཁ་སྭ་གུ་དག་པ་རི་ཎདྡྷཱཿ། ལཾ་ཀ་ཊ། ཤཱནྟ་མུ་ཁཱཿ། ཀུབྫ་ཀ་ཀུ་བྷཿ། ཀུབྫ་ལས་ཨཏ་ལས་ཨིཉའོ། །ཀ་ཀུ་བྷ་ལས་ཤི་བ་སོགས་ལས་ཨཎའོ། །ཨུ་ར་ས་ལཾ་ ཀ་ཊཱཿ། ཨུ་ར་ས་ལས་ཏིཀ་སོགས་ལས་ཕིཉའོ། །ལཾ་ཀ་ཊ་ལས་ཨཏ་ལས་ཨིཉའོ། །ཨགྣི་བེ་ཤ་ད་ཤེ་ར་ཀཱཿ། ཨགྣི་བེ་ཤ་ལས་གརྒ་སོགས་ལས་ཡ་ཉའོ། །ད་ཤེ་ར་ཀ་ལས་ཨཏ་ལས་ཨིཉའོ། །ཨུ་པ་ཀ་ལ་མ་ཀཱཿ། ན་ཌ་སོགས་ལས་ཕཀའོ། །བྷཥྚ་ཀ་ཀ་པཥྛི་ལཱིཿ། ཀྲྀཥྞ་སུནད་རཱཿ། ཨཏ་ལས་ཨིཉའོ། །ཨུ་པ་ཀ་ལ་མ་ ཀ་ལ་སོགས་པ་གསུམ་པོ་རྣམས་སྔ་མ་ཉིད་ཀྱིས་གྲུབ་པ་ལ་ངེས་པའི་དོན་དུ་བཀླགས་པ་ཉིད་དོ། །གོ་པ་བ་ན་སོགས་བརྒྱད་རྣམས་མིན་པ་ལས་སོ། །བི་ད་སོགས་ཀྱི་ཚོགས་ཀྱི་ནང་ནས་གོ་པ་བ་ན་སོགས་བརྒྱད་པོ་རྣམས་འཇིག་པར་མི་འགྱུར་ཏེ། །གོ་བ་བ་ནཱ།། ཤྲཻ་གྲ་བཱཿ། བཻནྡ་བཱཿ། བརྒྱད་ རྣམས་ལས་ཞེས་པ་ཅི་ཞེ་ན། ཧ་རི་ཏཱཿ། གོ་པ་བ་ནཿ། ཤི་གྲུ། །བི་ནུ། བྷཱ་ཛ་ན། ཨ་ཤྭཱ་བ་ཏ་ནཿ། ཤྱཱ་མཱ་ཀཱ །ཤ་མྱཱ་ཀ །ཤྱཱ་ཡནྟུ། ཡཉ་ཨཉ་ལས་མང་པོ་དང་བུད་མེད་མིན་པ་ལ་ཞེས་པས་བིད་སོགས་ལས་ཨཉ་ཐོབ་པ་ལ་བརྗོད་པའོ། །ཛི་ཏའི་ཨ་ཙ་ལས་གོང་དུའོ། །བུད་མེད་མ་ གཏོགས་པ་མང་པོ་ལ་བུ་རྒྱུད་ལ་བྱས་པ་ཨ་ཙ་དང་པོ་ཛ་ཏི་ལས་གོང་མ་ལ་དེ་ཕན་གྱི་བྱ་བ་མི་འཇིག་གོ། །ལྔ་ལེན་པ་རྣམས་ཀྱི་གྲྭ་པ་ནི། པྲཉྩཱ་ལཱི་ཡཱཿ། རྒྱུན་ཤེས་ཀྱི་གྲྭ་པ་ནི། ཨཱ་ཏྲེ་ཡཱི་ཡཱ། ཨཱ་གསྟྭི་ཡཱཿ། ཀཽཎྜི་ནཱི་ཡཱཿ། ཛི་ཏ་ལས་གོང་དུ་ཞེས་པ་ཅི་ཞེ་ན། གརྒ་རྣམས་ལ་ཕན་པ་ནི། གརྒཱི་ཡཱཿ། ཨ་ཙ་ལས་ ཞེས་པ་ཅི་ཞེ་ན། གརྒ་རྣམས་ལས་འོངས་པ་ནི། གརྒ་རཱུ་པྱཿ། མང་པོ་རྣམས་ལ་ཞེས་པ་ཉིད་དེ། ཀམྦོ་ཛའི་བུ་རྒྱུད་ནི་ཀམྭོ་ཛཿ། དེའི་གྲྭ་པ་ནི། ཀམྦོ་ཛཱཿ། ཙཽ་རཱ་ཀཻ་ར་ལཱཿ། ཡུ་བ་ན་ལ་འཇིག་གོ། །ཡུ་བན་ལ་བྱས་པའི་ཛིཏ་ལས་གོང་གི་ཨཙ་དང་སའི་བྱ་བ་འཇིག་པར་འགྱུར་ཏེ། ཕཱཎྜཱི་ཧི་ཏའི་བུ་རྒྱུད་ཀྱི་བུ་མོ་ནི་ཕཱཎྜཱ་ ཧི་ཏཿ། ཕཱཎྜཱ་ཧི་ཏཱ་ཡ་ནིཿ། དེའི་གྲྭ་པ་རྣམས་ནི་ཕཱཎྜཱ་ཧི་ཏཱཿ། ཎའི་ཕིཉ་འཇིག་པ་ཡོད་པ་ལ་ཨིཉ་ལས་ཞེས་པས་ཨཎའོ། །ཛི་ཏའི་གོང་དུ་ཞེས་པ་ཉིད་དེ། བྷཱ་ག་བྷིཏྟི་ཀ་ལ་ཕན་པ་ནི། བྷཱ་ག་བྷིཏྟི་ཀཱ་ཡ། ཨ་ཙ་ལས་ཞེས་པ་ཉིད་དེ། ཕཱཎྜ་ཧི་ཏ་རཱུ་བྱ། ཕ་ཀ་ཕིཀ་ཕིཉ་ལས་ཡང་ནའོ། །ཡུ་ བན་ལ་བྱས་པ་ཨ་ཙ་དང་ཛི་ཏ་ལས་གོང་གི་བྱ་བ་འཇིག་པར་འགྱུར་ཏེ། གརྒྱའི་བུ་རྒྱུད་ཀྱི་བུ་མོ་ནི། གཱརྒཱ་ཡ་ཎཿ། དཱ་ཀྵའི་བུ་རྒྱུད་ཀྱི་བུ་མོ་ནི། དཱཀྵཱ་ཡ་ཎཿ། དེ་དག་གི་གྲྭ་པ་ནི། གཱརྒཱི་ཡཿ། གཱརྒཱི་ཎི་ཡཱཿ། དཱཀྵཱ་ཡ་ཎི་ཡཱཿ། ཡསྐའི་བུ་རྒྱུད་ནི། ཡཱསྐཿ། ཡསྐའི་བུ་རྒྱུད་ཀྱི་བུ་མོ་ནི། ཡཱསྐཱ་ཡ་ནིཿ། ཨཎ་ལས་ཨཙ་གཉིས་པ་ལས་ཞེས་པས་ཕཉའོ། །དེའི་གྲྭ་པ་ནི། ཡཱ་སྐཱི་ཡཱཿ། ཡཱ་སྐཱ་ཡཱ་ནཱི་ཡཱཿ། ཀ་ཡིག་ཅི་ཞེ་ན། ཕཉ་དགག་པར་མ་གྱུར་པའོ། །རྒྱུན་ཤེས་ཀྱི་བུའི་གྲྭ་པ་ནི། ཨ་ཏྲེ་ཡཱི་ཡཱཿ། ཨ་ཤྭ་སོགས་བཉ་ལས་རྟག་ཏུ་འཇིག་པའོ། །བྲམ་ཟེ་མ་ཡིན་པ་ལས་སོ། །ཛིཏ་ལས་གོང་གི་ཨཙ་ལ་ཞེས་ པ་བཟློག་གོ། །བྲམ་ཟེ་མ་ཡིན་པའི་རིགས་ལས་ཡུ་བན་ལ་བྱས་པ་ནི་འཇིག་པར་འགྱུར་ཏེ། ཨཽ་དུམྦ་རིཿ། ཕའོ། ཨཽ་དུམྦ་རིཿ། བུའོ། །ཤཱ་ལུའི་ཡན་ལག་ཉིད་ཀྱི་ཕྱིར་ཨིཉའོ། །དེ་ལས་ཕཀ་འཇིག་གོ། །ཀཱརྞ་ཁ་རིཿ། ཕ་འམ་བུའོ། །བྷཱཎྜི་ཛཾ་གྷིཿ། ཕའམ་བུའོ། །དེ་ཉིད་ཀྱི་ཕྱིར་ཨིཉ་དང་དེ་ལས་ཕཀ་ འཇིག་གོ། །སཽཧྨཿ། ཕ་འམ་བུའོ། །ཨཱདྒ། ཕ་འམ་བུའོ། །ཨ་ཙ་གཉིས་པ་དང་ཨཎ་མཐའ་ལས་ཨཎ་ཨཙ་གཉིས་པ་ལས་སོ་ཞེས་པས་ཕིཉ་འཇིག་གོ། །པཻ་ལ་སོགས་རྣམས་ལས་སོ། །ཡུ་བ་ན་བྱས་པ་ནི་འཇིག་པར་འགྱུར་ཏེ། པཱ་ལཱིའི་བུ་རྒྱུད་ནི། བཻ་ལ་སཿ། ཕ་འམ་བུའོ། །ཨཎ་ཨཙ་གཉིས་ པ་ལས་ཞེས་པས་ཕིཉ་འཇིག་གོ། །ཤེ་ལཾ་ཀའི་བུ་རྒྱུད་ནི། ཤཱ་ལཾ་ཀིཿ། ཕ་འམ་བུའོ། །ཕཀ་འཇིག་གོ། །ཨེཉའི་མཐའ་རྣམས་ནི་པྲཱཙྱ་མ་ཡིན་པའི་དོན་ལས་བརྩམས་པའོ། །པཻ་ལཿ། ཤཱ་ལཾ་ཀི །སཱཏྱ་ཀི །སཱ་ཏྱཾ་ཀཱ་མི། ཨཽ་དཉྩི། ཨཽ་ད་མཛྫི། ཨཽ་ད་པྲ་ཛི། ཨཽ་ད་མེ་གྷི། ཨཽ་ད་ཤུདྡྷིཿ། དཻ་བིསྠ་ལི། བཻ་ག་ལཱ་ དཱ་ཡ་ནིཿ། རཱ་ཤི རཱ་ཧཀྵ་ཏི། བྷཽ་ལིངྒི། ཨཽ་ལངྒཱི། ཧ་མཱ་ནི། ཨཽ་ཛྫི་ཧཱ་ཎིཿ། པྲཱ་ཙྱ་ལས་ཨཉ་དང་ཏོ་ལུ་ནི་སོགས་དང་བྷ་ར་ཏ་མ་ཡིན་པ་ལས་སོ། །པྲ་ཙྱའི་རིགས་ལས་ཨིཉའི་མཐའ་ལས་ཏཽ་ལུ་ནི་སོགས་དང་བྷ་ར་མ་གཏོགས་པ་ཡུ་བན་ལ་བྱས་པ་འཇིག་པར་འགྱུར་ཏེ། པྲཱནྣཱ་གཱ་རིཿ། ཕ་འམ་བུའོ། ། མཱནྟྭ་རེ་ཥྭ་ཎིཿ། ཕ་འམ་བུའོ། །པྲཱ་ཙྱ་ལས་ཞེས་པ་ཅི་ཞེ་ན། དཱམྦིཿ། ཕའོ། །དཱཀྵཱ་ཡ་ཎཿ། བུའོ། །ཨི་ཉ་ལས་ཞེས་པ་ཅི་ཞེ་ན། རཱ་གྷ་བིཿ། ཕའོ། །རཱ་གྷ་བིཿ། བུའོ། །ཏཽ་ལྭ་ནི་དང་བྷ་ར་ཏ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཏོ་ལྭ་ནིཿ། ཕའོ། །ཏཽ་ལྭ་ཎྱཱ་ཡ་ནཿ། བུའོ། །ཏཽ་ལྭ་ནི། བཱ་ར་ཎི། རཱ་བ་ཎི། དཻ་ལཱི་པི། དཻ་བ་ཏི། དཻ་བ་ཡཛྙི། དཻ་བ་མ་ཏི། པྲཱ་དཱ་ཧ་ནི། ནཱ་ཡ་ད་ཀི །ཨ་སུ་རི། ཨ་ཧི་ཀ །ཨནྟ་ནི། ནཻ་མི་ཥི། ཨཱ་ལི་བནྡྷ་ཀི །བཻདྐི། པཽཥྐི། པཽཥྐ་ར་སཱ་དི། བཻཏྡྐི། ཀཱ་རེ་ཎུ་པཱ་ལི། བེ་ཀརྞི། བྷ་ར་ཏའི་རིགས་ལས་ཀྱང་། ཨཱརྫུ་ཎིཿ། ཕའོ། །ཨཱརྫུ་ནཱ་ཡ་ནཿ། བུའོ། །ཡཽ་དྷིཥྛི་རིཿ། ཕའོ། ། ཡཽ་དྷིཥྛི་རི་ཡཎ། །བུའོ། །ཎི་དང་ཨཱཪྵ་དང་ཉིད་ལས་ཨཉ་དང་ཨིཉ་དག་ལས་སོ། །ཎི་དང་ཨཱཪྵའི་མཐའ་དང་ཉིད་ལས་ཀྱང་ཡུ་བན་ལས་བྱས་པའི་ཨཉ་དང་ཨིཉ་དག་འཇིག་པར་འགྱུར་ཏེ། ཀཽ་ར་བྱཿ། ཕའམ་བུའོ། །ཨཏ་ལས་ཨིཉ་དབྱི་བས་བྲཱཧྨ་ཎ་ལ་འདི་སྨོས་པ་ནི་ཏིཀ་སོགས་སུ་ཀཽ་ར་བྱའི་རྒྱལ་རིགས་ བརྗོད་པ་ལ་བཀླགས་པས་སོ། །ཀཽ་ར་ཨིཉ་དག་ལས་ཞེས་པ་ཅི་ཞེ་ན། མཁས་པའི་བུ་རྒྱུད་ནི། དཱཀྵཱ་ཡ་ཎཿ། ཡུ་བན་ལ་ཞེས་པ་ཉིད་དེ། གླིང་སྐྱེས་ཀྱི་བུ་རྒྱུད་ནི། དྲཻ་ཕྱིཿ། རིགས་གཅིག་ལའོ། །བུ་རྒྱུད་ནི་བུའི་བུ་ལ་སོགས་པའི་རིགས་ཞེས་བྱ་སྟེ། འདིར་རིགས་ཡོངས་སུ་བཤད་པ་གཟུང་ངོ་། ། དེ་བརྗོད་པར་འདོད་པ་དང་། དབྱེ་བ་སོ་སོའི་བུ་རྒྱུད་ལ་རྐྱེན་འབྱུང་བར་ཐལ་བ་ལ་ངེས་པ་བྱས་ཏེ། བུ་རྒྱུད་ཀྱི་རིགས་གཅིག་ཉིད་ལ་རྐྱེན་དུ་འགྱུར་ཏེ། སྔ་མའི་ཚིག་འདི་ལས་བུ་རྒྱུད་ཀྱི་བར་མ་ཆོད་ཀྱང་མཆོག་དང་ཕལ་བའི་བུ་རྒྱུད་དུ་འགྱུར་བ་ཉིད་དོ། །ཉེ་བའི་བ་ལང་གི་ བུ་རྒྱུད་ནི། ཨཽ་པ་ག་བཿ། དེའི་བུ་རྒྱུད་ལའང་། ཨོ་པ་ག་བཿ། ལྷས་བྱིན་གྱི་བུ་རྒྱུད་ནི། དཻ་བ་དཏྟིཿ། དེའི་བུ་ལ་འང་དེ་བ་དཏྟིཿ། དེ་བཞིན་དུ་དེ་ལ་ཡང་ངོ་། །རིགས་ལས་བུ་མོ་ལའོ། །རིགས་ཀྱི་རྐྱེན་མཐའ་ཉིད་ལས་བུ་མོའི་བུ་རྒྱུད་མངོན་པར་བརྗོད་པ་ལ་རྐྱེན་དུ་འགྱུར་ཏེ། མཆོག་གི་བར་མ་ཆད་ཀྱི་ བུ་མོ་སྟེ། ཕལ་བ་རྣམས་ལ་ནི་མ་ཡིན་ནོ། །གཱརྒྱཱ་ཡ་ནཿ། བཱཏྶྱཱ་ཡ་ནཿ། ཨོ་པ་ག་བིཿ། ནཱ་ཌཱ་ཡ་ནིཿ། བུ་རྒྱུད་ལ་བུའི་བུ་ལ་སོགས་པ་ནི་རིགས་སོ། །བུའི་བུ་ལ་སོགས་པའི་བུ་རྒྱུད་གང་ཡིན་པ་དེ་རིགས་ཀྱི་མིང་དུ་འགྱུར་ཏེ། གརྒའི་བུ་རྒྱུད་དང་བུའི་བུ་ལས་བརྩམ་པ་ནི། གཱརྒྱཿ། བུའི་བུ་ལས་ཞེས་པ་ ཅི་ཞེ་ན། བར་མ་ཆད་ཀྱི་བུ་རྒྱུད་ནི། གཱརྒཿ། རིགས་རབ་ཏུ་བསྟན་པ་ནི། རིགས་ལས་བུད་མེད་ལ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །གཱརྒྱའི་བུ་རྒྱུད་ཀྱི་བུ་མོ་ནི། ཙ་ཏུརྠ་སོགས་བུད་མེད་འཚོ་བ་མིན་པ་ནི་རིགས་དང་ན་ཚོད་དོ། །ཙ་ཏུརྦ་སོགས་ཀྱིས་བུ་རྒྱུད་དང་བུད་མེད་མ་གཏོགས་ཆོ་འབྲང་ དང་རབ་ཏུ་འབྲེལ་བ་ནི་རིགས་སོ། །དེ་ལས་བྱུང་བ་ནི་རྒྱུད་དེ། ཕ་དང་མེས་པོ་ལ་སོགས་པའོ། །དེ་ལ་འཚོ་བ་ནི་བུའི་བུ་ལ་སོགས་པའི་བུ་རྒྱུད་ནི་ན་ཚོད་ཀྱི་མིང་ཅན་ཏེ། རིགས་ཀྱི་མིང་ཅན་མ་ཡིན་ནོ། །གཱརྒཿ། གཱརྒོ། གརྒྱཿ། ཡང་ན་ཛི་བ་ཏ་ལ། གརྒྱའི་བུ་རྒྱུད་ཀྱི་བུ་མོ་ནི། གཱརྒྱཱ་ཡ་ཎཿ། མཁས་ པའི་རྒྱུད་ཀྱི་བུ་རྒྱུད་ཀྱི་བུ་མོ་ནི། དཱཀྵཱ་ཡ་ཎཿ། ཡཉ་ཨིཉ་ལས་ཞེས་པ་ཕཀའོ། །བུད་མེད་དགག་པ་ཅི་ཞེ་ན། གརྒྱའི་བུ་རྒྱུད་ཀྱི་བུད་མེད་ནི་གཱརྒཱ། བཱིཏྶཱ། ཡཉ་ཉིད་མངོན་པར་བརྗོད་པའོ། །ནིའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །བྷཱ་ཏ་རྀཀྵ་ཡ་སཱི། སྤུན་ཟླའི་ཐུ་བོ་ཛི་བཏ་ལ་ཙ་ཏུརྠ་སོགས་ན་ཚོད་ ཀྱི་མིང་ཅན་དུ་འགྱུར་ཏེ། འདི་རྒྱུད་ཀྱི་དོན་མ་ཡིན་པ་ལས་བརྩམས་པའོ། །གརྒྱའི་ཐུ་བོ་ཛཱི་བཏ་ལ་ཀ་ནཱི་ཡཱན་བྷྲཱ་ཏཱ། གཱརྒྱཱ་ཡ་ཎཿ། ཕའི་སྔོན་དུ་སྐྱེད་པ་ལ་སོགས་པའི་རྒྱུད་དེ། སྤུན་ཟླ་མ་ཡིན་པའི་རྒྱུ་མེད་པའི་ཕྱིར་རོ། །བུད་མེད་མ་ཡིན་པ་ཞེས་པ་ཉིད་དོ། །གཱརྒཱི་སྭ་སཱཿ། ཛི་བཏ་ལ་གཞན་ལ་ བསྡུས་པ་དང་བཅས་པ་ཆེས་གནས་བརྟན་ལ་ཡང་ངོ་། །སྐྱེས་བུ་བདུན་གྱི་མཚམས་ནི་བསྡུས་པ་དང་བཅས་པར་བརྗོད་དོ། །གང་དག་གི་གཉིས་ཀ་ལ། དཱ་ཤཱ་ཧཱ་ནི་ཀུ་ཤ་སྱཱནྣཾ་ན་བྷུ་ཛྱ་ཏེ། ཞེས་པ་དེ་ལྟ་བུ་ལ་སོགས་པ་ལ་བྱ་བ་སྤྱིར་བཏང་བའོ། །སྤུན་ཟླ་ལས་གཞན་ལས་བསྡུས་པ་དང་ཆེས་གནས་ བརྟན་ནི་ཛཱི་བཏ་ལ་སྡེ་བུད་མེད་མ་གཏོགས་པ་ཛཱི་བཏ་ཉིད་བཞི་པ་ལ་སོགས་པའི་བུ་རྒྱུད་ན་ཚོད་ཀྱི་མིང་ཅན་དུ་འགྱུར་ཏེ། ཡང་ནའོ། །ཏ་རས་ཀྱིས་ངེས་པར་བསྟན་པ་ནི་གཉིས་ཀ་ལས་རབ་ཏུ་གྱུར་པ་སྡེ་དང་གནས་དང་། ན་ཚོད་ཀྱང་རབ་ཏུ་གྱུར་པ་བསྡུས་པ་དང་བཅས་པ་ཇི་ལྟ་བར་འགྱུར་རོ། །པི་ཏི་ བྱེད། བི་ཏཱ་མ་ཧེ། བྷྲ་ཏ་རི། བཱ་དྷ་ཡ། སྒྲུབ་པ་ལ་ཛཱི་བཏ་ལའོ། །གཱརྒྱའི་བུ་རྒྱུད་ཀྱི་ཛི་བཏ་ཉིད་དེ། གཱརྒྱཱ་ཡ་ཎཿ། ཡང་ན་གཱརྒྱཿ། དཱཀྵཱ་ཡ་ཎཿ། ཡང་ན་དཱཀྵཱིཿ། ཛི་བཏ་ཀྱི་སྒྲ་ཡིས་གཉིས་ཀ་ལས་ཁྱད་པར་དུ་བྱེད་པ་ཅི་ཞེ་ན། མྲྀ་ཏེའམ་མྲྀ་ཏ་ནི། གཱརྒྱཿ། ཏ་རས་ཀྱིས་ངེས་པར་བསྟན་པ་ཅི་ཞེ་ན། གནས་ དང་ན་ཚོད་དམན་པ་ནི་གཱརྒྱཿ། བུད་མེད་མ་ཡིན་པ་ཞེས་པ་ཉིད་དེ། གཱརྒཱི། དཱཀྵི་མཆོད་པ་ལ་རིགས་སོ། །མཆོད་པ་རྟོགས་པར་བྱེད་པ་ལས་རིགས་ཀྱི་བུ་རྒྱུད་ནི་ན་ཚོད་ཀྱི་མིང་དུ་ཡང་ན་འགྱུར་ཏེ། ཏ་ཏྲ་བྷ་བཱན་གཱརྒྱཱ་ཡ་ཎཿ། ཡང་ན་གཱརྒྱཱཿ། ཏ་ཏྲ་བྷ་བཱན། བཱཏྶ་ཡ་ན། ཡང་ན་བཱཏྶྱཱཿ། ཡུ་བན་ལས་སྨད་པ་ ལའོ། །སྨད་པ་རྟོགས་པར་བྱེད་པ་ལ་ཡུ་བན་ལས་ན་ཚོད་ཀྱི་མིང་དུ་ཡང་ན་འགྱུར་ཏེ། ངེས་པར་འཇུག་པའི་གཙོ་བོ་འདི་རྣམ་པར་བརྟག་པའོ། །ན་ཚོད་ཀྱི་མིང་དགག་པའི་ཕྱོགས་ལ་རིགས་ཀྱི་མིང་ཉིད་རབ་ཏུ་འཇུག་སྟེ། ཕྱོགས་སོ་སོ་མེད་པའི་ཕྱིར་རོ། །གཱརྒྱོ་ཛཱ་ལ་ནཿ། ཡང་ན་གཱ་རྒྱཱ་ཡ་ཎཿ། སྨད་ པ་ལ་ཞེས་པ་ཅི་ཞེ་ན། གཱརྒྱཱ་ཡ་ཎཿ། གུ་རུ་ཨ་ཡཏྟ་མ་ཡིན་པ་ནི་མཐའི་སྨད་པའོ། །ཞེས་པ་སཱ་དྷུ་ཀིརྟྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིནྔིའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་བཞི་ པའི་རྐང་པ་གཉིས་པ་རྫོགས་སོ།། །།ལྷག་མ་ལའོ། །རཀྟ་སོགས་ཀྱི་བུ་རྒྱུད་ཀྱི་མཐར་ཐུག་པ་བཤད་པ་ལས་གོང་དུ་གཞན་གང་ཡིན་པ་ནི། ལྷག་མའི་དོན་ཏེ་ལྷག་མ་དང་བཅས་པའོ། །དེ་ལ་ཨཎ་འགྱུར་ཏེ། མིག་གིས་གཟུང་བར་བྱ་བའི་གཟུགས་ནི། ཙཱཀྵུ་ཥཾ། སྒྲ་ནི་ཤྲཱ་བ་ཎཿ། རོ་ནི་ རཱ་ས་ནཿ། རེག་བྱ་ནི་སྤཪྵ་ནཿ། བཅུ་བཞི་བལྟ་བར་བྱ་བ་ནི། རཀྵ་ཤྩ་ཏུརད་ཤཾ། །རྡོ་བའི་ཕྱེ་མ་རྣམས་ནི། ཤཀྟ་བོ་དཱཪྵ་དཱཿ། ཨུ་དཱུ་ཁ་ལི་ཀྵུཎྜཱ་ཡ། ཡང་ན་ཨཽ་དཱུ་ཁ་ལཱཾཿ། རྟ་རྣམས་ཀྱིས་འགྲོ་བའི་ཤིང་རྟ་ནི། ཨཱ་ཤྭཿ། བཞི་རྣམས་ཀྱིས་འགྲོ་བ་ནི་ཙཱ་ཏུཪྵ་ཀ་ཊཾ། ལྷག་མ་ལའོ་ ཞེས་པའི་སྤྱིར་གཏང་བ་ནི་རྐང་པ་ཡོངས་སུ་རྫོགས་པའི་བར་རོ། །དེ་ཉིད་ཀྱི་ཕྱིར་དོན་གཞན་གྱི་ཁྱད་པར་རྗེས་སུ་རྟོགས་པ་འདིས་རང་བཞིན་གྱི་ཁྱད་པར་ཡང་སྟེ། རྐྱེན་གྱི་ཁྱད་པར་སྒྲུབ་པ་གང་ཡིན་པ་དེ་དག་ཐམས་ཅད་ལྷག་མ་རྣམས་ཡང་ངོ་། །དོན་གྱི་ཁྱད་པར་རྟོགས་པ་ལ་ནི་ལྷག་མ་ཉིད་ མ་ཡིན་ནོ། །འོན་ཀྱང་ལྷག་མ་ཁྱད་པར་ཉིད་སོ་སོར་ངེས་པའི་དོན་གྱི་དངོས་པོའི་ཕྱིར། རཱཥྚ་ལས་གྷའོ། །ལྷག་མ་ལ་འགྱུར་ཏེ། རཱཥྚཱི་ཡཿ། ཨཎ་གྱི་དམིགས་བསལ་ཏེ་འདོད་པ་ཐོབ་པ་ལ་བརྗོད་པའོ། །པཱ་ར། ཨ་བཱ་ར། ཨ་བཱ་ར། ཨ་བཱ་ར་པཱ་ར་ལས་ཁའོ། །ལྷག་མ་ལ་འགྱུར་ཏེ། པཱ་རཱི་ཎཿ། ཨ་པཱ་རཱི་ ཎཿ། པཱ་རཱ་བཱ་རཱི་ཎཿ། ཨ་བཱ་ར་བཱ་རཱི་ཎཿ། ཚོགས་པ་རྣམ་པར་བཟུང་བ་ཉིད་ཀྱིས་བསྐྱེད་པས་གཟུགས་བཞིའོ། །དང་པོ་དང་གསུམ་པ་དག་ལ་ཚེ་ཐོབ་པ་དང་ལྷག་མ་ལ་ཨཎ་ཐོབ་པ་ལ་བརྗོད་པའོ། །གྲཱ་མ་ལས་ཡཏ་ཁཉ་དག་གོ། །གྲཱ་མའི་སྒྲ་ལས་ལྷག་མ་ལ་ཡཏ་དང་ཁཉ་དག་སྟེ། ཚའི་དམིགས་ བསལ་དུ་འགྱུར་རོ། །གྲཱ་མྱཿ། གྲཱ་མི་ཎཿ། ཉིཏ་བྱེད་པ་ནི་གྲ་མཱི་ཎཱ་བྷྱཱཪྱ་ཞེས་པ་འདིར་སྐྱེས་པ་བཞིན་གྱིས་དངོས་པོ་དག་པའི་དོན་ཏོ། །ཀརྟྲི་སོགས་ལས་ཀྱང་ཌྷཉའོ། །ཀརྟྲི་སོགས་རྣམས་དང་གྲ་མ་ལས་ཀྱང་ཌྷཀ་འགྱུར་ཏེ། ཀུརྦི་རཱ་སྟ་ཡཿ། ཀརྟྲ་ཡཿ། དེ་རྣམས་ལས་བྱུང་བ་འམ་དེ་རྣམས་ལས་ འོངས་པའོ། །ཀཱརྟྲེ་ཡ་ཀ །གྲ་མེ་ཡ་ཀཾ །ཨཽམྦྷེ་ཡ་ཀཾ །ཀརྟྲི་ཨུམྦྷི། པུཥྐ་ར། པུཥྐ་ལ། ཀུཎྜི་ནཱ། ན་ག་ར་མཱ་ཧིཥྨ་ཏྲཱི། བརྨ་ཏཱི། ཀུམྦྷི། ཀུཌྱཱའི་ཡ་དབྱི་བ་འང་ངོ་། །ཀཽ་ཌེ་ཡ་ཀཿ། ཀུ་ལ་ཀུཀྵི། །གྲཱི་བ་རྣམས་ལས་ཁྱི་དང་རལ་གྲི་དང་རྒྱན་ལའོ། །རིམ་པ་བཞིན་དུ་ཌྷ་ཀཉ་འགྱུར་ཏེ། རིགས་ལས་ སྐྱེས་པ་ནི། ཀཽ་ལེ་ཡ་ཀཿ། ཁྱིའོ། །གཞན་ལ་ཀཽ་ལཿ། ཀཽ་ཀྵེ་ཡ་ཀཿ། རལ་གྲིའོ། །གཞན་ལ་ནི་ཀཽཀྵཿ། གྲཻ་བ་ཡ་ཀཾ །རྒྱན་ནོ། །གཞན་ལ་གྲེ་བཿ། ན་དཱི་སོགས་ལས་ཌྷཀའོ། །འགྱུར་ཏེ། ནཱ་དེ་ཡཿ། མཱ་ཧེ་ཡཿ། ནཱ་དཱིཿ། མ་ཧཱིཿ། བཱ་རཱ་ཎ་སཱིཿ། ཤྲཱ་བསྟཱི། ཀཽ་ཤམྦཱི། བ་ན་ཀཽ་ཤམྦཱི། ཀཱ་ཤ་པཱ་རི། པཱུརྦ་ན་ག་རཱིཿ། ཡཱ་བཱ། བཱ་མཱ། མ་དོརྦཱཏྶ་རུ་ཀཱི །ཁཱ་དི་རཱི། པཱུརྦ་ན་ག་རཱིའི་སྒྲ་ནི་པཱུརྦ་ན་ག་རི་ཞེས་ཁ་ཅིག་ཀློག་གོ། །དེ་རྣམས་ལ། བཽ་རེ་ཡཾ། བཱ་ཎེ་ཡ། གཻ་རེ་ཡཾ། བྲྀདྡྷ་ལས་ཚ་ཐོབ་པ་ལ་དང་། བཱ་རཱ་ཎ་སི་སོགས་ལས་ཚའི་དམིགས་བསལ་ལས་བུཉ་ལའོ། །ལྷག་མ་ལས་ཨཎ་ཐོབ་པ་ལ་བརྗོད་ དོ། །དཱཀྵི་ཎ། བཥྩཱ་ཏ། པུ་རས་ལས་ཏྱཀའོ། །འདི་རྣམས་ལས་ལྷག་མ་ཏྱཀ་འགྱུར་ཏེ། དཱཀྵི་ཎཱ་ཏྱཿ། བཱ་ཤྩཱ་ཏྱཿ། པཽ་རསྟྱཿ། པཤྩཱཏ་ཀྱི་སྒྲ་དང་ལྷན་ཅིག་སྤྱོད་པའི་ཕྱིར་དཱཀྵི་ཎའི་སྒྲ་ཡང་སྒྲ་མེད་པར་གཟུང་ངོ་། །བཧླཱ་ཨུརྡི། པརྡི་ཀཱ་པི་ཤཱ་རྣམས་ལས་ཥྥཀའོ། །འདི་རྣམས་ལས་ལྷག་མའི་ དོན་ལ་ཥྥཀ་འགྱུར་ཏེ། བཱཧླཱ་ཡ་ནཿ། ཨཽདྡཱ་ཡ་ནཿ། པ་དཱ་ཡ་ནཿ། ཀཱ་བི་ཤཱ་ཡ་ནཾ། སྦྲང་རྩིའོ། །ཀཱ་བི་ཤཱ་ཡ་ནཱ། དགུན་འབྲུམ་མོ། ཥ་ཡིག་ནི་དཱིཔ་ཀྱི་དོན་ཏོ། །རང་ཀུ་ལས་སྲོག་ཆགས་ལ་ཡང་ནའོ། །ཥྥཀ་འགྱུར་ཏེ། རཱངྐ་བཿ། བ་ལང་ངོ་། །སྲོག་ཆགས་ལ་ཞེས་པ་ཅི་ཞེ་ན། རཱངྐ་བཿ། ལ་བའོ། །མི་ལ་ནི་ཀཙྪ་སོགས་སུ་བཀླགས་པ་ལས་བུཉ་སྟེ། རཱང་ཀ་བ་ཀཿ། མིའོ། །པྲཱ་ཀ །ཨ་བཱ་ཀ །ཨུ་དག་པྲ་ཏྱཀ །དཱིཔ་ལས་ཡཏའོ། །བྲཱཀ་སོགས་རྣམས་ལས་ལྷག་མ་ལ་ཡཏ་འགྱུར་ཏེ། པྲཱ་ཙྱཿ། ཨ་བཱ་ཙྱཿ། ཨུ་དཱི་ཙྱཿ། པྲ་ཏཱི་ཙྱཿ། དི་པྱཿ། པྲཱ་ཀ་སོགས་རྣམས་སོ། །ཀྲིན་མཐའ་ རྣམས་ནི་གྲངས་དང་བཅས་པ་སྟེ། ཕྱོགས་དང་ཡུལ་དང་དུས་ཀྱི་དོན་རྣམས་སོ། །ཨསྟ་ལས་འཇིག་པའི་མཐའ་ཡང་གྲངས་མེད་པ་རྣམས་ཏེ། ཁྱད་པར་ཉེ་བར་བླངས་ཏེ་གཟུང་ངོ་། །དེ་ལ་ཕྱོགས་དང་ཡུལ་གྱི་འཇུག་པ་རྣམས་ལས་ཡཏ་སྒྲུབ་པོ་དུས་བརྗོད་པ་ལས་ནི་འདོད་པའི་ཕྱིར་ན་ཊ་སྟེ། པྲཱཀྟ་ནཾ། ཀནྠཱ་ལས་ཋཀའོ། །ལྷག་མ་ལ་འགྱུར་ཏེ། ཀཎྛཱི་ཀཿ། བལླུ་ལ་བུཀའོ། །བལླུ་ལ་ཞེས་བྱ་བའི་ཆུ་བོ་དང་མི་རིང་བའི་ལྗོངས་དེ་ནི་བལླུ་སྟེ་དེའི་ཡུལ་ལས་ཀནྠའི་སྒྲ་ལས་བུཀ་འགྱུར་ཏེ། ཀཱནྠ་ཀཿ། ཀྭ་ཨ་མཱཿ། ཨི་ཧ་ཏ་ཏྲ་ཏས་ལས་ཏྱབ་པོ། །ལྷག་མ་ལ་འགྱུར་ཏེ། ཀྭ་ཏྱཿ། ཨ་མཱ་ཏྱཿ། ཨི་ཧ་ཏྱཿ། ཏ་ཏྲ་ཏྱཿ། ཏ་ཏ་སྟྱཿ། ཨཻ་ཥ་མས་ཧྱས་ཤྭས་ལས་ཡང་ནའོ། འདི་རྣམས་ལས་ཡང་ན་ཏྱབ་འགྱུར་ཏེ། ཨཻ་ཥ་མསྟཾ། ཨཻ་ཥ་མསྟ་ནཾ། ཧྱསྟཾ། ཧསྟ་ནཾ། ཤཱསྟཾ། ཤྭསྟ་ནཾ། ནི་དང་ནི་ཥ་ལས་རྟག་པ་དང་གནས་དག་ལའོ། །རྒྱལ་འགྱུར་ཏེ། ངེས་པར་གནས་པ་ནི། ནི་ཏྱཾ། རྟག་པའོ། ། ངེས་པར་སོང་བའི་རིགས་སུ་གནས་པ་ནི། ནིཥྚྱ། གཏུམ་མོ་ལ་སོགས་པའོ། །ཨ་ར་ཎྱ་ལས་ཎའོ། །འགྱུར་ཏེ། ཨཱ་ར་ཎྱཿ། ཡིད་དགའ་བའོ། །ཎ་བརྗོད་པ་ནི་ཊཱ་པ་ཀྱི་དོན་ཏོ། །དཱུ་ར་དང་ཨུཏྟར་དག་ལས་ཨེཏྱ་དང་ཨཱ་ཧཉ་དག་གོ། །ལྷག་མ་ལ་རིམ་པ་བཞིན་དུ་འགྱུར་ཏེ། དཱུ་རེ་ ཏྱཿ། ལམ་པའོ། །ཨཽཏྟ་རཱ་ཧཿ། རཱུ་པྱ་ཕྱི་མའི་ཚིག་ལས་ཉའོ། །རཱུ་པྱ་ཕྱི་མའི་ཚིག་ལས་ལྷག་མ་ལ་ཉ་འགྱུར་ཏེ། ཀཱ་ཀ་རཱུ་པྱཾ། བཱརྐ་རཱུ་པྱཾ། ཤཻ་བ་རཱུ་པྱཾ། རཱུ་པྱའི་མཐའ་ལས་སོ་ཞེས་བརྗོད་པས་མང་པོ་ལ་སྔོན་མ་ལ་མི་འགྱུར་རོ། །རཱུ་པྱའི་རྐྱེན་མཐའ་ལས་ཀྱང་ངོ་། །དེས་ན་དེ་ལ་ཨཎ་ཉིད་དེ། བཱ་ཧུ་རཱུ་པྱཾ། མཱ་ཎཱི་ཀ །རཱུ་པྱ་ཀ་ཞེས་བུཉ་ཡང་བལྟ་བར་བྱའོ། །ཕྱོགས་སྔོན་མ་དང་མ་དྲེ་ཏ་ར་ལས་མིང་མ་ཡིན་པ་ལ་འང་ངོ་། །ཕྱོགས་སྔོན་མ་དང་མ་དྲ་ཨི་ཏ་ར་ལས་མིང་མ་ཡིན་པར་གྱུར་པ་ལས་ཉ་འགྱུར་ཏེ། བཽརྦ་ཤཱ་ལཿ། པཽརྦ་ཤཱ་ལཱཿ། མ་དྲེ་ཏ་ར་ལས་ཞེས་པ་ཅི་ཞེ་ན། པཽརྦ་མ་དྲཿ། པཽརྦ་མ་དྲཱི། མིང་མ་ཡིན་པ་ལ་ ཞེས་པ་ཅི་ཞེ་ན། པཱུརྦཻ་ཥུ་ཀཱ་མ་ས་མཱི། པྲཱ་ཙཽ་ན་ག་རཱ་ཎཱཾ་ཞེས་པ་ཚིག་ཕྱི་མ་འཕེལ་བའོ། །ཕྱོགས་ཀྱི་སྒྲ་པཱུརྦའི་སྒྲ་མེད་པའི་ཕྱིར་ཕྱོགས་ཞེས་པའི་དོན་གཟུང་ངོ་། །དེས་ན་དིགྡཱ་ཧཾ་དགྒ་ཛ་སོགས་སུ་ཐལ་བ་མེད་དོ། །ཤཀ་ལ་སོགས་ལས་རིགས་ལས་སོ། །ཤ་ཀ་ལ་སོགས་རྣམས་ལས་རིགས་ཀྱི་རྐྱེན་མཐའ་རྣམས་ལས་ ཨཎ་འགྱུར་ཏེ། ཚའི་དམིགས་བསལ་ལོ། །ཤིང་ཤུན་གྱི་གདུགས་ནི། ཤཱ་ཀ་ལཱཿ། ཀཱཎྛཿ། གཽ་ཀཀྵཿ། རིགས་ལས་ཞེས་པ་ཅི་ཞེ་ན། མགྲིན་པ་ལས་འོངས་པ་ནི། ཀཱཎྛཱཿ། དེའི་གདུགས་ནི། ཀཱཎྛཱི་ཡཿ། ཨིཎ་ལས་སོ། །རིགས་ལ་ཨཉའི་མཐའ་ལས་ཨཎ་འགྱུར་ཏེ། ཚའི་དམིགས་ བསལ་ལོ། །མཁས་པའི་གྲྭཱ་པ་ནི་དཱ་ཀྵཱཿ། རིགས་ལས་ཞེས་པ་ཉིད་དེ། སུ་ཏཾ་ག་མེ་ལ་མི་འཇུག་པ་ནི། སཽ་ཏཾ་ག་མིཿ། པྲ་ཀ་དི་ཀུ་མུ་ད་བ་རཱ་ཧ་སུ་ཏཾ་ག་མ་ལ་སོགས་པ་རྣམས་ལས་ཨིཉའོ། །ཋཀྐ། ཨིཉ་ལས་ཞེས་པས་ཨིཉའོ། །དེ་ལ་དངོས་ནི། སཽ་ཏཾ་ག་མཱི་ཡཿ། ཨཙ་གཉིས་ པ་དང་པྲཱ་ཙྱ་ལས་མ་ཡིན་ནོ། །ཨཙ་གཉིས་པ་ཨཉའི་མཐའ་དང་པྲཱ་ཙྱ་ལས་རིགས་ལ་ཨཎ་མི་འགྱུར་ཏེ། བཻདྐཱི་ཡཱཿ། པཽཥྤཱི་ཡཿ། ཀཱ་ཤཱི་ཡཱཿ། བཱ་ཤཱི་ཡཿ། ཨ་ཙ་གཉིས་པ་ལས་ཞེས་པ་ཅི་ཞེ་ན། པཱནྣཱ་གཱ་རཱཿ། མཱནྟྭ་རེ་ཥ་ཎཱཿ། པྲཱ་ཙ་ལས་ཞེས་པ་ཅི་ཞེ་ན། དཱཀྵཱཿ། པླཱཀྵཱཿ། བྲྀདྡྷ་ལས་ཚའོ། །བྲྀདྡྷའི་ མིང་གི་ཡན་ལག་ལས་ཚ་འགྱུར་ཏེ། ལྷག་མ་ཅན་ནོ། །ར་བ་ལས་བྱུང་བ་ནི། ཤཱ་ལཱི་ཡཿ། མཱ་ལཱི་ཡཿ། ཨཻ་ཏི་ཀ་ཡ་ནཱི་ཡཿ། ཨཽ་པ་ག་བཱི་ཡཿ། ཨཱ་ཙཱཪྻ་ཡཿ། ཏྱ་དཱི་ཡཿ། ཨཻ་ཏ་དཱ་ཡཿ། ཨཽ་པ་ག་བཱ་ཡཿ། ཨི་དཱ་མཱི་ཡཿ། ཨ་ད་པཱི་ཡཿ། བྲྀདྡྷ་ལས་ཞེས་པ་ཅི་ཞེ་ན། འདུན་པ་དང་ཉེ་བར་འདྲེན་པ་ལས་བྱུང་བ་ནི། བྲཱ་བྷཱ་པནྣ་ཡ་ནཿ། བྷ་བཏ་ལས་ཋཀ་དང་ཚ་དག་འགྱུར་ཏེ། བྷ་བ་དཱི་ཡཾ། བྲྀདྡྷ་ལས་ཞེས་པ་རྗེས་སུ་འཇུག་པས་ཤ་ཏྲིའི་མཐའ་ལས་མི་འགྱུར་བ་ཉིད་དེ། བྷཱ་བ་ཏཾ། ཨུ་པ་ལས་ཡུལ་ལ་ཋཉའོ། །ཨུ་ཡིག་མཐའ་ཅན་ཡུལ་བ་རྗོད་པའི་སྒྲ་ལས་ལྷག་མ་ལ་ཋཉ་འགྱུར་ཏེ། ཤཱ་པ་ར་ཛམྦུ་ཀཿ། ནཻ་ཥཱ་ ད་ཀུཪྵུ་ཀཿ། ཡུལ་ལས་ཞེས་པ་ཅི་ཞེ་ན། མཁས་པའི་གྲ་བ་རྣམས་ནི། པཱ་ཊ་བཱཿ། བྲྀདྡྷ་ལས་བྲཱ་ཙྱ་ལས། ཨུ་ཡིག་མཐའ་ཅན་བྲྀདྡྷ་ལས་ཤར་གྱི་ཡུལ་བརྗོད་པ་ལ་ཋཉ་འགྱུར་ཏེ། ཨཱ་དྷ་ཀ་ཛམྦུ་ཀཿ། སྔ་མ་ཉིད་ཀྱིས་གྲུབ་པ་ལ་བརྗོད་པ་ནི་ངེས་པའི་དོན་ཏོ། །བྲྀདྡྷ་ཉིད་ལས་པྲཱ་ཙྱ་ལས་ཏེ་བྲྀདྡྷ་ལས་མ་ ཡིན་ནོ། །དེས་ན་མཱལླ་བསྟ་པཿ། ཀཱ་ཤི་སོགས་ལས་ཨི་ཀ་ཉའང་ངོ་། །འགྱུར་ཏེ། འང་ཡིག་ལས་ཋན་འང་ངོ་། །ཀཱ་ཤི་ཀཱ །ཀཱ་ཤི་ཀཱི །བཻ་དི་ཀཱ །བཻ་དི་ཀཱི །དེ་ཤ་ལས་ཞེས་པ་ཉིད་དེ། གསལ་བའི་གྲྭ་པ་རྣམས་ནི། ཀཱ་ཤཱི་ཡཿ། པྲཱ་ཙྱ་ལས་ཞེས་པ་ཉིད་དེ། ལྷས་སྦྱིན་གྱི་མིང་དང་། བཱ་ཧི་ཀ་ རྣམས་ཀྱི་གྲོང་དེ་ལས་བྱུང་བ་ནི། དཻ་བ་དཏྟཿ། ཀཱ་ཤི་བེ་དི། སམྦཱ་ཏི། སམྦཱ་ཧ། ཨཙྱུཏ། མོ་ད་མཱན་ཤུ་གུ་ལཱ་ད། ཧསྟི། ཀཪྵཱུ། དེ་བ་ཀཪྵཱུ། ཀུ་ནཱ་མ་ན། ཧི་ར་ཎྱ་ཀ་ར་ཎ། གོ་བཱ་ས་ན་ས་ར་ཧི་ན། བྷ་རིདྒ། ཨ་རིནད་མ། སརྦ་མི་ཏྲ། དེ་བ་དཏྟ། དཱ་ས་མི་ཏྲ། དཱ་ས་གྲཱ་མ། སཽ་དྷཱ་བ་ཏཱ་ན། ཡུ་བརཱ་ཛ། སིནྡྷུ་མི་ཏྲ། དེ་བ་ རཱ་ཛ། ཨཀྵ་མི་ཏྲ། ཤ་ཋ་མི་ཏྲ། སཱ་ནུ་མི་ཏྲ། ཀཱ་ལ་ལས་པཱུརྦ་སོགས་སྔོན་མ་ཅན་ལས་སོ། །ཨི་ཀཉ་དང་ཋཉ་དག་འགྱུར་ཏེ། པཽརྦ་ཀཱ་ལི་ཀཱ །པཽརྦ་ཀཱ་ལི་ཀཱི །ཨ་པཏ་ཀཱ་ལི་ཀཱ །ཨཱ་པཏ་ཀཱ་ལི་ཀཱི །ཨཽརྡྷྭ་ཀཱ་ལི་ཀཱ །ཨཽརྡྷྭ་ཀཱ་ལི་ཀཱི །བཱ་ཧི་ཀ །གྲ་མ་ལས་སོ། །ཇི་སྲིད་ཡུལ་གྱི་རིགས་ལ་གནས་ པའི་ཆོས་སུ་དག་པ་དེ་ལས་ཕྱིའི་དངོས་པོ་ན་བྷི་ཧཱི་ད་ཀའོ། །དེ་ལ་གྲོང་ནི། བཱི་ཧཱ་ཀ་གྲཱ་མཿ། དེ་བརྗོད་པའི་བྲྀདྡྷ་ལས་ཨི་ཀཉ་དང་ཋཉ་དག་འགྱུར་རོ། །ཤཱ་ཀ་ལི་ཀཱ །ཤཱ་ཀ་ལི་ཀཱི །མཱནྠ་བི་ཀབ། མཱནྠ་བ་ཀཱི །བྲྀདྡྷ་ལས་ཞེས་པ་ཉིད་དེ། མཱ་ཧ་ན་ག་རཿ། ཨུ་ཤཱི་ན་ར་རྣམས་ལ་ཡང་ནའོ། །ཨུ་ཤཱི་ན་ར་ རྣམ་གྲངས་གང་ཡིན་དེ་བརྗོད་པ་ལ་བྲིདྡྷ་ལས་ཨི་ཀ་ཉ་དང་ཋཉ་དག་ཡང་ན་འགྱུར་ཏེ། མཚོན་བྱེད་ཀྱི་ཚོགས་རྣམས་ལས་བྱུང་བ་ནི། ཨཱངྐ་ཛཱ་ལི་ཀཱ །ཨཱངྐ་ཛཱ་ལི་ཀཱི །ཨཱངྐ་ཛཱ་ལི་ཡཱ། སཽ་དཪྵ་ནི་ཀཱ །སཽ་དཪྵ་ནཱི་ཡཱ། མ་ཐོབ་པ་རྣམ་པར་བརྟག་པའོ། །གྲཱ་མའི་སྒྲ་མདོ་སྔ་མའི་ བཱ་ཧི་ཀ་ཡིས་མ་བསྡུས་ཀྱང་རྗེས་སུ་འཇུག་སྟེ། སྐྱེས་བུའི་འདོད་པ་ལ་རག་ལས་པའི་ཕྱིར་རོ། །པྲསྠ། བཧ་པུ་རའི་མཐའ་དང་ཡ་མཐའ་ཉེ་མྱ་ངམ་གྱི་དོན་ལས་བུཉའོ། །པྲསྠ་སོགས་དང་ཡ་མཐའ་ཉེ་ལས་མྱ་དམ་བརྗོད་པ་ལ་བྲྀདྡྷ་ལ་བུཉ་འགྱུར་ཏེ། མཱ་ལཱ་པྲསྠ་ཀཿ། བཻ་ལོ་བ་ཧ་ཀཿ། ནནྡཱི་པུ་ར་ཀཿ། མ་མཐའ་ལས་ཞེས་པས་གྲུབ་པ་ལ་པྲཱཙྱ་མ་ཡིན་པའི་དོན་དུ་པུ་རཱནྟཱ་གཟུང་ངོ་། །ཡ་མཐའ་ཉེ་ལས་ནི། སཱཾ་ཀཱ་ཥྱ་ཀཿ། ཀཱམྦཱི་ལྱ་ཀཿ། མ་དཾ་བརྗོད་པའོ། །པཱ་ར་དྷནྭ་ཀཿ། ཨཻ་རཱ་བ་ཏ་ཀཿ། གང་ཡང་འདིར་བཱ་ཧཱི་ཀ་གྲཱ་མཱ། བཱ་ཏན་པྲསྠ་ལ་སོགས་པ་དང་གང་ཡང་ཨུ་ཡིག་གི་མཐའ་ཅན་ཡུལ་བརྗོད་པ་དེ་ རྣམས་ཐམས་ཅད་ལ་འདོད་པའི་ཕྱིར་བུཉ་ཉིད་འགྱུར་རོ། །དེས་ན་བཱ་ད་ན་པྲསྠ་ཀཿ། ཀཽཀྐུ་ཊཱི་བ་ཧ་ཏཿ། དཱ་ས་ར་བྱ་ཀཿ། མི་བཟད་པའི་ཚེ་ཞེས་བྱ་བའི་ཡུལ་དེ་ལས་བྱུང་བ་ནི། ཨཱ་ཏི་བྲ་མཱ་ཡ་བ་ཀཿ། ར་མཐའ་ཉེ་དང་ཨཱཏ་ལས་པྲཱཙྱ་ལས་སོ། །ར་མཐའ་ཉེ་དང་ཨཱི་མཐའ་ལས་ཀྱང་ཤར་ གྱི་ཡུལ་ལ་བྲྀདྡྷ་ལས་བུཉ་འགྱུར་ཏེ། པྲཱ་ཊ་ལི་ཕུ་ཊ་ཀ ། ཀཱ་ཀནྡཱི་རུ་བྱུང་བ་ནི། ཀཱ་ཀ་དཾ་ཀ། ཤར་ལས་ཞེས་པ་ཅི་ཞེ་ན། དཱཏྟཱ་མིནྡྲི་ཡཿ། བྲྀདྡྷ་ལས་ཞེས་པ་ཉིད་དེ། དཱ་ཤ་པུ་རཿ། ཏ་ཕ་རོལ་དུ་བྱེད་པ་ནི་བདེ་བའི་དོན་ཏེ། ཨི་ཡིག་མཐའི་ཤར་གྱི་ཡུལ་མེད་པའི་ཕྱིར་ཨི་ཡིག་གི་མཐའ་ ཅན་ཉིད་སྨོས་པའོ། །ལྗོངས་རྣམས་ལས་སོ། །ལྗོངས་བརྗོད་པའི་བྲིདྡྷ་ལས་བུཉ་འགྱུར་ཏེ། ཨཱ་དཪྵ་ཀཿ། ཨཱ་བི་སཱ་རེ་ཀཿ། བྲྀདྡྷ་རྗེས་སུ་འཇུག་པའི་ཕྱིར་རང་བཞིན་གཟུང་བར་དོགས་པ་བཟློག་གོ། །མང་པོ་བརྗོད་པའི་དམིགས་བསལ་གྱི་ཡུལ་ལ་ཡང་བུཉ་རབ་ཏུ་འཇུག་པའི་དོན་ཏེ། ཨཱ་བི་སཱ་ར་ག་ཏ་ཀ །མང་པོ་ཉིད་ཀྱི་ཡུལ་རྣམས་ལས་སོ། །མང་པོ་ཁོ་ནའི་ཡུལ་ནི་གང་དག་གཅིག་ཉིད་ལ་སོགས་པ་མ་ཡིན་པ་དེ་རྣམས་ཏེ། མང་པོ་ཉིད་ཀྱི་ཡུལ་དེ་རྣམས་ལས་བུཉ་འགྱུར་ཏེ། ཨིཎའི་དམིགས་བསལ་ལོ། །ཨངྒ་རྣམས་སུ་བྱུང་བ་ནི་ཨངྒ་ཀཿ། བཱངྒ་ཀཿ། སཽ་ཧྨ་ཀཿ། པཽཎྜ་ཀཿ། ཏྲེ་ཀརྟ་ཀཿ། ཛཱམྦ་བ་ཀཿ། ཀཱ་ལཉྫ་ར་ཀཿ། བཻ་ཀཱ་ཤ་ཀཿ། ཡུལ་སྨོས་པ་ཅི་ཞེ་ན། བརྟ་ནི་རྣམས་སུ་བྱུང་བ་ནི། བཱརྟ་ནཿ། བརྟ་ནིའི་སྒྲ་ནི་ཆ་ཤས་ཐ་དད་པ་ལས་མང་པོ་ཉིད་ལ་འཇུག་གི་བསལ་བ་ཐ་དད་པས་ནི་མ་ཡིན་ནོ། །སུ་སརྦ་ཨརྡྷ། དི་ཀ་རྣམས་སོ། །གང་གིས་ཕ་རོལ་ལྗོངས་བརྗོད་པ་ དེ་རྣམས་ལས་བུཉ་འགྱུར་ཏེ། སུ་པཱ་ཙ་ལ་ཀཿ། སུ་མཱ་ག་དྷ་ཀཿ། སརྦ་པཉྩ་ལ་ཀཿ། སརྦ་མཱ་ག་དྷ་ཀཿ། ཨརྷ་པཱཉྩཱ་ལ་ཀཿ། ཨརྷ་མཱ་གངྷ་ཀཿ། སུ་སརྦ། ཨརྷ་ལས་ལྗོངས་ཀྱིའོ་ཞེས་པས་ཚིག་ཕྱི་མ་ལ་འཕེལ་བའོ། །དི་ཀ་གི་སྒྲ་ལས་ནི། པཱུརྦ་པཉྩ་ལ་ཀཿ། ཨུ་ཏྟ་ར་པཉྩཱ་ལ་ཀ །ཕྱོགས་ལས་མ་དྲ་མ་ ཡིན་པའི་འོ་ཞེས་པས་ཚིག་ཕྱི་མ་ལ་འཕེལ་བའོ། །ཀཙྪ་ཨགྣི་བཀྟྲ་བརྟྟ་རྣམས་ཚིག་ཕྱི་མ་དང་དྷཱུ་ལ་སོགས་རྣམས་ལས་སོ། །ཀཙྪ་སོགས་ཀྱི་མཐའ་ལས་ཡུལ་བརྗོད་པ་དང་། དྷཱུ་མ་སོགས་རྣམས་ལས་ཀྱང་བུཉ་འགྱུར་ཏེ། བྷཱ་རུ་ཀཙྪ་ཀཿ། པཻ་པྱ་ལི་ཀཙྪ་ཀཿ། ཀཱཎྜཱ་གན་ཀཿ། སཻ་བྷཱུ་ཛཱགྣ་ཀཿ། བཻནྡྷཱུ་བཀྟྲ་ ཀཿ། ཙཀྲ་བརྟ་ཀཿ། དྷཱུ་མ་སོགས་རྣམས་ལས་ནི། དྷཽ་མ་ཀཿ། ཥཱ་ཌདྒ་ཀཿ། དྷཱུ་མ་ཥ་ཌཾ་ག་ཤ་ཤཱ་ད་ན། ཨརྫུ་བཱ་བ། དཎྜ་ཡ་ན་སྠ་ལཱི། གྷོ་ཥསྠ་ལཱི། མཱ་ཧ་ཀ་སྠ་ལཱི་རཱ་ཛ་གྲི་ཧ། སཏྟྲ་ས་ཧ། བྷཀྵྱཱ་ལཱི། མ་དྲ་ཀུ་ལ། དྲྱཱ་ཧཱ་བ། ཏྭྱཱ་ཧཱ་བ། སཾ་སྦཱི་ཡ། བརྦ་ར། གརྟྟ་བི་ད་ཧ། ཨ་ཎརྟྟ། འདི་དག་ལ་མང་པོ་ ཉིད་ཀྱི་ཡུལ་རྣམས་ལས་སོ་ཞེས་པས་བུཉ་གྲུབ་པ་ལ་ཡུལ་མ་ཡིན་པའི་དོན་དུ་བརྗོད་པའོ། །ལུས་འཕགས་ཀྱི་རྒྱལ་རིགས་ཀྱི་ནོར་རྣམས་ནི། བཻ་དེ་ཧ་ཀཿ། ཨཱ་ནརྟ་ཀཿ། པཱཋེ་ཡའི་སྒྲ་ལས་ནི། ཡ་མཐའ་ཉེ་ཉིད་ཀྱིས་གྲུབ་པ་ལ་པཱ་ཋ་ཡུལ་མ་ཡིན་པའི་དོན་ཉིད་དོ། །པཱ་ཋེ་ཡ་ཀཿ། མཱ་ཐ་ར་གྷོ་ཥ། ཤ་སྱ། བ་ལཱི། ཨཱ་རཱ་ཛྙཱི། དྷཱརྟྟ་རཱཛྙཱི། ཨ་བ་ཡ་བ། སཽ་བཱི་ར་རྣམས་ལ་ཀུ་ལ་ལས་ཏེ། གང་སོ་སོ་བི་རའི་ཡུལ་ལས་རིགས་ཀྱི་མིང་གི་ཡུལ་དེར་བྱུང་བ་ནི། ཀཽ་ལ་ཀཿ། ཞེས་པ་ཉིད་དོ། །ཀུཀྵི།། དཱི་བ། ཨནྟ་རཱི་པ། ཨ་རུ་ན། ཨུཛྫ་ཡ་ནཱི། དཱཀྵི་ཎཱ་པ་ཋ་ཤཱ་ཀེ་ཏ། ས་མུ་དྲ་ལས་གྲུ་དང་མིང་དག་ལའོ། ། བུཉ་འགྱུར་ཏེ། རྒྱ་མཚོ་ལ་གཏོང་བའི་གྲུ་ནི། སཱ་མུ་དྲི་ཀཱ། རྒྱ་མཚོ་ལ་ཡོད་པའི་མི་ནི། ས་མུ་དྲ་ཀཿ། གཞན་ལ་ནི་ཨཎ་ཉིད་དེ། ས་མུ་དྲཿ། ཆུའོ། །ན་ག་ར་ལས་སྨད་པ་དང་པི་ཝང་དག་ལའང་བུཉ་འགྱུར་ཏེ། །ནཱ་ག་ར་ཀཿ། པི་ཝང་པ་རྣམས་སོ། །སྨད་པ་དང་ པི་ཝང་དག་ལ་ཞེས་པ་ཅི་ཞེ་ན། ནཱ་ག་རཱཿ། བྲམ་ཟེ་རྣམས་སོ། །ཨ་ར་ཎྱ་ལས་བ་ཐི། ནྱཱ་ཡ། ཨདྷྱཱ་ཡ། ཧསྟི། ན་ར་བི་ཧཱ་ར་རྣམས་ལས་སོ། །འདི་རྣམས་ཨ་ར་ཎྱའི་སྒྲ་ལས་བུཉ་འགྱུར་ཏེ། ཨཱ་ར་ཎྱ་ཀཿ། བནྠཱཿ། ནྱཱ་ཡཿ། ཨ་དྷྱཱ་ཡཿ། ཧ་སྟཱ། མ་ནུ་ཥྱ། བི་ཧཱ་ར་ལས་ཀྱང་ངོ་། ། འདི་རྣམས་ལས་ཞེས་པ་ཅི་ཞེ་ན། ཨཱ་ར་ཎྱཱཿ། ཕྱུགས་རྣམས་སོ། །ཅི་ལྟར་ཨཱ་ར་ཎྱ་ཧསྟི་ནཱི་ཞེ་ན། མངོན་པར་བརྗོད་པ་མེད་པའི་ཕྱིར་བུཉ་མི་འགྱུར་རོ། །པ་བྱུང་བརྗོད་པ་ལ་ཨ་ར་ཎྱ་ལས་བུཉ་ཡང་ན་འགྱུར་ཏེ། ཨཱ་ར་ཎྱ་ཀཿ། བ་བྱུང་ངོ་། །ཡང་ན། ཨ་ར་ཎཱཿ། ཀུ་རུ་དང་ཡུ་གནྡྷ་ར་ལས་སོ། །བུཉ་ཡང་ན་ འགྱུར་ཏེ། ཀཽ་ར་བ་ཀཿ། ཀཽ་ར་བཿ། ཡཽ་གནྡྷ་ར་ཀཿ། ཡཽ་གནྡྷ་རཿ། ཀུ་རུའི་སྒྲ་ནི་ཀཙྪ་སོགས་སུ་བཀླགས་བ་ལས་མི་དང་དེའི་གནས་དག་ལ་རྟག་ཏུ་བུཉ་ཐོས་པ་ལ་རྣམ་པར་བཤད་པ་ལས་ཨཉ་ཡང་འདོད་དོ། །དེས་ན་སཾ་རཀྵ་ཏཱཾ་ཀཽ་པ་ར་བཱཿ། ཞེས་གྲུབ་བོ། །བྲྀ་ཛི་དང་མ་དྲ་ལས་ཀནའོ། །འགྱུར་ཏེ། བྲྀ་ཛི་ རྣམས་སུ་བྱུང་བ་ནི། བྲྀ་ཛི་ཀ་མ་དྲ་ཀཿ། ཀ་ཡིག་མཐའ་ཉེ་ལས་ཨཎའོ། །ཀ་ཡིག་མཐའ་ཉེ་ལས་ཨཎ་འགྱུར་ཏེ། ལྗོངས་ལས་བུཉའི་དམིགས་བསལ་ལོ། །དྲང་སྲོང་ཅན་རྣམས་སུ་འབྱུང་བ་ནི། ཨཱཪྵི་ཀཿ། ཨཎ་རྗེས་སུ་འཇུག་པ་ལ་ཨཎ་སྨོས་པ་ནི་ཨུ་ལས་ཡུལ་ལའོ་ཞེས་པས་ཋཉ་ ཡང་དག་པའི་དོན་ཏོ། །དེས་ན་བུ་རམ་ཤིང་ལས་བྱུང་བ་ནི། ཨཻཀྵྭཱ་ཀཿ། ཀཙྪ་སོགས་རྣམས་ལས་སོ། །ལྷག་མ་ལས་ཨཎ་འགྱུར་ཏེ། ཀཱཙྪ་སིནྡྷུ། བརྞ། ཨངྒཱར། མ་དྷཱུ་མ་ཏེ། ཀམྦོ་ཛ། ཀཤྨཱི་ར། སྭ་ལཱ། ཀུ་རུ་གནྡྷཱ་ར། མ་ནུ་ཥཎྜ་ར། མ་ནུ་ཥཎྜ། དྭཱི་པ། ཨ་ནྲྀ་པ། ཨ་ཛ་བཱ་ཧ། བི་རཱུ་པ་རྐ། ཀུལླ། རངྐུ། ཀཙྪ་ལས་མང་པོའི་ཡུལ་མིན་པ་ཉིད་ལས་ལྷག་མ་ལ་ཞེས་པ་ཉིད་ཀྱིས་ཨཎ་གྲུབ་པ་ལ། མི་དང་དེའི་གནས་དག་ལ་བུཉའི་དོན་དུ་བཀླགས་པའོ། །དེ་བཞིན་དུ་བི་རཱུ་པ་ཀ་ལས་ཀ་མཐའ་ཉེ་ལས་ཞེས་པས་གྲུབ་པ་དང་། བལླུའི་སྒྲ་ལས་ཨུ་ལ་ས་ཡུལ་ལའོ་ཞེས་ཋཉ་ཐོབ་པ་ དང་། ཀུ་རུ་ལས་ཀུ་རུ་དང་ཡུ་བ་གནྡྷ་ར་ལས་སོ་ཞེས་པས་བུཉ་དང་། ལྷག་མ་རྣམས་ལ་ལྗོངས་ལས་བུཉ་ཐོབ་པ་ལའོ། །མི་དང་དེའི་གནས་དག་ལ་བུཉའོ། །ཀཙྪ་སོགས་རྣམས་ལས་མི་དང་དེའི་གནས་ལ་ཡང་བུཉ་འགྱུར་ཏེ། ཀཱཙྪ་ཀ །མིའོ། །ཀཱཙྪ་ཀཾ །འདི་དགོད་པའོ། །སཻནྡྷ་ པ་ཀཿ། མིའོ། །སཻནྡྷ་བི་ཀཱ། འདི་ཆུང་ངུའོ། །སཱ་ལྭ་ལས་རྐང་ཐང་མ་ཡིན་པ་ལའོ། །མི་དང་དེའི་གནས་དག་ལ་བུཉ་འགྱུར་ཏེ། སཱ་ལྭ་ཀཿ། མིའོ། །སྭ་ལྭ་ཀཾ །འདི་དགོད་པའོ། །རྐང་ཐང་མ་ཡིན་པ་ཞེས་པ་ཅི་ཞེ་ན། སཱ་ལྭཿ། རྐང་ཐང་ངོ་། །བྲམ་ཟེ་ཏི། གོང་དང་ཡ་བ་གཱུ་ལས་སོ། །སཱ་ལྭ་ལས་ བུཉ་འགྱུར་ཏེ། སཱ་ལོ་ཀཿ། བ་ལང་ངོ་། །སྭཱ་ལྭི་ཀཱ །ཐུག་པའོ། །གཞན་ལ་ནི་སྭ་ལྭཾ། ཀ་ཊ་སོགས་དང་པྲཱ་ཙ་ལས་ཚའོ། །འགྱུར་ཏེ་ཨ་ཎའི་དམིགས་བསལ་ལོ། །ཀ་ཊ་ན་ག་རཱི་ཡཿ། ཀ་ཊ་གྷོ་ཥཱི་ཡཿ། པྲཱ་ཙ་ལས་ཞེས་པ་ཅི་ཞེ་ན། ཀཱ་ཊ་ན་ག་རཿ། ཀྲྀ་ཀ་ཎ་དང་། པརྞ་ལས་བྷཱ་ར་དྷྭཱ་ཛ་ལས་སོ། ། ཀྲྀ་ཀ་དང་ན་དང་པརྞ་དག་ལས་བྷཱ་ར་དྷྭཱ་ཛའི་ཡུལ་བརྗོད་པ་དག་ལས་ཚ་འགྱུར་ཏེ། ཀྲྀ་ཀ་ཎཱི་ཡཾ། བརྞཱི་ཡཾ། བྷཱ་ར་དྷྭཱ་ཛ་ལས་ཞེས་པ་ཅི་ཞེ་ན། ཀཱརྐ་ཎཿ། ཡུལ་གྱི་སྤྱིར་བཏང་བྷཱ་ར་དྷྭཱ་ཛ་ཡིས་བཟློག་གོ། །བྷཱ་ར་དྷྭཱ་ཛ་ཡང་ཡུལ་ལ་གཟུང་གི་རིགས་ཀྱི་མ་ཡིན་ནོ། །བྲྀདྡྷ་ལས་ཀནྠཱ། པ་ལ་ད་ན་ག་ར་གྲཱ་མ། ཧ་མ་དཱནྡ་ཀ །ཁ་མཐའ་ཉེ་ལས་སོ། །ཚ་འགྱུར་ཏེ། དཱཀྵ། །ཀནྠཱི་ཡཿ། དཱཀྵི་བ་ལ། དཱི་ཡཿ། དཱཀྵིན་ག་རི་ཡཿ། མཱ་ཧི་ཀ་གྲཱ་མཱི་ཡཿ། དཱཀྵི་ཧྲི་དཱ་ཡཿ། བཱ་ཧཱི་ཀ་གྲ་མ་ལས་སོ་ཞེས་པས་ཋཉ་དང་ཀ་དག་ཐོབ་པ་ལ་ཚ་སྒྲུབ་པའོ། །ཨ་རི་ཧ་ཎ་ཀཱི་ཡཿ། ཨཱ་ཁྱ་ཎ་ཀཱི་ཡཿ། ཨཻ་ཎ་ཀཱི་ཡཿ། ཨ་ཤྭ་ཀྭཱི་ཡཿ། ཤཽ་ཥ་ཀཱ་ཡཿ། ཀ་མཐའ་ཉེ་ལས་ཨཎ་ཐོབ་པ་ལའོ། །ཨཱ་ཡ་མུ་ཁཱི་ཡཿ། ཀཽ་ཊ་ཤི་ཁཱ་ཡཿ། ར་མཐའ་ཉེ་དང་ཨིཏ་ལས་པྲཱ་ཙྱ་ལས་སོ་ཞེས་པས་བུཉ་ཐོབ་པ་ལའོ། །གརྟའི་མཐའ་དང་ག་ཧ་སོགས་རྣམས་ལས་སོ། །གརྟ་ཚིག་ཕྱི་མར་གྱུར་པ་ལས་ཡུལ་བརྗོད་པ་དང་། ག་ཧ་སོགས་རྣམས་ ལས་ཀྱང་ཡུལ་བརྗོད་པ་ལ་ཚ་འགྱུར་ཏེ། བྲྀ་ཀ་གརྟཱི་ཡཿ། ཤྭཱ་པ་ད་གརྟཱི་ཡཿ། ག་ཧཱི་ཡཿ། ཨནྟསྠཱི་ཡཿ། ག་ཧ། ཨནྟ་ས་མ། བི་ཥ་མ། ཨུཏྟ་མ། ཨངྒ་མ་ག་དྷ། པཱུརྦ་པཀྵ། །ཨ་དྷ་མ་ཤཱ་ཁ། ཨུཏྟ་མ་ཤཱ་ཁ། ས་མཱཾ་ན་ཤཱ་ཁ། ཨེ་ཀ་གྲཱ་མ། ཨེ་ཀ་པ་ལཱ་ཤ་ཨེ་ཀ་བྲྀཀྵཿ། ཨཻ་གྲ་གྲ་ཧ། ཨི་ཥུ་གྲ་ ཨིཥྛ་ནཱི་ཀ །དནྟཱ་གྲ། །ཨ་བ་ཤྱནྡ་ན། ཀཱ་མ་པྲསྠ། ཁཱ་ཌཱ་ཡི་ན། ཀཱ་ཋེ་ར་ཎི། ལཱ་ཐེ་ར་ཎི། ཤཻ་བ་གི་རི། ཤཽདྒི། ཨཱུ་སུ་རི། ཨཱ་ཧིཾ་སི། ཨ་མི་ཏྲི། བྱཱ་ཌི། བྷཽ་ཛེ། ཨདྷྱ་ཤྭི་ཨཱགྣི་ཤརྨི། དཻ་བ་ཤརྨི། སཽ་ཏྲི། བཱ་རཱ་ཊ་ཀི །བཱལྨཱི་ཀི་ཀྵཽ་མ་དྷ་ནྭི། ཨཽ་པ་བནྡི་བི། ཨུཏྟ་ར། ཨནྟ་ར། དབྱིབས་ཀྱི་ཚོགས་འདིའོ། ། དེས་ན་ཨངྒཱ་དྷི་ཀ་རཱི་ཡཿ། བཱུརྦ་ཏྲཱ་སིདྡྷཱི་ཡཿ། ཞེས་པ་ལ་སོགས་པའོ། །སརྦཏ་ལས་སོ། །ཚ་འགྱུར་ཏེ། པརྦ་ཏཱི་ཡཿ། མིའོ། །མི་མ་ཡིན་པ་ལ་ཡང་ནའོ། །པརྦ་ཏ་ལས་ཚ་འགྱུར་ཏེ། སརྦ་ཏཱི་ཡཾ། འབྲས་བུའོ། །ཡང་ན་པཱརྦ་ཏཾ། པརྦ་ཏཱི་ཡཿ། གླང་པོ་ཆེའོ། །ཡང་ན་པཱརྦ་ཏཿ། མུ་ཁ། ཨེ་ཀ། པཪྵ་ལས་ཏས་ལས་སོ། །མུ་ཁ་ སོགས་ཀྱི་པ་རོལ་གང་ཡིན་པ་དེ་ལ་ཚ་འགྱུར་ཏེ། ཁ་ལས་བྱུང་བ་ནི། མུ་ཁ་ཏཱི་ཡཿ། པཪྵཱ་ཏཱི་ཡཿ། མི་མ་ཡིན་པ་ལས་ཅིག་ཅར་ཚ་ལྡན་པ་ལས་མི་ཟད་པའིའོ་ཞེས་ཊི་དབྱིའོ། །སྭ་པ་ར་ཛ་ན། དེ་བ་རཱ་ཛ་ན་ལས་ཀུཊ་འང་ངོ་། །ཚ་འགྱུར་ཏེ། འདི་ལ་ཀུཊ་ཨཱ་ག་མའོ། །སྭ་ཀཱི་ཡཿ། པ་ར་ཀཱི་ཡཿ། ཛན་ཀཱི་ཡཿ། དེ་བ་ཀཱི་ཡཿ། སྭཱི་ཡཾ་ཞེས་པཱ་ཎི་ནིའི་འོ། །པྲྀ་ཐི་བཱ་མ་དྷྱའི་མ་འང་ངོ་། །པྲྀ་ཐི་པཱ་མ་དྷ་ལས་ཚ་འགྱུར་ཞིང་མ་ངྷ་མ་རུ་བསྒྱུར་བ་འང་ངོ་། །སའི་ནང་ནས་སྐྱེས་པ་ནི་མ་དྷྱ་མཱི་ཡཿ། ངེས་པར་གནས་པ་དང་། རྒྱུ་བ་ལ་ཨཎ་འང་ངོ་། །པྲྀ་ཐི་བཱི་མ་དྷྱ་ལས་ངེས་པར་གནས་པ་དང་རྒྱུ་བ་མངོན་པར་བརྗོད་པ་ལ་ཨཎ་འགྱུར་ཞིང་ མ་དྷྱ་མ་རུ་བསྒྱུར་བའང་ངོ་། །སའི་ནང་དུ་ངེས་པར་གནས་པ་ནི། མཱ་དྷྱ་མཱཿ ངེས་པར་གནས་པ་ཞེས་པ་ཅི་ཞེ་ན། མ་དྷྱཱ་མཱི་ཡཿ། དམངས་རིགས་སོ། །བེ་ཎུ་ཀ་སོགས་རྣམས་ལས་ཚཎའོ། །ལྷག་མ་ལ་འགྱུར་ཏེ། བཻ་ཎུ་ཀཱི་ཡཱཿ། བཻ་ཏྲ་ཀཱི་ཡཿ། བྲསྠཱི་ཡཿ། ཨཽཏྟ་ར་པ་དཱི་ཡཿ། མཱ་དྷྱ་མ་ཀཱི་ཡཿ། ཡུཥྨ་ཨསྨད་ལས་ཁ་ཉ་ ཡང་ན་སྟེ་ཡུཥྨཱ་ཀ་ཨ་སྨཱ་ཀ་དག་ཀྱང་ངོ་། །ཡུཥྨད་ཨསྨད་དག་ལས་ཁཉ་ཡང་ན་འགྱུར་ཞིང་། དེ་སྦྱར་བ་ནི་ཡུཥྨཱ་ཀ་དང་ཨཥྨཱ་ཀ་རུ་ཡང་བསྒྱུར་བར་འགྱུར་རོ། །