Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 194
Văn bản gốc(Tây Tạng)
Trang 3 / 20 (50.000 ký tự/trang)
ཉེ་བར་སྒྱུར་བ་ནི་དོན་ལྔ་པོ་དེ་རྣམས་ལ་འཇུག་གོ། །བསམ་པ་ལ་དག་པའི་བསམ་པ་དང་། དཀའ་ཐུབ་ལ་དག་པའི་དཀའ་ཐུབ་དང་། གཤེགས་པ་ལ་དག་པར་གཤེགས་པ་དང་། རིམ་པ་ལ་དག་པའི་རིམ་པ་དང་། ཆར་སྤྲིན་ལ་དག་པའི་ ཆར་སྤྲིན་ནོ། ། བདེ་བར་ནི་མཆོད་པ་དང་། གདུང་བ་དང་། རྗེས་སུ་འདོད་པ་དང་། ཚོགས་པ་དང་། དཀའ་བ་སྤྱོད་པ་རྣམས་ལའོ། ། བདེ་བར་ཞེས་པའི་ཉེ་བར་སྒྱུར་བ་ནི། དོན་ལྔ་པོ་དེ་རྣམས་ལ་འཇུག་གོ། །མཆོད་པ་ལ་བདེ་བར་མཆོད་པ་དང་། གདུང་བ་ལ་བདེ་བར་གདུང་བ་དང་། རྗེས་སུ་འདོད་པ་ལ་བདེ་བར་རྗེས་སུ་འདོད་པ་དང་། ཚོགས་པ་ལ་བདེ་བར་ཚོགས་པ་དང་། དཀའ་བ་སྤྱོད་པ་ལ་བདེ་བར་དཀའ་བ་སྤྱོད་པའོ། །མཐོ་བ་ནི་སྟོབས་དང་། སྦྱོར་བ་དང་། རྙེད་པ་དང་། སྤྱི་བོ་དང་། ངག་དང་། སྤྲོ་བ་དང་། འཆར་བ་དང་། འབངས་དང་། བཅིངས་པ་དང་། གཙོ་བོ་དང་། འཛིན་པ་རྣམས་ ལའོ། །མཐོ་བ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཅིག་པོ་དེ་རྣམས་ལ་འཇུག་གོ། །སྟོབས་ལ་མཐོ་བའི་སྟོབས་དང་། སྦྱོར་བ་ལ་མཐོ་བའི་སྦྱོར་བ་དང་། རྙེད་པ་ལ་མཐོ་བའི་རྙེད་པ་དང་། སྤྱི་བོ་ལ་མཐོ་བའི་སྤྱི་བོ་དང་། ངག་ལ་མཐོ་བའི་ངག་དང་། སྤྲོ་བ་ལ་མཐོ་བའི་སྤྲོ་བ་དང་། འཆར་བ་ལ་མཐོ་བའི་འཆར་བ་དང་། འབངས་ལ་མཐོ་བའི་འབངས་དང་། བཅིངས་པ་ལ་མཐོ་བར་བཅིངས་པ་དང་། གཙོ་བོ་ལ་མཐོ་བའི་གཙོ་བོ་དང་། འཛིན་པ་ལ་མཐོ་བར་འཛིན་པའོ། །མངོན་པར་ནི་མཆོད་པ་དང་། ཕྱོགས་པ་དང་། བཅོམ་པ་དང་། འདྲ་བ་དང་། སྦྱོར་བ་དང་། འདོད་པ་དང་། དགའ་བ་དང་། སྒེག་པ་དང་། འཐས་པ་དང་། རྗོད་པ་དང་། རྐུ་བ་དང་། གཏན་ལ་འབེབས་པ་རྣམས་ལའོ། །མངོན་པར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཉིས་པོ་དེ་རྣམས་ལ་འཇུག་གོ། །མཆོད་པ་ལ་མངོན་པར་མཆོད་པ་དང་། ཕྱོགས་པ་ལ་མངོན་པར་ཕྱོགས་པ་དང་། བཅོམ་པ་ལ་མངོན་པར་བཅོམ་པ་དང་། འདྲ་བ་ལ་མངོན་པར་འདྲ་བ་དང་། སྦྱོར་ བ་ལ་མངོན་པར་སྦྱོར་བ་དང་། འདོད་པ་ལ་མངོན་པར་འདོད་པ་དང་། དགའ་བ་ལ་མངོན་པར་དགའ་བ་དང་། སྒེག་པ་ལ་མངོན་པར་སྒེག་པ་དང་། འཐས་པ་ལ་མངོན་པར་འཐས་པ་དང་། རྗོད་པ་ལ་མངོན་པར་རྗོད་པ་དང་། རྐུ་བ་ལ་མངོན་པར་རྐུ་བ་དང་། གཏན་ལ་འབེབས་པ་ལ་མངོན་པར་གཏན་ལ་འབེབས་པའོ། ། སོ་སོར་ནི་མཚུངས་པ་དང་། ལེན་པ་དང་། འཚེ་བ་དང་། སྩོལ་བ་དང་། ཕན་ཚུན་དང་། གླང་པོ་དང་། གནོན་པ་དང་། ནད་དང་། འགྲོ་བ་དང་། འཕྲོ་བ་དང་། སྒྲིབ་པ་རྣམས་ལའོ། །སོ་སོར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཅིག་པོ་དེ་རྣམས་ལ་འཇུག་གོ། །མཚུངས་པ་ལ་སོ་སོར་མཚུངས་པ་དང་། ལེན་པ་ ལ་སོ་སོར་ལེན་པ་དང་། འཚེ་བ་ལ་སོ་སོར་འཚེ་བ་དང་། སྩོལ་བ་ལ་སོ་སོར་སྩོལ་བ་དང་། ཕན་ཚུན་ལ་སོ་སོར་ཕན་ཚུན་དང་། གླང་པོ་ལ་སོ་སོར་གླང་པོ་དང་། གནོན་པ་ལ་སོ་སོར་གནོན་པ་དང་། ནད་ལ་སོ་སོའི་ནད་དང་། འགྲོ་བ་ལ་སོ་སོར་འགྲོ་བ་དང་། འཕྲོ་བ་ལ་སོ་སོར་འཕྲོ་བ་དང་། སྒྲིབ་པ་ལ་སོ་སོར་སྒྲིབ་ པའོ། །ཡོངས་སུ་ནི་སྐོར་བ་དང་། ཚིག་པ་དང་། སྐྱོན་རྗོད་པ་དང་། གང་བ་དང་། བྱེད་པ་དང་། རྗེད་པ་དང་། འཛག་པ་དང་། མཁྱུད་པ་དང་། འཆང་བ་དང་། གསལ་བ་དང་། སྨྲེ་སྔགས་འདོན་པ་དང་། ཆག་ཆག་འདེབས་པ་རྣམས་ལའོ། །ཡོངས་སུ་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་གཉིས་པོ་དེ་རྣམས་ ལ་འཇུག་གོ། །སྐོར་བ་ལ་ཡོངས་སུ་སྐོར་བ་དང་། ཚིག་པ་ལ་ཡོངས་སུ་ཚིག་པ་དང་། སྐྱོན་རྗོད་པ་ལ་ཡོངས་སུ་སྐྱོན་རྗོད་པ་དང་། གང་བ་ལ་ཡོངས་སུ་གང་བ་དང་། བྱེད་པ་ལ་ཡོངས་སུ་བྱེད་པ་དང་། རྗེད་པ་ལ་ཡོངས་སུ་རྗེད་པ་དང་། འཛག་པ་ལ་ཡོངས་སུ་འཛག་པ་དང་། མཁྱུད་པ་ལ་ཡོངས་སུ་མཁྱུད་པ་ དང་། འཆང་བ་ལ་ཡོངས་སུ་འཆང་བ་དང་། གསལ་བ་ལ་ཡོངས་སུ་གསལ་བ་དང་། སྨྲེ་སྔགས་འདོན་པ་ལ་ཡོངས་སུ་སྨྲེ་སྔགས་འདོན་པ་དང་། ཆག་ཆག་འདེབས་པ་ལ་ཡོངས་སུ་ཆག་ཆག་འདེབས་པའོ། །ཉེ་བར་ནི་བུམ་པ་དང་། ནུས་པ་དང་། ཁྱབ་པ་དང་། སློབ་པ་དང་། ཆུད་གཟོན་པ་དང་། སྦྱིན་ པ་དང་། སྤྱོད་པ་དང་། སློང་བ་དང་། རྩོམ་པ་དང་། མཆོད་པ་དང་། ཟིན་པ་དང་། ལྷུང་བ་དང་། གསོད་པ་དང་། དགའ་བ་རྣམས་ལའོ། །ཉེ་བར་ཞེས་པའི་ཉེ་བར་སྒྱུར་བ་ནི་དོན་བཅུ་བཞི་པོ་དེ་རྣམས་ལ་འཇུག་གོ། །བུམ་པ་ལ་ཉེ་བར་བུམ་པ་དང་། ནུས་པ་ལ་ཉེ་བར་ནུས་པ་དང་། ཁྱབ་པ་ལ་ཉེ་བར་ཁྱབ་ པ་དང་། སློབ་པ་ལ་ཉེ་བར་སློབ་པ་དང་། ཆུད་གཟོན་པ་ལ་ཉེ་བར་ཆུད་གཟོན་པ་དང་། སྦྱིན་པ་ལ་ཉེ་བར་སྦྱིན་པ་དང་། སྤྱོད་པ་ལ་ཉེ་བར་སྤྱོད་པ་དང་། སློང་བ་ལ་ཉེ་བར་སྤོང་བ་དང་། རྩོམ་པ་ལ་ཉེ་བར་རྩོམ་པ་དང་། མཆོད་པ་ལ་ཉེ་བར་མཆོད་པ་དང་། ཟིན་པ་ལ་ཉེ་བར་ཟིན་པ་དང་། ལྷུང་བ་ལ་ཉེ་བར་ལྷུང་བ་དང་། གསོད་པ་ལ་ཉེ་བར་གསོད་པ་དང་། དགའ་བ་ལ་ཉེ་བར་དགའ་བའོ། །ཉེ་བར་སྒྱུར་བ་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།སྒྲ་བ་ཆེན་པོ་པཎྚི་ཏ་ཛཻ་ཏ་ཀརྞྞའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་ པ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ། །སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག །སྒྲ་སོགས་ཤེས་བྱའི་ཆོས་ནི་ཕལ་ཆེ་བ། །སྐྱེ་བ་གཞན་དུ་སྦྱངས་པས་འདིར་མཁས་ཀྱང་། །བོད་ཡུལ་བྱིས་པའི་ནང་དུ་བདག་སྐྱེས་པས། །མཁས་པའི་མཁས་པ་ཡིན་པར་སུས་ ཤེས་ཀྱི།། །།༄༅༅། །རྒྱ་གར་སྐད་དུ། ཝརྞྞ་སཱུ་ཏྲ་ནཱ་མ། བོད་སྐད་དུ། ཡི་གེའི་མདོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ནམ་མཁའ་རླུང་ལས་རབ་ཏུ་བྱུང་ཞིང་ལུས་ལས་ནི། །ཡང་དག་གྱེན་བསྐྱོད་རིམ་པས་ཁ་ནང་སྒྲ་རིང་འདི། །གནས་ རྣམས་དེ་མ་ཐག་ཏུ་རབ་ཏུ་རྣམ་རྩོལ་ལྡན། །ཡི་གེ་ཉིད་དུ་ཀུན་དུ་འགྲོ་བ་གང་དེ་སྒྲ། །གནས་རྣམས་དང་། བྱེད་པ་རྣམས་དང་། རབ་ཏུ་རྩོལ་བ་དེ་རྣམས་ལས་ཡི་གེ་ཀུན་དུ་སྐྱེ་ཞེས་པའོ། །དེ་ལ་གནས་རྣམས་ནི་མགུལ་པ་ལས་ཨ་དང་ཀུ་དང་ཧ་དང་རྣམ་པར་གཅད་པའོ། །མགུལ་པ་དང་རྐན་ལས། །ཨེཏ་དང་ ཨེཏ་དང་ཨཻཏ་འོ། །མགུལ་པ་དང་མཆུ་ལས། ཨུཏ་དང་ཨོཏ་དང་ཨཽཏ་རྣམས་སོ། །སྤྱི་བོ་ལས་རྀ་དང་ཊུ་དང་ར་དང་ཥ་རྣམས་སོ། །སོ་ལས་ལྀ་དང་ཏུ་དང་ལ་དང་ས་རྣམས་སོ། །སྣ་ལས་ནི་རྗེས་སུ་དབྱངས་སོ། །རང་གི་གནས་རྣམས་དང་སྣ་ལས་ནི་ང་དང་ཉ་དང་ཎ་དང་ན་དང་མ་རྣམས་སོ། །རྐན་ལས་ནི་ཨི་ དང་ཙུ་དང་ཡ་དང་ཤ་རྣམས་སོ། །མཆུ་ལས་ནི་ཨུཏ་དང་པུ་དང་ཝ་མཆུ་ལྡན་རྣམས་སོ། །སོ་དང་མཆུ་ལས་ནི་ཝའི་ཡི་གེའོ། །ལྕེའི་རྩ་བ་ཅན་ནི་ལྕེའི་རྩ་བའི་གང་གི་བྱེད་པ་རྣམས་ལས་སོ། །ལྕེའི་དབུས་དང་མཆུ་རྣམས་ལའོ། །ལྕེའི་རྩེ་དང་སྤྱི་བོ་རྣམས་སོ། །ལྕེའི་རྩེ་དང་སོ་རྣམས་སོ། །ལྷག་མ་ རྣམས་ནི་རང་གི་གནས་རྣམས་ཀྱི་བྱེད་པ་རྣམས་སོ། །རབ་ཏུ་རྩོལ་བ་ནི་རྣམ་པ་གཉིས་སོ། །ནང་དང་ཕྱིའོ། །དེ་ལ་ནང་ནི་དོག་པ་དང་ཡངས་པ་དང་། རེག་པ་དང་ཅུང་ཟད་རེག་པའོ། །དོག་པ་ནི་ཨའི་ཡི་གེའོ། །ཡངས་པ་ནི་དབྱངས་རྣམས་དང་དྲོ་བ་རྣམས་སོ། །དེ་རྣམས་ལས་དོག་པ་ནི་ཨེཏ་ཨཽཏ་དག་གོ། ། དེ་རྣམས་ཀྱང་ཨའི་ཡི་གེའོ། །རེག་པ་དང་ཅུང་ཟད་རེག་པ་དང་ཅུང་ཟད་རེག་པ་རྣམས་ནི་ཀ་ལ་སོགས་པའི་གནས་རྣམས་སོ། །ཅུང་ཟད་ཕྲད་པའི་གནས་རྣམས་ནི་མཐར་གནས་པའོ། །ཕྱི་ནི་སྡེ་ཚན་རྣམས་ཀྱི་དང་པོ་རྣམས་དང་། གཉིས་པ་རྣམས་དང་། ཤ་དང་ཥ་དང་ས་དང་རྣམ་པར་གཅད་པ་དང་། ལྕེའི་རྩ་བ་ཅན་དང་། མཆུ་ དང་ལྡན་པ་རྣམས་ནི་མགྲིན་པའི་སྒྲའི་རྗེས་སུ་རབ་ཏུ་སྦྱིན་པ་རྣམས་ནི་དབྱངས་མེད་པའོ། །དང་པོ་རྣམས་དང་། གསུམ་པ་རྣམས་དང་། ལྔ་པ་རྣམས་དང་། མཐར་གནས་རྣམས་ནི་སྲོག་ཆུང་ངུ་རྣམས་སོ། །ཅིག་ཤོས་རྣམས་ནི་སྲོག་ཆེན་པོ་རྣམས་སོ། །གསུམ་པ་རྣམས་དང་། བཞི་པ་རྣམས་དང་། ལྔ་པ་རྣམས་ དང་། རྗེས་སུ་དབྱངས་དང་ལྡན་པ་རྣམས་དང་། མཐར་གནས་པ་རྣམས་དང་། ཧའི་ཡི་གེ་རྣམས་ནི་ཡངས་པ་མགུལ་པའི་ང་རོའི་རྗེས་སུ་རབ་ཏུ་སྦྱིན་པ་རྣམས་ནི་དབྱངས་དང་ལྡན་པའོ། །གཉིས་པ་རྣམས་དང་། བཞི་པ་རྣམས་དང་། ཤ་དང་ཥ་དང་ས་དང་ཧ་སྡེ་དྲོ་བ་རྣམས་སོ། །དེ་ལྟ་བུ་ཉིད་ཕྱིའི་རབ་ཏུ་རྩོལ་ བའོ། །འདིར་ཡང་ཡི་གེ་ཐུང་བ་དང་རིང་བ་དང་ཤིན་ཏུ་རིང་པོ་ཞེས་པ་དབྱེ་བ་རྣམ་པ་གསུམ་མོ། །རོ་ར་ཞིང་ཐུར་དུ་སྦྱིན་པ་དང་གྱེན་དུ་སྦྱིན་པ་དང་ཐད་ཀར་སྦྱིན་པའི་དབྱེ་བ་དང་སྣ་ལྡན་དང་བཅས་པ་དང་། སྣ་ལྡན་དང་བྲལ་བའི་དབྱེ་བས་ཀྱང་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཨེའི་ཡི་གེ་བརྗོད་པ་དང་། ལེའི་ ཡི་གེའོ། །ལྀའི་ཡི་གེ་ལ་རིང་བ་མེད་པས་དེའི་ཕྱིར་ན་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །མཚམས་སྦྱོར་བའི་ཡི་གེ་རྣམས་ལ་ཐུང་བ་མེད་པས་ན་གཞན་ཡང་རྣམ་པ་བཅུ་གཉིས་ཡིན་ནོ། །གཅིག་གི་ཡུན་ཅན་ནི་ཐུང་བའོ། །གཉིས་ཀྱི་ཡུན་ཅན་ནི་རིང་བའོ། །གསུམ་གྱི་ཡུན་ཅན་ནི་ཤིན་ཏུ་རིང་བའོ། །སྟེང་ དུ་སྦྱིན་པ་དང་། འོག་ཏུ་སྦྱིན་པ་དང་། ཐད་ཀར་སྦྱིན་པ་གསུམ་དུ་བསྡུའོ། །རང་གི་གནས་ལ་རྗེས་སུ་དབྱངས་ཅན་དང་རྗེས་སུ་དབྱངས་དང་བྲལ་བའོ། །མཐར་གནས་ལ་སོགས་པའི་རབ་ཏུ་དབྱེ་བ་རྣམས་སོ། །རྗེས་སུ་དབྱངས་དང་བཅས་པ་ཅན་དང་། རྗེས་སུ་དབྱངས་དང་བྲལ་བ་ཅན་རྣམས་སོ། །ལུང་དུ་སྟོན་པ་ ཡི་གེའི་མདོ། །སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་ཡོངས་སུ་རྫོགས་སོ།། །།ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་ཚུལ་ཅུང་ཟད་ཁོང་དུ་ཆུད་པའི་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། དཔལ་འབྱོར་དུ་མ་ལ་དབང་ཐོབ་ཅིང་། བརྩེ་བ་དང་དུལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ ཏན་གྱི་ཆོས་དང་ལྡན་པའི་སློབ་དཔོན་ལྷའི་སྐུ་མཁར་གདུང་ཕུགས་སུ་བསྒྱུར་བའོ།། རྒྱ་གར་སྐད་དུ། ཝརྞྞ་སཱུ་ཏྲ་བྲྀཏྟི་ནཱ་མ། བོད་སྐད་དུ། ཡི་གེའི་མདོའི་འགྲེལ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྒྱལ་དཀའི་བདུད་ཀྱི་སྟོབས་ནི་བརྩོན་པས་ བཅོམ། །གང་གི་ཤིན་ཏུ་རྙེད་པར་དཀའ་བའི་རྟོགས་པ་ཐོབ། །ཕུན་ཚོགས་རིགས་ཚུལ་ཚད་མས་གཞན་གྱི་དོན་མཛད་པ། །མི་མཆོག་ཐམས་ཅད་མཁྱེན་ལ་རབ་ཏུ་ཕྱག་འཚལ་ཏེ། །མངོན་པར་ཤེས་པས་བདག་གི་སྒྲ་ཡི་ནི། །བསྟན་བཅོས་རྣམས་ལ་ཤིན་ཏུ་གུས་པ་ཡིས། །ཡི་གེ་ མདོ་ཡི་རྣམ་པར་འགྲེལ་པ་རྣམས། །ཀུན་ནས་བསྡུས་པས་མངོན་པར་བརྗོད་པར་བྱ། །སྐྱོན་མེད་ལ་ཡང་རྟག་ཏུ་སྐྱོན། །སྐྱེ་བོ་ངན་པ་གཏོང་བར་བྱེད། །ཡོན་ཏན་སྐྱོན་དག་མངོན་ཤེས་པ། །ཡིད་ནི་ཕྲག་དོག་བྲལ་བ་ཡིན། །གཞན་གྱི་སྐྱོན་ནི་ཡོད་པར་ཀུན་དུ་རྟོག་པ་དེ། །དག་པའི་ཕྱིར་དུ་རྩོད་པས་འཇོམས་པའང་སྐྱེ་བོ་བཟང་། ། གང་སུ་ལ་ཡང་བརྙས་པར་མི་བྱེད་སྐྱེ་བོ་རྣམས། །ཡོན་ཏན་ཕྱོགས་རྣམས་རྟོགས་པ་དེ་ལ་ཕྱག་འཚལ་ལོ། །དེ་ལ་རེ་ཞིག་དང་པོར་སྒྲའི་མཚན་ཉིད་ཉེ་བར་བརྗོད་པར་བྱ་སྟེ། ནམ་མཁའ་དང་རླུང་ལས་རབ་ཏུ་བྱུང་ཞིང་། ལུས་ལ་ཀུན་དུ་གྱེན་དུ་རིམ་པས་ཉེ་བར་ངག་གི་སྒྲ་རིང་སྟེ་གནས་རྣམས་དེ་མ་ཐག་ཏུ་རྣམ་པར་རྩོལ་བ་དང་ལྡན་ པའི་ཡི་གེ་ཉིད་དུ་ཀུན་དུ་འོང་བ་གང་དེ་སྒྲའོ། །ནམ་མཁའ་དང་རླུང་ནི་ནམ་མཁའ་དང་རླུང་དག་གོ། །རབ་ཏུ་བྱུང་བ་དང་ནི་རྒྱུ་རྣམས་གང་དེ། ནམ་མཁའ་དང་རླུང་ལས་རབ་ཏུ་བྱུང་བའོ། །ཡང་ན་ནམ་མཁའ་དང་རླུང་དག་ལས་རབ་ཏུ་བྱུང་བ་ནི་སྐྱེ་ཞིང་འབྱུང་ཞེས་པའི་དོན་ནོ། །ལུས་ལས་ནི་ལུས་ཀྱི་ཕྱོགས་གཅིག་ལྟེ་བ་ལ་ སོགས་པའི་ཕྱོགས་ལས་སོ། །ཀུན་དུ་གྱེན་དུ་ནི་ཡང་དག་པར་སྟེང་དུའོ། །རིམ་པས་ནི་གོ་རིམས་ཇི་སྲིད་པར་འགྲོ་བའོ། །ཉེ་བར་དག་གིས་ནི་ཁ་ནས་ཉེ་བར་འོང་བ་སྟེ་སྐྱེ་ཞེས་པའི་ཐ་ཚིག་གོ། །སྒྲ་རིང་གང་དེ་མི་གསལ་བའི་ངག་གི་སྒྲ་ཞེས་པའི་དོན་ནོ། །གནས་རྣམས་དེ་མ་ཐག་ཏུ་ནི་བརྒྱད་པོ་འདི་རྣམས་ཏེ། བྲང་དང་། མགྲིན་པ་དང་། མགོ་དང་། ལྕེའི་རྩ་བ་དང་། སོ་དང་། སྣ་དང་། མཆུ་དང་། རྐན་ནོ། །དེ་ལྟར་གསུངས་པ། ཡི་གེ་རྣམས་ཀྱི་གནས་བརྒྱད་ནི། །བྲང་དང་མགྲིན་པ་མགོ་དེ་བཞིན། །ལྕེ་ཡི་རྩ་བ་དང་ནི་སོ། །སྣ་དང་མཆུ་དང་རྐན་ཡིན་ནོ། །དེ་རྣམས་ཕན་ཚུན་ལྟོས་པ་ལ། །གནས་རྣམས་དེ་མ་ཐག་པར་བརྗོད། ། ཅེས་པས། བྲང་གི་གནས་ལ་ལྟོས་ནས་མགྲིན་པའི་གནས་གནས་ཀྱི་དེ་མ་ཐག་པའོ། །མགྲིན་པའི་གནས་ལ་ལྟོས་ནས་བྲང་གི་གནས་གནས་ཀྱི་དེ་མ་ཐག་པའོ། །དེ་ལྟར་གཞན་དང་གཞན་རྣམས་ལའང་བལྟ་བར་བྱའོ། །དེས་ན་འདི་ལྟར་རྒྱུ་རྣམས་དེ་མ་ཐག་པར་རོ། །རབ་ཏུ་རྣམ་རྩོལ་ལྡན་པ་ནི། །རབ་ཏུ་འབད་ པའི་ཆ་ཤས་ཀྱི། །དུམ་བུ་རྒྱུ་དང་ལྡན་པའོ། །གང་ཞིག་ཡི་གེ་ཨ་ལ་སོགས་པ་རྣམས་ཀྱི་རང་བཞིན་དུ་འོང་བ་སྟེ་སྒྲར་སོ་སོར་རྟོགས་ཞེས་བརྗོད་པར་བྱའོ། །གང་སྒྲ་དེའི་མཚན་ཉིད་ཉེ་བར་བརྗོད་པ་སྟེ། ཡི་གེ་དེ་ཀུན་འབྱུང་བའི་བདག་ཉིད་ཅན་ནོ། །ཡི་གེ་དེ་རྣམས་གང་དུ་གང་གིས་ཇི་ལྟར་རབ་ཏུ་འབྱུང་བ་གསུངས་པ། གནས་ དང་། བྱེད་པ་དང་། རབ་ཏུ་རྩོལ་བ་དེ་རྣམས་ལས་ཡི་གེ་སྐྱེ་བའི་ཕྱིར་རོ། །གནས་རྣམས་ནི་སྔར་བཤད་པའི་བྲང་དང་མགྲིན་པ་ལ་སོགས་པའོ། །བྱེད་པ་ནི་ལྕེའི་རྩ་བ་ལ་སོགས་པའོ། །རབ་ཏུ་རྩོལ་བ་ནི་རེག་པ་ལ་སོགས་པའོ། །གནས་དང་། བྱེད་པ་དང་། རབ་ཏུ་རྩོལ་བ་ནི་གནས་དང་། བྱེད་པ་དང་། རབ་ཏུ་ རྩོལ་བ་དེ་རྣམས་ལས་ཡི་གེ་ཨ་ལ་སོགས་པ་སྐྱེ་བ་སྟེ་མངོན་པར་འབྱུང་བའོ། །དེ་རྣམས་ཀྱི་ནང་དུ་ཡི་གེ་གང་རྣམས་ཇི་ལྟར་གནས་པ་དང་། ཇི་ལྟར་བྱེད་པ་དང་། ཇི་ལྟར་རབ་ཏུ་རྩོལ་བ་དང་། ཇི་ལྟར་རྣམ་པར་གནས་པའང་གསུངས་པ། དེ་ལ་གནས་ལ་སོགས་པ་ནི། དེ་ལ་ནི་དགར་བའི་བདུན་པའོ། །གནས་ནི་དེ་ལྟར་རྣམ་ པར་བཤད་པ་ལ་མངོན་པར་དགོངས་སོ། །མགྲིན་པ་ལས་ཨ་དང་ཀུ་དང་ཧ་དང་རྣམ་པར་གཅད་པ་རྣམས་སོ། །མགྲིན་པ་ལས་བྱུང་བ་རྣམས་མགྲིན་པའི་གནས་ཏེ། མགྲིན་པར་བཤད་དོ། །གང་རྣམས་ཨ་དང་ཀུ་དང་ཧ་དང་རྣམ་པར་གཅད་པ་རྣམས་སོ། །ཨ་དང་ནི་ཨ་ཡིག་གོ། །ཀུ་དང་ནི་ཀའི་སྡེའོ། །ཧ་དང་ནི་ཧ་ ཡིག་གོ། །རྣམ་པར་གཅད་པ་རྣམས་ནི་ཚེག་དྲག་གོ། །དེ་རྣམས་མགྲིན་པའི་གནས་ནས་ཀུན་དུ་འབྱུང་བར་རྣམ་པར་ཤེས་སོ། །མགྲིན་པ་དང་རྐན་ལས་ཨིཏ་དང་ཨེཏ་དང་ཨཻཏ་རྣམས་སོ། །རྐན་ལས་འབྱུང་བ་ནི་རྐན་ཅན་ནོ། །མགྲིན་པ་དང་རྐན་དག་ནི་མགྲིན་པ་དང་རྐན་གྱི་གནས་སོ། །དེ་རྣམས་ཨེཏ་ནི་ཨེ་ ཡིག་གོ། །ཨཻཏ་ནི་ཨི་ཡིག་གོ། །དེ་རྣམས་ཨིཏ་དང་ཨེཏ་དང་ཨཻཏའོ། །ཏ་ཕ་རོལ་ཏུ་བྱེད་པ་ནི་ངག་ཏུ་བདེ་བའི་དོན་ཏོ། །མགྲིན་པ་དང་མཆུ་ལས་ཨུཏ་དང་ཨོཏ་དང་ཨཽཏ་རྣམས་སོ། །མགྲིན་པ་དང་མཆུ་དག་གོ། །མགྲིན་པ་དང་མཆུ་དག་གི་གནས་ལས། གང་རྣམས་ཨུཏ་ནི་ཨུ་ཡིག་གོ། །ཨོཏ་ནི་ཨོ་ཡིག་གོ་། །ཨཽཏ་ནི་ཨཽ་ཡིག་ གོ། །ཨུཏ་དང་ཨོཏ་དང་ཨཽཏ་ཁྲུ་རྣམས་ཀྱི་ཕ་རོལ་དུ་བྱེད་པ་ཙམ་ནི་སྔར་བཞིན་ནོ། །སྤྱི་བོ་ལས་རྀ་དང་ཊུ་དང་ར་དང་ཥ་རྣམས་སོ། །རྀ་ནི་རྀ་ཡིག་གོ། །ཊུ་ནི་ཊ་སྡེའོ། །ར་ནི་རེ་ཕའོ། །ཥ་ནི་ཥ་ཡིག་གོ། །དང་གི་དོན་ནི་རྀ་དང་ཊུ་དང་ར་དང་ཥ་རྣམས་སོ། །དེ་རྣམས་སྤྱི་བོའི་གནས་སོ། །འདིར་ སྔར་ལྟར་དེ་རྣམས་བསིལ་བར་བྱའོ། །རྀ་ཡིག་ལ་རེ་ཕ་གནས་པ་གང་། དེའི་ནང་ན་གནས་པའམ། དེ་ལ་གལ་ཏེ་དང་པོ་དང་། རེ་ཞིག་དམ་བཅའ་བར་བྱ་སྟེ། ཨགྣིརྲྀཏ་དྷུ་ཤྱ་ཞེས་པ་ནི་གང་ཞིག་རྀ་ཡིག་དང་ལྷན་ཅིག་རེ་པའོ། །དེ་གང་ལས་ཨཏ་ཅེས་པས་ཨཏའོ། །ཨགྣིརྲྀ་ཏ་མི་ཏྱ་ཏྲ་རོ་རྀ་ ཞེས་པས་དབྱི་བར་འགྱུར་རོ། །དེ་ལྟར་ཡང་དེ་སྟེར་ལོ་པཎ་ཞེས་པས་རིང་པོ་ཉིད་བཀག་གོ། །དེའི་ཕྱིར་དང་པོ་མི་སྦྱོར་རོ། །དེའི་མཐར་བརྗོད་པར་བྱ་སྟེ། དེ་ལྟར་ཡང་གལ་ཏེ་ཧོ་ཏྲེ་ར་ཐནྟར་ཞེས་པས་འདིར་རོ་རྀ་དབྱི་བར་འགྱུར་རོ། །དེའི་ཕྱིར་མཐར་ཡང་ངོ་། །དེའི་ནང་དུ་ངེས་པར་གནས་ཏེ། དེ་ལྟར་ཡང་དྲེ་ཎ་ཞེས་པས་འདིར་ མཚོན་ལ་ར་ཥནྣོ་ཌྷཱཎ་ཞེས་པ་འདིའི་སྦྱོར་བས་ཎ་ཉིད་མ་ཡིན་པའི་ཕྱིར་ནང་དུ་ཡང་མི་འཐོབ་བོ། །དེ་ལྟར་གང་བདེན་པར་ངེས་པར་གནས་སོ། །དགོས་པའི་དབང་ལས་ཀྱང་རྣམ་པར་ཤེས་པར་བྱའོ། །དེ་བས་ན་ཇི་ལྟར་དགོས་པ་རབ་ཏུ་བསྒྲུབ་པ་དང་། ཉེས་པ་ཡང་ཡོངས་སུ་བརྗོད་པར་བྱའོ། །དེ་ལྟར་བྱ་རོག་གི་མིག་དང་གདོང་གི་ མངོན་པར་འགྲོ་བ་ལྟར་བྱའོ། །འདི་ལྟ་སྟེ། བྱ་རོག་གི་ཀུན་དུ་བལྟ་བ་དང་ལྡན་པ་ན་གང་ཞིག་གང་དུ་དོན་གྱི་ཕྱོགས་གཉིས་ལ་བལྟ་བར་འདོད་པ་ཡིན་ནོ། །དེ་ལ་དེ་རུ་དེ་ལྟར་དབང་པོ་འགྲོ་བར་བྱའོ་གསུངས་པ། ཨ་ཏ་ཨགྣིརྡྲེ་ཏ་དཀའ། །འདི་མཐར་ཧོ་ཏྲི་ར་ཐ་མཐར། །འབྲས་བུ་དྲི་ཡི་ནང་དུ་བརྗོད། །དེ་ཕྱིར་བྱ་རོག་ རིང་བལྟ་བཞིན། །ཞེས་སོ། །སོ་ལས་ལྀ་དང་ཏུ་དང་ལ་དང་ས་རྣམས་སོ། །ལྲྀ་དང་ནི་ལྲྀ་ཡིག་གོ། །ཏུ་དང་ནི་ཏ་སྡེའོ། །ལ་དང་ནི་ལ་ཡིག་གོ། །ས་དང་ནི་ས་ཡིག་གོ། །ལྲྀ་ཏུ་ལས། དེ་རྣམས་སོའི་གནས་སུ་ཁོང་དུ་ཆུད་པར་བྱའོ། །སྣ་ལས་ནི་རྗེས་སུ་དབྱངས་སོ། །ཨ་མ་ནི་རྗེས་སུ་དབྱངས་སོ། །དེའི་གནས་ ནི་སྣའོ། །རང་གི་གནས་རྣམས་ལ་སྣ་ཅན་ད་ཉ་ཎ་ན་མ་རྣམས་སོ། །རང་གི་གནས་རྣམས་ཀྱང་མགྲིན་པ་དང་རྐན་དང་རྩེ་མོ་ཅན་དང་། སོ་དང་མཆུའི་མཚན་ཉིད་སྣའི་གནས་གང་རྣམས་རྗེས་སུ་སྣ་ཅན་ནོ། །ང་ཡིག་གི་རང་གནས་ནི་མགྲིན་པ་སྟེ། ཀའི་སྡེ་ཚན་ཡིན་པའི་ཕྱིར་རོ། །ཉ་ཡིག་གི་རང་གནས་ནི་རྐན་ཏེ། ཙའི་སྡེ་ཚན་ཡིན་པའི་ཕྱིར་རོ། །ཎ་ཡིག་གི་རང་གནས་ནི་རྩེ་མོ་ཅན་ཏེ། ཊའི་སྡེ་ཚན་ཡིན་པའི་ཕྱིར་རོ། །ན་ཡིག་གི་རང་གནས་ནི་སོ་སྟེ། ཏའི་སྡེ་ཚན་ཡིན་པའི་ཕྱིར་རོ། །མ་ཡིག་གི་རང་གནས་ནི་མཆུ་སྟེ། པའི་སྡེ་ཚན་ཡིན་པའི་ཕྱིར་རོ། །དེ་ལྟར་བཤད་པ་ཡིན་ཏེ། རེ་རེའི་ང་ཡིག་ལ་སོགས་པ་རེ་རེ་མགྲིན་པ་ལ་ སོགས་གནས་ཉེ་བ་མཚོན་པ་ནི་སྣ་ཅན་གྱི་གནས་སོ། །རྐན་ལས་ནི་ཨི་དང་ཙུ་དང་ཡ་དང་ཤ་རྣམས་སོ། །ཨི་དང་ནི་ཨི་ཡིག་གོ། །ཙུ་དང་ནི་ཙའི་སྡེའོ། །ཡ་དང་ནི་ཡ་ཡིག་གོ། །ཤ་དང་ཤ་ཡིག་གོ། །དེ་རྣམས་ཨི་ཙུ་ཡ་ཤ་རྣམས་སོ། །དེ་རྣམས་ཀྱི་གནས་རྐན་ནོ། །འདིར་བརྗོད་པའི་ཨེ་ཡིག་གི་དགོས་པ་བསམ་ པར་བྱའོ། །མཆུ་ལས་ནི་ཨུ་དང་པུ་དང་ཝ་མཆུ་ཅན་རྣམས་སོ། །ཨུ་དང་ནི་ཨུ་ཡིག་གོ། །པུ་དང་ནི་པའི་སྡེའོ། །ཉྤ་མཆུ་ཅན་ནི་ཉྤ་ཡིག་དང་ཉྤ་ཡིག་གི་སྟེང་དུ་གླང་པོའི་སྤྱི་བོ་ལྟར་བསྐོར་བར་བྱས་པའི་ཡི་གེ་སྟེ། དེ་ནི་ཉྤ་མཆུ་ཅན་མཆུ་ལས་འབྱུང་བ་བལྟ་བར་བྱའོ། །ཨུ་ཡིག་ཀྱང་འདིར་འབྲས་བུ་དང་པོའི་ཚིག་ཏུ་ མངོན་པར་བརྗོད། སོ་དང་མཆུ་དག་ལས་ཝ་ཡིག་གོ། །སོ་དང་མཆུ་དག་ནི་སོ་མཆུ་དག་སྟེ། ཝ་ཡིག་གི་གནས་སུ་རྟོགས་པར་བྱའོ། །དེ་ལྟར་ཇི་ལྟར་ཉེ་བར་བརྗོད་པའི་རིམ་པས་གནས་ཀྱི་སྤྲོས་པ་བརྗོད་ནས་བྱེད་པའི་རྩོམ་པའང་གསུངས་པ། ལྕེའི་རྩ་བ་ཅན་ནི་གང་གི་བྱེད་པ་ཞེས་པ་ལ་སོགས་པའོ། །ཐྐ་ ཡིག་དང་ཐྑ་ཡིག་དག་གི་སྟེང་དུ་རྡོ་རྗེ་ལྟ་བུ་བྲིས་ནས་གཞག་པའི་ཡི་གེ་ནི་ལྕེའི་རྩ་བ་ཅན་ནོ། །དེ་བྱེད་པ་ནི་ལྕེའི་རྩ་བ་ཅན་ནོ། །དེའི་བྱེད་པ་ནི། བྱ་བ་འདིས་འདིར་ནི་བྱེད་པའི་གནས་ཀྱང་། དེ་རྣམས་ཉིད་དུ་རྟོགས་པར་བྱའོ། །ལྕེའི་དབུས་དང་རྣམས་ལའོ། །རྐན་གྱི་གནས་ལས་བྱུང་བ་རྣམས་དང་། སྔར་བརྗོད་ པའི་ལྕེའི་དབུས་ཀྱི་བྱེད་པར་རྟོགས་པར་བྱའོ། །ལྕེའི་རྩེ་དང་སྤྱི་བོ་རྣམས་ལས་སོ། །སྤྱི་བོའི་གནས་ནས་འབྱུང་བ་དང་ལྕེའི་རྩེ་མོ་ནས་ཀུན་དུ་འབྱུང་བའི་བྱེད་པ་རྟོགས་པར་བྱའོ། །ལྕེའི་རྩེ་མོ་དང་སོ་རྣམས་སོ། །ལྕེའི་རྩེ་མོ་དང་སོའི་གནས་ནས་འབྱུང་བའི་བྱེད་པ་བལྟ་བར་བྱའོ། །ལྷག་མ་རྣམས་ནི་རང་གི་གནས་ རྣམས་ཀྱི་བྱེད་པ་རྣམས་སོ། །རང་གི་གནས་ཀྱིས་བྱེད་པའི་ལྷག་མ་གང་རྣམས་རང་གནས་ཀྱི་བྱེད་པར་ཡོད་པ་འདིས་བྱེད་པའི་ཕྱིར་གང་གི་མངོན་པར་མ་ཕྱེ་བའི་གནས་ལས་བྱུང་བ་རྣམས་དང་རང་ཉིད་ཀྱི་གནས་ཀྱི་གཞི་ལས་ཁོང་དུ་ཆུད་པར་བྱའོ། །བྱེད་པ་ཉིད་ཀྱང་མངོན་པར་བརྗོད་ཅིང་། རབ་ཏུ་འབད་པ་ཉེ་བར་ བསྟན་པར་བྱ་བ་གསུངས་པ། རབ་ཏུ་རྩོལ་བ་རྣམ་པ་གཉིས། །ཞེས་པ་ལ་སོགས་པའོ། །རབ་ཏུ་གསལ་བའི་འབད་རྩོལ་དང་། ནང་གི་བྱེད་པར་གཏོགས་པའི་ཡོན་ཏན་གྱི་ཁྱད་པར་ངེས་པར་ཤེས་པའི་རང་བཞིན་ནོ། །ཁ་ཅིག་གིས་ཀྱང་འདིས་ལེགས་པར་བརྟགས་པའི་རང་བཞིན་ངེས་པར་མི་ནུས་སོ། །དེ་བས་ ན་འདིར་ཡང་དེ་བཞིན་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ཡང་རྣམ་པ་གཉིས་སོ། །བཤད་པ་ནང་དང་ཕྱིའོ། །ནང་གི་བྱེད་པ་འཇུག་པའི་བྱེད་པ་དང་། ནང་ལས་ཕྱིན་ཅི་ལོག་པ་ནི་ཕྱིའོ། །དེ་ལ་ནང་ཞེས་པ་ལ་སོགས་པའི་དེ་ལའི་སྒྲ་ནི་འདིར་དགའ་བ་ལ་འཇུག་གོ། །ནང་ཇི་སྲིད་པ་དེ་སྲིད་ ཀྱི་བར་དུ་བརྗོད་དོ། །དེ་རྣམས་ཀྱང་མཐའི་འབད་པའོ། །དོག་པ་ཉིད་དང་། ཡངས་པ་ཉིད་དང་། རེག་པ་ཉིད་དང་ཆུང་ཟད་རེག་པ་ཉིད་དེ། དབྱེ་ན་བཞི་ཡིན་ནོ། །དོག་པ་ནི་ཨ་ཡིག་གོ། །དོག་པ་ཉིད་ནི་ཡངས་པ་མ་ཡིན་པ་མགྲིན་པ་ནས་བརྗོད་པ་ཨ་ཡིག་གི་རྣམ་པར་གཞག་པའོ། །དོག་པ་ནི་དབྱངས་རྣམས་དང་དྲོ་ བ་རྣམས་སོ། །དོག་པ་དང་མི་དོག་པས་མགྲིན་པ་ནས་བརྗོད་པས་ཨཱ་ཡིག་དང་ཨཻ་དང་ཨཽ་ཡིག་རྣམས་དང་། ཕྱིའི་དབྱངས་རྣམས་དང་། དྲོ་བ་རྣམས་དང་། སྡེ་ཚན་པའི་གཉིས་པ་དང་། བཞི་པ་དང་། ཤ་ཥ་སའི་ཡི་གེ་རྣམས་སུ་བཤད་དོ། །དེ་རྣམས་ལས་དོག་པ་ཉིད་ཨཻཏ་དང་ཨཽཏ་དག་གོ། །དེ་རྣམས་ཀྱི་གནས་ ནས་ཨཻ་ཡིག་དང་། ཨཽ་ཡིག་དོག་པའོ། །དེ་དག་ལས་ཀྱང་ས་ཡིག་གོ། །དེ་ལས་ཀྱང་ཨཻ་ཡིག་དང་ཨཽ་ཡིག་ཀྱང་ཨ་ཤས་ཆེ་བས་དོག་པའོ། །རེག་ཅིང་རེག་པ་རྣམས་དང་། ཀ་ལ་སོགས་པའི་གདངས་རྣམས་སོ། །གནས་གང་རྣམས་སུ་ཡི་གེ་དེ་རྣམས་འབྱུང་བའི་ཡི་གེ་དེ་རྣམས་ཀྱི་ནང་ནས་འབད་པ་ཆེན་པོ་ནི་དོག་པའོ། ། ཀའི་སྡེ་ཚན་དང་། ཙའི་སྡེ་ཚན་དང་། ཊའི་སྡེ་ཚན་དང་། ཏའི་སྡེ་ཚན་དང་། པའི་སྡེ་ཚན་ནི་རེག་པར་བརྗོད་ཅིང་མངོན་པར་བཤད་དོ། །ཅུང་ཟད་རེག་པ་ནི་མཐར་གནས་རྣམས་སོ། །ཡ་ར་ལ་ཝ་རྣམས་ནི་མཐར་གནས་སུ་བཤད་དོ། །དེ་མ་ཐག་པར་བརྗོད་པ་ཕྱིན་ཅི་མ་ལོག་པར་ཅུང་ཟད་རེག་པ་ནི་ནང་གིར་བརྗོད་པའི་ཕྱིར་རོ། ། ཕྱི་ནི་སྡེ་ཚན་རྣམས་ཀྱི་དང་པོ་དང་། གཉིས་པ་དང་། ཤ་ཥ་ས་ཧ་དང་། ཚེག་དྲག་དང་། ལྕེ་རྩ་ཅན་དང་། མཆུ་ཅན་རྣམས་སོ། །ཕྱི་ལ་བྱུང་བ་ནི་ཕྱིའི་རྩོལ་བའོ། །གང་རྣམས་ཀྱི་སྡེ་ཚན་ལྔ་པོ་རྣམས་ཀྱི་གང་དང་པོ་དང་། གཉིས་པ་རྣམས་སོ། །ཀ་ཁ་དང་། ཙ་ཚ་དང་། ཊཋ་དང་། ཏ་ཐ་དང་། པ་ཕ་གང་དེ་རྣམས་དང་། ཤ་ཡིག་དང་། ཥ་ཡིག་དང་། ས་ཡིག་དང་། ཧ་ཡིག་དང་། ཚེག་དྲག་ཅན་དང་། ལྕེ་རྩ་ཅན་དང་། མཆུ་ཅན་རྣམས་སོ། །ཁྱད་པར་དུ་འཕགས་པ་གང་། དོག་པ་མགྲིན་པའི་སྒྲའི་རྗེས་སུ་སྦྱིན་པ་རྣམས་མེད་དོ། །དོག་པ་ནི་ཤིན་ཏུ་སྤངས་པ་མ་ཡིན་པ་མགྲིན་པའི་གནས་ནས་བརྗོད་པ་གང་རྣམས་དོག་པ་མགྲིན་པའི་སྒྲའོ། ། རྗེས་སུ་ནི་ཕྱིས་བརྗོད་པ་གང་རྣམས་རྗེས་སུ་བརྗོད་པ་ནི་རྗེས་སུ་སྦྱིན་པའོ། །དབྱངས་དང་ཡོན་ཏན་མེད་པ་གང་དེ་རྣམས་དབྱངས་མེད་དོ། །དང་པོ་དང་། གསུམ་པ་དང་། ལྔ་པ་དང་། མཐར་གནས་རྣམས་སྲོག་ཆུང་ངོ་། །གང་སྡེ་ཚན་རྣམས་ཀྱི་དང་པོ་དང་། གསུམ་པ་དང་། ལྔ་པ་རྣམས་སོ། །ཀ་ག་ང་དང་། ཙ་ཛ་ཉ་དང་། ཊ་ཌ་ཎ་དང་། ཏ་ད་ན་དང་། པ་བ་མ་གང་རྣམས་དང་། མཐར་གནས་ཡ་ར་ལ་ཝ་དེ་རྣམས་ཐམས་ཅད་སྲོག་ཆུང་ངོ་། །ཅིའི་ཕྱིར་ཆུང་བ་དང་ལྡན་པའི་སྲོག་ཅེས་བྱ་ན་གང་རྣམས་ཆེར་བྱས་པའི་ཕྱིར་རོ། །ཅིག་ཤོས་ནི་སྲོག་ཆེན་རྣམས་སོ། །ཅིག་ཤོས་སུ་བརྗོད་པ་ནི་སྡེ་ཚན་ལྔའི་གཉིས་པ་དང་། བཞི་པ་རྣམས་སོ། ། ཁ་གྷ་དང་། ཚ་ཛྷ་དང་། ཋཌྷ་དང་། ཐ་དྷ་དང་། པ་བྷ་རྣམས་སོ། །ཤ་ཥ་ས་ཧ་ཞེས་པ་ནི་དེ་མ་ཐག་པར་བརྗོད་པའི་ཕྱིན་ཅི་མ་ལོག་པ་གང་གིས་ན་སྲོག་ཆེན་པོར་རྟོགས་པར་བྱའོ། །གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། རྗེས་དབྱངས་དང་བཅས་པ་དང་། མཐར་གནས་པ་དང་། ཧ་ཡིག་རྣམས་སོ། །གང་སྡེ་ ཚན་ལྔའི་གསུམ་པ་དང་། བཞི་པ་དང་། ལྔ་པ་རྣམས་སོ། །ག་གྷ་ང་དང་། ཛ་ཛྷ་ཉ་དང་། ཌ་བྷཱ་ཎ་དང་། ད་དྷ་ན་དང་། བ་བྷ་མར་བཤད་དོ། །རྗེས་དབྱངས་དང་བཅས་པ་རྗེས་དབྱངས་དང་ལྷན་ཅིག་པའོ། །ཡ་ཡིག་དང་། རེ་ཕ་དང་། ལ་ཡིག་དང་། ཝ་ཡིག་དང་། ཧ་ཡིག་དེ་རྣམས་སོ། །ཡངས་པ་མགྲིན་པའི་ སྒྲའི་རྗེས་སུ་སྦྱིན་པ་དབྱངས་ཅན་ཡིན་ནོ། །ཡངས་པ་ནི་དོག་པ་མེད་པ་ཞེས་པ་ལ་སོགས་པ་སྔར་བཞིན་ནོ། །དབྱངས་དང་ཡོན་ཏན་ལྡན་པའི་ཕྱིར་དབྱངས་རྣམས་སོ། །གཉིས་པ་དང་། བཞི་པ་དང་། ཤ་ཥ་ས་ཧ་དྲོ་བ་རྣམས་སོ། །གང་སྡེ་ཚན་ལྔའི་གཉིས་པ་དང་། བཞི་པ་རྣམས་སོ། །ཁ་གྷ་དང་། ཚ་ཛྷ་དང་། ཋ་ཌྷ་ དང་། ཐ་དྷ་དང་། ཕ་བྷ་རྣམས་སུ་བརྗོད་དོ། །ཤ་ཥ་ས་ཧ་དེ་རྣམས་ཐམས་ཅད་དེ་ལྟར་དྲོ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་དྲོ་བ་རྣམས་སུ་བལྟ་བར་བྱའོ། །དེ་ལྟ་བུ་ཉིད་ཕྱིའི་རབ་ཏུ་རྩོལ་བའོ། །དེ་ལྟ་བུ་གང་རྣམས་དེ་མ་ཐག་པར་བརྗོད་པ་རྣམས་ཕྱིའི་རྩོལ་བར་རིག་པར་བྱའོ། །འདིར་ཡང་ཡི་གེ་ཐུང་བ་དང་རིང་བ་དང་། ཤིན་ ཏུ་རིང་པོ་ཞེས་པའི་དབྱེ་བ་རྣམ་པ་གསུམ་མོ། །འདིར་ཞེས་པ་ནི་དེར་རོ། །ཡི་གེ་ནི་རབ་ཏུ་བྱེད་པའོ། །ཨ་ཡིག་ནི་ལའི་བྱེད་པའོ། །དེ་ཡང་ཐུང་བ་དང་རིང་བ་དང་། ཤིན་ཏུ་རིང་བའི་རབ་ཏུ་བྱེད་པས་རྣམ་པ་གསུམ་ནི་རབ་ཏུ་བྱེད་པ་གསུམ་མོ། །དབྱེ་བ་ནི་ཕྱེ་བ་ཞེས་པ་ཡིན་ནོ། །ཡི་གེའི་བསྡུ་བས་རྣམ་པར་གཞག་པ་ཐམས་ ཅད་བསྡུས་པ་དེ་ཉིད་ཡི་གེའི་བསྡུ་བ་ཉིད་དོ། །དེ་ལྟར་གཞན་དུ་ཡང་ངོ་། །རང་བཞིན་ནི། ཨུ་དཱཏྟ་དང་། ཨ་ནུ་དཱཏྟ་དང་། སྭ་རི་ཏའི་དབྱེ་བས་རྗེས་སུ་དབྱངས་བཅས་དང་། རྗེས་སུ་དབྱངས་བྲལ་གྱི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །སོ་སོ་རེ་རེ་ཞིང་ཐུང་ངུ་ལ་སོགས་པ་ཨུ་དཱཏྟ་དང་། ཨ་ནུ་དཱཏྟ་དང་། སྭ་རི་ཏིའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་རོ། །ཡང་དེ་ལྟར་ཐུང་ངུ་རེ་རེའི་རྗེས་སུ་དབྱངས་བཅས་དང་། རྗེས་སུ་དབྱངས་བྲལ་གྱི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟ་བུ་ཉིད་ཐུང་ངུ་ལ་སོགས་པ་གསུམ་སྟེ། ལྔ་བཅུ་རྩ་བཞིར་འགྱུར་རོ། །དེ་ལྟར་ཨི་ཡིག་དང་། ཨུ་ཡིག་དང་། རྀ་ཡིག་ དང་། ལྀ་ཡིག་གོ། །འདི་ལྟར་ཨ་ཡིག་ལ་ཐུང་ངུ་ལ་སོགས་པའི་རབ་བྱེད་ཀྱི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཨེ་ཡིག་ལ་སོགས་པ་དག་ལའང་ཡི་གེའི་དབྱེ་བ་ཡིན་ནོ། །ལྲྀ་ཡིག་ལ་རིང་པོ་མེད་པས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །རིང་པོའི་རྣམ་པ་དྲུག་གི་དབྱེ་བར་འགྱུར་བས་བཅུ་གཉིས་ཉིད་དོ། ། མྲྀ་ཡིག་ལ་ཐུང་ངུ་དང་། ཤིན་ཏུ་རིང་པོའི་དབྱེ་བའོ། །མཚམས་སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་ངུ་མེད་པས་དེ་ལས་གཞན་ཡང་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ཨེ་ཡིག་ལ་སོགས་པའི་ཡི་གེ་བཞི་རྣམས་མཚམས་སྦྱོར་བའི་ཡང་ཡི་གེའོ། །ཐུང་ངུ་མེད་པས་རིང་པོ་དང་ཤིན་ཏུ་རིང་པོའི་དབྱེ་བ་དང་ལྡན་པའོ། །སོ་སོ་ རེ་རེ་ལ་བཅུ་གཉིས་ཉིད་དོ། །ཡི་གེ་གཉིས་ཀྱང་ངོ་། །ཀྱང་གི་སྒྲས་ནི་མཚམས་སྦྱོར་གྱི་ཡི་གེར་འབྲེལ་ལོ། །དེ་རྣམས་ཀྱང་ཡི་གེ་རེ་རེ་དང་གཉིས་ཀྱིས་ཡིན་ནོ། །ཇི་ལྟར་ཨ་ཡིག་དང་། ཨ་ཡིག་དག་ལ་དང་། ཨི་ཡིག་དང་། ཨི་ཡིག་རྣམས་གཞན་དང་སྦྱོར་བས་ཨཱ་དང་ཨཱི་ཡིག་ཏུ་འགྱུར་རོ། །དེ་ལྟར་ཨེ་ཡིག་ སྦྱོར་བས་ཨཻ་ཡིག་གོ། །དེ་དག་དེ་ལྟར་ཨུ་ཡིག་དང་ཨཱ་ཡིག་དག་གཞན་དང་སྦྱོར་བས་ཨོ་ཡིག་ཏུ་འགྱུར་རོ། །དེ་ལྟར་ཨོ་ཡིག་དང་སྦྱོར་བས་ཨཽ་ཡིག་གོ། །དེ་ལྟར་ཨི་ཡིག་དང་། ཨཱི་ཡིག་དང་། ཨུ་ཡིག་དང་ཨུ་ཡིག་རེ་སྦྱོར་བས་ཨཻ་ཡིག་དང་ཨཽ་ཡིག་དག་བདེན་པར་ཡོད་པར་འབྱུང་ངོ་། །དེ་རྣམས་ཀྱི་ཨོ་ཡིག་དང་། ཨཽ་ ཡིག་བཟུང་བས་བསྡུས་པ་ལས་ཨེ་ཏ་དག་སོ་སོར་བརྗོད་དོ། །ཐུང་བ་ནི་གཅིག་ཙམ་མོ། །གཅིག་ཙམ་དང་ལྡན་པའི་ཡི་གེ་ནི་ཐུང་བར་བཤད་དོ། །རིང་བ་ནི་གཉིས་ཙམ་མོ། །ཕྱེད་དང་གཉིས་ཙམ་དང་ལྡན་པ་ནི་རིང་པོར་བརྗོད་དོ། །ཤིན་ཏུ་རིང་པོ་གསུམ་ཙམ་མོ། །གསུམ་ཙམ་དང་ལྡན་པ་ནི་ཤིན་ཏུ་རིང་པོར་བརྗོད་པ་ཡིན་ནོ། །སྟེང་དུ་ སྦྱིན་པའོ། །སྟེང་དུ་དབྱངས་བརྗོད་པའི་ཡི་གེ་གང་དེ་སྟེང་དུ་སྦྱིན་པའོ། །འོག་ཏུ་སྦྱིན་པའོ། །ཡི་གེ་གང་ལ་དབྱངས་འོག་ཏུ་རྗོད་པར་བྱེད་པ་དེ་འོག་ཏུ་སྦྱིན་པའོ། །རང་སྒྲ་དང་གསུམ་དུ་བསྡུའོ། །དེ་དག་ཕྱེད་མ་དག་ལ་སྟེང་དུ་སྦྱིན་པ་དང་། འོག་ཏུ་སྦྱིན་པ་དག་བསྡུས་པའི་སྤྱི་ནི་རང་སྒྲ་ཡིན་ནོ། །དེ་རྣམས་འདིས་སྟེང་ དང་། འོག་དང་སྒྲའི་རྣམ་པར་དབྱེ་བས་དབྱངས་ཀྱི་ཡི་གེ་འཕེལ་བ་མེད་པར་ཕྱེད་པ་ནི་རང་སྒྲར་བརྗོད་པར་བྱའོ། །རང་གནས་རྗེས་དབྱངས་དང་བྲལ་བའོ། །རང་ནི་བདག་སྟེ་སྣའི་ཡི་གེའི་གནས་རྣམས་སོ། །ཡི་གེ་གང་དེ་ལ་རང་གནས་རྗེས་སུ་སྣ་ཅན་ནི་སྣའི་གནས་སོ། །རྗེས་སུ་དབྱངས་བྲལ་བ་ནི་སྣ་ཅན་ནོ། །མཐར་གནས་ པ་ལ་སོགས་པའི་དབྱེ་བའོ། །རེ་ཕ་སྤངས་པས་དབྱེ་བ་གཉིས་སུ་འགྲོ་བ་ལ་ཝའོ། །ཇི་ལྟར་རྗེས་སུ་སྣ་བཅས་དང་། རྗེས་སུ་སྣ་བྲལ་ནི་སྔར་བཞིན་ནོ། །ཕྲག་དོག་སེར་སྣ་ཀུན་སྤངས་ཤིང་། །རིགས་པ་ལེགས་པའི་རྗེས་སུ་འབྲང་། །ཡང་དག་ལྟ་བའི་ངོ་བོ་ལ། །མཚན་བྲལ་གང་ཞིག་གསལ་བར་བྱ། །གཞན་དོན་བྱ་བར་ བཞེད་པ་རྣམས། །ཉེ་བར་ལེན་པར་མཛེས་པར་འགྱུར། །མ་ལུས་ཡེ་ཤེས་བརླིང་ལྡན་པ། །མཁྱེན་པ་རྣམ་པ་གཉིས་ལྡན་འགྱུར། །བདག་གིས་ཡི་གེའི་མདོ་ནི་རྣམ་པར་ཕྱེ་བ་ཡི། །དགེ་བ་གང་ཞིག་ཅུང་ཟད་ཉེ་བར་བསགས་པ་རྣམས། །འཁོར་བ་རྒྱ་མཚོ་ཆེན་པོ་ལྟ་བུ་དེ་རྣམས་སུ། །སྐྱེ་བོའི་སྡུག་བསྔལ་ཞི་བར་ རབ་ཏུ་སྦྱོར་བར་ཤོག །བརྡ་སྤྲོད་པ་ཙནྡྲ་པའི་ཡི་གེའི་མདོའི་འགྲེལ་པ་ཤློ་ཀ་བརྒྱ་བཅུ་དགུ་པ་རྫོགས་སོ།། །།སློབ་དཔོན་ཆོས་སྐྱོང་གིས་མཛད་པའོ། །གནས་ཆེན་པོ་ཉེ་བའི་འཐུང་གཅོད་བལ་པོ་ཡམ་བུའི་གྲོང་ཁྱེར་གྱི་འཁོར་ཆེན་པོ་ཡུལ་སྐྲ་ཁར་སྒྲའི་མཁན་པོ་ཆེན་པོ་ཛེ་ཏ་ཀརྞྞའི་ཞལ་སྔ་ནས་ལེགས་པར་མཉན་ ནས། རྩ་བ་གུང་ཐང་གི་ས་ཆ་སློབ་དཔོན་ལྷའི་སྐུ་མཁར་གདུང་ཕུགས་སུ་བསྒྱུར་ཅིང་། མཁས་པ་ཆེན་པོའི་ཆེན་པོ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ལེགས་པར་བསྒྱུར་བའོ།། །། ༄༅། །རྒྱ་གར་སྐད་དུ། ཨ་དྷི་ཀཱ་ར་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། སྤྱིར་བཏང་བ་ཡང་དག་པར་བསྡུས་པ་ཞེས་བྱ་བ། གཉིས་སུ་མེད་པར་གསུང་བ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གྲུབ་པ་ཀུན་མཁྱེན་ཀུན་ལ་ཕན། །འགྲོ་བའི་བླ་མར་ཕྱག་འཚལ་ཏེ། །ཉུང་ངུ་རྣམ་གསལ་ཡང་དག་རྫོགས། །སྒྲ་ཡི་ མཚན་ཉིད་བརྗོད་པར་བྱ། །སྒྲ་ཞེས་པའི་སྤྱིར་བཏང་སྐབས་དྲུག་ཇི་སྲིད་པར་ཅི་རིགས་པར་འཇུག་གོ། །སྒྲུབ་པ་ཁྱད་པར་དུ་བྱེད་པའི་མཐའིའོ། །སྒྲུབ་པ་ཞེས་པའི་སྤྱིར་བཏང་སན་ལས་གོང་དུའོ། །དྲུག་པས་མཐའིའོ། །དྲུག་པས་ཞེས་པའི་སྤྱིར་བཏང་རི་ཀའི་ཨཎ་ལས་ར་ལ་དག་གོ་ཞེས་ པ་ལས་གོང་དུའོ། །མི་ཏ་ཨ་ཙའི་མཐའ་ལས་ཕ་རོལ་ལོ། །ཕ་རོལ་ཞེས་པའི་སྤྱིར་བཏང་ཀ་ཕུའི་བར་དུའོ། །ཏིཛ་ལས་བཟོད་པ་ལ་སནའོ། །སན་ཞེས་པའི་སྤྱིར་བཏང་ཀཱ་མྱཙ་ལས་གོང་དུའོ། །ཏུམའི་དབྱི་བ་ཡང་འདོད་པ་ལའོ། །འདོད་པ་ལ་ཞེས་པའི་སྤྱིར་བཏང་ཀུན་སྤྱོད་བཟུང་བ་ལས་གོང་དུའོ། །བྱེད་པ་པོ་ལས་བི་པའོ། ། བྱེད་པ་པོ་ལ་ཞེས་པའི་སྤྱིར་བཏང་ཀཥྚ་སོགས་བཟུང་བ་ལས་གོང་དུའོ། །ཀྱངའོ། །ཀྱང་ཞེས་པའི་སྤྱིར་བཏང་ཀྱང་ཙ་ལས་གོང་དུའོ། །ཤ་བྷ་ལ་སོགས་རྣམས་ལ་ཀ་རོ་ཏིའོ། །ཀ་རོ་ཏི་ཞེས་པའི་སྤྱིར་བཏང་ཡང་ལས་གོང་དུའོ། །ཨཙ་གཅིག་པ་ཧལ་དང་པོ་ལས་བྱ་བའི་དོན་ལས་ཞེས་པའི་སྤྱིར་བཏང་སུ་བསྒྲུབ་པ་ལས་གོང་དུའོ། ། ཨཙ་གཅིག་མ་ཡིན་པ་ལས་ལི་ཊའི་ཨཱ་མ་སྟེ། ཀྲི་བྷཱུ་ཨ་སྟི་ལིཊ་ཡང་རྗེས་སུའོ། །ཨཱམ་ཞེས་པའི་སྤྱིར་བཏང་ལོཊའི་ཀྲྀའི་ལོཊའོ་ཞེས་པ་ཇི་སྲིད་པར་རོ། །ཛཱ་གྲྀ་ཨུ་ཥ་ལས་ཡང་ནའོ། །ཡང་ན་ཞེས་པའི་སྤྱིར་བཏང་ལོཊའོ་ཀྲྀཊའོ་ཞེས་པ་ཇི་སྲིད་པར་རོ། །ལུང་ལ་སི་ཙའོ། །ལུང་ལ་ཞེས་པའི་སྤྱིར་བཏང་ཨ་ནུའི་ཏཔ་ ལས་མ་ཡིན་ནོ་ཞེས་པ་ཇི་སྲིད་པར་རོ། །སིཙ་ཞེས་པའི་སྤྱིར་བཏང་ཀ་སྒྲུབ་པ་ལས་གོང་དུའོ། །ཎི་སྲྀ་དྲུ་སྲུ་ཀ་མ་ལས་བྱེད་པ་པོ་ལ་ཙའོ། །བྱེད་པ་པོ་ཞེས་པའི་སྤྱིར་བཏང་དངོས་པོ་དང་བྱ་བ་དག་ལའོ་ཞེས་པ་ལས་གོང་དུའོ། །ཏིང་ཤིཏ་ལ་ལིཊ་སྨོན་པའི་ལིང་མ་ཡིན་པ་ལ་ཡ་ཀའོ། །ཏིང་ཤིཏ་ལ་ཞེས་པའི་སྤྱིར་བཏང་ཀྲྀ་ལ་སོགས་པ་ རྣམས་ལས་སོ་ཞེས་པ་ཇི་སྲིད་པར་རོ། །བྱེད་པ་པོ་ལ་ཤཔའོ། །བྱེད་པ་པོ་ལ་ཞེས་པའི་སྤྱིར་བཏང་མང་པོའོ་ཞེས་པ་ལས་གོང་དུའོ། །བྷཱས་བྷཱས་བྷྲ་མུ་ཡང་ན་ཞེས་པའི་སྤྱིར་བཏང་ཕྱི་མ་དག་ལའོ། །མང་པོའོ། །མང་པོ་ཞེས་པའི་སྤྱིར་བཏང་ལ་བསྒྱུར་བ་ལས་གོང་དུའོ། །དངོས་པོ་དང་བྱ་བ་དག་ལའོ། །དངོས་པོ་དང་བྱ་བ་དག་ལ་ཞེས་པའི་སྤྱིར་ བཏང་ཎལ་བཟུང་བ་ལས་གོང་དུའོ། །ཡཏའོ། །ཡཏ་ཅེས་པའི་སྤྱིར་བཏང་ཀྱཔ་ལས་གོང་དུའོ། །གད་མད་མམ་ལས་པྲ་ལ་སོགས་པ་མེད་པ་ལས་སོ། །པྲལ་སོགས་པ་མེད་པ་ལ་ཞེས་པའི་ཕྱིར་བཏང་། ཨིཎ་སྟུ་ཤཱ་སུ་བྲྀཉ་དྲི་ཛུཥ་ལས་སོ་ཞེས་པ་ལས་གོང་དུའོ། །སུཔ་ལས་བད་ལས་ཀྱཔ་ཡང་ངོ་། །ཀྱཔ་ཞེས་པ་ ཎྱཏ་ལས་གོང་དུའོ། །རྀ་ཧལ་ལས་ཎྱཏའོ། །ཎྱཏ་ཅེས་པ་སྤྱིར་བཏང་ཎཱུལ་བཟུང་བ་ལས་གོང་དུའོ། །བྱེད་པ་པོ་ལ་ཎཱུལ་ཏྲྀ་ཙ་ཨ་ཙ་རྣམས་སོ། །བྱེད་པ་པོ་ལ་ཞེས་པའི་སྤྱིར་བཏང་སུ་པ་སྒྲུབ་པ་ལས་གོང་དུའོ། །སྐབས་དང་པོའི་རྐང་པ་དང་པོ་རྫོགས་སོ།། །།བྱ་བ་ལས་ཨཎའོ། །སུཔ་ལས་སོ། །འདི་ལས་ཕ་རོལ་ ཏུ་ཧན་ལས་སྨད་པ་ལའོ། །ཌ་ཞེས་པའི་ཇི་སྲིད་པར། བྱ་བ་ལས་དང་སུ་པ་ལས་ཞེས་པའི་སྤྱིར་བཏང་གཉིས་ཇི་ལྟར་བསྟན་པ་བཞིན་དུ་འཇུག་གོ། །ཨེ་ཛི་ལས་ཁ་ཤའོ། །ཁ་ཤ་ཞེས་པའི་སྤྱིར་བཏང་། མེ་གྷ་རྀ་ཏི་བྷ་ཡ་ལས་ཀྲྀ་ཉ་ལས་ཁའོ་ཞེས་པ་ལས་གོང་དུའོ། །མེ་གྷ། རྀ་ཏི་བྷ་ཡ་ལས་ཀྲྀཉ་ལས་ཁའོ། །ཁ་ ཞེས་པའི་སྤྱིར་བཏང་ཁཌའི་ཚིག་ལས་གོང་དུའོ། །ངེས་པ་ལ་ཎི་ནིའོ། །ཎི་ནི་ཞེས་པའི་སྤྱིར་བཏང་ཌ་ལས་གོང་དུའོ། །བྱུང་བ་ལའོ། །བྱུང་བ་ལ་ཞེས་པའི་སྤྱིར་བཏང་འཇུག་བཞིན་པའི་སྤྱིར་བཏང་བ་ལས་གོང་དུའོ། །དངོས་པོ་དང་བྱ་བ་དག་ལས་ཀྟའོ། །ཀྟ་ཞེས་པའི་སྤྱིར་བཏང་ཛྲཱིཥ་ལས་ཏྲིན་ལས་གོང་དུའོ། ། འཇུག་བཞིན་པ་ལཊའོ། །འཇུག་བཞིན་པ་ལ་ཞེས་པའི་སྤྱིར་བཏང་རྐང་པ་རྫོགས་པ་ཇི་སྲིད་དུའོ། །ལཊ་ཅེས་པའི་སྤྱི་བཏང་དེ་དག་ལྲྀཊའོ་ལས་གོང་དུའོ། །ཤཱིལ་ལ་སོགས་པ་རྣམས་ལ་ཞེས་པའི་སྤྱིར་བཏང་རྐང་པ་རྫོགས་པ་ཇི་སྲིད་དུའོ། །སྐབས་དང་པོའི་རྐང་པ་གཉིས་པ་རྫོགས་སོ།། །།ཨུཎ་ལ་ སོགས་པ་རྣམས་སོ། །འབྱུང་འགྱུར་ལ་ལྲིཊའོ། །འབྱུང་འགྱུར་ལ་ཞེས་པའི་སྤྱིར་བཏང་གྷཉ་ལས་གོང་དུའོ། །ཏུ་མུན་དངོས་པོ་ལ་བྱ་བ་ལ་དེའི་དོན་ལའོ། །དངོས་པོ་ལ་ཞེས་པ་ཡུཙ་ཇི་སྲིད་པར་སྤྱིར་བཏང་ངའོ། །བྱེད་པ་པོ་ལ་ཡང་གྷཉའོ། །གྷཉ་ཞེས་པའི་སྤྱིར་བཏང་ཨ་ཙ་ལས་གོང་དུའོ། །བྱེད་པ་པོ་ཡུཙ་ ཇི་སྲིད་པར་སྤྱིར་བཏང་བའོ། །ཚོང་བ་རྣམས་ཀྱི་ཡང་ནའོ། །ཡང་ན་ཞེས་པ་ཨ་ཙ་ལས་གོང་དུ་སྤྱིར་བཏང་བའོ། །རཱིད་ཨུ་ལས་ཨཔའོ། །ཨཔ་ཞེས་པ་རཱིཏ་ལས་ཀྟྲྀ་ཞེས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །སྭན་ཧན་ལས་ཡང་ནའོ། །ཡང་ན་ཞེས་པ་ཀྭཎ་ལས་པི་ཝང་གི་ཡང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་ བའོ། །བུད་མེད་ལ་ཀྟིནའོ། །བུད་མེད་ལ་ཞེས་པ་ཧླཱ་ཧཱ་ཛྱཱ་ལས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ལིང་ལ་བྱ་བ་ཤོར་བ་ལ་ལྲིངའོ། །དེ་ལ་བྱ་བ་ཤོར་བ་ལ་ལྲིངའོ་ཞེས་པ་སྒྲུབ་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །ཁྲོས་པ་དང་མ་དད་པ་དག་ལའོ་ཞེས་པ་ངོ་མཚར་བ་ལའོ་ཞེས་པ་ལས་གོང་དུ་ སྤྱིར་བཏང་བའོ། །ཨུ་ཏ་ཨ་པི་དག་ལ་ཤིན་ཏུའི་དོན་ལ་ལིངའོ། །ལིང་ཞེས་པ་ལོཊ་ལས་གོང་དུ་སྤྱིར་བཏང་བའོ། །བྱེད་པ་པོ་གཅིག་པ་དག་གི་སྔོན་མ་ལས་སོ་ཞེས་བ་རྐང་བརྫོགས་པ་ཇི་སྲིད་པར་གོང་དུའོ། །ཛཱིཔ་ལས་གྲཧ་ལས་ཎ་མུལ་རྗེས་སུ་དེ་ཡང་ངོ་། །ཎ་མུལ་ཞེས་པ་རྐང་པ་ཡོངས་ སུ་རྫོགས་པ་ཇི་སྲིད་དུ་གོང་དུའོ། །རྗེས་སུ་དེ་ཡང་ངོ་ཞེས་པ་མདོ་ཕྱི་མ་དག་ལའོ། །གཉིས་པ་ལའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་དུ་གོང་དུའོ། །སྐབས་དང་པོའི་རྐང་པ་གསུམ་པ་རྫོགས་སོ།། །།ལིའི་ཏིཔ་ཏས་ཛྷི། ཛྷའི་ཨནྟའོ། །ཛྷའི་ཞེས་པ་ཨེ་ཤ་ལས་གོང་དུ་སྤྱིར་བཏང་བའོ། །ལོཊའི་ ཨིའི་ཨུའོ། །ལོཊའི་ཞེས་པ་ཨི་ཏའི་ཨ་ཏང་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཏས་ཐས་ཐ་རྣམས་ཀྱི་ཏཱན་ཏན་ཏ་རྣམས་ཏེ་ངི་ཏའི་ཡང་ངོ་། །ངིཏ་ཅེས་པ་སྡི་ཡུཊ་ལས་གོང་དུ་སྤྱིར་བཏང་བའོ། །ལིངའི་སཱི་ཡུཊའོ། །ལིངའི་ཞེས་པ་ཛྷིའི་ཛུས་པ་ཇི་སྲིད་པར་གོང་དུའོ། །ངིཏ་སྨོན་པ་མ་ཡིན་པ་ལའོ། ། སྨོན་པ་མ་ཡིན་པ་ལ་ཞེས་པ་མདོ་ཕྱི་མ་དག་ལས་གོང་དུའོ། །ཛྷིའི་ཛུསའོ། །ཛུས་ཞེས་པ་ཨཏ་ལའོ་ཞེས་པ་ཇི་སྲིད་པར་ཙ་ཏང་ཨཱན་རྣམས་ཅི་ལྟར་ཀླགས་པའོ། །ཏང་ཨཱན་ཞེས་པ་ལུཊ་ལ་ཀླྀཔ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨཱང་ལ་ཨང་ལས་སོ། །ཨཱང་ལ་ཞེས་པ། སཾ་ལས་ཀྵུ་ཛན་མ་ཡིན་པ་ ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྠཱ་ལས་དམ་བཅའ་ངེས་པ་རབ་ཏུ་སྟོན་པ་རྣམས་ལའོ། །སྠཱ་ལས་ཤེས་པ་དྲྀ་ཤ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །བྱ་བ་མེད་པ་ལས་སོ་ཞེས་པ་བི་ཨུཏ་ལས་ཏང་ལས་སོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །སྦྱོར་བ་པོ་ལས་བྷཱི་སྨཱི་ལས་ཎི་ལས་སོ། །ཎི་ལས་ཞེས་བཀླགས་ པ་ལ་རྣམ་པར་བཤད་པ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །འབྲས་བུ་ལྡན་པ་ལའོ་ཞེས་པ་པ་རི་ལས་མྲིཥ་ལས་ཀྱང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨ་ནུ་པ་རཱ་དག་ལས་ཀྲིཉ་ལས་མ་ཡིན་ནོ། །མ་ཡིན་ཞེས་པ་ཀྱཥ་ལས་གོང་དུ་སྤྱིར་བཏང་བའོ། །ཀྱཥ་ལས་ཡང་ནའོ། །ཡང་ན་ཞེས་པ་ལུཊ་ལ་ཀྲིཔ་ལས་ སོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཁྱེད་ལ་དབུས་མ་གསུམ་མོ། །གསུམ་ཞེས་པ་སུ་ཨཽ་ཛས་ལ་སོགས་པའི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །གཅིག་གཉིས་མང་པོ་རྣམས་ལའོ་ཞེས་པ་སུ་ཨཽ་དས་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །སྐབས་དང་པོ་རྫོགས་སོ།། །།སུ་ཨཽ་ཛས་ཨམ་ཨཽཏ྄་ ཤས། ཊཱ་བྷྱཱམ་བྷིས། ངེ་བྷྱཱམ་བྷྱཱས། ང་སི་བྷྱཱམ་བྷྱཱས། ངས་ཨོས་ཨཱམ། ངི་ཨོས་སུཔའོ། །འདི་རྣམས་ཀྱང་ཤུགས་ཀྱིས་གཅིག་ལ་སོགས་པ་དང་ལྡན་པའི་དོན་བརྗོད་པའི་སྒྲ་ལས་ཕ་རོལ་དུ་འགྱུར་རོ། །དོན་བརྗོད་པའི་སྒྲ་ལས་ཞེས་པ་ཨུ་རས་རྣམས་ལས་ཀ་པའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨཏ་ལས་ བྷིསའི་ཨཻསའོ། །ཨཏ་ལས་ཞེས་པ་ཛསཱི་ཤཱིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སཪྺ་ལ་སོགས་པ་རྣམས་ལས་སྨཻ་སྨཱཏ་དག་གོ། །སཪྺ་སོགས་རྣམས་ལས་ཞེས་པ་ཤཱི་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤཱི་ཡང་ནའོ། །ཡང་ན་ཞེས་པ། ཨཱ་པ་ལས་ཨཽཏའི་ཤཱིའོ་ཞེས་པ་ལས་གོང་དུའོ། །བྱ་ བའི་ལས་ལ་གཉིས་པའོ། །གཉིས་པ་ཞེས་པ་ཨུཔ་ཡིས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །འགྲོ་བ་དང་རྟོགས་པ་དང་ཟས་དང་སྒྲའི་དོན་བྱ་བ་མེད་པ་རྣམས་ཀྱི་སྦྱར་བྱ་ལའོ། །སྦྱར་བྱ་ལ་ཞེས་པ་བྷཀྵའི་འཚེ་བ་མ་ཡིན་པ་ལའོ་ཞེས་ཇི་སྲིད་པར་སྤྱིར་བཏང་བའོ། །བྱེད་པ་པོ་ལ་གསུམ་པའོ། །གསུམ་པ་ཞེས་པ་བུ་ ལོན་ལ་ལྔ་པའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ། །བཞི་པ་ཞེས་པ་ལྔ་པ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །གཉིས་པའི་རྐང་པ་དང་པོ་རྫོགས་སོ།། །།སུཔ་སུཔའི་ས་དོན་གཅིག་པའོ་ཞེས་པ་སྲིད་པ་ལ་ལྟོས་པས་རྐང་པ་ཡོངས་སུ་རྫོགས་པ་ཇི་ སྲིད་པར་སྤྱིར་བཏང་བའོ། །པ་རི་ཨཔ་ཨཱང་བ་ཧིས་ཨཉྩ་རྣམས་ལྔ་པས་ཡང་ནའོ། །ཡང་ན་ཞེས་པ་སྲིད་པ་ལ་ལྟོས་པས་རྐང་བ་རྫོགས་པ་ཇི་སྲིད་དུའོ། །ཨཱུ་རཱི་སྭོ་དང་ཀཱ་རི་ཀཱ་ཙྭི་ཌཱ་ཙ་རྣམས་བྱ་བའི་དོན་རྣམས་ཀྱིས་སོ། །བྱ་བའི་དོན་རྣམས་ཀྱིས་ཞེས་པ་ཏི་རས་མི་སྣང་བ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ། ཀྲྀཉ་ཡིས་ཡང་ནའོ། །ཀྲིཉ་ཡིས་ཞེས་པ་ཏུཥྞཱིམ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །གཞན་གྱི་དོན་ལ་དུ་མའོ། །དུ་མ་ཞེས་པ་མདོ་ཕྱི་མ་དག་ལ་སྤྱིར་བཏང་བའོ། །ཡང་དག་པར་བསྡུ་བ་ལ་མ་ནིང་ངོ་ཞེས་པ་ད་དྷིབ་ཡས་སོགས་ལ་རྣམས་ཀྱི་མ་ནིང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །མ་ནིང་ཞེས་པ་ཨ་ནི་བུད་མེད་དོ་ ཞེས་པ་ལས་གོང་དུའོ། །དཔུང་གི་ཡན་ལག་རྣམས་ཀྱི་མང་པོ་ཉིད་ལའོ། །མང་པོ་ཉིད་ལ་ཞེས་པ་བྱ་ན་རྣམས་ཀྱིའོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཤིང་དང་རྩྭ་དང་འབྲུ་དང་རི་དགས་དང་བྱའི་བྱེ་བྲག་རྣམས་ཀྱི་ཡང་ནའོ། །ཡང་ན་ཞེས་པ་ད་དྷི་པ་ཡས་རྣམས་ཀྱི་མ་ཡིན་ནོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །མིང་ལ་ དྲུག་པ་ལས་ཀཾ་ཐ་དང་ཨུ་ཤཱིན་ར་རྣམས་ལའོ། །དྲུག་པ་ལས་ཞེས་པ་མང་པོ་ཉིད་ལས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །གྲངས་དང་པོ་ཀུན་དུ་བསྡུས་པ་ལའོ། །ཀུན་དུ་བསྡུས་པ་ལ་ཞེས་པ་པཱ་ཏྲ་ལ་སོགས་པ་རྣམས་ཀྱི་མིན་ནོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐབས་གཉིས་པའི་རྐང་ པ་གཉིས་པ་རྫོགས་སོ།། །།བུད་མེད་ལའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རང་གི་དོན་ལའོ་ཞེས་པ་རིགས་ལས་བུད་མེད་ཀྱི་ཡུལ་མ་ཡིན་པ་ལས་ཡ་མཐའ་ཉེ་བ་མ་ཡིན་པ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཥིཏ་ལས་ཥིའོ། །དཱིཥ་ཞེས་པ་ཨུ་ཏ་ལས་ ཨཱུངའོ་ཞེས་པ་ལ་གོང་དུའོ། །མིང་ལ་ཡང་ནའོ། །ཡང་ན་ཞེས་པ་ཨུ་ལས་ཡོན་ཏན་ཞེས་སོགས་ཀྱི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐྱེས་པའི་མིང་སྦྱོར་བ་ལས་པཱ་ལ་ཀ་མཐའ་མ་ཡིན་པ་ལས་སོ། །སྐྱེས་པའི་མིང་སྦྱོར་བ་ལས་ཤེས་པ་ཨཱ་ཙཱརྱ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །ཨིནྡྲ་བ་རུ་ཎ་བྷ་བ་ཤརྦ་རུ་ དྲ་མྲིཌ་རྣམས་ཀྱི་ཨ་ནུཀ་ཡང་ངོ་། །ཨཱ་ནུཀ་ཡང་ཞེས་པ་ཡ་བ་ན་ལས་ལི་པི་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀྟ་ལས་ཆུང་ངུ་བརྗོད་པ་ལའོ། །ཀྟ་ལས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རིགས་ལས་ཨཱཙྪ་ད་མ་ཡིན་པ་ལས་ཡང་ནའོ། །ཡང་ན་ཞེས་པ་པུཙྪ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་ བའོ། །རང་གི་ཡན་ལག་ལས་གཙོ་བོ་མ་ཡིན་པ་ལས་སོ་ཞེས་པས་ཁཱི་ཨ་ཤཱི་ཤྭོའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དཻ་བ་ཡཛྙི་སཽ་ཙི་བྲི་ཀྵི་སཱཏྱ་མུ་གྲྀ་ཀཱཎྛེ་བི་བྷི་རྣམས་ཀྱི་ཡང་ནའོ། །ཡང་ནའི་སྒྲ་འདི་ཉིད་སུཔ་ལ་བ་ལ་འཇུག་པ་འགོག་བྱེད་མེད་ན་ནི། རྟེན་ཐ་དད་པ་དྲུག་པ་ལས་ཏསའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་ བའོ། །གཉིས་པའི་རྐང་པ་གསུམ་པ་རྫོགས་སོ།། །།ཛི་ཏ་ལས་གོང་དུ་ཨཎའོ། །དེའི་བུ་རྒྱུད་དོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །བཱ་ཧུ་ལ་སོགས་པ་རྣམས་ལས་རིགས་ཀྱི་དང་པོ་རྣམས་ལས་སོ། །རིགས་ཀྱི་དང་པོ་རྣམས་ལས་ཞེས་པ། ཀྵཏྲ་ལས་ཞེས་པ་ལས་ གོང་དུ་སྤྱིར་བཏང་བའོ། །སིཏ་སམྦྷ་བེ་བེ་ཤེ་ཥ་ཎཾ། དྲང་སྲོང་གི་བུའི་བུ་ལ་སོགས་པ་ལའོ། །བུའི་བུ་ལ་སོགས་པ་ཞེས་པ་དྲོ་ཎ་ལས་གོང་དུ་སྤྱིར་བཏང་བའོ། །གརྒ་ལ་སོགས་པ་རྣམས་ལས་ཡ་ཉའོ། །ཡཉ་ཞེས་པ་ཕ་ཉ་ལས་གོང་དུ་སྤྱིར་བཏང་བའོ། །བུད་མེད་མང་པོ་རྣམས་ལས་ཕཀའོ། །ཕཀ་ཞེས་པ་ ཨཎ་ལས་གོང་དུ་སྤྱིར་བཏང་བའོ། །ཤི་བ་ལ་སོགས་པ་རྣམས་ལས་ཨཎའོ། །ཨཎ་ཞེས་པ་ཌྷ་ཀ་ལས་གོང་དུ་སྤྱིར་བཏང་བའོ། །ཌྷ་ཀའོ་ཞེས་པ་ཙཊ་ཀ་ལས་ཨཻ་ར་ཀའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །རེ་བ་ཏཱི་ལ་སོགས་པ་རྣམས་ལས་ཋཀའོ། །ཋ་ག་ཞེས་པ་ཕི་ལས་ཆ་ཡང་ངོ་ཞེས་པ་ལས་གོང་དུ་སྤྱིར་ བཏང་བའོ། །ལྗོངས་ཀྱི་མིང་ལས་རྒྱལ་རིགས་ལས་རྒྱལ་པོ་ལ་ཡང་ངོ་། །ལྗོངས་ཀྱི་མིང་ལས་ཞེས་པ་ཡསྐ་ལ་སོགས་པ་མདོ་ལས་གོང་དུ་སྤྱིར་བཏང་བའོ། །རྒྱལ་པོ་ལ་ཡང་ཞེས་པ་ཀུ་རུ་དང་། ན་དང་པོ་རྣམས་ལས་ཎྜའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཀ་བོ་ཛ་ལ་སོགས་པ་རྣམས་ལ་དབྱིའོ། །དབྱིའོ་ ཞེས་པ་ཛི་ཏིའི་སྔོན་མ་ཨཱི་ཡ་ལ་ཨ་ཙ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡཉ་ཨཉ་དག་གི་མང་པོ་རྣམས་ལ་བུད་མེད་མ་ཡིན་པ་ལའོ། །མང་པོ་རྣམས་ལ་ཞེས་པ་ཛི་ཏིའི་སྔོན་མ་ཨཱི་ཡ་ལ་ཨཙ་ལའོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །བུད་མེད་མ་ཡིན་པ་ལ་ཞེས་པ་ཨ་གསྟ་ཡཿཞེས་པ་ཇི་སྲིད་པར་སྤྱིར་ བཏང་བའོ། །རིགས་ལས་དབྱིའོ། །དབྱིའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐབས་གཉིས་པ་རྫོགས་སོ།། །།དེ་ཡིས་བཙོས་པ་ཚོས་ལས་སོ། །དེ་ཡིས་ཞེས་པ་དེ་ལ་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། །བཙོས་པ་ཞེས་པ་དུས་སོ་ཞེས་པ་ལས་གོང་དུའོ། །དེར་ བླུགས་པའི་སྣོད་རྣམས་ལས་སོ། །དེར་ཞེས་པ་དེ་འདིའི་ཟླ་བ་ཉ་བའོ་ཞེས་པ་ལས་གོང་དུའོ། །དེ་འདིའི་ཟླ་བ་ཉ་བའོ། །དེ་ཞེས་པ་དང་པོའི་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །འདིའི་ཟླ་བ་ཞེས་པ་སྨོས་པ་ལས་གོང་དུ་རྗེས་སུ་འཇུག་གོ། །ལྷ་ཉིད་དོ། །དེ་བ་ཏཱ་ཞེས་པ་དང་པོ་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། ། དེར་བརྗོད་པ་དང་། དེར་རིག་པའོ་ཞེས་པ་ཚོགས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་ཚོགས་པའོ། །དེའི་ཞེས་པ་མི་རིང་བར་གྱུར་པ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཚོགས་པ་ཞེས་པ། པི་ཏྲྀ་བྱ་ཞེས་བ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །གནས་པ་ལ་དེའི་མིང་ལའོ། །དེའི་མིང་ལ་ ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐབས་གསུམ་པའི་རྐང་པ་དང་པོ་རྫོགས་སོ།། །།ལྷག་མ་རྣམས་ལའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བཱ་ཧི་ཀི་ལ་སོགས་པ་རྣམས་ལས་ཨཎའོ། །ཨཎ་ཞེས་པ་ཚ་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། ། ཨཙ་དང་པོ་ཨཱཏ་ཨཻ་ཙ་ལས་ཚའོ། །ཚ་ཞེས་པ་ཋཉ་ལས་གོང་དུ་སྤྱིར་བཏང་བའོ། །ཨུ་ལས་ཡུལ་ལས་སོ། །ཡུལ་ལས་ཞེས་པ་ག་ཧ་ལ་སོགས་པའི་མདོ་ཇི་སྲིད་པར་རོ། །ཤར་ལས་ཚ་ལའོ། །ཚ་ལ་ཞེས་པ་ལྗོངས་རྣམས་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །པྲསྠ་བཧ་པུ་རིའི་ མཐའ་ཡ་མཐའ་ཉེ་དྷ་ནུའི་དོན་ལས་བུཉའོ། །བུཉ་ཞེས་པ་པྲྀཛིམ་ཏྲ་ལས་ཀནའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ག་ཏའི་མཐའ་ལས་ཚའོ། །ཚ་ཞེས་པ་གནས་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །ཕྱོགས་དང་པོ་ལས་ཋཉ་ཡང་ངོ་། །ཋཉ་ཞེས་པ་ཤྭས་ལ་ཏུ་ཊ་ཡང་ངོ་ཞེས་པ་ཇི་སྲིད་པར་ སྤྱིར་བཏང་བའོ། །ནད་དང་ཀུན་དུ་གདུང་བདག་ལ་ཡང་ནའོ། །ཡང་ན་ཞེས་པ་པཱུ་རྦ་ལ་སོགས་པའི་མདོ་ལས་གོང་དུའོ། །གསུམ་པའི་རྐང་པ་གཉིས་པ་རྫོགས་སོ།། །།དེར་སྐྱེས་པ་ལ་བྲཱ་བྲྀཥ་ལས་ཋབའོ། །དེར་ཞེས་པ་འོངས་པའི་གནས་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །སྐྱེས་པ་ཞེས་པ་ཨུབྷི་ལས་ གོང་དུ་སྤྱིར་བཏང་བའོ། །དུས་ལས་སྦྱིན་བྱའི་བུ་ལོན་ལའོ། །སྦྱིན་བྱའི་བུ་ལོན་ལ་ཞེས་པ་འདི་དག་ལ་སོགས་པ་ལས་གྱུར་པ་ལ་ཡཏ་འོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་གྱུར་པ་ལ་ཞེས་པ་ནི་འོངས་པའི་གནས་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་འཆད་པ་ལསའང་བཤད་བྱའི་མིང་ལས་སོ། །དེའི་ འཆད་པ་ཞེས་པ་འོངས་པའི་གནས་སུ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །འོངས་པའི་གནས་ལས་འོངས་པ་ལའོ། །ལྔ་པའི་མཐའ་རྣམས་ལས་ཞེས་པ་ཤི་ཤུ་ཀྲནྟ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །དེ་འདིའི་མངོན་པར་སྐྱེས་པ་དེ་ཞེས་པ་དེར་ཞེས་པ་ལས་གོང་དུའོ། །འདིའི་ཞེས་པ་དེ་ཡིས་ གསུངས་པ་བཟུང་བ་ལས་གོང་དུའོ། །དེ་ལ་དད་པ་ལ་མ་ཧཱ་རཱ་ཛ་ལས་ཋཀའོ། །དེར་དད་པ་ཞེས་པ་དེ་ཡིས་གསུངས་པ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །དེས་གསུངས་པའི་རིག་བྱེད་ལ་རིག་པ་དང་འདོན་པའོ་ཞེས་པ་དང་། ཚ་ག་ལིན་ལས་ཌྷི་ནུཀའོ་ཞེས་པ་ཇི་སྲིད་དུ་རྗེས་ས་འཇུག་གོ། །རིག་པ་དང་འདོན་པའོ་ཞེས་ པ་སྔོན་གྱི་དྲང་སྲོང་ལས་བྲམ་ཟེ་ལའོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །དེ་ཡིས་ཞེས་པ་དེའི་རང་ར་ཐ་ལས་ཡ་ཏའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་རང་ར་ཐ་ལས་སོ། །དེའི་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་རོ། །རང་ཞེས་པ་རྣམ་པར་འགྱུར་བ་ལས་གོང་དུ་སྤྱིར་བཏང་བའོ། །རྣམ་འགྱུར་ལ་ཞེས་ པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །གསུམ་པའི་རྐང་པ་གསུམ་པ་རྫོགས་སོ།། །།ཡཏ་ལས་གོང་དུ་ཋཀའོ། །དེ་ཡིས་ཐུལ་ལོ། །རྒྱལ་བར་བྱེད་དོ། །གསལ་ལོ་རྐོའོ། །དེ་ཡིས་ཞེས་པ་དེ་ལ་པྲ་ཏི་ཨ་ནུ་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེ་ལ་པྲ་ཏི་ཨ་ནུ་ལས། ཨཱི་པ། ལོ་མ། ཀཱུ་ལ་ལས་སོ། །དེ་ལ་ཞེས་པ་དེའི་ཆོས་ལ་ཞེས་པ་ལས་གོང་དུའོ། །དེ་འདིའི་ཚོད་ཟོང་ངོ་། །དེ་འདིའི་ཞེས་པ་དེར་སྦྱོར་བ་ལའོ་ཞེས་པ་ལས་གོང་དུའོ། །དེར་སྦྱར་བའོ། །དེར་ཞེས་པས་ས་ཏིཪྠྱ་ཞེས་པ་ཇི་སྲིད་པར་རོ། །དེར་ལེགས་པ་ལའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ། གསུམ་པའི་སྐབས་རྫོགས་སོ།། །།ཀྲཱྀ་ཏ་ལས་གོང་དུ་ཚའོ། །དེའི་ཆེད་དུ་ཕན་པ་ལའོ། །དེའི་ཆེད་ཅེས་པ་ཨུ་པ་དྷི་ལས་གོང་དུའོ། །ཕན་པ་ཞེས་པ་རྣམ་འགྱུར་ལས་རང་བཞིན་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་བཱ་པའོ། །དེའི་ཞེས་པ་དེ་ལ་རིག་པའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། ། དེར་འཚེད་དོ་དེ་ལ་དྲོ་ཎ་ལས་ཨན་ཡང་ངོ་། །དེར་ཞེས་པ་ཨ་ཛ་ཤཾ་ཀུ་ཨུཏྟར་ཞེས་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །ཨཛྷ་ཏི་ཞེས་པ་ཨདྷི་ཥྚ་ལ་སོགས་པ་སྨོས་པ་ལས་གོང་དུའོ། །ཡོ་ཛ་ན་ལ་འགྲོའོ། །འགྲོའོ་ཞེས་པ་དུས་ལས་ཞེས་པ་ལས་གོང་དུའོ། །དུས་ལས་སོ་ཞེས་པ་དེ་འདིའི་ཚངས་ པར་སྤྱོད་པ་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེ་ཡིས་ཚར་བའོ། །དེའི་ཆེད་དུ་དྷྲི་བྱེ་ཏ། ཨ་དྷཱིཥྚའོ། །དེར་བྷཱུ་ཏ་དང་བྷཱ་བིའོ། །གསུམ་པོ་རྣམས་སྲོག་ཆགས་ལའོ་ཞེས་པ་ཇི་སྲིད་པར་ཅི་རིགས་པར་སྤྱིར་བཏང་བའོ། །དེ་འདིའི་ཐོབ་པས་མ་ཡ་ལས་སོ། །དེ་འདིའི་ཞེས་པ་ལྟ་བུ་བ་བཱ་ཏིའོ་ཞེས་པ་ལས་གོང་དུའོ། ། དེའི་དངོས་པོ་ནི་ཏྭ་ཏལ་དག་གོ། །དེའི་དངོས་པོ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་རོ། །ཙ་ཏུ་ར། ས་ག་ཏ། ལ་བ་ཎ། བ་ཌ། བུདྷ་ཀ་ར་ས་ལ་ཥ་ལས་ཡང་ནའོ། །ཡང་ན་ཞེས་པ་རྀ་ཏྭི་ཀ་རྣམས་ལས་ཚའོ་ཞེས་ཇི་སྲིད་པར་སྤྱིར་བཏང་བའོ། །ཡོན་ཏན་གྱི་ཚིག་དང་བྲཱཧྨ་ཎ་ལ་སོགས་པ་རྣམས་ལས་ལས་ལ་ཡང་ངོ་། །ལས་ལ་ ཡང་ངོ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བཞི་པའི་རྐང་པ་དང་པོ་རྫོགས་སོ།། །།འབྲུ་རྣམས་ལས་ཞིང་ལ་ཁཉའོ། །ཁའོ་ཞེས་པ་ཀ་ཎུ་པ་ལས་གོང་དུའོ། །དེར་འདིའི་ཡང་དག་པར་སྐྱེས་པ་ལས་ཏཱ་ར་ཀ་ལ་སོགས་པ་རྣམས་ལས་ཨིཏཙའོ། །དེར་ཞེས་པ་དེའི་རྫོགས་པ་ལ་ཌཊའོ་ཞེས་པ་ལས་ གོང་དུའོ། །འདིའི་ཞེས་པ་ཟས་མང་པོ་འདི་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དུས་རྒྱུ་འབྲས་བུ་ལས་མིང་ལའོ། །མིང་ལ་ཞེས་པ་སཱ་ཀྵཱ་ཏ་ལྟ་བ་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །པ་ཊ་ཀ་ལས་ཨི་ནིའོ། །ཨི་ནི་ཞེས་པ་ཨིཥྚ་ལ་སོགས་པ་རྣམས་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་ བའོ། །དེ་འདིའི་དང་འདི་ལ་ཡོད་པ་ཞེས་པ་མ་ཏུ་པའོ་ཞེས་པ་ནི་དྲཱ་ཏནྟྲཱ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །སྲོག་ཆགས་ཀྱི་ཡན་ལག་ལས་ཨཱཏ་ལས་ལ་ཙ་ཡང་ནའོ། །ཡང་ན་ཞེས་པ་ཨ་ཙ་གཅིག་པ་ལས་མ་ཡིན་ནོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དང་གི་དོན་ཞེས་པ་ཤི་ཁ་ལ་སོགས་པ་རྣམས་ལས་ ཡང་ན་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤི་ཁ་ལ་སོགས་པ་ལས་ཡང་ནའོ། །ཡང་ན་ཞེས་པ་པཱུརྦ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །བཞི་པའི་རྐང་པ་གཉིས་པ་རྫོགས་སོ།། །།དྲུག་པ་ལས་རྟེན་ཐ་དད་པ་ལ་ཏསའོ། །ཏས་ཞེས་པ་ཏཱལ་ལས་གོང་དུ་སྤྱིར་བཏང་བའོ། །པྲ་ཏི་ཡིས་ ལྔ་པ་ལས་སོ། །ལྔ་པ་ལས་ཞེས་པ་ཀུཏཿཨཏཿཨིཏཿཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སཪྺ་ལ་སོགས་པ་དང་བ་ཧུ་རྣམས་ལ་དྭི་ལ་སོགས་པ་མ་ཡིན་པ་རྣམས་ལས་སོ་ཞེས་པ་གྲངས་ལས་དྷཱའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །བདུན་པ་ལ་ཏྲ་ལའོ། །བདུན་པ་ལས་ཞེས་པ་ཨུ་བྷ་ཡ་ལས་དྷུ་ཡང་ངོ་ཞེས་པ་ཇི་ སྲིད་པར་སྤྱིར་བཏང་བའོ། །ཕྱོགས་ཀྱི་སྒྲ་ལས་ཕྱོགས་ཡུལ་དུས་ཀྱི་དོན་ལས་ལྔ་པ་དང་། དང་པོ་རྣམས་ལས་ཞེས་པ་སྨད་པ་ལ་བཱ་ཤ་པའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ལྔ་པ་ཞེས་པ་ཡང་པ་ར་ཨ་བ་ར་ལས་ཏས་ཡང་ན་ཞེས་པ་ལས་སོ། །གཉིས་དང་མང་པོ་རྣམས་ལ་ཕུལ་དུ་བྱུང་བ་ལ་ཞེས་པ། ཡུ་བ་ཨ་ཝ་ དག་ལ་ཀན་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཕུལ་དུ་བྱུང་བ་ལ་ཞེས་པ་རཱུ་པས་ཇི་སྲིད་པར་སྤྱིར་བཏང་བའོ། །བརྩེ་བ་ལའོ་ཞེས་པ་ཆུང་ངུ་ལའོ་ཞེས་པ་ལས་གོང་དུའོ། །མིའི་མིང་ལ་ཋཙ་གྷན་ཨི་ལ་ཙ་རྣམས་ཡང་ནའོ། །ཡང་ན་ཞེས་པ་ཏི་ལས་ཌྷཉ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །འདྲ་བ་ལས་མིང་ དང་དབྱིབས་དག་ལའོ། །འདྲ་བ་ལ་ཞེས་པ་ཀརྐ་ལོ་ཧིཏ་ལས་ཨཱི་ཀཀ་ཅེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བཞི་པའི་རྐང་པ་གསུམ་པ་རྫོགས་སོ།། །།མང་བ་དང་ཉུང་བའི་དོན་ལས་བཀྲ་ཤིས་པ་ལ་ཤས་ཡང་ནའོ། །ཡང་ན་ཞེས་པ་ཀཱ་ལའི་ཚིག་ལས་གོང་དུ་སྤྱིར་བཏང་བའོ། །མ་བྱུང་བ་དེ་བྱུང་བ་ལ་ཀྲྀ་བྷཱུ་ ཨསྟི་ལྡན་པ་ལ་ཞེས་པ་མི་གསལ་བ་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀྲྀཉ་ཡིས་དྭི་ཏཱི་ཡ་ཏྲི་ཏཱི་ཡ་སཾ་བ་བཱི་ཛ་ལས་ཀྲྀ་ཥི་ལའོ། །ཀྲྀཉ་ཡིས་ཞེས་པ་མ་དྲ་བྷ་དྲ་ལས་པ་པ་ན་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བསྡུ་བའི་མཐའོ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །པཱུར་ཨཔ་དྷུར་ལས་ ཀྱང་ཨཀྵ་མིན་པའི་ཨཙའོ། །ཨཙ་ཞེས་པཊ་ཙ་ལས་གོང་དུ་སྤྱིར་བཏང་བའོ། །ས་ཁི་ཨཧ་སར་ཛན་རྣམས་ཀྱི་ཊཙའོ། །ཊཙ་ཞེས་པ་ཊཙ་ལས་གོང་དུ་སྤྱིར་བཏང་བའོ། །ཤ་ར་ད་ལ་སོགས་པ་རྣམས་ལས་གྲངས་མེད་པའི་དོན་ལའོ། །གྲངས་མེད་པའི་དོན་ལ་ཞེས་པ་ནི་ཤ་ལས་ཤ་ཏ་ལས་ཌཙའོ་ཞེས་པ་ལས་ རྐོང་དུའོ། །བཧུ་མ་ཡིན་པ་ལས་གྲངས་ལས་དོན་གཞན་ལའོ། །དོན་གཞན་ལ་ཞེས་བ་ཀ་བའི་བར་དུ་སྤྱིར་བཏང་བའོ། །སྐབས་བཞི་པ་རྫོགས་སོ།། །།སན་ཡང་དག་གི་དང་པོའི་ཨཙ་གཅིག་གཉིས་སོ་དང་པོའི་ཨཙ་གཅིག་གཉིས་སོ་ཞེས་པ་སུ་པའི་ཇི་ལྟར་འདོད་པའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ། ཥྱཾ་གཙོ་བོའི་པུ་ཏྲ་པ་ཏི་དག་ལ་རང་དག་ལ་ཡཎའི་ཨི་ཀའོ། །ཡཎའི་ཨིཀ་ཅེས་པ་པ་རི་ལས་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨེཙའི་ཤི་ཏ་མ་ཡིན་པ་ལ་ཨཱ་ཏའོ་ཞེས་པ་ཀྲཱྀ་ལིང་ཛཱི་རྣམས་ཀྱིའོ་ཞེ་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨིཀའི་ཡཎ་ཨཙ་ལའོ། །ཨཙ་ལ་ཞེས་པ་རྀཏ་ལ་རྀཏའི་རྡ་ཡང་ནའོ་ ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །གཉིས་དག་གི་གཅིག་གོ་ཞེས་པ་རྀཏའི་ཨུཏ་འོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨ་ལས་ཨཏ་ཨེངའོ། །ཨ་ལས་ཞེས་པ་ཨཏའི་ཨཏ་ཨེང་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དང་པོའི་ཨ་ཏ་ལས་ཨཱཏ་ཨཻཙའོ། །ཨཱཏ་ཨཻཙ་ཞེས་པ་སུ་པ་ལ་ལིཏ་ལའང་ ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨེང་ལས་ཕ་རོལ་གྱི་གཟུགས་སོ། །ཕ་རོལ་གྱི་གཟུགས་ཞེས་པ་ཨཀའི་ཨཀ་ལ་རིང་པོའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཨཀའི་ཨཀ་ལ་རིང་པོའོ། །ཨཀའི་ཞེས་པ་ཨམ་ལ་སྔོན་མའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རིང་པོ་ཞེས་པ་ཡང་ངོ་། ། ཨེང་ལས་ཨཏ་ལ་ཚིག་ཐོག་མ་ལའོ། །ཨཏ་ལ་ཞེས་པ་གོའི་ཨོ་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བླུཏ་ཨི་ཏི་མིན་པ་ལ་མ་ཡིན་ནོ། །མ་ཡིན་ཞེས་པ་རྀཏ་ལྀཏ་ལ་ཨ་ཀའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སུ་ལ་ཡང་ན་ཨི་ཏི་ལའོ། །ཡང་ན་ཞེས་པ་རྀཏ་ལྀཏ་ལ་ཨཀིའོ་ཞེས་པ་ཇི་ སྲིད་དུ་སྤྱིར་བཏང་བའོ། །སམ་པ་རི་ལས་ཀྲྀ་ཉ་ལས་སུཊའོ། །སུཊ་ཅེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ལྔ་པའི་རྐང་པ་དང་པོ་རྫོགས་སོ།། །།ཚིག་ཕྱི་མ་ལ་མི་དབྱིའོ། །མི་དབྱི་ཞེས་པ་སྭ་སྲྀ་པ་ཏི་དག་ལ་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཚིག་ཕྱི་མ་ལ་ ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །བུད་མེད་ལ་དོན་གཅིག་པ་ལ་སྐྱེས་པར་བརྗོད་པ་ཨཱུ་ང་མ་ཡིན་པ་ནི་བུད་མེད་ལ་གཙོ་བོ་དང་། རྫོགས་པ་དང་། དགའ་བ་དང་པོ་མིན་པ་ལ་སྐྱེས་པ་བཞིན་ནོ། །བུད་མེད་ལ་དོན་གཅིག་པ་ལ་ཨཱུ་མ་ཡིན་པ་ཞེས་པ་ཏ་ར་ཏ་མ་ལ་སོགས་པའི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །བུད་ མེད་ལ་ཞེས་པ་ཚིག་ཕྱི་མའི་ཁྱད་པར་ནི་སུམ་བཏཱ་སྭ་པཱ་དྭཱ་རཋ་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཅྭིའི་དོན་མ་ཡིན་ན་ཛཱ་ཏཱི་ཡ་དང་དོན་གཅིག་པ་དག་ལ་མ་ཧཱ་ཏའི་ཨཱཏའོ། །ཨཱཏ་ཅེས་པ་ཏྲིའི་ཏྲ་ཡས་སོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཨིཀའི་ཐུང་ངུའོ། །ཐུང་ངུ་ཞེས་པ་ཨ་རུཥའིའོ་ཞེས་པ་ ལས་གོང་དུ་སྤྱིར་བཏང་བའོ། །ཁ་ཏི་ལ་གྲངས་དང་བཅས་པའི་མུམ་ཡང་ངོ་། མུམ་ཞེས་པ་དྷེ་ནུའི་བྷ་བྱཱ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རཱ་ཏྲིའི་བྱིངས་ལ་ཡང་ནའོ། །ཡང་ན་ཞེས་པ་ནུམ་མའི་ཆོ་ག་ལས་གོང་དུ་སྤྱིར་བཏང་བའོ། །སཧའི་དོན་གཞན་ལ་སའོ། །སཧའི་ཞེས་པ་སཱ་མ་ན་སྨོས་པ་ལས་གོང་དུ་སྤྱིར་ བཏང་བའོ། །ས་ཞེས་པ་དྲིཀ་དྲིཤ་དྲིཀྵ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བི་ཤྭའི་བ་སུ་རཱཊ་དག་ལ་རིང་པོའོ། །རིང་པོའོ་ཞེས་པ་ཉམས་ལས་ཀི་ཏ་ལ་བི་ལ་ཡང་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ལྔ་པའི་རྐང་པ་གཉིས་པ་རྫོགས་སོ།། །།རང་བཞིན་གྱིའོ་ཞེས་པ་སྐབས་དྲུག་པའི་རྐང་པ་གཉིས་པ་ རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །མ་ཕྱིས་པ་ལའོ་ཞེས་པ་ཨཙ་ཧ་ན་དག་གི་སན་ཛྷ་ལའོ། །ཛྷལ་ལ་ཞེས་པར་དབྱིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྣ་ལས་ནའིའོ། །ནའི་ཞེས་ཅན་ལ་སོགས་པ་མདོ་ལས་གོང་དུ་སྤྱིར་བཏང་བའོ། །ལིཊ་སྨོན་པའི་ལིང་ལ་དང་ཏིང་ཤི་ཏ་མ་ཡིན་པ་ལའོ་ཞེས་པ་མེངའི་ཨིཏ་ ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨཙ་ལ་ཤཱུ་བྱིངས་བྷྲཱུ་རྣམས་ཀྱི་ཨི་ཨུ་དག་གི་ཨི་ཡ་ཨུབ་དག་གོ། །ཨཙ་ལ་ཞེས་པ་ཀིཏ་ལ་ཡང་ཧནའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨིཎའི་ཡནའོ། །ཡཎ་ཞེས་པ་བྷུའི་ལུང་ལིཊ་དག་ལ་བུ་ཀའོ་ཞེས་པ་ཇི་སྲིད་པར་རོ། །ཨས་དཱ་དྷཱ་རྣམས་ཀྱི་ཧི་ལ་ཨེཏ་གཉིས་ མིན་པ་ལའང་ངོ་། །ཨེཏ་གཉིས་མིན་པ་ལ་ཡང་ཞེས་པ་ཇི་ལྟར་སྲིད་པས་ཤས་དད་པ་ལ་སོགས་པ་ཨཏ་ཨེང་རྣམས་ཀྱི་མ་ཡིན་ནོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཐལ་ལ་ཨིཊ་ལའོ་ཞེས་པ་ན་ཤས་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡ་ཨཙ་ལ་ཤི་སུཊ་མ་ཡིན་པའོ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་ པར་སྤྱིར་བཏང་བའོ། །ཨནའི་ཨཏ་དབྱིའོ། །ཨཏ་དབྱིའོ་ཞེས་པ་ཨཙའིའོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །དབྱིའོ་ཞེས་པ་བ་ཧུ་ལས་ཨིའི་སྟེ་བྷཱུ་ཡང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ནའི་ཨཎ་ལ་སོགས་པ་ལའོ། །ཨཎ་ལ་སོགས་པ་ལའོ་ཞེས་པ་ཨི་ཨཱིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །མཏྶྱའི་ཡའིའོ། ། ཡའི་ཞེས་པ་ཀྱཙྭི་དག་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཧལ་ལས་ཡཉ་ལ་སོགས་པའིའོ། །ཧལ་ལས་ཞེས་པ་ཀྱ་ཙིད་ག་ལ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ཨཙ་གཅིག་པའི་མ་ཡིན་ནོ། །མ་ཡིན་ཞེས་པ་ཨཔ་ཏྱ་མ་ཡིན་པ་ལ་ཡང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ལྔ་པའི་རྐང་པ་གསུམ་ རྫོགས་སོ།། །།ས་མེད་པའི་ཡུ་བུའི་ཨན་ཨཀ་དག་གོ། །ཨི་དི་ཏའི་ནུ་མའོ། །ནུ་མ་ཞེས་པ་ཨ་ན་ཌུཧའི་སུ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤི་སུཊ་པ་ཨིའིའོ། །ཤི་སུཊ་ལ་ཞེས་པ་ཙ་ཏུར་ཨན་ཌུ་ཧ་དག་གི་ཨཱ་མའོ་ཞེས་ཇི་སྲིད་པར་རོ། །ཨཥྚ་ནའི་སུ་པ་ལ་ཨཱ་ཏ་ཡང་ནའོ། །སུཔ་ལ་ཞེས་པ་པཏ་ནི་ཤ་ ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །ཨིཊ་སྨོན་པའི་ལིང་ལ་དང་ཏིང་ཤི་ཏ་མ་ཡིན་པ་ལའོ་ཞེས་པ་རུ་ཏ་རྣམས་ལས་ཏོ་ངའི་འོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །བལ་དང་པོའི་ཨིཊའོ་ཞེས་པ་ཛན་ཨཱིཊ་ལས་སྭདྷཱ་ལའོ་ཞེས་པ་ཇི་སྲིད་པ་སྤྱིར་བཏང་བའོ། །སནའི་ཨིཊ་ཡང་ནའོ། །ཡང་ན་ཞེས་པ་པཱུ་ ཀླི་ཤ་ལས་ཏྭཱའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨུད་ཏི་ལས་ཡང་ནའོ། །ཡང་ན་ཞེས་པ་ཨིང་མིན་པའི་ག་མི་ལས་ཨིཊ་ཅེས་པ་ལས་གོང་དུའོ། །ཤྣུ་ལས་མ་ཡིན་ནོ། །མ་ཡིན་ཞེས་པ་ཨཙ་ལས་ཡང་ནའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཤྭི་འདི་ཏི་ལས་ཏ་ཏ་དག་ལའོ། །ཏ་ཏ་བཏ་དག་ལ་ ཞེས་པ་རུཥ་ཧྲིཥ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ལྔ་པའི་སྐབས་རྫོགས་སོ།། །།མྲི་ཛིའི་ཨཱཏའོ། །ཛཱ་གྲི་ཎི་ཤྭི་མ་ཡིན་པ་རྣམས་ཀྱི་སིཙ་ལ་ཨ་ཏང་ལ་ཨཱཏ་ཨཻཙའོ་ཞེས་པཉྞི་ཏ་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཨཙ་ཞེས་པ་ནཉ་ལས་སུཙི་ཞེས་པ་ལ་སོགས་པའི་མདོ་ ལས་གོང་དུ་སྤྱིར་བཏང་བའོ། །ཉྞིཏ་ལའོ་ཞེས་པ་ཛ་ནི་བ་དྷ་དག་གི་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཀིཏ་ལའང་བུ་རྒྱུད་ལ་སོགས་པ་ལ་ཨཙ་རྣམས་ཀྱི་དང་པོའི་འོ་ཞེས་པ་ནཉ་ལས་སུ་ཙི་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཨཻཙ་འགྱུར་བའི་ཡ་བའི་ཚིག་མཐའ་ལས་གོང་དུ་ ཨཻཙའོ། །གོང་དུ་ཞེས་པ་ཚིག་བསྒྲུབ་པ་ལས་གོང་དུའོ། །ཕྱི་མའི་འོ་ཞེས་པ་ནཉ་ལས། ཤུ་ཙི་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཧྲི་ཏྲ་བྷ་ག་སིན་དྷཱི་སྔ་མའི་ཡང་ངོ་། །སྔ་མའི་ཞེས་པ་ཧནའི་ཙིཎ་ཎལ་དག་མ་ཡིན་པ་ལ་ཏའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །རྀ་རཱྀ་ཙླཱྀ་ཧྲཱྀ་ཀྣུ་ཡཱི་ཀྵྨཱ་ཡི། ཨཱ་ཏ་རྣམས་ཀྱི་ཎི་ལ་བུ་གའོ། །ཎི་ལ་ཞེས་པ་མིཏ་རྣམས་ཀྱི་ཐུང་ངུའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཙང་ལ་མཐའི་ཉེའི་འོ་ཞེས་པ་བི་བའི་པཱི་བྱ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བྱིངས་མ་ཡིན་པའི་ཙེ་སྭོ། ཀ་ལ་ཨཏའི་ཨིཏ་ཅེས་ཨཥྚ་པི་ཏྲི་རྣམས་ཀྱིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བྱིངས་མ་ཡིན་ པའི་སུབ་ལས་ཨཱས་ལ་ཞེས་པ་བརྟ་ཀཱ་བྱ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡ་ཀ་དག་ལས་ཏྱཀ་ཏྱཔ་མ་ཡིན་པའི་ཨཱ་པའི་ཡང་ནའོ། །ཨཱ་པའི་ཡང་ནའོ་ཞེས་པ་བརྟ་ཀཱ་ཤ་ཀུ་ནཽ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཙ་ཛ་དག་གི་ཀུ་གྷིཏ་ཎྱཏ་དག་ལའོ། །ཀུ་ཞེས་པ་ཡཛའི་མང་པོའོ་ཞེས་པ་ཇི་སྲིད་པར་ སྤྱིར་བཏང་བའོ། །ཀུ་དང་པོའི་མ་ཡིན་ནོ། །མ་ཡིན་པ་ཞེས་པ་ཡཛའི་མང་པོའི་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤྛི་ཀླམུ་ཨཱ་ཙམ་རྣམས་ཀྱི་ཤིཏ་ལའོ། །ཤིཏ་ལ་ཞེས་པ་མི་དེའི་ཨེཏ་ཅེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དྲུག་པའི་རྐང་པ་དང་པོ་རྫོགས་སོ།། །།བྱ་བའི་དོན་གྱི་ཨི་ཀའི་ཨཏ་ ཨེངའོ་ཞེས་པ་ཡང་བའི་མཐའ་ཉེའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །གཉིས་བརྗོད་པའི་ལིཊ་མ་ཡིན་པ་ལ་ཨཙ་ལ་མ་ཡིན་ནོ། །མ་ཡིན་ཞེས་པ་ཧལ་ལ་བིཏ་ལ་ཨུཏའི་ཨཽཏའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །སུབ་ལའོ་ཞེས་པ་རི་ཏའི་དི་སུཊ་ལ་ཨཏའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ངིཏ་ ལས་ཁི་མ་ཡིན་པའིའོ། །ངིཏ་ལ་ཞེས་པ་དེ་ལ་ངིའི་ཨཱ་མའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཀ་ལ་ཨཎའི་ཐུང་ངུའོ། །ཨཎའི་ཞེས་པ། ཙྭི་ཡང་ཡཀ་ཀྱ་རྣམས་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དོ་ཥོ་མཱསྛཱ་རྣམས་ཀྱི་ལ་ཀིཏ་ལ་ཨིཏའོ། །ཏ་ལ་ཀིཏ་ལ་ཞེས་པ་ཨ་པའི་བྷ་ལའོ་ཞེས་པ་ལས་ གོང་དུ་སྤྱིར་བཏང་བའོ། །མེ་མཱི་མཱ་ར་བྷ་ལ་བྷ་ཤ་བཏ་སད་དཱ་དྷཱ་རྣམས་ཀྱི་ཨཙའི་ས་ལས་སན་ལ་ཨི་ཤའོ། །ཨཙའི་ས་ལས་སན་ལ་ཞེས་པ་བྱ་བ་མ་ཡིན་པའི་སྒྲུབ་པ་ལས་གོང་དུ་སྤྱིར་བཏང་བའོ། །གཉིས་ཉིད་དང་པོའི་འདི་ལ་དབྱིའོ། །གཉིས་ཉིད་ལ་དང་པོའི་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། ། བྱ་ཋའི་ལེཊ་ལའོ། །ལིཊ་ལ་ཞེས་བ་བྷཱུའི་ཨཏ་ཅེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཨཱཏ་ཨེང་ཨང་ལའོ། །ཡང་ལ་ཞེས་རུ་གྲི་ཀ་སྨོས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དྲུག་པའི་རྐང་པ་གཉིས་པ་རྫོགས་སོ།། །།འདོད་པ་དང་ཡང་ཡང་དག་པར་གཉིས་སོ། །གཉིས་ཞེས་པ་ཕན་ཚུན་བྱེད་པའི་ སྒྲུབ་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རྐང་པའི་དང་པོ་མ་ཡིན་པ་ལ་ཚིག་ལས་ངག་གཅིག་ལའོ། །ཚིག་ལས་དག་གཅིག་ལའོ་ཞེས་པ་མང་པོ་ཉིད་ལ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཡུཥྨཏ་ཨཥྨཏ་དག་གི་དྲུག་པ་བཞི་པ་གཉིས་པའི་མཐའ་ཅན་དག་གི་ཞེས་པ་ལྟ་བའི་དོན་ལ་ཨཱ་ལོ་ཙན་མིན་པ་ལའོ་ཞེས་པ་ཇི་སྲིད་ པར་སྤྱིར་བཏང་བའོ། །ཡང་ན་ཞེས་པ་བསྒྱུར་བ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྔ་མ་ལ་མ་གྲུབ་བོ་ཞེས་པ་རྐང་པ་ཕྱི་མ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ནཱ་ལ་མུ་མ་ཡིན་ནོ། །མ་ཡིན་ཞེས་པ་གཉིས་ཉིད་ལ་ཕ་རོལ་ས་ཡིག་གོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀྲི་པའི་རའི་ལ་ཀྲི་པ་ཎ་ལ་སོགས་པ་མ་ ཡིན་པ་རྣམས་ཀྱིའོ། །རའི་ལ་ཞེས་པཌའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨཙ་ལ་ཡང་ནའོ། །ཡང་ན་ཞེས་པ་ཌའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །སུཔའི་རང་བཞིན་གྱི་ནའོ་དབྱིའོ། །དབྱིའོ་ཞེས་པ་ཙུའི་ཀུ་ཞེས་པ་ལས་གོང་དུའོ། །བརྩེགས་པའི་ཚིག་གིའོ། །ཚིག་གི་ཞེས་པ་སི་པ་ལ་རུ་ཡང་ནའོ་ཞེས་པ་ཇི་ སྲིད་པར་སྤྱིར་བཏང་བའོ། །ར་ལས་སའིའོ། །སའི་ཞེས་པ་ཨིཊ་ལས་ཨཱིཊ་ལ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཛྷལ་ལས་ཛྷལ་ལའོ། །ཛྷལ་ལ་ཞེས་པ་མ་བ་དག་ལའང་མའི་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡཎ་བརྩེགས་པ་ལས་ཨཱཏ་ལས་སོ། །ཨཱཏ་ལས་ཞེས་པས་ས་ཛུཥའི་རུའོ་ཞེས་པ་ལས་ གོང་དུ་སྤྱིར་བཏང་བའོ། །དག་གི་ཨཙ་རྣམས་ཀྱི་བླུ་ཏ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ལྕི་བ་རེ་རེ་རྀཏ་མ་ཡིན་པ་ཡང་ནའོ། །ཡང་ན་ཞེས་པ་མཐའ་མིན་པ་ཞེས་སོགས་ཀྱི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །དྲུག་པའི་རྐང་པ་གསུམ་པ་རྫོགས་སོ།། །།ས་མའི་སུཊ་ལ་སའོ། །སའོ ཞེས་པ་ནྲཱྀ་ནའི་པ་ལར་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཚབ་ལ་རའི་སའོ། །རའི་ཞེས་པ་ཀུ་ལས་ཀྱང་ཞེས་སོགས་ཀྱི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །གྲངས་དང་བཅས་པ་དང་པོ་མ་ཡིན་པའི་སའོ། །ས་ཞེས་པ་ཀུ་ལས་ཞེས་སོགས་གོང་དུ་སྤྱིར་བཏང་བའོ། །ཨིཎ་ལས་ཥའོ། ། ཨིཎ་ལས་ཞེས་པ་ར་ཥ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །ཥ་ཞེས་པ་སིད་སྭཾ་ཛའི་ལིཊ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བསྡུ་བ་ལ་ཕྱི་མ་མ་ཡིན་པའིའོ། །བསྡུ་བ་ཞེས་པ་ན་མསའི་འོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀུ་ལས་ཀྱང་ཞེས་སོགས་སའི་འོ་ཞེས་པ་སིད་སྭཉྫ་དག་གི་ལེཊ་ལའོ་ཞེས་ པ་ཇི་སྲིད་པར་སྤྱིར་བཏང་བའོ། །ནིར་ཨ་བྷི་ཨ་ནུ་ལས་ཀྱང་སྱཱནྡའི་སྲོག་ཆགས་མ་ཡིན་པ་ལ་ཡང་ནའོ། །ཡང་ན་ཞེས་པ་བི་ལས་སྐབྷྣའི་ཥ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བསྡུ་བ་ལ་ཨཾ་གུ་ལི་ལས་སང་གའོ། །བསྡུ་བ་ལ་ཞེས་པ་མ་ཕྱིས་པ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དང་པོ་དང་མཐའ་དག་ལ་མ་ཡིན་ ནོ། །མ་ཡིན་ཞེས་པ་ས་དི་སྭ་ཉྫའི་ལིཊ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ་ཞེས་པ་ཇི་ལྟར་སྲིད་པ་བཞིན་ཀྵུ་བྷྣ་སོགས་རྣམས་ཀྱིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དངོས་པོ་དང་བྱེད་པ་དག་ལ་ཡང་ནའོ། །ཡང་ན་ཞེས་པ་ཀུན་ལྡན་པའི་ཨཙ་གཅིག་པའི་འོ་ཞེས་པ་ཇི་སྲིད་པར་ སྤྱིར་བཏང་བའོ། ། སུཔ་ལ་ཨཙ་ལས་སོ། །ཨཙ་ལས་ཞེས་པ་ཥ་ལས་ཚིག་ལ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །བྷཱ་བྷཱུ་ཀ་མི་ག་མི་བྱཱ་ཡི་བེབ་རྣམས་ཀྱི་མ་ཡིན་ནོ། །མ་ཡིན་ཞེས་པ་སྟུའི་ཤྩུར་ཥྚུ་དག་གིས་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཡ་རའི་ཉམ་ལས་ཉམ་ཡང་ནའོ། །ཡང་ན་ཞེས་པ་ཤར་ལས་ཁ་ཡའོ་ཞེས་ པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཨ་ཙ་ལས་ཧ་ལས་གཉིས་སོ། །གཉིས་ཞེས་པ་ཁར་ལ་ཛྷ་ལའི་ཙརཱོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །མདོའི་སྤྱིར་བཏང་ཡང་དག་པར་བསྡུས་པ་རྫོགས་སོ།། །།བལ་པོའི་མཐིལ་ཡེ་རང་གི་གྲོང་ཁྱེར་དུ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་དག་པར་བསྒྱུར་བའོ།། །། ༄༅། །རྒྱ་གར་སྐད་དུ། བི་བྷིཀྷིཀཱ་རི་ཀཱ །བོད་སྐད་དུ། རྣམ་དབྱེའི་ཚིག་ལེའུར་བྱས་པ། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། ཐོག་མར་འཇམ་དབྱངས་ཕྱག་འཚལ་ཏེ། བྱིས་པའི་བློ་ཅན་རྣམས་ཀྱི་ཕྱིར། རྣམ་དབྱེའི་ཚིག་ལེར་བྱས་པ་དག །དགེ་སློང་འཕྲོག་བྱེད་བཟང་པོས་བྱ། །སུ། ཨཽ། ཛསྲ། ཨམྲ། ཨཽཊྲ། ཤསྲ། ཊཱ། བྷྱམྲ། བྷྱིསྲ། ངེ་། བྷཱམྲ། བྷིས྄། ངེ་། བྷྱཱམ྄། བྷས྄། ངས྄། ཨོས྄། ཨཱམ྄། ངི་། ཨོས྄། སུཔ྄། འདི་རྣམས་སུ་ལ་སོགས་པའི་རྣམ་དབྱེའོ། གང་ལས་ཕ་ལོར་དུ་འགྱུར་ན། དོན་གཅིག་ཉིད་ལོ་སོགས་པའི་ཚོགས་གི་སྒྲ་ལས་ཕ་རོལ་དུའོ། དེ་ལ། དོན་ཙམ་ལ་དང་པོའོ་ཞེས་པ་ རྣམ་དབྱེ་དང་པོར་འགྱུར་རོ། གང་ལ་དང་པོའི་རྣམ་དབྱེ་སུ་ཨཽ་ཛསྲ་ཞལ་པ་དང་པོའི། དེ་ལ་གཅིག་གཉིས་མང་པོའི་ཚིག་རྣམས་ལས་དོན་གཅིག་ལ་གཅིག་གི་ཚིག་སུ། དོན་གཉིས་ལ་གཉིས་ཀྱི་ཚིག་ཨོ། དོན་མང་པོ་རྣམས་ལ་མང་པོའི་ཚིག་ཛསྲ་ཞེས་པ་འདི་རྣམས་ནི་རྣམ་དབྱེ་དང་པོའོ། བྱ་བ་ལ་གཉིས་པའོ། ཞེས་པ་གཉིས་པའི་རྣམ་དབྱེ་ཡིན་ནོ། །གང་ཡང་གཉིས་པའི། ཨཾ་ཨཽཊ། ཤསྲ་ཞེས་པ་གཉིས་པའོ། དེ་ལ་དོན་གཅིག་གི་ཚིག་ཨམ། གཉིས་ཀྱི་ཚིག་ཨཽཊ། མང་པོའི་ཚིག་ཤསྲ་ཞེས་པ་འདི་རྣམས་ནི་གཉིས་པའོ། །བྱེད་པ་པོ་ལ་གསུམ་པའོ་ཞེས་པ་གསུམ་པའི་རྣམ་དབྱེ་ཡིན་ནོ། །གང་ ཡང་གསུམ་པའི་ཊཱ། བྷྱམྲ་བྷིསྲ་ཞེས་པ་གསུམ་པའོ། དེ་ལ་དོན་གཅིག་གི་ཚིག་ཊཱ། གཉིས་ཀྱི་ཚིག་བྷྱཱམྲ། མང་པོའི་ཚིག་བྷིས་ཞེས་པ་འདི་རྣམས་ནི་གསུམ་པའོ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ་ཞེས་པོ་བཞི་པའི་རྣམ་དབྱེ་ཡིན་ནོ། །གང་ཡང་བཞི་པའི་དེ་བྷྱཱམྲ་བྷྱཱསྲ་ཞེས་པ་བཞི་པའོ། དེ་ལ་དོན་གཅིག་ལ་གཅིག་གི་ཚིག་དེ། གཉིས་ཀྱི་ཚིག་བྷྱཱམྲ། མང་པོའི་ཚིག་བྷྱཱསྲ་ཞེས་པ་འདི་རྣམས་ནི་བཞི་པའོ། །འབྱུང་ཁུངས་ལ་ལྔ་པའོ་ཞེས་པ་ལྔ་པའི་རྣམ་དབྱེ་ཡིན་ནོ། གང་ཡང་ལྔ་པའི་ང་སི་བྷྱཱམྲ་བྷྱས་ཞེས་པ་ལྔ་པའོ། དེ་ལ་དོན་གཅིག་ལ་གཅིག་གི་ཚིག་ང་སི། གཉིས་ཀྱི་ཚིག་བྷྱམྲ། མང་ པོའི་ཚིག་བྷྱཱསྲ་ཞེས་པ་འདི་རྣམས་ནི་ལྔ་པའོ། །འབྲེལ་པ་ལ་དྲུག་པ་ལའོ་ཞེས་དྲུག་པའི་རྣམ་དབྱེ་ཡིན་ནོ། །གང་ཡང་དྲུག་པའི་ངས། ཨོསྲ། ཨཱམྲ་ཞེས་པ་དྲུག་པའོ། དེ་ལ་དོན་གཅིག་ལ་གཅིག་ཚིག་ངས། གཉིས་ཀྱི་ཚིག་ཨོསྲ། མང་པོའི་ཚིག་ཨཱམ་ཞེས་པ་འདི་རྣམས་ནི་དྲུག་པའོ། །བཞི་ལ་བདུན་པའོ་ ཞེས་བྱ་བདུན་པའི་རྣམ་དབྱེ་ཡིན་ནོ། བདུན་པའང་ཅི་དེ་ན། དི་ཨོསྲ། སུཔ་ཞེས་པའོ། དེ་ལ་གཅིག་ལ་གཅིག་གི་ཚིག་ངི། གཉིས་ཀྱི་ཚིག་ཨོསྲ། མང་པོའི་ཚིག་སུཔ་ཞེས་པ་འདི་རྣམས་ནི་བདུན་པའོ། ཀུན་དུ་བོད་པ་ལ་དང་པོའི་རྣམ་དབྱེ་སུ་དང་ཨཽཊཛསྲ་ཞེས་པ་སྟེ། འདི་རྣམས་སུ་ལ་སོགས་ པའི་རྣམ་དབྱེའོ། སུ་ཡིག་ལས་ཨུ་ཡིག་ཕྱུང་སྟེ། ཨུ་ཡིག་ནི་སུའིའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །དང་པོའི་མང་པོའི་ཚིག་ཛསྲ་ཀྱི་ཛ་ཡིག་ལས་ཨ་ཡིག་ཕྱུང་སྟེ། ཛ་ཡིག་ནི་ཛས་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། ཨཽཊའི་ཊ་ཡིག་ནི་སུཊ་ཅེས་པ་སོ་སོར་བརྗོད་པ་བཟུང་བའི་དོན་ཏོ། །ཤསྲ་ ཀྱི་ཤ་ཡིག་ལས་ཨ་ཡིག་ཕྱུང་སྟེ། ཤ་ཡིག་ནི་དེ་ལས་ཤསྲ་ཀྱི་ན་སྐྱེས་པ་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། ཊཱ་ཡིག་ལས་ཨཱ་ཡིག་བཞག་སྟེ། ཊཱ་ཡིག་ནི་ཊཱི་ངས་དག་གི་ཨི་ན་སྱ་དག་ག