Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 194
Văn bản gốc(Tây Tạng)
Trang 6 / 20 (50.000 ký tự/trang)
ལི་ཧ་རོ་མྱང་བ་ལའོ། །ཨཱུརྞྞཉ་འགེབས་པ་ལའོ། །ཥྚུ་བསྟོད་པ་ལའོ། །བྲཱུ་བརྗོད་པ་ལའོ། །རྣམ་པར་བཤད་པ་རྣམས་སོ། །ཤས་འཇིག་པ་རྣམས་ཨད་ལ་སོགས་པ་རྫོགས་སོ།། །།ཧུ་སྦྱིན་པ་ལའོ། །བྷཱི་འཇིག་པ་ལའོ། །ཧྲི་ངོ་ཚ་བ་ལའོ། །པྲཱྀ་སྐྱོང་བ་ལའོ། །ཨེ་ཧཱཀ་གཏོང་བ་ ལའོ། །གྷྲྀ་འགྱུར་བར་བྱེད་པ་ལའོ། །རྀ། སྲྀ་འགྲོ་བ་ལའོ། །བྷ་ས་བརྒྱད་བཀག་པ་ལའོ། །ཀི་ཀིཏ་ཤིས་པ་ལའོ། །ཏུ་ར་མགྱོགས་པ་ལའོ། །དྷི་ཥ་སྒྲ་ལའོ། །དྷ་ན་སོ་བ་ལའོ། །ཛ་ན་སྐྱེད་པར་བྱེད་པ་ལའོ། །ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །ཎི་ཛིར་གཙང་བ་ལའོ། །བི་ཛིར་ཐ་དད་པར་གྱུར་ པ་ལའོ། །བི་ཥླི་ཁྱབ་པ་ལའོ། །ཌུ་དཱཉ་སྦྱིན་པ་ལའོ། །ཌུ་དྷཱཉ། ཌུ་བྷྲྀཉ་འཛིན་པ་ལའོ། །རྣམ་པར་བཤད་པའོ། །མཱང་ཚད་ལའོ། །ཨོ་ཧཱང་འགྲོ་བ་ལའོ། །ཏང་ཨཱ་ན་དག་གོ། །ཤས་འཇིག་པ་རྣམས་སུ་ཉོ་ཏི་ལ་སོགས་པ་རྫོགས་སོ།། །།དི་བུ་རྩེ་བ་ལའོ། །ཥི་བུ་སྣལ་མའི་རྒྱུད་ལའོ། །ཤྲྀ་ བུ་འགྲོ་བ་ལའོ། །ཥྛི་བུ་སེལ་བ་ལའོ། །ཀྣ་སུ་དྲག་པོར་འབོད་པ་ལའོ། །ཎྀ་ཏཱི་ཟློས་གར་ལའོ། །ཏྲ་སཱི་འཇིགས་པ་ལའོ། །ཀུ་ཐ་རུལ་བར་གྱུར་པ་ལའོ། །ཥུ་ཐ་འཚེ་བ་ལའོ། །གྷུརྡ་དཀྲིས་པ་ལའོ། །ཀྵིཔ་དེད་པ་ལའོ། །པུཥྤ་རྣམ་པར་རྒྱས་པ་ལའོ། །ཏི་མ། ཥྚི་མ། ཥྚཱི་མ་གཤེར་བར་གྱུར་པ་ལའོ། །བྲཱིཊ་ རྩོད་པ་ལའོ། །ཨི་ཥ་འགྲོ་བ་ལའོ། །ཥུཧ་གུས་པ་ལའོ། །ཛྲཱི་ཥ། ཛྷྲཱྀ་ཥ་རྒས་པ་ལའོ།། །།ཤོ་ཕྲ་མོར་བྱེད་པ་ལའོ། །ཙྪོ་གཅོད་པ་ལའོ། །ཥོ་མཐའི་ལས་ལའོ། །དོ་གཅོག་པ་ལའོ། །རཱ་དྷ་གྲུབ་པ་ལའོ། །བྱ་དྷ་མཐེར་བ་ལའོ། །པུ་ཥ་རྒྱས་པ་ལའོ། །ཤུ་ཥ་སྐེམས་པ་ལའོ། །རུ་ཥ་དགའ་བ་ལའོ། །དུ་ཥ་ རྣམ་འགྱུར་ལའོ། །ཤླི་ཥ་འཁྱུད་པ་ལའོ། །ཤྭི་དཱ་འཚེད་པ་ལའོ། །ཀྲུ་དྷ་ཁྲོ་བ་ལའོ། །ཀྵུ་དྷ་བཀྲེས་པ་ལའོ། །ཤུ་དྷ་གཙང་བ་ལའོ། །ཥི་དྷ་མཉེས་པ་ལའོ། །ར་དྷ་འཚེ་བ་ལའོ། །ཎ་ཤ་མི་མཐོང་བ་ལའོ། །ཏྲྀ་ཥ་དགའ་བ་ལའོ། །དྲྀ་པ་དགའ་བ་ལའོ །དྲུ་ཧ་འཁུ་བ་ལའོ། །མུ་ཧ་རྨོངས་པ་ལའོ། །ཥྞུ་ཧ་ སྐྱུག་པ་ལའོ། །ཥྞི་ཧ་དགའ་བ་ལའོ། །བྲྀ་ཏའོ། །ར་དྷ་ལ་སོགས་པ་ལའོ། །ཤ་མུ། ད་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པ་ལའོ། །ཤྲ་མུ་སྐྱོ་བ་ལའོ། །བྷྲ་མུ་མི་གནས་པ་ལའོ། །ཀྵ། མཱུ་ཥ་བཟོད་པ་ལའོ། །ཀླ་མུ་དམན་པ་ལའོ། །མ་དཱི་དགའ་བ་ལའོ། །དེ་རྣམས་ཤམ་སོགས་བརྒྱད་རྣམས་སོ། །ཨ་ སུ་འཕེན་པ་ལའོ། །ཡ་སུ་རབ་ཏུ་འབད་པ་ལའོ། །ཛ་སུ་ཐར་པ་ལའོ། །ཏ་སུ། ད་སུ་ཉེ་བར་འཕེན་པ་ལའོ། །ས་སུ་རེངས་པ་ལའོ། །པུ་ཥ་རྣམ་པར་འབྱེད་པ་ལའོ། །པླུ་ཥ་བསྲེགས་པ་ལའོ། །བི་ཤ་དེད་པ་ལའོ། །ཀུ་ཤ་སྦྱོར་བ་ལའོ། །བུ་ས་གཏོང་བ་ལའོ། །མུ་ཥ་འགེམས་པ་ལའོ། །པ་སཱི། མ་སཱི་ ཡོངས་སུ་འཇལ་བ་ལའོ། །ལུ་ཊ་འགྲེ་ལྡོག་པ་ལའོ། །ཨུ་ཙ་ཚོགས་པ་ལའོ། །བྷྲྀ་སུ་བྷྲནྶུ་འོག་ཏུ་ལྟུང་བ་ལའོ། །བྲྀ་ཥ་སྒྲིབ་པ་ལའོ། །ཀྲྀ་ཥ་ཕྲ་མོར་བྱེད་པ་ལའོ། །ཏྲྀ་ཥ་སྐོམ་པ་ལའོ། །ཧྲྀ་ཥ་ངོམས་པ་ལའོ། །རུ་ཥ་ཁྲོ་བ་ལའོ། །ཌི་པ་འཕེན་པ་ལའོ། །སྐུ་པ་གྱེན་དུ་བསྒྲེང་བ་ལའོ། །ཀུ་པ་ཁྲོ་བ་ལའོ། ། གུ་པ་རྣམ་པར་འཁྲུགས་པ་ཉིད་ལའོ། །ཡུ་པ། རུ་པ། ལུ་པ་རྣམ་པར་རྨོངས་པ་ལའོ། །ལུ་བྷ་ཆགས་པ་ལའོ། །ཀྵུ་བྷ་ཀུན་དུ་གཡོ་བ་ལའོ། །ཎ་བྷ། རུ་བྷ་འཚེ་བ་ལའོ། །ཀླྀ་དྲྀ་གཤེར་བར་གྱུར་པ་ལའོ། །མི་དཱ་གཤེར་བ་ལའོ། །ཀྵི་དཱ་གྲོལ་བ་ལའོ། །རི་དྷུ་འཕེལ་བ་ལའོ། །གྲྀ་དྷུ་མངོན་པར་འདོད་པ་ལའོ། ། ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །ཥཱུངྲ་སྲོག་ཆགས་རབ་ཏུ་སྐྱེ་བ་ལའོ། །ཧཱུང་ཡོངས་སུ་གདུང་བ་ལའོ། །དཱིང་ཟད་པ་ལའོ། །ཌཱིང྄་འགྲོ་བ་ལའོ། །དྷཱིངྲ་མ་གུས་པ་ལའོ། །མཱིངྲ་འཚེ་བ་ལའོ། །རཱིངྲ་ཉན་པ་ལའོ། །ལཱིང྄་སྦྱོར་བ་ལའོ། །བྲཱིང྄་སྒྲིབ་པ་ལའོ། །སཱུ་ལ་སོགས་པ་ཨོར་འགྲོ་བ་རྣམས་སོ། །པཱིང྄བཏུང་ བ་ལའོ། །མཱང྄་ཚད་ལའོ། །ཨཱིང྄་འགྲོ་བ་ལའོ། །པྲཱིང྄་དགའ་བ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །དཱི་པཱི་འབར་བ་ལའོ། །པཱུ་རཱི་ཚིམ་པ་ལའོ། །ཏུ་རཱི་མགྱོགས་པ་ལའོ། །ཛཱུ་རཱི་ཞོགས་པ་ལའོ། །གཱུ་རཱི། གྷཱུ་རཱི། དྷཱུ་རཱི། པཱུ་རཱི་འཚེ་བ་ལའོ། །ཙཱུ་རཱི་སྲེག་པ་ལའོ། །ཏ་པ་དབང་ཕྱུག་ཉིད་ལའོ། །བཱ་བྲྀཏུ་ འཇུག་པ་ལའོ། །ཀླི་ཤ་ཉེ་བར་གདུང་བ་ལའོ། །ཀཱ་ཤྲཱྀ་འབར་བ་ལའོ། །བཱ་ཤྲྀ་སྒྲ་ལའོ། །པ་ད་འགྲོ་བ་ལའོ། །བི་ད་ཡོད་པ་ལའོ། །བུ་དྷ་ཁོང་དུ་ཆུད་པ་ལའོ། །ཡུ་དྷ་འཁྲུག་པ་ལའོ། །ཨ་ནུ་རུ་དྷ་འདོད་པ་ལའོ། །མ་ན་ཤེས་པ་ལའོ། །ཡུ་ཛ་ཏིང་ངེ་འཛིན་ལའོ། །སྲྀ་ཛ་སྤྲོ་བ་ལའོ། ། ལི་ཤ་ཆུང་ངུར་གྱུར་པ་ལའོ། །ཏང་ཨཱ་ན་ཅན་རྣམས་སོ། །ཤ་ཀ །སྨྲྀ་ཥ་མཛེས་པ་ལའོ། །ཨཱི་ཤུ། ཙི་ར་རྡུལ་བར་གྱུར་པ་ལའོ། །ཎ་ཧ་འཆིང་བ་ལའོ། །རཉྫ་ཚོས་ལའོ། །ཤ་ས་སྤྱོ་བ་ལའོ། །རྣམ་པར་བཤད་པ་ལའོ། །ཤྱན་རྣམས་དི་པ་ལ་སོགས་པ་རྣམས་རྫོགས་སོ།། །།ཥུཉ་མངོན་པར་སྐྱེ་བ་ ལའོ། །ཥི་འཆིང་བ་ལའོ། །ཤི་རྣོ་བ་ལའོ། །ཌུ་མིཉ྄་རབ་ཏུ་འཕེན་པ་ལའོ། །ཙི་སོགས་ལའོ། །སྟྲཱི་འགེབས་པ་ལའོ། །ཀྲྀ་འཚེ་བ་ལའོ། །བྲྀཉ྄་བསྒྲིབས་པ་ལའོ། །དྷུཉ྄་གཡོ་བ་ལའོ། །ཌུ་དུ་ཉེ་བར་གདུང་བ་ལའོ། །ཧི་འགྲོ་བ་ལའོ། །པྲྀ་སྨྲྀ་དགའ་བ་ལའོ། །ཨཱ་པླི་ཁྱབ་པ་ལའོ། །ཤ་ཀླྀ་ནུས་པ་ ལའོ། །ཤྲུ་ཐོས་པ་ལའོ། །རཱ་རྡ། སཱ་དྷ་ཡང་དག་པར་གྲུབ་པ་ལའོ། །ས་གྷ། ཏི་ཀ །སྟེ་ཀ་འཚེ་བ་ལའོ། །དྷི་ཥཱ་སྤྱི་བརྟོལ་ལའོ། །དནྜཱུ་ཚུལ་འཆོས་ལའོ། །རྀ་དྷུ་འཕེལ་བ་ལའོ། །རྀ་ཀྵ། ཙི་རི། ཛི་རི་འཚེ་བ་ལའོ། །ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །ཨ་ཤཱུ་ཁྱབ་པ་ལའོ། །ཥི་གྷ་ཀུན་དུ་འགྲོ་བ་ལའོ། །ཏང་ཨཱ་ ན་དག་གོ། །ཤྣུ་རྣམས་སུ་ལ་སོགས་པ་རྣམས་རྫོགས་སོ།། །།ཏུ་ད་གཟིར་བ་ལའོ། །དི་ཤ་ཤིན་ཏུ་འདོར་བ་ལའོ། །དྷྲསྫོ་འཚེད་པ་ལའོ། །ཀྵི་པ་དེད་པ་ལའོ། །ཀྵི་ཥ་རྣམ་པར་རྐོ་བ་ལའོ། །མུ་ཙླི་ཐར་པ་ལའོ། །ལུ་པླྀ་གཅོད་པ་ལའོ། །བི་དླྀ་རྐེད་པ་ལའོ། །ལི་པ་བྱུག་པ་ལའོ། །ཥི་ཙ་འཛག་པ་ལའོ། །རྣམ་ པར་བཤད་པ་རྣམས་སོ། །ཀྲྀ་ཏཱི་གཅོད་པ་ལའོ། །ཁིད་ཡོངས་སུ་འཇོམས་པ་ལའོ། །པི་ཤ་ཆ་ཤས་ལའོ། །བྲྀ་ཏའོ། །རྀ་ཥཱི་འགྲོ་བ་ལའོ། །ཨོ་བྲ་ཤྩུ་གཅོད་པ་ལའོ། །བྱ་ཙ་ཟོལ་བྱེད་པ་ལའོ། །ཨུ་ཚི་ཡུང་བ་ལའོ། །ཨུ་ཚཱི་སྐམ་པ་ལའོ། །རི་ཚ་འགྲོ་བ་ལའོ། །མི་ཙྪ་མཆོག་ཏུ་ཉོན་མོངས་པ་ལའོ། །ཛརྫྷ། ཙརྩ། ཛྷརྫྷ་ཡོངས་སུ་བཤད་པ་ལའོ། །ཏྭ་ཙ་ཀུན་དུ་སྒྲིབ་པ་ལའོ། །རྀ་ཙ་བསྟོད་པ་ལའོ། །ཨུབྫ་དྲང་པོ་ལའོ། །ཨུཛྫྷ་གཏོང་བ་ལའོ། །ལུ་བྷ་རྣམ་པར་རྨོངས་པ་ལའོ། །རྀ་ཕ་བསྔགས་པ་ལའོ། །རི་ཕ། རིནྥ་འཚེ་བ་ལའོ། །དྲྀ་ཕ། ཏྲྀནྥ་ཚིམ་པ་ལའོ། །དྲྀ་པ། དྲྀནྥ་མཆོག་ཏུ་ཉོན་མོངས་པ་ལའོ། །གུ་ཕ། གུནྥ་མདུད་པ་ལའོ། །ཨུ་བྷ། ཨུནྦྷ་རྫོགས་པར་བྱེད་པ་ལའོ། །ཤུ་བྷ། ཤུནྦྷ་མཛེས་པའི་དོན་ལའོ། །དྲྀ་བྷཱི་མདུད་པ་ལའོ། །ཙྲྀ་རཱི་འཚེ་བ་ལའོ། །བི་དྷ་སྒྲུབ་པར་བྱེད་པ་ལའོ། །ཛུ་ན་འགྲོ་བ་ལའོ། །མྲྀ་ཌ་བདེ་བ་ལའོ། །པྲྀ་ཎ་མཛའ་བ་ལའོ། །མྲྀང་འཚོ་བ་ལའོ། །ཏུ་ཎ་གྱ་གྱུ་ལའོ། །པུ་ཎ་དགེ་བ་ལའོ། །མུ་ཎ་ དམ་བཅའ་བ་ལའོ། །ཀུ་ཎ་སྒྲ་ལའོ། །ཤུ་ཎ་འགྲོ་བ་ལའོ། །ཨཱུ་ཎ་འཚོ་བ་ལའོ། །གྷུ་ཎ། །གྷཱུ་རྞྞ་འཁྱམ་པ་ལའོ། །ཥུ་ར་དབང་ཕྱུག་ཉིད་ལའོ། །ཀུ་ར་སྒྲ་ལའོ། །ཁུ་ར། ཚུ་ར་གཅོད་པ་ལའོ། །པུ་ར་ཡང་དག་པར་དཀྲིས་པ་ལའོ། །ཀྵུ་ར་རྣམ་པར་རྐོ་བ་ལའོ། །པུ་ར་འཇིགས་པ་ལའོ། །བུ་ར་སྔོན་དུ་འགྲོ་ བ་ལའོ། །བྲྀ་ཧ་བརྩོན་པ་ལའོ། །ཏྲྀ་ཧུ། སྟྲྀ་ཧཱུ་འཚེ་བ་ལའོ། །ཨི་ཥུ་འདོད་པ་ལའོ། །མི་ཥ་དགའ་བ་ལའོ། །ཀི་ལ་བརྩེ་བ་ལའོ། །ཏི་ལ་གཤེར་བ་ལའོ། །ཙི་ལ་གོས་ལའོ། །ཙ་ལ་རྩེ་འཇོ་ལའོ། །ཨི་ལ་འགྲོ་བ་ལའོ། །བི་ལ་འབྱེད་པ་ལའོ། །ཎི་ལ་ཐིབས་པོ་ལའོ། །ཧི་ལ་སྒེག་པའི་འགྱུར་བ་ལའོ། །ཤི་ལ། ཥི་ལ་ སོགས་པ་ལའོ། །ཁི་ལ་རྣམ་པར་འབྲི་བ་ལའོ། །ཀུ་ཊ་གྱ་གྱུ་ལའོ། །པུ་ཊ་ཀུན་དུ་སྦྱོར་བ་ལའོ། །ཀུ་ཙ་བསྐུམ་པ་ལའོ། །གུ་ཛ་སྒྲ་ལའོ། །གུ་ཌ་སྲུང་བ་ལའོ། །ཌི་པ་འཕེན་པ་ལའོ། །ཕ་ཊ་ཀུན་ནས་འཇོམས་པ་ལའོ། །སྥུ་ཊ་རྣམ་པར་རྒྱས་པ་ལའོ། །པུ་ཊ་རབ་ཏུ་ཉེད་པ་ལའོ། །བྷྲུ་ཊ། ཙུ་ཊ་གཅོད་པ་ལའོ། །ཏུ་ཊ་འཐབ་ རྩོད་ལའོ། །ཛུ་ཌ་འཆིང་བ་ལའོ། །ལུ་ཊ་ཀུན་ནས་སྦྱོར་བ་ལའོ། །ཀྲྀ་ཌ་འདར་བ་ལའོ། །ཀུ་ཌ་མང་པོ་ཉིད་ལའོ། །སུ་ཊ་སོ་སོར་འཇོམས་པ་ལའོ། །ཏུ་ཊ། ཐུ་ཊ། སྥུ་ཊ། བྲུ་ཌ། བྷྲུ་ཌ་ཀུན་ནས་སྒྲིབ་པ་ལའོ། །སྥུ་རུ་འཕྲོ་བ་ལའོ། །བྷྲུ་ཌ་འདོར་བ་ལའོ། །སྥུ་ར་གཡོ་བ་ལའོ། །སྤུ་ལ་ཀུན་ནས་སོགས་པ་ལ་ཡང་ངོ་། ། ཎུ་བསྟོད་པ་ལའོ། །དྷཱུ་རྣམ་པར་འདར་བར་བྱེད་པ་ལའོ། །གུ་དྷ་བཤང་བ་འདོར་བ་ལའོ། །དྷྲུ་བ་བརྟན་པ་ཉིད་ལའོ། །ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །གུ་རཱི་བརྩོན་པ་ལའོ། །ཀུང྄་སྒྲ་ལའོ། །བྲྀ་ཏའོ། །ཀུ་ཊ་ལ་སོགས་པའོ། །པྲྀང྄་ངལ་སོ་བ་ལའོ། །མྲྀང྄་གཏོང་བ་ལའོ། །ཛུ་ཥཱི་བསྟེན་པ་ལའོ། །ཨོ་བི་ཛཱི་ཤུགས་འཕེལ་བ་ ལའོ། །ཨོ་ལ་ཛཱི། །ཨོ་མ་སྫཱི་སྐྱེངས་པ་ལའོ། །ཏང་ཨཱ་ན་རྣམས་སོ། །རྀ་ཥི་འགྲོ་བ་ལའོ། །དྷྲྀ་འཛིན་པ་ལའོ། །ཀྵི་ངེས་པར་གནས་པ་ལའོ། །ཥཱུ་དེད་པ་ལའོ། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །གྲཱྀ་གསལ་བར་བྱེད་པ་ལའོ། །ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །དྲྀང་མ་གུས་པ་ལའོ། །དྷྀང་ཀུན་དུ་གནས་པ་ལའོ། །ཏང་ཨཱ་ན་ཅན་དག་ གོ། །པྲཙྪ་ཤེས་པར་འདོད་པ་ལའོ། །སྲྀ་ཛ་རྣམ་པར་བཅད་པ་ལའོ། །ཌུ་མསྫོ་དག་པ་ལའོ། །ཏུ་ཛོ་འཇིག་པ་ལའོ། །བྷུ་ཛོ་གྱ་གྱུ་ལའོ། །ཙྪུ་པ་རེག་པ་ལའོ། །ཏུ་ཥ། རི་ཥ་འཚོ་བ་ལའོ། །ལི་ཥ་འགྲོ་བ་ལའོ། །སྤྲྀ་ཤ་ཀུན་དུ་རེག་པ་ལའོ། །བི་ཚ་འགྲོ་བ་ལའོ། །བི་ཤ་རབ་ཏུ་འཇུག་པ་ལའོ། །མྲྀ་ཥ་བཟོད་པ་ལའོ། ། ཥ་དླི་འཇིག་པ་ལའོ། །ཤ་དླི་དམན་པར་བྱེད་པ་ལའོ། །ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །ཤ་རུད་ལ་སོགས་པ་རྣམས་རྫོགས་སོ།། །།རུ་དྷིར྄་སྒྲིབ་པ་ལའོ། །བྷི་དྷིརྲ་རྣམ་པར་འཇོམས་པ་ལའོ། །ཚེ་དིར྄་རྣམ་པ་གཉིས་སུ་བྱེད་པ་ལའོ། །རི་ཙིརྲ་རྣམ་པར་འཐོར་བ་ལའོ། །བི་ཙིར྄་ཐ་དད་དུ་གྱུར་པ་ལའོ། །ཀྵུ་དིར྄་ཀུན་ནས་ཕྱེ་མར་བྱེད་པ་ལའོ། ། ཡུ་ཛིར་སྦྱོར་བ་ལའོ། །ཨུཙྪ་དིར྄་འབར་བ་ལའོ། །ཨུ་ཏྲྀ་དིར་འཚེ་བ་ལའོ། །རྣམ་པར་བཤད་པ་རྣམས་སོ། །ཀྲྀ་ཏཱི་བསྐོར་བ་ལའོ། །ཤི་ཥླྀ་ཁྱད་པར་དུ་བྱེད་པ་ལའོ། །པི་ཥླི་ཕྱེ་མར་བྱེད་པ་ལའོ། །བྷཉྫོ་ཀུན་དུ་ཉེད་པ་ལའོ། །བྷུ་ཛ་སྐྱོང་བ་ལའོ། །ཏྲི་ཧ། ཧི་སི་འཚེ་བ་ལའོ། །ཨུནྡཱི་ཀླས་པ་ལའོ། །ཨཉྫུ་གསལ་བ་ལའོ། །ཏཉྩུ་ཟུན་པ་ལའོ། །བྲྀ་ ཛཱི་འདོར་བ་ལའོ། །པྲྀ་ཙཱི་འཕྲད་པ་ལའོ། །ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །ཨིནྡྷི་འབར་བ་ལའོ། །ཁི་ད་ཞན་པ་ཉིད་ལའོ། །བི་ད་རྣམ་པར་དཔྱོད་པ་ལའོ། །ཏང་ཨཱ་ན་རྣམས་སོ། །ཤྣམ་རུ་དྷ་ལ་སོགས་པ་རྣམས་རྫོགས་སོ།། །།ཏ་ནུ་རྒྱས་པ་ལའོ། །ཥ་ནུ་སྦྱིན་པ་ལའོ། །ཀྵ་ནུ་འཚེ་བ་ལའོ། །རྀ་ཎུ་འགྲོ་བ་ལའོ། །ཊྲྀ་ཎུ་ཟབ་ ལའོ། །གྷྲྀ་ཎུ་འབར་བ་ལའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །རྣམ་པར་བཤད་པ་རྣམས་སོ། །བ་ནུ་སློང་བ་ལའོ། །མ་ནུ་རྟོགས་པ་ལའོ། །ཏང་ཨཱ་ན་དག་གོ། །ཨུ་རྣམས་ཏན་ལ་སོགས་པ་རྣམས་རྫོགས་སོ།། །།ཌུ་ཀྲཱྀཉ་འཚོང་བ་ལའོ། །པྲཱི་ཉ་ཚིམ་པ་ལའོ། །ཤྲཱི་འཚེད་པ་ལའོ། །མཱི་འཚེ་བ་ལའོ། །ཥི་ཡུ་འཆིང་བ་ལའོ། །སྐུ་ ཀུན་དུ་འགྲོ་བ་ལའོ། །ཀྣུ་ཡཱི་སྒྲ་ལའོ། །པཱུཉ་དག་བྱེད་པ་ལའོ། །ལཱུ་གཅོད་པ་ལའོ། །སྟྲཱྀ་འགེབས་པ་ལའོ། །ཀྲཱྀ་འཚེ་བ་ལའོ། །པྲཱྀ་སྒྲིབ་པ་ལའོ། །དྷཱུཉ྄་འགུལ་བ་ལའོ། །གྲ་ཧ་ཉེ་བར་ལེན་པ་ལའོ། །རྣམ་པར་བཤད་པ་རྣམས་སོ། །ཤྲཱྀ་མྀ་འཚེ་བ་ལའོ། །པྲཱྀ་རྫོགས་པར་བྱེད་པ་ལའོ། །པྲཱྀ་སྒྲིབ་པ་ལའོ། །བྷྲཱྀ་བརྒྱད་བཀག་ ལའོ། །དྲྀ་རྣམ་པར་འཇོམས་པ་ལའོ། །ཎྲཱི་ཚུལ་ལའོ། །གྲཱྀ་སྒྲ་ལའོ། །ཛྱཱ་ཉམས་པ་ལའོ། །བླཱྀ་རཱི་རྀ་འགྲོ་བ་ལའོ། །ལཱི་སྦྱོར་བར་བྱེད་པ་ལའོ། །བྲྀ་ཏའོ། །ལཱུ་ལ་སོགས་པའོ། །བྲཱི་སྒྲིབ་པ་ལའོ། །བྷྲྀ་འཇིག་པ་ལའོ། །ཀྵི་ཥ་འཚེ་བ་ལའོ། །ཛྙཱ་ཁོང་དུ་ཆུད་པ་ལའོ། །བྷནྡྷ་འཆིང་བ་ལའོ། །ཤྲནྠ། གྲནྠ་སྤེལ་བ་ ལའོ། །མནྠ་སྲུབ་པ་ལའོ། །ཀུནྠ་ཀུན་ནས་སྦྱོར་བ་ལའོ། །མྲི་ད་ཕྲ་མོ་ལའོ། །མྲྀ་ཌ་བདེ་བ་ལའོ། །གུ་དྷ་ཁྲོ་བ་ལའོ། །ཀུ་ཥ་ངེས་པར་འགུགས་པ་ལའོ། །ཀྵུ་བྷ་ཀུན་ནས་གཡོ་བ་ལའོ། །ན་བྷ། རུ་བྷ་འཚེ་བ་ལའོ། །ཀླི་ཤཱུ་གནོད་པ་ལའོ། །ཨ་ཤ་ཟས་ལའོ། །ཨུ་དྷྲ་པ་མཐོ་བ་ལའོ། །ཨི་ཥ་ཡང་ཡང་ ལའོ། །པི་ཥ་འབྲལ་བ་ལའོ། །པུ་ཥ་རྒྱས་པ་ལའོ། །པྲུ་ཥ་རྒྱས་པ་ལའོ། །པྲུ་ཥ། སླུ་ཥ་གཤེར་བར་བྱེད་པ་ལའོ། །མུ་ཥ་རྐུ་བ་ལའོ། །ཁ་ཙ་རབ་ཏུ་སྐྱེ་བ་ལའོ། །ཏང་ཨཱ་ན་མ་ཡིན་པ་རྣམས་སོ། །ཤྣཱ་ཀྲྀ་ལ་སོགས་པ་རྣམས་རྫོགས་སོ།། །།ཙུ་ར་ཀུ་བ་ལའོ། །ཙི་ཏི་དྲན་པ་ལའོ། །ཨ་ཏྲི་ བསྐུམ་པ་ལའོ། །ཡ་ཌི་ཡོངས་སུ་བཤད་པ་ལའོ། །ལོ་ཀྲྀ་ལྟ་བ་ལའོ། །ཀྵུ་དྲྀ་མི་བདེན་པར་སྨྲ་བ་ལའོ། །ལ་ཌ་ཉེ་བར་བསྟེན་པ་ལའོ། །མི་དཱ་གཤེར་བ་ལའོ། །ཨོ་ལ་ཌི་འཕེན་པ་ལའོ། །པཱི་ཌ་འགོག་པ་ལའོ། །ཨཱུརྫ་སྟོབས་ལའོ། །ཀུ་ཌ་གཅོད་པ་ལའོ། །པུ་ཌ་ཆུང་ངུར་གྱུར་པ་ལའོ། །གྷཊྚ་གཡོ་བ་ལའོ། ། ཁཊྚ་ཀུན་ནས་སྒྲིབ་པ་ལའོ། །སཊྚ་འཚེ་བ་ལའོ། །ལུནྚ་རྐུ་བ་ལའོ། །ཤཱ་ཐ་འགྲོ་བ་ལའོ། །རུ་ཛི། པི་ཛི་འཚེ་བ་ལའོ། །ཤལྐ། བལྐ་འཆད་པ་ལའོ། །སྤི་ཊ་མ་གུས་པ་ལའོ། །པ་ཐི་འགྲོ་བ་ལའོ། །པིཙྪ་གདུང་བ་ལའོ། །ཙྪད་ཀུན་ནས་སྒྲིབ་པ་ལའོ། །ཤྲ་ནུ་སྦྱིན་པ་ལའོ། །ཏ་ཊ་ཀུན་ནས་སྣུན་པ་ལའོ། །ཁ་ཌ། ཁ་ཌི་འབྱེད་པ་ལའོ། །ཀ་ཊི་དུམ་བུར་བྱེད་པ་ལའོ། །བ་ཌི་རྣམ་པར་འབྱེད་པ་ལའོ། །བྷ་ཌི་དགེ་ལེགས་ལའོ། །པུསྟ་གུས་པ་ལའོ། །ཙུ་ད་སྣུལ་བ་ལའོ། །ནཀྐ། དྷཀྐ་ཉམས་པ་ལའོ། །ཙིཀྐ། །ཙུཀྐ་གཟིར་བ་ལའོ། །ཀྵ་ལ་གཙང་བ་ལའོ། །ཏ་ལ་རབ་ཏུ་གནས་པ་ལའོ། །རུ་ལ་རབ་ཏུ་སྨྱོ་བར་བྱེད་པ་ལའོ། །དུ་ལ་འདེགས་ པ་ལའོ །པུ་ལ་ཆེན་པོ་ལའོ། །ཙུ་ལ་འབྱིང་བ་ལའོ། །པཱ་ལ་སྲུང་བ་ལའོ། །ལཱུ་ཥ་འཚེ་བ་ལའོ། །ཙུ་ཊ་གཅོད་པ་ལའོ། །མུ་ཊ་ཀུན་ནས་ཕྱེ་མར་བྱེད་པ་ལའོ། །པ་ཤི་ཉམས་པ་ལའོ། །ཙྪ་བི་འགྲོ་བ་ལའོ། །ཀྵ་སི་བཟོད་པ་ལའོ། །ཀྵ་ཛི་ཚོགས་ཀྱིས་འཚོ་བ་ལའོ། །པཱུ་ཛ་མཆོད་པ་ལའོ། །ཛུ་ཌ་འདོད་པ་ལའོ། །པ་ཙི་རྒྱ་ཆེ་བ་ལའོ། ། ཀྲྀ་ཏ་ཀུན་ནས་སྒྲོགས་པ་ལའོ། །ལ་པ་ཚིགས་ལའོ། །མ་ཏྲི་གསང་སྟེ་འཆད་པ་ལའོ། །ཏ་ཏྲི་གཉེན་འཛིན་པ་ལའོ། །ལ་ལ་འདོད་པ་ལའོ། །ཙ་རྩ་ཀློག་པ་ལའོ། །མཱ་ན་མཆོད་པ་ལའོ། །གྷུ་ཥི་ར་སྒྲ་བྱེད་པ་ལའོ། །ཨཱུ་ན་ཡོངས་སུ་ཉམས་པ་ལའོ། །སཾ་གྲཱ་མ་གཡུལ་ལའོ། །ཙྪ་ད་སྒྲིབ་བྱེད་ལའོ། །སུཔ་ལས་ བྱིངས་དོན་ལ་མང་པོར་འདོད་པ་བཞིན་ཡང་ངོ་ཞེས་པས་སུ་པ་མཐའ་ལས། བྱིངས་དོན་ལ་ཎི་ཙ་ཕ་རོལ་ཏུ་འགྱུར་རོ། །ཡུ་བ་ཨལྤ། དག་གི་ཀ་ན་ཡང་ནའོ། །འདོད་པ་ལ་སོགས་པ་རྣམས་ལ་རང་བཞིན་གྱིས་ཨ་ཙ་ལ་སོགས་པ་ཆ་ཤས་ཀྱི་ཕ་རོལ་དབྱི་བར་འགྱུར་རོ། །སྠཱུ། ངུར། ཡུ་བ། ཀྵི་པྲ། ཀྵུ་ཏྲ་ རྣམས་ཀྱིས་ཡཎ་དབྱི་ཞིང་ཨི་ཡིག་ཨུ་ཡིག་དག་ཀྱང་ཨེང་ངོ་། །པྲྀ་ཐུ། མྲྀ་དུ། ཀྲྀ་ཥ། བྷྲྀ་ཤ། དྲྀ་དྷ། པ་རི་པྲྀ་དྷ་རྣམས་ཀྱི། པྲ་ཐ། མྲ་ད། ཀྲ་ཥ། བྷྲ་ཤ། དྲ་ཌྷྲ་པ་རི། བྲ་ཌྷྲ་རྣམས་སོ། །ཎིང྄་ཡན་ལག་རྐྱོང་བ་ལའོ། །སུཔ་མཐའ་ལས་ཡན་ལག་རྐྱོང་བ་ལ་ཎིང་ཕ་རོལ་ཏུ་འགྱུར་རོ། །ངི་ཏ་ཏང་ཨཱ་ན་དོན་ཏོ། །ཤྭེ་ཏ་ཨ་ཤྭ། ཨ་ཤྭ་ ཏ་ར། གཱ་ལོ་ཊི་ཏ། ཨཱ་ཧྭ་ར་ཀ་རྣམས་ཀྱི། ཨ་ཤྭ་ཏ་ར། ཨི་ར་ཀ་དབྱི་བའང་ངོ་། །ཀུཪྶ་སྨད་པ་ལའོ། །སྭཱད། སྭཱ་ད་རོ་མྱང་བ་ལའོ། །རི་ཙ་གྲོལ་བ་ལའོ། །ཤིཥ་ཐམས་ཅད་མ་ཡིན་པ་ཉེ་བར་སྦྱོར་བ་ལའོ། །བ་ཙ་འཆད་པ་ལའོ། །གརྡ་སྨད་པ་ལའོ། །དྷུཉ྄་འགུལ་བ་ལའོ། །བྲིཉ྄་ཚིམ་པ་ལའོ། །ཨསླི་ཐོབ་པ་ལའོ། །མཱརྒ་ཚོལ་བ་ལའོ། །ཀ་ཐི་མྱ་ ངན་ལའོ། །མྲྀ་ཛུ་གཙང་བ་ལའོ། །མྲྀ་ཥ་བཟོད་པ་ལའོ། །དྷྲྀ་ཥ་བཞད་གད་ལའོ། །ཀ་ཐ་ངག་གི་རྒྱུན་ལའོ། །བ་ར་འདོད་པ་ལའོ། །ག་ཎ་གྲངས་ལའོ། །ཤ་ཋ། ཤྭ་ཋ་ཡང་དག་པར་འཆད་པ་ལའོ། །ར་ཧ་གཏོང་བ་ལའོ། །ཥྚ་ན། ནཱ་དི་དེ་བ་སྒྲ་ལའོ། །ར་བ་སོ་སོར་འབད་པ་ལའོ། །ཀ་ལ་གྲངས་ལའོ། །མ་ཧ་མཆོད་པ་ལའོ། །ཡྲྀ་ཧ་འདོད་ པ་ལའོ། །སཱུ་ཙ་ཕྲ་བ་ལའོ། །ཤཱི་ལ་ཉེ་བར་འཛིན་པ་ལའོ། །སཱ་མ་རྒྱུད་ལའོ། །ག་བེ་ཥ་ཚོལ་བ་ལའོ། །བཱ་མ་ཉེ་བར་བསྟེན་པ་ལའོ། །ནི་བཱ་ས་ཀུན་ནས་འགེབས་པ་ལའོ། །བྷ་ཛ་ཐ་དད་པའི་ལས་ལའོ། །དྷྭ་ན་དགྲ་ལའོ་སྟེ། ཆོམ་རྐུན་ཉིད་ལའོ། །གྲྀ་ཧ་འཛིན་པ་ལའོ། །མྲྀ་ག་ཚོལ་བ་ལའོ། །ཀུ་ཧ་ཡ་མཚན་པ་ལའོ། །སྠཱུ་ལ་ ཡོངས་སུ་འཕེལ་བ་ལའོ། །ཨརྠ་སློང་བ་ལའོ། །ཀ་ཐ་སོགས་དེ་རྣམས་ཨར་གྱི་མཐའ་རྣམས་སོ། །གརྦ་ང་རྒྱལ་བ་ལའོ། །མི་ཤྲ་སྤེལ་བ་ལའོ། །རང་རང་གི་དོན་གྱི་ཎི་ཙའི་མཐའ་རྣམས་ཙུ་ར་ལ་སོགས་པ་རྣམས་རྫོགས་སོ། །ཙནྡྲ་པའི་བྱིངས་ཀྱི་མདོ་རྫོགས་སོ།། །།འདི་ནི་ལུང་སྟོན་པ་ཙནྡྲ་པའི་བྱིངས་ཀྱི་དཔུང་གཉེན་ སློབ་དཔོན་ཟླ་བ་གང་བས་མཛད་པ་ལས་བཏུས་ཏེ། དཔལ་ཨེ་ཆོས་འབྱུང་བའི་གཙུག་ལག་ཁང་ཆེན་པོར། ལོ་ཙཱ་བ་ཐུགས་རྗེ་དཔལ་བཟང་པོས་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོའི་ཐ་སྐར་གྱི་ཟླ་བ་ཉེར་བཞིའི་ཉིན། སྐར་མ་རྒྱལ་དང་གཟའ་ཕུར་བུ་འཛོམ་པའི་འགྲུབ་སྦྱོར་བཟང་པོ་ལ་རྫོགས་པར་བསྒྱུར་བའོ།། །། །རྒྱ་གར་སྐད་དུ། སཾ་བནྡྷ་སིདྡྷྱ་བྷི་དྷཱ་ན་པྲ་ཀྲི་ཡཱ། བོད་སྐད་དུ། འབྲེལ་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་ཏུ་སྦྱོར་བ་ཤེས་འདོད་པས། །དང་པོར་བྱེད་ཅན་ཤེས་པར་བྱ། །དེ་ཉིད་དབྱེ་བས་རྣམ་པ་དྲུག །སླར་ཡང་རྣམ་ པ་ཉི་ཤུ་གསུམ། །དེ་ལ་བྱེད་པོ་རྣམ་པ་ལྔ། །ལས་ལ་རྣམ་པ་བདུན་དུ་འགྱུར། །བྱེད་པ་རྣམ་པ་གཉིས་ཉིད་དང་། །ཡང་དག་རབ་སྦྱིན་རྣམ་གསུམ་འདོད། །འབྱུང་ཁུངས་རྣམ་གཉིས་ཤེས་པར་བྱ། །དེ་བཞིན་གནས་བཞི་རྣམ་པ་བཞི། །བྱེད་ཅན་གྱི་བྱེད་པ་ཀུན། །ཅི་ནུས་པས་ནི་རྣམ་པར་བཤད། ། དེ་ལ་བྱེད་པོ་བརྗོད་པ་ལ། །དང་པོ་ཉིད་ནི་བསྒྲུབ་པར་བྱ། །གསུམ་པའམ་ནི་ཡང་ན་དྲུག །མ་བཤད་བྱེད་པ་རྣམ་པ་གཉིས། །བྱ་བའི་ལས་ལ་བྱས་པ་ཡི། །རྣམ་དབྱེའི་ཆོ་ག་སྔ་མ་བཞིན། །དེ་བཞིན་མ་བཤད་དང་པོ་ལ། །བདུན་པ་ལྔ་པ་བོར་བཞིན་དུ། །གསུམ་པ་དང་ནི་ལྔ་པ་ཉིད། །དྲུག་པ་ཡང་སྟེ་ བྱེད་པ་གསུམ། །ཡང་དག་རབ་སྦྱིན་དེ་བཞིན་གསུམ། །འབྱུང་ཁུངས་ཉིད་ནི་ལྔ་པ་སྟེ། །དེ་ལས་གཞན་དུ་འཇུག་པ་མིན། །གནས་གཞི་ཉིད་ནི་བདུན་པ་སྟེ། །འདིས་ནི་བྱེད་ཅན་ཡང་དག་བསྡུས། །ཏིང་དང་ཏ་བྱ་ཨཎ་སོགས་སུ་པ། །འགྲེལ་པ་བཞི་ནི་མངོན་བརྗོད་པ། །དྲུག་པའི་བསྡུ་དང་གྲངས་མེད་པ། ། ཉི་ཤུ་རྩ་བརྒྱད་རྗོད་པར་བྱེད། །རྟག་དང་མི་རྟག་སྦྱོར་བ་ཡིས། །འཇིག་དང་མི་འཇིག་རྣམ་པ་གཉིས། །ཚིག་གཉིས་ཚིག་མང་གྲངས་མཐའ་དང་། གཉི་གའི་གྲངས་སོགས་ཁྱད་པར་ལས། །གཞན་དོན་རྣམ་དྲུག་ཤེས་པར་བྱ། །གྲངས་སྔ་མ་ཅན་རྣམ་གཉིས་འདོད། །དང་གི་དོན་ནི་རྣམ་པ་བཞིར། །ཤེས་བྱ་གྲངས་ མེད་རྣམ་གཉིས་བཤད། །བསྡུ་བ་དེ་དག་རྣམས་ལ་ཡང་། །གཙོ་བོར་གྱུར་པ་རྣམ་པ་བཞི། །ཐུན་མོང་གྲངས་མེད་དངོས་བཤད་པ། །རྣམ་གསུམ་ཨཎ་ལ་སོགས་པར་བཤད། །ཚིག་རྣམས་ཀྱི་ནི་ནུས་པ་རྣམས། །དང་པོ་རབ་ཏུ་བཤད་པར་བྱ། །སྔ་མ་ཕྱེད་དང་ཕྱི་ཕྱེད་ཀྱང་། །ལ་བསྒྱུར་རྣམ་གཉིས་ཏིང་རྣམས་ཀྱིའོ། ། དོན་ལ་རྗེས་སུ་བརྟེན་ནས་ནི། །འདི་ཡི་ཐ་སྙད་འདི་ལྟ་བུ། །ཏིང་རྣམས་ཨ་ཏང་དང་ཏང་གི། །ཆ་ཡི་ཚིག་རྣམས་གསུམ་གསུམ་སྟེ། །དང་པོ་དབུས་མ་ཕྱི་མ་ཡི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །གཅིག་གཉིས་མང་པོ་བརྗོད་པ་ལ། །གཅིག་སོགས་དོན་གསུམ་རིམ་པས་སོ། །ཨ་ཏང་བྱེད་པ་པོར་ཤེས་བྱ། ། དངོས་པོ་དང་ནི་ལས་ལ་མིན། །དངོས་པོ་ལས་དང་བྱེད་པོ་ལ། །ཏང་རྣམས་གསུམ་དུ་བལྟ་བར་བྱ། །བྱིངས་ལས་ལས་མིན་དངོས་པོ་ལ། །དང་པོའི་གཅིག་གི་ཚིག་འགྱུར་རོ། །དེ་ཡི་ལས་དང་བྱེད་པོ་ལས། །བྱིངས་ལ་ཨ་ཏང་གསུམ་དུ་བཤད། །ངེས་པར་བསྟན་པའི་བྱ་བ་གང་། ། ལས་དང་བྱ་བ་དེ་རབ་འཇུག །མིང་ལས་ཡི་གེ་ངེས་སྦྱོར་བ། །དེ་ལ་སྐྱེས་བུ་དང་པོར་འགྱུར། །ཏྭཾ་ཡུ་བཱཾ་ཡཱུ་ཡཾ་ཞེས། །འདི་གསུམ་སྦྱོར་ལ་དབུས་མའོ། །ཨ་ཧཾ་ཨཱ་བཱཾ་བ་ཡི་ཞེས། །འདི་རྣམས་སྦྱོར་ལ་ཕྱི་མ་ཉིད། །པྲ་ཧཱ་ས་དང་གཞན་མཐོང་ལ། །རང་དོན་དབུས་མ་ཕྱི་མའོ། །སང་དང་གསུམ་རྣམས་ཀྱང་ འཇུག་སྟེ། །དངོས་དང་དེའི་ལས་བྱེད་པོ་ལ། །དངོས་པོ་ལ་ནི་ཨ་ཙ་ཨས་ལྷུཊ། །ཀྟིན་གྷཉ་རྣམས་ནི་འགྱུར་བ་སྟེ། །ཡུ་ཙ་ཨ་ཡིག་མིན་ལས་ཀྱང་། །བྱིངས་ལས་ལས་བཅས་ལས་མེད་ལ། །ལས་དང་དངོས་ལ་ཀྟ་འགྱུར། །ཏ་བྱ་ལ་སོགས་ཁ་ལའི་དོན། །དེ་དག་ཉིད་ནི་རྗེས་སུ་འཇུག །གསུམ་རྣམས་འགྲོ་ བའི་དོན་སོགས་རྣམས། །བྱ་བ་རྩོམ་ལ་དེ་བཞིན་སླར། །ལས་མེད་ལས་ནི་ཡང་དག་བྱུང་། །བྱེད་པོ་དངོས་པོ་དག་ལ་འཇུག །ཨིཥྞུ་ཙདཀྟ་བ་ཏུ་བི་ཙ་ཏྲཾ་ཎ་ཤཱ་ཀ་ན་ལྷུ་ཎི་ནྱཱ་ཙ། །ཨུ་ཨན་ཨུ་ཀཊ་ཌྷཀ་དང་། འཇུག་སོགས་རྣམས་ཉིད་པོ་ལའོ། །ཁྱབ་དང་ཏུ་ལན་ཀྟྲཱ་རྣམས། །སྔ་ཕྱིའི་དུས་ཅན་དངོས་པོ་ལའོ། ། དང་པོ་དང་ནི་གཉིས་པ་དག །བྱ་བ་ལ་ཡང་ཁྱད་པར་དུའོ། །འཇུག་བཞིན་པ་དང་ངེས་བསྟན་པ། །ཤ་ཏྲི་ཤཱ་ན་ཙ་དག་སྟེ། །རྫས་ལ་ལྟོས་དང་བཅས་པའི་ཕྱིར། །དེ་དག་བསྡུ་བ་མིན་ལ་འགྲུབ། །ཚིགས་བཅད་ཉི་ཤུ་རྩ་ལྔ་ཡིས། །གཞུང་གི་དོན་རྣམས་བསྡུས་པ་སྟེ། །མཁས་པ་རྣམས་ཀྱིས་མཆོག་གི་དོན། ། རབ་ཏུ་སྦྱོར་བ་རྟོགས་པར་བྱ། །འབྲེལ་བ་གྲུབ་པའི་མདོར་བསྟན་རྫོགས་སོ།། །།གང་ཞིག་ཇི་སྐད་མངོན་བརྗོད་པའི། །སྒྲ་ཡི་སྦྱོར་བ་ཤེས་འདོད་པ། །དེ་ཡིས་བྱེད་ཅན་བརྗོད་ཤེས་བྱ། །སྒྲ་ཡི་གནས་རྣམས་ཤེས་པར་བྱ། །མིང་དང་ཀུན་བཤད་ལ་སོགས་པ། །དེ་ཉིད་བྱེད་པ་པོར་ཤེས་བྱ། །ཞེས་བྱ་བ་དེ་ལ་ བྱེད་པ་ཅན་རྣམས་བྱེད་པོ་དང་ལས་དང་བྱེད་པ་དང་ཡང་དག་པར་སྦྱིན་པ་དང་འབྱུང་ཁུངས་དང་གནས་གཞི་རྣམས་ཏེ། དེ་རྣམས་ལ་ཡང་རྣམ་པ་ཉི་ཤུ་རྩ་གསུམ་གྱི་དབྱེ་བ་འཇུག་གོ། །ཅི་ལྟ་བུ་ཞེ་ན་བྱེད་པ་པོ་རྣམ་པ་ལྔ་དང་། བྱ་བའི་ལས་རྣམ་པ་བདུན་དང་། བྱེད་པ་རྣམ་པ་གཉིས་དང་། ཡང་དག་པར་རབ་ཏུ་སྦྱིན་པ་རྣམ་པ་ གསུམ་དང་། འབྱུང་ཁུངས་རྣམ་པ་གཉིས་དང་། གནས་གཞི་རྣམ་པ་བཞིར་འགྱུར་རོ། །དེ་ལ་བྱེད་པ་པོའི་རྣམ་པ་ལྔ་གང་ཞེ་ན། རང་དབང་གི་བྱེད་པ་པོ་དང་། རབ་ཏུ་སྦྱོར་བའི་བྱེད་པ་པོ་དང་། ལས་ཀྱི་བྱེད་པ་པོ་དང་། བཤད་པའི་བྱེད་པ་པོ་རྣམས་སོ། །དེ་ལ་རང་དབང་གི་བྱེད་པ་པོ་གང་ཞེ་ན་དཔེར་ན། པུ་ཎྱཾ་ཀ་ རོ་ཏི་ཤྲཱདྡྷཾ། མཻ་ཏྲཱི་བྷ་ཛནྟེ་ཤནྟཿ། བིདྱ་མུ་པཱ་སེ་ཏོ་ཀྲྀ་ཏི་ནཿཤྲི་ཡ་མཱ་སྣུ་བནྟི་དཀྵཿ། རབ་ཏུ་སྦྱོར་བའི་བྱེད་པ་པོ་ནི། དཔེར་ན། གྲཱ་མཾ་གཙྪ་ཏི་དེ་བ་དཏྟཿ། ཏཾ་གཙྪནྟ་མྤྲ་ཡུཾ་ཀྟེ་ཡཛྙ་དཏྟེ། གྲཱ་མ་ག་མ་ཡ་ཏི་དེ་བ་དཏྟཿ། ཡོ་དྷཱི་རོ་བ་ནཱི་ཏཱི་ན་ཧི་ཏ་ལ་བྷུམྤྲ་ཡུཾ་ཀྟེ། ས་དྷཱི་རོ་ཧི་ཏཾ་ལ་བྷ་ཡ་ཏི་བི་ནཱ་ཏཱ་ན། པཱ་ཙ་ཡཏྱོ་ད་ན་དེ་བ་ དཏྟེ་ན་ཡཛྙ་དཏྟཿ། ཙྪ་ཏྲཱ་ན་པཱ་ཋ་ཡ་ཏི་ཙྪི་ཏྲ་མུ་པཱ་དྷྱ་ཡཿ། མཱ་ན་བ་ཀཱན་བ་ད་མ་དྷྱཱ་ས་ཡ་ཏི་བྲཱ་ཧམ་ཎཿ། བྱེད་པ་ལ་རབ་ཏུ་སྦྱོར་བས་ན་རབ་ཏུ་སྦྱོར་བ་པོ་སྟེ། དེ་ཡང་བྱེད་པ་པོ་ཉིད་མངོན་པར་སྤྱོད་པས་སོ། །བྱེད་པ་པོ་འདི་ནི་རབ་ཏུ་སྦྱོར་བའི་བྱེད་པོའོ། །ལས་ཀྱི་བྱེད་པ་པོ་ནི། དཔེར་ན། སྭ་ཡ་མེ་བ་དྲྀ་ཤྱ་ཏེ་དུཥྚ་ཛ་ན་དོ་ཥཿ། སྭ་ཡ་མེ་བ་བཙྱ་ཏེ་ཨ་ཀྲྀ་ཏ་ཀུ་ལ་བུདྡྷ་ཡཿ། སྭ་ཡ་མེ་བཙྪ་དྱ་ཏེ་པྲ་ཀྲྀ་ཏ་ཛ་ན་སྣེ་ཧཿ། སྭ་ཡ་མེ་བ་ལ་ཡ་ཏེ་ཀེ་དཱ་རཿ། སྭ་ཡ་མེ་བ་པཙྱ་ཏེ་ཨོ་ད་ན་སྟེ་ས་ན་མྦཱ། ལྟ་བ་ཞེས་པ་ལ་སོགས་པ་དང་འཚེད་པ་ནི་ལས་ཉིད་དུ་རྟོགས་པར་བྱ་སྟེ། གང་བྱ་བ་ནི་ལས་སོ། །རང་ཉིད་ནི་རབ་ཏུ་གྲུབ་པར་བྱེད་པའོ། །སུ་ཀ་རེཿ། སྭེ་རྒུ་ཎེཿ། ཀརྟྟ། ཀརྨཿ། ཀརྟྟེ་ཏ་ཏིདྟ་དུཿ། ཚིག་གི་འདུ་བྱེད་ལ་བརྟེན་ནས་ངག་འབྱུང་སྟེ། རང་ཉིད་ཅེས་པ་བྱེད་པ་པོ་ཉིད་དོ། །དེའི་དངོས་པོ་དང་ལས་དག་ལའོ་ཞེས་པས་ཏང་བའོ། །ལིཊ་དང་སྨོན་པའི་ལིང་མ་ཡིན་པའི་ཏིང་ཤ་འགྲོ་བ་ལ་ཡཀའང་ངོ་ཞེས་པས་ཡཀའོ། །བཤད་པའི་བྱེད་པ་པོ་ནི། དཔེར་ན། སཱ་དྷ་བ་པ་རཱརྠ་ མུཏྤཱ་ད་ཡནྟི། ཀ་ཊཾ་ཀ་རོ་ཏི་དེ་བ་དཏྟཿགྲཱ་མངྒ་ཙྪ་ཏི། ཨོ་ད་ནཾ་པ་ཙ་ཏི། ཤཱསྟ་མ་དྷཱི་ཏེ། བུདྡྷ་ག་བནྟ་མྶཱ་ཛ་ཡ་ཏི་དྷཱརྨཱི་ཀཿ། དྷརྨྨཾ་སུ་ར་ཏི་སཾ་གྷ་མཱ་རཱ་དྷ་ཡི་ཏེ། བཤད་ཅེས་པ་ནི་བསྡུ་བ་དང་། ཨཎ་དང་ཏིང་ཏ་བྱ་ལ་སོགས་པ་རྣམས་ཀྱིས་རབ་ཏུ་གསལ་བར་བྱས་པའོ། །དེ་བཞིན་དུ་བཤད་པའི་ཏིང་དང་ཏ་བྱ་དང་ཨཎ་ལ་ སོགས་པ་སུབ་ཀྱི་འཇུག་པ་རྣམ་པ་བཞི་མངོན་པར་བརྗོད་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཤད་པའི་བྱེད་པ་པོ་ལ་རྣམ་པར་དབྱེ་བ་ནི། རྣམ་དབྱེ་དང་པོ་ཉིད་འགྱུར་རོ། །འོ་ན་བྱེད་པ་པོའི་དོན་ཁོ་ནར་བཤད་པ་དེ་ལ་རྣམ་དབྱེ་དང་པོ་སྦྱོར་བ་ཅི་ཞེ་ན། དོན་ཙམ་བརྗོད་པར་འདོད་པ་སྟེ། དོན་ཙམ་ལའོ་ཞེས་པས་དང་པོ་ཁོ་ན་ འགྱུར་རོ། །དོན་ཞེས་བྱ་བ་ནི། རང་གི་དོན་དང་རྫས་དང་རྟགས་དང་གྲངས་ཚད་དང་མཚན་ཉིད་ཙམ་གྱི་སྒྲ་ནི་རང་དོན་ནོ། །དོན་ཁོ་ན་དོན་ཙམ་མོ། །འབྲེལ་བ་ནི་བྱེད་པ་ཅན་ལ་མ་ལྟོས་པ་ཡིན་ནོ། །དེ་ལྟར་ཡང་། སྒྲ་དོན་རྟགས་དང་གྲངས་གང་ཡིན། །དེ་ནི་དོན་ཙམ་རྗོད་པར་བྱེད། །ཅེས་པ་སྟེ། འདིར་ རྣམ་དབྱེ་དང་པོས་གསལ་བར་རིགས་པར་བྱའོ། །དེ་བཞིན་དུ་བོད་པ་ཡང་ངོ་། །མ་བཤད་པའི་བྱེད་པ་པོ་ནི། དཔེར་ན། སཱ་དྷུ་བྷི། པ་ར་རྠམྦྱ་ས་ན་མཱ་ལ་མྤྱཏེ། གུ་རུ་ཎ་ཤི་ཥྱོ྅། དྷྱཱ་སྱ་ཏེ། ཀྲི་ཡ་ཏེ་ཀ་ཊོ་དེ་བདཏྟེ་ན། ཤཱསྟཾ་པ་ཥྱ་ཏེ་ཙྪ་ཏྲེཿ། བྷ་ག་བཱན་བུདྡྷ་པཱུ་ཛྱ་ཏེ་དྷཱ་རྨཱི་ཀཻཿ། གང་བྱ་བ་ནི་ལས་དང་། བྱེད་པ་པོའི་ གནས་སུ་བྱེད་པ་གཙོ་བོར་གྱུར་པའོ། །རབ་ཏུ་སྦྱོར་བ་མེད་པའམ་རབ་ཏུ་སྦྱོར་བ་དེ་ནི་བྱེད་པ་པོ་ཞེས་བྱ་བའི་བྱེད་པ་ཅན་ནོ། །དེ་ལ་མ་བཤད་པའི་བྱེད་པ་པོ་ལ་གསུམ་པའོ་ཞེས་པས་རྣམ་དབྱེ་གསུམ་པ་འགྱུར་རོ། །བསྡུ་བ་ལས་སོ་ཞེས་པས་མ་བཤད་པའི་ཕྱིར་རོ།། །།ལས་རྣམ་པ་བདུན་གང་ཞེ་ན། འདོད་པའི་ལས་ དང་། མི་འདོད་པའི་ལས་དང་། འདོད་པ་ཡང་མ་ཡིན་མི་འདོད་པ་ཡང་མ་ཡིན་པའི་ལས་དང་། གཙོ་བོ་མ་ཡིན་པའི་ལས་དང་། བཤད་པའི་ལས་རྣམས་སོ། །དེ་ལ་འདོད་པའི་ལས་ནི། དཔེར་ན། དུརྦི་ཛྙེ་ཡ་མ་པ་བུདྡྷ་དྷརྨཱི། ཤྲདྡྷ་དྷཱ་ཏུ་དཱ་རཱ་དྷི་མུཀྟཿ། ཨོ་ད་ནཾ་བྷུདྐྟེ་མ་ནུ་ཥྱཿ། བུདྡྷཾ་དྷྱཱ་ཡ་ཏི་དྷཱརྨི་ཀཿ། བྱ་བའི་ ལས་ལ་གཉིས་པའོ། །ཞེས་པས་རྣམ་དབྱེ་གཉིས་པ་འགྱུར་རོ། །མི་འདོད་པའི་ལས་ནི་དཔེར་ན། ཀ་ལྱཱ་ཎ་མ་པི་བུདྡྷཱ་དྷརྨ་པྲཏི་ཀྵེ་པནྟི་པཱ་ས་བུདྡྷ་ཡཿ། མ་ཧྲཱི་ལཾ་གྷ་ཡ་ཏི་ན་རཿ། བི་ཥཾ་བྷ་ཥ་ཡ་ཏི་ཀྲུ་དྷཿ། ཀཎྛ་ཀ་མརྡྷ་ཡ་ཏི་བཱ་ལཿ། མི་འདོད་པའི་བྱ་བའི་ལས་ལ་ཡང་གཉིས་པ་གྲུབ་བོ། །འདོད་པ་ཡང་མ་ ཡིན་མི་འདོད་པ་ཡང་མ་ཡིན་པའི་ལས་ནི། །དཔེར་ན། ས་ཡ་སམྦྷ་ཀྵ་ཡ་ན་ས་ཏ་ཏྱ་ཏི་ཏ་ར་ཛོ་བྷ་བ་དྷ་ར་ཏི་ཀུ་མཱ་ར་ཀཿ། ཡོངས་སུ་མི་ཤེས་པའི་ཕྱིར་རྡུལ་ཏེ། འདི་ནི་འདོད་པ་ཡང་མ་ཡིན་མི་འདོད་པ་ཡང་མ་ཡིན་པ་ཞེས་བརྗོད་དོ། །དེ་བཞིན་དུ། གྲཱ་མཱངྒཙྪ་པྲྀཀྵ་མཱུ་ལཱ་ནྱུ་པ་སརྦ་ཡ་ཏི། གཙོ་བོ་མ་ཡིན་ པའི་ལས་ནི་དཔེར་ན། གཱནྡྷོ་གྡྷི་པ་ཡོ་གོ་པཱ་ལ་ཀཿདེ་བ་དཏྟ་ཡ་ཙ་ཏེ་ཀམྦ་ལཾ་བྲཱ་ལཾ་བྲཱཧྨ་ཎཿ། བྲ་ཛ་མེ་བ་རུ་ཎ་དྡྷི་གཱཾ་གོ་པཱ་ལ་ཀཿཨུ་པཱདྷྱ་ཡ་པྲྀཙྪ་ཏི་ཤཱསྟཾ་ཤཻ་ཥྱཾཿ། ཨཱི་ཤྭ་ར་བྷིཀྵ་ཏེ་སུ་ཝརྞྞཾ་བྲཧྨ་ཎཿབྲྀཀྵ་མ་པ་ཙི་ནོ་ཏི་ཕ་ལཱ་ནི་དཱ་ར་ཀཿཤི་ཥྱཾ་བྲ་བཱི་ཏི་ཤཱསྟྲ་གུ་རུཿ། སུ་ཏ་མ་ནུ་ཤཱསྟྲི་ཤཱསྟྲི་མྶ་ཏཱ་རྣམས་སོ། །བྱེད་པ་ པོའི་ལས་ནི་དཔེར་ན། ཤིཥྱངྒ་མ་ཡ་ཏི་གྲཱ་མངྒུ་རུཿ། བོ་ཡ་ཏི་ཤཱསྟ་མུ་དྷྱ་ཡཿ། ཤིཥྱ་བོ་ཛྱ་ཨོ་ད་ནཾ་དེཔ་དཏྟཾ་ཡཛྙ་དཏྟཿ། པཱ་ཋ་ཏི་མཱ་ན་བ་ཀིམྦ་ད་མུཔ་དྷྱཱ་ཡཿ། ཨཱ་ཤ་ཡ་ཏི་དེ་བྦ་དཏྟཾ་ཡཛྙ་དཏྟཿ། པཱ་ཤ་ཡ་ཏི་པ་ཏིསྒྱུཪྻ། འགྲོ་བ་དང་རྟོགས་པ་དང་། ཟས་དང་སྒྲའི་དོན་དང་ལས་མེད་པ་རྣམས་ཀྱི་སྦྱར་བྱ་ལའོ་ཞེས་པས་ སྦྱར་བར་བྱ་བའི་བྱེད་པ་པོ་ལ་གཉིས་པ་འགྱུར་བའོ། །བཤད་པའི་ལས་ནི་དཔེར་ན། ཀ་ཊཿ། ཀྲི་ཡ་ཏེ་དེ་བདཏྟེ་ན། བྷཱ་ར་དྷི་ཡ་ཏེ་དེ་བ་དཏྟེ་ན། ཨོ་ད་ནཿ། པ་ཙུ་ཏི་ཤུ་དྲེ་ཎ། ཤཱ་སྠཱསྦ་བྱེ་ཏེཚྭ་བུ་ཏཻཿ། བེ་དོ྅དྷི་ཡ་ཏེ་མཱ་ན་བ་ཀེ་ན། བཤད་པའི་ལས་ལ་དོན་ཙམ་ལ་དང་པོའོ་ཞེས་པ་དང་པོའོ། །བྱེད་པ་པོ་ལ་ཇི་སྐད་བཤད་ པ་དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །མ་བཤད་པའི་བྱེད་པ་པོ་ནི་དཔེར་ན། ཀ་ཊཾ་ཀ་རོ་ཏི་ན་རཿ། ཀུམྦྷ་ནིཥྤཱ་ད་ཡ་ཏི་ཀུམྦྷ་ཀཱ་རཿ། ཀཱཎྜ་ལུ་ནཱ་དེ་བ་དཏྟཿ། སུ་བརྞྞ་ཀུཎྜ་ལ་ཀ་རོ་ཏི་སུ་བརྞྞ་ཀཱ་རཿ། གྲི་ཧ་བྲ་བི་ཤྱ་ཏི་ནཱི་རཱིཿ། བེེ་ད་མ་དྷཱི་ཏེ་མཱ་ན་ཀ་བ་ཀཿ། དྷརྨྨ་ཤྲྀ་ཎོ་ཏི་པྲཛྙཿ། །བུདྡྷཾ་བྷ་ག་བཱ་ནཾ་བནྟ་ཏེ་ཤྲཱདྡྷཿ། དེ་ལྟར་ཡང་བཤད་པ། །ངེས་འཇུག་རྣམ་འགྱུར་ཐོབ་བྱ་དང་། འདི་དག་རྣམ་པ་གསུམ་དུ་འདོད། །བྱེད་པ་པོ་དང་བྱ་བ་ལས། །རེ་ལྡེ་ཚེར་མ་ཁྱིམ་དུ་བརྗོད། །དེ་ལ་མ་བཤད་པའི་ལས་ནི་བསྡུ་བ་ལ་སོགས་པ་རྣམས་ཀྱིས་བཤད་པའི་ཕྱིར་རོ། །བྱ་བའི་ལས་ལ་གཉིས་པའོ། །ཞེས་པས་རྣམ་དབྱེ་གཉིས་པ་ འགྱུར་རོ། །བཤད་པའི་ལས་ནི་ཕྱི་དང་ནང་གི་བྱེད་པས་རྣམ་པ་གཉིས་ཏེ། ནང་གི་ལུས་ཀྱི་ཡན་ལག་ལ་བརྟེན་པའོ། །ཕྱིའི་ནི་དེ་ལས་བཟློག་པའོ། །དེ་སྐད་དུ་ཡང་། བརྗོད་པར་འདོད་པའི་བྱ་བའི་ལས། །བྱེད་ཅན་འདི་ནི་མཆོག་ཏུ་གྲུབ། །བྱེད་པ་ཕྱི་དང་ཡིད་ཀྱང་རུང་། །རྣམ་གཉིས་མིག་དང་ཟོར་བ་སོགས། ། ཞེས་སོ། །ནང་གི་ནི་དཔེར་ན། ནི་ཏྲ་ཎ་ནི་རཱ་ཀྵི་ཏ་སུ་ཏྲཱཉྫ་ན་ཀཿ། བྱ་བའི་ཁྱད་པར་ཡང་བྱ་བའི་ལས་ཉིད་ཀྱི་ཕྱིར་གཉིས་པའོ། །སྟོ་ཀཾ་ཙ་ལ་ཏི། །གོང་དོ་ཧ་མ་སྟེ། ཨོ་ད་ན་སྲ་ཀ་སེ་ཏ་ཞེས་སོ། །དཔེར་ན། མཱ་ན་སཱ་པཱ་ཊ་ལི་པུ་ཏྲཱཾ་གཙྪ་ཏི། །གཧྲ་ཎེ་ན་པུཥྤཱ་ནི་ཛིགྷྲ་ཏི་ལོ་ཀཿ། ཛི་ཧྲ་ཡཱ་ར་ས་མཱ་སྭཱ་ད་ཡ་ཏི། ཤྲ་བཎ་ན་ཤབྷཱ་ན་གྲྀཧྞཱ་ཏི། ཀཱ་ཡེ་ན་སུ་ཁ་མ་ནུ་བྷ་བ་ཏི་མོ་ཀཿ། ཕྱི་རོལ་གྱི་ནི་དཔེར་ན། དཱ་ཏྲེ་ཎ་དྷཱ་ནྱ་ལུ་ནཱ་ཏི། པ་ར་ཤུ་ནཱ་ཙྪི་ནནྟི། ཨ་ཤྭེ་ན་པྲཛ་ཏི། ཧསྟི་ཏ་གཙྪ་ཏི་བུཥྞུ་མི་ཏྲཿ། །པྲཛྙ་ཁཌྒེ་ནཱ་ཛྙཱ་ནཾ། ཧིནྟ། བྷ་ག་བཱ་ན་མཉྫུ་གྷོ་ཥ་ལོ་ཀ་སྱ་སརྦ་དྷ། ཀྲི་ཡ་ཏེ་ཡ་མ་ཏི་ཀ་ར་ཎི། ཨསྱ་བཱ་ཙ་སྱ་ཏྲིཔྟཱི་ཀ་རོ་ཏི། བྱེད་ པ་ཅན་གྱི་བྱ་བ་ཡི། །ཆོ་གས་རྒྱུ་ནི་འགྲུབ་པར་བྱེད། །གང་དེ་འཆད་པར་འདོད་རྣམས་ལ། །བྱེད་པ་དེ་ནི་རབ་ཏུ་བསྒྲགས། །དེ་ལ་ཐམས་ཅད་དུ། བྱེད་པ་པོ་ལ་ཞེས་པས་གསུམ་པའོ། །ཡང་དག་པར་རབ་ཏུ་སྦྱིན་པ་རྣམ་པ་གསུམ་གང་ཞེ་ན། སྐུལ་བ་དང་རྗེས་སུ་སེམས་པ་དང་། ཨ་ནི་རཱ་ཀརྟྲི་ཀ་ཞེས་བྱ་བ་རྣམས་སོ། །སྐུལ་བ་ནི། དཔེར་ན། དྲཱ་ཧྨ་ཎཱ་ཡ། གཱནཱ་དཱ་ཏི་ན་རཿ། དེ་ནི་གང་གི་ཕྱིར་བྲམ་ཟེས་མོད་ལ་དགའ་བར་བྱས་ནས་ང་ལ་བྱིན་ཅིག་ཅེས་སྐུལ་བར་བྱེད་པས་ན་སྐུལ་བ་པོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ། མཱ་ན་བ་ཀཱ་ཡ་བྷི་ཀྵཱནྡ་དཱ་ཏི། དུ་བྷུ་ཀྵི་ཏཱ་ཡ་ཨོ་ད་ན་པ་ད་དཱ་ཏི། རྗེས་སུ་སེམས་པ་ནི་དཔེར་ན། ཨ་ཏི་ཤ་ཡེ་བྲྀཀྵ་མཱུ་ལཾ་དང་དཱ་ཏི་ཏ་པ་དྷ་ནཿ། ས་ཧྱ་ཏི་ཐརྦཾ་ཀྵ་མཱུ་ལཱརྠཾ་ན་ཏ་བྲ་ར་ཡ་ཏི། དེས་སྦྱིན་པར་བྱེད་ཅིང་རྗེས་སེམས་པ་ཞེས་བརྗོད་དོ། །ཨ་ནི་རཱ་ཀྭརྟྲྀ་ན་དཔེར་ན། ཙཻ་ཏྱཱ་ཡ་ཀུ་སུ་མཱི་ན་པྲ་པ་ཏི་ཏ་ལོ་ཀཿ། དེ་ནི་གང་གི་ཕྱིར་རྗེ་བཙུན་གྱི་མཆོད་རྟེན་ལ་འབུལ་བར་བྱེད་ཅིང་མེ་ ཏོག་རྣམས་འཐོར་བར་བྱེད་པ་ཡིན་ལ། རྗེས་སུ་སེམས་པར་བྱེད་པ་མ་ཡིན་པས་དེའི་ཕྱིར། ཨ་ནི་རཱ་ཀརྟྲྀ་ཀ་ཞེས་བརྗོད་དོ། །མཆོད་པ་དང་རྗེས་སུ་འཛིན་པར་འདོད་པ་དང་ཡང་དག་པར་ཕུལ་དུ་བྱུང་བས་དྲན་པར་བྱེད་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ། །དེ་ལྟར་ཡང་། རྗེས་སེམས་ནི་རཱ་ཀརྟྲྀ་དང་། སྐུལ་བར་ བྱེད་པའི་རྒྱུ། ལས་དང་ཐོབ་དང་སྦྱིན་བྱེད་པ། །ཡང་དག་རབ་ཏུ་སྦྱིན་པར་བསྒྲགས། །དེ་ཐམས་ཅད་ལ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ་ཞེས་པས་བཞི་འགྱུར་རོ། །འབྱུང་ཁུངས་རྣམ་པ་གཉིས་སུ་ཤེས་པར་བྱ་བ་གང་ཞེ་ན། གཡོ་བ་དང་མི་གཡོ་བའོ། །དེ་ལ་གཡོ་བ་ནི་དཔེར་ན། དྷཱ་བ་ཏོ྅་ཤྭཱ་རྦ་ཏི་ ཏོ྅་ཤྭ་པཱ་ར་ཐིཿ། དྷཱ་བ་ཏོ་ཧསྟི་ནཿཔ་ཏི་ཏོ྅ངྐུ་ཤ་དྷཱ་ར་ཀཿ། མི་གཡོ་བ་ནི་དཔེར་ན། གྲཱ་མཱ་དཱ་གཙྪ་ཏི་པུ་རུ་ཥཿ། སྭ་རྒཱ་ད་བ་ཏ་རནྟི་དེ་བཱཿ། སརྤཱ་ཏཱ་ད་བ་རོ་ཧནྟི་མུ་ན་ཡཿ། ཡང་ན་མཚམས་སུ་གྱུར་པའི་ཚིག་གི་དོན་རྣམས་ཀྱང་གཡོ་བ་དང་མི་གཡོ་བ་སྟེ། སྔ་མའི་གཟུགས་ལས་མ་ཉམས་པར་འབྱུང་བ་རབ་ཏུ་རྗོད་ པར་བྱེད་པའོ། །དེས་ན་འབྱུང་ཁུངས་ལ་ལྔ་པའོ་ཞེས་པས་ལྔ་པ་འགྱུར་རོ། །དེ་བཞིན་དུ་གནས་གཞི་རྣམ་པ་བཞི་གང་ཞེ་ན། མངོན་པར་ཁྱབ་པ་ཅན་དང་། ཉེ་བར་འབྱར་བ་ཅན་དང་། ཡུལ་ཅན་དང་། ཉེ་བ་ཅན་ཞེས་པ་རྣམས་སོ། །དེ་ལ་ཁྱབ་པས་ན་མངོན་པར་ཁྱབ་པ་ཅན་ནོ། །ཉེ་བར་གནས་པས་འཇུག་པ་ དང་། ཉེ་བར་འབྱར་བ་དང་འདྲ་བས་ཉེ་བར་འབྱར་བ་ཅན་ཏེ། འོན་ཀྱང་ཉེ་བར་སྦྱོར་བ་ཁོ་ན་ཉེ་བར་འབྱར་བ་ཅན་ནོ། །ཡུལ་ལ་གནས་པས་ཡུལ་ཅན་ནོ། །ཉེ་བར་གནས་པས་ཉེ་བ་ཅན་ནོ། །མངོན་པར་ཁྱབ་པ་ནི་དཔེར་ན། ཏི་ལི་ཥུ་ཏཻ་ལཾ་ད་དྷི་ཥུ་སརྦིཿ། ཀྵཱི་རེ་ཥུ་ཤི་ལི་ལཾ། ཉེ་བར་སྦྱར་བ་ཅན་ནི། དཔེར་ན། ཀ་ཊེ་ཨཱསྟེ་དེ་བ་ དཏྟཿ། ཤ་ཡྻ་ཡཱ་པེ་དེ་བ་དཏྟཿ། ཤ་ཀ་ཊེ་ཏིཥྛ་བྷིཀྵ་བཿ། པུ་ནྱ་བ་ཏཱནྟིཥྛ་ཏི་མ་ན་སི་མཉྫུ་བཛྲཿ། ཡུལ་ཅན་ནི་དཔེར་ན། བ་ནེ་བ་ས་ཏི་མྲྀ་ག་རཱ་ཛཿཛ་ལེ་ཥུ་བ་སནྟི་མཪྵྱཱ། ཨཱ་ཤྲ་མ་བ་ས་ཏི་ཏ་པོ་དྷ་ནཱཿ། ཨཱ་ཀཱ་ཤེ་བྷྲ་མིནྟ་ཤ་ཀུ་ན་ཡཿ། ཉེ་བ་ཅན་ནི་དཔེར་ན། གངྒཱ་ཡཱཾ་གྷོ་ཥཿ། ན་དྱཱཾ་གཱ་བ་པྲ་ཏི་བ་ས་ཏི། ཀཱུ་པེ་ གརྒ་ཀུ་ལཾ། འདིར་ཀུན་ནས་འཛིན་པས་གནས་གཞི་སྟེ། དེ་ལྟར་ཡང་། གནས་གཞི་ཁྱབ་བྱེད་ཉེ་བར་སྦྱར། །དེ་བཞིན་ལུས་ཅན་ཞེས་བྱ་དང་། །ཉེ་བ་ཅན་ཞེས་བྱ་བ་སྟེ། །རྣམ་བཞིར་རབ་ཏུ་ཤེས་པར་བྱ། །ཞེས་པ་སྟེ། གང་དང་གང་དུ་གནས་པ་དེ་དང་དེ་འཛིན་པར་བྱེད་པས་གནས་གཞི་སྟེ། བཞི་ལ་ བདུན་པའོ་ཞེས་པས་རྣམ་དབྱེ་བདུན་པ་འགྱུར་རོ། །གལ་ཏེ་བྱེད་པས་ན་བྱེད་པ་ཅན་དུ་བརྗོད་དེ། དེ་ལ་ནི་བྱེད་པ་པོ་གཅིག་གིས་བྱེད་པའི་ཕྱིར་བྱེད་ཅན་ཉིད་དུ་འགྱུར་གྱི། ལས་དང་བྱེད་པ་ཡང་དག་པར་རབ་ཏུ་སྦྱིན་པ་དང་འབྱུང་ཁུངས་དང་གནས་གཞི་རྣམས་མ་ཡིན་ནམ་ཞེ་ན། འདི་ལྟར་བྱེད་ཅན་མི་འགྱུར་ ཏེ། དེའི་ཕྱིར་བཤད་པ། བྱེད་ཅན་གྱི་ནི་བྱེད་པ་ཀུན། །ཅི་ནུས་པས་ནི་རྣམ་པར་དབྱེ། །འདིའི་དགོངས་པ་ནི། འདིར་ནུས་པ་ནི་བྱེད་པ་ཅན་ཏེ། རྫས་ནི་གཙོ་བོ་མ་ཡིན་ནོ། །རྫས་ཀྱང་བྱེད་པ་ཅན་ཏེ། ནུས་པ་དང་ནུས་པ་ཅན་དག་ཐ་དད་མེད་པའི་ཕྱིར་རོ། །དེ་ཕྱིར་ནུས་པའི་རབ་ཏུ་དབྱེ་བ་དུ་མ་དང་། རྫས་དང་ དེའི་བྱེད་པ་ཅན་དག་ཅི་ནུས་པས་བཤད་པར་བྱ་ཞེས་པའོ། །དཔེར་ན། ཨགྣི་ནཱ་པ་ཙ་ཏི། སྠཱ་ལྱཱམྦ་ཙ་ཏི། བ་ལཱ་ཧ་ཀོ་བི་དྱོཏ་ཏེ། བིདྻུ་ཏ། བ་ལཱ་ཧ་ཀཾ་བིདྱོ་ཏ་ཏེ་བི་དྻུ་ཏ། བ་ལཱ་ཧ་ཀེ་ན་བིདྱོ་ཏ་ཏེ། བ་ལཱ་ཧ་ཀཱ་ཡ་བི་དྱོ་ཏ་ཏེ། བ་ལཱ་ཧ་ཀཱདྡི་དྱོཏ་ཏེ། བ་ལཱ་ཧ་སྱེ་བི་དྱོ་ཏ་ཏེ། བ་ལ་ཧ་ཀེ་བེདྱུཏ་བི་དྱཏ་ཏེ། དེ་ལྟར་བྱས་ ནས་ཀྱང་བརྗོད་པར་བྱ་སྟེ། བྱེད་པ་ཅན་རྣམས་རྣམ་པར་བཤད་པའོ། །འདི་ཉིད་ཀྱི་ཚིགས་སུ་བཅད་པས་ཤིན་ཏུ་གསལ་བར་གསུངས་པ། གཅིག་ཀྱང་དུ་མ་ཉིད་འགྱུར་ཞིང་། ནཱཌྷཾ་ལྡཱ་ཡ་ཐཱ་ན་ཌྷཿ། དེ་བཞིན་ལས་ལ་ཐོབ་པ་སོགས། །སྒྲ་དོན་དུ་མ་ཉིད་དུ་འགྱུར། །ཞེས་སོ། །དེ་ལ་བྱེད་པ་པོ་མངོན་ པར་བརྗོད་པ་ལ་དང་པོ་ཁོ་ན་བསྒྲུབ་པར་བྱ་སྟེ། དཔེར་ན། བུདྡྷ་བྷ་ག་བཱན་དེ་ཤ་ཡ་ཏི་དྷརྨ་དེ་བ་དཏྟཿ། པཱ་ཙ་ཡ་ཏྱོ་ད་ནཿ། ཀ་ཊ་ཀ་རོ་ཏི་པུ་རུ་ཥཿ། དོན་ཙམ་ལ་དང་པོའོ་ཞེས་པས་དང་པོའོ། །གསུམ་པའམ་ཡང་ན་དྲུག་པ་སྟེ། །བྱེད་པ་པོ་རྣམ་པ་གཉིས་བཤད། །ཅེས་པའི་དོན་ཅི་ཞེ་ན། མ་བཤད་པའི་བྱེད་པ་པོ་ལ་རྣམ་དབྱེ་གསུམ་པའམ་དྲུག་པ་འགྱུར་བའོ། །གསུམ་པ་ནི་དཔེར་ན། ཨོ་ད་ནཾ་པ་ཙྱ་ཏེ་ཤཱུ་དྲེ་ཎ། ཀ་ཊཿཀྲི་ཡ་ཏེ་ན་རེ་ཎ། མུཀྟི་མཱརྒ་བྷ་ག་བ་ཏཱ་བུདྷེ་ནོ་པ་དི་ཤྱ་ཏེ། བྱེད་པ་པོ་ལ་གསུམ་པའོ་ཞེས་པས་གསུམ་པ་འགྱུར་རོ། །དྲུག་པ་ནི་དཔེར་ན། པ་ར་ལོ་ཀ་བྷཱི་ཏ་སྱ་བེ་དི་ཏ་བྱཱ་དྷརྨྨཿ། ཀཊཿ། ཀརྟྟ་ག་པུཾ་ས་བྱོ་དེ་བ་དཏྟ་སྱ། །ཨོ་ད་ནཿ། པ་ཙ་ནཱི་ཡོ་ཡཛྙོ་དཏྟ་སྱ། གྲཱ་མོ་གནྟ་བྱོ་ཡཛྙ་དཏྟ་སྱ། ས་ཡཿཔེ་ཡོ་མ་ན་ཥ་སྱ། དྷྱེ་ཡོ་ཡོ་ག་ལོ་ཀ་སྱ། ཀཱཪྻཿ། ཀ་ཊོ་བིཥྞུཿམི་ཏྲ་སྱ། ཏ་བྱཱ་ཨ་ནཱི་ཡ་ར་ཀེ་ལི། མ་ར་ཡ་ཏ། རི་དང་ཧལ་ལས་ཎྱ་ཏའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་ཏ་བྱཱ་ལ་སོགས་པ་ བསྒྲུབ་པར་བྱའོ། །འདིར་བྱེད་པ་པོའི་འབྲེལ་པ་འཆད་པར་འདོད་པ་ལ་དྲུག་པ་སྟེ། བྱེད་པ་པོ་ཉིད་ལ་འཆད་པར་འདོད་པ་ལ་ནི་གསུམ་པ་ཁོ་ནར་འགྱུར་རོ། །འཇིག་རྟེན་ཕ་རོལ་ལ་འཇིགས་པར་ཆོས་རིག་པར་བྱ། ལྷས་བྱིན་གྱིས་རེ་ལྡེ་བྱ་ཞེས་པ་ལ་སོགས་པར་ཡང་བལྟ་བར་བྱའོ། །བྱ་བའི་ལས་མ་བྱས་པ་ སྟེ། རྣམ་དབྱེའི་ཆོ་ག་སྔ་མ་བཞིན། །ཞེས་པ་ནི་ཇི་སྐད་བཤད་པའི་བྱེད་པོ་ལ་དང་པོ་འགྱུར་བར་བཤད་པ་དེ་བཞིན་དུ་བྱ་བ་ལ་ཡང་དང་པོ་འགྱུར་ཏེ། དཔེར་ན། པ་ཙྱ་ཏེ་ཨོ་ད་ནོ་དེ་བ་དཏྟེ་ན། ཧྲི་ཡ་ཏེ་བྷཱ་རོ་ན་རེ་ཎ། བནྡ་ཏེ་བུདྡྷོ་དྷཱརྨི་ཀེན། ག་མྱ་ཏེ་གྲཱ་མོ་མ་ནུ་ཥྱེ་ཎ། དེ་བཞིན་མ་བཤད་དང་པོ་ལ། །བདུན་པ་ ལྔ་པ་བོར་བ་བཞི། །ཞེས་པའི་དོན་ཅི་ཞེ་ན། མ་བཤད་པའི་དང་པོའི་ལས་ལ་བདུན་པ་དང་ལྔ་པ་བོར་བའི་ལྷག་མའི་རྣམ་དབྱེ་བཞི་པོ་རྣམས་འགྱུར་ཏེ། གཉིས་པ་དང་གསུམ་པ་དང་བཞི་པ་དང་དྲུག་པ་རྣམས་སོ། །གཉིས་པ་ནི་དཔེར་ན། གྲཱ་མ་གཙྪི་ཏ་པུ་རུ་ཥཿ། བུདྡྷམྦྷ་ག་བནྟཾ་ན་མ་སྱ་ཏི་ལོ་ཀཿ། བྱ་བའི་ ལས་ལ་གཉིས་པའོ། །གསུམ་པ་ནི་དཔེར་ན། ཏྲེ་ཎ་སཉྫཱ་ནཱི་ཏེ། མཱ་ཏ་རཾ་ཉྫཱ་ནཱི་ཏེ། ཨཱཏྨཱ་སཉྫ་ནི་ཏེ། ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་རྟོགས་པར་བྱའོ། །མིང་གི་ལས་ཡང་ནའོ་ཞེས་པས་ཡང་ན་གསུམ་པའོ། །སམ་དང་པྲ་ཏི་ལས་མ་བཤད་པ་ལའོ་ཞེས་ཏངའོ། །བཞི་པ་ནི་དཔེར་ན། གྲཱ་མཱ་ཡ། གཙྪ་ཏི། གྲཱ་མཱ་ཡ་བྲ་ཛ་ཏི། ན་ག་རཱ་ཡ་པྲཛ་ཏི། ལས་ལས་དེའི་ཆེད་ཀྱི་དོན་འཆད་པར་འདོད་པ་ལ། དེའི་ཆེད་ཀྱི་དོན་ལའོ་ཞེས་པས་བཞི་པའོ། །ལས་འཆད་པར་འདོད་པ་གཉིས་པ་ཁོ་ན་འགྱུར་རོ། །དྲུག་པ་ནི་དཔེར་ན། ཀ་ཏ་སྱ་ཀ་རཱ་ཀོ་དེ་བ་དཏྟཿ། ཨོ་ད་ན་སྱ་པཱཙ་ཀཿ། ཀཱཥྛ་སྱ་བྷེ་ད་ཀ། སཾ་ཤ་ཡཱ་ནཱཾ་ཙྪེ་བུདྡྷོ་བྷ་ག་བཱན། ཛྙཱ་ཏཱ་རོ་བྷིཀྵ་བི་ཛྙཱ་ན་སྱ། ལས་ཀྱི་འབྲེལ་པ་འཆད་པར་འདོད་པ་ལ་ནི། འབྲེལ་བ་དྲུག་པའོ་ཞེས་པས་རྣམ་དབྱེ་དྲུག་པ་འགྱུར་རོ། །གསུམ་པ་ལྔ་པ་དྲུག་པ་སྟེ། བྱེད་པ་ཉིད་ཀྱང་རྣམ་པ་གསུམ། །ཞེས་པའི་དོན་ཅི་ཞེ་ན། མ་བཤད་པའི་བྱེད་པ་ཉིད་ལ་རྣམ་པར་དབྱེ་ བ་དེ་གསུམ་པ་འགྱུར་རོ། །གསུམ་པ་ནི་དཔེར་ན། ཀུ་ཐཱ་རེ་ཎ་བྷི་དྱནྟེ་ཀཱཥྛ་དེ་བ་དཏྟེ་ན། དཱ་ཏྲེ་ཎ་ལུ་ནཱ་ཏི་པྲཱི་ཧིནྟ་རཱ། བྱེད་པ་ལའོ་ཞེས་པས་གསུམ་པའོ། །ལྔ་པ་ནི་དཔེར་ན། སྟོ་ཀཱཏྨཀྟཿ། སྟོ་ཀེ་ན་ལུཀྟཿ། ཨལྤཱ་ཏྨུཀྟཿ། ཨལྤེ་ན་མུཀྟཿ། ཀྲྀཙྪདྨུཀྟཿ། ཀྲྀཙྪེ་ཎ་མུཀྟཿ ཀ་ཏི་བ་ཡེ་ ལས་འབྲེལ་པ་ཤེས་པར་བྱེད་དོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དེ་ལྟ་བུ་དེ་ནི་འབྲེལ་པ་དྲུག་པའོ། །དྲུག་པ་བཞི་པ་གསུམ་པ་སྟེ། །དེ་བཞིན་ཡང་དག་རབ་སྦྱིན་གསུམ། །ཞེས་པའི་དོན་ཅི་ཞེ་ན། དྲུག་པ་ནི་དཔེར་ན། པུ་རུ་ཥ་མྲྀ་ག་ཤྩནྡྲ་མ་སོ་དཱ་ཏ་བྱཿ། བརྒྱ་བྱིན་གྱིས་ཟླ་བ་ལ་བྱིན་ཞེས་པའི་དོན་ཏོ། །ཡང་ དག་པར་རབ་ཏུ་སྦྱིན་པར་འབྲེལ་བར་འཆད་པར་འདོད་པ་ལ་དྲུག་པའོ། །བཞི་པ་ནི་དཔེར་ན། ཨུ་པཱ་དྷྱཱ་ཡཱ་ཡ་གཱནྡ་དཱ་ཏི་ཤི་ཥྱཿ། མཱ་ན་ཀཱ་ཡ་བྷཀྵིནྡ་དཱ་ཏི་བྲཱཧྨ་ཎི། ཀྵུ་དྷ་ཏཱ་ཡ་ཨོ་ད་ནནྡ་དཱ་ཏི་དེ་བ་དཏྟཿ། བུདྡྷཱ་ཡ་པུཥྤཱ་ཉྫ་ལིནད་དཱ་ཏི་བྷིཀྵ་བཿ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ། །གསུམ་པ་ནི་དཔེར་ན། དཱ་ སྱཱ་སནྤྲ་ཡཙྪ་ཏེ་མཱ་ལཱཾ་ཀཱ་མུ་ཀཱཿ། བྲན་མོ་ཕྲེང་བ་སྦྱིན་པར་བྱེད། །ཅེས་པའི་དོན་ཏོ། །དཱ་ཎ་ལས་གལ་ཏེ་དེ་བཞི་པའི་དོན་ལའོ་ཞེས་པས་ཏང་བའོ། །འདི་ནི་ཁྱད་པར་ཅན་མ་ཡིན་པའི་ཐ་སྙད་ལ་ཡང་དག་པར་རབ་ཏུ་སྦྱིན་པའི་བྱེད་པ་འཆད་པར་འདོད་པ་ལ་གསུམ་པ་སྟེ། དེ་ནི་དེ་ལ་སྒྲུབ་བྱེད་མཆོག་ཉིད་ཀྱི་ ཕྱིར་རོ། །ལྔ་པ་འབྱུང་ཁུངས་ཁོ་ན་སྟེ། །དེ་ལས་གཞན་དུ་འཇུག་པ་མིན། །ཞེས་པ་ནི་དཔེར་ན། སརྦ་ཏཱ་བ་རོ་ཧནྟི་མ་ཧ་ཪྵ་ཡཿ། གྲཱ་མཱ་དཱ་གཙྪ་ཏི་པུ་ར་ཥཱཿ། པྲྀཀྵཱ་ཏྤརྞྞམྤ་ཏ་ཏི། ཙོ་བོ་རི་བྷོ་བི་བྷེ་ཏི། བྷོ་ཛ་ནཱཏྤ་རཱ་ཛ་ཡ་ཏེ། བིཥྞུ་མ་ཏྲཿ། ཡ་བྷེ་བྷྱོ་གནྦཱ་ར་ཡ་ཏི་སངྒཱཏྶ་རོ་ཛཱ་ཡ་ཏེ། ཧ་མི་བ་ཏོ་གཾ་གཱ་ཏྤྲ་བྷ་བ་ཏི། འབྱུང་ཁུངས་ལ་ལྔ་པའོ་ཞེས་པས་ལྔ་པའོ། །བདུན་པ་ཉིད་ནི་གནས་གཞི་སྟེ། །ཞེས་པ་དཔེར་ན། གྲཱ་མེ་བ་ས་ཏི་དེ་བ་དཏྟཿ། པུ་ཎྱ་བ་ཏྲཾ་མ་ན་སི་མཉྫུ་བཛྲཿ། གཞི་ལ་བདུན་པའོ་ཞེས་པས་བདུན་པའོ། བྱེད་པ་པོ་ཉིད་ཡང་དག་བསྡུས། །ཞེས་བྱ་བ་ནི། ཕྱོགས་ཙམ་བསྟན་པའི་དོན་དུ་བྱེད་པ་པོ་ཡང་དག་ པར་བསྡུས་ནས་བཤད་པ་འདི་ཡིན་ལ། རྒྱས་པར་ནི་འགྲེལ་བ་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ་ཞེས་པའོ། །མཚོན་པར་བྱས་པའི་བྱེད་པ་མ་ཡིན་པ་དག་གི་རང་བཞིན་ནི་ཅི། སླར་ཡང་མངོན་པར་རྗོད་པ་པོའམ། འོན་ཏེ་མངོན་པར་རྗོད་པ་པོ་མ་ཡིན་ཞེ་ན་དེ་ལ་བརྗོད་པ། ཏིང་དང་ཏ་བྱ་ཨཎ་ལ་སོགས། །སུཔ་ འབྲེལ་བ་བཞི་པོ་མངོན་བརྗོད་ཅན། །ཞེས་པ་སྟེ། འདི་དག་གནས་སྐབས་འགའ་ཞིག་ཏུ་མངོན་པར་རྗོད་པ་པོར་འགྱུར་རོ། །དེ་ཉིད་མངོན་པར་མ་འབྲེལ་པས། །མངོན་པར་རྗོད་པ་ཅན་མི་འགྱུར། །ཞེས་པ་སྟེ། དེ་ཉིད་གནས་སྐབས་འགའ་ཞིག་ཏུ་མངོན་པར་རྗོད་པ་པོ་མིན་པར་ཡང་འགྱུར་ཏེ། དེའི་ཕྱིར། གང་གི་ ཚེ་བྱེད་པ་པོའམ་ལས་དང་ལྷན་ཅིག་མངོན་པར་འབྲེལ་པ་ཡོད་པ་དེའི་ཚེ་དེ་བཞི་པོ་མངོན་པར་རྗོད་བྱེད་ཅན་དུ་འགྱུར་ལ། གང་གི་ཚེ་དེ་དག་བྱེད་པ་པོ་དང་ལས་དག་དང་མངོན་པར་འབྲེལ་བ་ཡོད་པ་མ་ཡིན་པ་དེའི་ཚེ་དེ་བཞི་པོ་མངོན་པར་རྗོད་བྱེད་ཅན་མིན་པ་ཁོ་ནར་འགྱུར་རོ་ཞེས་དེ་ལྟར་བརྗོད་པར་བྱའོ། །ཞེས་འབྲེལ་བ་གྲུབ་པར་ བྱེད་པ་ཅན་གྱི་ལེའུ་སྟེ་རྫོགས་སོ།། །།བྱེད་པ་ཅན་གྱི་རབ་ཏུ་བྱེད་པ་མངོན་པར་བརྗོད་ནས། དེའི་འོག་ཏུ་སྐབས་སུ་བབ་པའི་བསྡུ་བ་བཤད་པར་བྱ་སྟེ། དེ་ཡང་། བསྡུ་བའི་གྲངས་ནི་དྲུག་ཡིན་ཏེ། །སླར་ཡང་རྣམ་པ་ཉི་ཤུ་བརྒྱད། །ཅེས་པ་ལ་དྲུག་ནི། དང་པོ་ལ་སོགས་པའི་བསྡུ་བ་དང་། ཁྱད་པར་ཅན་དང་། ཚིག་གཞན་དོན་གཞན་དང་། གྲངས་སྔ་མ་ཅན་དང་། གྲངས་མེད་པ་དང་། དང་དོན་ཞེས་པ་རྣམས་སོ། །རྒྱས་པར་ནི་རྣམ་པ་ཉི་ཤུ་རྩ་བརྒྱད་དུ་འགྱུར་ཏེ། འོག་ནས་འདིའི་རྣམ་དབྱེ་བ་འཆད་པར་འགྱུར་རོ། །རྟག་དང་མི་རྟག་སྦྱོར་བ་ཡིས། །འཇིག་དང་མི་འཇིག་དེ་རྣམ་གཉིས། །ཞེས་བྱ་བ་ནི། རྟག་པའི་ བསྡུ་བ་དང་མི་རྟག་པའི་བསྡུ་བ་ཞེས་བྱ་བ་རྣམ་པ་གཉིས་སུ་འགྱུར་རོ། །རྟག་པའི་བསྡུ་བ་ནི་དཔེར་ན། ཀུམྦྷ་ཀཱ་རཿ། ན་ག་ར་ཀཱ་རཿ། རྟག་པའི་བསྡུ་བར། ཨ་ཤྭ་པ་དང་མ་ཡིན་པའི་ཚིག་རྣམ་པར་སྦྱར་བ་མེད་དོ། །གལ་ཏེ་ཚིག་རྣམ་པར་སྦྱར་བ་དེའི་ཚེ། དོན་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཚིག་གཞན་གྱི་བྱ་བ་སྟེ། དཔེར་ན། ཀུམྦྷ་ཀ་རོ་ཏི་ན་ག་རོ་ཏ་ནི་ག་ར་ཀ་རོ་ཏི་ཞེས་པའོ། །ཨ་ཤྭ་པ་དའི་ངག་བྱས་ནས། །ལས་ལ་ཨཎའོ་ཞེས་པས་ཨ་ཎ་རྐྱེན་ནོ། །བྱེད་པ་ཅན་ལ་མང་པོར་རོ་ཞེས་པས། མང་པོའི་ཚིག་ལས་སུ་པའི་མཐའ་ལས་ཀྱང་བསྡུ་བའོ། །དོན་གཅིག་ལས་སོ་ཞེས་པས་སུ་པ་འཇིག་སྟེ། འདི་དོན་གཅིག་གི་ དངོས་པོའི་སྐབས་སུའོ། །གང་སྔ་མར་ངེས་པར་བསྟན་པ་གང་ཡིན་པ་དེ་ཉིད་སྔ་མའི་ཚིག་ཕྲད་དེ། རིམ་པ་དང་རིམ་པ་མ་ཡིན་པ་འཇུག་པའི་རང་བཞིན་གྱི་ཕྱིར་རོ། །ཡང་ན། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་འཇུག་གོ་ཞེས་པའི་ཚིག་ལས། ཀུམྦྷའི་སྒྲ་ལ་སོགས་པ་ལས་སྔ་མའི་ཚིག་ཕྲད་བསྡུ་བའོ། ། བསྡུ་བ་དང་པོའི་དོན་འཆད་པར་འདོད་པ་ལ་སོགས་པའི་རྣམ་དབྱེ་རྣམས་འགྱུར་རོ། །མི་རྟག་པའི་བསྡུ་བ་ནི་དཔེར་ན། རཱཛྙཱཿཔུ་རུ་ཥ། རཛ་པུ་ཥ། འདི་ནི་དྲུག་པའི་བསྡུ་བའོ། །པ་ར་ཨ་པ་ཨཱང་། བ་ཧིས། ཨཉྫ་རྣམས་ལྔ་པ་ཡིས་ཡང་ནའོ་ཞེས་པས་འདིར་ཡང་ནའི་སྨོས་པའི་འཇུག་པ་ནི་རྣམ་པར་བརྟག་ པ་ཉིད་ཡིན་པའི་ཕྱིར་མི་རྟག་པའི་བསྡུ་བ་ཞེས་བྱའོ། །འཇིག་དང་མི་འཇིག་དེ་རྣམ་གཉིས། །ཞེས་བྱ་བའི་དོན་ཅི་ཞེ་ན། འཇིག་པ་ཡང་དེ་ཡིན་ལ། བསྡུ་བ་ཡང་དེ་ཡིན་པ་ནི་འཇིག་པའི་བསྡུ་བ་ཞེས་བྱ་སྟེ། འཇིག་པའི་བསྡུ་བ་ནི་དཔེར་ན། ཧཱཥྛ་ཤྲི་ཏཿ། ན་ར་ཀསྦྲ་ཏ་ཏཿགྲཱ་མངྒ་ཏཿགྲཱ་མ་ག་ཏཿཏ་རངྒམ་ ཏྱསྟཿཏ་རངྒ་མསྟཿཀཱནྟཱ་ར་མ་ཏཱི་ཏིཿཀཱནྟཱ་རཱ་ཏཱི་ཏིཿསུ་ཁ་མཱ་པནྡཿསུ་ཁཱ་པནྣཿ། བྱེད་པ་ཅན་ལ་མང་པོར་རོ་ཞེས་པས་གཉིས་པའི་བསྡུ་བ་རྣམ་པར་རྟག་པའོ། །མི་འཇིག་པའི་བསྡུ་བ་ནི་དཔེར་ན། གང་གི་མགྲིན་པ་ལ་ནག་པོ་ཡོད་པ་དེ། ཀཎྛེ་ཀཱ་ལ། །ཀཎྛ་ག་ཌ་ཏྱ། སྱ་སོ་ཡཾ་ཀཎྛེ་ག་ཌཿ། གང་གི་བྲང་ལ་སྤུ་ཡོད་པ་དེ། ཨུ་ ར་སི་ལོ་མཱ། དོན་གཅིག་ལ་དུ་མའོ་ཞེས་པས་བདུན་པའི་ཚིག་སྔ་མར་འགྱུར་ཏེ། ཚིག་གཞན་དོན་གྱི་བསྡུ་བའོ། །བསྡུ་བ་ཡོད་པ་གཅིག་ཉིད་ལའོ་ཞེས་པས་སུཔ་འཇིག་པ་ཐོབ་པ་ལའོ། །ཚིག་ཕྱི་མ་མི་འཇིག་ཅེས་པ་སྤྱིར་བཏང་ངོ་། །བདུན་པ་ལ་མང་པོའོ་ཞེས་པས་མི་འཇིག་གོ། །དང་པོ་ལ་སོགས་ རྣམ་པ་བརྒྱད། །ཅེས་པའི་དོན་ཅི་ཞེ་ན། དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་དང་ན་ཉའི་བསྡུ་བ་སྟེ་རྣམ་པ་བརྒྱད་དུ་ཤེས་པར་བྱའོ། །དེ་ལ་དང་པོའི་བསྡུ་བ་ནི་དཔེར་ན། པྲཱཔྟོ་ཛཱི་བི་ཀཾ། །ཨཱ་པནྣོ་ཛཱི་བི་ཀཾ། །ཨཱ་པནྣ་ཛཱི་བི་ཀཿ། བུད་མེད་ལ། པྲཱསྟཱ་ཛཱི་བི་ཀཱཾ། ཨཱ་པནྣཱ་ཛི་ བི་ཀཱཾ། ཨཱ་པནྣ་ཛི་བི་ཀཱཿ། གཉིས་པས་པྲཱསྟ་ཨ་པནྣ་དག་སྟེ་ཨ་ཉིད་ཀྱང་ངོ་ཞེས་པས། པྲཱསྟཱ་དང་ཨཱ་པནྣ་དག་བསྡུ་བའི་མཐར་ཨ་ཉིད་དུ་བསྒྲུབ་པར་བྱའོ། །ཅིའི་ཕྱིར་འདི་དང་པོའི་བསྡུ་བར་བརྗོད་ཅེ་ན། ཚིག་སྔ་མ་དང་པོ་ཉིད་ཀྱི་ཕྱིར་དང་པོས་ཁྱད་པར་དུ་བྱས་པའི་ཚིག་སྔ་མ་ཅན་གྱི་དང་པོའི་ བསྡུ་བ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དེ་ཉིད་སྔ་མ་ཡང་ཡིན་ལ། དང་པོ་ཡང་ཡིན་པ་ནི། སུ་དི་ནཱ་ཧཾ། ས་ཧ་ཀྲྀ་ཏྭ་བ་ན། ས་ཧ་ཀྲྀ་ཏྭཱ། ས་ཧ་ཡོ་དྷི་ཏ་བཱན། ས་ཧ་ཡུ་དྷྭཱ། ཨནྟ་རྦྦྱཱ་ཏཱ་ནྱ་ནྲ་ཏྭཱ་ཏ། ཡ་ཐཱ་ཏ་ཐཱ་པུ་ནཿ། ཞེས་པ་ལ་སོགས་པ་རྣམས་ལ་སུཔ་དང་སུཔ་དོན་གཅིག་པའོ་ཞེས་པའི་བསྡུ་བ་སྟེ་དང་པོའི་བསྡུ་ པའོ། །ཀུཙྪི་ཏོ་བྲཱཧྨ་ཎཿ། ཀུབྲཱཧྨཎཿ། དུཿཔུ་རུ་ཥཿ། དུཿཔུ་རུ་ཥཿ། སོ་བྷ་ན་པུ་རུ་ཥཿ། སུ་པུ་རུ་ཥཿ། པྲ་དཱ་ཏ་ཨཱ་ཙཱརྱཿ། པྲཱ་ཙཱརྱཿ། ནིཥྐཱནྟཿ། ཀཽ་སཥྵྱཿ། ནིཥྐོཥྛིཿ། ཁ་ཊ་མ་ཏི་ཀྲཱནྟཿ། ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ལ། ཀུ་པྲ་ལ་སོགས་པ་རྣམས་ཞེས་པས་དང་པོའི་བསྡུ་བའོ། །གཉིས་ པའི་བསྡུ་བ་ནི་དཔེར་ན། བྲྀཀྵ་མ་ཤྲིཏཿ། བྲྀཀྵཱ་ཤྲི་ཏ། བུདྡྷ་མཱ་ཤྲི་ཏཿ། བུདྡྷཱ་ཤྲི་ཏཿ། དྷརྨྨ་ཤྲི་ཏཿ། དྷརྨྨཱ་ཤྲི་ཏཿ། སཾ་གྷ་མཱ་ཤྲི་ཏཿ། སཾ་གྷཱ་ཤྲི་ཏཿ། རཱ་ཛཱ་ན་མཱ་ཤྲི་ཏ། རཱ་ཛཱ་ན་ཤྲི་ཏཿ། ཀྲཱནྟཱ་ར་མ་ཏཱི་ཏཿ། ཀྲཱནྟཱ་རཱ་ཏཱི་ཏཿ། ན་ར་ཀཾ་པ་པ་ཏི་ཏཿ། ན་ར་ཀ་པ་ཏི་ཏཿ། གྲཱ་མཾ་ག་ཏཿ། གྲཱ་མ་ག་ཏཿ། ཏ་རངྒ་མ་ཏྱསྟཿ། ཏ་རངྒ྅ཏྱསྟྱཿ། སུ་ཁཾ་པྲཔྟཿ། སུ་ཁཾ་པྲཱཔྟཿ། སུ་ཁཱ་ལཱ་སཱི་ནཿ། སུ་ཁཱ་སཱི་ནཿ། གྲཱ་མཾ་ག་མཱིཿ། གྲཱ་མ་མཱི་གྲཱ་མཱ་མཱ་གཱ་མཱི། གྲཱ་མཱ་གཱ་མཱི། ཨོ་ད་ནཾ་བུ་བྷུཀྵུཿ། ཨོ་ད་ན་བུ་བྷུཀྵུཿ། ཨ་ཧ་ར་ཏི་སྲྀ་ཏཱ་ཀཱ་ལཱཿ། ར་ཏྲི་སཾ་ཀྲཱནྟཿ། སརྦ་ར་ཏྲཾ་ཀ་ལྱཱ་ནཱི། སརྦ་ཏྲ་རཱ་ཏྲཀ་ལྱཱ་ནཱི། མཱ་ཧཱུརྟཾ་སུ་ཁཾ། བཪྵཾ་བྷོ་གྱཾ། བཪྵ་བྷ་ གྱཿ། སདཱ་རྠ་སྱ། སཏྟཱ་བྱ་བྷི་ཙཱ་རཱ་ཏ་ག་མྱ་མཱ་ན་ཡོ་བྷ་བ་ཏི་བྱ་བ་ལས་བྱ་བའི་ལས་ལ་གཉིས་པའོ། །དེ་བཞིན་དུ་ཡང་གསུངས་པ། དུས་དང་དངོས་པོ་དག་ལ་གང་གི་ཕྱིར་བྱ་བ་ཐམས་ཅད་དང་ལས་གཉིས་ཀྱི་ཕྱིར་གཉིས་པའོ་ཞེས་པ་སྟེ། ཡོ་ཛ་ན་སྲི་རི་ཏཿ། ཞེས་པ་ལ་སོགས་པ་རྣམས་ལ་བྱེད་པ་ཅན་ལ་མང་ པོར་རོ་ཞེས་པས་གཉིས་པའི་བསྡུ་བའོ། །གསུམ་པའི་བསྡུ་བ་ནི། སཾ་ཀུ་ལ་ཡཱ་ཁཎྜཿ། སཾ་ཀུ་ལཱ་ཁཎྜཿ། གི་རི་ཎཱ་ཀཱ་ནཿ། གི་རི་ཀཱནཿ། དྷ་ནེ་ནཱརྠཿ། དྷ་ནཱརྠཿ། མཱ་སེ་ན་པཱུརྦྦཿ། མཱས་པཱུརྦྦཿ། མཱ་སེ་དོནྣཿ། མཱ་སོནྣཿ། མཱ་སཱ་བི་ཀ་ལཿ། མཱ་ས་བི་ཀ་ལ། ཨ་སི་ནཱ་ཀ་ལ་ཧཿ། ཨ་སི་ཀ་ལ་ཧཿ། བཱ་ཙཱ་ནི་ སུ་ནཿ། བཱགྣི་སུ་ནཿ། གུ་ཌེ་ན་མི་ཤྲོདྷཱ་ནཱ། གུ་ཌ་དྷཱ་ནཱ། བཱ་ཙཱ་ཤླཀྵཱཿ། བཱཀཱཀྵཱཿ། རཱ་ཛྙཱ་ཧ་ཏཿརཱ་ཛ་ཧ་ཏཿཨ་སི་ནཱ་ཙྪིནྣཿ། ཨ་སི་ཙྪིནྣཿ། བྱེད་པ་ཅན་ལ་མང་པོར་རོ་ཞེས་པས་གསུམ་པའི་བསྡུ་བའོ། །བཞི་པའི་བསྡུ་བ་ནི། དཔེར་ན། དེ་བེ་བྷྱོ་དེ་ཡཾ་པུཥྤཾ། བྲཧྨ་ཎཱ་ཡ་དེ་ཡཾ་དྷ་ནཾ། བྲཱཧྨ་ཎ་དེ་ཡཾ་དྷ་ནཾཿ། བ་རཱ་ ཡ་པྲ་དེ་ཡཱ་ཀ་ནྱཱ། བ་ར་པྲ་དེ་ཡཱ་ཀ་ནྱཱ། ཞེས་པ་ལ་སོགས་པ་རྣམ་ལ་བཞི་པའི་བསྡུ་བའོ། །ཡཱ་པཱ་ཡ་དཱ་རུཿ། ཡཱུ་བ་དཱ་རུཿ། ཀུཎྜ་ལཱ་ཡཿ། ཧ་རི་ཎྱཾ། ཀ་ཎྱ་ལ་ཧ་རི་ཎྱཾ། བཞི་པའི་རང་བཞིན་གྱི་རྣམ་འགྱུར་གྱི་དངོས་པོ་ལ་ནི་མི་འགྱུར་རོ། །རནྡྷ་ནཱ་ཡ་སྠཱ་ལི། རནྡྷ་ན་སྠཱ་ལིཾ། ལྔ་པའི་བསྡུ་བ་ནི་དཔེར་ན། བྲིཀྐེ་བྷོ་བྷ་ཡཾ། བྲིཀྐ་བྷ་ཡཾ། སིཾ་ཧཱདྦྷ་ཡཾ། སིངྒ་བྷ་ཡཾ། ཙཽ་ར་ར་བྷ་ཡཾ། ཨརྠཱ་ད་བེ་ཏཿ། ཨརྠཱ་བེ་ཏཿ། ཀ་ལྱཱ་ཎཱ་ང་པོ་ཌྷཿ། ཀ་ལྱ་ཎཱ་པོ་ཌྷཿ། སུ་ཁཱ་ད་པོ་ཌྷཿ། སུ་ཁཱ་པོ་ཌྷཿ། རོ་གཱ་ད་མུཀྟཿ། རོ་ག་མུཀྟཿ། བྲྀཀྵཏྦ་ཏི་ཏཿ། བྲྀཀྵ་པ་ཏི་ཏཿ། བྲིཀྵཱཏྦ་ཏསྟཿ། བྲྀཀྵ་པ་ཏསྟཿ། ཞེས་པ་ལ་སོགས་པ་རྣམས་ ལ་བྱེད་པ་ཅན་ལ་མང་པོར་རོ་ཞེས་པ་འདིས་ལྔ་པའི་བསྡུ་བའོ། །དྲུག་པའི་བསྡུ་བ་ནི་དཔེར་ན། བྲྀཀྵ་སྱ་མཱུ་ལཾ། བྲྀཀྵ་མཱུ་ལཾ། བྲིཀྵ་སྱ་ཕ་ལཾ། བྲྀཀྵ་ཕ་ལཾ། ས་ཤོཿཔྲཱ་དཿ། པ་ཤུ་པཱ་དཿ། པི་ཏུཿ། པུ་ཏྲི་པུ་ཏྲིཿ། རཱ་ཛྙཿ། པུ་རུ་ཥཿ། རཱ་ཛ་པུ་རུ་ཥཿ། བྲཱཧྨ་ཎ་སྱ་ཡཱ་ཛ་ཀཿ། བྲཱཧྨ་ཎ་ཡཱ་ཛ་ཀཿ། ཀྵ་ཏྲི་ཡ་སྱ་ཡཱ་ཛཀཿ ཀྵ་ཏྲི་ཡ་ཡཱ་ཛཀཿ། དེ་བ་དཏྟ་སྱ་ས་དྲྀ་ཤཿ། དེ་བ་དཏྟ་ས་དྲྀ་ཤཿ། རྣམ་ཐོས་སྲས་ཀྱི་ཆེད་དུ་བྱས་པའི་གཏོར་མ་རྣམས་ནི་རྣམ་ཐོས་སྲས་དང་འབྲེལ་བར་འགྱུར་པས་ན། འདིར་ཡང་དྲུག་པའི་བསྡུ་བ་སྟེ། བཻ་ཤྲ་བ་ཎ་སྱ་བ་ལི། དེ་བཞིན་དུ་བྲམ་ཟེའི་ཕན་པ་ནི། བྲམ་ཟེ་ཕན་པ། བྲམ་ཟེའི་བདེ་བ་ནི་བྲམ་ཟེ་བདེ་བ། བྲམ་ཟེའི་ བསྲུང་བ་ནི། བྲམ་ཟེ་བསྲུང་བ་ཞེས་པ་ལ་སོགས་པ་རྣམས་ལ་དྲུག་པའི་བསྡུ་བའོ། །བདུན་པའི་བསྡུ་བ་ནི་དཔེར་ན། ཨཀྵ་ཥུ་སོཎྜཿ། ཨཀྵ་སོཎྜཿཨཀྵ་ཥུ་དྱུཏྟ། ཨཀྵ་དྱུཏྟཿ། ཨཀྵེ་ཥུ་ཀི་ཏ་བཿ། པ་ཊ་ལི་སུ་པུ་ཏྲེ་སིདྡྷཿ། པ་ཏྲ་ལི་པུ་ཏྲ་སིདྡྷཿ། ཀཱམྤི་ལྱེ་སིདྡྷཿ། ཨཱ་ཏ་ལེཤུཥྐཿ། ཨ་ཏ་པྲ་ཤུཥྐཿ། པྲི་ཀྵེ་པ་ཀྭ །པྲིཀྵ་པ་ཀྭཿ། ཀ་བྱེ་བནྡྷཿ། ཞེས་པ་ལ་སོགས་པ་རྣམས་ལ་བདུན་པའི་བསྡུ་བའོ། །ནཉའི་བསྡུ་བ་ནི་དཔེར་ན། ན་བྲཧྨ་ནཿ། ཨ་བྲཧྨ་ནཿ། ན་བྲིཥལཿ། ཨ་བྲི་ཥ་ལཿ། ན་པུ་རུ་ཥཿ། ཨ་པུ་རུ་ཥཿ། ནསྟྲཱིཿ། ཨསྟྲཱིཿ། བུད་མེད་མིན་ཞིང་སྐྱེས་པའང་མིན་པ་ནི། ན་པུནས་ཀཾ །ཨ་པུ་ནས་ཀཾ། །འདི་ནི་ནཉའི། བསྡུ་བ་ཞེས་བྱའོ། །ཁྱད་པར་རྣམ་པ་དྲུག་ཡིན་ཏེ། ཞེས་པ་ནི། ཁྱད་པར་གྱི་བསྡུ་བ་སྟེ། དེ་ཡང་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་དག་གང་ཞེ་ན། ཁྱད་པར་གྱི་ཚིག་སྔ་མ་ཅན་དང་། ཁྱད་པར་གྱི་ཚིག་ཕྱི་མ་ཅན་དང་། དཔེའི་ཚིག་སྔ་མ་ཅན་དང་། དཔེའི་ཚིག་ཕྱི་མ་ཅན་དང་། སྲིད་པའི་ཚིག་ སྔ་མ་ཅན་དང་། ངེས་གཟུང་གི་ཚིག་སྔ་མ་ཅན་རྣམས་སོ། །ཁྱད་པར་གྱི་ཚིག་སྔ་མ་ཅན་ནི་དཔེར་ན། སྔོན་པོ་ཡང་དེ་ཡིན་ལ་ཨུཏྤལ་ཡང་ཡིན་པ་ནི། ནཱི་ལོཏྤ་ལཾ། རཀྟོཏྤ་ལཾ། ཤྲེ་ཏོ་ཏུ་ལཾ། ཤྲེ་ཏ་པདྨཾ། རཀྟ་པདྨཾ། ཆེན་པོ་ཡང་དེ་ཡིན་ལ་བྲམ་ཟེ་ཡང་ཡིན་པ་ནི། མ་ཧཱ་བྲཱཧྨ་ཎཿ། ཆེན་པོ་ཡང་དེ་ཡིན་ལ་ སྐྱེས་བུ་ཡང་ཡིན་པ་ནི། མ་ཧཱ་པུ་རུ་ཥཿ། སྟོད་ཀྱང་དེ་ཡིན་ལ་ལུས་ཀྱང་ཡིན་པ་ནི། པཱུརྦ་ཀཱ་ཡཿ། ལུས་ཀྱི་ཕྱོགས་གཅིག་ལ་ལུས་ཀྱི་སྒྲ་བྱས་པའོ། །དེའི་ཕྱིར་དོན་གཅིག་གི་ཁྱད་པར་རོ་ཞེས་པའི་བསྡུ་བར་གྲུབ་པོ། །དེ་བཞིན་དུ། ཨ་དྷ་ར་ཀཱ་ཡཿ། ཨུཏྟ་ར་ཀཱ་ཡཿ། ཕྱེད་ཀྱང་དེ་ཡིན་ལ་པིསྤ་ ལཱི་ཡང་ཡིན་པ་ནི། ཨརྡྷ་པིསྤ་ལཱི། ཕྱེད་ཀྱང་དེ་ཡིན་ལ། ཀོ་ཤཱ་ཏི་ཀཱ་ཡང་ཡིན་པ་ནི། ཨརྡྷ་ཀོ་ཤཱ་ཏི་ཀཱཿ། །འདི་ཡང་ཁྱད་པར་གྱི་བསྡུ་བ་སྟེ། གཉིས་པ་ཡང་དེ་ཡིན་ལ་བསོད་སྙོམས་ཀྱང་ཡིན་པ་ནི། གཉིས་པ་ལ་བསོད་སྙོམས་སོ། །བསོད་སྙོམས་ཀྱི་གཉིས་པ་ནི། བསོད་སྙོམས་གཉིས་ པ་ཞེས་པ་ནི་དྲུག་པའི་བསྡུ་བར་འགྱུར་རོ། །དེ་བཞིན་དུ་བསོད་སྙོམས་གསུམ་པ་དང་། གསུམ་པའི་བསོད་སྙོམས། བསོད་སྙོམས་བཞི་པ་དང་། བཞི་པའི་བསོད་སྙོམས། ཏུཪྻ་བྷི་ཀྵུ་དང་། བྷིཀྵཱ་ཏུ་ཪྻཿ། རྫོགས་པ་ཡིས་སོ་ཞེས་པའི་དགག་པ་ནི་མི་འགྱུར་ཏེ། མང་པོ་ལའོ་ཞེས་སྤྱིར་བཏང་བའི་ཕྱིར་རོ། ། ཁྱད་པར་གྱི་ཚིག་ཕྱི་མ་ཅན་ནི་དཔེར་ན། བཻ་ཡཱ་ཀ་ར་ཎ་སྱཱ་སོ་ཁ་སྦུ་ཙི་ཙི་ཏེ། བཻ་ཡཱ་ཀ་ར་ཎ་སཽ་ཁ་སཱུ་ཙིཿ། དཔེའི་ཚིག་སྔ་མ་ཅན་ནི་དཔེར་ན། དུང་འདྲ་བར་དཀར་བས་ན་དུང་དཀར། དེ་བུད་མེད་ལྟར་སྔོ་བསངས་ནི། དེ་བུད་མེད་སྔོ་བསངས། གསེར་ལྟར་སེར་བས་ན་གསེར་སེར། ཀུ་མུད་དང་འདྲ་བའི་ཁྲ་ནི་ཁྲ་ཀུ་མུ་ད། དཔེའི་ཚིག་སྔ་མ་ཅན་ནི། སྐྱེས་བུ་འདི་སྟག་དང་འདྲ་བས་ན་སྐྱེས་བུ་སྟག །དེ་བཞིན་དུ། སྐྱེས་བུ་སེང་གེ། སྐྱེས་བུ་ཁྱུ་མཆོག །སྐྱེས་བུ་པདྨ་དཀར་པོ་ཞེས་པ་རྣམས་ལྟ་བུའོ། །སམྦྷཱ་པ་ཎཱའི་ཚིག་སྔ་མ་ཅན་ནི། གུ་ཎ་ཨི་ཏི་བུདྷི། གུ་ཎ་བུདྡྷིཿ། སཱུ་ཏྲ་ཨི་ཏི་གྲ་ཧ་ཎཾ། སཱུ་ཏྲ་གྲ་ཧ་ཎཾ། དེས་གཟུང་གི་ཚིག་སྔ་མ་ ཅན་ནི་དཔེར་ན། ཡོན་ཏན་ཉིད་ནོར་ཡིན་པ་ནི། ཡོན་ཏན་གྱི་ནོར། ལེགས་པར་བྱས་པ་ཉིད་གཉེན་ཡིན་པ་ནི། ལེགས་བྱས་ཀྱི་གཉེན། འདི་དག་ཐམས་ཅད་ལ་དོན་གཅིག་གི་ཁྱད་པར་རོ་ཞེས་པའི་བསྡུ་བའོ། །ཁྱད་པར་དང་ཁྱད་པར་ཅན་དག་ཇི་ལྟར་འདོད་པ་ཉིད་ཀྱི་ཕྱིར་ཚིག་སྔ་མའི་ཁྱད་པར་ཉིད་ཀྱིས་ འཆད་པར་འདོད་པའི་ཕྱིར་རོ། །རལ་གྲི་དང་འདྲ་བར་སྔོ་བསངས་སོ་ཞེས་པ་ལ་སོགས་པ་ལ་ནི་ཚིག་དོན་གཞན་དུ་བསྟན་པ་སླར་ཡང་བསྡུ་བ་ཉིད་དེ། སྔོ་བ་སངས་འདིར་རལ་གྲི་དེ་དང་འདྲ་བ་ཞེས་པ་ལ་སོགས་པར་བྱའོ། །གཞན་དོན་རྣམ་བདུན་ཤེས་པར་བྱ། །ཞེས་པ་ནི་ཚིག་གཞན་དོན་གྱི་བསྡུ་བ་ནི་རྣམ་ པ་བདུན་དུ་ཤེས་པར་བྱ་སྟེ། ཚིག་གཉིས་དང་། ཚིག་མང་པོ་དང་། གྲངས་ཀྱི་ཚིག་ཕྱི་མ་ཅན་དང་། གཉི་ག་གྲངས་ཀྱི་ཚིག་ཅན་དང་། ལྷན་ཅིག་ཚིག་སྔ་མ་ཅན་དང་། བྱ་ཏི་ཧཱ་རའི་མཚན་ཉིད་དང་། ཕྱོགས་གཞན་འཛིན་པའི་མཚན་ཉིད་རྣམས་སོ། །ཚིག་གཉིས་པ་ནི། དཔེར་ན་འདི་སྤྲེའུ་གནས་ པའི་ཤིང་ཡིན་པ་ནི། དེའི་གནས་སུ་གྱུར་པས། བཱ་ན་ར་སྤྲེའུ་ཤིང་། འདོད་པ་ལས་ངེས་པར་རྒྱལ་བ་གང་ཡིན་པ་དེ་ནི། འདོད་ལས་ངེས་རྒྱལ་ཏེ། སངས་རྒྱས་བཅོམ་ལྡན་འདས་སོ། །བྲམ་ཟེའི་ཆེད་དུ་སྦྱར་བའི་ཟས་གང་ཡིན་པ་དེ་ནི། བྲམ་ཟེ་ལ་སྦྱར་བའི་ཟས། གནས་གང་ནས་སྐྱེ་བོ་འཐོན་པ་ནི་ འཐོན་གནས། གང་གི་གོས་དཀར་པོ་ཡིན་པ་དེ་ནི། གོས་དཀར་ཅན། ཁྱད་པར་ཅན་གྱི་དོན་ལ། རབ་ཏུ་སྦྱོར་བ་གང་ཡིན་པ་དེ་ནི་ཁྱད་པར་ཅན་དོན། བྲམ་ཟེའི་ཆེད་དུ་སྦྱར་བའི་སྲན་ཚོད་གང་ཡིན་པ་དེ་ནི། བྲམ་ཟེའི་ཕྱིར་གྱི་སྲན་ཚོད། བྲམ་ཟེའི་ཕྱིར་དུ་སྦྱར་བའི་ཐུག་པ་གང་ཡིན་པ་དེ་ནི། བྲཧྨ་ཎཱ་རྠཱ་ཡ་ཡ་བཱ་ གཱུཿ། བྲམ་ཟེའི་ཆེད་དུ་སྦྱར་བའི་འོ་ཐུག་གང་ཡིན་པ་དེ་ནི། བྲམ་ཟེའི་ཕྱིར་གྱི་འོ་ཐུག །བྱ་གནས་པའི་ལྗོན་ཤིང་གང་ཡིན་པ་དེ་ནི། ཨུ་ཥི་ཏ་བི་ཧ་གོ་དྲུ་མཿ། རྣམས་ཏེ་དོན་གཞན་ལ་དུ་མའོ་ཞེས་པས་ཚིག་གཞན་དོན་གྱི་བསྡུ་བའོ། །ཚིག་མང་པོ་པ་ནི་དཔེར་ན། པ་རཱ་ཀྲ་མེ་ཎོ་པཱ་རྫི་ཏཱཿསཾ་པ་དོ་ཡཻརྨ་ཧཱ་པུ་རུ་ཥཻ་སྟེ་བྷ་ བནྟི། པཱ་རཱ་ཀྲ་མོ་པཱ་རྫི་སམྤ་དོ་མ་ཧཱ་པུ་རུ་ཥཿ། གྲངས་ཀྱི་ཚིག་ཕྱི་མ་ཅན་ནི་དཔེར་ན། སྐྱེས་བུ་འདིའི་མཐའ་དང་ཉེ་བ་བཅུ་ཡིན་པ་ནི། ཨུ་པ་ད་ཤཿ། ཨཱ་པནྣ་ད་ཤཱཿ། ཨ་དཱུ་ར་ད་ཤཱཿ། ཨ་དྷི་ཀ་ད་ཤཱཿ། གཉི་ག་གྲངས་ཀྱི་ཚིག་ཅན་ནི། འདི་གཉིས་སམ་གསུམ་ཡིན་པ་ནི། དྲི་ཏཱཿའདིར། དྭཽ་བཱ་ཏྲ་ཡོ་བཱ་དྭི་ཏྲི། ཞེས་པའི་པཱའི་སྒྲ་ནི་འམ་གྱི་དོན་ཏོ། །འདི་ཡི་ཚད་སུམ་ཅུ་ཡིན་པ་ནི་ཏྲི་ད་ཤཱཿ། དོན་གཞན་ལ་དུ་མའོ་ཞེས་པས་ཚིག་དོན་གྱི་བསྡུ་བ་བྱའོ། །གྲངས་ལས་དོན་གཞན་ལ་ཞེས་པས་དེའི་བསྡུ་བའི་མཐར། བིང་ཤ་ཏིའི་ཏིའོ་ཞེས་པས་ཏིའི་སྒྲ་དབྱིའོ། །ཐམས་ཅད་དུ་མཐའི་ཨ་ཙ་ལ་སོགས་ པའི་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་དབྱིའོ། །ལྷན་ཅིག་གི་ཚིག་སྔ་མ་ཅན་ནི། ཙ་བ་དང་ས་ཧ། ཅིག་ཕྱུང་བའི་ཤིང་གང་ཡིན་པ་ནི། ས་མཱུ་ལོརྡྷཾ་ཏ་སྟ་རུཿ། འདིར་ཡང་ཚིག་གཞན་དོན་གྱི་བསྡུ་བའོ། །དོན་གཞན་ལས་ས་ཧའི་སའོ་ཞེས་པས་ས་ཧ་ནི་སའི་དངོས་པོར་འགྱུར་རོ། །བྱ་ཏི་ཧ་རིའི་མཚན་ ཉིད་ནི་དཔེར་ན། སྐྲ་དང་སྐྲ་ལ་བཟུང་ནས་འཐབ་པ་ལ་འཇུག་པ་ནི། ཀེ་ཤཱ་ཀེ་ཤི་དབྱུག་པ་དང་དབྱུག་པ་བཟུང་ནས་འཐབ་པ་ལ་འཇུག་པ་ནི། དཎྜ་དཎྜི། ལ་གུ་ཌཱ་ལ་གུ་ཌི། ཁཌྒཱ་ཁཌྒཱི། ཀཱི་ལཱ་ཀཱི་ལི། མུཥྚཱ་མུཥྚི། དེ་ལ་བཟུང་ནས་དེ་དང་འཐབ་པ་ལ་འཇུག་པའི་རང་བཞིན་ཡིན་པས། ཚིག་གཞན་དོན་གྱི་བསྡུ་ བའོ། །ཨ་ཙ་བྱ་ཏི་ཧཱ་ར་ཞེས་པས་བསྡུ་བའི་མཐར་ཨི་ཙའོ། །ཨི་ཙ་ལའོ་ཞེས་པས་ཚིག་སྔ་མའི་ཨཱ་ཉིད་དོ། །ཡ་སྱེ་ཏནྟ་ལོཿ། ཏཥྛ་ཏི་གུ་ལ་སོགས་པར་བཀླག་པའི་ཕྱིར་གྲངས་མེད་པའི་བསྡུ་བའོ། །དེའི་ཕྱིར། བྱེད་པ་ཅན་ལ་སྔ་མ་ལས་སོ་ཞེས་པས་སུ་པ་འཇིག་གོ། །ཕྱོགས་གཞན་འཛིན་པའི་མཚན་ཉིད་ནི། ལྷོ་དང་ཤར་གྱི་ཕྱོགས་དང་ཉེ་བ་གཞན་པ་འཛིན་པ་དེ་ནི། དཀྵི་ཎ་པཱུརྦ་དི་ཀ། །བཤྩ་མ་དཀྵི་ཎཱ་དི་ཀ། །པཱུརྦོཏྟ་ར་དིཀ། ཚིག་གཞན་དོན་ཉིད་ཀྱི་བསྡུ་བའོ། །ཡང་ན་ལྷ་ཡང་འདི་ཡིན་ལ་ཤར་ཡང་ཡིན་པས་ན་ཞེས་པ་ལ་སོགས་པར་ཚིག་རྣམ་པར་སྦྱར་ཏེ། ཁྱད་པར་གྱི་བསྡུ་བའོ། །ཤར་ལ་སོགས་པའི་འཇུག་ པ་ཙམ་ལ་ཞེས་སྐྱེས་པ་བཞིན་གྱི་དངོས་པོར་འགྱུར་གྱི། བུད་མེད་ཀྱི་རྐྱེན་ནི་མི་འགྱུར་རོ། །ཤར་ལྷོའི་ཕྱོགས་ཞེས་པ་ལ་སོགས་པར་ཡང་བལྟ་བར་བྱའོ། །གྲངས་སྔ་མ་ཅན་གྱི་བསྡུ་བ་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གཅིག་དང་འདྲ་བའི་དངོས་པོ་དང་། དུ་མ་དང་འདྲ་བའི་དངོས་པོ་དག་གོ། ། གཅིག་དང་འདྲ་བའི་དངོས་པོ་ནི། །དཔེར་ན། ཏྲི་ན་ཤྲཱིངྒཱ་ནི། ཀུན་བསྡུས་པ་ལ། ཏྲི་ཤྲིདྒཾ། ཙ་ཏུཿ། ཤྲིཾ་གཾ །པཱ་ཏྲ་ལ་སོགས་རྣམས་ཀྱིས་མ་ཡིན་ནོ་ཞེས་པས་བུད་མེད་ཀྱི་དགག་པ་ལས་ངིང་མེད་དོ། །རྩ་བ་ལྔ་ཡིན་པ་ཀུན་བསྡུས་པ་ལ་ནི། པཉྩ་མཱ་ལཱི། དེ་བཞིན་དུ་ད་ཤ་མཱུ་ལཱི། ཞེས་པ་ལ་སོགས་པ་དོན་ གཅིག་གི་ཁྱད་པར་རོ་ཞེས་པས་ཀུན་སྡུད་པའི་ཁྱད་པར་གྱི་བསྡུ་བའོ། །ཀུན་སྡུད་པར་གཅིག་ཉིད་གཅིག་ཚིག་གོ། །གྲངས་དང་པོ་ཀུན་སྡུད་པ་ལའོ་ཞེས་པས་མ་ནིང་གི་རྟགས་ཐོབ་པ་ལ། ཨ་ནི་བུད་མེད་དོ་ཞེས་པ་ཨ་ཡིག་ཚིག་ཕྱི་མའི་གྲངས་དང་པོའི་བསྡུ་བ་ནི། བུད་མེད་ཀྱི་རྟགས་ལ་གྲངས་དང་པོ་ལས་ སོ་ཞེས་པས་དཱི་པའོ། །དུ་མ་དང་འདྲ་བའི་དངོས་པོ་ནི་དཔེར་ན། ཙ་ཏྲ་སྲོ་དི་ཤཿ། ཙ་ཏུ་རྡི་ཤཱཿ། ཏྲ་ཡོ་ལོ་ཀཱཿ། ཏྲི་ཡོ་ཀཱཿ། འདིར་ཡང་ཁྱད་པར་གྱི་བསྡུ་བ་སྟེ། པཉྩ་མཱུ་ལཱི་དང་། པཉྩ་མཱུ་ལྱ་ཡང་ངོ་། །སྒྲ་གཅིག་གི་དོན་དུ་རྗོད་པར་བྱེད་པ་ནི་གཅིག་གིས་ཁྱད་པར་དུ་མ་བྱས་པའི་ཕྱིར་མང་པོའི་ཚིག་འགྱུར་ རོ། །དང་གི་དོན་ནི་བཞིར་ཤེས་བྱ། །ཞེས་བྱ་བ་ནི་འདི་ལྟ་སྟེ། ཀུན་ནས་བཏུས་པ་དང་། ཨ་ནྭཱ་ཙ་ཡ་དང་། ཀུན་སྡུད་པ་དང་། ཅིག་ཤོས་དང་། ཅིག་ཤོས་སྦྱོར་བ་ཞེས་པ་རྣམས་སོ། །དེ་ལ་ཀུན་ནས་བཏུས་པ་དང་། ཨ་ནྭཱ་ཙ་ཡ་དག་ནི་ནུས་པ་མེད་པའི་ཕྱིར་བསྡུ་བ་མེད་དེ། ཚིག་མཐའ་ལ་ མི་ལྟོས་པའི་ཕྱིར་རོ། །ཀུན་སྡུད་པ་ནི། དཔེར་ན། ཤདྑ་ཤྩ་པ་ཌ་ཧ་ཤྩ་ཞེས་པ་ལ་ཤདྑ་པ་ཌ་ཧཾ། དེ་བཞིན་དུ། ཀ་ར་སྐནྡྷཾ་པཱ་ཎི་པ་དཾ། སི་རོ་གྲཱི་བཾ། བཱ་ཧུ་ཛཾ་གྷཾ། སྲོག་ཆགས་དང་རོལ་མོའི་ཡན་ལག་རྣམས་ཀྱིའོ་ཞེས་པས་ཀུན་སྡུད་པར་དང་གི་དོན་གྱི་བསྡུ་བའོ། །དེ་བཞིན་དུ། ཧསྟི་ན་ཤྩ་ཤྭཱ་ཤྩ་ ཞེས་སོགས་ལ་ཧསྟྱ་ཤྲཾ། ར་ཐཱ་ཤྩ་ཏུ་ར་གཱ་ཤྩ། ར་ཐ་ཏུ་ར་གཾ །དཔུང་གི་ཡན་ལག་རྣམས་ཀྱི་མང་པོ་ཉིད་ལའོ་ཞེས་པས་ཀུན་སྡུད་པ་དང་གི་དོན་གྱི་བསྡུ་བའོ། །ཀུན་སྡུད་པ་ལ་མ་ནིང་ངོ་ཞེས་པས་མ་ནིང་གི་རྟགས་ཡིན་པའི་སུ་ནི། ཨ་ཏ་ལས་ཨའོ་ཞེས་པས་ཨམ་དུ་བསྒྱུར་རོ། །ཅིག་ཤོས་དང་ གཅིག་སྦྱོར་བ་ནི་དཔེར་ན། དེ་བ་དཏྟ་ཤྩ་ཡཛྙ་དཏྟ་ཤྩ་ཞེས་པ་ལ། དེ་བ་དཏྟ་ཡཛྙ་དཏྟོ། །ལྟ་བུ་དང་། དྷ་བཤྩ་ཁ་དི་རཤྩ་པ་ལཱ་ཤཤྩ་ཞེས་པ་ལ། དྷ་བ་ཁ་དི་ར་པ་ལཱ་ཤཱཿདང་གི་དོན་གནས་པ་ལ་ཞེས་པས་ཅིག་ཤོས་དང་། ཅིག་ཤོས་སྦྱོར་བར་དང་གི་དོན་གྱི་བསྡུ་བའོ། །གྲངས་མེད་པ་ཡང་རྣམ་ གཉིས་བཤད། །ཅེས་པ་ནི་ཚིག་སྔ་མ་མིང་ཡིན་པ་དང་། ཚིག་སྔ་མ་གྲངས་མེད་པ་ཡིན་པ་དག་གོ། །ཚིག་སྔ་མ་མིང་ཡིན་པ་ནི་དཔེར་ན། ཤཱཀྱ་སྱ་མཱ་ཏྲ། ཤཱཀྱ་པྲ་ཏ། ཨུ་པ་སྱ་མཱ་ཏྲཱ། ཨུ་པ་པྲ་ཏི། པ་ལ་ལ་སྱ་མཱ་ཏྲ། པ་ལ་ལ་པྲ་ཏི་རྣམས་ཏེ། པྲ་ཏི་ཡི་ཙམ་གྱི་དོན་ལའོ་ཞེས་པས་གྲངས་མེད་པའི་ བསྡུ་བ་སྟེ། དེ་མ་ནིང་པོ་ཞེས་པས་མ་ནིང་གི་རྟགས་སོ། །དེ་ལས་བྱེད་པ་ལས་གོང་དུའོ་ཞེས་པས་སུཔ་འཇིག་གོ། །ཚིག་སྔ་མ་གྲངས་མེད་པ་ཡིན་པ་ནི། དཔེར་ན་བུམ་པ་དང་ཉེ་བ་གང་ཡིན་པ་དེ། ཨུ་པ་ཀུམྦྷཾ། དེ་བཞིན་དུ། ཨུ་པ་ན་ག་རཾ། ཨུ་པ་བ་ན། ཨུ་པཱ་ཤྭཾ། ཨུ་ གྲཱ་མཾ། ཨུ་པ་པརྦྦཾ། ཨུ་པ་ར་ཐཾ། ཨུ་པ་མཱརྒྷཾ། གྲངས་མེད་པའི་རྣམ་དབྱེ་ལའོ་ཞེས་པ་ལ་སོགས་པས་གྲངས་མེད་པའི་བསྡུ་བའོ། །དེ་ལས་བྱེད་པ་ལས་གོང་དུའོ་ཞེས་པས་སུ་པ་འཇིག་པ་ཐོབ་པ་ལ། ཨཏ་ལས་མ་ཡིན་ཞིང་ལྔ་པ་མ་ཡིན་པ་ཨ་མའོ་ཞེས་པའི་དགག་པས་མི་འགྱུར་རོ། །ཡ་ཡེ་ བྲྀདྡྷཱ་ཡ་ཐཱ་བྲིདྡྷཾ། བྲཱཧྨ་ཎཱ་མཱ་མནྟྲ་ཡ་སྭ། གྲངས་མེད་པའི་རྣམ་དབྱེ་ལའོ་ཞེས་པ་ལ་སོགས་པས། དོན་ཇི་ལྟར་འདོད་པའི་གྲངས་མེད་པའི་བསྡུ་བའོ། །བསྡུ་བ་དེ་དག་རྣམས་ལ་ཡང་གཙོ་བོར་གྱུར་པ་བཞི་ཞེས་བྱ་སྟེ། ཚིག་གི་དོན་ཕྱི་མ་གཙོ་བོ་དང་། ཚིག་གི་དོན་སྔ་ཕྱི་གཉི་ག་གཙོ་བོ་དང་། ཚིག་ གི་དོན་གཞན་གཙོ་བོ་རྣམས་སོ། །དང་པོ་ལ་སོགས་པའི་བསྡུ་བ་ལ་ནི། གཙོ་བོ་རྣམ་པ་གཉིས་ཏེ། ཚིག་གི་དོན་སྔ་མ་གཙོ་བོ་དང་། ཚིག་གི་དོན་ཕྱི་མ་གཙོ་བོའོ། །ཚིག་གི་དོན་སྔ་མ་གཙོ་བོ་ནི། དཔེར་ན་པྲཱསྟ་ཛཱི་བི་ཀ་ཞེས་པ་ལྟ་བུའོ། །ཁྱད་པར་གྱི་བསྡུ་བ་ལ་ཡང་གཙོ་བོ་རྣམ་པ་གཉིས་ཏེ། ཚིག་ཕྱི་ མའི་དོན་གཙོ་བ་དང་། ཚིག་སྔ་མའི་དོན་གཙོ་བའོ། །ཚིག་ཕྱི་མའི་དོན་གཙོ་བ་ནི། དཔེར་ན། ནི་ལོཏྤ་ལ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་གཙོ་བ་ནི། དཔེར་ན། པུ་རུ་ཥ་བྱཱ་གྷྲཱ་ལྟ་བུའོ། །གཞན་དོན་གྱི་བསྡུ་བ་ལ་ཡང་གཙོ་བ་རྣམ་པ་གཉིས་ཏེ། ཚིག་གཞན་གྱི་དོན་གཙོ་བ་དང་། ཚིག་གཉི་གའི་དོན་ གཙོ་བའོ། །ཚིག་གཞན་གྱི་དོན་གཙོ་བ་ནི། དཔེར་ན། ཙི་ཏྲ་གུ་པཿ། ཤ་བ་ལ་གུཿ། ཨརྩི་ཏ་བུདྡྷ་ཞེས་པ་ལྟ་བུའོ། །གཉི་གའི་ཚིག་དོན་གཙོ་བ་ནི། དཔེར་ན་དྭི་ཏྲཱ་ཞེས་པ་ལྟ་བུའོ། །དང་གི་དོན་གྱི་བསྡུ་བ་ནི། ཚིག་གཉི་གའི་དོན་གཙོ་བོ་ཁོ་ན་སྟེ། དཔེར་ན། བྲཧྨ་ཎ་ཀྵ་ཏྲི་ཡ་བཻ་ཤྱ་སཱ་དྲཱཿར་རྫུ་ནཽ། ལྟ་བུ་དག་གོ། ། གྲངས་སྔོན་མ་ཅན་གྱི་བསྡུ་བ་ནི། ཚིག་ཕྱི་མའི་དོན་གཙོ་བ་ཉིད་དོ། །དཔེར་ན། ཏྲ་ཤྲྀདྒ། ལྟ་བུའོ། །གྲངས་མེད་པའི་བསྡུ་བ་ལ་ནི། གཙོ་བ་རྣམ་པ་གསུམ་སྟེ། ཚིག་སྔ་མའི་དོན་གཙོ་བ་དང་། ཚིག་ཕྱི་མའི་དོན་གཙོ་བ་དང་། ཚིག་གཞན་གྱི་དོན་གཙོ་བ་རྣམས་སོ། །ཚིག་སྔ་མའི་དོན་གཙོ་བ་ནི། དཔེར་ན། ཨུ་པ་ ཀུམྦྷཾ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མའི་དོན་གཙོ་བ་ནི། དཔེར་ན། ཤཱཀྱ་པ་ཏི། སཱུ་པ་པྲ་ཏི། ཞེས་པ་ལྟ་བུའོ། །ཚིག་གཞན་གྱི་དོན་གཙོ་བ་ནི། དཔེར་ན། ཨུནྣཏྟཱ་གངྒཱ་ཡིསྨནྟེ་ཤེ྅སྟ་ས་བྷ་བ་ཏི། ཨུནྨཏྟ་གངྒཱནྣཱ་མ་དེ་ཤཿ། དོན་གཞན་ལ་མིང་ལའོ་ཞེས་པས་གྲངས་མེད་པའི་བསྡུ་བའོ། །བུད་མེད་ལ་སྐྱེས་པ་ བཞིན་བཤད་དེ། པཀྵྱ་མ་ནུ། དོན་གཅིག་ལ་བུད་མེད་ལ་གཙོ་བ་མ་ཡིན་པ་ལ་སོགས་པ་ལའོ་ཞེས་སྐྱེས་པ་བཞིན་གྱི་དངོས་པོའོ། །དེ་མ་ནིང་ངོ་ཞེས་པས་མ་ནིང་གི་རྟགས་སོ། །སུཔ་ལ་ཐུང་ངུའོ་ཞེས་པས་ཐུང་ངུ་ཉིད་དོ། །དེ་ལས་བྱེད་པ་ལས་གོང་དུའོ་ཞེས་པས་སུཔ་འཇིག་པ་ཐོབ་པ་ལ། ཨཏ་ལས་མ་ཡིན་ ཞིང་ལྔ་པ་མ་ཡིན་པའི་ཨ་མའོ་ཞེས་པའི་དགག་པ་ལས་སུའི་ཨམ་དུ་བསྒྱུར་རོ་ཞེས་པ་སྟེ་བསྡུ་བའི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་སྐབས་སུ་བབ་པ་ཨཎ་ལ་སོགས་པ་བཤད་པར་བྱ་སྟེ། ཐུན་མོང་གྲངས་མེད་དངོས་བཤད་པ། །རྣམ་གསུམ་ཨཎ་ལ་སོགས་པ་བརྗོད། །ཅེས་པ་ཐུན་མོང་དུ་འཇུག་གོ། ། གྲངས་མེད་པའི་རང་བཞིན་ནི། ངོ་བོ་བརྗོད་པ་ལ་ཡང་སྟེ། ཚིག་རྣམས་ཀྱི་ནི་ནུས་པ་རྣམས། །དང་པོར་རབ་ཏུ་བཤད་པར་བྱ། །ཞེས་པ་སྟེ། ཚིག་དུ་མ་ཕན་ཚུན་ཡང་དག་པར་འབྲེལ་པའི་དོན་ལས་དང་པོའི་ཚིག་ཉིད་ལས་ཨཎ་ལ་སོགས་པའི་བསྒྲུབ་པ་རབ་ཏུ་བཤད་པར་བྱའོ། །དེ་ལ་དེ་ལྟ་བུར་སྐྱེས་པ་ལ་ཨཎ་ ལ་སོགས་པས་བུ་རྒྱུད་ཀྱི་དོན་རབ་ཏུ་གསལ་བར་བྱེད་དེ། འབྲེལ་པ་ནི་སྐྱེས་བུའི་དབང་དུ་བྱས་པའི་ཕྱིར་རོ། །ཇི་ལྟ་ལས་གོང་དུ་ཨཎའོ་ཞེས་པ་ནས་བརྩམས་ཏེ། ཀ་པའི་མཐར་ཐུག་ནི་ཨཎ་སོགས་པའི་སྒྲུབ་པའོ། །ཐུན་མོང་གི་འཇུག་པ་ནི་རེ་ཞིག །མ་ཏུ་པ། ལ་ཙ། ཨི་ལ་ཙ། ས། ན། ཎ། ཨུ་ར་ཙ། རཿ། བཿ། བ་ལ་ཙ། ཨི་ནིཿ། ཐ་ན། བི་ནིཿ། ཡུ་ས། གྨི་ནིཿ། ཨཱ་ལ་ཙ། ཨཱཊ་ཙ། ཨིན་ཙ། ཨཱ་ར་ཀ་ན། ཨཱ་ལུ་ཙ། ཨི་ལ་ཙ། ཙེ་ལུ། ཙཱུ་ལུ། ཨཎ། ཝུན། ཁ་ཉ། ཨ་ཉ། ཨིཉ། ཕཀ །ཡཉ། ཌྷཀ ། ཨཻ་རེཀ ། ཨེ་ རཀ །ཨཱ་རཀ །གྷཿ། ཁཿ། ཎྱ། ཡཏ། ཨིཏ། ཨ་ཏ་ཙ། ན། ཙུཉྩུ་པ། ཙ་ན་པ། ཨིཥྛ་ན། ཨཱི་ཡ་ས་ན། ཏ་ར་པ། ཏམས། ཀལྤས། དེ་ཤྱ། དེ་ཤཱི་ཡ་ར། ཛཱ་ཏཱི་ཡར། དྭ་ཡ་སཊ། དགྷྣཊ། མཱ་ཏྲཊ། ཏ་ཡཊ། ཋཀ །ཋཉ། རྣམས་སོ། །དེ་ཞིག་ མ་ཏུ་པ་ནི། གང་ལ་ཡོན་ཏན་ཡོད་པའམ་ལྡན་པ་དེ་ནི་གུ་ཎ་བཱན་པུ་རུ་ཥཿའོ། །གང་དག་ལ་ཡོན་ཏན་ཡོད་པའམ་ལྡན་པ་དེ་དག་ནི། གུ་ཎ་བནྟོ། གང་རྣམས་ལ་ཡོན་ཏན་ཡོད་པའམ་ལྡན་པ་དེ་རྣམས་ནི། གུ་ཎ་བནྟཿ། གང་ལ་ཡོན་ཏན་ཡོད་མའམ་ལྡན་མ་དེ་ནི། གུ་ཎ་བ་ཏཱིསྟྲཱི། གུ་ཎ་ བ་ཏྱཽ། གུ་ཎ་བ་ཏྱཿ། གང་ལ་ཡོན་ཏན་ཡོད་པའམ་ལྡན་པའི་རིགས་དེ་ནི། ཏ་ཏ་གུ་ཎ་བན་ཀུ་ལཾ། གུ་ཎ་བ་ཏཱི་ཀུ་ལ། གུ་ཎ་བནྟི། ཀུ་ལཱ་ནི། ཞེས་པ་དེ་ལྟ་བུ་དྲང་བར་བྱ་སྟེ། དེ་འདིའི་ཡོད་པ་འདི་ལ་ཞེས་མ་ཏུ་པའོ། །པ་ཡིག་ནི་དབྱངས་ཀྱི་དོན་ཏོ། །ཨུ་ཡིག་ནི་ཨུ་ཀ་ཨི་ཏ་བྱ་བའི་དོན་ཏོ། །ལ་ཙ་ནི་ དཔེར་ན། གང་ལ་གཙུག་པུད་ཡོད་པའམ་ལྡན་པ་དེ་ནི། ཙཱུ་ཌཱ་ལཿ། ཀུ་མཱ་ར་ཀཿ། ཙཱུ་ཌཱ་ལཱ་ཀུ་མཱ་རཱི། ཙཱུ་ཌཱ་ལི་བྲཧྨ་ཎ་ཀུ་ལཾ། ཞེས་པ་དེ་ལྟ་བུ་དྲང་བར་བྱ་སྟེ། སྲོག་ཆགས་ཀྱི་ཡན་ལག་ལས་ལ་ཙ་ཞེས་པས་ལ་ཙའོ། །གང་ལ་གཙུག་པུད་ཡོད་པའམ་ལྡན་པ་དེ་ནི། བཏྶ་ལཿབཏྶ་ཨཾ་ཤ་དག་ལས་མཉེས་གཤིན་ སྟོབས་དག་ལའོ་ཞེས་པས་ལ་ཙའོ། །ཨི་ལ་ཙ་ནི། དཔེར་ན། གང་ལ་དབུ་བ་ཡོད་པ་ནི། ཕེ་ནི་ལཿ། ཕེ་ན་ལཱ། ཕེ་ནི་ལཾ། དབུ་བ་ལས་སོ་ཞེས་པས་ཨི་ལཙའོ། །གང་ལ་གསུམ་པ་ཡོད་པ་དེ་ནི། ཏུནྡི་ལཿ། གང་ལ་མཇུག་མ་ཡོད་པ་དེ་ནི། བིཙྪི་ལཿལམ་མོ། །པིཙྪ་སོགས་རྣམས་ལས་ཨིཙའོ་ཞེས་པས་ ཨི་ལཙའོ། །ས་དང་ན་དག་ནི། དཔེར་ན། གང་ལ་སྤུ་ཡོད་པ་དེ་ནི། ལོ་མ་སཿ། ལོ་མ་སམ། གང་ལ་ནད་གཡན་པ་ཡོད་པ་དེ་ནི། པཱ་མ་ནཿ། པ་མ་ནཱ། པ་མ་ནཾ། ལོ་མ་སོགས་རྣམས་ལས་ས་ན་དག་གོ་ཞེས་པས། གྲངས་བཞིན་དུ་ས་དང་ན་དག་བསྒྲུབ་པར་བྱ་བའོ། །ཎ་ནི་དཔེར་ན། གང་ལ་ཤེས་ རབ་ཡོད་པ་དེ་ནི། པྲཱཛྙཿ། ཙྪ་ཏྲཿ། པྲཱཛྙཱ་ནཱ་རཱི། པྲཱཛྙཱཾ་ཀུ་ལཾ། ཤྲཱདྡྷཿ། ཤྲཱདྡྷཱ། ཤྲཱདྡྷཾ། ཨརྩྩཿ། ཨརྩྩཱ། ཨཱརྩྩཾ། བཱརྟྟཿ། བཱརྟྟཾ། པྲཛྙ་ཤྲྡྡྷཱ། ཨརྩྩ་བྲྀཏྟི། ཤྲདྡྷ། ཨརྩྩ། བྲྀཏྟི་རྣམས་ཎའོ་ཞེས་པས་ཎ་བསྒྲུབ་པར་བྱའོ། །ཨུ་ར་ཙ་ནི། དཔེར་ན། གང་ལ་སོ་མཐོ་དམན་ཡོད་པ་དེ་ནི། དནྟུ་རཾ། དནྟུ་རཱ། དནྟུ་རའོ་ཞེས་ པའི་ཚིག་ཕྲད་ལས། དནྟ་ལས་ཨུ་ར་ཙ་བསྒྲུབ་པར་བྱ་སྟེ། སོ་མཐོ་བ་དང་དམའ་བ་ལའོ། །ར་ནི། དཔེར་ན། གང་ལ་མངར་བ་ཡོད་པ་དེ་ནི། མ་དྷུ་རཿ། རོའོ། །མ་དྷུ་རཱ། འོ་མའོ། །མ་དྷུ་རཾ། ཆུའོ། །གང་ལ་ལེགས་པར་གྲུབ་པ་ཡོད་པ་དེ་ནི། སུ་ཥི་རཿ། རླུང་ངོ་། །གང་ལ་བུཥྐ་ཡོད་པ་དེ་ནི། པུཥྐ་ར། ཨུ་ཥ་སོགས་ རྣམས་ལས་ཞེས་པས་ར་བསྒྲུབ་པོ། །བཿནི་དཔེར་ན། གང་ལ་སྐྲ་མང་པོ་ཡོད་པ་དེ་ནི། ཀེ་ཤ་བཿ། ཀེ་ཤ་ལ་སོགས་པ་རྣམས་ལས་བཿའོ་ཞེས་པས་བཿའོ། །གང་ལ་ནོར་བུ་ཡོད་པ་དེ་ནི། མ་ཎི་བ། གང་ལ་དབྱིག་ཡོད་པ་དེ་ནི། ཧི་ར་ཎྱ་བཾ། གང་ལ་ཕྲེང་བ་ཡོད་པ་དེ་ནི། རཱ་ཛཱི་བཾ། པདྨའོ། །གཞན་ རྣམས་ལ་ཡང་ཞེས་པས་རིང་པོའོ། །གང་ལ་ཆུ་ཡོད་པ་དེ་ནི། ཨརྞྞ་བཿ། ཨརྞྞས་ཀྱི་དབྱི་བའང་ངོ་ཞེས་པས་བཿའོ། །དེ་དབྱི་བའང་ངོ་། །གང་ལ་སྡོང་བུ་ཡོད་པ་དེ་ནི། གིཎྜཱ་བནྡྷ་བཿརོ་ཨ་ཛ་ག་བཾ་གཎྜྱ་ཇ་གཱཏ་མིང་ལའོ་ཞེས་པས་བཿའོ། །བ་ལ་ཙ་ནི། དཔེར་ན། གང་ལ་རྡུལ་ཡོད་པ་དེ་ནི། ར་ཛ་སྭོ་ལཱཿལམ་ མོ། ར་ཛ་སྭ་ལཱ། བུད་མེད་དོ། །ར་ཛ་སྭ་ལཾ། ལམ་མོ། །གང་ལ་ཞིང་ལས་ཡོད་པ་དེ། ཀྲྀ་ཥཱི་བ་ལཾ། གང་ལ་ཨཱ་སུ་ཏི་ཡོད་པ་དེ་ནི། ཨཱ་སུ་ཏི་བ་ལཱ། ཨཱ་སུ་ཏི་བ་ལཾ། བ་ལའོ་ཞེས་པས་རིང་པོ་ཉིད་དོ། །གང་ལ་འཁོར་ཡོད་པ་དེ་ནི། པཪྵདྦ་ལཾ། པཪྵདྦ་ལཱཿ། པཪྵདྦ་ལཾ། ཀྲྀ་ཥི་ལ་སོགས་པ་རྣམས་ལས་ ལ་ཙའོ་ཞེས་པས་ལ་ཙའོ། །གང་ལ་སོ་ཡོད་པ་དེ་ནི། དནྟ་བ་ལཾ། སིཀྵ་བ་ལཿ། དནྟ་ཤཀྵཱི་ལས་མིང་ལའོ་ཞེས་པ་ལཙའོ། །ཨི་ན་ནི་དཔེར་ན། གང་ལ་ནོར་ཡོད་པ་དེ་ནི། དྷ་ནཱི། དྷ་ནི་ནཱི། བུད་མེད་དོ། །དྷ་ནི་ཀུ་ལམ། གང་ལ་དབྱུག་པ་ཡོད་པ་དེ་ནི། དཎྜི། དཎྜི་རཱི། བུད་མེད་དོ། །དྷ་ནི་ཀུ་ལཾ། གང་ ལ་དབྱུག་པ་ཡོད་པ་དེ་ནི། དཎྜ། དཎྜ་ནཱི་བུད་མེད་དོ། །དྷ་ནི་ཀུ་ལཾ། གང་ལ་དབྱུག་པ་ཡོད་པ་དེ་ནི། དཎྜཱ་དཎྜཱ་ནཱི་བུད་མེད་དོ། །དཎྜི་ཀུ་ལཾ། གང་ལ་ལག་པ་ཡོད་པ་དེ་ནི། ཀ་རཱི། ཀ་རི་ཎཱི་བུད་མེད་དོ། །ཀ་རི་ཀུ་ལམ། གང་ལ་ལག་པ་ཡོད་པ་དེ་ནི། ཧསྟི། ཧ་སྟི་ནཱ། བུད་མེད་དོ། །ཧསྟི་བྲྀནྡཾ། ཡོད་པའི་ནགས་སོ། །ཧསྟ་དནྟ་ལས་རིགས་ལའོ་ཞེས་པས། ཨི་ནིའོ། །གང་ལ་ པདྨ་ཡོད་པ་དེ་ནི། པུཥྐ་ར་ཎཱི། ན་ལ་ནཱི། ཀུ་མུ་ད་ནི། པདྨ་ནཱི། ཏ་མཱ་ལ་ནཱི། པུཥྐ་ར་ལ་སོགས་པ་རྣམས་ལས་ཡུལ་ལའོ་ཞེས་པས་ཨི་ནིའོ། །ཨུ་ཎ་ལས་ངིཔའོ། །ཏཎྜ་ལཱི་ཏུཎྜཱི། ཋ་ན་ནི་དཔེར་ན། དྷ་ནི་ཀཿ། དྷ་ནི་ཀཱ། དྷ་ནི་ཀཾ། བྲིཧ་ལས་སོ་ཞེས་པས། ཨི་ནི་ཡང་སྟེ། ཨི་ནི་དང་ཋ་ན་དག་ འགྱུར་རོ། །ཨའིའོ་ཞེས་པས་ཨ་ཡིག་དབྱིའོ། །བྲི་ནི་ནི་དཔེར་ན། གང་ལ་གྲགས་པ་ཡོད་པ་དེ་ནི། ཡ་ཤ་སྭཱི་ན། ཡ་ཤ་སྭ་ཀུ་ལཾ། གང་ལ་འོ་མ་ཡོད་པ་དེ་ནི། པ་ཡ་སྭཱི། ཕྱུགས་རྫིའོ། །པ་ཡ་སཱི་ནཱི། བ་དྲུས་མའོ། །པ་ཡི་སྭི་ཀུ་ལཾ། གང་ལ་སྒྱུ་མ་ཡོད་པ་དེ་ནི། མཱ་ཡཱ་བཱི་ནཱི། མཱ་ཡཱ་བི་ནཱི། བུད་མེད་དོ། །མཱ་ ཡཱ་བི་ན་ཀུ་ལཾ། གང་ལ་ཡིད་གཞུངས་པ་ཡོད་པ་དེ་ནི། མེ་དྷཱི་བཱ། མེ་དྷཱ་བི་ནཱི། བུད་མེད་དོ། །མེ་དྷཱ་བི་ཀུ་ལཾ། གང་ལ་ཕྲེང་བ་ཡོད་པ་དེ་ནི་སྲགྦཱི། སྲགྦི་ན་ནཱི། བུད་མེད་དོ། །སྲགྦི་ཀུ་ལཾ། ཨ་ས་དང་མཱ་ཡཱ་མེ་དྷ་པྲ་ཛ་ལས་བི་ནིའོ་ཞེས་པས་བི་ནིཿའོ། །ཨིན་ཧན་པཱུ་ཥ་ན་ཨཪྱ་མན་རྣམས་