Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 194
Văn bản gốc(Tây Tạng)
Trang 18 / 20 (50.000 ký tự/trang)
ཡཽཥྨཱ་ཀཱིཎ། ཨཱསྨ་ཀཱི་ཎཿ། ཡུཥྨ་དཱི་ཡཿ། ཨསྨཱ་དཱི་ཡཿ། ཨཎའོ། །ཡུཥྨད་ཡུཥྨད་དག་ལ་ཨཎ་ཡང་ན་འགྱུར་ཞིང་དེ་སྦྱར་བ་ན་ཡུཥྨཱ་ཀ་ཨསྨཱ་ ཀ་དག་ཏུ་འགྱུར་རོ། །ཡོཥྨཱ་ཀཿ། ཨསྨཱ་ཀཿ། ཏ་པ་ཀ་དང་མ་མ་ཀ་དག་ཅིག་ལའོ། །ཡུཥྨད་ཨ་སྨད་དག་ལས་དོན་གཅིག་ལ་འཇུག་པ་ན་ཁཉ་དང་ཨཎ་དག་ཕ་རོལ་ལ་ཏ་བ་དང་མ་མ་ཀ་རུ་བསྒྱུར་བར་འགྱུར་རོ། །ཏཱ་བ་ཀཱི་ནཿ། མཱ་མ་ཀཱི་ནཿ། ཏཱ་བ་ཀ །མཱ་མ་ཀཱི་ནཿ། ཏཱ་བ་ཀཿ། མཱ་མ་ཀཿ། ཚ་ལ་ནི། ཏྲ་དཱི་ཡཿ། མ་དཱི་ཡཿ། རྐྱེན་ཚིག་མ་དག་ལས་ཀྱང་ངོ་ཞེས་པས་ཏྲ་དང་མ་རུ་བསྒྱུར་བ་དག་གོ །ལྷག་མ་སྤྱིར་བཏང་ལས་བུ་རྒྱུད་ཀྱི་ཨཎ་ལ་མི་བསྒྱུར་ཏེ། ཡུཥྨཱ་ཀ་མ་པ་ཏྱཾ་ཡཽཥྨདཿ། ཏ་པཱ་པ་ཏྱ། ཏྲཱ་དཿ། དྭཱི་པ་ལས་རྒྱ་མཚོ་དང་ཉེ་བ་ལས་ཡཉའོ། །རྒྱ་མཚོ་དང་ཉེ་བའི་དྭཱི་པ་གང་ཡིན་པ་དེ་ལས་ཡཉ་ འགྱུར་ཏེ། ཀཙྪ་སོགས་སུ་བཀླགས་པ་ལས་ཨཎ་དང་། མི་ལས་བུཉའི་དམིགས་བསལ་ལོ། །དྭཻ་པྱཿ། རྒྱ་མཚོ་དང་ཉེ་བ་ཞེས་པ་ཅི་ཞེ་ན། དྭཻ་པཿ། དྭེ་པ་ཀཿ། ཨརྡྷ་ལས་ཡཏའོ། །འགྱུར་ཏེ། ཨརྡྷྱཾཿ། པ་ར་ཨ་བ་ར། ཨདྷ་མ། ཨུཏྟ་མ་རྣམས་སྔོན་མ་ལགས་སོ། །ཨ་སདྡྷ་ལས་ཡཏ་འགྱུར་ཏེ། པཱ་རཱིརྡྷྱཾ། ཨ་བ་རཱ་རྡྷྱཾ། ཨུཏྟ་མཱརྡྷྱཾ་ཕྱོགས་ལས་ཋཉ་འང་ངོ་། །ཕྱོགས་བརྗོད་པ་ལས་ཕ་རོལ་ཨརྡྷྱ་ལས་ཋཉ་འགྱུར་ཏེ། འང་ཡིག་ལས་ཨརྡྷའི་འང་ངོ་། །པཽརྦཱརྡྷི་ཀཾ །པཱུརྦཱ་རྡྷྱཾ། དཱཀྵི་ཎཱརྡྷི་ཀཾ ། དཀྵ་ཎཱ་རྡྷྱཾ་པ་ར་དང་། ཨ་བ་ར་དག་ཕྱོགས་བརྗོད་པ་ཡིན་ཀྱང་དེ་སྔོན་མའི་ཨརྡྷ་ལས་ཡང་ཉིད་འདོད་པའི་ཕྱིར་རོ། །གྲོང་ དང་ལྗོངས་ཀྱི་ཕྱོགས་གཅིག་ལས་ཨཉ་འང་ངོ་། །གྲོང་གི་ཕྱོགས་གཅིག་ལས་ཨརྡྷ་དང་ལྗོངས་ཀྱི་ཕྱོགས་གཅིག་ལས་ཀྱང་ཕྱོགས་བརྗོད་པ་ལས་ཕ་རོལ་དུ་ཋཉ་འགྱུར་ཏེ། ཨཉ་འང་ངོ་། །གྲོང་ངམ་ལྗོངས་ཀྱི་ཤར་གྱི་ཕྱེད་ལས་བྱུང་ནི། པཽརྦཱརྡྷི་ཀཿ། པཽརྦཱརྡྷི་ཀཿ། དཱཀྵི་ཎཱ་རྡྷི་ཀཱཿ། དཀྵི་ཎཱརྡྷཿ། ཕྱོགས་རྣམས་ལས་ཞེས་པ་ཉིད་དེ། ཨརྡྷྱཱཿ། འདི་ངེས་པར་གྲོང་གིའོ། །སྔོན་མ་དང་བཅས་པ་ལས་སོ། །སྔོན་དུ་སྒྲ་གཞན་ཡོད་པའི་ཨརྷ་ལས་ཋཉ་འགྱུར་ཏེ། བཱ་ལེ་ཡཱརྡྷི་ཀཾ །ཀཽ་ཏ་མཱརྡྷི་གཾ །དུས་བརྗོད་པ་ལས་སོ། །ཋཉ་འགྱུར་ཏེ། མཱ་སི་ཀཾ། སཱམྦཏྶ་རི་ཀཾ །དཻ་བ་སི་ཀཾ །མཽ་ཧཱུརྟྟི་ཀཾ་བརྗོད་པ་སྨོས་པ་ལས་ཇི་ལྟར་ དུས་ཅུང་ཟད་འཇུག་པ་ལས་ཋཉ་འགྱུར་བ་སྟེ། ཀཱ་དམྦ་པུཥྤི་ཀཾ །བཻ་ཧེ་པ་ལཱ་ལི་ཀཾ །གང་གི་དུས་ཀ་དམྦའི་མེ་ཏོག་དང་འབྲས་བུ་དང་སྡོང་བུར་གྱུར་པ་དེ་དང་ཐ་མི་དད་པར་ཉེ་བར་བཏགས་ནས་དེ་དག་ཏུ་བརྗོད་དོ། །ཤ་རད་ལས་དད་པའི་ལས་ལའོ། །ཤ་རད་ལས་དད་པའི་ལས་ཉིད་ལ་ཋཉ་འགྱུར་ཏེ། ཤཱ་ར་དི་ཀཾ་དད་པས་སོ། །གཞན་ལ་ནི། ཤ་ར་དཾ་ལས་སྨོས་པ་ཅི་ཞེ་ན། ཤཱ་རདཿ། དད་པའི་སྐྱེས་བུའོ། །ནད་དང་ཚད་གདུང་དག་ལ་ཡང་ནའོ། །འདི་དག་ལ་ཤ་ར་ད་ལས་ཋཉ་ཡང་ན་འགྱུར་ཏེ། ཤཱ་ར་དི་ཀཿ། ཤ་ར་དཾ། ནད་དང་། ཚ་གདུང་ངོ་། །ནད་དང་ཚ་གདུང་དག་ལ་ཞེས་པ་ཅི་ཞེ་ན། ཤ་ར་དཾ། ཆུའོ། ། ཤ་ཤྭ་ཏ། ནཥཱ་པྲ་དོཥ་ལས་ཋཉ་ཡང་ན་འགྱུར་རོ། །ཤཱ་ཤྭ་ཏི་ཀཿ། ཤཱ་ཤྭ་ཏཾ་ནཻ་ཥི་ཀཾ །ནཻ་ཥཾ། པྲཱ་ད་ཥི་ཀཾ །པྲཱ་དོ་ཥཾ། ཤྭ་པ་ལས་ཏུཊ་འང་ངོ་། །འདི་ལ་ཋཉ་ཡན་གན་འགྱུར་ཏེ་ཏུཊ་ཨཱ་ག་མའང་ངོ་། །ཤཽ་བསྟི་ཀཾ །ཤྭསྟྱཾ། ཤྭསྟ་ནཾ། ཙི་ར་པ་ཏུཏ། པ་རཱ་རི་ལས་ནའོ། །ཡང་ན་འགྱུར་ཞིན་ཏུཊ་ཨཱ་ག་ མའང་ངོ་། །ཙི་རཏྣཿ། ཙིརནྟ་ན། བ་རུཏྣཿ། བ་རུཏྟཿ། པཱ་རཱ་རཏྣིཿ། པ་རཱ་རིཏྣ། པཱུརྦཱ་ནྣ། ཨ་པ་རཱཏྣ་དག་ལ་ཏན་ཊའོ། །ཡང་ན་འགྱུར་ཏེ། པཱུརྦཱཏྣ་ཏནཿ། བཽརྦཱ་ཏྣི་ཀཾ །ཨ་པ་རཱཏེ་ཏ་ནཿ། ཨ་པ་རཱཏྣི་ཀཾ །དུས་ཀྱི་དོན་ལས་ཏ་ར་ཏན། ཏ་མ་དུས་ལ་ཡང་ནའོ་ཞེས་པས་བདུན་ པ་མི་འཇིག་གོ། །ཊ་ཡིག་ནི་དཱིཔ་ཀྱི་དོན་ཏོ། །པཱ་ཡཾ་པྲཏྣེ། པྲཱ་གེ་ཙི་རི་གྲངས་མེད་པ་ལས་རྟག་ཏུ་ཏ་ནཊ་འགྱུར་ཏེ། སཱ་ཡཾ་ཏ་ནཾ། པྲ་གེ་ཏ་ནཾ། ཙི་རནྟ་ནཾ། ཚིག་ཕྲད་ལས་ཨེ་ཡིག་མཐའ་ནི་ཨ་ཡིག་མཐའ་ཉིད་དོ། །དོ་ཥཱ་ཏ་ནཾ། དུས་བརྗོད་པ་ལས་ཞེས་པ་ཉིད་དེ། མཐོ་རིས་ལས་བྱུང་བ་ནི། སྭོརྦཾ། སནྡྷྱ་ ལས་དུས་དང་རྒྱུ་སྐར་ལས་ཨཎའོ། །སནྡྷ་སོགས་རྣམས་ལས་དུས་དང་རྒྱུ་སྐར་རྣམས་ལས་ཨཎ་འགྱུར་ཏེ། སཱནྡྷྱཾ་སཱནྡྷི། བེ་ལཾ། གྲཻཥྨ། ཤཻ་ཥི་རམ་ཏཻ་ཥ་རཾ་ཏཻ་ཥཾ་པོ་ཥཾ་སནྡྷྱ། སནྡྷི་བེ་ལ། ཨ་མཱ་བཱ་སྱཱ། ཏྲ་ཡོ་ད་ཤཱི། །པཉྩ་ད་ཤཱི། །པོརྞ་མཱ་སཱི། བྲྀ་ཏི་པ་ཏ། ནཀྵ་ཏྲ་སྨོས་པས་རྒྱུ་སྐར་གྱིས་ཉེ་བར་མཚོན་པའི་དུས་གཟུང་ སྟེ། དུས་སྤྱིར་བཏང་བས་སོ། །ཨཎ་སྨོས་པས་ཨཎ་ཉིད་ཇི་ལྟ་བར་འགྱུར་གྱི་ཤས་མ་ཡིན་ནོ། །པཽརྞ་མཱསྱ་སོགས་ལས་ཞེས་པའི་དོན་ཏོ། །སཱཾ་བཏྶ་ར་ལས་ཕ་ལ་དང་པརྦ་ཎ་ལས་སོ། །ཨཎ་འགྱུར་ཏེ། སཱམྦཏྶམ་ར་ཕ་ལཾ། སཱཾ་བཏྶ་རཾ་པརྦ། གཞན་དུ། སམྦཏྶ་རི་ཀ །ཨཱ་ཡཿ། ཧེ་མནྟ་ལས་ཏ་དབྱི་བ་ཡང་ ནའོ། །ཧེ་མནྟ་ལས་ཨཎ་འགྱུར་ཞིང་ཏ་དབྱི་བ་ཡང་ནའོ། །ཧཻ་མ་ནཾ། ཧཻ་མནྟཾ། ཨཎ་ཡང་རྣམ་པར་བརྟག་པའོ་ཞེས་ཁ་ཅིག་གོ། །དེས་ན་ཧཻ་མནྟི་ཀཾ་བཪྵཱ་པྲཱ་བྲྀཏ་དག་ལས་ཋཀ། ཨཻ་ཎྱ་དག་གོ། །རིམ་པ་བཞིན་དུ་འགྱུར་རོ། །བཱཪྵི་ཀཾ །པྲ་བྲྀཥེ་ཎྱ། ཨངྒ་ལས་ཨ་པ་རི་ཏུ་ལས་ཀི་ཉི་ཎཏའོ། །དུས་བརྗོད་པ་ རྣམས་ལས་ཀིཏ་དང་ཉི་ཎཏ་ལས་ཀྱང་གང་སྒྲུབ་པ་དེ་རྣམས་ཀྱི་ཡན་ལག་སྔ་མ་རྣམས་ཀྱང་དུས་ཀྱི་མཐར་རིག་པར་བྱ་སྟེ། ཀིཏ་ལས་ནི་པཱུརྦ་བཱཪྵི་ཀཾ །ཨ་པ་ར་བཱཪྵི་ཀཾ །ཉིཏ་ལས་ནི། པཱུརྦ་གྲཻཥྨི་ཀཾ། །ཎིཏ་ལས་ནི། པྲཱུརྦ། ཧཻ་མ་ནཾ། ཨ་པ་ར་ཧཻ་མ་ནཾ། ཨཱ་དི་དང་མ་དྷྱ་ལས་མའོ། །འགྱུར་ཏེ། ཨ་དི་མཿ། མ་དྷྱ་མཿ། ཨ་དྷས། ཨ་བས་ལས་དབྱི་བ་འང་ངོ་། །མ་འགྱུར་ཞིང་མཐའ་དབྱི་བ་དང་བསྒྱུར་བ་འང་ངོ་། །མ་དྷྱ་ལས་ཨ་སྟེ་ད་ལྟར་བ་ལའོ། །ད་ལྟར་བ་ནི་རིགས་པ་དང་ལྡན་པར་བརྗོད་པ་ཞེས་བྱའོ། །དེ་མངོན་པར་བརྗོད་པ་ལ་མ་དྱ་ལས་ཨ་ཡིག་འགྱུར་ཏེ། མ་དྷྱཱ་ཧ་ཅང་མི་རིང་ཧ་ཅང་མི་ཐུང་ལ་རིགས་པའི་ཚད་དང་ལྡན་པའི་ བུད་མེད་ཅེས་པའི་དོན་ཏོ། །ཨ་གྲ་ཨནྟ་པཤྩ་ལས་ཨ་མའོ། །འདི་རྣམས་ལ་ཨ་མི་འགྱུར་ཏེ། ཨ་གྲི་མ། ཨིནྟི་མཿ། པཥྩི་མཿ། ལྷག་མ་ཅན་རྣམས་བཤད་ཟིན་ཏོ། །ད་ནི་ལྷག་མའི་ཁྱད་པར་བརྗོད་པར་བྱའོ། །ཞེས་པ་སཱ་དྷུ་ཀཱིརྟིའི་འཇམ་དང་ལ་གྱི་སྒྲ་བརྡ་སྤྲད་པ་དཔལ་ལྡན་ཀ་ལིངྒའི་ཡུལ་གྱི་དབང་ཕྱུག་བྱང་ཆུབ་ སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་བཞི་པའི་རྐང་པ་གསུམ་པ་རྫོགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །ངི་ལས་སྐྱེ་བ་ལས་བྲྀཥ་ལས་ཋནའོ། །པྲཱེ་བྲྀཊའི་སྒྲ་བདུན་པའི་མཐའ་ལས་སྐྱེ་བའི་དོན་ལ་ཋན་འགྱུར་ ཏེ། ཨེ་ཎྱའི་དམིགས་བསལ་ལོ། །དབྱར་སྐྱེས་པ་ནི་པྲཱ་བྲྀ་ཥི་ཀཿ། སྐྱེ་བ་སོགས་པའི་དོན་དུ་བརྗོད་པ་ལ་གཞན་ཉིད་ལས་ཡང་དེ་ལ་བྱས་པའི་ཨི་ཀ་ལ་སོགས་པ་མི་འགྱུར་ཏེ། ལྷག་མ་ཅན་ཉིད་དོ། །རང་བཞིན་གྱི་ཁྱད་པར་ལས་ལྷག་མའི་ཁྱད་པར་ཉིད་སྒྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་རང་ བཞིན་ལས་གཞན་གྱི་དོན་ཏོ། །གཞན་ནི་འདིར་ཡང་ཇི་ལྟར་རིགས་པར་སྤྱིར་བཏང་ཆེ་བའི་ཨན་ལ་སོགས་པ་དང་། གྷ་ལ་སོགས་པ་དང་ལྷག་མ་ཅན་དུ་འབྱུང་བར་འགྱུར་རོ། །ཐོས་འཇོམས་སུ་སྐྱེས་པ་ནི། སྲོགྷྣཿ། མཱ་ཐུརཿ། ཡུལ་འཁོར་དུ་སྐྱེས་པ་ནི། རཱཥྚི་ཡཿ། བཱ་རཱ་པཱ་རི་ཎིཿ། འདི་དབྱར་སྐྱེས་ པ་ནི། པྲཱ་བྲྀ་ཥེ་ཎྱ། བྲཱརྠབཿ། ཤ་རད་ལས་མིང་ལ་བུ་ཉའོ། །བདུན་པའི་མཐའ་ལས་སྐྱེ་བའི་དོན་ལ་འགྱུར་ཏེ། རི་ལུ་ལ་ཨཎ་གྱིས་དམིགས་བསལ་ལོ། །ཤཱ་ར་ད་ཀཱཿ། རྩྭ་དརྦྷའོ། །ཡང་ན་སྲན་མ་མུརྒའོ། །མིང་ལ་ཞེས་པ་ཅི་ཞེ་ན། ཤཱར་དཾ་ལོག་རྟོག་གོ། །པཱུརྦཱ་དྣ། ཨ་པ་རཱ་ཧྣ། ཨརྡཱ་མཱུ་ལ་པྲ་ དོ་ཥ་ལས་ཀནའོ། །བདུན་པའི་མཐའ་ལས་སྐྱེས་པ་ལ་འགྱུར་ཏེ། པཱུ་རྦཱཧྣ་ཀཿ། ཨ་བ་རཱ་ཧྣ་ཀཿ། འདིར་ཏ་ནཊ་དང་ཨན་གྱི་དམིགས་བསལ་ལོ། །རྒྱུ་སྐར་ལག་དང་ཟླ་བ་ལྡན་པ་ཉེ་བར་མཚོན་པའི་དུས་ནི། ཨཱརྡྷ་དེ་ལ་སྐྱེས་པ་ནི། ཨཱརྡྷྲ་ཀཿ། མཱུ་ལ་ཀཿ། རྒྱུ་སྐར་ལས་ཨཎ་གྱི་དམིགས་བསལ་ ལོ། །ཀེ་ཨན་ཞེས་པས་ཐུང་ངུ་ཉིད་དོ། །པྲ་དཽ་ཥ་ཀཿ། ཤ་ཤྭ་ཏ་ནི་ཤཱ་པྲ་དོ་ཥ་ལས་ཞེས་ཋཉ་དང་ཨཉ་གྱི་དམིགས་བསལ་ལོ། །ཨ་བསྐ་ར་ཀཿ། སྤྱིར་བཏང་ཅན་ཨན་གྱི་དམིགས་བསལ་ལོ། །མིང་ལ་ཞེས་པ་ཉིད་དེ། པཱུརྦཱཧྣེ་ཏ་ནཾ། བཽརྦཱ་ཧྣི་ཀཾ །པནྠཀའོ། །སྐྱེ་བའི་དོན་ལ་ཀན་ཏེ་ལམ་ སྟོན་པའི་མིང་ལ་ཚིག་ཕྲད་དོ། །སིནྡྷུ། ཨ་བ་ཀ་ར་དག་ལ་ཡང་ནའོ། །སྐྱེ་བའི་དོན་ལ་མིང་ལ་ཀན་ཡང་ན་འགྱུར་ཏེ། སིནྡྷུ་ཀཿ། སིནྡྷུ་པཿ། ཀཙྪ་སོགས་སུ་བཀླགས་པ་ལས་ཨཉའོ། །ཨ་པ་ཀ་ར་ཀཿ། ལྷག་མ་ལ་ཨཎའོ། །མིང་ལ་ཞེས་པ་ཉིད་དོ། །སཻནྡྷུ་བ་ཀཿ། མིའོ། ། མིང་དང་དེའི་གནས་དག་ལ་བུཉའོ། །ཨ་མཱ་དང་པོའི་བ་སྱ་ཨ་བ་སྱ་དག་ལ་སྟེ་ཨའང་ངོ་། །ཨ་མཱ་སྔོན་མའི་བ་སྱ་དང་ཨ་བ་སྱ་དག་ལ་སྐྱེ་བ་ལ་ཀན་ཡང་ན་འགྱུར་ཞིང་ཨའང་ངོ་། །ཨ་མཱ་བ་སྱ་ཀཿ། ཨ་མཱ་བ་སྱཿ། ཨ་མཱ་བཱ་སྱ་ཀཿ། ཨ་མཱ་བཱ་སྱཿ། སནྡྷྱ་སོགས་ཉིད་ཀྱི་ཕྱིར་མཎའོ། །བཏྶ་ཤྭ་ལ་ ཨ་ཤྭི་ནཱི་མྲྀ་ག་ཤི་རཿ། ཨ་བྷི་ཛི་ཏ། ཨ་ཤྭ་ཡུག །ཤ་ཏ་བྷི་ཥཀ་རྣམས་ལས་འཇིག་པར་ཡང་ན་འགྱུར་ཏེ། སྐྱེ་བ་ལ་བྱས་པའི་འོ། །བེའུའི་ར་བར་སྐྱེས་པ་ནི། བཏྶ་ཤཱ་ལཿ། བཱཏྶ་ཤཱ་ལཿ། རྟགས་ཀྱི་ཁྱད་པར་གཟུང་བ་ལས་བེའུ་ར་བར་སྐྱེས་པ་ནི། བཏྶ་ཤཱ་ལཿ། བཱཏྶ་ཤཱ་ལཿ། ཐ་སྐར་དང་ཟླ་བ་ལྡན་ པས་མཚོན་པའི་དུས་ནི། ཨ་ཤྭི་ནཱི། དེ་ལ་སྐྱེས་པ་ནི། ཨ་ཤྭཱི། །ཨཱ་ཤྭཱི་ནཿ། རི་དགས་མགོ་དང་ཟླ་བ་ལྡན་པས་མཚོན་པའི་དུས་ནི། མྲྀ་ག་ཤི་རཱཿ། དེར་སྐྱེས་པ་ནི། མྲྀ་ག་ཤི་རཱཿ། མཱརྒྒ་ཤཱི་རཱ། ཨཱ་བྷི་ཛི་ཏ། ཨ་ཤྭ་ཡུ་ག །ཨ་ཤྭ་ཡུ་ཛཿ། ཤྭ་ཏ་བྲྀ་ཥ་ཛཿ། ཤ་ཏ་བྷིཥ་ལས་ཨན་དང་ཨིཊ་དབྱི་ བའང་ངོ་། །ཤྭ་ཏ་བྷི་ཥཿ། སྠཱ་ནའི་མཐའ་ལ་གོ་ཤཱ་ལ་ཁ་ར་ཤ་ལ་ལས་སོ། །སྐྱེ་བ་ལ་བྱས་པ་རྟག་ཏུ་འཇིག་པར་འགྱུར་ཏེ། བ་ལང་གནས་སུ་སྐྱེས་པ་ནི། གོ་ཤཱ་ལཿ། ཡང་ན་བ་ལང་གི་ར་བ་བར་སྐྱེས་པ་གོ་ཤཱ་ལཿ། དེ་བཞིན་དུ་ཁ་ར་ཤཱ་ལཿ། སེ་ནཱ་སུ་རཱཿ། ཤཱ་ལཱ། ནི་ཤཱ་དག་གོ་ཞེས་པས་རྟགས་ གཉིས་ཉིད་དོ། །ཤྲ་བིཥྟཱ། ཕལྒུ་ནཱི། ཨ་ནུ་རཱ་དྷཱ། སྭཱ་ཏི། ཏི་ཥྱ་པུཥྱ། པུ་ནརྦ་སུ། བི་ཤཱ་ཁཱཿ། ཨཱ་ཥཱ་ཌྷཱ། བ་ཧུ་ལཱ། ཧསྟ་ལས་སོ། །སྐྱེ་བ་ལ་བྱས་པ་འཇིག་པར་འགྱུར་ཏེ། སྐར་མ་ཤྭ་བིཥྛ་དང་ཟླ་བ་ལྡན་པས་ཉེ་བར་མཚོན་པའི་དུས་ནི། ཤྲ་བིཥྛཱིཿ། དེ་དང་ལྡན་པ་ལ་སྐྱེས་པ་ནི་ཤྭ་བིཥྛཿ། འཇིག་པ་དང་དེ་ཕན་འཇིག་པ་ལ་གོ་ཎྱ་སོགས་མ་ཡིན་ཞེས་པས་བུད་མེད་ཀྱི་རྐྱེན་བཟློག་པའོ། །དེ་བཞིན་དུ་ཕལྒུ་ནཿ། ཨརྫུ་ནཿ། ཨ་ནུ་རཱ་དྷཿ། སྭཱ་ཏིཿ། ཏིཥྱཿ། པུ་ནརྦ་སུཿ། བ་ར་རུ་ཙིཿ། ནི་ཤཱ་ཁཿ། ཨཱཥཱ་ཌྷཿ། བ་ཧུ་ལ། བ་ཧུ་ལཱཿ། སྨིན་དྲུག་རྗོད་པར་བྱེད་དོ། །ཧསྟཿ། གང་གི་ཚེ་འདི་དག་བུད་ མེད་ལ་འཇུག་པ་དེའི་ཚེ། བུད་མེད་རྐྱེན་འབྱུང་ངོ་། །ཤྲ་བིཥྛཱ་མཱ་ན་བི་ཀཱ །ཨ་ནུ་ར་དྷཱ་མཱ་ཎ་བི་ཀཱཿ། ཙི་ཏྲཱ་རོ་ཧི་ཎཱི་རེ་བ་ཏཱི་རྣམས་ལས་ནི་བུད་མེད་མ་ཡིན་པ་ལ་ཡང་ནའོ། །ཙེ་ཏྲ་སོགས་རྣམས་ལས་བུད་མེད་ཀྱི་ཡུལ་མ་ཡིན་པ་ལ་ཡང་ན་འཇིག་པར་འགྱུར་ཏེ། བུད་མེད་ལ་ནི་རྟག་ཏུའོ། །ཙེ་ཏྲཿ། ཙེ་ཏྲཾ་ཀུ་ ལཾ། རོ་ཧི་ཎཿ། རཽ་ཧི་ཎཿ། རེ་བ་ཏ། རཻ་བ་ཏཿ། བུད་མེད་ལ་ཙི་ཏྲཿ། རོ་ཧི་ཎཱིཿ། རེ་བ་ཏི། གཽ་ར་སོགས་ཉིད་ལས་དཱི་པའོ། །བྷི་ཥ་ཛ་ལས་ཊིད་དེ་ཨཎའོ། །ཤཱཏ་བྷིཥ་ཛཿ། ཤྭ་བིཥྛཱ་དང་ཨཱ་ཥ་ཌྷ་ལས་ཚཎ་མ་ཡིན་ནོ། །འདི་དག་ལ་སྐྱེ་བ་ལ་ཚན་འཇིག་པར་མི་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་འདི་དག་ལ་ ཚཎའི་སྒྲུབ་པ་རྗེས་སུ་དཔག་པར་བྱའོ། །ཤྲཱ་བིཥྛཱ་ཡ་ཨཱཥཱ་ཌྷྲཱི་ཡཿ། དེ་རྣམས་ལ་ཀྲྀ་ཏ་ལབྡྷ། ཀྲཱི་ཏ། ཀུ་ཤ་ལ་སོགས་རྣམས་ལ་འང་ངོ་། །ལྷག་མ་དེ་རྣམས་ལ་སྐྱེ་བའི་དོན་དུ་ཀྲི་ཏ་སོགས་རྣམས་ལས་བདུན་པའི་མཐའ་ལས་འགྱུར་ཏེ། ཐོས་འཇོམས་སུ་སྐྱེས་པ་ལ་ཡང་ན། ཀྲིཏཿ། ལབྡྷཿ། ཀྲཱི་ཏཿ། ཀུ་ཤ་ལཿ། ཤྲཽ་གྷྣཿ། པཱ་རཱི་ཎཿ། གྲཱ་མྱཿ། གྲཱ་མཱི་ཎཿ། རྣམ་པར་དབྱེ་བ་སྒྲུབ་པའི་དོན་དང་བདེ་བཀླག་ཏུ་རྟོགས་པའི་དོན་དུ་འདི་བརྗོད་དོ། །གཞན་ཉིད་ལ་ནི་ཛཱ་ཏཱི་ཡ་ཀཾ །དེ་རྣམས་ལ་ཞེས་པ་ཡང་ཇི་ལྟར་རིགས་པར་རྗེས་སུ་འཇུག་གོ། །དུས་ལས་སཱདྷུ་པུཥྤྱཏ། པ་ཙྱ་མཱ་ན་རྣམས་ལས་སོ། །དེ་རྣམས་ལ་བདུན་ པའི་མཐའ་ལས་འགྱུར་ཏེ། ཧེ་མ་ཧེ་སཱདྷུཿ། ཧེ་མ་ནཿ། པྲཱ་བཱ་རཿ། ཧཻ་མནྟི། ཧཻ་མནྟི་ཀ །བ་སནྟེ། པུཥྤྱནྟི། བཱ་སནྟི། བཱ་སནྟུཿ། སུ་མ་ན་སཿ། ཤ་ར་དཱི་པ་ཙྱནྟེ། ཤཱ་ར་དཱཿ། ཤཱ་ལ་ཡཿ། ཨ་ཤྭ་ཡུ་ཛྱཱ་ལས་པྟ་ལ་བུཉའོ། །ཨ་ཤྭ་ཡུ་ཛའི་སྒྲ་ནི་ཐ་སྐར་གྱི་རྣམ་གྲངས་ཏེ་དེ་དང་ཟླ་བ་ལྡན་པས་མཚོན་པའི་ ཉ་གང་བ་ནི། ཨ་ཤྭ་ཡུ་ཛཱི། དེ་ཕྱིར་བདུན་པའི་མཐའ་ལས་བུཉ་འགྱུར་རོ། །ཨཱ་ཤྭ་ཡུ་ཛ་ཀཱ། སྲན་མའོ། །ཨ་ཤྭ་ཡུ་ཛ་ལས་ཞེས་པ་ཅི་ཞེ་ན། ཧེ་མནྟེ། ཨཱ་པྟཱ་ཧེ་མ་ནཱཿ། ཧཻ་མནྟི་ཀཿ། ཧེ་མནྟཱཿ། འདིར་ཅི་ལས་མི་འགྱུར་ཞེ་ན། ཨ་ཤྭ་ཡུ་ཛྱཱ་མུཔྟཾ་ཀྵེ་ཏྲཿ། ཨུཔྟའི་སྒྲ་ནི་གཞི་མེད་པ་ཀྟའི་མཐའ་སྟེ་ཞིང་ ལའོ། །གཙོ་བོའི་ཚུལ་མེད་པ་ལས་སོ། །ཉིད་བྱེད་པ་ནི་ཕྱི་མའི་དོན་ཏོ། །གྲའིཥྨ་བ་སྟནྟ་ལས་ཡང་ནའོ། །ཨུཔྟ་ལ་བདུན་པའི་མཐའ་ལས་བུཉ་ཡང་ན་འགྱུར་ཏེ། དུས་ལས་ཨཎའི་དམིགས་བསལ་ལོ། །གྲེཥྨ་ཀཾ །གྲཥྨཾ། པཱ་སནྟ་ཀཾ །བཱ་སནྟཾ། སྦྱིན་བྱའི་བུ་ལོན་ཉིད་དོ། །གང་ལྷག་མ་ལས་དུས་ བརྗོད་པ་ལ་སྦྱིན་བྱའི་བུ་ལོན་དེ་རྣམས་ཉིད་ལ་བདུན་པའི་མཐའ་ལས་འགྱུར་ཏེ། ཟླ་བས་སྦྱིན་བྱའི་བུ་ལོན་ནི། མཱ་སི་རྐཾ། ཨརྡྷ་མཱ་སིརྐཾ། །སཱམྦཏྶ་རི་ཀཾ། །བུ་ལོན་ཉིད་ཅེས་པ་ཅི་ཞེ་ན། མཱ་སེ་དེ་ཡཱ་བྷཀྵཱ། ཀ་ལཱ་པི། ཨ་ཤྭཏྠ། ཡ་བ་བུ་ས་ལས་བུཉའོ། །ཀ་ལཱ་པི་ལ་སོགས་ པས་ཉེ་བར་མཚོན་པའི་དུས་ལ་ཀ་ལཱ་པི་ལ་སོགས་པ་ལ་འཇུག་པ་དེ་རྣམས་ལས་སྦྱིན་བྱའི་བུ་ལོན་ལ་བུཉ་འགྱུར་ཏེ། གང་གི་དུས་སུ་རྨ་བྱ་རྣམས་མཇུག་སྒྲོ་ཅན་དུ་གྱུར་པ་དེ་ནི། ཀ་ལཱ་པཱི་ཀཱ་ལཿ། གང་གི་ཚེ་ཨ་ཤྭཏྠ་རྣམས་འབྲས་བུ་དང་ལྡན་པ་དེ་ཨ་ཤྭཏྠཿ། གང་གི་ཚེ་ནས་རྣམས་སྦུན་པ་ སྐྱེས་པ་དེ་ཡ་བ་པུ་ཥཿ། མཇུག་སྒྲོ་ལྡན་པའི་དུས་སུ་སྦྱིན་པར་བྱ་བའི་བུ་ལོན་ནི། །ཀ་ལཱ་པ་ཀཾ །ཀ་ལཱ་བྱ་སོགས་ལས་ཞེས་པས་ཊི་དབྱིའོ། །ཨ་ཤྭཏྠ་ཀཾ །ཨ་བ་ར་ས་མཱ། གྲཱཥྨི་དག་ལས་བུཉའོ། །ཨ་བ་ར་ས་མཱ་དང་གྲཱཥྨི་ལས་སྦྱིན་བྱའི་ཐུ་ལོན་ལ་བུཉ་འགྱུར་ཏེ། ཨ་བར་སྭ་མཱ་ལས་ཋཉ་དང་། གྲཱཥྨི་ལས་དུས་ལ་ཨཎ་ཐོབ་པ་ལའོ། །ཕྱིས་མཉམ་པར་སྦྱིན་བྱའི་བུ་ལོན་ནི། ཨ་བ་ར་ས་མ་ཀཾ །སོས་ཀ་སྦྱིན་བྱའི་བུ་ལོན་ནི། གྲཻཥྨ་ཀཾ །སཾ་བཏྶ་ར། མ་གྲ་ཧཱ་ཡ་ན་དག་ལས་ཋཉ་འང་ངོ་། །འདི་དག་ལ་སྦྱིན་བྱའི་བུ་ལོན་ལ་ཋཉ་འགྱུར་ཏེ། སཱམྦཏྶ་རི་ཀཾ །སཱམྦཏྶ་ར་ཀཾ །ཨཱ་གྲ་ཧཱ་ཡ་ཎི་ཀཾ །ཨཱ་གྲ་ཧཱ་ ལཎ་ཀཾ །ཡང་ཞེས་བརྗོད་པར་བྱ་བ་ལ་ཋཉ་སོས་ཀ་ནི་ལོར་སྦྱིན་བྱའི་བུ་ལོན་འབྲས་བུའོ་ཞེས་པ་འདིར་སཱམྦཏྶ་ར་ལས་འབྲས་བུའི་ཚིག་ལས་ཞེས་པས་ཨཎ་མ་གྱུར་པའོ། གནས་པ་རི་དག་ལའོ། །དུས་བརྗོད་པ་ལས་གནས་པའི་རི་དགས་ཉིད་བརྗོད་པར་བྱ་བ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་བདུན་པའི་ མཐའ་ལས་ལྷག་མ་རྣམས་འགྱུར་ཏེ། མཚན་མོ་གནས་པའི་རི་དགས་ནི་ནཻ་ཤི་ཀཿ། ནཻ་ཤཿ། པྲ་དོཥཿ། པྲཱ་དོ་ཥི་ཀཿ། ཤ་ཤྭཏ། ནི་ཤཱ་པྲ་དོཥ་ལས་ཞེས་པའི་ཕྱོགས་ལ་ཋཉའོ། །རི་དགས་ལས་ཞེས་པ་ཅི་ཞེ་ན། མཚན་མོ་གནས་པའི་ཨུལླུ་ཀཿ། འདིའི་སོ་ཌྷཾའོ། །དུས་ལས་བདུན་པའི་ མཐའ་ལས་སོ། །ཌྷཾ་ཞེས་པའི་དའི་དོན་ལ་ཆོ་ག་ཇི་ལྟ་བ་བཞིན་ལྷག་མ་རྣམས་འགྱུར་ཏེ། མཚན་མོ་ཁ་དོག་བྱེད་པ་ནི་སོཌྷཾ། འདིའི་ཞེས་པ་ནཻ་ཤི་ཀཿ། ནཻ་ཤཿ། གྲྭ་པའོ། །སཽ་ཌྷ་ནི་རྒྱལ་བ་གོམས་པར་བྱེད་པ་མངོན་པར་བརྗོད་པའོ། །དིག་སོགས་རྣམས་ལས་བྱུང་བ་ལ་ཡཏའོ། །དིག་སོགས་ རྣམས་ལས་བདུན་པའི་མཐའ་ལས་བྱུང་བའི་དོན་ལ་ཡཏ་འགྱུར་ཏེ། ཕྱོགས་ལས་བྱུང་བ་ནི་དི་ཤྱཾ། །བརྒྱ། དེ་ཤ་བརྒ། པཱུ་ག །ག་ཎ། པཀྵ། དྷྱ་ཡྻཱ། མིཏྟྲ། མེ་དྷ། ཨནྟ་ར། པ་ཐིན། ར་ཧ་ས། ཨ་ལཱི་ཀ །ཨུ་ཁཱ། སཱ་ཀྵིན། ཨཱ་དི། ཨནྟ། མུ་ཁ། ཛ་གྷ་ན། འདི་དག་ལུས་དང་ཆ་ཤས་མེད་པའི་དོན་ཏོ། ། བཀླགས་པ་རྣམས་སོ། །དམག་ནི་གཙོ་བོ་དང་མཐའི་འཇིག་རྟེན་གྱིའོ། །མེ་གྷ་ཡཱུ་ཐ་ནྱཱ་ཡ་ཨ་ནུ་བཾ་ཤ། །བིཎ། ཀཱ་ལ། ཨཱ་ཀཱ་ཤ། །བྷ་བའི་སྒྲ་ནི་ཉེ་བར་དམིགས་པ་དང་ཡོད་པ་དང་གོ་ཆ་དང་མི་སྐྱེ་བའི་དོན་ཏོ། །སྔ་མ་ཉིད་ཀྱིས་རྟོགས་པའི་དོན་གྱི་ཕྱི་རོ། །དིཀ་སོགས་རྣམས་ལས་ཞེས་པ་ཅི་ཞེ་ ན། སྲཽ་གྷྣ། བཱརྷ་སྦ་ཏྱཾ། ཨུ་ད་ཀྱཱ་རྡུལ་ལྡན་མ་ལའོ། །ཚིག་ཕྲད་དོ། །ལུས་དང་ཡན་ལག་ལས་སོ། །ལུས་དང་ཡན་ལག་བརྗོད་པའི་སྒྲ་ལས་བདུན་པའི་མཐའ་ལས་བྱུང་བ་ཡཏ་འགྱུར་ཏེ་སོ་ལས་བྱུང་བ་ནི། དནྟྱ་ཨཽཥྛྱཾ། རཱ་ལ་བཾ། མུརྡྷ་ཎྱ། མུ་ཁྱཾ། ཀཎྱཾ། ཨུ་ར་བྱཾ། དྲྀ་ཏི། ཀུཀྵི། ཀ་ལ་ཤི། །བསྟི། ཨསྟི། ཨ་ཧི་ལས་ཌྷ་ཉའོ། །དྲྀ་ཏི་སོགས་ལས་བྱུང་བ་ལ་བདུན་པའི་མཐའ་ལས་ཌྷཉ་འགྱུར་ཏེ། དྲྀ་ཏི་ལས་བྱུང་བ་ནི། དཱརྟྟེ་ཡཾ། ཀཽཀྵ་ཡཾ། ཀ་ལ་ཤིའི་སྒྲ་ནི་བུམ་པའི་རྣམ་གྲངས་ཏེ། ཀཱ་ལ་ཤེ་ཡཾ། བ་སྟེ། ཡཾ། ཨཱསྟེ་ཡཾ། ཨཱསྟིའི་སྒྲ་འདི་མི་ཟད་པ་སྟེ། ཏིང་གི་མཐཱ་ཅན་མ་ཡིན་ནོ། ། དེ་ཡང་ཡོད་པའི་དོན་དང་ནོར་གྱི་དོན་ཏོ། །དྲྀ་ཏི་ཀུ་ཀྵི་དག་ལུས་ཀྱི་ཡན་ལག་ཉིད་ཀྱི་ཕྱིར་ཡཏ་དང་། ལྷག་མ་རྣམས་ཨཎ་ཐོབ་པ་ལའོ། །གྲཱི་བ་ལ་ཨཎ་འང་ངོ་། །གྲཱི་བའི་སྒྲ་ལས་ཨཎ་འགྱུར་ཏེ། འང་ཡིག་ཌྷཉ་འང་ངོ་། །མགྲིན་པ་རྣམས་ལས་བྱུང་བ་ནི། གྲཻ་བེ་ཡཾ། ལུས་དང་ཡན་ལག་ལས་ཞེས་པས་ཨཎ་ཐོབ་པ་ ལ་བརྗོད་པའོ། །གམྦྷི་རི་དང་པཉྩཛ་ན་ལས་ཉའོ། །བྱུང་བ་ལ་འགྱུར་ཏེ། གཱམྦྷཱི་ར། པཱཉྩཛ་ནྱཾ་བ་ཧིར་དང་དེ་བ་དག་ལས་ཡཉ་འགྱུར་ཏེ། བཱ་ཧྱཿ། དཻ་བྱཾ་ཙ་ཏུརྨཱ་ས་ལས་མཆོད་སྦྱིན་ལའོ། །བདུན་པའི་མཐའ་ལས་བྱུང་བ་ཉྱ་འགྱུར་ཏེ། ཙ་ཏུརྨཱ་སྱཱ་ནི་ཡ་ཛྙཱ་ནི། དེ་ཕན་གྱི་དོན་ལས་ཚིག་ཕྱི་མའི་བསྡུ་བ་ཞེས་པས་ བསྡུ་བའོ། །མིང་ལ་ཨ་ཎའོ། །ཙ་ཏུརྨཱ་ས་ལས་འགྱུར་ཏེ། ཟླ་བ་བཞི་རྣམས་ཀྱི་མཐར་བྱུང་བ་ནི་ཙཱ་ཏུརྨཱ་སཱི། ཨཱ་ཥཱ་ཌྷཱི། པཽརྞྞ་མཱ་སི། ཀཱརྟྟི་ཀཱི །ཕལྒུ་ནཱི། ཡང་རྗོད་པར་བྱེད་དོ། །པ་རི་མུ་ཁ་སོགས་ལས་མི་ཟད་པའི་སྒྲུབ་པའོ། །བདུན་པའི་མཐའ་ལས་བྱུང་བ་ཉྱ་འགྱུར་ཏེ། ཁ་ལས་བྱུང་བ་ནི། པ་རི་མུ་ཁྱཾ། པ་རི་ཧ་ན་བྱཾ། པ་རི་མུ་ཁ་སོགས་ལ་ཞེས་པ་ཅི་ཞེ་ན། ཨཽ་པ་ཀཱུ་ལཾ། ཨོ་པ་ཀཱུ་པཾ། པ་རི་མུ་ཁཾ། པ་རི་ཧ་ནུ་པོརྨཥྛ། པུཪྻ་ལཱུ་ཁ་ལ། པ་རི་སཱ་ར། ཨ་ནུ་སཱི་ར། ཨུ་པ་སྛཱུན་ཨུ་པ་ཀ་ལཱ་པ། ཨ་ནུ་པ་ཐ། ཨ་ནུ་ཤངྐ། ཨ་ནུ་ཏི་ལ། ཨ་ནུ་ཤཱི་ཏ། ཨ་ནུ་མ་ས། ཨ་ནུ་སཱུ་པ། ཨ་ནུ་བཾ་ཤ། མི་ཟད་པའི་ཆོ་ག་ལས་ཞེས་པ་ཅི་ཞེ་ན། མ་རིག་ཏོ་མུ་ཁཾ། པ་རི་མུ་ཁཾ་དེར་བྱུང་བ་ནི། པཱ་རི་མུ་ཁཾ། ཨནྟ་ར་སྔ་མ་ལས་ཋཉའོ། །ཨནྟར་སྔ་མའི་ཚིག་མི་ཟད་པའི་ཆོ་ག་ལས་ཋཉ་འགྱུར་ཏེ། ཨཱནྟརྒེ་ཧི་ཀཾ །ཨཱནྟརྣཾ་ཤི་ཀཾ །གེ་ཧ་སྱ་མ་དྷྱཾ། བཾ་ཤ་སྱ་མདྷྱཾ་ཞེས་རྣམ་པར་དབྱེ་བའི་དོན་དུ་མི་ཟད་པའི་ཆོ་གའོ། ། པ་རི་ཨ་ནུ་དག་ལ་གྲཱ་མ་ལས་སོ། །པ་རི་དང་ཨ་ནུ་སྔོན་མའི་གྲཱ་མ་ལས་བྱུང་བ་ལ་ཋཉ་འགྱུར་ཏེ། པཱ་རི་གྲཱ་མི་ཀཾ །ཨ་ནུ་གྲཱ་མི་ཀཾ །མི་ཟད་པའི་ཆོ་ག་ལས་ཞེས་པ་ཉིད་དེ། པ་རི་ག་ཏོ་གྲཱ་མཾ། པ་རི་གྲཱ་མ། དེར་བྱུང་བ་ནི། པ་རི་གྲཱ་མ། ཨནྟཿ། པཱུ་རི་ཀ་མིང་ལའོ། །ཚིག་ཕྲད་དེ། རྒྱལ་པོའི་ཁྱིམ་དུ་སོང་ བའི་སྐྱེས་བུ་གཅིག་འགའ་ཞིག་གིས་ཡོངས་སུ་བཟུང་བ་ཉིད་ལ་བརྗོད། །མིང་ལ་ཞེས་པ་ཅི་ཞེ་ན། ནང་གི་གྲོང་གི་དབུས་ནས་བྱུང་བ་ནི། ཨཱནྟརྤུ་རི་ཀཱཾ །ས་མཱ་ན་སོགས་ལས་ཀྱང་ངོ་། །བདུན་པའི་མཐའ་ལས་བྱུང་བ་ནི་ཋཉ་འགྱུར་ཏེ། སཱ་མཱ་གྲཱ་མི་ཀ །ས་མ་ནི་ད་ཤི་ཀ །སཱ་དྲྀ་ཤི་ཀཿ། ཀྱང་ཡིག་ལས་ འབའ་ཞིག་ལས་ཀྱང་སྟེ། སཱ་མཱ་ནི་ཀཿ། ལོ་ཀའི་མཐའ་ལས་སོ། །སྒྲ་ལས་བྱུང་བ་ལ་ཋཉ་འགྱུར་ཏེ། པཱ་ར་ལཽ་ཀི་ཀཾ །ཨཻ་ཧ་ལོ་ཀི་ཀཾ །སཱ་མཱ་ན་སོགས་ལས་ཀྱང་ངོ་། །བདུན་པའི་མཐའ་རྣམས་ལས་བྱུང་བ་ལ་ཋཉ་འགྱུར་ཏེ། བདག་གང་ཡིན་པ་དེ་ལ་ཨཱདྷྱཱ་ཏྨའོ། །དེ་ལས་བྱུང་བ་ནི། ཨཱདྷྱཱཏྨི་ཀཾ །ཨཱ་ དྷི་དཻ་བི་ཀཾ །ཨཱ་དྷི་བྷཽ་ཏི་ཀཿ། ཙཱ་ཏུརྠི་ཀཿ། ཤཻ་ཤིང་ཀཿ། བཻ་ཤེ་ཥི་ཀཿ། ཚིག་ཕྱི་མའི་འཕེལ་བ་ལྷག་མ་ཁྱད་པར་བའོ། །སཱམ་པྲ་ཏི་ཀཿ། ཨཽརྡྷྭ་ད་མི་ཀཿ། ཨཽརྡྷྭ་དེ་ཧི་ཀཿ། ཨཱུརྡྷྭའི་སྒྲ་དང་མཚུངས་པར་ཨུརྡྷྭ་ད་མ་ཀའི་སྒྲའོ། །དབྱིབས་ཀྱི་ཚོགས་འདིའོ། །ཨཾ་གུ་ལི་ཛི་ཧྭཱ་མཱུ་ལ་ལས་ཚའོ། །འདི་ དག་ལས་བྱུང་བའི་དོན་ལ་ཚ་འགྱུར་ཏེ། ཡཏ་དགག་པའོ། །ཨངྒུ་ལཱི་ཡཿ། ཛི་ཧྭཱ་མཱུ་ལཱི་ཡཿ། བརྒྒའི་མཐའ་ལས་སོ། །སྒྲ་ལས་བྱུང་བ་ལ་ཚ་འགྱུར་ཏེ། ཀ་བརྒྒཱི་ཡཿ། བརྒྒཱི་ཡཿ། ཤ་བྷ་མ་ཡིན་པ་ལས་ཡཏ་དང་ཁ་དག་ཀྱང་ངོ་། །བརྒྒཱའི་མཐའ་ལས་བྱུང་བ་ལས་སྒྲ་མ་ཡིན་པ་ལ་ཚ་འགྱུར་ཞིང་ཡཏ་ དང་ཁ་དག་ཀྱང་ངོ་། །ཨརྫུ་ན་བརྒྒཱ་ཡཿ། ཨརྫུ་ན་བརྒྒཱིཎ། སྒྲ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཙཱ་བརྒྒཱ་ཡཿ། ཡི་གེའོ། །མ་དྷྱ་ལས་མཎ་དང་མི་ཡ་དག་ཀྱང་ངོ་། །བྱུང་བ་ལ་འགྱུར་ཏེ་ཀྱང་ཡིག་ལ་ཚ་ཡང་ངོ་། །མཱ་དྷྱ་མཿ། མ་དྷྱ་མཱི་ཡཿ། མི་དྷྱཱི་ཡཿ། དི་ན་ལ་མུ་མའོ། །མ་དྷྱ་ལ་དི་བའི་རྐྱེན་ཕ་རོལ་ ལ་མུམ་ཨཱ་ག་མ་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དི་ནའི་རྐྱེན་གྱི་ཆོ་ག་རྗེས་སུ་དཔག་པར་བྱའོ། །བར་མ་ལས་བྱུང་བ་ནི་མ་དྷྱཱ་ནྤཱ་ནཱིཿ། ཨུངྒ་ཡནྟིའོ། །ལ་ལཱཊ་ལས་རྒྱན་ལ་ཀཎའོ། །འགྱུར་ཏེ་ཡཏ་དགག་པའོ། །ལ་ལཱ་ཊི་ཀཱ །རྒྱན་ལ་ཞེས་པ་ཅི་ཞེ་ན། ལ་ལཱ་ཊྱཱ། ཀརྞ་ལས་སོ། །རྒྱན་ལ་ཀན་འགྱུར་ཏེ། ཡང་དགག་པའོ། །རྣ་བ་ལས་བྱུང་བའི་རྒྱན་ནི། ཀརྞི་ཀཱ །རྒྱན་ལ་ཞེས་པ་ཅི་ཞེ་ན། ཀརྞྱཾ། ཨུ་པ་སྔོན་མ་ལས་ཋཀའོ། །ཨུ་པ་སྔོན་མའི་ཀན་ལས་བྱུང་བ་ལ་ཋཀ་འགྱུར་ཏེ། རྣ་བ་དང་ཉེ་བ་ནི་ཨུ་པ་ཀརྞཾ། དེ་ལས་བྱུང་བ་ནི། ཨཽ་པ་ཀརྞི་ཀཿ། རྒྱན་ལ་ཞེས་པ་ཉིད་དེ། ཨུ་པ་ཀརྞྱ། ཛཱ་ནུ། ནི་བཱི་ དག་ལས་སོ། །ཨུཔ་སྔོན་མའི་བྱུང་བ་ལ་ཋཀ་འགྱུར་ཏེ། པུས་མོ་ལ་ཉེ་བ་ནི་ཨུ་པ་ཛཱ་ནུ། དེ་ལས་བྱུང་བ་ནི། ཨཽ་པ་ཛཱ་ནུ་ཀཾ །དེ་བཞིན་དུ། ཨུ་པཱ་ནཱི་བི་ཀཾ །མང་པོ་ལས་བྱུང་བ་ཉིད་དུ་གྲུབ་པའི་ཕྱིར་ཁྱད་པར་མེད་པར་ཉེ་བར་བླངས་པའོ། །འཆད་བྱེད་བཤད་བྱའི་མིང་ལས་ཨང་ལས་ཀྱང་ ངོ་། བཤད་པར་བྱ་བ་འདིས་འཆད་པར་བྱེད་པ་ནི་བཤད་བྱའི་མིང་དང་འཆད་བྱེད་ཀྱི་མིང་སྟེ། དེ་ལས་དྲུག་པའི་མཐའ་ལས་དང་འཆད་བྱེད་ཀྱི་དོན་ལས་བྱུང་བ་ལ་བདུན་པའི་མཐའ་ལས་ཀྱང་ཆོ་ག་ཇི་ལྟ་བ་བཞིན་དེ་ཕན་འགྱུར་ཏེ། སུབ་རྣམས་ཀྱི་འཆད་བྱེད་སུབ་དང་སུབ་ལས་བྱུང་བ་ ནི། སཽ་པཾ་ཏི་དཾ། ཀཱརྟྟཿ། བཤད་བྱའི་མིང་ལས་ཞེས་པ་ཅི་ཞེ་ན། པཱ་ཊ་ལི་པུ་ཏྲའི་འཆད་བྱེད་སུ་ཀོ་ཤ་ལའོ། །སུ་ཀོ་ཤ་ལར་ཡང་དག་པར་ཞུགས་པས་པཱ་ཊ་ལི་པུ་ཊ་ལི་པུར་ཊར་རོ་ཞེས་བྱས་ནས་སུ་ཀོ་ཤ་ལ་པཱ་ཊ་ལི་པུ་ཏྲའི་བཤད་བྱ་ཉིད་དོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ་བཤད་བྱ་ཉིད་ཀྱིས་པཱཊ་ལི་ པུ་ཏྲ་རབ་ཏུ་གྲུབ་པས་ན། དེའི་སྒྲུབ་པ་ལས་མ་ཡིན་ནོ། །སྠཱ་མ་དང་ཨ་ཛི་ནའི་མཐའ་ལས་འཇིག་གོ། །བྱུང་བ་ལ་བྱས་པ་འཇིག་པར་འགྱུར་ཏེ། ཨ་ཤྭཏྠཱ་མཱ། ཀྲྀཥྞཱ་ཛི་ནཾ། མཆོད་སྦྱིན་རྣམས་ལས་སྔགས་དང་རྟོག་པ་དག་ལའོ། །བྱུང་བའི་འཆད་བྱེད་དག་ལ་བྱས་པ་ནི་འཇིག་པར་འགྱུར་ཏེ། མེའི་ མཆོད་སྦྱིན་ལས་བྱུང་བའི་སྔགས་ནི། ཨིགྣིཥྚོ་མཿ། མེའི་མཆོད་སྦྱིན་གྱི་འཆད་བྱེད་ཀྱི་རྟོག་པ་ནི། ཨགྣི་ཥྚོ་མཿ། རི་ཀ །ཨ་ཙ་དུ་མ་ལས་སཾ་ཧི་ཏ་མིན་པ་ལས་ཋཉའོ། །རི་ཀའི་སྒྲ་དང་ཨ་ཙ་དུ་མའི་བཤད་བྱའི་མིང་དང་སཾ་ཧི་ཏའི་སྒྲ་བོར་བ་ལས་བྱུང་བའི་བཤད་བྱ་ དག་ལ་ཋ་འགྱུར་ཏེ། ཨཱརྩི་ཀ་ཙཱ་ཏུ་རྡོ་ཏྲི་ཀཾ །བྲཱཧྨ་ཎི་ཀཾ །པྲཱ་ཐ་མི་ཀཾ །ཨཱ་དྷ་རི་ཀཾ །པཽ་ར་ཥྩ་ར་ཎི་ཀཾ །པཱ་ཤུཀ་ཀཾ །ཨཻཥྚི་ཀཾ །ནཱ་མི་ཀཾ །ཨཱ་ཁྱཱ་ཏི་ཀཾ །ནཱ་མཱ་ཁྱ་ཏི་ཀཾ །ཥཱ་ཏྲ་ཎ་ཏྲི་ཀཾ །ནཱ་ཏཱ་ན་ཏི་ཀཾ །དེ་བཞིན་དུ་མཆོད་སྦྱིན་བརྗོད་པ་ལས་རཱ་ཛ་སཱུ་ཡི་ཀཾ །བཱ་ཛ་པ་ཡི་ཀཾ །ཨཱགྣི་ཥྚོ་མི་ཀཾ །པཱ་ག་ཡ་ ཛྙ་ཀཾ །སཾ་ཧི་ཏཱ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། སཾ་ཧི་ཏཱ་ལས་བྱུང་བ་ནི། སཱཾ་ཧི་ཏཿ། དྲང་སྲོང་ལས་ཀློག་པ་ལའོ། །སྔ་མ་ཉིད་ཀྱིས་གྲུབ་པ་ལ་བརྗོད་པ་ནི་ངེས་པའི་དོན་ཏོ། །དྲང་སྲོང་བརྗོད་པ་རྣམས་ལས་བཤད་བྱའི་མིང་རྣམས་ཀློག་པ་ཉིད་མངོན་པར་བརྗོད་པ་ལ་བྱུང་བ་འཆད་བྱེད་དག་ལ་ཋཉ་འགྱུར་ ཏེ། གནས་འཇོག་གི་གཞུང་འཆད་དམ་དེ་ལས་བྱུང་བ་ནི། བཱ་ཤིཥྛི་ཀཿ། ཀློག་པའོ། །བཻ་ཤྭ་མི་ཏྲི་ཀཿ། ཀློག་པ་ལ་ཞེས་པ་ཅི་ཞེ་ན། བཱ་ཤི་ཥྛཱི་རི་ཀ །རི་ཥི་ཉིད་ཀློག་པ་ལ་ཞེས་པས་ཟློག་པའི་ངེས་པ་དགོས་པར་མི་བྱའོ། །བསྟན་བཅོས་སུ་མི་འདོད་པའི་དོན་མེད་དེ་རབ་ཏུ་བྱེད་པ་པོ་རྣམས་ཀྱིས་རིགས་ པར་བཤད་པ་ལས་སོ། །པཽ་ར་ཌཱ་ཤ། །པུ་རོ་ཌ་ཤ་ལས་ཥི་ཀ་ནའོ། །བྱུང་བ་ལས་བཤད་པ་ལ་འགྱུར་ཏེ། པུ་རོ་ཌཱ་ཤཱཿ། པི་ཎྚ་ཀཿ། དེ་རྣམས་འདུ་བྱེད་པའི་སྔགས་ནི། པཽ་རོ་ཌཱ་ཤཿ། དེའི་འཆད་བྱེད་དམ་དེ་ལས་བྱུང་བ་ནི། པཽ་རོ་ཌཱ་ཥི་ཀཿ། པཽ་རོ་ཌཱ་ཤི་ཀཱིཿ། པུ་རོ་ཌཱ་ཤའི་དོན་ནི་སྔགས་ཏེ། པུ་རོ་ ཌཱ་ཤཿ། དེའི་འཆད་བྱེད་དམ་དེ་ལས་བྱུང་བ་ནི་པུ་རོ་ཌཱ་ཤི་ཀ །པུ་རོ་ཌཱ་ཤི་ཀཱིཿ། རི་ག་ཡ་ན་སོགས་རྣམས་ལས་ཨཎའོ། །འབྱུང་བ་བཤད་པ་དག་ལ་འགྱུར་ཏེ། ཋཉ་ལ་སོགས་པའི་དམིགས་བསལ་ལོ། །རི་ཙཱ་མ་དྷྱ་ཡ་ན། རི་ག་དྷྱ་ཡ་ནཾ། ཉེ་བར་སྤྱོད་པ་ལས་ཀློག་པའི་བྱ་བའི་ཡུལ་གཞུང་ལ་བརྗོད་དོ། ། དེ་འཆད་བྱེད་དམ། དེ་ལས་བྱུང་བ་ལ་ནི། ཨཱརྒྒ་ཡ་ན། ཚིག་ཕྲད་ལས་ན་ནི་ཎ་ཉིད་དོ། །རྐང་པ་བཤད་པའོ། །རི་ག་ཡ་ན་ཚིག་བཤད་པ་ལའོ། །ཚནྡཱོ་བྷཱཥཱ། ཚནྡོ་བི་ཙི་ཏི། ཚནྡོ་བི་ཛི་ཏི། ཚནྡོ་མཱ་ཎཿ། ཚནྡོ་བྱཱ་ཁྱཱ་ན། ནྱཱ་ཡ། པུ་ན་རུཀྟ། །བྱཱ་ཀ་ར་ཎ། ནི་ག་མ། བསྟུ། བིདྱཱ། ཨངྒ་བིདྱཱ། ཀྵ་ཏྲ་བི་དྱཱ། ཏྲི་བིདྱཱ། ཨུཏྤཱ་ཏ་ད་སཾ་བཏྶ། ཡཛྙ་ཙ་ཙ་ཀྲ་མེ་ཏ་ར། ཤླཀྵྞ།། ནི་རུགྟ། །མུ་ཧཱུརྟྟ་ནི་མིཏྟ་ཨུ་པ་ནི་ཥད། ཤཱིཀྵཱ་སྡེབ་སྦྱོར་ལས་ཡཏའང་ངོ་། །བྱུང་བ་བཤད་པ་ལ་འགྱུར་ཏེ། འང་ཡིག་ལས་ཨཎ་འང་ངོ་། །ཙྪནྡ་སྱཾ། ཙྪནྡ་སཾ། ད་ས་ལས་ཨཱ་ཡསྠཱ་ན་ལས་འོངས་པ་ལའོ། །ཨཱ་ཡ་ནི་རྗེ་པོས་ གཟུང་བའི་ཆའོ། །དེ་གང་དུ་འབྱུང་བ་དེ་ནི་ཨ་ཡསྠཱ་ན་སྟེ། ཨཱ་ཡ་སྠཱ་ན་བརྗོད་པ་ལྔ་པའི་མཐའ་ལས་འོངས་པ་ཞེས་པ་འདིའི་དོན་ལ་ཋཉ་འགྱུར་ཏེ། ལག་ཅན་པའི་ར་བ་ལས་འོངས་པ་ནི། ཤཽལྐ་ཤཱ་ལི་ཀ །ཨཱ་ཏ་རི་ཀཿ། ཨ་བ་ཎི་ཀཿ། ཨཱ་ཡ་སྠཱ་ན་ལས་ཞེས་པ་ཅི་ཞེ་ན། ཐོས་འཇོམས་ནས་འོངས་པ་ནི། ཤྲཽགྷྣཿ། རཱཥྚ་ཡ་ཞེས་པ་ལ་སོགས་པའོ། །ཤུཎྜི་ཀ་སོགས་ལས་ཨཎའོ། །འོངས་པའི་དོན་ལ་འགྱུར་བ་སྟེ། ཨཱ་ཡ་སྠཱ་ན། ཋཉའི་དམིགས་བསལ་ལོ། །ཤཽཎྜི་ཀཿ། ཀཱརྐ་ཎཿ། ཤུ་ཎྜ་ཀཿ། ཀྲི་ཀ་ར་ཎཿ། སྠཱཎྜ་ལ། ཨུ་པ་བཱ་ན། ཨུ་ད་ཀ །ཏཱིརྠ་བྷཱུ་མི་ཏྲ་ཎི། བརྞ་ཨུ་པ་ལ། ཤྲཽ་ཏ་པ། ཀི་ཀ་ཎའི་སྒྲ་ནི་བྷཱ་ར་དྷྭཱ་ ཛའི་ཡུལ་མ་ཡིན་པ་བརྗོད་པའོ། །རིགས་པ་དང་སྐྱེ་གནས་དང་འབྲེལ་པ་ལས་བུཉའོ། །རིགས་པ་དང་སྐྱེ་གནས་དང་འབྲེལ་པ་ནི་གང་མཁན་པོ་ལ་སོགས་པ་དང་མེས་པོ་ལ་སོགས་པ་དེ་དག་གོ །རིགས་པ་དང་སྐྱེ་གནས་དང་འབྲེལ་པ་དེ་ལས་འོངས་པ་ལ་བུཉ་འགྱུར་ཏེ། མཁན་པོ་ལས་འོངས་ པ་ནི། ཨཽ་པཱ་དྷྱ་ཡ་ཀཾ །ཤེཥྱ་ཀཾ །ཨཱ་ཙཪྻ་ཀཾ །མཱ་ཏཱ་མ་ཧཱ་ཀཾ །བཻ་ཏཱ་མ་ཧ་ཀཾ །མ་རུ་ལ་ཀཾ །རྀཏ་ལས་ཋནའོ། །རིགས་པ་དང་སྐྱེ་གནས་དང་འབྲེལ་པ་རྀ་ཏ་མཐའ་ཅན་ལས་འོངས་པ་ལ་ཋཉ་འགྱུར་ཏེ། ཧཽ་ཏྲི་ཀཾ །བི་ཏྲྀ་ཀཾ །མཱ་ཏྲི་ཀཾ །སྭཱ་སྲྀ་ཀཾ །བྷ་ཏི་ཀཾ །རིགས་པ་དང་སྐྱེ་གནས་དང་འབྲེལ་པ་ལས་ ཞེས་པ་ཉེད་དེ། སཱ་བི་ཏྲཾ། པི་ཏྲྀ་ལས་ཡཏ་ཡང་ནའོ། །འོངས་པ་ལ་འགྱུར་ཏེ། བཻ་ཏྲྀ་ཀཾ །པི་ཏྱཾ། མི་དང་རྒྱུ་རྣམས་ལས་རཱུ་པྱ་མ་ཡཏ་དག་གོ། །མི་དང་རྒྱུ་ལས་འོངས་པའི་དོན་ལ་རཱུ་པྱ་དང་མ་ཡཏ་དག་ཡང་ན་འགྱུར་ཏེ། དེ་བ་དཏྟ་རཱུ་པྱཾ་དེ་བ་དཏྟ་མ་ཡཾ་དཻ་བ་དཏྟཾ་རྒྱུ་ལས་ནི། ས་མཱ་དཱ་ག་ཏཾ། ས་མ་རཱུ་པྱཾ། ས་མ་མ་ ཡཾ། བི་ཥ་མ་པྱཾ། བི་ཥ་མ་མ་མི་ཡཾ། བི་ཥ་མཱ་ཡཾ། ག་ཧ་སོགས་ཉིད་ཀྱི་ཕྱིར་ཚའོ། །འདིར་གྲངས་ཀྱི་ལྟ་བ་བཞིན་མ་ཡིན་ཏེ་མི་འདོད་པའི་ཕྱིར་རོ། །རིགས་ལས་དེ་འདི་ལྟ་བུའོ། །བུ་རྒྱུད་སྤྱིར་བཏང་བ་ལས་གཞན་དུ་འཇིག་རྟེན་པའི་རིགས་ཀྱི་བུ་རྒྱུད་ཙམ་གཟུང་བ་དེའི་མཐའ་ལས་དེ་འདིའི་ཞེས་ པའི་དོན་ལྟ་བུ་ལ་དེ་ཕན་རྣམས་འགྱུར་ཏེ། གླུ་བུ་ཀ་ཡ་ནི་ལས་འོངས་པ་ནི། གླཽ་བུ་ཀ་ཡན་ཀཾ །ཉེ་བའི་བ་ལང་གི་བུ་རྣམས་ལས་འོངས་པ་ནི། ཨཽ་པ་ག་བ་ཀི། གཱ་རྒཱ། །དཱཀྵཾ། ཤཱ་ཀ་ལཾ། ཤཱ་ཀ་ལི་ཀཾ །པྲ་བྷ་བ་ཏིའོ། །ལྔ་པའི་མཐའ་ལས་པྲ་བྷ་བ་ཏིའི་དོན་ལ་ཆོ་ག་ཛི་ལྟ་བར་ཨཎ་ལ་སོགས་ པ་རྣམས་ལ་འགྱུར་ཏེ། ཧི་མ་བ་ཏ། པྲ་བྷ་བ་ཏི་རབ་ཏུ་བསལ་བར་དང་པོར་ཉེ་བར་དམིགས་པའོ། །ཧཻ་མ་བ་ཏིཿ། གང་གཱ་དར་དཿ། སིནྡྷུཿ། བི་དཱུ་ར་ལས་ཉྱའོ། །ལྔ་པའི་མཐའ་ལས་རབ་ཏུ་བྱུང་བའི་དོན་ལ་འགྱུར་ཏེ། བི་དུ་ར་ལས་རབ་ཏུ་བྱུང་བ་ནི། བཻ་ཌཱུཪྻཿ། ནོར་བུའོ། །བཻ་ཌཱུརའི་སྒྲ་ཡིས་བཱ་ལ་བཱ་ལ་ཡའི་རི་བོ་ ཀུན་དུ་བཤད་དོ། །དེར་འགྲོ་བའི་ལམ་གྱི་ཕོ་ཉ་དག་གོ་ཞེས་མདོ་གཞན་ནོ། །ཅི་ལྟར་ཤྲུ་གྷྣཾ་གཙྪ་ཏི་པནྠཱཿ། ཞེ་ན། ཡང་ན་ཕོ་ཉའོ། །ཤྲཽ་གྷྣཿ། རཱཥྚི་ཡཿ། ཐོས་འཇོམས་སུ་མངོན་པར་གྲོལ་བའི་སྒོ་ནི། ཤྲཽ་གྷྣཾ། མིང་ཡོད་པར་གྱུར་པ་དང་མཐའི་གཉེན་བརྗོད་པར་འདོད་པ་ལ་ཡང་ངོ་། །ཤི་ཤུ་ཀྲནྡ་སོགས་ དང་ནད་ཀྱི་དབང་དུ་བྱས་ནས་ཀྲྀཏ་གྲནྠ་ལ་ཚའོ། །བྱིས་པ་དུ་བའི་ནད་ཀྱི་དབང་དུ་བྱས་ནས་བྱས་པའི་གཞུང་ནི། ཤི་ཤུ་ཀྲནྡཱི་ཡཿ། ཡ་མ་ས་བྷཱི་ཡཿ། ཤིནྟཱ་ནྦེ་ཥ་ཎཱི་ཡཿ། ཨ་དྷི་ཀྲི་ཏྱ། པྲ་སྟུ་ཏྱ། ཨཱ་གཱུཪྻ་ཞེས་པའི་དོན་ཏོ། །བྱིས་པ་དུ་བ་སོགས་ལས་ཞེས་པ་ཅི་ཞེ་ན། ཤིན་ཏུ་བཟང་མོའི་དབང་དུ་ བྱས་ནས་བྱས་པའི་གཞུང་ནི། སཽ་བྷ་དྲཿ། སོ་མི་ཏྲཿ། གཞུང་ཞེས་པ་ཅི་ཞེ་ན། བྱིས་པ་དུ་བའི་དབང་དུ་བྱས་ནས། གཞན་བྱས་པ་ནི། ཤཻ་ཤཱུ་ཀྲནྡཾ། ཤི་ཤུ་ཀྲ་ད་ནི། ཡ་མ་ས་བྷ། ཨིནྡྲ་ཛ་ན་ན། ཤཱི་ཏཱི་ནྭེ་ཥ་ན། པྲདྱུ་མ་ན། ཤཱི་ཏཱ་ཧ་རི་ཎ། སློབ་མ་ཉེ་བར་ཁྲིད་དེ་ཀློག་པའོ། །དང་གི་དོན་ལས་དེ་བ་ཨ་སུ་ ར་སོགས་མ་ཡིན་པ་ལས་སོ། །གཉིས་པའི་མཐའ་ལས་དབང་དུ་བྱས་ནས་བྱས་པའི་གཞུང་ལ་ཚ་འགྱུར་ཏེ། ཤྱེ་ན་ཀ་པོ་ཏཱི་ཡཿ། ཨགྣི་ཀཱ་ཤཱ་པཱི་ཡཿ། སམྦཏྨ་རུ་ཏ་ཏིཿ། བཀྱ་པ་དཱི་ཡཿ། ཀི་རཱ་ཏཱ་རྫུ་ནི་ཡཿ། ཤབྡུ་རྠཱ་སམྦནྡྷ་ནཱི་ཡཿ། དེ་བ་ཨ་སུ་ར་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། དེ་བཱ་སུ་རཿ། དཀྵོ྅་པུ་ར། གཽཎ་མུ་ཁྱཿ། མང་པོ་ལ་དབྱི་བ་ཀུན་བཤད་ལའོ། །དབང་དུ་བྱས་ནས་བྱས་པ་ཀུན་བཤད་ཅན་གྱི་གཞུང་ལས་བྱས་པའི་རྐྱེན་ནི་མང་པོ་ལ་འཇིག་པར་འགྱུར་ཏེ། ནོར་ལྷའི་བུས་བྱིན་པའི་དབང་དུ་བྱས་ནས་བྱས་པའི་ཀུན་བཤད་ཅན་ནི་བཱ་ས་བ་དཱཏྟཱ། སུ་མ་ནོཏྟ་དཱ། སུ་མ་ནོཏྟ་དཱ། ཨཱུརྦ་སཱི། མི་འགྱུར་བ་ཡང་། བྷཻ་མར་ཐཱི། སུ་ལས་མི་གནས་པ་ལས་སོ། །སུ་ལས་ཞེས་པ་དང་པོའི་མཐའ་ལས་གནས་པར་གྱུར་པ་འདིའི་ཞེས་པའི་དོན་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཨཎ་ལ་སོགས་པ་འགྱུར་ཏེ། ཐོས་འཇོམས་སུ་གནས་པ་ནི། ཤྲཽགྷྣཿ། གྲཱ་མྱཿ། མངོན་པར་སྐྱེ་བ་རྣམས་ལས་ མཚོན་ཆས་འཚོ་བ་རྣམས་ལའོ། །དང་པོའི་མཐའ་ཅན་རིའི་ཁྱད་པར་རྣམས་ལས་མངོན་པར་སྐྱེ་བ་ལས་འདིའི་ཞེས་པ་དྲུག་པའི་དོན་ཅན་མཚོན་ཆས་འཚོ་བ་རྣམས་མངོན་པར་བརྗོད་པ་ལ་ཚ་འགྱུར་ཏེ། ཧྲིངྒོ་ལའི་རི་ལས་འདི་རྣམས་མངོན་པར་སྐྱེ་བ་ལ། ཧྲིངྒ་ལའི་ཡཱཿ། མཚོན་ཆས་འཚོ་བ་རྣམས་ སོ། །བྷོ་ཛ་ཀ་ཊཱི་ཡཿ། བྷོ་ཛ་གི་རཱི་ཡཿ། རི་རྣམས་ལས་ཞེས་པ་ཅི་ཞེ་ན། སཱཾ་ཀཱ་ཤྱ་ཀཱཿ། མཚོན་ཆས་འཚོ་བ་རྣམས་སོ། །མཚོན་ཆས་འཚོ་བ་རྣམས་ལ་ཞེས་པ་ཅི་ཞེ་ན། རིཀྵོ་དཿ། རིའི་པགས་པ་འདི་རྣམས་ཏེ། བྲམ་ཟེ་རྣམས་ཀྱིའོ། །ཨཱརྐྵོ་དཱཿ། མངོན་པར་སྐྱེ་བ་རྣམས་ལ་ཞེས་པ་ཅི་ཞེ་ ན། གང་དག་འབིགས་བྱེད་ན་གནས་པའི་མཚོན་ཆས་འཚོ་བ་དེ་རྣམས་ནི། བཻནྡྷྱཿ། མངོན་པར་སྐྱེ་བ་རྣམས་སྔར་སྐྱེ་བ་གང་དུ་དེ་རྣམས་གནས་ཟིན་པ་དེ་ཡང་མངོན་པར་སྐྱེ་བ་སྟེ། རིགས་ལ་གནས་པའི་བར་ཇི་སྲིད་པའོ། །གང་དུ་ཡང་དག་པར་གནས་ཟིན་པ་དེ་ངེས་པར་གནས་པའོ། །ཤཎྜི་ཀ་ལ་ སོགས་པ་རྣམས་ལས་ཉྱེའོ། །དེ་འདིའི་མངོན་པར་སྐྱེ་བ་ཞེས་པ་འདིའི་དོན་ལ་འགྱུར་རོ། །ཤཎྜ་ཀ་མངོན་པར་སྐྱེ་བ་འདི་ཞེས་པ་ནི་ཤཱཎྜི་ཀྱཿ། ཀཽ་ཙ་པ་བཱཪྻཿ། ཤཱཀྱཿ། ཤཎྜི་ཀ་ཀུ་ཙ་བཱ་ར། ཤ་ཀ་སརྦ་སེ་ན། སརྦ་ཀེ་ཤ། །ཤ་ཊ་ར་ཐ་ཤཾ་ཁ་ཙ་ན་ཀཿ། བོ་དྷ། སིནྡྷུ་སོགས་པ་རྣམས་ལས་ཨཎའོ། །དེ་ འདིའི་མངོན་པར་སྐྱེ་བ་ཞེས་པ་འདིའི་དོན་ལ་འགྱུར་ཏེ། འདི་སིནྡྷུ་ར་མངོན་པར་སྐྱེས་པ་ནི། སེནྡྷུ་བཿ། བཱལླ་བཿ། ཀཱཤྨཱི་རཿ། སིནྡྷུ། བལླུ། གནྡྷཱ་ར། མ་དྷུ་མཏ། ཀམྦོ་ཛ། ཀཤྨཱི་ར། ཤཱ་ལྭ། ཀསྐནྡྷི། ཤབྡི་ཀ །ཨུ་རས། དཏྟ། ཏཀྵ། ཤི་ལཱ། བཏྶོདྡྷ་ར་ཎ། ཀྲ་མེ་དུར། དཱཎྜ་བཱ་ར། གྲཱ་མ་ཎཱི། ཤ་རཱ་ལ། སཾ་ཀ །ཀིནྣ་ར། སཾ་ཀུ་ཙི་ཏཿ། སི་མ་ཧ། ཀོ་ཥྛ། ཀརྞ། བརྦྦ་ར། ཚ་ག་ལ། སཾ་ཨུ་ཏ། ཨཱ་བ། སཱ་ན། འདིར་ནི་གོང་དུ་ཀ་ཙ་སོགས་སུ་བཀླགས་པ་དེས་ཨཎ་གྲུབ་པ་ལ་བུ་ཉའི་དམིགས་བསལ་གྱི་དོན་དུ་བརྗོད་པའོ། །ལྗོངས་བརྗོད་པ་རྣམས་ཀྱང་ངོ་། །བཱ་ཧཱི་ཀ་གྲཱ་མཱ་ཎཱཾ་ནི་ཋ་ཉ་དང་ཀཉའི་ དམིགས་བསལ་གྱི་དོན་ཏོ། །ཏུ་དཱི། བརྨ་ཏྲི་དག་ལས་ཌྷ་ཉའོ། །དེ་འདིའི་མངོན་པར་སྐྱེ་བ་ཞེས་པ་འདིའི་དོན་ལ་འགྱུར་ཏེ། ཨ་ནའི་དམིགས་བསལ་ལོ། །ཏཽ་དེ་ཡཿ། བཱརྨ་ཏེ་ཡཿ། ཤ་ལཱ་རུ་ར་ལ་ཚཎའོ། །དེ་འདིའི་མངོན་པར་སྐྱེ་བ་ཞེས་པ་འདིའི་དོན་ལ་འགྱུར་ཏེ། ཤཱ་ལཱ་རུ་ རཱི་ཡཿ། དི་ལས་གུས་པ་ལ་མ་ཧཱ་རཱ་ཛ་ལས་ཋཀའོ། །དི་ལས་ཞེས་པ་བདུན་པའི་མཐའ་ལས་མ་ཧཱ་རཱ་ཛ་ལས་གུས་པ་ལ་ཋཀ་འགྱུར་ཏེ། རྒྱལ་པོ་ཆེན་པོ་ལ་གུས་པ་ནི། མཱ་ཧཱ་རཱ་ཛི་ཀཿ། མཱ་ཧཱ་རཱ་ཛ་ལས་ཞེས་པ་ཅི་ཞེ་ན། སངས་རྒྱས་ལ་གུས་པ་ནི། བཽདྷཿ། ཐོས་འཇོམས་སུ་གུས་པ་ནི། ཤྲཽགྷྣཿ། རཱཥྚི་ ཡཿ། སེམས་མེད་པ་ལས་ཡུལ་དུས་ལས་སོ། །བདུན་པའི་མཐའ་ལས་གུས་པ་ལ་ཋཀ་འགྱུར་ཏེ། ཨཱ་སཱུ་པི་ཀཿ། ཤཱཥྐུ་ལི་ཀཿ། སེམས་མེད་ལས་ཞེས་པ་ཅི་ཞེ་ན། ཤྲཽགྷྣཿ། ཧཻ་མ་ནཿ། བཱ་སུ་དེ་བ་ཨརྫུ་ན་ལས་ཀནའོ། །བདུན་པའི་མཐའ་ལས་གུས་པ་ལས་འགྱུར་ཏེ། བཱ་སུ་དེ་བ་ཀཿ། ཨརྫུ་ན་ཀཿ། རིགས་མེད་པའི་རྒྱལ་རིགས་ཀྱི་དོན་དུ་བཱ་སུ་དེ་བ་སྨོས་སོ། །རིགས་ལས་མང་པོ་ལ་བུཉའོ། །རིགས་ཀྱི་རྐྱེན་མཐའ་བདུན་པའི་མཐའ་ལས་གུས་པ་ལ་མང་པོ་ལ་བུཉ་འགྱུར་ཏེ། ཨཽ་པ་ག་བ་ཀཿ། ཀཱ་ཊ་པ་ཀཿ། དཀྵ་ཀཿ། མི་འགྱུར་བ་ཡང་། འདི་པཱ་ཎི་ནི་ལ་གུས་པ་ལ་པཱ་ཎི་ནཱི་ཡཿ། རྒྱལ་རིགས་ལས་སོ། །རྒྱལ་རིགས་བརྗོད་པ་བདུན་པའི་མཐའ་ལས་གུས་པ་ལ་མང་པོ་ལ་བུཉ་འགྱུར་ཏེ། ནཱ་ཀུ་ལ་ཀཿ། སཱ་ཧ་དེ་བ་ཀཿ། མི་འགྱུར་བ་ཡང་། འདི་པཽ་ར་བ་ལས་གུས་པ་ནི་པཽ་ར་བཱི་ཡཿ། ལྗོངས་ཀྱི་མིང་ལས་རིགས་ཀྱི་མཐའ་དེ་བཞིན་དུ་ཐམས་ཅད་དོ། །ལྗོངས་ཀྱི་མིང་ལས་རྒྱལ་རིགས་ལ་བྱས་ པའི་རིགས་ཀྱི་རྐྱེན་གང་ཡིན་པ་དེའི་མཐའ་ལས་བདུན་པའི་མཐའ་ལས་གུས་པའི་དོན་ལ་ལྗོངས་བཞིན་དུ་ཐམས་ཅད་འགྱུར་ཏེ། འདི་ཨཾ་ག་དང་བངྒའི་ལྗོངས་རྣམས་སུ་གུས་པ་ནི། ཨཱངྒ་ཀཿ། བཱངྒ་ཀཿ། དེ་བཞིན་ཨཱངྒའི་རྒྱལ་རིགས་རྣམས་ལ་གུས་པ་ནི། ཨཱངྒ་ཀཿ། བཱངྒ་ཀཿ། ཐམས་ཅད་སྨོས་པ་ནི་ རང་བཞིན་ཡང་ལྗོངས་ཇི་ལྟ་བ་བཞིན་འགྱུར་བའོ། །མ་དྲའི་ཕྱི་རོལ་དུ་གུས་པ་ནི། མཱ་དྲ་ཀཿ། བྲྀ་ཛི་ཀཿ། ལྗོངས་ཀྱི་མིང་ལས་ཞེས་པ་ཅི་ཞེ་ན། པཽ་ར་བཱི་ཡཿ། རྒྱལ་རིགས་ལས་ཞེས་པ་ཉིད་དེ། ལྔ་ལེན་གྱི་བྲམ་ཟེ་རྣམས་ལ་གུས་པ་ནི། པཱཉྩཱ་ལཿ། མཐའ་སྨོས་པ་ནི་འཇིག་པ་ལ་ཡང་ཇི་ལྟ་བ་བཞིན་ནོ། ། གཞན་དུ་ན་དངོས་སུ་དེའི་མཐའ་ཉིད་ཀྱི་ཆོ་ག་རྣམ་པར་ཤེས་པར་བྱའོ། །ཨཱངྒ་དག་དང་ཨངྒ་དག་ལ་གུས་པ་ནི། ཨངྒ་ཀཿ། ཊཱ་ལས་རབ་ཏུ་བརྗོད་པ་ལའོ། །ཊཱ་ལས་ཞེས་པ་གསུམ་པའི་མཐའ་ལས་རབ་ཏུ་བརྗོད་པའི་དོན་ལ་ཆོ་ག་ཇི་ལྟ་བ་བཞིན་ཨཎ་ལ་སོགས་པ་འགྱུར་ཏེ། པཱ་ཎི་ཡིས་རབ་ཏུ་བརྗོད་པ་ནི། པཱ་ཎི་ནཱི་ཡཾ། ཨཱ་པི་ཤཱ་ལཾ། ཨཽ་ཤ་ན་སཾ། བཱརྡསྤ་ཏྱཾ། ཙཱནྡྲ། ཨཻནྡྲཾ། རིག་བྱེད་ལ་ཀློག་པར་བྱེད་པ་དང་རིག་བྱེད་བྱེད་པ་ཉིད་དོ། །རབ་ཏུ་བརྗོད་པའི་རིག་བྱེད་ལ་གསུམ་པའི་མཐའ་ལས་དེ་ཕན་གང་ཡིན་པ་དེ་ཀློག་པར་བྱེད་པ་དང་རིག་བྱེད་བྱེད་པ་པོའི་ཡུལ་ཉིད་ལ་འགྱུར་ཏེ། པི་བྱ་ལའི་ཟས་ཅན་གྱིས་རབ་ ཏུ་བརྗོད་པའི་རིག་བྱེད་དམ་རིག་བྱེད་ཀློག་པར་བྱེད་པ་ནི། པཻ་བྱ་ལཱ་དཿ། མཻ་ཏྲ་ཡ་ཎཱི་ཡཿ། ཙཱ་ར་ཡ་ཎཱི་ཡཿ། རིག་བྱེད་ལ་ཞེས་པ་ཅི་ཞེ་ན། པི་པྱ་ལའི་ཟས་ཅན་གྱི་རབ་ཏུ་བརྗོད་པའི་ཚིགས་བཅད་ནི། པེ་བྱ་ལཱ་དཿ། ཉིད་ཅེས་བྱ་བ་བྱེད་པ་ཅི་ཞེ་ན། པི་བྱ་ལཱ་དེ་ན་པྲོཀྟོ་བེ་དཿ། ཏིཏྟ་རི། བ་ར་ ཏནྟུ། ཁཎྜི་ཀ །ཨུ་ཁ་ལས་ཙྪཎའོ། །འདི་དག་གིས་རབ་ཏུ་བརྗོད་པའི་རིག་བྱེད་ལ་ཙྪཎ་འགྱུར་ཏེ། དེ་ཡང་ངེས་པར་ཀློག་པ་དང་རིག་བྱེད་བྱེད་པའི་ཡུལ་ལོ། །ཏིཏྟ་རི་ཡིས་རབ་ཏུ་བརྗོད་པའི་རིག་བྱེད་དམ་རིག་བྱེད་ཀློག་པ་ནི། ཏིཏྟི་རཱི་ཡཾ་བཱ་ར་ཏནྟ་བཱི་ཡཿ། ཁཱཎྜཱ་ཀཱི་ཡཿ། ཨཽ་ཁཱི་ཡཿ། ཀ་ཤྱ་པ། ཀཽ་ཤི་ཀ་དག་ལས་དྲང་སྲོང་དག་གི་རྟོག་པ་ལའང་ཎི་ནིའོ། །འདི་དག་རབ་ཏུ་བརྗོད་པའི་རིག་བྱེད་དམ་རྟོག་པ་ལ་ཡང་ཎི་ན་འགྱུར་ཏེ། དེ་ཡང་ཀློག་པར་བྱེད་པ་དང་རིག་བྱེད་བྱེད་པ་ཉིད་དོ། །དྲང་སྲོང་གིས་བྱས་པའི་རིག་བྱེད་དམ་རྟོག་པའམ་རིག་བྱེད་ཀློག་པར་བྱེད་པ་ནི། ཀཱ་ཤྱ་ པི་ཎཿ། ཀཽ་ཤི་ཀ་ནིཿ། དྲང་སྲོང་དག་གིས་ཞེས་པ་ཅི་ཞེ་ན། ཀཱ་ཤྱ་པཱི་ཡཿ། ཀལྤཿ། རྟོག་པ་ཞེས་པ་ཅི་ཞེ་ན། ཀཱ་ཤྱ་པཱི་ཡཱཿ། སྔོན་རབས་དང་བཅས་པའོ། །འདི་དག་གིས་རིག་བྱེད་རབ་ཏུ་བརྗོད་པ་འགོག་པ་ནི་མ་ཡིན་པ་ཞེས་པ་གཞན་ལ་ཞུགས་པའོ། །ཀློག་པ་ཡང་རྟོག་པ་སྟེ་དེ་དག་ གིས་རབ་ཏུ་བ་བརྗོད་པ་ཞེས་བརྗོད་དོ། །དེ་ལའང་ཡིག་ཇི་ལྟར་ཞེ་ན། ཀུན་སྡུད་པའི་དོན་ཏེ། དྲན་པ་ལ་ཡོད་པ་དེ་ཐམས་ཅད་ཡུལ་ཉིད་དུ་བཤད་དོ། །དེས་ན་ཚིག་གིས་གཞན་དུ་རབ་ཏུ་བརྗོད་པ་འགོག་པ་ནི་མ་ཡིན་ནོ། །རིག་བྱེད་རབ་ཏུ་བརྗོད་པ་ལ་ཕན་པ་ནི་རྟོག་པའོ། །ཡལ་ག་ནི་གླུ་དང་ བཅས་པའང་ངོ་། །གཞན་དུ་ན་ཀཱ་ཤྱ་པཱི་ཡཱ་པཱུ་ར་ཎ་པཾ་ཏི་ཏཱ་ཞེས་དཔེར་བརྗོད་པར་མི་འགྱུར་རོ། །ཤཽ་ན་ཀ་ལ་སོགས་པ་རྣམས་ལས་སོ། །རིག་བྱེད་རབ་ཏུ་བརྗོད་པ་ཎི་ནི་འགྱུར་ཏེ། དེ་ཡང་ཀློག་པར་བྱེད་པ་དང་རིག་བྱེད་བྱེད་པ་ཉིད་དེ། ཨཎའི་དམིགས་བསལ་ལོ། །ཤོ་ན་ ཀ་ཡིས་རབ་ཏུ་བརྗོད་པའི་རིག་བྱེད་རིག་པར་བྱེད་པའམ་ཀློག་པར་བྱེད་པ་ནི། ཤཽ་ན་ཀ་ན། བཱ་ཛ་ས་ནེ་ཡི་ནཿ། རིག་བྱེད་ཅེས་པ་ཉིད་དོ། །ཤཽ་ན་ཀཱི་ཡཿ། བསླབ་པའོ། །ཤཽ་ན་ཀ །བཱ་ཛེ་ནེ་ཡ། ཤཱཾ་གརྦ། ཤཱ་པེ་ཡ། ཤཱ་སྱེ་ཡ། ཁཱ་ཌཱ་ཡ་ན། སྐནྡྷ། སྐམྦྷ། དེ་བ་དཪྵ། རཛྫུ་བྷཱ་ར། ར་ཛྫུ་ཀཿ། ཀ་ ཥཱ་ཡ། ཀ་ཋ་ཤཱ་ཋ། ཚོགས་སུ་ཀློག་པ་འདིའོ། །དེས་ན་དེ་དག་གིས་རབ་ཏུ་བརྗོད་པའི་རིག་བྱེད་རིག་པར་བྱེད་པའམ་ཀློག་པ་ནི། ཀླཱ་ཋ་ཤ་ཋི་ནཿ། ཀ་ལཱ་པི་དང་བཻ་ཤལྤཱ་ཡ་ནའི་སློབ་མ་རྣམས་ལས་སོ། །རབ་ཏུ་བརྗོད་པའི་རིག་བྱེད་ལ་ཎི་ནི་འགྱུར་ཏེ། དེ་ཡང་ཀློག་པར་བྱེད་པ་དང་རིག་བྱེད་བྱེད་པ་ ཉིད་དོ། །དེ་ལ་ཀ་པའི་ཉེ་གནས་བཞི་སྟེ། ལྷ་རི་དྲུ། ཏུམྦུ་རུ། ཨུ་ལ་པཙྪ་ལི་ནའོ། །བེ་ཤམྦཱ་ཡ་ནའི་ཉེ་གནས་དགུ་སྟེ། ཨཱ་ལམྦ། པ་ལིངྒ། ཀ་མ་ལཱ་པྲཱ་ཙྱཱ། ཤྱཱ་མཱ་ཡན་ཀ་ཀ་ཐ་ལཱི་པི་ན། ཨུ་དཱི་ཙྱཱ། རི་ཙྱཱ་བྷ་ཨཱ་རུ་ཎི་ཏཎྜ་མ་དྷ་རྣམས་སོ། །དངོས་ཀྱི་སློབ་མ་འདིར་གཟུང་གི་ཡང་སློབ་མ་རྣམས་ སོ་སོར་བྱེད་པའི་ཕྱིར། ཀ་ཋའི་སློབ་མ་ཡང་ཁཱ་ཌཱ་ཡ་ནའི་སྟེ། པྲ་ཤཽ་ཀ་སོགས་སུ་བཀླགས་པ་ལས་སོ། །ཧ་རི་དྲུ་ཡིས་རབ་ཏུ་བརྗོད་པའི་རིག་བྱེད་རིག་པར་བྱེད་པའམ་ཀློག་པ་ནི། ཧ་རི་དྲ་བི་ཎཿ། ཏཽམྦ་ར་བི་ཎཿ། ཚ་ག་ལི་ན། ཌྷིནྣ་ཀཾ་བཀྵཱ་ཏི། ཨཱ་ལམྦི་ནཿ། པཱ་ལིངྒ་ནཿ། ཤྱ་མ་ཡ་ནི་ནཿ། ཨཱ་རྩཱ་ བྷི་ནིཿ། ཨཱ་རྩཱ་བྷི་ནཿ། ཨཱ་རུ་ཎི་ནཿ། ཏཱཎྜ་ནཿ། ཀ་ཋ་ལས་འཇིག་པར་འཆད་དོ། །ཀ་ལཱ་པིཎ་ལས་ཨཎ་འང་ངོ་། །ཀ་ཋ་ཙར་ཀ་ལས་འཇིག་གོ། །འདི་དག་གི་མཐའ་ལས་རབ་ཏུ་བརྗོད་པའི་རིག་བྱེད་ལ་བྱས་པའི་རྐྱེན་ནི་འཇིག་པར་འགྱུར་ཏེ། ཀ་ཋ་ཡིས་རབ་ཏུ་བརྗོད་པའི་རིག་བྱེད་རིག་ པར་བྱེད་པ་ནི། ཀ་ཋཱཿ། ཙ་ར་ཀཱཿ། རིམ་བཞིན་དུ་ཎི་ནི་དང་ཨཎ་འཇིག་གོ། །ཙ་ར་ཀ་ཞེས་པ་བཻ་ཥམྦཱ་ཡ་ནའི་བཤད་པའོ། །ཀ་ལཱ་པི་ན་ལས་ཨཎའོ། །རབ་ཏུ་བརྗོད་པའི་དོན་ལ་འགྱུར་ཏེ། ཎི་ནིའི་དམིགས་བསལ་ལོ། །ཀ་ལཱ་པིན་གྱིས་རབ་ཏུ་བརྗོད་པའི་རིག་བྱེད་རིག་པར་བྱེད་པའམ་ཀློག་པ་ནི། ཀཱ་ ལཱ་པཱཿ། ཨཎ་སྨོས་པ་ནི་ལྷག་པར་སྒྲུབ་པའི་དོན་ཏོ། །ཚཎ་ཡང་བཀག་པའི་ཕྱིར་ཁ་ཅིག་ཏུ་ཡཎ་ཉིད་ཇི་ལྟ་བ་བཞིན་འགྱུར་རོ། །དེས་ན་མཐུར་ཡིས་རབ་ཏུ་བརྗོད་པ་ནི། མཱ་ཐཱུ་རི། འགྲེལ་པའོ། །སཽ་ལ་བྷཱ་ནི། བྲམ་ཟེ་མོའོ། །ཚ་ག་ལིན་ལས་ཌྷ་ལ་འཇིག་གོ། །རབ་ཏུ་བརྗོད་པའི་དོན་ལས་འགྱུར་ཏེ། ཎི་ནིའི་ དམིགས་བསལ་ལོ། །ཚ་ག་ལིན་གྱིས་རབ་ཏུ་བརྗོད་པའི་རིག་བྱེད་རིག་པར་བྱེད་པའི་ཀློག་པ་ནི། ཙྪ་ག་ལེ་ཡ་ནིཿ། ཀརྨནྡ། ཀྲྀ་ཤྭཱ་ཤྭ་དག་ལ་དགེ་སློང་དང་གར་གྱི་མདོ་དག་ལ་ཨི་ཎིའོ། །འདི་དག་གིས་རབ་ཏུ་བརྗོད་པ་ལ་རིམ་པ་བཞིན་དུ་དགེ་སློང་གི་མདོ་དང་གར་གྱི་མདོ་དག་ལ་ཨི་ཎི་འགྱུར་ ཏེ། དེ་ཡང་ཀློག་པ་དང་རིག་བྱེད་བྱེད་ཉིད་དོ། །ལྷས་སྦྱིན་གྱིས་རབ་ཏུ་བརྗོད་པའི་དགེ་སློང་གི་མདོ་རིག་པར་བྱེད་པའམ་ཀློག་པ་ལ་ཀརྨནྡི་ནཿ། དགེ་སློང་རྣམས་སོ། །རྟ་སྐེམ་གྱིས་རབ་ཏུ་བརྗོད་པའི་གར་གྱིས་མདོ་རིག་པར་བྱེད་པ་ནི། ཀྲི་ཤཱ་ཤྭི་ན། ཟློས་གར་རྣམས་སོ། །པཱ་རཱ་ཤཪྻཿ། ཤི་ ལཱ་ལི་དག་ལ་ཎི་ནིའོ། །འདི་དག་གིས་རབ་ཏུ་བརྗོད་པ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དགེ་སློང་གི་མདོ་དང་གར་གྱི་མདོ་བརྗོད་པ་ལ་ནི་འགྱུར་ཏེ། དེ་ཡང་ཀློག་པ་དང་རིག་པར་བྱེད་པའི་ཡུལ་ལོ། །པཱ་རཱ་ཤཪྻ་ཡིས་རབ་ཏུ་བརྗོད་པའི་དགེ་སློང་གི་མདོ་རིག་པར་བྱེད་པའམ་ཀློག་པ་ནི། པཱ་རཱ་ཤཱ་རི་ཎཿ། དགེ་ སློང་རྣམས་སོ། །ཨཎ་ཏི་བུ་རྒྱུད་ལ་ཞེས་པས་ཡང་དབྱིའོ། །ཤི་ལཱ་ལིན་གྱིས་རབ་ཏུ་བརྗོད་པའི་གར་གྱི་མདོ་རིག་པར་བྱེད་པའམ་ཀློག་པ་ནི། ཤཻ་ལ་ལི་ནཿ། ཟློས་གར་རྣམས་སོ། །སྔོན་གྱི་དྲང་སྲོང་ལས་བྲམ་ཟེ་ལའོ། །སྔོན་གྱི་དྲང་སྲོང་བརྗོད་པ་ལ་རབ་ཏུ་བརྗོད་པའི་བྲམ་ཟེ་ལ་ནི་འགྱུར་ ཏེ། དེ་ཡང་ཀློག་པ་དང་རིག་བྱེད་བྱེད་པ་ཉིད་དོ། །ཤཱ་ཊྱཱ་ཡན་ཡིས་རབ་ཏུ་བརྗོད་པའི་བྲམ་ཟེ་རིག་པའམ་ཀློག་པར་བྱེད་པ་ནི། ཤཱ་ཊྱཱ་ཡ་ན་ནིཿ། ཨཻ་ཏི་རེ་ཥི་ཎཿ། བྷཱལླ་བྷི་ནཿ། སྔོན་སྨོས་པ་ཅི་ཞེ་ན། ཡཛྙ་བལྐ་ཡིས་རབ་ཏུ་བརྗོད་པ་ནི། ཡ་ཛྙ་བལྐ་ནི། བྲམ་ཟེ་རྣམས་སོ། །འདི་ཉིད་ཚིག་ཕྲད་ ལས་པུ་ར་ཏཱ་སྟེ། པུ་རཱ་ཎའི་སྒྲ་དང་རྣམ་གྲངས་ལེགས་པ་མ་ཡིན་ནོ། །འདི་ནི་བྲམ་ཟེ་རིག་བྱེད་པ་རྣམས་ཀྱིས་གསང་སྔགས་འཆད་བྱེད་དུ་གྱུར་པའི་གཞུང་ངོ་། །རྟོག་པ་ལའོ། །རབ་ཏུ་བརྗོད་པ་ཞེས་པ་ཉིད་དེ། སྔོན་གྱི་དྲང་སྲོང་དེ་ཡིས་རབ་ཏུ་བརྗོད་པའི་རྟོག་པ་ལ་ཎི་ནི་འགྱུར་ཏེ། པངྒིས་རབ་ ཏུ་བརྗོད་པ་ནི། པཻངྒཱ། རྟོག་པའོ། །ཨཱ་རུ་ཎ་པ་རཱ་ཛིཿ། རྟོག་པའོ། །གང་ཡང་པཻངྒ་ཎིས་རྟོག་པ་ཀློག་པའམ་རིག་པར་བྱེད་པ་དེ་ཡང་པཻངྒ་ནིཿ། རབ་ཏུ་བརྗོད་པ་ལས་འཇིག་པའི་སྒྲུབ་པ་ལས་སོ། །སྔོན་གྱི་དྲང་སྲོང་ལས་ཞེས་པ་ཉིད་དེ། ཨཱ་ཤྨ་ར་ཐཿ། ཀལྤའོ། །ཨ་ ཐརྦ་ཎ་ལས་རིག་བྱེད་ལ་ཨཎའོ། །རབ་ཏུ་བརྗོད་པ་ལ་འགྱུར་ཏེ། སྲིད་སྲུང་བས་རབ་ཏུ་བརྗོད་པའི་རིག་བྱེད་ནི། ཨཱ་ཐརྦཎཿ། ཅི་ལྟར་སྲིད་སྲུང་གི་རིག་བྱེད་ཅེ་ན། བི་ཤིཥྛཿ། ཨ་ནུ་བཱ་ཀཿ། ཞེས་པ་སྟེ་དེས་རབ་ཏུ་བརྗོད་པ་ལ་དེར་བརྟགས་པ་སྟེ། ཇོ་བོ་སེང་གེ་དང་། ཐོས་པ་སྐྱོང་བ་ལ་སོགས་པ་བཞིའོ། ། ཀློག་པ་དང་རིག་བྱེད་བྱེད་པ་ཉིད་ཀྱི་དེ་ལས་རིག་བྱེད་རབ་ཏུ་བརྗོད་པ་ཙམ་ལ་མ་ཡིན་གྱི། ཐོབ་པ་བྱེད་པས་བརྗོད་པའོ། །ཕྱོགས་གཅིག་དེ་ལས་ཏས་ལ་ཡང་ནའོ། །གཅིག་ཏུ་མཚུངས་པའི་ཕྱོགས་གང་ཡིན་པ་དེ་ལས་མངོན་པར་བརྗོད་པ་ལ་དེ་གསུམ་པའི་མཐའ་ལས་ཏས་ལ་ཡང་ན་འགྱུར་ ཏེ། སུ་དམྦཱ་མེ་གྷ་དང་ཕྱོགས་མཚུངས་པ་ནི། སུ་དཱ་མ་ཏཿ། སཽ་དཱ་མ་ནཱི། གློག་གོ། །སུ་དཱ་མི་ནཱཿ། སཽ་དཱ་མི་ནཱི། ཞེས་བསམ་པར་བྱའོ། །དེ་བཞིན་དུ་ཧེ་མ་བནྟཿ། ཧེ་མ་བ་ཏཱི། གངྒཱ། རཱཥྚ་ཏཿ། རཱཥྚ་ཡཿ། སྭ་ར་སོགས་ཉིད་ཀྱི་ཕྱིར་དེའི་མཐའ་མི་ཟད་པ་ཉིད་དོ། །ཨུ་རས་ལས་ཡཏའོ། ། གསུམ་པའི་མཐའ་ལས་ཕྱོགས་མཚུངས་པ་ལ་ཡཏ་ཡང་ན་འགྱུར་ཏེ། བྲང་དང་ཕྱོགས་མཚུངས་པར་མདའ་འཇོག་པ་ནི། ཨུ་ར་སྱཾ། ཨ་རསྟཿ། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཨཎ་བཟློག་གོ། །ཨུ་པ་ཛྙཱ་ཏ་ལའོ། །ཆོ་ག་ཇི་ལྟ་བ་བཞིན་ཨཎ་ལ་སོགས་ལ་འགྱུར་ཏེ། པཱ་ཎི་ནི་ཡིས་ ཉེ་བར་ཤེས་པ་ནི། བི་ནཽ་བ་དེ་ཤེ་ན་ཛྙཱ་ཏཾ། པཱ་ཎི་ནིའི་དུས་མ་ཡིན་པར་ལུང་སྟོན་པའོ། །ཀཱ་ས་ཀྲིཏྶྣཾ། གུ་རཱུ་ལ་གྷ་བཾ། ཨཱ་པི་ཤ་ལཾ། དུསྐ་ར་ཎཾ། བྱས་པ་ལའོ། །ཆོ་ག་ཇི་ལྟ་བ་བཞིན་དུ་ཨཎ་ལ་སོགས་པ་འགྱུར་ཏེ། མཆོག་སྲེད་ཀྱིས་བྱས་པའི་གཞུང་ནི། བཱ་ར་རུ་ཙཿ། ཞི་བས་བྱས་པའི་གཞུང་ནི། ཤེ་བཿ། མིས་སྦྱིན་གྱི་བུས་བྱས་པའི་གླུ་ནི། ནཱ་ར་དཱི་ཡཾ། འདོད་པར་བྱས་པའི་རབ་ཏུ་དང་བ་ནི། ཨཻཥྚ་ཀཿ། ཏཱཀྵྞ། མིང་ལའོ། །མིང་ལ་དེས་བྱས་པའི་དོན་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཨཎ་ལ་སོགས་པར་འགྱུར་ཏེ། མཀྵི་ཀས་མངོན་པར་བྱས་པ་ནི། མཱཀྵི་ཀཾ །གཱརྨུ་ཏཾ། སཱ་ར་ གྷཾ། པཻཏྟི་ཀཾ །ཀཥཽ་དྲཾ། བྷྲ་མ་རཾ། བཱ་ར་ཊཾ། བཱ་ཏ་པ་ལས་ཨཉའོ། །གསུམ་པའི་མཐའ་ལས་མིང་ལ་བྱས་པ་ལ་འགྱུར་ཏེ། བཱ་ཏ་པཾ། མིང་ལ་ཞེས་པ་ཉིད་དེ། བཱ་ཏ་པཱི་ཡཾ། ཀུ་ལཱ་ལ་སོགས་རྣམས་ལས་བུཉའོ། །གསུམ་པའི་མཐའ་ལས་དེ་རྣམས་ལ་བྱས་པ་ལ་འགྱུར་ཏེ། ཀཽ་ལཱ་ལ་ཀཾ །བཱ་རུ་ཊ་ཀཾ ། ཨེནྡྲི་ཡ་ཀཾ་ཤེས་པའོ། །མིང་ལས་ཞེས་པ་ཉིད་དེ། ཀཽ་ལཱ་ལཾ། ཀུ་ལཱ་ལ། བ་རུ་ཊ། ཙཎྜ་ལ། ནིཥཱདཿ། ཀརྨཱ་ར་སྱ་ནཱ། དེ་བ་རཱ་ཛ། སི་རནྡྷཱིཿ། པཪྵ་ཏཿ། བདྡྷཱུ། རུ་རུ། ཨ་ན་ཌུ་ཧ། བྲཱ་ཧྨཎ། ཀུམྡྷཱ་ཀཱ་རཿ། ཤྭ་བཱ་ཀ །དེའི་འདི་ཞེས་པ་འདིའི་དོན་ལ་དྲུག་པའི་མཐའ་ལས་ཆོ་ག་ཇི་ལྟ་བ་བཞིན་དུ་ཨཎ་ལ་ སོགས་པ་འགྱུར་ཏེ། ཉེ་བའི་བ་གང་གི་སྭཾ་ནི། ཨཽ་པ་ག་བཾ། རཱཥྚི་ཡཾ། ཤཱསྟྲི་ཡཾ་ལས་སོ། སྭ་ནི། གྲོང་དང་ལྗོངས་དང་མི་རྣམས་ལས་སོ་ཞེས་བརྗོད་པར་བྱའོ། །དེ་རྣམས་ཉིད་ལ་འགྱུར་ཏེ། གྲོང་ལས་ནི། ཤྲཽགྷྣཿ། རཱཥྚི་ཡཿ། ལྗོངས་ལས་ནི། ཨཱངྒ་ཀཿ། མི་ལས་ནི། དཻ་བ་དཏྟཿ། ཡཱ་ཛྙ་ དཏྟཿ། གཞན་ལས་བརྗོད་པར་བྱ་བ་མ་ཡིན་པར་བསྟན་པའི་ཕྱིར། ཨཻནྡྲཾ། བཱརྷསྤ་ཏྱཾ། ཨཱགྣེ་ཡཾ། བཱ་རུ་ཎཾ། པཻ་ཤཱ་ཙཾ། ཨ་སུ་རཾ། འདིར་ཅི་ལྟར་མི་འགྱུར་ཞེ་ན། ཏ་སྱཱནྟ་རཾ། ཨ་སྱ་ས་མཱི་པ། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །ར་ཐ་དང་དེའི་མཐའ་ལས་ཡཏའོ། །དྲུག་པའི་མཐའ་ལས་ འགྱུར་ཏེ། ཤིང་རྟའི་ནོར་ནི། རཐྱཾ། ཙ་ཀྲཾ། ཡུ་གཾ །ཤིང་རྟའི་ཡན་ལག་ཉིད་ལ་འདོད་ཀྱི་གཞན་ལ་མ་ཡིན་ཏེ། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །དེའི་མཐའ་ལས་ནི། ཤིང་རྟ་གཉིས་དག་གི་ནོར་ནི་དྭི་ར་ཐཾ། ཏྲི་རཐཾ། བ་གཉིས་པ་དང་བུ་རྒྱུད་དང་མཆོད་སོགས་ལ་འཇིག་གོ་ཞེས་པས་ འཇིག་གོ། །བ་ར་མ་ར་ཐྱཾ། བཱ་ཧ་ན་སྔོན་མ་ལས་ཨཉའོ། །ར་ཐ་ལས་ནོར་ལ་འགྱུར་ཏེ། ཨཱ་ཤྭ་ར་ཐཾ། རཱ་ས་བྷ་ར་ཐཾ། བཱ་ཧ་ན། ཨ་དྷཱཪྻ། པ་རི་ཥ་ད་ལས་ཀྱང་ངོ་། །དེའི་ནོར་ཞེས་པ་འདིའི་དོན་ཨཉ་འགྱུར་ཏེ། ཨ་ཤྭ་མུ་པ་ཀ་ར་ཎཾ། རཱ་བྷ་སཾ། ཤྲིངྒ་ལཾ། ཨཱ་དྷྭཪྻ་བཾ། པཱ་རི་ཥ་དཾ། བརྗོད་པའོ། ། ཧ་ཁ་སཱི་ར་ལས་ཋཀའོ། །དྲུག་པའི་མཐའ་ལས་ནོར་ལ་འགྱུར་ཏེ། ཨཎའི་དམིགས་བསལ་ལོ། །འདིའི་གཤོལ་ནི། ཧཱ་ལི་ཀཾ །ཟུང་ངོ་། །སཻ་རི་ཀཾ །སཱི་རའི་སྒྲ་ནི། ལཱངྒ་ལ་ལ་སྟེ། དནྟྱ་སོགས་སོ། །དང་གི་དོན་ལས་དེ་བ་དང་ཨ་སུ་ར་མ་ཡིན་པའི་དགྲ་བོ་ལ་བུཉའོ། །དྲུག་པའི་མཐའ་ལས་ འགྱུར་ཏེ། བྱ་རོག་དང་འུག་པ་རྣམས་དགྲ་བོར་གྱུར་པ་ནི། ཀཱ་ཀོ་ལཱུ་ཀི་ཀཱ །ཨ་ཤྭ་མ་ཧི་ཥི་ཀཱ་མཱུ་ཥི་ཀ་མཱརྫུ་རི་ཀཱ། རང་བཞིན་གྱི་བུད་མེད་ཀྱི་རྟགས་སོ། །དེ་བ་དང་ཨ་སུ་ར་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། དཻ་བཱ་སུ་རཾ། རཀྵོ྅སུ་རཾ། བག་མ་ལའོ། དང་གི་དོན་ལས་བུཉ་འགྱུར་ཏེ། རྒྱུན་ཤེས་དང་བྷ་ར་དྷྭཱ་ཛ་དག་གི་བག་མ་ནི། ཨ་ཊི་བྷ་ར་དྷྭཱ་ཛི་ཀཱ། ཀུཏྶ་ཀུ་ཤི་ཀི་ཀཱ། ཕཱ་བྷ་ཤཱ་ལངྒ་ཡེ་ནི་ཀཱ། ན་ཊ་ལས་གརྒ་ཉྱའོ། །འགྱུར་ཏེ། ཟློས་གར་བ་རྣམས་ཀྱི་གར་ནི། ནཱ་ཊྱཾ་གར་ལ་ཞེས་པ་ཅི་ཞེ་ན། ན་ཊཱ་ཎཱཾ་གྲྀ་ཧཾ། ཟློས་གར་བ་རྣམས་ཀྱི་ཁྱིམ་མོ། །ཙྪནྡོ་ག །ཨཽཀྠི་ཀ། །ཡཱཛྙི་ཀ །བ་ཧི་བ་ཙ་ ལས་ཆོས་བརྗོད་པ་དང་འདུས་པ་ལའོ། །ཙྪཱནྡོ་ག་ལ་སོགས་པའི་དོན་རྣམས་ལ་གསུམ་འགྱུར་ཏེ། བུཉ་འཇུག་པའི་དམིགས་བསལ་ལོ། །ཀུན་སྤྱོད་ཀྱི་ཆོས་བླ་མ་བརྒྱུད་པའི་མན་ངག་ནི་བརྗོད་པའོ། །ཚོགས་ནི་འདུས་པའོ། །ཙྪནྡ་ག་རྣམས་ཀྱིས་ཆོས་བརྗོད་པའམ་འདུས་པ་ནི། ཙྪནྡ་གྱཿ། ཨཽཀྠ་གྱཿ། ཡཱ་ཛྙི་གྱཿ། བཱི་ཧྲཱྀ་ཙྱཿ། ཆོས་སོགས་རྣམས་ལ་ཞེས་པ་ཅི་ཞེ་ན། ཙྪནྡོ་ག་རྣམས་ཀྱི་ཁྱིམ་ནི། ཙྪནྡོ་གཾ །ཨཱ་ཐརྦ་ཎི་ཀ་ལས་ཨཎ་ཏེ་ཋ་འཇིག་པའང་ངོ་། །ཨཱ་ཐརྦ་ཎི་ཀའི་སྒྲ་ལས་ཨཎ་འགྱུར་ཞིང་འཇིག་པའང་སྟེ། སྲིད་སྲུང་བ་རྣམས་ཀྱིས་ཆོས་བརྗོད་པའམ་འཇུག་པ་ནི། ཨཱ་ཐརྦ་ཎཿ། ཙར་ཎ་ ལས་བུཉའོ། །ཆོས་ལ་སོགས་པར་འགྱུར་ཏེ། ཀཋ་རྣམས་ཀྱི་ཆོས་བརྗོད་པའམ། འདུས་པ་ནི་ཀ་ཋ་ཀཿ། པཻ་བྱ་ལཱ་ད་ཀཿ། ཀཱ་ལ་པ་ཀཿ། དེ་ལྟར་ཡང་། འདི་རྣམས་དང་པོ་ཧ་རི་དྲུ། །ཏུམྦུ་རུ་དང་ཚ་ག་ལཱི། །ཨུ་ལ་པ་ནི་བཞི་པ་སྟེ། འདི་དག་ལཱ་པ་ཀཾ་བརྗོད། ཅེས་སོ། །རིགས་ལས་དཎྜ་མཱ་ཎ་བའི་ཉེ་གནས་ མ་ཡིན་པ་ལའོ། །རིགས་ཀྱི་རྐྱེན་མཐའ་ལས་དྲུག་པའི་མཐའ་ལས་དཎྜ་མཱ་ཎ་བའི་ཉེ་གནས་བོར་བ་དེ་རྣམས་ལ་བུཉ་འགྱུར་ཏེ། འདི་ཉེ་བའི་བ་ལང་གི་བུ་ཡིན་པ་ནི། ཨཽ་པ་ག་བ་ཀཾ །དཎྜ་མཱ་ཎ་བའི་གནས་མ་ཡིན་པ་ཞེས་པ་ཅི་ཞེ་ན། འདི་མཁས་པའི་བུ་ནི། དཎྜ་མཱ་ཎ་བཿ། ཉེ་གནས་ སམ་མཁས་པའོ། །རྒྱུད་གཙོ་བོར་གྱུར་པའི་ཤེད་བུ་ནི། དཎྜ་མཱ་ཎ་བ་སྟེ། ཤཱ་ཀ་པཱརྛི་བ་ལ་སོགས་པའི་བསྡུ་བ་ལས་སོ། །ཡང་སློབ་རྣམས་ཀྱང་གཟུང་བའི་དོན་དུ་ཉེ་གནས་སྨོས་སོ། །རཻ་བ་ཏི་ཀ་སོགས་རྣམས་ལས་ཚའོ། །རིགས་ཀྱི་མཐའ་རྣམས་ལས་ནོར་མངོན་པར་བརྗོད་པ་འགྱུར་ཏེ། རཻ་བ་ཏི་ཀཱི་ཡ། སྭཱ་པི་ཤཱི་ཡ་རེ་བ་ཏི་ཀཿ། སྭཱ་པི་ཤི། ཀྵཽ་མ་དྷ་ནྭི། གཽ་ར་གྲཱི་བ། ཨཽ་ད་མེ་གྷི། ཨཽ་ད་བཱ་པི། ཚ་སྨོས་པ་ནི་ཨི་ཉའི་མཐའ་དང་ཨཎ་དགག་པའི་དོན་ཏོ། །ཀཽ་པཉྫི་ལ་དང་ཧ་སྟི་བ་ད་དག་ལས་ཨཎའོ། །འདི་དག་ལས་རིགས་ཀྱི་མཐའ་ལས་ནོར་མངོན་པར་བརྗོད་པ་ལ་ཨཎ་འགྱུར་ཏེ། རིགས་ ལ་བུཉའི་དམིགས་བསལ་ལོ། །འདི་ཀཽ་པིཉྫ་ལའི་ཡིན་པ་ནི། ཀཽ་པིཉྫ་ལཾ། ཧཱསྟི་པ་དཾ། རིགས་ལའང་འདི་ཉིད་བརྗོད་པ་ལ་ཨཎའོ། །ཀུ་བིཉྫ་ལའི་བུ་རྒྱུད་ནི། ཀཽ་པིཉྫ་ལཿ། གླང་པོའི་རྐང་གི་བུ་རྒྱུད་ནི། ཧཱསྟི་པ་དཿ། ཨ་ཡིག་ལས་ཎིཏ་བྱེད་པ་ནི་དཱི་པ་ཀྱི་དོན་དང་སྐྱེས་པ་བཞིན་གྱི་དངོས་པོ་དགག་པའི་དོན་ དུའང་ངོ་། །དེས་ན་ཀཽ་པིཉྫ་ལཱི། དགའ་བའི་སྐྱེས་བུ་ཞེས་གྲུབ་པོ། །འདུས་པ། མཚན་མ། དབྱངས། མཚན་ཉིད་རྣམས་ལ་ཨཎ་ཡཉ་ཨིཉ་རྣམས་སོ། །ཨིཉའི་མཐའ་དང་ཡཉའི་མཐའ་ལས་ཀྱང་འདུས་པ་སོགས་ཀྱི་དོན་རྣམས་ལ་ཨཎ་འགྱུར་ཏེ། རིག་པ་རྣམས་ཀྱིས་འདུས་པ་ནི། བཻ་དཿ། འདུས་ པའོ། །བཻ་དཿ། མཚན་མའོ། །བཻ་དཿ། དབྱངས་སོ། །བཻ་དཿ། མཚན་ཉིད་དོ། །དེ་བཞིན་དུ་ཡ་ཉའོ། །གཱརྒྒཿ། འདུས་པའམ་མཚན་མའམ་དབྱངས་སོ། །གཱརྒྒཾ་མཚན་ཉིད་དོ། །ཨིཉ་ལས་ནི། རཱཀྵཿ། འདུས་པའམ་མཚན་མའམ་དབྱངས་སོ། །དཱཀྵཾ། མཚན་ཉིད་དོ། །འདུས་པ་སོགས་ རྣམས་ལས་ཞེས་པ་ཅི་ཞེ་ན། བཱི་དཱ་ནཾ། ཁྱིམ་མོ། །རིགས་ལས་ཞེས་པ་ཉིད་དེ། བཱ་ཏ་ཀཱི་ཡཿ། མཚན་མ་དང་མཚན་ཉིད་དག་གི་དབྱེ་བ་ནི་ངེས་པར་ཀུན་སྦྱིན་པ་མ་ཡིན་པ་དང་བདག་གི་བ་དང་བདག་གི་དབང་དུ་བྱས་པའི་བྱེ་བྲག་གོ། །ཤཱ་ཀ་ལ་ལས་བུ་ཉའང་ངོ་། །ཤཱ་ཀ་ལའི་སྒྲ་ལས་འདུས་པ་སོགས་ དང་ནོར་ལ་ཨཎ་འགྱུར་ཞིང་། འང་ཡིག་ལས་བུཉའང་ངོ་། །ཤཱ་ཀ་ལྱ་ཡིས་རབ་ཏུ་བརྗོད་པའི་རིག་བྱེད་རིག་པར་བྱེད་པའམ་ཀློག་པ་ནི། ཤཱ་ཀ་ལཱཿ། དེ་རྣམས་ཀྱིས་འདུས་པ་ནི་ཤཱ་ཀ་ལཿ། ཤཱ་ཀ་ལ་ཀཿ། དེ་བཞིན་དུ་མཚན་མ་དང་དབྱངས་དང་མཚན་ཉིད་དོ། །རྒྱ་དཔེ་ལ། ཧེསྟུ་རི་ཊྩ་བི་ཧི་ལས་ཊི་འང་ངོ་། ། བ་ཧི་ལས་གང་ཏིའི་སྒྲ་དེའི་མཐའ་ལས་ནོར་མངོན་པར་བརྗོད་པ་ཨཎ་འགྱུར་ཞིང་། ཀྲྀ་ལས་ཨིཊ་ཨཱ་ག་མ་འང་ངོ་། །སཾ་བོཌྷུཿ། སྭཾ་སཱམྦ་ཧི་ཏྲཾ། ཨཱགྣཱི་དྷྲཾ། སྐྱབས་ལའོ། །ཨགྣི་དྷའི་སྒྲ་ཀྭི་བ་མཐའ་ལས་ཁྱིམ་མངོན་པར་བརྗོད་པ་ལ་རཉ་ཚིག་ཕྲད་དོ། །རང་བཞིན་གྱིས་ཛ་ཤ་ཉིད་མེད་དོ། །འདི་ཨགྣཱི་དྷའི་ སྐྱབས་ནི། ཨཱགྣཱི་དྷྲཾ། སྐྱབས་སོ། །ས་མི་དྷ། ཨཱ་དྷཱ་ན་ལ་ཥེ་ཎྱ་ཎའོ། །འདིས་ལྷག་པར་ཀློག་པར་བྱེད་པ་ནི་ཨཱ་དྷཱ་ནཾ་སྟེ། དེ་ལས་མི་དྷ་ལས་ཥེ་ཎ་འགྱུར་ཏེ། ས་མི་དྷ་མཱ་དྷཱ་ནའི་སྔགས་ནི། པཱ་ནི་དྷེ་ནྱེཿ། སྔགས་སོ། སཱ་མི་དྷེ་ནཱི། རི་ཀ། རྣམ་འགྱུར་ལ་ཨཎའོ། །རང་བཞིན་ལ་གནས་སྐབས་ བཞིན་རྣམ་འགྱུར་རོ། །དེ་མངོན་པར་བརྗོད་པ་དེ་ལས་དྲུག་པའི་མཐའ་ལས་ཨཎ་འགྱུར་ཏེ། རྡོ་བའི་རྣམ་འགྱུར་ནི། ཨཱ་ཤྨཿ། ཨཎ་ལ་ཞེས་པས་དགག་པ་ཐོབ་པ་ལ་རྡོ་བའི་རྣམ་འགྱུར་ཞེས་པས་ཏྲི་དབྱིའོ། །མཱརྟྟི་ཀཿ། བྷཱསྨ་ནཿ། ནས་དེ་ཕན་ཞེས་པས་ཊི་དབྱི་བ་ཐོབ་པ་ལ། ཨན་ལས་ཞེས་པ་དགག་ པའོ། །ལྷག་མ་ལ་ཞེས་པ་ཉིད་དེ། ཨཎ་ལ་དེ་ཉིད་སླར་ཡང་བསྒྲུབ་པ་ལྷག་མ་གཞན་ལ་བཟློག་པའི་དོན་ཏོ། །དེས་ན་ཧཱ་ལ་སཻ་ར་ཞེས་པས་ཋ་ཀ་མི་འགྱུར་བའོ། །ཤིང་དང་སྨན་དང་སྲོག་ཆགས་རྣམས་ཀྱི་ཆ་ཤས་ལའང་ངོ་། །ཤིང་ལ་སོགས་པའི་རྣམ་འགྱུར་གྱི་ཆ་ཤས་ལའང་ཨཎ་འགྱུར་ཏེ། ཀཱ་རཱི་རཾ། མདའ་འོ། །ཀཱ་རཱི་རཾ། ཐལ་བའོ། །དེ་བཞིན་དུ་ཤཾ་ཤ་པཾ། ཁ་དི་རཾ། ཨོཥ་དྷི་རྣམས་ལས་སོ། །མཽརྦཾ་མདའ་འོ། །མཽརྦཾ་ཐལ་བའོ། །དེ་བཞིན་དུ་མཽངྒ། གཽདྷུ་མཾ། ཤིང་གི་སྒྲས་བྱེ་བྲག་ནགས་ཀྱི་བདག་པོ་ཡང་གཟུང་ངོ་། །སྨན་གྱི་སྒྲས་ཁྲི་ཤིང་ལ་སོགས་པ་ཡང་ངོ་། །སྲོག་ཆགས་རྣམས་ལས་ནི། ཀཱ་པོ་ཏཾ་བྱཉྫ་ནཾ། ཀཱ་པོ་ཏཾ་ཤཀྛི། ཤིང་དང་སྨན་དང་སྲོག་ཆགས་རྣམས་ཀྱི་ཆ་ཤས་ལ་ཡང་ངོ་ཞེས་པ་རྗེས་སུ་འཇུག་པར་འགྱུར་བ་ནི་རྐང་པ་ཡོངས་སུ་རྫོགས་པའི་བར་ལའོ། །དེས་ན་ཤིང་དང་སྨན་དང་སྲོག་ཆགས་ལ་སོགས་པ་འཆད་པར་འགྱུར་བ་ལ་མ་ཡཊ་ལ་སོགས་པ་རྣམས་འགྱུར་གྱི་ཆ་ཤས་དག་ ཏུ་རིག་པར་བྱའོ། །གཞན་རྣམས་ནི་རྣམ་འགྱུར་ཙམ་མོ། །ཏཱ་ལ་ལ་སོགས་པ་རྣམས་ལས་སོ། །ཏཱ་ལ་ལ་སོགས་པ་རྣམས་ལས་རྣམ་འགྱུར་གྱི་ཆ་ཤས་དག་ལ་ཨཎ་འགྱུར་ཏེ། ཏཱ་ལཾ་གཞུའོ། །གཞན་ལ་ནི་ཤ་ལ་མ་ཡཊའོ། །རྨ་བྱའོ། །དྷི་ཎ། ཨིནྡྲཱ་ཡ་དྷ། ཙཱ་པ། ཨིནྡྲ་དྲྀ་ཤ། །ཤྱཱ་མཱ་ཀ །བཱི་ཡུཀྵཱ་ ག་བེ་དྷུ་ཀ །སྔ་མ་ཉིད་ཀྱི་གྲུབ་པ་བརྗོད་པ་ནི་མཊ་བཟློག་པའི་དོན་ཏོ། གསེར་གྱི་དོན་ལས་ཡོངས་སུ་འཇལ་བ་ལའོ། །གསེར་གྱི་དོན་ལས་ཡོངས་སུ་འཇལ་བར་གྱུར་བ་ལ་རྣམ་འགྱུར་བ་ཨཎ་འགྱུར་ཞིང་མ་ཡཊའི་དམིགས་བསལ་ལོ། །ཧཱ་ཊ་ཀཿ། གསེར་རོ། ཛཱ་ཏ་རཱུ་པཾ། ཀཱཪྵཱ་པ་ཎཾ། ཏཱ་པ་ནི་ཡཾ་ ཡོངས་སུ་འཇལ་བ་ལ་ཞེས་པ་ཅི་ཞེ་ན། ཡཥྚིཿ། འདི་གསེར་གྱི་རང་བཞིན་ནོ། །ཏཱ་པུ་ཛ་རུ་ན་དག་ལས་ཥུཀའོ། །རྣམས་འགྱུར་ལ་ཕ་རོལ་དུ་འགྱུར་ཏེ། ཏྲཱ་བུ་ཥཾ། ཥུཀ་གི་སྒྲུབ་པ་འདི་ཉིད་ཀྱིས་ཨཎ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་མ་ཡཊ་དགག་པ་མེད་དོ། །ཏྲ་པུ་མ་ཡཾ། ཛ་རུ་མ་ཡཾ། བཟའ་བ་དང་། གོས་དག་ མིན་པ་ལ་མ་ཡཊ་ཡང་ནའོ། །རང་བཞིན་ཙམ་ལས་རྣམ་འགྱུར་གྱི་ཆ་ཤས་ལ་བཟའ་བ་དང་གོས་དག་མ་གཏོགས་པ་ལ་མ་ཡཊ་ཡང་ན་འགྱུར་ཏེ། ཨ་ཤྣ་མ་ཡཾ། བྷསྨ་མ་ཡཾ། ཀ་རཱི་ར་མ་ཡཾ། དུརྦཱ་མ་ཡཾ། ཀ་པོ་ཏ་མ་ཡཾ། ཨཱཤྨ་ནཾ། བྷཱསྨ་ནཾ། ཀཱ་རཱི་རཾ། དཽརྦཾ། ཀཱ་པོ་ཏཾ། གོས་དང་བཟའ་བ་དག་མིན་པ་ཞེས་ པ་ཅི་ཞེ་ན། མཽངྒཿ། སྲན་ཚོད་དོ། །ཀཱརྦཱ་སཾ་གོས་སོ། །རྣམ་འགྱུར་ལ་ཨཎ་ཉིད་དོ། །ཤར་སོགས་དང་། འཕེལ་བ་དང་། ཨཙ་གཅིག་པ་ལས་སོ། །ཤར་སོགས་རྣམས་ལས་དྲུག་པའི་མཐའ་ལས་དང་འཕེལ་བ་རྣམས་དང་ཨ་ཙ་གཅིག་པ་ལས་ཀྱང་རྣམ་འགྱུར་གྱི་ཆ་ཤས་དག་ལ་མ་ཡཊ་རྟག་ཏུ་འགྱུར་ ཏེ། ཤརྨ་ཡཾ། དརྦ་མ་ཡཾ། ཀུ་ཌི་མ་ཡཾ། ཤ་ར་ད་བྷ། ཀུ་ཌཱི། ཏྲྀ་ཎ། སོ་མ་བ་ལྭ་ཛ། འཕེལ་བ་ལས་ནི། ཨཱ་མྲ་མ་ཡཾ། ཨཙ་གཅིག་པ་ལས་ནི། བཱངྒ་ཡཾ། ཏངྨ་ཡཾ། གོ་དང་བྲཱི་ཧི་དག་ལས་པུ་རཱི་ཥཱ་དང་པུ་རོ་ཌཱ་ཤ་དག་ལས་སོ། །མ་ཡཊ་འགྱུར་ཏེ། བ་ལང་གི་ལྕི་བ་ནི། གོམ་མ་ཡཾ། གཞན་ལ་ག་བྱཾ། པུ་རོ་ཌཱ་ཤ་ནི། བྲཱི་ནི་མ་ཡཾ། གཞན་ལ་བྲཻ་ཧཿ། ཏིལ་དང་། ནས་དང་པིཥྚ་ལས་མིང་པ་མ་ཡིན་པ་ལའོ། །ཏིལ་ལ་སོགས་པ་རྣམས་ལས་རྣམ་འགྱུར་དང་ཆ་ཤས་ལ་མིང་མ་ཡིན་པ་ན་མ་ཡཊ་འགྱུར་ཏེ། ཏིལ་མ་ཡཾ། ཡ་བ་མ་ཡཾ། པིཥྚ་མ་ཡཾ། མིང་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཏཻ་ལཾ། ཡཱ་བ་ཀཾ ། བཻཥྚ་ཀཿ། པིཥྚ་ཀཱ། ཡཱ་བ་ཀཱཾ་ཞེས་པ་ནི་ཡ་བའི་སྒྲ་ལས་ཨཎ་གྱི་མཐའ་ལས་ཡ་བ་སོགས་ལས་ཞེས་པས་ཀནའོ། །ཡོངས་སུ་འཇལ་བ་ལས་ཉོས་པ་བཞིན་ནོ། །ཡོངས་སུ་འཇལ་བ་བརྗོད་པ་ན་རྣམ་འགྱུར་ལ་ཉོས་པ་བཞིན་དུ་རྐྱེན་རྣམས་འགྱུར་ཏེ། དཔེར་ན་གསེར་གྱིས་ཉོས་པ་ནི། ནཥྐི་ཀཿ། དེ་བཞིན་དུ་གསེར་ གྱི་རྣམ་འགྱུར་ནི། ནཻཥྐཿ། དེ་བཞིན་དུ་ཤ་ཏ་ཀིཿ། སཱ་ཧ་སྲཿ། དྲི་ཀཾ་སཿ། དྲི་ཀཾ་སཿ། ཏྲི་ཀཾ་སཿ། དྲི་ནིཥྐཿ། དྲི་ནཻཥྐི་ཀཿ། དྲི་བཻསྟི་ཀཿ། གྲངས་ལས་ལོ་ཡོངས་སུ་འཇལ་བའི་གྲངས་མིང་མ་ཡིན་པ་ཤཱ་ཎ་ཀུ་ལེ་ཛའི་ཞེས་པས་ཚིག་ཕྱི་མ་ལ་འཕེལ་བའོ། །ཤ་མཱི་ལས་ཊྞཉའོ། །རྣམ་འགྱུར་དང་ཆ་ཤས་ དག་ལ་འགྱུར་ཏེ། ཨཎ་དང་མ་ཡཌ་དག་གི་དམིགས་བསལ་ལོ། །ཤ་མཱི་ལཾ། ཐལ་བའོ། །ཤཱ་མཱི་ལཱི། སུ་གའོ། །ཨུཥྚ་ལས་བུཉའོ། །རྣམ་འགྱུར་དང་ཆ་ཤས་དག་ལ་འགྱུར་ཏེ། ཨཽཥྚ་ཀཿ། ཨུ་མ་དང་། ཨུརྞ་ལས་ཡང་ནའོ། །རྣམ་འགྱུར་གྱི་ཆ་ཤས་དག་ལ་བུ་ཉ་འགྱུར་ཏེ། ཨཽམ་ཀཾ། ཨཽ་མཾ། ཨཽ་རྞ་ཀཾ ། ཨཽ་རྞཾ། ཨ་པ་ལས་ཎྱ་ཏའོ། །རྣམ་འགྱུར་ལ་ཡང་ན་འགྱུར་ཏེ། ཨཱ་པྱཾ། ཨམྨ་ཡཾ། ཤ་ར་སོགས་དང་བྲྀདྡྷ་དང་ཨ་ཙ་གཅིག་པ་ལས་ཞེས་པས་རྟག་ཏུ་མ་ཡཊ་ཐོབ་པ་ལ་བརྗོད་པའོ། །ཨཻ་ཎཱི་དང་། ཀོ་ཤ་ལས་ཌྷཉའོ། །རྣམ་འགྱུར་དང་ཆ་ཤས་དག་ལ་འགྱུར་ཏེ། ཨེ་ཎེ་ཡཾ། ཀཽ་ཤ་ཡཾ། ཨཎ་ དང་མ་ཡཊ་དག་གི་དམིགས་བསལ་ལོ། །ཅི་ལྟར་ཨཻ་ཎ་ཙརྨ་ཞེ་ན། སྐྱེས་པའི་རྟགས་ལས་འགྱུར་བའོ། །པིཥྚ་ལས་མིང་ཀནའོ། །འགྱུར་ཏེ། བིཥྚ་ཀཿ། བིཥྚ་ཀཱི། ཧཻ་ཡཾ་ག་བཱི་ནཾའོ། །མིང་དང་རྣམ་འགྱུར་ལ་ཚིག་ཕྲད་དེ། གློག་གོ། །གོ་དོ་ཧའི་ཁ་ཉ་ལ་ཧི་ཡང་གའི་དངོས་པོ་ལས་ཧཻ་མངྒ་བི་ན། མར་སར་ཏེ། མར་ མོད་ལ་སྨིན་པའོ། །གོ་དང་པ་ཡས་དག་ལ་ཡཏའོ། །རྣམ་འགྱུར་དང་ཆ་ཤས་དག་ལ་འགྱུར་ཏེ། ག་བྱཾ། པ་ཡ་སྱཾ། ཐམས་ཅད་དུ་གོར་ཛ་སོགས་སུ་ཐལ་བ་ལ་གང་ཡོད་པ་ཉིད་མ་ཊའི་ཡུལ་ལ་ཡང་བསྒྲུབ་པར་བྱའོ། །དྲུ་ལས་སོ། །རྣམ་འགྱུར་དང་ཆ་ཤས་དག་ལ་ཡཏ་འགྱུར་ཏེ། དྲ་བྱཾ། འཇལ་བ་ལ་ཡའོ། །དྲུའི་ སྒྲ་ལ་རྣམ་འགྱུར་ལ་འཇལ་བ་ལ་ཡ་རྐྱེན་དུ་འགྱུར་ཏེ། དྲུ་བ་ཡཾ། འཇལ་བའོ། །ཀཾ་སཱི་ཡ་དང་པ་ར་བྱ་ལས་ཡ་ཉ་དང་ཨཉ་དག་སྟེ་ཚ་དང་ཡ་ཏ་དག་འཇིག་པ་འང་ངོ་། །ཀི་ཤཱི་ཡ་དང་བ་ར་ཤ་བྱ་དག་ལས་རིམ་པ་བཞིན་དུ་ཡ་ཉ་དང་དག་འགྱུར་ཞིང་ཚ་དང་ཡཏ་དག་འཇིག་པ་ཡང་ངོ་། །འཁོར་བ་ལ་ཕན་པ་ནི། ཀཱཾ་སཱི་ཡཾ། ཀཱཾ་སཱི་ཡའི་རྣམ་འགྱུར་ནི། ཀཱཾ་སྱཱི། དགྲ་སྟ་ལ་ཕན་པ་ནི། པཱ་ར་ཤ་བྱའི་རྣམ་འགྱུར་ནི། པཱ་ར་ཤ་བཿ། དེ་དག་ལ་གཅིག་གོ། །རྣམ་འགྱུར་དང་ཆ་ཤས་ཀྱི་རྐྱེན་གྱི་མཐའ་ལས་རྣམ་འགྱུར་དང་ཆ་ཤས་དག་གི་རྐྱེན་འབྱུང་བ་ཐོབ་པ་ལ་ངེས་པ་བྱ་སྟེ། རྣམ་འགྱུར་གྱི་རྣམ་འགྱུར་དང་ཆ་ཤས་ཀྱི་ཆ་ཤས་ལ་རྐྱེན་ ཉིད་འགྱུར་གྱི། གཉིས་པ་མ་ཡིན་ཞིང་གསུམ་པ་ཡང་མ་ཡིན་ནོ། །ལྷའི་ཤིང་གི་རྣམ་འགྱུར་རམ། ཆ་ཤས་ནི། དཻ་བ་དཱ་ར་པཾ། ཀཱ་བིཏྠའི་ནི། ཀཱ་པིཏྠཾ། དེའི་ཡང་རྣམ་འགྱུར་རམ་ཆ་ཤས་ནི། དཻ་བ་དཱ་ར་ཀཾ །ཀཱ་པིཏྠ། ཅི་ལྟར་རང་བཞིན་ཁོ་ན་ལ་བྱུང་བ་རྣམ་འགྱུར་དང་ཆ་ཤས་ཀྱི་རྐྱེན་གཅིག་གིས་རྣམ་འགྱུར་གྱི་རྣམ་འགྱུར་ དང་ཆ་ཤས་ཀྱི་ཆ་ཤས་ཀྱང་མངོན་པར་བརྗོད་ཅེ་ན། རྣམ་འགྱུར་གྱི་རྣམ་འགྱུར་ཡང་རྩ་བའི་རང་བཞིན་དང་མངོན་པར་འབྲེལ་བའི་ཕྱིར་དང་ཆ་ཤས་ཀྱང་རྩ་བའི་ཆ་ཤས་ཅན་ཡིན་པའི་ཕྱིར་རོ། །དཔེར་ན་བུར་ཤིང་གི་རྣམ་འགྱུར་ནི་བཅུད་དེ། བུ་རམ་དང་ཀ་ར་བྱེ་མ་ཀ་ར་ཞེས་པ་རབ་ཏུ་གྲགས་པ་བཞིན་ནོ། །དེ་བཞིན་དུ་ ལྷས་བྱིན་གྱི་དཔུང་པ་དང་ལག་པ་དང་སོར་མོ་དང་ཚིགས་ཞེས་པ་བཞིན་ནོ། །འོ་ན་ཇི་ལྟར་དྲཽ་བ་ཡཾ་ཞེ་ན། བྱེ་བྲག་གི་རྗོད་བྱེད་ལ་ཅི་མངོན་པར་རྗོད་པར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེའི་ནོར་ཞེས་པ་བརྗོད་པར་འདོད་པ་ལ་ནི་ཡང་འགྱུར་ཏེ། འབྲས་བུ་ལ་འཇིག་གོ། །རྣམ་འགྱུར་ལ་ཆ་ཤས་དག་ལ་བྱུང་བའི་ རྐྱེན་ནི་འབྲས་བུ་ལ་འཇིག་པར་འགྱུར་ཏེ། སྐྱུ་རུ་རའི་རྣམ་འགྱུར་རམ་ཆ་ཤས་སམ་འབྲས་བུ་ནི། ཨཱ་མ་ལ་ཀཾ །ཀུ་བ་ལཾ། བ་ད་རཾ། འབྲས་བུ་ཅན་གྱི་ཤིང་གི་འབྲས་བུ་དང་ཆ་ཤས་དང་ཡིན་ནོ། །དཔེར་ན་ལྕུག་མ་ཅན་གྱི་པལླ་བ་བཞིན་ནོ། །རང་བཞིན་གྱི་བར་དུ་ཨཎ་ཉིད་འབྲས་བུ་ལ་འཇུག་གོ་ཞེས་ཁ་ཅིག་ཟེར་རོ། ། པླཀྵ་སོགས་ལས་ཨཎའོ། །འབྲས་བུ་དང་རྣམ་འགྱུར་དང་ཆ་ཤས་ཉིད་བརྗོད་པར་འདོད་པ་ལ་ཨཎ་འགྱུར་ཏེ། སྒྲུབ་པའི་ནུས་པ་ལས་འདི་འཇིག་པར་མི་འགྱུར་རོ། །པལླ་ཀྵཾ། །ནཻ་ཡ་གྲོ་དྷཾ། པལཀྵ། །ནྱ་གྲོ་དྷ། ཨིངྤུ་དཱི། རི་གུ །ཨ་ཤྭཏྠ། ཀ་ཀ་རུ། བྲི་ཧ་ཏཱི། ཛམྦུ། ལས་ཡང་ནའོ། །འབྲས་བུ་ལ་ཨཎ་ འགྱུར་ཏེ། འཇིག་པ་ཡང་ངོ་། །ཛམྦ་བཾ་འབྲས་བུའོ། །ཡང་ན་ཛམ་བུ་དབྱི་བའང་ངོ་། །ཛམ་བུ་ལས་འབྲས་བུ་བྱས་པའི་ཨཎ་ཡང་ན་དབྱི་བར་འགྱུར་ཏེ། རང་བཞིན་དང་འདྲ་བའི་དངོས་པོའི་བྱེ་བྲག་གོ། །ཛམ་བུཿ། ཛམ་བུ་འབྲས་བུའོ། །ཛམྤ་བཾ། འབྲས་བུའོ། །ཧ་ར་ཏི་ཀཱི་ སོགས་རྣམས་ལས་སོ། །འབྲས་བུ་ལ་དབྱི་བར་འགྱུར་ཏེ། ཧ་རཱི་ཏ་ཀྱཱཿ། འབྲས་བུའོ། །ཧ་རཱི་ཏ་ཀཱི། ཀོ་ཤཱ་ཏ་ཀཱི །འདིར་བསལ་བ་དང་རང་བཞིན་དང་འདྲ་བའི་དངོས་པོ་སྟེ། ཚིག་ཏུ་ནི་མི་འདོད་དོ། །དེས་ན་ཧ་རཱི་ཏ་ཀྱཱཿ། འབྲས་བུ་རྣམས་སོ། །ཧ་རཱི་ཏ་ཀཱི། ཀོ་ཤཱ་ཏ་ཀཱི །ན་མ་ཁ་རྙྫ་ནཱཿ། ཤཥྐཎྜཱི་ ནནྡྲཱི་ནཱ་ཌཱི། དཱ་ཧཱི་དྲོ་ཏཱི། ཤྭེ་ཏ་པཱ་ཀཱི །ཨརྫུ་ན་བཱ་ཀི །ཀཱལླ། དྲཀྵཱ།། བྲཱཀྵཱ། །གརྒྒ་རི་ཀཱ། ཀཎྜ་ཀཱ་རི་ཀཱ། ཤེ་ཕ་ལི་ཀཱ །ཕ་ལ་པཱ་ཀཱ །ཤུ་ཥ་ལས་སོ། །འབྲས་བུ་ལ་དབྱི་བར་འགྱུར་ཏེ། བྲཱི་ཧ་ཡཿ། ཡ་བཱཿ། མཱ་ཥཱཿ། མུ་ཥཱཿ་མུངྒཱཿ། མེ་ཏོག་དང་རྩ་བ་དག་ལས་མང་པོ་ལའོ། །འདི་དག་ལ་རྣམ་འགྱུར་དང་ཆ་ཤས་ ཀྱི་རྐྱེན་དབྱི་བར་འགྱུར་ཏེ། མལླི་ཀཱི་མེ་ཏོག་ནི། མལླི་ཀ །ཛཱ་ཏཱི། བི་དཱ་རའི་རྩ་བ་ནི། བི་དཱ་རཱི། ཨཾ་ཤུ་མ་ཏཱི། བྲྀ་ཧ་ཏཱི། མི་འགྱུར་བ་ཡང་། པཱ་ཊ་ལཱ་ནི། མེ་ཏོག་རྣམས་སོ། །ཤཱ་ལྭཱ་ནི། རྩ་བ་རྣམས་སོ། །འགའ་ཞིག་ཏུ་གཞན་ཡང་སྟེ། ཀ་དམྤ་བུཥྤཾ་ཀ་རཱི་རཾ། ཨ་ཤོ་ཀཾ ། ཨ་དི་ཏི། ཡ་མ་ དེ་ཏི་ཨ་ཏི་ཏྱ་ལས་སྔ་མ་རྣམས་ལ་ཎྱའོ། །ཨ་དི་ཏི་ལ་སོགས་པ་རྣམས་ལས་སྔར་བརྗོད་པའི་དོན་རྣམས་ལ་འགྱུར་ཏེ། ཨཎ་ལ་སོགས་པའི་དམིགས་བསལ་ལོ། །ཨ་དི་ཏིའི་བུ་རྒྱུད་དམ་ནོར་རམ་དེས་རབ་ཏུ་བརྗོད་པའམ་དེ་འདིའི་ལྷ་ཡིན་པ་ཐམས་ཅད་དུ་ཨ་དི་ཏྱཿའོ། །དེ་བཞིན་དུ་ཡཱ་མྱཿ། དེ་ཏྱཿ། ཨཱ་དི་ཏྱཿ། ཅི་ལྟར་དཻ་ཏྱ་ཡཿ། ཞེ་ན། དཱི་བ་ཀྱི་མཐའ་ལས་ཌྷ་ཀ་འགྱུར་བའོ། །པ་ཏིའི་མཐའ་ལས་ཨ་ཤྭ་སོགས་མིན་པ་སྔ་མ་ལས་སོ། །པ་ཏིའི་སྒྲའི་མཐའི་ཨངྒ་ལས་ཨ་ཤོ་སོགས་མིན་པ་སྔ་མ་ལས་སྔར་གྱི་དོན་རྣམས་ལ་ཎྱ་འགྱུར་ཏེ། བཱརྟ་སྤ་ཏྱཾ། བྲཱཛཱ་བ་ཏྱཾ། ཨ་ཤྭ་སོགས་མ་ཡིན་པ་སྔོན་མ་ལས་ཞེས་པ་ཅི་ཞེ་ན། རྟའི་བདག་པོའི་བུ་རྒྱུད་ནི། ཨཱ་ཤྭ་པ་ཏཿ། ཨཱ་དྷི་པ་ཏཿ། ཨཱ་ཤྭ་ཤ་ཏ་དྷ་ན། རཱཥྚ། ཀུ་ལ་གྲྀ་ཧ། པ་ཤུ། དྷཱ་ནྱ། དྷ་ནྱཿ། ས་བྷཱ་ཨ་དྷི། སེ་ནཱ། ཀྵེ་ཏྲ། སྠཱ་མན་ལས་ཨའོ། །སྠ་མའི་སྒྲའི་མཐའ་ལས་དོན་སྔ་མ་རྣམས་ལ་ཨཎ་འགྱུར་ཏེ། འདིའི་སྤུ། ཨུ་ཌུ་ལོ་མཿ། དེའི་བུ་མོ་ནིཿ། ཨུ་ཌུ་ལོ་མཱཿ། ཁ་ར་ལོ་མཿ། མང་པོའི་ཚིག་ཅི་ཞེ་ན། ཨཽ་ཌུ་ལོ་མིཿ། བ་ཧུ་སོགས་ཉིད་ཀྱི་ཕྱིར་ཨིཎའོ། །པྲྀ་ཐི་བཱི་ལས་ཉ་དང་ཨཎ་དག་གོ། །སྔར་བརྗོད་པ་རྣམས་ལ་འགྱུར་ཏེ། པཱརྠི་བཱཿ། པཱརྠབཱཿ། པཱརྠཱི་བཱི། ཨུཏྶ་སོགས་རྣམས་ལ་ཨཉའོ། །སྔ་མ་རྣམས་ལ་འགྱུར་ཏེ། ཨཽཏྶཿ། ཨོ་ད་པ་ནཿ། ཨུཏྶ། ཨ་ད་པཱ་ན། བི་ན་ད། མ་ཧཱ་ན་ད། མ་ཧཱ་ན་ས། མ་ཧཱ་པྲཱ་ཎ། ཏ་རུ་ཎ། ཏ་ལ་ན། བསྐ་ཡ་ལས་བསྡུ་བ་མེད་པ་ནའོ། །བསྡུ་བ་ལ་ནི། སུ་བསྐ་ཡའི་བུ་རྒྱུད་ནི། སུ་བསྐ་ཡིཿ། དྷེ་ནུཿ། པྲཀྟཾ། །ཛ་ག་ཏི། ཏྲི་རྣུ་བྷ། ཨན་ཥྚུ་བྷ། ཛ་ན་པ་ད། བྷ་ར་ཏ། ཨུ་ཤཱི་ན་ར། གྲཱིཥྨ། པཱིལུ། ཀུ་ཎ། ཨུ་ད་སྠཱ་ན་ལས་ ཡུལ་ལ་ལའོ། །ཨུ་ད་སྠཱ་ནར་ཕྱུང་བའི་ཡུལ་ནི། ཨཽ་ད་སྠཱ་ནཿ། གཞན་དུ་ཨུ་ད་སྠཱ་ནའི་མིང་ལས་བུ་རྒྱུད་ལ། ཨཽ་ད་སྠཱ་ནིཿ། བྲྀཥ། བྷལླ་ཀཱི་ཥཱ། ར་ཐནྟ་ར། མ་དྱནྟི་ན། བྲྀ་ཧ་ཏ། མ་ཧ་ཏ། མ་ཧི་མ་ན། ས་ཏྭ་ཏ། ཀུ་རུ་པཱཉྩཱ་ལ། ཨིནྡྲ། ཨ་བ་སཱ་ན། ཨུཥྞི་ཧ། ཀ་ཀུ་བྷ། སུ་བརྞྞ། དེ་བ་ལས་ཡཉ་འང་ངོ་། ། དེ་བི་སྒྲ་ལས་སྔ་མ་རྣམས་ལ་ཡཉ་འགྱུར་ཏེ། འང་ཡིག་ལས་ཨ་ཉའང་ངོ་། །དཻ་བྱཿ། དཻ་བཿ། བ་ཧི་ས་ལས་ཊཱི་ཀགའང་ངོ་། །སྔ་མ་རྣམས་ལ་འགྱུར་ཏེ། འང་ཡིག་ལས་ཡཉའང་ངོ་། །ཕྱིའི་དངོས་པོ་ནི། །བཱ་ཧཱ་ཀིཿ། ཕྱི་རོལ་བ་གཉིས་པ་ལས་བུ་རྒྱུད་མིན་པ་ལ་ཡང་དང་ཨ་ཙ་སོགས་འཇིག་ གོ། །བ་གཉིས་པའི་རྒྱུ་མཚན་གྱིས་དངོས་པོ་དང་འབྲེལ་བ་ལས་བུ་རྒྱུད་མ་གཏོགས་པ་ལ་དོན་སྔ་མ་རྣམས་ལ་བྱས་པའི་སོགས་དང་ཨ་ཙ་སོགས་ཀྱང་འཇིག་པར་འགྱུར་ཏེ། ཤིང་རྟ་གཉིས་དག་ནོར་ནི་དྭིར་ཐཾ། ཏྲི་ར་ཐཾ། ཐོད་པ་ལྔ་རྣམས་སུ་འདུས་བྱས་པ་ནི་པཉྩ་ཀ་པཱ་ལཿ། པུ་རོ་ཌཱ་ཤའོ། །རིག་ བྱེད་གཉིས་ཀློག་པའམ། རིག་པར་བྱེད་པ་ནི། དྭི་བེ་དེཿ། བ་གཉིས་པ་ལས་ཞེས་པ་ཅི་ཞེ་ན། ཤར་གྱི་ར་བར་བྱུང་བ་ནི། པཽརྦ་ཤཱ་ལ། བ་གཉིས་པའི་རྒྱུ་མཚན་རྣམ་པར་རིག་པ་ལས་འདིར་མི་འགྱུར་ཏེ། ཆུ་ཀླུང་ལྔ་རྣམས་ཀུན་ནས་འདུས་པ་ནི། པཉྩ་ནཱ་དཾ། དེ་ལས་བྱུང་བ་ནི། པཉྩ་ན་དཿ། བུ་རྒྱུད་ མ་ཡིན་པ་ཞེས་པ་ཅི་ཞེ་ན། མ་གཉིས་པའི་བུ་རྒྱུད་ནི། དྭཻ་མཱ་རུ་རཿ། ཡ་དང་ཨ་ཙ་སོགས་ལས་ཞེས་པ་ཅི་ཞེ་ན། གརྒ་ལྔ་རྣམས་ལས་འོངས་པ་ནི། པཉྩ་གརྒ་རུ་སྱཱ། སྔ་མ་རྣམས་ལ་ཞེས་པ་ཉིད་དེ། བུམ་པ་གཉིས་དག་གིས་སྒྲོལ་བ་ནི། དྭཻ་ཀ་ལ་ཤི་ཀཿ། ཛི་ཏའི་གོང་གིས་ཨཎ་ལ་སོགས་ པའི་ཆོ་ག་བདུན་བཤད་ཡིན་ནོ། །བ་ཏིའི་སྒྲ་མེད་པ་ལས་སྔར་བཤད་པ་དང་འཆད་པར་འགྱུར་བའི་དོན་རྣམས་ལ་ཨགྣི་དང་ཀི་ལ་དག་ལས་ཌྷཀ་འགྱུར་ཏེ། མེའི་བུ་རྒྱུད་ནི་ཨཱགྣ་ཡཿ། ཀཱ་ལེ་ཡཿ། མེ་དང་ལྟ་བ་མཚུངས་པ་ནི། ཨཱགྣེ་ཡཾཿ། འདིའི་ལྷ་མེ་ཡིན་པ་ནི། ཨགྣེ་ཡཿ། མེ་ལྷའི་ནོར་ནི། ཨགྣེ་ཡཾ། ཀཱ་ལེ་ཡཾ། མེའི་རྒྱུའམ་ལྡན་པའམ་སྐྱེས་པ་ནི། ཨཱགྣེ་ཡཿ། ཀཱ་ཡེ་ཡཿ། བ་ཏི་ལས་ཞེས་པ་ཅི་ཞེ་ན། ཨགྣི་བཏ། ཀ་བཏ། སྟྲི། པུནྶ་དག་ལས་ཧཉ། སྣཉ་དག་གོ། །རིམ་པ་བཞིན་དུ་བ་ཏི་ལས་སྔ་མའི་དོན་རྣམས་ལ་བཤད་ཟིན་དང་འཆད་པར་འགྱུར་བ་ལ་ཡང་འགྱུར་ཏེ། སྟྲཻ་ཎཾ། པཽཾ་སཾ། བ་ཏི་ལས་ཞེས་པ་ཉིད་དེ། སྟྲི་བཏ། པུམྦ་ཏ། དངོས་པོ་ལ་ཡང་ནའོ། །སྟྲི་དང་པུམྶ་དག་ལ་འགྱུར་ཏེ། སྟྲཻ་ཎཾ། པཽཾས་ནཾ། སྟྲཱི་ཏྭཾ། གོ་ལས་ཨཙ་ལས་ཡཏའོ། །གོའི་སྒྲ་ལས་ཨ་ཙ་སོགས་དེ་ཕན་དུ་ཐལ་བ་ལ་ཡཏ་འགྱུར་ཏེ། འདི་བ་ལང་ནི། ག་བྱ། འདིའི་ལྷ་བ་ལང་ནི་ག་བྱཾ། ཨཙ་ལས་ཞེས་པ་ཅི་ཞེ་ན། གཽ་རཱ་ ག་ཏཿ། གོ་རཱུ་པྱཿ། བ་ཏི་ལས་གང་གི་ཌྷཀ་ལ་སོགས་པ་བཞི་བཤད་ཟིན་ཏོ། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་བཞི་ པའི་འགྲེལ་པ་རྫོགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །ཡཏ་ལས་ཋཀའོ། །ཡཏ་ཡང་དག་པར་བསྒྲགས་པ་ལས་གོང་དུ་དོན་གང་ཡིན་པ་དེ་ལ་ཋཀ་འགྱུར་ཏེ། སྤྱིར་བཏང་བར་རིག་པར་བྱའོ། །ཐུལ་ལོ་རྒྱལ་ལོ་རྐོ་བར་བྱེད་དོ་ཞེས་པ་ལས་སོ། །རྒྱལ་ལོ་སོགས་ཀྱི་དོན་ལ་བྱེད་ པ་ལས་ཋཀ་ཡང་ན་འགྱུར་ཏེ་ཆོ་ལོ་རྣམས་ཀྱིས་ཐུལ་ལོའམ་རྒྱལ་ལོའམ་རྩེ་བར་བྱེད་དོ་ལ། ཨཱཀྵི་ཀཿ། ཤཱ་ལཱ་ཀི་ཀཿ། ཏོག་ཙེས་རྐོ་བར་བྱེད་པ་ནི། ཁཱ་ནི་ཏྲི་ཀཿ། ཀཽདྡྷ་ལི་ཀཿ། བྱེད་པ་ལས་ཞེས་པ་ཅི་ཞེ་ན། དེ་བ་དཏྟ་ན་ཛི་ཏཾ། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཁ་ཅིག་ཏུ་ཚིག་ཉིད་དོ། །ཨངྒུ་ ལྱཱ་ཁ་ན་ཏི། འདུས་བྱས་པ་ལའོ། །དོན་ལ་ཐཀ་འགྱུར་ཏེ། ཞོ་དང་འདུས་བྱས་པ་ནི། དཱ་དྷི་ཀཾ །མཱ་རཱི་ཙི་ཀཾ། སྦྱོར་བ་རྣམ་པར་ཕྱེ་བ་ནི་ཕྱི་མའི་དོན་ཏོ། །ཀུ་ལཏྠ་དང་ཀ་མཐའ་ཉེ་ལས་ཨཎའོ། །ཀུ་ལཏྠ་དང་ཀ་ཡིག་མཐའ་ཉེ་ལས་ཀྱང་འདུས་བྱས་པ་ལ་ཨཎ་འགྱུར་ཏེ། ཀུ་ལཏྠ་ཡིས་འདུས་ བྱས་པ་ནི། ཀཽ་ལཏྠཾ། ཏིནྟི་ཌི་ཀ་དང་ལེགས་པར་སྦྱར་བའི་ཟན་ནི། ཏཻནྟི་ཌི་ཀཾ །ལྷག་མ་ལ་ཞེས་པས་ཨན་ཉིད་དུ་གྲུབ་པ་ལ་སླར་ཡང་སྨོས་པ་ནི་དགག་པ་འགེགས་པའི་དོན་ཏོ། །སྒྲོལ་ལོ། །མངོན་པར་བརྗོད་པ་ལས་ཋཀ་འགྱུར་ཏེ། ཨུ་ཌུ་པ་ཡིས་སྒྲོལ་ལོ་ནི། ཨཽ་ཌུ་པ་ཀཿ། གཽ་པུཙྪི་ ཀཿ། ཅི་ལྟར། ཨཱ་ཤྭ་མེ་དྷི་ཀ་ཞེ་ན། བྲམ་ཟེ་བསད་པའི་འོ། །འགོངས་པ་ཙམ་གྱི་ནི་ཏ་ར་ཏི་སྟེ་འདིར་བརྗོད་པར་འདོད་པའི་ཕྱིར་རོ། །ནཽ་ཨ་ཙ་གཉིས་པ་ལས་ཋནའོ། །ནཽའི་སྒྲ་ལས་ཨཙ་གཉིས་པའི་ཨངྒ་ལས་སྒྲོལ་བའི་དོན་ལ་བྱེད་པ་ལས་ཋན་འགྱུར་ཏེ། གྲུ་ཡིས་སྒྲོལ་ལོ་ལ། ནཱ་བི་ཀཿ། གྷ་ཊི་ཀཿ། པལ་བི་ཀཿ། བཱ་ཧུ་ཀཿ། ཏཱི་རྠི་ཀཿ། བུད་མེད་ལ། ནཱ་བི་ཀྲ། ཏཱིརྠི་ཀཱ་སྤྱོད་དོ། །མངོན་པར་རྗོད་པ་ལ་བྱེད་པ་ལས་ཋཀ་འགྱུར་ཏེ། སྤྱོད་པ་ནི་ཟ་བ་དང་འགྲོ་བ་ལ་འཇུག་གོ། །ཞོ་ཡིས་སྤྱོད་པ་ནི། དཱ་དྷི་ཀཿ། ཤངྒ་བེ་རི་ཀཿ། རྟས་སྤྱོད་པ་ནི། ཨ་ཤྭི་ཀིཿ། ཀ་ར་ཎ་ལས་ཞེས་པ་ཉིད་དེ། ས་ཧ་པུ་ཏྲེ་ ཎཙ་ར་ཏི། ཅི་ལྟར་འོ་ན་གྷཱ་ཊི་ཀཿ། ཅི་ཞེ་ན། བྱེད་པའི་དོན་དུ་བརྗོད་པར་འདོད་པ་ལས་འགྱུར་རོ། །པརྦ་སོགས་ལས་ཥྛ་ནའོ། །བྱེད་པ་ལས་སྤྱོད་པའི་དོན་དུ་འགྱུར་ཏེ། པརྦི་ཀཿ། པརྦི་ཀཱིཿ། ཨ་ཤྭི་ཀཱཾ། ཨ་ཤྭི་ཀཱི། ཨ་ཀ་ཥི་ཀཿ། ཨ་ཀ་ཥི་ཀཱི། ཨཱ་ཀ་ཥ་ཞེས་པ་བྱ་བ་ནི་གསེར་བརྟགས་ པའི་དོན་དུ་རྡོལ་བ་དང་དར་བ་ལ་བརྗོད་དོ། །རྐང་པ་དག་གིས་སྤྱོད་པ་ནི། བ་དི་ཀཱཿ། པ་དི་ཀཱི། ཧི་མ་ཧ་ཏི་ཀཱ་ཤཥྛི་ན་ལ་པ་ད་ཞེས་པས་དཱ་ན་ཡུལ་ལོ། །པརྦྦ་ཨ་ཤྭ། ཨ་ཤྭཏྠ། ར་ཐ། ཛཱ་ལ། བྱཱ་ས། བྱུ་ལ། པཱ་ད། ཨཱ་ཀ་ཥ། ཤ་ག་ཎ་ལས་ཡང་ནའོ། །སྤྱོད་པར་བྱེད་པའི་ དོན་ལ་ཥྛན་ཡང་ན་འགྱུར་ཏེ། ཤྭ་ག་ཎི་ཀཿ། ཤྭཱ་ག་ཎི་ཀཱི། ཤྭཱ་ག་ཎིཿ། ཤྭ་ག་ཎི་ཀཱ། བེ་ཏ་ན་སོགས་ལས་འཚོ་བར་བྱེད་དོ། །བྱེད་པ་ལས་ཋཀ་འགྱུར་ཏེ། བེ་ཏ་ན་ཡིས་འཚོ་བར་བྱེད་པ་ནི། བཻ་ཏ་ནི་ཀཿ། བཱ་ཧི་ཀཿ། བེ་ཏ་ནཿ། བཱ་ཧ། ཨརྡྷ་བཱ་ཧ། བཻ་ཤ། །ཨུ་པ་བེ་ཤ། །པྲེ་ཥ་ཎ། སུ་ཁ། ཤཡྻཱ། ཨུ་པ་དེ་ཤ། །ཨུ་པ་ བཱ་ཧ། ཨུ་པ་ཧསྟ། ཨུ་པ་སྠཱ་ན། ཨུ་པ་སྠཱི། བཱ་ད། བརྟྟཱ། ཤཀྟི། །ཨུ་པ་ནི་ཥད། སྥི་ཀ །ཛཱ་ལ། བཱ་ལ། དྷ་ནུ་དང་དཎྜ་དང་དཎྜ་ལས་འདུས་པ་རྣམ་པར་གཟུང་བའི་ཕྱིར་རོ། །དྷ་ནུཥྐཿ། དཎྜི་ཀཿ། དྷ་ནུ་རྡཱཎྜི་ཀཿ། བསྣ་ཀྲ་ཡ། བི་ཀྲ་ཡ་ལས་ཋནའོ། །དེ་ཡིས་འཚོ་བའི་དོན་འདི་ལ་འགྱུར་ཏེ། བསྣ་ཡིས་འཚོ་བར་བྱེད་པ་ནི། བསྣི་ཀ ། ཀྲ་ཡི་ཀ །བི