Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 194
Văn bản gốc(Tây Tạng)
Trang 16 / 20 (50.000 ký tự/trang)
ུ་ཀ་ཀྱང་ཚིག་ཕྲད་དེ་ཆུང་ མ་ལའོ། །པ་ཏི་པཏྣཱི། བྷཱཪྻཱ། གཞན་དུ་པ་ཏི་མ་ཏཱི། ལག་པས་བཟུང་བ་ལ་པ་ཏིའི་ནའོ། །ལག་པས་བཟུང་བའི་ཆུང་མ་ལ་པ་ཏིའི་སྒྲ་ན་ཡིག་ཏུ་མཐའ་བསྒྱུར་བར་འགྱུར་ཞིང་ནའི་མཐའ་ཉིད་ལས་དཱི་པའོ། །པཏྣཱི། ལག་པས་བཟུང་བ་ལ་ཞེས་པ་ཅི་ཞེ་ན། གྲཱ་མ་སྱ་བ་ཏི་རི་ཡམ་བྲཱཧྨ་ཎཱི། ཕྱི་མའི་ཡང་ནའོ། ། ཚིག་ཕྱི་མར་གྱུར་པའི་པ་ཏིའི་སྒྲ་ནི་བུད་མེད་ལ་ན་ཡིག་ཏུ་ཡང་ན་འགྱུར་ཏེ། ཨཱ་ཤཱ་པརྞཱཾ། ཨཱ་ཤཱ་པ་ཏི། དོན་གཞན་ལའོ། །པ་ཏིའི་སྒྲ་ན་ཡིག་ཏུ་ཡང་ན་འགྱུར་ཏེ། འདི་བརྟན་པོའི་བདག་པོ་ནི། དྲྀ་ཌྷ་པཏྣཱི། དྲྀ་ཌྷ་པ་ཏིཿ། །ས་མཱ་ན་ལ་སོགས་པ་རྣམས་ལས་སོ། །མཆོག་གི་བདག་པོའི་སྒྲ་དོན་གཞན་ལ་རྟག་ ཏུ་ན་ཡིག་ཏུ་བསྒྱུར་བར་འགྱུར་ཏེ། སླར་ཡང་བསྒྲུབས་པའི་ཕྱིར་རོ། །ས་པརྣཱི་ཨེ་ཀ་པརྣཱི། ས་མཱ་ན། ཨེ་ཀ །པུ་ཏྲ་བྷཱ་ཏྲྀ། བཱ་རི། པཎྜི་ཏ། བདག་པོ་དང་བཅས་པའི་བུ་རྒྱུད་ནི། སཱ་པ་རྣམ་ཞེས་པར་དཱི་བ་ལོག་ཀྱང་ན་ཡིག་མི་ལྡོག་སྟེ། སྒྲུབ་པ་ཐ་དད་པའི་ཕྱིར་རོ། །ཤྱེཏ། ཨེཏ། ཧ་རི་ཏ། ལོ་ཧི་ཏ་ལས་ཏའི་ འང་ངོ་། །དཱིཔ་ཡང་ན་འགྱུར་བ་དེ་སྦྱོར་བ་ན་ཏ་ཡིག་ཀྱང་ན་རུ་འགྱུར་རོ། །ཤྱེ་ནཱི། ཤྱེ་ཏཱ། ཨེ་ནི་ཨ་ཏཱ། ཧ་རི་ཎཱི། ཧ་རི་ཏཱ། རོ་ཧི་ཎཱི། རོ་ཧི་ཏཱ། ཀ་པི་རི་ཀ་སོགས་ཉིད་ལས། ལོ་ཧི་ནཱི། ལོ་ཧི་ཏཱ། དཱི་པ་སྦྱོར་བའི་ཆོ་ག་ཅི་ཞེ་ན། པཉྩ་ལོ་ཧི་ཏཱ། དཱི་པ་ལོག་པ་ན་ཡང་དག་པར་སྦྱོར་བའི་སྦྱར་བ་རྣམས་ཀྱང་གཅིག་ལོག་ པ་ན་གཞན་ཡང་ལྡོག་པས་ན་ཡིག་ཀྱང་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ཨ་ཤི་ཏ་པ་ལི་ཏ་དག་ལས་ཀྣའོ། །དཱི་པ་ཡང་ན་འགྱུར་བ་ན་ཧ་ཡིག་ཀྱང་ཀྣ་རུ་བསྒྱུར་རོ། །ཨ་ཤི་ཀྣཱི། ཨ་ཤི་ཏཱ། པ་ལི་ཀྣཱ། པ་ལི་ཏཱ། གོ་ར་སོགས་ལས་ཥི་ཏ་དེ་པཱ་ཧ་ལས་རྟག་ཏུའོ། །གོ་ར་སོགས་རྣམས་ལས་ཥིཏ་དེ་པཱ་ ཧ་ལས་ཀྱང་རྟག་ཏུ་བུང་མེད་ལ་དཱི་པ་འགྱུར་རོ། །གཽ་རཱི། ཤ་པ་ལཱི། ཤི་ཏ་ལས་ཁ་ལུས་ཡང་ངོ་། །ནརྟཱ་ཀཱི། ཁ་ནཱ་ཀཱི། ཀཱ་ཏྱ་ཡ་ནཱི། བཱ་ཧ་ལས་ཞེས་པ་འདིས་ཎཱིའི་རྐྱེན་གྱི་མཐའ་དེས་པར་བསྟན་པའི་ཤུགས་ལས་དེའི་མཐའི་ཆོ་གའོ། །པྲཥྛཽ་ཧཱི། དི་ཏྱོ་ཧཱི། ཅི་ལྟར་མཱ་ཏཱ། ཡཱཏྲཱ། དཾཥྚཱ་ཞེ་ན། ཨཙ་དང་པོའི་ དབྱིབས་ཀྱི་ཚོགས་ཉིད་ཀྱི་ཕྱིར་རོ། །དེ་ལ་གཽ་ར་སོགས་ནི། གཽ་ར། ཤ་བ་ལ། ཀལྨ་ཥ། ཤཱ་རཾ་ག །པི་ཤིངྒ། མཏྶྱ། མ་ནུ་ཥ། ཤྲྀངྒ། ཤ་བ་ཡ། ཧ་ཡ། མུ་ཀ་ཡ། ཀེ་ཀ་ཡ། རྀཥྱ། པུ་ཊ། དྲ་ཎ། ཙ་ར་ཀ ། ཙ་ར། ཨ་རཱི་ཧ་ཥ། ཨ་རཱི་ཧ་ཥ། ཨ་ནོ་ཥ། ཨཽ་ཀ་ཊ། ཨོཀྐ་ཎ། ཨཱ་མ་ལ་ཀ །བ་ད་ར། བིམྦ། ཏརྐཱ་ར། ཤརྐཱ་ར། ཤསྐཎྚ་སུ་པད་ཨ་ལིནད་ཨ་ལ་ཛ། པཱུཎྜུ་ཥ། ཨཱ་ཌྷ་ཀ །ཨཱ་སནད། སཱུ་བཱ་ཊ། ཤ་སྐུ་ལ། སཱུཪྻ། སཱུ་ཙ། སཱུ་བ། པྲཱྀ་ཐ་དྷཱ་ཏ་ཀ། སལླ་ཀ ། བྷལླཱ་ཏ་ཀ ། བི་བྷཱི་ཏ་ཀ །མཱ་ལ་ཏ། བེ་ཏ་ས། བྲྀ་ཥ། ཨ་ཏ་ཥ། བྷངྒ། མ་ཧ་མེ་ཋ། ཨ་ན་ཌྷུ་ཧ། དེ་ཧ་ལ། ཨཱསྠུ་ཎ། བྷཽ་རི་ཀི ། བྷཽ་ལི་ཀི། བྷོ་ལིངྒི། ཏརྐཱ་ར། ཤརྐཱ་ར། ཤསྐཎྚ་སུ་པད་ཨ་ལིནད་ཨ་ལ་ཛ། པཱུཎྜུ་ཥ། ཨཱ་ཌྷ་ཀ །ཨཱ་སནད། སཱུ་བཱ་ཊ། ཤ་སྐུ་ལ། སཱུ། སཱུ་ཙ། སཱུ་བ། པྲཱྀ་ཐ་དྷཱ་ཏ་ཀ། སལླ་ཀ ། བྷལླཱ་ཏ་ཀ ། བི་བྷཱི་ཏ་ཀ །མཱ་ལ་ཏ། བེ་ཏ་ས། བྲྀ་ཥ། ཨ་ཏ་ཥ། བྷངྒ། མ་ཧ་མེ་ཋ། ཨ་ན་ཌྷུ་ཧ། དེ་ཧ་ལ། ཨཱསྠུ་ཎ། བྷཽ་རི་ཀི ། བྷཽ་ལི་ཀི། བྷོ་ལིངྒི། ཨོ་ད་གཱ་ཧ་མཱ་ནི། ཨཱ་ལམྦི། ཨཱ་ལཀྵི། ཨཱ་ལིབྡྷི། ཨ་ར་ཊ། ཀཱ་ལནྡི། དོ་ཊ། ལཱཊ། མུ་ལཱ་ཊ། ཨ་གྲ་ཧཱ་ཡ་ན། མཎྜལ། པ་ཊ། པཎྜི་ཨུརྡྡ། གཱུརྡྡ་ཤུརྡྡ་ལཱཎྜ། ལོ་ཧཱཎྜ། ཀ་ད་ར། ས་ར་པ། ཀ་ད་ལ། ཀནྡ་ལ། སཽ་དྷརྨ། རོ་ཧི་ཎཱི། ཏེ་བ་ཏཱི། ཕལྒུ་ནཱི། རྒྱུ་སྐར་ལ། དེས་མཚོན་པའི་དུས་སུ་བྱུང་བ་ལའང་ངོ་། ། བི་ཀ་ལ། བིཥྐ་ལ། པུཥྐ་ལ། ཀཊ་ཏ། ཤྲོ་ཎཱི་པིཔྦ་ལཱ་ལ་སོགས་པ་རྣམས་ཀྱང་ངོ་། །པཔྦ་ལཱི། ཧ་རཱི་ཏ་ཀཱི། ཤ་མཱི། ཀ་རཱི་རི། པྲྀ་ཐྭཱི། མཱ་ཏཱ། མ་ཧ། པི་ཏ་མ་ཧ། ཀྲོཥྚུ། དབྱིབས་ཀྱི་ཚོགས་ཉིད་ཀྱི་ཕྱིར་རོ། །ན་ད་བྷས། སླ་བ། ད་ར། ཙཽར། གཱ་ཏ། སཱུ་ད་དེ་བ། པུ་ཏྲ་ལ་སོགས་པ་རྣམས་སོ། །གཽ་ར་ལ་སོགས་ པ་རྣམས་ཀྱི་མཐའ་ལས་ཊཱཔ་ཐོབ་པ་ལ་བརྗོད་པའོ། །མཏྶྱ་ལ་སོགས་པ་རྣམས་དང་ཨོཀྐ་ཎ་ལ་སོགས་པ་རྣམས་ཀྱང་རིགས་ཉིད་ལའོ། །ཡ་མཐའ་ཉེ་ལས་བུད་མེད་དུ་ངེས་པར་ལས་ཀྱང་དགག་པ་ཐོབ་པ་ལ་བཀླགས་པའོ། །ཨ་ན་ཌུ་ཧ་ལ་ཧ་ལ་གྱི་མཐའ་ཉིད་ཀྱི་ཕྱིར་མི་ཐོབ་པ་ལའོ། །ཨཱ་ཡསྠཱུ་ཎ་ལ་སོགས་པ་རྣམས་ཡང་ དུ་བསྒྱུར་བ་ཐོབ་པ་ལའོ། །ཨཱ་ཡ་སྠཱུ་ཎཿ། ཤི་བ་སོགས་ལས་ཨཎའི་མཐའོ། །བྷོ་རི་ཀཱི་ལ་སོགས་པ་རྣམས་ཨ་ཏ་ལས་ཨིཉའི་མཐའོ། །དེ་ལ་བྷཽ་རི་ཀི ། བྷཽ་ལི་ཀའི་སྒྲ་དག་ལ་ཀྲོ་ཌ་ལ་སོགས་པ་ཉིད་ལས་རྟག་ཏུ་ཡང་ཐོབ་པ་ལ་རྣམ་པར་བརྟག་པའི་དོན་ཏོ། །རོ་ཧི་ཎིའི་སྒྲ་རྒྱུ་སྐར་ལ་དཱིཔ་ཀྱི་མཐའ་ཉིད་དོ། །གཞན་ དུ་རོ་ཧི་ཎཱི། རོ་ཧི་ཏཱ། དེ་བཞིན་དུ་རེ་བ་ཏཱའི་སྒྲའང་ངོ་། །གཞན་དུ་ན་ཊ་པ་སྟེ། རེ་བ་ཏཱ། རོ་ཧི་ཎཱི་ལ་སོགས་པ་སའི་ཡིག་མཐའ་བཀླགས་པས་ཏ་ར་བ་ལ་སོགས་པ་རྣམས་ལ་ཐུང་ངུ་ལ་སོགས་པར་འཁྲུལ་པར་མ་གྱུར་ཅེས་རྟགས་ཞུགས་པ་ཉེ་བར་བསྟན་པའི་དོན་ཏོ། །བྷཱ་ཛ། གོ་ཎ། ནཱ་ག །སྠ་ལ། ཀཱཎྜ། ཀཱ་ལ། ཀུཤ།། ཀཱ་མུ་ཀ །ཀ་པ་ར་ལས་སྨིན་པ་ཨ་བ་པ་ན། སྦོམ་པོ། མ་བཅོས་པ། སྣོད། ནག་པོ། །ལྕགས། གཡེམ། སྐྲ་ཆས་རྣམས་ལའོ། །བྷཱ་ཛ་ལ་སོགས་པ་དགུ་པོ་རྣམས་ལས་སྨིན་པ་སོགས་ཀྱི་དོན་ལ་གྲངས་ཇི་ལྟ་བ་བཞིན་དུ་དཱིཔ་འགྱུར་ཏེ། གལ་ཏེ་སྨིན་པ་ཡིན་ན་བྷཱ་ཛཱི་རུ་འགྱུར་རོ། །གཞན་ལ་བྷཱ་ཛ། གལ་ཏེ་ཨཱ་བ་པ་ན་ཡིན་ན་གོ་ཎཱི། གཞན་ལ་གོ་ཎཱ། གལ་ཏེ་སྦོམ་པོ་ཡིན་ན་ཎཱ་གཱི། གཞན་ལ་ནཱ་གཱ། གལ་ཏེ་མ་བཅོས་པ་ཡིན་ན་སྠཱ་ལཱི། གཞན་ལ་སྠཱ་ལཱ། གལ་ཏེ་སྣོད་ཡིན་ན་ཀུཎྜཱི། གཞན་ལ་ཀུཎྜཱ། གལ་ཏེ་ཨཱ་བ་པ་ན་ཡིན་ན་གོ་ཎཱི། ལྕགས་ཡིན་ན་ཀུ་ཤཱི། གཞན་ལ་ཀུ་ཥ། གལ་ཏེ་ག་ཡེམ་པ་ཡིན་ན། ཀཱ་མུ་ ཀཱི། གཞན་ལ་ཀཱ་མུ་ཀཱ། གལ་ཏེ་སྐྲ་ཆས་ཡིན་ན་ཀ་པ་རཱི། གཞན་ལ་ཀ་བ་རཱ། བྷ་ཛཱི་ལ་སོགས་པ་འདི་རྣམས་ཐམས་ཅད་མིང་གིས་སྨྲའོ། །ནཱི་ལ་ལས་སྲོག་ཆགས་དང་སྨན་དག་ལའོ། །བུད་མེད་ལ་དཱིཔ་འགྱུར་ཏེ། ནཱི་ལཱི་ཡོ་ཥ་དྷིཿ། སྲོག་ཆགས་དང་སྨན་དག་ཅེས་པ་ཅི་ཞེ་ན། ནཱི་ལཱ་ཤཱ་ཊཱི། མིང་ལ་ཡང་ནའོ། །ནཱི་ལ་ ལས་དཱིཔ་ཡང་ན་འགྱུར་ཏེ། ནཱི་ལཱི། ནཱ་ལ། འགའ་ཞིག་གི་མིང་ངོ་། །ཤོ་ཎ་སོགས་ལས་སོ། བུད་མེད་ལ་དཱིཔ་ཡང་ན་འགྱུར་ཏེ། ཤོ་ཎཱི། ཤོཎཱ། ཙཎྜཱི། ཙཎྜཱ། ཤོ་ཎ། ཙཎྜ། ཨཱ་ར་ལ། ཀ་མ་ལ། ཀྲྀ་པ་ཎ། བི་ཀ་ཊ། བི་ཤཱ་ལ། བི་ཤད་ཊ། བྷ་རུ་ཛ། ཙནྡྲ་བྷཱ་ག་ལས་ཆུ་ཀླུང་ལ་ཙནྡྲ་བྷཱ་གཱ་ཉིད་དེ། ཆུ་ཀླུང་ལའོ་ ཞེས་ཙནྡྲ་པ་ལས་སོ། །ཨུདཱ་ར། པུ་རཱ་ཎ། སདྡྷི་ཏ། ཤཀྟ། ཀ་ལྱཱ་ཎ། ཨི་ལས་ཀྟིན་མ་ཡིན་པ་ལས་སོ། །ཨི་ཡིག་མཐའི་ཨང་ག་ལས་ཀྟིན་མ་ཡིན་པ་ལས་བུད་མེད་ལ་དཱིཔ་ཡང་ན་འགྱུར་ཏེ། དྷཱུ་ལཱི། དྷཱུ་ལིཿ། བྷཱུ་མཱི། བྷཱུ་མི། ལཀྵྨཱ་རི་ཡཾ། ལཀྵྨཱི་ཡཾ། ཤི་རི་ཡཾ། ཤྲཱི་ཡཾ། ཀྟིན་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན་ པཾ་ཀྟིཿ། ཨུ་ལས་ཡོན་ཏན་ལས་ཁ་རུ་དང་བརྩེགས་པ་མཐའ་ཉེ་མ་ཡིན་པ་ལས་སོ། །ཨུ་ཡིག་མཐའ་ལས་ཡོན་ཏན་བརྗོད་པ་ལས་ཁུ་རུ་དང་བརྩེགས་པ་མཐའ་ཉེ་མ་གཏོགས་པ་ལས་བུད་མེད་ལ་དཱིཔ་ཡང་ན་འགྱུར་ཏེ། བ་ཊྲཱི། པ་ཊུཿ། བ་ཧྭཱི། བ་ཧུཿ། མྲྀ་དྭཱི། མྲྀ་དུཿ། ཏ་ནྭཱི། ཏ་ནུཿ། ཏ་ནུཿ། ལ་གྷྭཱི། ལ་གྷུཿ། གུ་རྦཱིཿ། གུ་རུཿ། ཨུ་ལས་ཞེས་པ་ཅི་ཞེ་ན། སི་ཏཱ། ཀྲྀཥྞཱ། ཡོན་ཏན་ལས་ཞེས་པ་ཅི་ཞེ་ན། ཨཱ་ཁུཿ། ཁ་རུ་དང་བརྩེགས་པ་མཐའ་ཉེ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཁུ་རུ་རི་ཡཾ་སྟྲཱི། པཱཎྜུ་རི་ཡཾ་བྲཱཧྨ་ཎི། བུད་མེད་ལའོ་ཞེས་པ་ལས་ཡོན་ཏན་འཇུག་པའི་རྒྱུའི་བྱ་བ་ཉིད་དང་ལྡན་པ་འཇུག་གོ །དེ་ ཉིད་གཙོ་བོར་གཟུང་བར་བྱ་སྟེ། ཕན་ཚུན་གཞན་པ་མ་ཡིན་ནོ། །དེས་ན་མཁས་པར་འདོད་པ་ནི། པ་ཊུ་ཡ་ཏི། དེའི་ཕྱིར་ཀྭི་པའོ། །པ་ཊུརྦྲཱཧྨ་ཎི་ཞེས་པ་འདི་ལས་ཐལ་བ་མེད་དོ། །མཚན་ཉིད་ཀྱང་། རྫས་བརྟེན་དེ་ལས་ཐ་དད་དང་། དེ་བསལ་བ་ལ་མི་བརྟེན་པ། ཡོངས་སུ་གྱུར་པའི་ཆོས་ལྡོག་དང་། །ཡོན་ཏན་ མེད་པས་ཡོན་ཏན་འདོད། དེ་ལ་རྫས་ཀྱང་རྫས་ལ་བརྟེན་པ་སྲིད་དོ། །ཇི་ལྟར་སྣམ་བུ་སོགས་དེ་རྣམ་པར་གཅད་པའི་དོན་དུ་གསུངས་པ། དེ་བསལ་བ་ལ་མི་བརྟེན་པ། ཞེས་པ་སྣམ་བུ་ལ་སོགས་པའི་སྒྲ་རང་གི་དོན་མངོན་པར་བརྗོད་པའི་ཕྱིར་མ་ཡིན་པས་སྣལ་མ་སོགས་ལ་འཇུག་གོ། །ཇི་ལྟར་ཡོན་ཏན་ལས་ཡོན་ ཏན་ཞེས་པས། ཉེ་བར་བཏགས་པ་ལས་མངོན་པར་རྗོད་པར་བྱེད་པ་མ་ཡིན་པས་འཁྲུལ་པར་དོགས་པར་བྱ་སྟེ། གཙོ་བོའི་མངོན་པར་བརྗོད་པར་འཆད་པར་འདོད་པའི་ཕྱིར་རོ། །འདི་རིགས་ལ་ཡང་འཇུག་པས་དེ་བསལ་བའི་ཕྱིར་གསུངས་སོ། །ཡོངས་སུ་གྱུར་པའི་ཆོས་ལྡོག་པའང་ཞེས་པ། ཡོན་ཏན་ གཞན་འབྱུང་བའི་ཆོས་འཇིག་པའོ། །རིགས་རྣམ་པར་འཇིག་པ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །དང་ཡིག་ལས་ཡོངས་སུ་གྱུར་པའི་ཆོས་ལྡོག་པའང་ངོ་། །ནམ་མཁའ་སོགས་ལ་དབང་སྒྱུར་བའི་ཕྱིར་རྟག་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བྱ་བ་རྣམ་པར་གཅད་དེ། དེ་ཐམས་ཅད་ཉིད་འཇིགས་པ་མེད་པས། དེ་ཡང་དེ་ ལྟར་གྱུར་པའི་ཡོན་ཏན་མེད་དེ། ཡོན་ཏན་གཞན་ལ་བརྟེན་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་གཟུགས་གཅིག་ཅེ་ན། དོན་གཅིག་ལ་འདུ་བས་སྐྱོན་མེད་དེ། དེ་བཞིན་དུ་གཞན་ཡང་། སེམས་ཅན་ལ་ནི་ངེས་འཇུག་བྲལ། །སོ་སོའི་རིགས་ལ་ངེས་པར་མཐོང་། །བརྟེན་པའི་བྱ་བ་ལས་སྐྱེས་ཏེ། །སེམས་ ཅན་རང་བཞིན་ཡོན་ཏན་མིན། །འདིར་ཡང་བརྟན་པའི་བྱ་བ་ལས་སྐྱེས་ཞེས་པ་འདིས་བྱ་བ་ལས་བསལ་ཏེ། དེ་ལ་མི་རྟག་པ་དང་རྟག་པའི་གཟུགས་གཉིས་སྲིད་པའི་ཕྱིར་རོ། །དེ་སེམས་ཅན་རང་བཞིན་ཡོན་ཏན་མིན། ཞེས་པ་འདིས་རྫས་ཏེ་སྔ་མ་ཕྱེད་ཀྱི་རིགས་ལའོ། །མིང་ལས་པཱ་ལ་ཀ་མིན་པའི་ མཐའི་དྲུག་པ་ལས་ཆུང་མ་ལའོ། །མིང་བརྗོད་པ་རིགས་མེད་པ་སཱནྡྷ་ཡ་ལས་དྲུག་པའི་མཐའ་ལས་དཱིཔ་ཡང་ན་འགྱུར་ཏེ། ཙཻ་ཏྲ་སྱ་བྷཱཪྻཱ། ཙཻ་ཏྲཱི། མཻཏྲཱི། པྲཥྛཱི། ག་ཎ་ཀཱི། བཻ་དྱཱི། མ་ཧཱ་མཱ་ཏྲཱི། ཤཱ་དྲཱི། མིང་ལས་ཞེས་པ་ཅི་ཞེ་ན། པྲ་སཱུ་ཏ་སྱ་བྷཪྻ། དག་ཉིད་དེ། རང་ལ་རབ་ཏུ་སྐྱེས་པ་སྦྱོར་བ་ལ། པྲ་ སཱུ་ཏཱ། པྲ་ཛཱ་ཏཱ། པཱ་ལ་ཀ་མིན་པའི་ཞེས་པ་ཅི་ཞེ་ན། གོ་པཱ་ལ་ཀ་སྱ་བྷཱཪྻཱ། ཅི་ལྟར་གོ་པཱ་ལི་ཀཱ་སྭ་ཡི། བ་ལང་རྫི་བརྗོད་པར་མི་འདོད་པ་ལ་ཊཱ་པའོ། །ཅི་ལྟར་བཱནྡྷ་རྣམས་ཀྱང་ཞེ་ན། ག་ཎ་ཀ་ཤཱུ་དྲ་ལ་སོགས་པ་བྱ་བའི་རིགས་ཀྱི་སྒྲ་རྣམས་མིང་ཉིད་དོ། །གང་ལས་མིང་གི་ངོ་བོས་རིགས། འགའ་ཞིག་མིང་ དུ་བརྗོད་བྱ་བ། མིང་ཞེས་དེ་འོག་ནག་པ་ཡི། །མིང་གི་སྒྲ་ཡང་དེའི་སྒྲའོ། །ཞེས་ཏི་མིང་གི་མཚན་ཉིད་དོ། །དེ་ལ་ཡང་མིང་གི་ངོ་བོ་དང་མིང་གི་རང་བཞིན་གྱིས་ཡང་དག་པར་གྲགས་པ་ལས་འགའ་ཞིག་ཏུ་མིང་ངེས་གཟུང་མེད་པའི་ངོ་བོའི་ཁྱད་པར་མིང་ངོ་། །དེའི་སྒྲ་ཡང་མིང་གི་སྒྲའོ་ཞེ་ན། བདེན་ཏེ། ག་ཎ་ཀ་ ལ་སོགས་པ་དང་ག་ཎ་ལ་སོགས་པ་ཕྱི་མོའི་རྒྱུ་མཚན་ཉིད་ཀྱིས་རབ་ཏུ་འཇུག་པའི་ཕྱིར་ཏེ། འགྲོ་བ་པོ་དང་ཟ་བ་པོ་ལ་སོགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རིགས་དེས་པ་འགའ་ཞིག་ལ་འཇུག་པ་ཉིད་མིང་ངོ་། །བྲྀ་ཥ། ཀ་པི། ཨགྣི། པཱུ་ཏ་ཀྲ་རུ། ཀུ་པི་ཏ། ཀུ་པཱི་ད་རྣམས་ལ་ཨེའང་ངོ་། །འདི་རྣམས་ལས་ དྲུག་པའི་མཐའ་ལས་ཆུང་མ་ལ་དཱིཔ་ཡང་ན་འགྱུར་ཏེ། དེ་སྦྱོར་བ་ལ་ཨེ་ཡིག་ཏུ་མཐའ་བསྒྱུར་བའང་ངོ་། །བྲི་ཥཱ་ཀ་པཱ་ཡཱི། ཨགྣ་ཡཱི། པཱུ་ཏཱ་ཀྲ་ཏཱ་ཡཱི། ཀུ་སི་ཏཱ་ཡཱི། ཀུ་སཱི་དཱ་ཡཱི། ངག་ཉིད་ཀྱི་ཕྱོགས་ལའོ། །མ་ནུ་ལས་ཨཽའང་ངོ་། །མ་ནུའི་སྒྲ་དྲུག་པའི་མཐའ་ལས་ཆུང་མ་ལ་དཱིཔ་ཡང་ན་འགྱུར་ཏེ། དེ་སྦྱོར་ བ་ན་ཨཽ་ཡིག་ཏུ་མཐའ་སྒྱུར་བ་དང་། ཨཻ་ཡིག་ཏུ་ཡང་ངོ་། །མིའི་ཆུང་མ་ནི་མ་ནཱ་བཱི། མ་ནཱ་ཡཱི། འཇིག་གོ། །མ་ནུའི་སྒྲ་ལས་ཆུང་མ་ལ་དཱིཔ་ཡང་ན་འཇིག་པར་འགྱུར་ཏེ། མ་ནཱ་བཱི། མ་ནཱ་ཡཱི། མ་ནུ། སཱུཪྻཱ་དེ་བཱིའོ། །གལ་ཏེ་དེ་བཱི་ཡིན་ན་སཱུཪྻཱ་ཞེས་པའི་ཚིག་ཕྲད་དེ། སཱུཪྻཱ་དེ་བཱི། གཞན་ལ་སཱུ་རི། སཱུཪྻ་ཎཱི་ཞེས་པ་ཡང་ཤཱ་ཀ་ཊཱ་ཡང་ནའོ། །ཨིནྡྲ། བ་རུ་ཎ་བྷ་བ། ཤརྦ། རུ་དྲ། མྲི་ཌ་རྣམས་ལ་ཨཱ་ནུ་ཀའང་ངོ་། །ཨིནྡྲ་ལ་སོགས་པ་རྣམས་དྲུག་པའི་མཐའ་ལས་ཆུང་མ་ལ་དཱིཔ་ཡང་ན་འགྱུར་ཏེ། དེ་སྦྱོར་བ་ན་དེ་རྣམས་ཀྱི་མཐའ་རུ་ཨཱ་ནུ་ཀ་ཨཱ་ག་མའང་ངོ་། །ཨིནྡྲ་སྱ་བྷཱཪྻ། བ་རུ་ཎཱ་ ནི། བྷ་བཱ་ནཱི། ཤརྦི་ཎ། རུ་དྲཱ་ཎི། མྲི་ཌཱ་ནཱི། གཞན་ལ་ཡང་བལྟ་བར་བྱ་སྟེ། ཤ་ཀྲཱ་ཎཱི། མ་ཧེནྡྲཱ་ཎཱི་རཱ་ཛ་ཀུ་ལཱ་ནཱི། བྲཧྨ་ཎ་ལས་ན་དབྱི་བའང་འདོད་དེ། བྲཱཧྨཱ་ཎི། ཨཱ་ཙཱརྱ་ལས་ཎ་ཉིད་མེད་པའང་ངོ་། ཨཱ་ཙཱཪྻའི་སྒྲ་དྲུག་པའི་མཐའ་ལས་ཆུང་མ་ལ་དཱིཔ་ཡང་ན་འགྱུར་ཞིང་། དེ་སྦྱོར་བ་ལ་ཨཱ་ནུཀ་དང་ཎ་ཉིད་མེད་པའང་ དོ། །ཨཱ་ཙཱཪྻ་ནཱི། སྭ་ཡ་མཱ་ཙཱཪྻ། མཱ་ཏུ་ལ། ཨུ་པ་དྷྱ་ཡ་ལས་ཡང་ནའོ། །དྲུག་པའི་མཐའ་ལས་དཱིཔ་ཡང་ན་འགྱུར་ཞིང་། ཨཱ་ནུ་ཀ་ཀྱང་ན་འགྱུར་རོ། །མཱ་ཏུ་ལ་སྱ་བྷཱཪྻ། མཱ་ཏུ་ལ་ནཱི། མཱ་ཏུ་ལཱི། ཨུ་པཱ་དྷྱཱ་ཡཱ་ནཱི། ཨཱུ་པཱ་དྷྱཱ་ཡི། །ཨཪྻ་དང་ཀྵཏྟྲི་ལས་ཀྱང་ངོ་། །དཱི་པ་ཡང་ན་འགྱུར་ཏེ། དེ་སྦྱོར་བ་ན་ཨཱ་ནུཀ་ཀྱང་ ངོ་། །ཡང་རྗེས་སུ་འཇུག་པའི་དོན་དུ་ཀྱང་ཡིག་གོ། །དྲུག་པ་དང་ཆུང་མ་ལ་ཞེས་པ་མངོན་པར་འབྲེལ་པ་མེད་དོ། །ཨཱཪྻཱ་ཎི། །ཨཪྻ། ཀྵཏྟྲི་ཡཱ་ཎཱི། ཥཏྟི། ཆུང་མ་ལ་ནི། ཨཪྻཱི། ཀྵཏྟྲི་ནཱི། ཧི་མ་དང་ཨར་ཎྱ་ལས་ཆེ་བ་ཉིད་ལའོ། །ཧི་མ་དང་ཨ་ར་ཎྱའི་སྒྲ་ལས་ཆེ་བ་ཉིད་རྟོགས་པར་བྱེད་པ་ལས་བུད་མེད་ལ་དིཔ་ འགྱུར་ཞིང་ཨཱ་ནུ་ཀ་ཀྱང་ངོ་། །ཁ་བ་ཆེན་པོ་ལ། ཧི་མཱ་ནཱི། དགོན་པ་ཆེན་པོ་ལས་ཨར་ཎྱཱ་ནཱི། ཡ་བ་དང་ཡ་བ་ན་ལས་དོཥ་དང་ལི་པོ་དག་ལའོ། །བུད་མེད་ལ་དཱིཔ་འགྱུར་ཏེ། ཨཱ་ནུ་ཀ་ཀྱང་ངོ་། །དུཥྚ་ཡ་བོ་ཡ་བཱ་ནཱི། །ཡ་བ་ནཱ་ནཱི། ལི་པིཿ། གང་གི་ཚེ་ཡ་བ་ནའི་སྒྲ་ཐ་དད་མེད་པར་ཉེ་བར་བཏགས་ནས་ལི་པཱི་ལ་འཇུག་པ་དེའི་ ཚེ་འདི་དཔེར་བརྗོད། ཉོན་མོངས་བཅད་མ་དགེ་སློང་མའོ། །གལ་ཏེ་ཉོན་མོངས་བཅད་མ་ཡིན་ན་བྷི་ཀྵུ་ཎཱི་ཞེས་པ་ཚིག་ཕྲད་དོ། །གཞན་ལ་བྷིཀྵུཿ། ཡཀྵྀ་ཎཱི་རིགས་ལའོ། །རིགས་ལ་ཡཀྵི་ཎཱི་ཞེས་པ་ཚིག་ཕྲད་དེ། ཡཀྵ་ཎཱི། གནོད་སྦྱིན་གྱི་ཆུང་མ་ལ། ཡཀྵཱི། བྱེད་པ་དང་པོ་ལས་ཀྲཱིཏ་ལས་ཡང་ནའོ། །ཀྲཱིཏའི་ སྒྲ་ལ་བུད་མེད་ལ་དཱིཔ་ཡང་ན་འགྱུར་ཏེ། བྱེད་པ་འདིའི་དང་པོར་གྱུར་པ་ནའོ། །བསྟྲ་ཀྲཱི་ཏཱ། །བསྟྲ་ཀྲཱིཏཱ། བྱེད་པ་སྨོས་པ་ཅི་ཞེ་ན། སུ་ཏྲཱི་ཏཱ། དང་པོར་སྨོས་པ་ཅི་ཞེ་ན། ཨ་ཤྭེ་ན་ཀྲཱི་ཏཱ། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཁ་ཅིག་ཏུ་མི་འགྱུར་བ་ཡང་སྟེ། སཱ་ཧི་ཏ་སྱདྷ་ཀྲཱིཏ། སྲོག་ཆགས་རྣམས་ལ་ཡང་སྟེ། ག་རཱི། ཡསཱི། ཀྟ་ལས་ཆུང་ངུ་བརྗོད་པ་ལའོ། །ཀྟའི་མཐའ་བྱེད་པ་དང་པོ་ལས་ཆུང་ངུ་བརྗོད་པ་རྟོགས་པར་བྱེད་པ་ལ་བུད་མེད་ལ་དཱིཔ་འགྱུར་ཏེ། ཨ་བྷྲ་ལཔྟཱ། ནམ་མཁའོ། །སཱུ་པ་ལཔྟཱི། སྣོད་དོ། །ཅི་ལྟར་མཎྜ་བཱ། ཙྪ་ཏྟྲི། ཨ་ལོ་ཀ་བ་ནཱི་ཞེས་པ་ལ་སོགས་པ་ཡིན་ཞེ་ན། ཆུང་ངུ་བརྗོད་པ་ལའོ་ཞེས་སྦྱོར་བ་ རྣམ་པར་ཕྱེ་བའི་ཕྱིར་རོ། །རང་གི་ཡན་ལག་ལས་ཀྲིཏ། མི་ཏ། ཛཱ་ཏ། པྲ་ཏི་པནྣ་ལས་དོན་གཞན་ལའོ། །རང་གི་ཡན་ལག་དང་པོ་ཀྟའི་མཐའ་ལས་དོན་གཞན་ལ་འཇུག་པ་ལས་དཱིཔ་འགྱུར་ཏེ། ཀྲྀ་ཏ་དང་པོ་མ་གཏོགས་པའོ། །དུད་ལ་ངེས་པར་ཐ་དད་པ་ནི། ཤཾ་ཁ་བྷིནྣཱི། ཀེ་ཤ་ལཱུ་ནཱི། པཱ་ཎཱི་ཀྲྀ་ཧ་ཏཱི། རང་ གི་ཡན་ལག་ལ་ཞེས་པ་ཅི་ཞེ་ན། འདི་གོས་ཀྱིས་བཀབ་པ་ནི། བསྟྲ་ཙྪནྣ། དོན་གཞན་ལ་ཞེས་པ་ཅི་ཞེ་ན། རྐང་པ་དག་ལྟུང་བ་ནི། པཱ་ད་པ་ཏི་ཏཱ། ཀྲིཏ་དང་པོ་དགག་པ་ཅི་ཞེ་ན། གང་སོ་རྣམས་བྱས་པ་ནི། ས་དནྟ་ཀྲི་ཏཱ། དནྟ་མི་ཏ། དནྟ་ཛཱ་ཏཱ། དནྟ་པྲ་ཏི་པྲ་ཏི་པྲནྣཱ་ཤཾ་ཁ་ལ་སོགས་པ་དང་རཱ་ཛ་དནྟ་ལ་སོགས་ པའི་དབྱིབས་ཀྱི་ཚོགས་ཉིད་ཀྱི་ཕྱིར་ཚིག་ཕྲད་སྔ་མའོ། །རིགས་ལས་སྒྲིབ་པ་མ་ཡིན་པ་ལས་ཡང་ནའོ། །སྒྲིབ་པ་བརྗོད་པ་མ་གཏོགས་པ་རིགས་བརྗོད་པ་ལས་གང་ཕ་རོལ་བྱེད་པ་དང་པཽར་པ་ཀྟའི་མཐའ་དེའི་མཐའ་ལས་དོན་གཞན་ལ་བུད་མེད་ལ་དཱིཔ་ཡང་ན་འགྱུར་ཏེ། པ་ལཱཎྜུ་བྷཀྟི་ཏཱི། བལཱཎྜུ་བྷཀྵི་ཏཱ། སྒྲིབ་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། བསྟ་ཙྪ་ནཱ། ཀྲིཏ་དང་པོ་མ་པ་ལས་ཞེས་པ་ཉིད་དེ། ཀུཎྜ་ཀྲི་ཏཱ། ཀུཎྜ་མི་ཏཱ། པ་ལཎྜ་ཙྪ་ཏཱ། བྲྀཀྵ་པྲ་ཏ་པནྣཱ། མིང་ལའོ། །ཀྟའི་མཐའ་ལས་དིཔ་ཡང་ན་འགྱུར་ཏེ། པྲ་བྲྀཏྟ་བི་ལཱུ་ནཱ། རང་གི་ཡན་ལག་ལས་ཉེ་བར་འབད་པ་ལས་སོ། །རང་གི་ཡན་ལག་ལ་གང་ཉེ་བར་ འབད་པར་གྱུར་པ་དེའི་མཐའ་ལས་བུད་མེད་ལ་དཱིཔ་ཡང་ན་འགྱུར་ཏེ། དཱི་གྷ་ཀེ་ཤཱི། དཱིརྒྷ་ཀེ་ཤཱ། ནིཥྐ་ཤི། ནཥྐེ་ཤཱ་མཱ་ལཱ། ཡཱུ་ཀཱ། རང་གི་ཡན་ལག་ལ་ཡང་འདིར་ཡོངས་སུ་བཤད་པ་ཅན་ནོ། །གཤེར་མེད་ལུས་ལྡན་རང་ལག །སྲོག་གནས་རྣམ་འགྱུར་མིན་ལས་སྐྱེས། གཤེར་མེད་ཅེས་པ་ཅི་ཞེ་ ན། པ་ཧུ་ཀ་ཕཱ། ལུས་ལྡན་ཞེས་པ་ཅི་ཞེ་ན། བ་ཧུ་ཛྙཱ་ནཱ། རྣམ་པར་ཤེས་པ་མེད་པ་ལ་ཐམས་ཅད་དུ་འགྲོ་བ་མ་ཡིན་པའི་རྫས་སུ་ཡོངས་སུ་འཇལ་བའི་མཚན་ཉིད་ཀྱིས་ལུས་ཉིད་ཀྱི་སྲ་བར་རིག་པར་བྱའོ། །སྲོག་གནས་ཞེས་པ་ཅི་ཞེ་ན། དཱིརྒྷཱ་མུ་ཁཱ་ཤཱ་ལཱ། ཁ་དང་སྣ་དག་ནས་རླུང་གང་འབྱུང་བ་དང་འཇུག་པ་ ཡང་ངོ་། །དེ་ལ་སྲོག་གི་སྒྲའི་བརྗོད་བྱ་བ་ལ་མེད་པས་སོ། །རྣམ་འགྱུར་མིན་ལས་སྐྱེས་ཞེས་པ་ཅི་ཞེ་ན། པྲི་ཐུ་ཤོཋཱ། ཤོ་ཐ་ནི་ཤྭ་ཡ་ཐུའི་མཚན་ཉིད་དེ། ཁམས་ཀྱི་རྣམ་པར་འགྱུར་བ་ལས་སྐྱེས་པའི་ཕྱིར་རོ། །དེར་གནས་མིན་པ་དེར་མཐོང་བ་ཡང་ངོ་། །སྲོག་གནས་མིན་པར་ མཐོང་བ་ཡང་སྲོག་ཆགས་ཏེ། དེ་ཡང་རང་གི་ཡན་ལག་གོ། །དཱིརྒ་ཀ་ཤཱི་ར་ཐྱཱ། དཱིརྒྷ་ཀེ་ཤཱ། དེས་ན་གལ་ཏེ་དེ་ལྟར་ལྡན་པ་ཞེས་པ་ཡང་གསུམ་པའོ། །དེས་ན་སྲོག་ཆགས་མཐོང་བས་སྐྲ་ལ་སོགས་པ་དང་དེ་བཞིན་པ་ལྡན་པ་ཞེས་པའོ། །སྒྲས་སྟོན་པར་བྱེད་པའི་རྣམ་པ་གང་ཡིན་པ་དེ་འདྲ་བའི་གཟུགས་ལ་ སོགས་པ་ལ་གནས་པ་དེ་ཡང་རང་གི་ཡན་ལག་གོ། །པྲི་ཐུ་སྟ་ནཱི། པྲི་ཐུ་སྟ་ནཱ། པྲ་ཏི་མཱ། རང་གི་ཡན་ལག་ལས་ཞེས་པ་ཅི་ཞེ་ན། བ་ཧུ། དྷན། ཧཱ་སི་ཀཱ། ཀརྞ། ཤྲིངྒ། ཨངྒ། དནྟ། ཛཾ་བྷ། ཨོཥྛ། ཀཎྛ། ཨུ་ད་ར། གཱ་ཏྲ་རྣམས་ལས་སོ། །ཉེ་བར་བསྒྲུབ་པ་རྣམས་ལས་བུད་མེད་ལ་དཱི་པ་ཡང་ན་འགྱུར་ཏེ། ཤངྐུ་ནཱ་ སཱི་ཀཱི། ཤཾ་ཀུ་ནཱ་སཱི་ཀཱ། ཙྪ་རུ་ཀརྞཱི། ཙཱ་རུ་ཀརྞཱ། ཤྲྀངྒཱི། ཏཱིཀྵྞ་ཤྲྀངྒཱ་མྲི་དྲུངྒཱི། མྲི་དྭངྒཱ། སི་ཏ་དནྟཱི། སི་ཏཱ་དནྟཱ། ཀཱ་ཀ་ཛམ་གྷཱི། ཀཱ་ཀ་ཛམ་གྷཱ། བིམྦཽཥྛཱི། བིམྦཽཥྛཱ། གུ་ཌུ་ཀཥྛཱི། གཌུཀཥྛཱ། ལམྦོ་དརཱི། ལམྦོ་ད་རཱ། ཙཱ་རུ་གཱ་ཏྲི། ཙཱ་རུ་གཱ་ཏྲ། འདི་ནི་ངེས་པའི་དོན་དུ་བརྗོད་པ། ཨ་ཙ་མང་པོ་དང་བརྩེགས་པ་མཐའ་ཉེ་ལས་ཀྱང་ གལ་ཏེ་གྱུར་ན་དེའི་ཚེ་འདི་རྣམས་ཉིད་དོ། །དེས་ན་པྲི་ཐུ་ཛ་གཱ་ནཱ་ཀ་ལྱ་ཎཱ་གུལྥ་ཞེས་པ་འདིར་མི་འགྱུར་རོ། །དཱིརྒྷ་ཛ་ཧཱ། དཱིརྒྷ་ཛི་ཧཱི་ཞེས་པ་ཡང་ཤཱ་ཀ་ཊཱ་ཡ་ནའོ། །པུཙྪ་ལས་སོ། །ཉེ་བར་བསྒྲུབ་པ་ལས་བུད་མེད་ལ་དཱིཔ་ཡང་ན་འགྱུར་ཏེ། དཱིརྒྷ་པུཙྪཱི། དཱིརྒྷ་པུཙྪ། སྦྱོར་བ་རྣམས་པར་ཕྱེ་བ་ནི་ཕྱི་མའི་དོན་ཏོ། །ཀ་པར་ མ་ཎི། བི་ཥ། ཤར་དང་པོ་ལས་རྟག་ཏུའོ། །པུཙྪ་ལས་ཉེ་བར་བསྒྲུབ་པ་ལས་དཱིཔ་རྟག་ཏུ་འགྱུར་ཏེ། ཀ་པ་ར་པུཙྪཱི། མ་ཎི། པུཙྪི། བིཥ་པུཙྪཱི། ཤར་བུཙྪི། པཀྵ་ལས་ཀྱང་ཉེ་བར་འཇལ་བ་ལས་སོ། །ཉེ་བར་འཇལ་བ་ལས་པཀྵ་དང་བུཙྪ་ལས་བུད་མེད་ལ་དཱིཔ་འགྱུར་ཏེ། ཀཱ་ཀ་པཀྵཱི། ཨུ་ལཱུ་ཀ་པུཙྪཱི། ཀྲོཌ་སོགས་རྣམས་ལས་མ་ཡིན་ནོ། །གཙོ་བོ་མ་ཡིན་པ་རྣམས་ལས་དཱིཔ་མི་འགྱུར་ཏེ། ཀ་ལྱེ་ཎཱ་ཀྲོ་ཌཱ། ཀྲོ་ཌཱ། ཁུར། གོ་ཁ། ཨུ་ཁ། བཱ་ལ། ས་ཕ། གུ་དྷ། དབྱིབས་ཀྱིས་ཚོགས་འདིའོ། །སུ་བྷ་གཱ། སུ་ག་ལཱ། སཱ་ཧཱ། ནཉ། བིདྱ། མཱ་ན་ལས་སོ། །ཕ་རོལ་རང་གི་ཡན་ལག་ལ་དཱི་པ་མི་འགྱུར་ཏེ། ས་ཀ་ཤཱ། ཨ་ ཀེ་ཤཱ། བིདྱ་མཱ་ན་ཀེ་ཤཱ། ས་ནཱ་སི་ཀཱ། ཨ་ནཱ་སི་ཀཱ། བིདྱ་ན་ས་ཀཱ། ན་ཁ་མུ་ཁ་ལས་མིང་ལའོ། །དཱི་པ་མི་འགྱུར་ཏེ། གཽ་ར་མུ་ཁཱ། ས། ས་ཁཱི། ཨ་ཤི་ཤྭཱིའོ། །ཚིག་ཕྲད་དེ། ས་ཁཱ། འདི་ལ་བྱས་པ་ཡོད་པ་མ་ཡིན་པ་ནི་ཨ་ཤི་ཤཱིའོ། །རིགས་ལས་བུད་མེད་མ་ཡིན་པ་ངེས་པ་ལས་ཡ་མཐའ་ ཉེ་མ་ཡིན་པ་ལས་སོ། །རིགས་ནི་སྤྱིའོ། །དེ་བརྗོད་པ་ཡ་མཐའ་ཉེ་བོར་བ་བུད་མེད་ལ་འཇུག་པ་ལས་དཱིཔ་འགྱུར་ཏེ། གལ་ཏེ་བུད་མེད་ཀྱི་རྟགས་མ་ཡིན་པར་ངེས་པའོ། །ཀུཀྐ་ཊཱི། སཱུ་ཀ་རཱི། སུ་རཱི། ཨཱ་སུ་རཱི། ནཱཌ་ཡ་ནཱི། རིགས་ལས་ཞེས་པ་ཅི་ཞེ་ན། མུཎྜཱ་མུཎྜའི་སྒྲ་མུཎྜ་ནའི་བྱ་བ་བསྒྲུབ་པའོ། །ཡོན་ ཏན་བརྗོད་པ་ལས་དེ་དང་ལྡན་པ་ལ་འཇུག་གོ། །བུད་མེད་མ་ཡིན་པར་ངེས་པ་ལས་ཞེས་པ་ཅི་ཞེ་ན། མཀྵི་ཀཱ། མཐའ་ཉེ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཀྵི་ཏྟྲི་ཡཱ། རང་དོན་ལས་ཞེས་པ་ཉིད་དེ། པྲི་ཡང་ཀུ་ཀྐུ་ཊཱ་མ་ཐུ་རཱ། ཨ་ད་ལས་ཞེས་པ་ཉིད་དེ། ཏིཏྟི་རིཿ། འདིར་རིགས་ཀྱི་མཚན་ཉིད་ཀྱི་ དབྱིབས་སྨོས་པས་རིགས་ཀྱི་རྟགས་རྣམས་ཀྱང་སྟེ། ཆ་ཐམས་ཅད་ནི་མ་ཡིན་ནོ། །ལན་གཅིག་བཤད་པར་ངེས་པར་བཟུང་ངོ་ཞེས་ཁ་ཅིག་གོ། །འདི་ལས་ཕྱི་རོལ་བྱ་བའི་རིགས་ཀྱི་དབྱིབས་གསལ་བར་བརྗོད་པར་བྱ་སྟེ། དེ་ལ་དབྱིབས་སྨོས་པས་འདི་ཡོངས་སུ་གཅོད་པ་སྟེ། དབྱིབས་སྨོས་པ་ནི་རིགས་ སོ། །ཡང་དག་པར་གནས་པ་ནི་ཡན་ལག་མ་ཡིན་ཏེ། གཞི་མེད་པ་ལས་རིགས་སྨོས་པ་མེད་པའི་ཕྱིར་རོ། །ཁྱད་པར་གཞན་ཡང་གསུངས་པ། རྟགས་རྣམས་ཀྱང་སྟེ་ཆ་ཐམས་ཅད་ནི་མ་ཡིན་ནོ་ཞེས་པ། ཕྱིས་ཀྱང་ཁྱད་པར་མེད་དོ། །ལན་ཅིག་བཤད་པ་ངེས་པར་གཟུང་ངོ་ཞེས་སོ། །ཨེ་ཀ་ བཱ་ར། ས་ཀྲྀ་ཏ་དུ་བཤད་པ་ཉིད་དོ། །ཉེ་བར་བསྟན་པ་ངེས་པར་ཤེས་པར་བྱ་སྟེ། དེས་ན་རིགས་ཀྱི་ཆོས་རྣམས་ནི། གཅིག་ཉིད་དང་རྟག་པ་ཉིད་དང་སོ་སོར་ཡོངས་སུ་རྫོགས་པ་ཉིད་ཀྱི་མཚན་ཉིད་དུ་བཤད་དོ། །གཅིག་ཉིད་གཅིག་ཏུ་བསྡུས་པས་ཉེ་བར་དམིགས་པ་ལས་མི་རིགས་སོ། །སོ་སོ་ བ་ཡོངས་སུ་མ་རྫོགས་པ་ཡང་མ་ཡིན་ཏེ། གཅིག་ལ་བསྡུས་པ་ཡང་ངེས་པས་ཤེས་པར་ནུས་སོ། །ཆ་ཤས་ཀྱིས་ཤེས་པར་ནུས་པ་ཡང་སྟེ། རྟག་པ་ཉིད་དང་གཅིག་ཏུ་བསྡུས་པ་འཇིག་པ་དང་གཞན་ལ་བསྡུས་པ་དེ་བཞིན་ཁོ་ནར་དམིགས་པར་མི་རིགས་སོ། །གང་ཞིག་དེ་ཉིད་གསལ་བར་ བརྗོད་པས་རྟགས་ཐམས་ཅད་གསལ་བ་མ་ཡིན་ཏེ། དེ་ནི་ལན་ཅིག་བཤད་པའི་ངེས་པས་རིགས་སོ། །འདིས་ནི་བྱ་གག་ཉིད་དང་བྲམ་ཟེ་ཉིད་ལས་པའི་རིགས་ཉིད་གསུངས་སོ། །གང་ཡང་བྲམ་ཟེའི་མཚན་ཉིད་ལས་རིགས་ཀྱི་དབྱིབས་སྨོས་པ་ཉིད་ཀྱི་མི་དམིགས་པས་རྟགས་ཀྱི་ཆ་ཡང་ཐམས་ ཅད་མ་ཡིན་ནོ་ཞེས་པས་མཚན་ཉིད་ཐ་དད་པ་གསལ་བར་བྱེད་དོ། །དེའི་ལུགས་ཀྱིས་མཱ་ནོ་ཛྙ་ཀཱ་ལ་སོགས་པ་རྟགས་གཉིས་པ་རྣམས་ལ་ཡང་རིགས་ལ་དཱིཔ་འགྱུར་རོ། །དེས་ན། མ་ནོ་ཛྙ་ཀཱི་རཱ་མ་ཎ་ཡ་ཀཱི། མལླ་ཀཱི་ཞེས་པས་མི་འདོད་པའི་གཟུགས་བསྒྲུབ་བོ། །སྠི་ཏེ་ཙ། སྤྱིའི་མཚན་ཉིད་དང་ལྡན་པ་ལས། མཱ་ནོ་ཛྙི་ཀཱ། ར་མ་ཎི་ཡི་ཀཱ། མལླི་ཀ་ཞེས་པས་མངོན་པར་འདོད་པའི་གཟུགས་སྒྲུབ་པར་བྱེད་དོ། །བུ་རྒྱུད་ཀྱི་རྐྱེན་གྱི་མཐའ་རྣམས་དང་བྱ་བའི་སྒྲ་རྣམས་ཀྱང་ཁ་ཅིག་ཏུ་རིགས་ཀྱི་མཚན་ཉིད་ལ་དཱི་པ་སྒྲུབ་པའི་དོན་དུ་ཡོངས་སུ་བཤད་པ་ཅན་ནོ། །སྤྱི་ཉེ་བར་བསྟན་པའི་ཕྱིར་གསུངས་པ། རིགས་དང་སྤྱོད་པ་ལྷན་ཅིག་ཅེས་ ཏེ། རིགས་ནི་བུ་རྒྱུད་དེ་ལྟ་བུའི་བུ་ལ་སོགས་པའོ། །སྤྱོད་པ་ནི་ཀློག་པའི་ཁྱད་པར་དེ་ཐ་མི་དད་པར་ཉེ་བར་བཏགས་ནས་ཀློག་པར་བྱེད་པ་རྣམས་ཀྱང་སྤྱོད་པའོ། །ནཱ་ཌཱ་ཡ་ནཱི། ཙ་ར་ཡ་ཎཱི། ཀཋཱི། བཧྭྲྀ་ཙཱི། དེས་ན་འདི་ནི་རང་དོན་ལས་ཞེས་པ་འདིའི་མཐའ་དགང་བའོ། །པཱ་ཀ། ཀརྞ། པཎ། པུཥྤ། ཕལ། མཱུ་ལ། བཱ་ལའི་མཐའ་ལས་སོ། །པྲཱ་ཀ་ལ་སོགས་པའི་མཐའ་ལས་རིགས་བརྗོད་པ་ལ་བུད་མེད་ལ་དཱིཔ་འགྱུར་ཏེ། འདི་ཟད་འཚེད་པ་ཉིད་ཡིན་པ་ནི། ཨོད་ན་པཱ་ཀཱི། ཨོ་ཥ་དྷ་ཛ་ཏིཿ། དེ་བཞིན་དུ་ཨཱ་ཁུ་ཀརྞཱི། མུངྒ་པརྞཱཾ། ཤམ་ཁ་བུཥྤཱི། དཱ་ཌི་མ་ཕ་ལཱི། གོ་བཱ་ལཱི། ཨི་ཏ་ལས་མིའི་རིགས་ལས་སོ། །ཨི་ཡིག་ མཐའ་ལས་མིའི་རིགས་བརྗོད་པའི་བུད་མེད་ལས་དཱ་པ་འགྱུར་ཏེ། སྲུང་བྱེད་ཀྱིས་རྒྱལ་རིགས་ཀྱི་བུ་རྒྱུད་ཀྱི་བུད་མེད་ནི། ཨ་བནྟཱི། ཀུནྟཱི། སླར་ཡང་རིགས་སྨོས་པས་ཡ་མཐའ་ཉེ་ལས་ཀྱང་འགྱུར་ཏེ། ཨཽ་ད་པེ་ཡཱི། མི་སྨོས་པ་ཅི་ཞེ་ན། ཏི་རྟི་རིཿ། ཨི་ལས་ཀྟིན་མ་པ་ལས་ཞེས་པས་ཐོབ་པ་ལས་རྟག་ཏུ་བའི་དོ་ན་དུ་ བརྗོད་པའོ། །ཨིཉ་ལས་སོ། །ཨི་ཉའི་མཐའ་ལས་བུད་མེད་ལས་དཱིཔ་འགྱུར་ཏེ། སཽ་ཏངྒ་མཱི། སུ་ཏཾ་གམ་སོགས་ཉིད་ལས་བཞི་པ་ཨིཉི་སྟེ། རིགས་མ་ཡིན་པ་ལས་རྟག་ཏུའི་དོན་དུ་བརྗོད་པའོ། །ཨུ་ཏ་ལས་ཨཱུངའོ། །ཨུ་ཡིག་གི་མཐའ་ལས་མིའི་རིགས་བརྗོད་པ་ལ་བུད་མེད་ལ་དཱིཔ་འགྱུར་ཏེ། བྲཧྨ་བནྡྡྷུཿ། མིའི་རིགས་ལས་གཞེས་པ་ཉིད་དེ། དྷེ་ནུཿ། ཡ་མཐའ་ཉེ་མ་ཡིན་པ་ལས་གཞེས་པ་ཉིད་དེ། ཨ་དྷྭ་རཡུ་བྲཧྨ་ཎཱི། ཏ་ཕ་རོལ་ཏུ་བྱེད་པ་ཅི་ཞེ་ན། ཁལ་སྲེ། ཨུང་ཞེས་རིང་པོ་ཉེ་བར་ལེན་པ་ནི། བུད་མེད་ལ་ཨུང་གི་མཐའ་ཉིད་ཐོས་པའི་དོན་ཏོ། །ན་ཀ་བནྟ་སྱཱ་པ། ཨུ་ལས་ཆགས་མ་ཡིན་པ་ལས་རཛྫུ་སོགས་མིན་ པ་ལས་སོ། །སྲོག་ཆགས་མ་ཡིན་པའི་ཡུལ་ལ་རིགས་བརྗོད་པ་ལས་རཛྫུ་སོགས་བོར་བའི་ཨུ་ཡིག་མཐའ་ལས་བུད་མེད་ལ་ཨཱུང་འགྱུར་ཏེ། ཨ་ལཱ་བཱུཿ། ཀརྐཎྜྷཱུཿ། སྲོག་ཆགས་མིན་པ་ལ་ཞེས་པ་ཅི་ཞེ་ན། ཨཱ་ཁུཿ། ཀྲྀ་ཀ་པཱ་ཀུཿ། རཛྫུ་སོགས་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། རཛྫུཿ། ཧ་ནུཿ། ཨུ་ལས་ཞེས་ པ་ཅི་ཞེ་ན། གོང་དུམྦཱ། བཱ་ཧུའི་མཐའ་དང་ཀ་དྲུ། ཀ་མཎྜལ་ལུ་རྣམས་ལས་མིང་ལའོ། །བཱ་ཧུའི་མཐའ་དང་ཀུ་དྲུ་དང་ཀ་མཎྜལ་ལུ་དག་ལས་མིང་ལ་བུད་མེད་ལ་ཨུང་འགྱུར་ཏེ། བ་དྲ་བཱ་ཧཱུཿ། ཀ་དྲུཿ། ཀ་མཎྜ་ལུཿ། མིང་ལ་ཞེས་པ་ཅི་ཞེ་ན། འདི་སྤྱོད་པའི་དཔུང་ཡིན་པ་ནི་བྲིཏྟ་བཱ་ཧཱུཿ། ཀ་དྲུཿ། ཀ་མཎྜལ་ལུཿ། པངྒཱུཿ། ཤཱ་ཤྲཱུའོ། །ཚིག་ཕྲད་དོ། །སཾ་ཧི་ཏ། ས་ཧི་ཏ། སཧ། ཤཱ་ཕ། ལཀྵྨ་ཎ། བཱ་མ། ཨུ་པ་མཱ་ན་ལས་ཨཱུ་རུ་ལས་སོ། །སཾ་ཧི་ཏ་སོགས་ལས་ཕྱི་མའི་ཨཱུ་རུ་ལས་ཨུང་འགྱུར་ཏེ། སཾ་ཧི་ཏོ་རཱུཿ། ས་ཧི་ཏོ་རཱུ། ཤ་ཕོརཱུཿ། ལཀྵྨ་ཎོ་རཱུཿ། བཱ་མོ་རཱུཿ། ཨུ་པ་མཱ་ན་ལས། ཀ་ར་བྷོ་རཱུཿ། རམྦྷོ་རུཿ། སཾ་ཧི་ཏ་སོགས་ ལས་ཞེས་པ་ཅི་ཞེ་ན། བྷིཏྟོ་རུཿ། ཀིཋ་ནོ་རུཿ། ཤཱངྐ་ར་བ་སོགས་ལས་ཨཉའི་མཐའ་ལས་ཀྱང་དཱིཔ་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ཤཱངྐ་ར་བ་སོགས་ཁ་ནི་ཨཎའི་མཐའོ། །ཁ་ཅིག་ནི་རི་ཀའི་མཐའོ། །ཁ་ཅིག་ནི་ཡ་ཉའི་མཐའོ། །ཁ་ཅིག་ནི་རིགས་བརྗོད་པའོ། །ཁ་ཅིག་ནི་ཨི་ཡིག་མཐའོ། །གཉིས་ནི་མ་ཏུ་པ་ མཐའོ། །གཞན་ནི་ཨཉའི་མཐའོ། །དེ་ལ་གཉིས་དག་ནི་ཊིར་ལ་སོགས་པའི་མདོ་ཡིས་དཱིཔ་ཡོད་ཅིང་གསུམ་པ་ཡང་ངོ་། །བུ་རྒྱུད་ཀྱི་ཉ་ལས་ཥ་བ་ཊ་མིན་པ་ལས་བཞི་པ་ལས་རིགས་ཀྱི་མཚན་ཉིད་ལས་དཱི་པའོ། །ཨི་ཡིག་མཐའ་ལས་ནི་ཨི་ལས་ཀྟིན་མ་ཡིན་པ་ལས་སོ། །མ་ཏུབ་ཀྱི་མཐའ་ལས་ ཨུཀ་ཡིཏ་ཀྱི་མཚན་ཉིད་ལ་དཱིཔའོ། །ཨཉའི་མཐའ་ལས་ཀྱང་ཌ་ཏ་ལ་སོགས་པའི་མདོ་ཉིད་ཀྱིས་སོ། །དེ་ལ་ཨན་གྱི་མཐའ་ནི། ཤཱངྐ་ར་པ། ཀཱ་པ་ཊ་པ། བཱ་ཧ་བ། གཽ་ཏ་མ། གཽགྦུ་ལ་བ། བྲཱཧྨ་ཎ། ཨཽ་ད་པཱ་ནཱཿ། ཌྷའི་མཐའ་ནི། ཀཱ་མཎྜལ་པ་བྲཱཧྨ་ཎ་ཀྲི་ཏེ་ཡ། ཨཱ་པ་ཎི་དྷེ་ཡ། ཨཱ་དྷཪྴ་ཀེ་ཡཱཿ། ཡ་ཉའི་ མཐའ་ནི། ཨཱ་ཤྨར་ཐཱཿ། རིགས་བརྗོད་པ་རྣམས་ནི། ཨ་རཱ་ལ། ཙནྜཱ་ལ། བ་ཏཎྜཱ་ལ། བ་སྱོ་ཡན། མོཉྫ་ཡ་ནཱཿ། ཨི་ཡིག་མཐའ་དག་ནི། ཨེ་ཧི། པཪྻེའི་སྒྲ་དག་གོ། །མ་ཏུབ་དག་ནི། བྷོ་ག་བཏ། གཽ་རི་མ་ཏའི་སྒྲ་དག་གོ། །དེ་དག་ཨུ་ཀ་འགྲོ་བ་ཡང་སྟེ། ཏ་རབ་སོགས་རྣམས་ལ་ཐུང་ངུ་ ཉིད་རྣམ་པར་གཞག་པ་རྣམ་པར་བཤད་པས་རྟག་ཏུ་མི་འགྱུར་རོ། །ནྲྀ་དང་ན་རའི་སྒྲ་དག་ཀྱང་ཀླག་པ་དག་གོ། །དེ་དག་ནི་བུད་མེད་ལ་འཇུག་པ་དག་གོ། །ནཱ་རཱི་ཞེས་པ་དེ་འདིའི་དོན་ལ་ཨཎ་སྒྲུབ་བོ། །དེ་བཞིན་དུ་ཤི་བའི་སྒྲ་ཡང་བཀླག་གོ། །དེའི་ཕྱིར་ཡང་ཤི་བི་རྣམས་ཀྱི་རིགས་ལ་ཤཻ་བི་ཞེས་སོ། །ཨཉའི་ མཐའ་རྣམས་ནི། བཻ་ད། ཀོཏྶ་ཀཻ་ཀི་ཡ་ལ་སོགས་པ་རྣམས་སོ། །ཐམས་ཅད་དུ་བུད་མེད་ལ་ཤཱངྒ་ར་བཱི་ཞེས་པ་ལ་སོགས་པའི་གཟུགས་རིགས་པར་བྱའོ། །ཡུ་བ་ཏིའོ། །ཡུ་བན་ལས་བུད་མེད་ལ་ཏིའི་རྐྱེན་ཚིག་ཕྲད་དེ། ན་དབྱེ་བའང་ངོ་། །ཡུ་བ་ཏིཿ། དྲང་སྲོང་མིན་པས་ལྕི་བ་ཉེ་བ་ཕྱི་མ་ལས་བུ་རྒྱུད་ལ་ཨཎ་ ཨི་ཉ་ལས་ཡངའོ། །དྲང་སྲོང་མ་ཡིན་པ་བརྗོད་པ་ལས་ལྕི་བ་ཉེ་བ་ཕྱི་མ་ལས་བུ་རྒྱུད་ལ་ཨཎ་ཨིཉ་དག་དང་བུད་མེད་ལ་ཡང་ནུ་བསྒྱུར་བར་འགྱུར་ཏེ། ཀ་རིཥ་གནྡྷཱ། ཀཽ་མུ་ད་གནྡྷཱ། བཱ་རཱ་ཧཱ། ཕྱི་མ་སྒྲ་ཡང་འདིར་ཨ་ཙ་མང་པོ་དང་གསུམ་པ་སོགས་དང་དབྱངས་ལ་འཇུག་གོ། །ཉེ་བར་གྱུར་བའི་ཕྱི་མ་གང་ཡིན་པ་དེ་ཉེ་ བ་ཕྱི་མའོ། །ལྕི་བ་ཉེ་བ་ཕྱི་མ་གང་ཡིན་པ་དེ་ལྕི་བ་ཉེ་བ་ཕྱི་མའོ། །དྲང་སྲོང་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། བཱ་ཤིཥྛཱི། ལྕི་བ་ཉེ་བ་ཕྱི་མ་ལས་ཞེས་པ་ཅི་ཞེ་ན། ཨཽ་པ་ག་བཱི། བུ་རྒྱུད་ལ་ཞེས་པ་ཅི་ཞེ་ན། ཨ་ཧིཙྪ་ཏྲེ་བྷ་བཱ། ཨཱ་ཧཱིཙྪ་ཥྛཱི། ཨཎ་ཨིཉ་ལས་ཞེས་པ་ཅི་ཞེ་ན། ཨཱཏྟ་བྷཱ་གཱ། བིང་སོགས་ཉིད་ཀྱི་ཕྱིར་ ཨཉའོ། །རིགས་ལས་མི་ལས། རིགས་བཤད་པར་གྱུར་པའི་སྒྲ་ལ་བུ་རྒྱུད་ལ་བྱས་པ་དག་ལ་ཨཎ་ཨ་ཨིཉ་ལས་ཡང་འགྱུར་ཏེ། སཽ་ཎི་ཀྱཱ། མཽ་ཁཪྻ། པུ་ཎི་ཀ་དང་ཁར་དག་གི་རིགས་དེ་ཡང་པུ་ཎི་ཀ་དང་མུ་ཁ་རའི་རིགས་ཞེས་བྱ་བའོ། །དེས་ན་བུད་མེད་ལ་བུ་རྒྱུད་འཆད་པར་འདོད་པ་ལ་ཨིཉའོ། །དེ་ལ་ཡང་འདིས་ ཡང་སྟེ། ལྕི་བ་ཉེ་བ་ཕྱི་མའི་དོན་བརྗོད་པའོ། །ཀྲཽ་ཌི་ལ་སོགས་པ་རྣམས་སོ། །ཀཽ་ཌི་ཞེས་པ་དེ་ལྟ་བུ་ལ་སོགས་རྣམས་ལ་བུད་མེད་ལ་ཨཎ་ཨིཉ་ལས་ཡང་འགྱུར་ཏེ། ཀྲཽཌྷྱཱ། ལཱཌྷྱཱ། ལཱཌི། བྱཱ་ཌ། ཨཱ་པ་ཤ་ལི། ཨཱ་ཡཀྵ་ཏི། ཙཽ་བ་ཡཏ། ཙཻ་ཀ་ཡཏ། སཻ་ཀ་ཡཏ། ཙཻ་ལུ་བཏ། སཽ་དྷཱ་ཏ་ཀི། བྷཽ་རི་ཀི། བྷཽ་ལི་ཀི། ཤཱ་ལ་སྠཱ་ལི། ཀཱ་པིཥྛ་ལི། བྷོ་ཛ། སཱུ་ཏ་དག་ལས། ཀྵ་ཏྲི་ཡ་དང་ཡུ་བ་ཏི་དག་ལས་སོ། །བུད་མེད་ལ་ཡང་འགྱུར་ཏེ། བྷོ་ཛྱཀྵ་ཏྟྲི་ཡཱ། སུཏྱཱ་ཡུ་བ་ཏིཿ། དེ་བ་ཡཛྙིཿ། ཤཽཙིཔྲྀཀྵི། སཱཏྱ་མུ་གྲི། ཀཱཥྛེ་བིདྡྷི་རྣམས་ཀྱིས་ཡང་ནའོ། །བུད་མེད་ལ་ཡང་འགྱུར་ཏེ། དཻ་བ་ཡིཛྙཱེ། དཻ་བཛྱཱ། ཤཽ་ཙིབྲྀཀྵཱ། ཤཽ་ཙི་བྲྀཀྵྱཱ། སཱ་ཏྱ་མུ་གྲུ། ཀཱཎྛེ་བྲྀདྡྷཱི། ཀཱཎྛེ་བྲྀདྡྷཱ། ཞེས་པས་དྷཱུ་ཀཱི་རྟྟིའི་འཇལ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་གསུམ་པ་རྫོགས་སོ།། །།སྒྲུབ་པ་ཁྱད་པར་དུ་ བྱེད་པ་བསྡུ་བའི་མཐའོ། །བསྡུ་བའི་མཐའི་དབང་དུ་བྱས་ཏེ་འགྲོ་བ་ཕྱི་མ་གང་ཡིན་པ་དེ་ཁྱད་པར་བྱེད་པའི་ཚིག་ལས་འགྱུར་རོ་ཞེས་རིག་པར་བྱ་སྟེ། གཉིས་པ་ལ་སོགས་པའི་མཐའ་དང་པོ་ལ་སོགས་པའི་དོན་ལ་བརྡ་སྤྲོད་པའམ། རིག་བྱེད་ཀློག་པ་ནི། བེ་ཡཱ་ཀ་ར་ཎཿ། ཀུ་སུམྦྷས་བཙོས་པའི་གོས་ནི། ཀཽ་ སུམྦྷཿ། མིག་ལ་ཕན་པ་ནི། ཙ་ཀྵུཥྱིཾ། ཀུན་དུ་སྒྲོལ་བ་ལས་འོངས་པ་ནི། ཨཱ་ཏ་རི་ཀཿ། མཁས་པའི་བུ་ནི། དཱཀྵིཿ། དབྱར་སྐྱེས་པ་ནི། པྲཱ་པྲྀ་ཥིཀཿ། དང་པོའི་མཐའི་ལས་དང་པོའི་དོན། མི་ཤེས་པའི་རྟ་ནི། ཨ་ཤྭ་ཀཿ། འདིས་ཤྲུགྷྞར་བགྲོད་པ་ནི། ཤྲཽ་གྷྞཿ། ལམ་མོ། །འདིའི་ཆེད་དུ་བརྒྱ་བྱིན་པས་བརྒྱ་ འཕེལ་བ་ལ་སོགས་པ་ནི། ཤ་ཏི་ཀཿ། འདིས་ནྡྷུར་མངོན་པར་སྐྱེས་པ་ནི། སེནྡྷ་བཱཿ། པཽ་ཥཱི། ཟླ་བ་གང་གིས་ཟླ་བ་ཉ་བ་རྒྱལ་དང་བཅས་པ་ཞེས་པ་ལ་སོགས་པའོ། །དོན་སྨོས་པ་ལས་འདིར་ཁྱད་པར་ཡིན་པས་གང་གི་ཚེ་དང་པོའི་སོ་ཉིད་ཀྱི་དོན་གྱི་ཆོ་ག་ཡིན་པ་དེའི་ཚེའོ། །གལ་ཏེ་རང་བཞིན་དང་པོར་གྱུར་ པའི་ཁྱད་པར་སུ་སོགས་ཅན་ཡིན་པ་དེའི་ཚེ་མཚན་ཉིད་ཀྱང་ངོ་། །གང་གིས་རང་གི་དོན་གྱིས་བསྒྱུར་བ་དི་ཁྱད་པར་རོ། །ཡང་ན་གང་དང་ལྡན་པའི་རྐྱེན་གྱིས་སྒྲུབ་པ་བསྡུ་བའི་མཐའ་མ་གཏོགས་པ་དེ་ཐམས་ཅད་ཁྱད་པར་ཉིད་དུ་རྟོགས་པར་བྱའོ་ཞེས་འདི་ཡོངས་སུ་བཤད་པར་བྱའོ། །བསྡུ་བའི་མཐའ་སྨོས་པ་ ཡང་རང་གི་དོན་ཅན་ཉེ་བར་མཚོན་པའི་དོན་ཏོ། །ཚིག་གི་ཉེ་བའི་མཚན་མ་ཉིད་འདིར་དང་པོ་ལ་སོགས་པ་ལས་སོ། །ཚིག་ནི་སྭཱ་དི་ཀའོ། །དེ་ལ་དེ་ཕན་གྱི་རབ་ཏུ་བྱེད་པ་ལ་སོགས་པ་ལས་གསུམ་པ་དང་བདུན་པའི་ཉེ་བའི་མཚན་ཉིད་ཅན་དུ་རིག་པར་བྱའོ། །ཚོས་ལ་ཌཱ་ལས་ར་ག་ལས་ཨཎའོ། །ཚོས་མངོན་ པར་བརྗོད་པ་ལ་ཨཎ་འགྱུར་ཏེ། གང་གིས་དེ་བཙོས་པ་དེ་ལས་གསུམ་པའི་མཐའ་ལས་ངུར་སྨྲིག་གིས་བཙོས་པའི་གོས་ནི། ཀཱ་ཥཱ་ཡཾ། ཀཽདྐུ་མཾ། ཚོས་ལས་ཞེས་པ་ཅི་ཞེ་ན། དེ་བ་དཏྟེ་ན་རཀྟཾ་བ་སྟེཾ། ཅི་ལྟར་ཀཱཥཱ་ཡོ་གརྡྷ་བྷ་སྱ་ཀརྣཽ། ཧཱ་རི་དྲཽ་ཀུཀྐུཊ་སྱ་ཙ་ར་ཎོ་ཞེ་ན། དེའི་ཡོན་ཏན་ ལ་ལྷག་པར་སྒྲོ་བཏགས་པའི་ཕྱིར་རོ། །ཡང་ན་ཞེས་པ་རྗེས་སུ་འཇུག་པས་ན་ངག་ཐམས་ཅད་དུ་རྣམ་པར་བརྟག་པའོ། །ལཱཀྵཱ་དང་རོ་ཙ་ན་ཋ་ཀའོ། །ལཱཀྵཱ་དང་རོ་ཙ་ན་དག་ལས་དེས་བཙོས་པའི་དོན་ལ་ཋཀ་འགྱུར་ཏེ། ཨཉའི་དམིགས་བསལ་ལོ། །རྒྱ་སྐྱེགས་ཀྱིས་བཙོས་པ་ནི། ལཱ་ཀྵི་ཀཾ། དེ་བཞིན་ དུ། རཽ་ཙ་ནི་ཀཾ། །ཤ་ཀ་ལ། ཀརྡ་མ་ལས་ཡང་ནའོ། །ཤ་ཀ་ལ་ཀ་བརྡ་མ་དག་ལས་དེས་བཙོས་པའི་དོན་ལ་ཋ་ཀ་ཡང་ན་འགྱུར་ཏེ། ཤཱ་ཀ་ལི་ཀཾ་ཤཱ་ཀ་ལམ། ཀཱརད་མི་ཀཾ། ཀཱ་རྡ་མཾ། ནཱི་ལ་དང་པཱི་ཏ་ལས་ཨ་དག་གོ། །ཆོས་ལ་རིམ་པ་བཞིན་འགྱུར་ཏེ། རམས་ཀྱིས་བཙོས་པ་ནི། ནཱི་ལཾ་བསྟྲཾ། སེར་པོས་བཙོས་པ་ནི། པཱི་ཏ་ཀཾ། ཡོན་ཏན་བརྗོད་པ་ཉིད་ཀྱིས་གྲུབ་པ་ལ་བརྗོད་པ་ནི་ཨ་ཎའི་དམིགས་བསལ་གྱི་དོན་ཏོ། །རྒྱུ་སྐར་ལས་དེ་དང་ཟླ་བ་ལྡན་པས་མཚོན་པའི་དུས་ལའོ། །རྒྱུ་སྐར་བརྗོད་པའི་སྒྲ་ལས་དེ་དང་ཟླ་བ་ལྡན་པས་ཉེ་བར་མཚོན་པའི་དུས་ལ་ཨན་འགྱུར་ཏེ། རྒྱལ་དང་ཟླ་བ་ལྡན་པས་མཚོན་ པའི་མཚན་མོ་ནི། པཽ་ཥཱི། བཽ་ཥ་མ་ཧཱིཿ། ཏཻ་ཥཱི་རཱ་ཏྲིཿ། ཏཻ་ཥ་མ་ཧཿ། ཟླ་བ་དང་ལྡན་པས་ཞེས་པ་ཅི་ཞེ་ན། ཀྲྀཏྟ་ཀ་བིཪྻ་ཀྵི་ཏོ་མུ་ཧཱུརྟྟཿ། དུས་ལས་ཞེས་པ་ཅི་ཞེ་ན། རྒྱལ་དང་ཟླ་བ་ལྡན་པས་མཚོན་པའི་དོན་དུ་འགྲུབ་བོ། །ཁྱད་པར་མེད་པ་ལ་དབྱིའོ། །ཟླ་བ་དང་ལྡན་པའི་རྒྱུ་སྐར་ཉེ་བར་དམིགས་པའི་དུས་ ལ་བྱས་པའི་ཨན་ནི། དུས་མཚན་མོ་ལ་སོགས་པའི་ཁྱད་པར་མངོན་པར་མི་བརྗོད་པར་འགྱུར་ཏེ། ཨདྱ་པུ་ཥྱཿ། ཨདྱ་ཀྲྀཏྟི་ཀཱ། ཨ་དྱའི་སྒྲ་དབང་དུ་བྱེད་པ་གཙོ་བོ་ཉིད་ཀྱི་དབྱེ་བ་འཆད་པར་འདོད་པ་ལ་གཞི་མེད་པས་བདུན་པ་མི་འགྱུར་རོ། །ཤྲ་བ་ཎ་དང་ཨ་ཤྭཏྠ་ལས་མིང་ལའོ། །ཤྲ་བ་ཎ་དང་ཨ་ ཤྭཏྠ་དག་ལ་དེས་མཚོན་པའི་དུས་ལ་བྱས་པའི་ཨཎ་ནི་མིང་ལ་འཇིག་པར་འགྱུར་ཏེ། ཤྲ་བ་ཎཱི་རཱ་ཏྲིཿ། ཨ་ཤྭཏྠོ་མུཧཱུརྟྟ། མིང་ལ་ཞེས་པ་ཅི་ཞེ་ན། ཤྰྲ་བ་ཎཱི་རཱ་ཏྲིཿ། རང་གི་དོན་ལས་ཚའོ། །རྒྱུ་སྐར་ལ་དང་གི་དོན་ལས་དེ་དང་ཟླ་བ་ལྡན་པས་ཉེ་བར་མཚོན་པའི་དུས་ལ་ཚ་འགྱུར་ཏེ། རཱ་དྷཱ་ནུ་རཱ་དྷཱི་ཡཱ་རཱ་ཏྲིཿ། རཱ་དྷཱ་ ནུ་རཱ་དྷཱི་ཡ་མ་ཧཱ། ཏི་ཥྱ་པུ་ན་རྦ་ས་བཱ་ཡཱ་རཱ་ཏྲིཿ། ཏི་ཥྱ་པུ་ནརྦ་ཡ་མ་ཧཿ། ཨདྱ་རཱ་དྷཱ་ནུ་རཱ་བྷཱི་ཡ་ཞེས་པ་ཁྱད་པར་མེད་པ་ལ་མི་དབྱེ་སྟེ། དེ་ལ་ཨཎ་རབ་ཏུ་བྱས་པའི་ཕྱིར་རོ། །དྲྀཥྚ་ལ་སཱ་མན་ཨ་ཌི་ཏ་ཡང་ནའོ། །དྲྀ་ཥ་ལ་སྭཱ་མན་མངོན་པར་བརྗོད་པ་ལ་ཨཎ་འགྱུར་ཞིང་། གང་གིས་དྲྀཥྚ་ཡིན་པ་དེ་ལས་དེ་ཡང་ ཌི་ཏ་ཡང་ནའོ། །གནས་འཇོག་གིས་ལྟ་བ་ནི། སཱ་མ་བཱ་ཤིཥྛཾ། ཨཽ་ཤ་ནཾ། ཨཽ་ཤ་ན་སཾ། རིགས་ལས་དེ་འདི་བཞིན་ནོ། །རིགས་ཀྱི་མཐའ་ལས་དེ་འདིའི་དོན་བཞིན་དྲྀཥྚ་ལ་ཡངས་མཱན་གྱི་རྐྱེན་འགྱུར་ཏེ། ཉེ་བའི་བ་ལང་གིས་ལྟ་བ་ནི། སཱ་མ་ཨཽ་བ་ག་བརྐཾ། །ཀཱ་བ་ཊ་པ་ཀཾ། །གརྒའི་བུས་ལྟ་བ་ནི། སཱ་མ་གཱརྒཾ། མཁས་པའི་བུས་ལྟ་བ་ནི། སཱ་མ་དཱ་ཀྵཱཾ། ཀཽཔིཉྫ་ལ་ཡིས་ལྟ་བ་ནི། སཱ་མ་ཀཽ་པིཉྫ་ལཾ། གླང་པོའི་རྐང་པ་ཡིས་ལྟ་བ་ནི། སཱ་མ་ཧཱ་སྟི་བ་དཾ། ནམ་གྲུའི་བུས་ལྟ་བ་ནི། སཱ་མ་རེ་བ་ཏི་ཀཱ་ཡཾ། བཱ་མ་དེས་ལས་ཡཏའོ་འགྱུར་ཏེ། གཡོན་གྱི་ལྷ་ཡིས་ལྟ་བ་ནི། བཱ་མ་དེ་བྱཾ། པ་རི་བྲྀ་ཏ་ལ་ཤིང་རྟ་ལའོ། །མངོན་པར་བརྗོད་ པ་ལ་སྟེ་གང་གིས་འདིའི་སྟེང་གསོགས་པ་དེ་ལས་ཨཎ་འགྱུར་ཏེ། བཱསྟྲཿ། བཱསྟྲཿ། ཙཱ་རྨཎཿ། གཟིག་དང་སྟག་གི་པགས་པའི་རྣམ་འགྱུར་ནི། དྭཻ་པཿ། བཻཡཱགྷཱཿ། པ་རི་སནྟཱ་ཏ་བྲ་ཏ་ལས་པ་རི་བྲྀ་ཏ་དེས་ན་འདིར་མི་འགྱུར་ཏེ། བུ་རྣམས་ཀྱིས་ནི། པ་རི་བྲི་ག་ཏོར་ཐཿ། ཤིང་རྟ་ཞེས་པ་ཅི་ཞེ་ན། བསྟྲེ་ཎ་པ་རི་བྲྀ་ཏཿ། ཀཱ་ཡ་པཱུཎྜ་ ཀམྦ་ལ་ལས་ཨི་ནིའོ། །ཤིང་རྟ་ཡོངས་སུ་གཡོགས་པ་ལ་འགྱུར་ཏེ། ལ་བ་དཀར་པོས་ཡོངས་སུ་གཡོགས་པའི་ཤིང་རྟ་ནི། པཱཎྜུ་ཀམྦྷ་ལཱི་ཀོ་མཱ་རཱི་དང་པོ་ཉིད་ལའོ། །ཀཽ་མཱ་རི་ཞེས་པ་ནི་ཚིག་ཕྲད་དེ། སྐྱེས་པ་དང་སྦྱོར་བའི་དང་པོ་ཉིད་ནི་ཀཽ་མཱ་རཱི་སྟི་ཆུང་མའོ། །ཅི་ལྟར་ཀཽ་མཱ་ར་བྷརྟཱ་ཞེ་ན། གཞོན་ནུ་མ་སྲིད་པའམ་ གཞོན་ནུ་མའི་བདག་པོ་ཞེས་པ་ཁྱད་པར་ལས་ཨཎའོ། །སྣོད་ལས་ཕྱུང་བ་ལས་ངི་ལས་སོ། །ངི་ལས་ཞེས་པ་བདུན་པའི་མཐའ་ལས་སྣོད་ནས་ཕྱུང་བའི་དོན་བརྗོད་པ་ལ་ཨཎ་འགྱུར་ཏེ། ཁམ་ཕོར་ལས་བྱུང་བའི་ཟས་ནི། ཤཱ་རཱ་བཿ། མཱ་ལླ་ཀཿ། སྣོད་ལས་ཞེས་པ་ཅི་ཞེ་ན། ལག་པ་ནས་སྟོན་པའི་ཟས་ཞེས་སོ། ། ཟས་སྤྲོས་པ་ལ་ཕྱུང་བར་བརྗོད་དོ། །སྠཎྜི་མ་ལས་ཉལ་བའི་བརྟུལ་ཞུགས་ལའོ། །བརྟུལ་ཞུགས་ཀྱི་ཡུལ་ལ་ཐཎྜི་ལ་ལས་བདུན་པའི་མཐའ་ལས་ཉལ་བ་མངོན་པར་བརྗོད་པ་ལ་ཨན་འགྱུར་ཏེ། ཐང་ལ་ཉལ་བ་ནི། སྠཱཎྜ་ལཿ། དགེ་སློང་ངོ་། །བརྟུལ་ཞུགས་ལ་ཞེས་པ་ཅི་ཞེ་ན། སྠཎྜི་ལི་ཤེ་ཏེ། གཡོགས་པའོ། ། སཾ་བསྐྲི་ཏ་ལ་བྷཀྵ་ལའོ། །འདུས་བྱས་ཀྱི་དོན་ལ་བདུན་པའི་མཐའ་ལས་ཨཎ་འགྱུར་ཏེ། དེ་གལ་ཏེ་བཅོས་པའི་བཟའ་བ་ཡིན་ནའོ། །བྷཱཥྚེ་སཾ་སྐྲི་ཏཱ་བྷཱཥྚཱ་མོད་ཀཱཿ། བཟའ་བ་ཞེས་པ་ཅི་ཞེ་ན། ཕ་ལ་ཀེ་སཾ་སྐྲྀ་ཏཱ་མཱ་ལཱ། ཁ་ར་པི་ཥཱ་དཾ། ཁམ་གྱི་ཟས་ནི་བཟའ་བའོ། །ཤཱུ་ལ་དང་ཨུ་ ཁ་ལས་ཡ་ཏའོ། །བདུན་པའི་མཐའ་ལས་བཙོས་པའི་བཟའ་བའི་དོན་ལ་འགྱུར་ཏེ། མདུང་གིས་བཅོས་པ་ནི། ཤཱུལྱཿ ཤའོ། །ཨུ་ཁཱ་ལས་བཅོས་པ་ནི། ཨུ་ཁྱཾ། དདྷི་ལས་ཋཀའོ། །ད་དྷིའི་སྒྲ་བདུན་པའི་མཐའ་ལས་བཅོས་པའི་བཟའ་བའི་དོན་ལ་ཋཀ་འགྱུར་ཏེ། ཞོ་ལ་བཙོས་པའི་བཟའ་བ་ནི། དཱ་དྷི་ ཀཾ། དདྷི་ཀཱི་ཡཾ། ཞོ་ལ་བཙོས་པ་དང་། ཞོ་ཡིས་བཙོས་པ་ལ་ནི་དེ་ཞེས་པས་ཋཀ་འཆད་པར་འགྱུར་བས་གྲུབ་པ་ལ་བརྗོད་པ་ནི་ཨཎ་དགག་པའི་དོན་ཏོ། །གཞན་དུ་ནི་ཞོ་ཡིས་གཞན་གྱུར་པ་དང་དངོས་པོ་གཞན་གྱིས་བཅོས་པའི་དེ་ཡིས་མི་འགྲུབ་བོ་ཞེས་སྒྲུབ་པའི་དོན་དུ་རིག་གོ། །ཨུད་ཤྭི་ཏ་ལས་ ཡང་ནའོ་བདུན་པའི་མཐའ་ལས་བཅོས་པའི་བཟའ་བའི་དོན་ལ་ཋ་ཀ་ཡང་ན་འགྱུར་ཏེ། ཨཽད་ཤྭིཏྐཾ། ཨཽད་ཤྭིཏཾ། ཀྵཱི་ར་ལས་དྷཉའོ། །བདུན་པའི་མཐའ་ལས་བཅོས་པའི་བཟའ་བ་ལ་ཌྷཉ་འགྱུར་ཏེ། འོ་མ་ལས་བཙོས་པའི་བཟའ་བ་ནི། ཀྵཻ་རེ་ཡཾ། ཀྵཻ་རེ་ཡཱི། མིང་ལ་དེ་ཡིས་ཟླ་བ་ཉ་བ་ལའོ། །ཟླ་བ་ཉ་བ་བརྗོད་ པ་དང་པོའི་མཐའ་ལས་དེ་འདིར་ཟླ་བ་ཉ་བའི་དོན་བརྗོད་པ་ལ་ཨཎ་འགྱུར་ཏེ། པཽཥཱི། པཽརྞ་མཱ་སཱི། འདིར་པཽཥོ་མཱ་སཿཔོ་ཥོ་རྡྷརྨཱ་སཿ། པཽ་ཥ་སམྦཏྶ་རཿ། དེ་བཞིན་དུ་མགྷཿ། མིང་ལ་ཞེས་པ་ཅི་ཞེ་ན། པཽརྞ་མཱ་སཱི། འདིར་ད་ཤྭ་རཱ་ཏྲེ། ཡང་ན་བྷུ་ཏ་ཀ་མཱ་སྟེ། ཟླ་བ་ཉ་ལ་ཞེས་པ་ཅི་ཞེ་ན། པཽཥཱི། འདིར་ཟླ་བ་ལ་ཚེས་ འདི་ལ་ཉ་གང་བ་ནི་ཕཽཎྞ་མཱ་སཱི། དེ་ཉིད་ཀྱི་ཕྱིར་ཚིག་ཕྲད་ལས་ཨཎའོ། །ཨ་གྲ་ཧཱ་ཡ་ཎི་ཨ་ཤྭཏྠ་ལས་ཋཀའོ། །དེ་འདི་པཽརྞ་མཱ་སཱི་ཞེས་པའི་དོན་འདི་ལ་འགྱུར་ཏེ། ཨ་གྲ་ཧཱ་ཡ་ཎི་ཀོ་མཱ་སཿཨཱ་ཤྭཏྠི་ཀཿཨ་ཤྭཏྠ་ནི་རྒྱུ་སྐར་ཟླ་བ་དང་ལྡན་པས་མཚོན་པའི་ཟླ་བ་ཉ་བ་ལ་ཨ་ཤྭཏྠའི་སྒྲ་བརྗོད་དོ། །ཕཱལྒུ་ནཱི། ཤྲ་བ་ཎཱ། ཀཱརྟི་ཀཱི་ཙཻ་ཏྲཱི་རྣམས་ཡང་ནའོ། །དེ་འདིའི་ཟླ་བ་ཉ་བ་ཞེས་པ་འདིའི་དོན་ལ་ཋཀ་ཡང་ན་འགྱུར་ཏེ། དབོ་ཅན་གྱི་ཟླ་བ་ནི་ཕཱལ་གུ་ནཿ། གྲོ་བཞིན་ཅན་གྱི་ཟླ་བ་ནི་ཀཱརྟྟི་ཀཿ། ནག་པ་ཅན་གྱི་ཟླ་བ་ནི་ཙཻ་ཏྲཿ། འདིའི་ལྷ་ཡིན་པ་ལས་སོ། །ལྷ་བརྗོད་པ་དང་པོའི་མཐའ་ལས་དེ་འདིའི་ཞེས་པའི་དོན་ལ་ཨཎ་འགྱུར་ཏེ། འདིའི་ལྷ་དབང་པོ་ཡིན་པ་ནི། ཨཻནྡྲཾ་ཧ་བིཿ། བཽདྡྷོ་མནྟྲཿ། ཡཱ་གེ་སཾ་པྲ་དཱ་ནཾ། སྔགས་ཀྱིས་བསྟོད་པ་ཡང་སྟེ། དེ་བ་ཏཱ་མཱ་ཧུཿ། ཀའི་ཨི་ཏའོ། །ལྷ་བརྗོད་པའི་ཨཎ་ཨི་ཉིད་དུ་འགྱུར་ཏེ། ཀོ་དེ་བ་ཏཱ྅སྱ། ཀཱ་ཡང་ཧ་བི། སྐྱེ་དགུའི་བདག་པོའི་བུ་ཞེས་པའི་དོན་ཏོ། །ཤུ་ཀྲ་ལས་གྷནའོ། །དེ་འདིའི་ལྷ་ཞེས་པ་འདིའི་དོན་ལ་ འགྱུར་ཏེ། ཙུཀྲི་ཡཾ་ན་བིཿ ཤུ་ཀྲི་ཡོ྅དྷྱཱ་ཡཿབེདྒཱ་ཀྵི་པུཏྲ་སོགས་ལས་ཚའོ། །དེ་འདིའི་ལྷ་ཞེས་པ་འདིའི་དོན་ལ་འགྱུར་ཏེ། སེང་གེའི་པུ་ཏྲཱི་ཡཾ། ཤ་ཏ་རུ་དྲ་ལས་གྷའང་ངོ་། །ཤ་ཏ་རུ་དྲའི་སྒྲ་ལས་འདིའི་ལྷ་ཞེས་པ་འདིའི་དོན་ལ་ཚ་འགྱུར་ཞིང་གྷ་ཡང་ངོ་། །འདིའི་ལྷ་ཏ་རུ་དྲ་ཡིན་པ་ནི། ཤ་ཏ་རུ་དྲཱི་ཡམ། ཤ་ཏ་རུ་ དྲི་ཡཾ། ཨཱཔནྣ། པཱ་ད། ཨ་ཡོ་ན། བཱ་ཏ་ལས་སོ་ཏིའི་ཏྲིའི་འང་ངོ་། །དེ་འདིའི་ལྷ་ཞེས་པ་འདིའི་དོན་ལ་གྷ་དང་ཚ་དག་འགྱུར་ཞིང་དེ་དག་སྦྱོར་བ་ན། ཊའི་ཏྲི་རུ་བསྒྱུར་བ་ཡང་ངོ་། །འདིའི་ལྷ་ཨ་པཱནྣ་པཱ་ཏ་ཡིན་པ་ནི། ཨཱ་པནྣཔྟྲི་ཡང་། ཨ་པཱནྣཔྟྲི་ཡཾ། ཨ་པོ་ནཔྟྲི་ཡཾ། མཧེནྡྲ་ལས་ཡང་ནའོ། །དེ་འདིའི་ལྷ་ཞེས་ པ་འདིའི་དོན་ལ་གྷ་དང་ཚ་དག་ཡང་ན་འགྱུར་ཏེ། འདིའི་ལྷ་དབང་ཆེན་ཡིན་པ་ནི། མ་ཧེནྡྲི་ཡཾ། མ་ཧིནྡྲི་ཡཾ། མཱ་ཧེནྡྲཾ། སོམ་ལས་ཏྱཎའོ། །སོ་མའི་སྒྲ་ལས་དེ་འདིའི་དོན་ལ་ཏྱན་འགྱུར་ཏེ། འདིའི་ལྷ་ཟླ་བ་ཡིན་པ་ནི། སཽ་མྱཾ་ཧ་བྷིཿ། སཽ་མཱི་རུ་ཀ། ཧལ་ལས་དེ་ཕན་ལ་ཞེས་པ་ཡང་དབྱིའོ། །རྀ་ཏུ་པི་ཏྲྀ། བཱ་ ཡུ། ཨུ་ཥ་ས་ལས་ཡ་ཏའོ། །འདི་རྣམས་ལས་འདིའི་ལྷ་ཞེས་པའི་དོན་འདི་ལ་ཡིད་འགྱུར་ཏེ། འདིའི་ལྷ་དུས་ཡིན་པ་དེ་ནི། རྀ་ཏ་བྱཾ། པི་ཏྱཾ་ཏ་ལས་རཱིང་ཞེས་པ་རཱིང་འོ། །བཱའི་མཐའ་ཡང་རྐྱེན་ནོ་ཞེས་པས་ཨ་པར་བསྒྱུར་རོ། །ཨུཥ་སྱཾ། དྱ་པཱ་པྲྀ་ཐི་བཱི། ཤུ་ནཱ་ཤཱི་ར། མ་རུ་ཏྲང་། ཨགྣི་སོམ་ བསྟཽཥྤ་ཏི། གྲ་ཧི་མེ་དྷ་ལས་ཚའང་ངོ་། །དྱ་བཱ་པྲྀ་ཐི་བཱི་སོགས་རྣམས་ལས་དེ་འདིའི་ལྷ་ཞེས་པ་འདིའི་དོན་ལ་ཚ་འགྱུར་ཏེ། ཡཏ་ཡང་ངོ་། །འདིའི་ལྷ་དྱཱ་བཱ་པྲྀ་ཐི་བཱི་ཡིན་པ་ནི། དྱཱ་བཱ་པྲྀ་ཐི་བཱི་ཡཾ། དྱཱ་བཱ་པྲྀ་ཐི་བྱཾ། ཤུ་ནོ་བཱ་ཡུཿ། ཤཱི་རོ་བྷཱ་ནུཿ། འདིའི་ལྷ་དེ་དག་ཡིན་པ་ནི། ཤུ་ནཱ་ཤཱིཪྻ། མ་རུ་ཏྲ་ཏཱ་ཡཾ། མ་རུ་ཏྭ་ཏྱཾ། ཨགྣི་ཥོ་མཱི་ཡཾ། ཨགྣི་ཥོ་མྱཾ། བཱ་སྟོཥྤ་ཏིཿ། འདི་ཚིག་ཕྲད་ཉིད་ཀྱི་ཕྱིར་དྲུག་པ་མི་འཇིག་གོ། །ནུ་མ་མེད་པ་དང་ཡོད་པ་ཡང་ངོ་། བཱསྟོཥྤྲ་ཏཱི་ཡཾ། བཱསྟོཥྤ་ཏྱཾ། གྲྀ་ཧ་མེ་དྷཱི་ཡཾ། གྲྀ་ཧ་མེ་དྷྱཾ། དུས་རྣམས་ལ་སྲིད་པ་བཞིན་ནོ། །དུས་བརྗོད་རྣམས་ལ་ཇི་ལྟར་སྲིད་པ་བཞིན་དེ་ཕན་ལ་གང་བྱས་ པ་དེ་ལྟར་དེ་དང་འདིའི་ལྷ་ཞེས་པ་འདིའི་དོན་ལའང་འགྱུར་ཏེ། དཔེར་ན། མཱ་སེ་བྷ་བཾ་མཱ་སི་ཀཾ། སཱམྦཏྶ་རི་ཀཾ་ཧེ་མནྟི་ཀཾ་ཧེ་མ་ནཾ་པྲི་བྲྀ་ཥེ་ཎྱ། དེ་བཞིན་དུ་ཟླ་བ་འདིའི་ལྷ་ཡིན་པ་ནི་མ་སི་ཀཾ་ཞེས་པ་ལ་སོགས་པའོ། །མ་ཧཱ་རཱ་ཛ་པྲོཥྛ་པ་དཱ་དག་ལ་ཋཉའོ། །འདི་དག་ལ་དེ་འདིའི་དོན་ལྷ་ཞེས་པའི་ དོན་ལ་ཋཉ་འགྱུར་ཏེ། འདིའི་ལྷ་རྒྱལ་པོ་ཆེན་པོ་ཡིན་པ་ནི། མ་ཧཱ་རཱ་ཛི་ཀཾ ། མ་ཧཱ་རཱ་ཛི་ཀི། །པཽཥྛ་པ་དི་ཀཱི །དང་པོའི་སྡེ་བ་སྦྱོར་གྱི་ཚིགས་བཅད་ལའོ། །སྡེབ་སྦྱོར་གྱི་དང་པོའི་མཐའ་ལ་ཚིགས་བཅད་མངོན་པར་བརྗོད་པ་ལ་དང་པོའི་ཞེས་པ་འདིའི་དོན་ལ་ཨ་འགྱུར་ཏེ། རྗེས་བསྔགས་ལ་སོགས་པ་འདིའི་ ཚིགས་བཅད་ནི། ཨ་ནུཥྚུ་བྷཿ པཱཾ་ཀྟཿཛཱ་ག་ཏཿ དང་པོའི་ཞེས་པ་ཅི་ཞེ་ན། བར་མ་ལས་མི་འགྱུར་རོ། །སྡེབ་སྦྱོར་ལས་ཅི་ཞེ་ན། རྐྱང་བ་ལ་མི་འགྱུར་བའོ། །དང་པོའི་ཞེས་པ་ཅི་ཞེ་ན། རྗེས་སུ་བརྗོད་པ་ལ་མི་འགྱུར་རོ། །དང་པོའི་ཚིགས་བཅད་ནི་སྔགས་ཀྱི་ཁྱད་པར་བརྗོད་པའོ། །གང་དུ་གཉིས་དང་ དེ་དང་གསུམ་བཞིན་དུ་ཕུལ་དུ་བྱུང་བས་རྗོད་པར་བྱེད་པས་དང་པོའི་ཚིགས་བཅད་དེ། ཨུན་སོགས་ཅན་གྱི་རྐྱེན་གྱི་མཐར་གནས་སོ། །གཡུལ་གྱི་འཐབ་མོ་ལ་རབ་ཏུ་སྦྱོར་བ་ལས་སོ། །འཐབ་མོ་བརྗོད་པ་དང་རབ་ཏུ་སྦྱོར་བ་བརྗོད་པ་དང་པོའི་མཐའ་ལས་དྲུག་པའི་དོན་ལ་མངོན་པར་བརྗོད་པ་ལས་ ཨན་འགྱུར་ཏེ། འདིའི་གཡུལ་ཀུན་ནས་བདུན་པའི་ཚོགས་ཀྱི་སྒོ་ནི་སཱཾ་སསྟི་ཀཿདཻ་བཱ་སུ་རཿཨཱ་ཧི་མཱ་ལཿབྷ་ར་ཏཿསཽ་མེ་ཏྲཿའདིའི་གཡུལ་ཤིན་ཏུ་བཟང་པོའི་སྦྱོར་བ་ནི། སཽ་བྷ་དྲཿ། སཱཾ་ཀུནྟ་ལཿ། སཻ་ཏཿབྷ་ས་བ་དཏྟཿ། འཐབ་པ་ལས་སྦྱོར་བ་ལས་ཞེས་པ་ཅི་ཞེ་ན། འདིའི་གཡུལ་གྱི་ཟླ་བ་ནི་མཱ་སཿ། གཡུལ་ལས་ཞེས་པ་ཅི་ཞེ་ན། རབ་ཏུ་སྦྱོར་བ་འདིའི་སྒྲ་ནི། སུ་བྷ་དྲཱ། མཚོན་ཆ་ལས་འདི་ལ་རྩེ་བ་ལ་ཎའོ། །མཚོན་ཆ་བརྗོད་པ་ལས་འདི་ལ་རྩེ་བ་ཞེས་པ་འདིའི་དོན་ལ་ཎ་འགྱུར་ཏེ། འདི་མཚོན་ཆ་དབྱུག་པ་ལ་རྩེ་བ་ནི། དཱཎྵཱ། མོཥྚཱ། ཀཽ་སུ་མཱ། པདྐ་ཛཱ། མཚོན་ཆ་ལས་ ཞེས་པ་ཅི་ཞེ་ན། འདི་ཕྲེང་བ་དང་། རྒྱན་ལ་རྩེ་བ་ལ་མ་ཡིན་པའོ། །རྩེ་བ་ལ་ཞེས་པ་ཅི་ཞེ་ན། དམག་དཔོན་འདིའི་མཚོན་ཆ་རལ་གྲི་ཞེས་པ་ནི། པྲ་ཧ་རནྟི། དེས་ན་ཞེས་པ་མཚོན་ཆའི་ལག་ལ་སོགས་པའོ། །མཚོན་ཆ་མ་ཡིན་པ་ལ་རྩེ་བ་ལ་འདི་མི་སྲིད་པའི་ཕྱིར་རོ། །དངོས་པོ་ལ་ གྷཉ་ལས། དངོས་པོ་གྷཉའི་མཐའ་དང་པོའི་མཐའ་ལས་འདིའི་ཞེས་པ་བདུན་པའི་དོན་ལ་ཎ་འགྱུར་ཏེ། ཁྲ་ལྷུང་བ་འདི་ལ་ཞུགས་པ་ན། ཤྱཻ་ནཾ་པཱ་ཏཱ། ཏེ་ལཾ་པཱ་ཏཱ། ཀྲཱྀ་ཌཱ། ཁྲག་ཏིལ་དག་ལ་ལྷུང་བ་ལ་ཎ་ལས་ཞེས་པས་མུ་མ་ཨཱ་ག་མའོ། །དངོས་པོ་ལ་ཞེས་པ་ཅི་ཞེས་ན། འདི་ཡིད་དང་བ་ནི་པྲཱ་སཱ་ དང་། དེ་འདིའི་གྲོང་ཁྱེར་རོ། །གྷཉ་ལས་ཞེས་པ་ཅི་ཞེ་ན། ཤྱེ་ན་པ་ཏ་ན་མ་སྱཱཾ་བརྟྟ་རེ། བརྩེ་བ་ལ་ཞེས་པ་ལྡོག་པ་ཐུན་མོང་བ་ཉིད་ཀྱི་སྒྲུབ་པའོ། །དེས་ན་དཱཎྜ་པཱ་ཏ། ཨཱ་ཏི་ཐིཿམཽཥ་ལ་བཱ་ཏཱ་མིཿ ཞེས་པ་ལ་སོགས་པ་འགྲུབ་བོ། །གང་རིག་བྱེད་ཀློག་པ་ལ་ཡང་ནའོ། །དེ་ལས་གཉིས་པའི་ མཐའ་ལས་ཨཎ་འགྱུར་ཏེ། སྡེབ་སྦྱོར་རམ་རིག་བྱེད་ཀློག་པ་ནི། བཻ་དཿ། ཙྪནྡ་སཿ། བཻ་ཡཱཀཎཱཿ། ཛྱཽ་ཏི་ཥཿ། ནཻ་མིནཏྟཿ། ཡང་ན་སྨོས་པ་ནི་འདི་དག་སོ་སོར་སྒྲུབ་པའི་དོན་དུ་རབ་ཏུ་སྒྲུབ་པ་ཉེ་བར་གཟུང་བའི་དོན་དུ་ཡང་ངོ་། །ཀྲ་ཏུ་ཨཀྠ་སོགས་རྣམས་ལས་ཋཀའོ། །ཨུཀྠ་སོགས་རྣམས་ ལས་མཆོད་སྦྱིན་བརྗོད་པ་དང་རིག་བྱེད་ཀློག་པའི་དོན་ལ་ཋཀ་འགྱུར་ཏེ། ཨཎ་གྱི་དམིགས་བསལ་ལ། མཆོད་སྦྱིན་ལས་ནི། མེའི་མཆོད་སྦྱིན་ནམ། རིག་བྱེད་པ་བཀླགས་པ་ནི། ཨཱགྣིཥྚོ་མི་ཀཿ། བཱ་ཛཱ་པ་ཡི་ཀཿ། དེའི་ཆེད་དུ་དེ་མངོན་པར་བརྗོད་པའི་གཞུང་ལ་དེའི་སྒྲས་བརྗོད་དེ། གཞན་ དུ་རིག་བྱེད་ཀློག་པ་དག་དང་མི་འགྱུར་ཞེ་ན། ཡང་ན་སྨོས་པས་རབ་ཏུ་གྲུབ་པ་ཉེ་བར་གཟུང་བའི་དོན་གྱི་ཕྱིར་རོ། །དེ་བཞིན་དུ་ཡཱ་ཛྙིཀ །མདྷཱི་ཏི། ཨུཀྠཱ་ལོ་ཀཱ་ཡ་ཏ། ནྱཱ་ཡ་ནྱཱ་ས་པུ་ན་རུཀྟ། ཡཛྙ། ཙརྩཱ། ཀྲ་མེཏ་ར། ཤཱཀྵྞ། སཾ་ཧི་ཊཱ། པད་ཀྲ་མ་སཾ་གྷཱ་ཊ། བྲྀཏྟི་སཾ་གྲ་ཧ། ག་ཎ་ཨཱ་ཡུརྦེད། དྭི་པ་དཱ། ཛྱོ་ཏི་ཥ་ཨ་ནུ་པ་ད། ཨ་ནུ་སཱུ། ཨཱ་ནུ་སུ་ཀ་ལཀྵྱ་ལཀྵྞ། བ་སནྟ། བཪྵ། ཤ་ར་ཏ། ཧེ་མནྟ། ཤི་ཤིར། པྲ་ཐ་མ། ཙ་ར་མ། གུ་ན། ཨ་ནུ་ག་ན། ཨ་ཏི་ཧཱ་ས། པུ་རཱ་ཎ། ཨ་ཐརྦན། ཨ་ཐརྦཎ། སྲིད་སྲུང་ཀློག་པ་ལ་ཨ་ཐརྦ་ཎི་ཀཿ། དཱཎྜ་ནཱ་ཡན་ལ་སོགས་པའི་མདོ་ས་ཊི་དབྱི་བ་མེད་ དོ། །སྲིད་སྲུང་གིས་བརྗོད་པ་དང་སྲིད་སྲུང་ཀློག་པ་ནི་ཨཱ་ཐརྦཎི་ཀཿ། བཀླགས་པའི་ཤུགས་ལས་རབ་ཏུ་བརྗོད་པ་རྗེས་སུ་འཇིག་གོ། །བ་སནྟ་ལ་སོགས་པ་དང་ལྷན་ཅིག་སྤྱོད་པའི་གཞུང་རྣམས་ལ་བ་ས་མནྟ་ལ་སོགས་པའི་སྒྲ་བཀླག་པ་དང་། འབྲེལ་པར་བལྟ་བར་བྱའོ། །དབྱིབས་ཀྱི་ཚོགས་འདིའོ། ། དེས་ཤཱ་བྷ་ཀ །ཏཱརྐ་ཀི་ཏྲཱནྟྲི་ཀ །སཽ་ཏྲཱནྟྲི་ཀ །ལ་སོགས་པ་ཡང་བལྟ་བར་བྱའོ། །རྟོག་པ་མིན་པའི་མཚན་ཉིད་ལས་རྟོག་པའི་མདོ་རྣམས་ལས་སོ། །བཀླག་པ་ལས་ཋཀ་འགྱུར་ཏེ། རྟའི་མཚན་ཉིད་དམ་རིག་བྱེད་ཀློག་པ་ནི། ཨཱ་ཤྭ་ལཀྵ་ཎི་ཀཿ། མཱ་ཏྲི་ཀལྤི་ཀཿ། ཨཱ་ཙཱ་ར་ཀལྤི་ཀཿ། དྷརྨ་སཱུ་ཏི་ཀཿ། བཱརྟྟཱི་སཱུ་ཏྲི་ཀཿ། རྟོག་པ་མིན་པ་ཞེས་པ་ཅི་ཞེ་ན། ཀལྤ་སཱུ་ཏྲཿ། ཏྲི་ཨངྒ་ཀྵ་ཏྲདྷརྨ་མིན་པ་ལས་རིགས་པ་ལས་སོ། །ཏྲི་ཨངྒ་ཀྵ་ཏྲ་དྷརྨ་རྣམས་བོར་བ་ལ་རིགས་པ་ཀློག་པ་ལས་ཋཀ་འགྱུར་ཏེ། བཱ་ཡ་ས་བིདྱི་ཀཿ། སཱརྦྦི་བ་དྱི་ཀཿ ཏྲྀ་ཨངྒ་ཀྵཏྟྲི་དྷརྨ་མ་ ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཏྲཻ་བ་དྱིཿ། ཨཱངྒ་བདྱིཿ། ཀྵཱ་ཏྲ་བདྱིཿ། ཀྵ་ཏྲ་དྷཱརྨ་བདྱིཿ། ཨཱ་ཁྱཱ་ན་དང་ཨཱ་ཁྱཱ་ཡི་ཀའི་དོ་ལས་སོ། །ཨཱ་ཁྱཱ་ནཾ་ནི་འབྲེལ་པའི་རྟོག་པ་སྟེ་ཉེ་བར་དམིགས་པའི་དོན་ཏོ། །ཨཱ་ཁྱཱ་ཡི་ཀཱ་ནཱི་དེའི་ཆེད་དེ། དེ་རྣམས་ལམ་ཋཀ་འགྱུར་ཏེ། ཡ་བཀྲི་ཏིཀཿ་བཱ་ས་བ་དརྟ་ཀཿ སཽ་མ་ནོརྟ་རི་ཀཿ། ཥཥྛ། ཤརྟ་ལས་པ་ཐ་ལ་ཋཊའོ། །ཀློག་པ་ལས་འགྱུར་ཏེ། དྲུག་ཅུའི་རིག་བྱེད་ཀློག་པ་ནི། ཥཥྚི་པྲ་ཐ་ཀཿཥཥྚི་པ་ཐི་ཀཱི ཤ་ཏ་པ་ཐི་ཀཿ ཤ་ཏ་པ་ཀཿ ཤ་ཏ་པ་ཐ་ཀཱིཿ ཀྲ་མ་སོགས་རྣམས་ལས་བུ་ནའོ། །ཀློག་པ་ལས་འགྱུར་ཏེ། རིམ་པ་འམ་རིག་བྱེད་ཀློག་པ་ནི། ཀྲ་མ་ཀཿ། པ་ད་ཀཿ། ཀྲ་མ་ པད་ཤཀྵི་མཱི་མཱནྶཱ་སཱ་མན་ཨ་ནུ་བྲཱཧྨ་ཎ་ལ་སོགས་པ་རྣམས་སོ། །ཀློག་པ་ལས་འགྱུར་ཏེ། བྲམ་ཟེ་དང་འདྲ་བའི་གཞུང་ནི་ཨ་ནུ་བྷྲཱཧྨ་ཎཾ་དེའམ་རིག་བྱེད་ཀློག་པ་ནི་ཨ་ནུ་བྲཱཧྨ་ཎི། ཨ་ནུ་བྲཱཧྨ་ཎཱི་ནཽ། ཚིག་ཕྱི་མའི་ཚིག་ལས་ཋ་ནའོ། །ཀློག་པ་ལས་འགྱུར་ཏེ། ཚིག་ཕྱི་མའི་ཚིག་གཞུང་ངམ། རིག་བྱེད་ཀློག་པ་ནི། བ་དཏྟོ་ ར་པ་དི་ཀཿ། སརྦ་དང་སོགས་པ་ལས་གཉིས་པ་བརྗོད་པ་ལས་འཇིག་གོ། །སརྦ་དང་ས་སོགས་ཚིག་ལས་གཉིས་པ་བརྗོད་པའི་དོན་ལ་གང་དེ་ཕན་ལ་བྱས་པ་དེའི་མཐའ་ལས་རིག་བྱེད་ཀློག་པའི་བྱེད་པ་པོ་ལ་བྱུང་བའི་རྐྱེན་འཇིག་པར་འགྱུར་ཏེ། ལྷ་ཐམས་ཅད་དམ་རིག་བྱེད་ཀློག་པ་ནི། སརྦ་དེ་བཿ། སརྦ་ཏནྟཿ། ས་བཱ་རྟིཀཿ། བརྗོད་པའི་དོན་རྒྱས་པ་དང་བསྡུས་པ་བཟུང་བ་འདི་ཡིས་སོ་ཞེས་བསྡུའོ། །དེས་ན་ལྷན་ཅིག་གནས་ཞེས་པ། ས་སཾ་གྲ་ཧཿ། དེ་འམ་རིག་བྱེད་ཀློག་པ་ནི་ས་སཾ་གྲ་ཧཿ། བ་གཉིས་པ་ནི་རིག་བྱེད་གསུམ་མམ་རིག་བྱེད་ཀློག་པ་ནི་ཏྲེ་བེ་དཿ། པཉྩ་བྲཱ་ཧྨ་ཎཿ། བརྗོད་པ་ལས་ནི། པཱ་ཎི་ནི་ཡིས་བརྗོད་པ་ནི། པཱ་ཎི་ནཱི་ཡཾ། རཱ་ཛ་ཤྲཱི་རི་ཡཾ། སཱ་དྷུ་ཀཱིརྟཱི་ཡཾ། དེའི་རིག་བྱེད་ཀློག་པ་ནི། པཎི་ནཱི་ཡཿ། རཱ་ཛ་ཤྲཱི་ཡཿ། སཱ་དྷུ་ཀཱི་རྟཱི་ཡ་སཱུ་ཏྲ་ལས་སཾ་ཁྱཱ་ཀཱ་ལས་སོ། །གྲངས་ལས་གང་བྱས་པ་དེའི་མཐའ་ལས་མདོ་བརྗོད་པ་ལས་བྱུང་བའི་རྐྱེན་ནི་རིག་བྱེད་ཀློག་པའི་བྱེད་པ་པོ་ལ་འཇིག་ པར་འགྱུར་ཏེ། འདིའི་ཚད་སྐབས་བརྒྱད་ཡིན་པ་ནི། ཨཥྚ་ཀཾ་པཱ་ནི་ནཱ་ཡཾ་སཱུ་ཏྲཾཿ། དེ་འམ་རིག་བྱེད་ཀློག་པ་ནི། ཨཥྚ་ཀཱཿ། པཱ་ཎི་ནཱི་ཡཱཿ། སཔྟ་རཱ་ཛ་ཤྲཱི་ཡཱཿ། ཏྲེཀ་ཀཱ་ཤ་ཀྲྀཏྶྣཱཿ། མདོ་ལས་ཞེས་པ་ཅི་ཞེ་ན། གསུམ་པ་ཀློག་པ་ནི། ཏྲཻ་ཀཿ གྲངས་ཀྱི་ཁྱད་པར་ཞེས་པ་ཅི་ཞེས་ན། མཱ་དྷྱ་མ་ཀཿ། ཀཱ་ལཱ་ བ་ཀཿ། ཀ་ལས་ཞེས་པ་ཅི་ཞེ་ན། བཞི་པའི་རིག་བྱེད་ཀློག་པ་ནི། ཙཱ་རུཥྚ་ཡཿ། ངས་ལས་ཚོགས་པ་ལའོ། །ཚོགས་པ་མངོན་པར་བརྗོད་པ་ལས་གང་དྲུག་པའི་མཐའ་ལས་རྟག་ཏུ་ཨཎ་འགྱུར་ཏེ། བྱ་རོག་རྣམས་ཀྱི་ཚོགས་ནི། ཀཱ་ཀི་ཀཽ་ཀཾ་བྷིཀྵ་སོགས་རྣམས་ལས་སོ། །དྲུག་ པའི་མཐའ་ལས་ཚོགས་པའི་དོན་ལ་ཨཎ་འགྱུར་ཏེ། ཋཀ་གི་དམིགས་བསལ་ལོ། །བྷཻཀྵཾ་ཀྵཻ་ཏྲཾ་བྷིཀྵཱ་ཀྵེ་ཏྲ། ཀེ་ར་ཥ། ཨཾ་གཱ་ར། ས་ཧ་ས། བ་དྷ་ཏི། དཀྵི་ཎ། བ་ཌ་བཱ། ཨ་ཧ་ན། ཧ་ལ། བནྡྷ། བ་ར་ཏྲཱ་ཤུ་ཀ་ཨུ་ལཱུ་ཀ་བྷིཀྵུ་ཀ་ཤྭ་ན། ཡུ་བ་ཏི། བརྦྷི་ཎི། བཀླགས་པའི་ནུས་པ་ ལས་འདི་དག་དེ་ཕན་ལས་ཞེས་པས་སྐྱེས་པ་བཞིན་གྱི་དངོས་པོ་མེད་དོ། །ཡཽ་བ་ཏཾ། གཱརྦྷི་ཎཾ། སྐྱེས་པ་བཞིན་གྱི་དངོས་པོ་ལས་ཡོ་བ་ནཾ་ཞེས་པ་བྷཱ་གའི་འགྲེལ་པའོ། །ཀྵུ་དྲ་ཀ་མཱ་ལ་བ་ལས་སྡེའི་མིང་ལའོ། །ཨཎ་འགྱུར་ཏེ། ཀྵཽ་དྲ་ཀ་མཱ་མ་བཱི། སྡེའོ། །གཞན་ལ། ཀྵུ་དྲ་ཀ་མཱ་ལ་བ་རྣམས་ ཀྱི་ཚོགས་པ་ནི། ཀྲོ་དྲ་ཀ་མཱ་ལ་བཾཿ གོ་ཏྲ། ཨུཀྵཿ ཨུཥྚཿ ཨུ་ར་བྷྲ། རཱ་ཛ། རཱ་ཛ་པུ་ཏྲ་བཏྶ་བྲྀདྡྷ། ཨ་ཛ་ལས་བུཉའོ། །བུ་རྒྱུད་ལ་གང་བྱས་པ་དེའི་མཐའ་ལས་ཨུཀྵ་སོགས་རྣམས་ལས་ཀྱང་ཚོགས་པ་བུཉ་འགྱུར་ཏེ། ཨཽ་བ་ག་བ་ཀཾཿ རཱ་ཛ་ནྱ་ཀཾ་མཱ་ནུཥྱ་ཀཾཿ ཨཽཀྵ་ཀཾཿ ཨཽཥྚྲ་ཀཾཿ ཨཽར་ བྷ་ཀཾ་རཱ་ཛ་ཀཾཿ རཱ་ཛ་པུ་ཏྲ་ཀཾཿ བཱརས་ཀཾཿ བཱརྡྷ་ཀཾཿ ཨཱ་ཛ་ཀཾཿ ཀེ་ད་ར་ལས་ཡཉ་འོང་ངོ་། །ཚོགས་པ་ལས་འགྱུར་ཏེ། འང་ཡིག་ལས་བུཉ་འང་ངོ་། །ཀཻ་དཱཪྻཾ། ཀེ་དཱར་ཀཾཿ ཀ་བ་ཙི་ན་ལས་ཀྱང་ཋཀའོ། །ཚོགས་པ་ལས་འགྱུར་ཏེ། ཀྱང་ཡིག་ལ་ཀེ་དཱ་ར་ལས་ཀྱང་ངོ་། །གོ་ཆ་ཅན་རྣམས་ ཀྱི་ཚོགས་ནི། ཀཱ་བ་ཙི་ཀཾཿ ཀཻ་དཱ་རི་ཀཾཿ ཧསྟི་དང་སེམས་མེད་པ་རྣམས་ལས་སོ། །ཧསྟིའི་སྒྲ་དང་སེམས་མེད་པའི་ཚོགས་པ་བརྗོད་པ་ལ་ཋཀཿ གྱུར་ཏེ། ཧཱསྟི་ཀཾཿ ཨཱ་སཱུ་པ་ལི་ཀཾཿ ཥ་ཀུ་ལ་ཀཾཿ དྷ་ནུ་ལས་ནཉ་མེད་པ་ལས་སོ། །དྷ་ནུའི་སྒྲ་ནཉ་སྔོན་དུ་མེད་པ་ལས་ཚོགས་ པ་ལ་ཋཀ་འགྱུར་ཏེ། དྷཻ་ནུ་ཀཾཿ ནཉ་མེད་པ་ལས་ཞེས་པ་ཅི་ཞེ་ན། ཨཱ་དྷེ་ན་པཾ། འདི་བཀག་པ་ལས་ཚོགས་པ་ཅན་རྣམས་ལ་དེའི་མཐའ་ཆོ་ག་ཡོད་དོ་ཞེས་ཤེས་པར་བྱའོ། །བྲཱ་ཧྨ་ཎ་རཱ་ཛ་ནྱ་ཀཾཿ བཱ་ན་ཧསྟི་ཀཾ་གཽ་དྷེ་ནུ་ཀཾཿ ག་ཎི་ཀཱཿ བྲཱ་ཧྨ་ཎཿ མཱ་ཎ་སཿ བཱ་ཌ་བ་པ་ལས་ཡཉའོ། །ཚོགས་པ་ལས་འགྱུར་ ཏེ། གཱ་ཎི་ཀྱང་། བྲཱ་ཧྨ་ཎྱཾ། བཱ་ཎ་བྱཾ། བཱ་ཌ་བྱཾ། ཀེ་ཤ་ལས་ཡང་ནའོ། །ཚོགས་པ་ལས་ཡ་ཉ་འགྱུར་ཏེ། ཋཀ་གི་དམིགས་བསལ་ལོ། །ཀཻ་ཤྱཾཿ ཀཻ་ཤི་ཀཾཿ ཨ་ཤྭ་ལས་ཚའོ། །ཚོགས་པ་ལ་ཡང་ན་འགྱུར་ཏེ། ཨ་ཤྭཱི་ཡཾ། ཨ་ཤྭཾཿ བཱརྴྭཾཿ ཚོགས་ལ་ཚིག་ཕྲད་དེ། ཕྱུགས་རྣམས་ཀྱི་ ཚོགས་པ་ནི། པྲཱ་རཱཾ། བྲཱྀ་རྴྭཾ་ཨཱ་ཧཱི་ན་དག་མཆོད་སྦྱིན་ལའོ། །ཚིག་ཕྲད་དེ། ཕྲྀཥྛྡྱ་རྣམས་ཀྱི་ཚོགས་པ་ནི་པྲྀཥྛྡྱཿ། ཉི་མ་རྣམས་ཀྱི། ཨཱ་ཧཱི་ནཿ། ཋཀ་དང་ཨ་ཎ་དག་ཐོབ་པ་ལ་གང་སྐྲུབ་པའོ། །མཆོད་སྦྱིན་ལ་ཞེས་པ་ཅི་ཞེ་ན། ཨཱ་ཧྣཿ། སེམས་མེད་པ་ཉིད་ལས་ཋཀ་ཐོབ་པ་ལ་ཨ་ཧན་བྷིཀྵ་ སོགས་ཉིད་ཀྱི་ཕྱིར་ཨཎའོ། །བཱ་ཏ་ལས་ཨཱུ་ལའོ། །ཚོགས་པ་ལས་འགྱུར་ཏེ། བཱ་རཱུ་ལཿཔ་ཤ་སོགས་རྣམས་ལས་ཡཏའོ། །ཚོགས་པ་ལས་འགྱུར་ཏེ། པཱ་ཤྱཱ་ཏྲི་ཎྱཱ། ཁ་ལྱཱ། ཧ་ལྱཱ། བཱ་ཏྱཱ། དྷུ་མྱཱ་བ་ནྱཱ་ནདྱཱ། ཚོགས་པ་རྣམས་མང་པོ་ཉིད་ཀྱིས་མ་ནིང་སྟེ་པ་ཤྱ་སོགས་པ་རྣམས་རང་བཞིན་གྱིས་ བུད་མེད་ཀྱི་རྟགས་སོ། །པཱ་ཤ། །ཏྲྀ་ཎ། ཁ་ལ། ཧ་ལ། ན་ཌ། བཱ་ཏ། དྷཱུ་མ། བ་ན། ཨཾ་གཱ་ར། ག་ལ། བི་ཊཱ་ཀ། ཤ་ཀ་ཊ། ཨ་ནུ་ཌ་ཧ། ག་དང་ར་ཐ་ལས་ཏྲ་ཀ་དྱཽ་འང་ངོ་། །གོ་དང་ར་ཐའི་སྒྲ་དག་ལ་ཚོགས་པ་ལས་རིམ་པ་ བཞིན་དུ་ཏྲ་ཀདྱཽ་འགྱུར་ཏེ། འང་ཡིག་ལས་ཡང་འོང་ངོ་། །གོ་ཏྲཱ། ག་བྱཱ། ར་ཐ་ཀ་དྱཱ། ར་ཐྱཱ། ཁ་ལ་སོགས་པ་ལས་ཨིནའོ། །ཚོགས་པ་ལས་འགྱུར་ཏེ། ཁ་ལི་ནཱི། ཨ་ལཱུ་ཀི་ནཱི། པདྨ་ནཱི། གྲཱ་མ་ཛྸན། ག་ཛ་བནྟཱུ། ས་ཧཱ་ལས་ཏལའོ། །ཚོགས་པ་ལས་འགྱུར་ཏེ། གྲཱ་མ་ ཏཱ། ཛན་ཏཱ། ག་ཛ་ཏཱ། བནྡྷུ་ཏཱ། ས་ཧཱ་ཡ་ཏཱ། པཽ་རུ་ཥེ་ཡ། ཀྲ་ཏི་ཧ་ཏི། བ་དྷ། བི་ཀཱ་ར་ལ་འང་ངོ་། །པཽ་རུ་ཥེ་ཡ་ཞེས་པ་དྷཀ་གི་མཐའ་ཅན་ཚིག་ཕྲད་དེ། བྱས་པ་ལ་སོགས་པའི་དོན་རྣམས་ལ་འང་ཡིག་ལས་ཚོགས་པ་ལའོ། །པུ་རུ་ཥེ་ན་ཀྲ་ཏི། བུ་རུ་ཥ་སྱ་ཧི་ཏཾ། ། པུ་རུ་ཥཱ་ཡ་བཱ། པུ་རུ་ཥ་སྱ་བ་དྷཿ། པུ་རུ་ཥ་སྱ་བི་ཀ་ར། པུ་རུ་ཥ་སྱ་ས་མཱུ་ཧ། པཽ་རུ་ཥེ་ཡཿ། པི་ཏྲི་བྱཿ། མཱ་ཏུ་ལ། པི་ཏཱ་མ་ཧཱ། མཱ་ཏཱ་མ་ཧ་རྣམས་སོ། །ཚོག་ཕྲད་དེ། ཕའི་སྤུན་ནི་བི་ཏྲྀ་བྱ། མའི་སྤུན་ནི་མ་ཏུ་ལཿ། ཕའི་ཕ་ནི་པི་ཏཱ་མ་ཧཿ། མའི་ཕ་ནི་མཱ་ཏཱ་མ་ཧཿ། གཽ་ར་སོགས་སུ་བཀླག་ པ་ལས། མ་ཏ་མ་ཧཱི། པི་ཏཱ་མ་ཧཱི། ཨ་བི་ལས་འོ་མ་ལ་དུགླྷེ། ཥེ་ཌྷ། དཱུ་ཥ། མརཱིཥ་འང་ངོ་། །ཨ་བི་ལས་འོ་མ་བརྗོད་པ་ལ། ཥོ་ཌྷ། དཱུ་ཥ། མ་རི་ཥ་འང་རྐྱེན་དུ་འགྱུར་ཏེ། ཨ་བིའི་འོ་མ་ལ། ཨ་བི་ཥ་ཌྷཾ། ཨ་བི་དྲཱུ་ཥཾ། ཨ་པ་མ་རི་ཥཾ། ཏི་ལ་ལས་པཉྫི། པེ་ཛ་དག་འབྲས་བུ་མེད་པ་ ལའང་འགྱུར་ཏེ། རི་ལ་བིཛྫཿ། ཏི་ལ་པ་ཛཿ། འབྲས་བུ་མེད་པའི་ཏིལ་མངོན་པར་བརྗོད་པའོ། །ཡུལ་ལ་བསྟན་པ་ལའོ། །མངོན་པར་བརྗོད་པ་གང་ཡིན་པ་དེ་ལས་ཨན་འགྱུར་ཏེ། ཤི་བི་རྣམས་ཀྱི་ཡུལ་པ་ནི། ཤཻ་བཿ། ཨཽརྶུཥྚཿ། ཡུལ་ཞེས་པ་ཅི་ཞེ་ན། གྷ་ཊ་སྱ་དེ་ཤཿ། གནས་ཞེས་ པའི་དོན་ཏོ། །སྟོན་པ་ཞེས་པ་ཅི་ཞེ་ན། དེ་བ་དཏྟ་སྱ་བི་ཥ་ཡོན་གསུམ་བུ་བཱ་ཀཿར་ཛ་ནི་སོགས་ལས་བུཉཱང་འགྱུར་ཏེ། ར་ཛ་ནཱི་རྣམས་ཀྱི་ཡུལ་བསྟན་པ་ནི། རཱ་ཛ་ནྱ་ཀཿ། ཤཻ་ལུ་ཀཿ། རཱ་ཛ་ནྱ། ཤཻ་ལཱུ་ཥ། ཤཱ་ལངྒཱ་ཡ་ན། བཱ་བྷྲ་བྱ། ཛཱ་ལནྡྷ་རཱ་ཡན། དཻ་བ་པཱ་ཏ། བ་སཱ་ཏི། ཨཱཏྨ་ཀཱ་མེ་ཡ། ཨམྦ་རཱིཥ། པུ་ཏྲ་ཏཻ་ཏ་ལ། བཻ་ལྭ་བ་ཎ། ཨཽ་དུམྦ་ར། བཻ་ཀརྞ། ཨཱརྫུ་ཡ་ནཱ། སཾ་པྲི་ཡ། དཱཀྵི། ཨུརྞཱ་ནཱ་བྷ། དབྱིབས་ཀྱི་ཚོགས་ཉིད་ལས་མ་ཎ་བ་ཀཿཏཻ་གརྟྟ་ཀཿ། བཻ་རཱ་ཊ་ཀཿ། ཨཻ་ཥུ་ཀཱ་རི་བྷཽ་རི་ཀཱི་སོགས་ལས་བྷ་ཀྵལ་བི་དྷལ་དག་གོ། །རིམ་པ་ཇི་ལྟ་བར་འགྱུར་ཏེ། ཨཻ་ཥུ་ཀཱ་རི་བྷཀྟཾ། ཤཱ་ར་ སྱཱ་ཡ་ན་བྷཀྟཾ། བྷཽ་རི་ཀི་བི་དྷཾ། ཙཽ་བ་ཡཏ་བི་དྷཾ་ཨི་ཥུ་ཀ་རི། ཤཱ་ར་སྱ་ཡན། ཙཱནྡྲ་མ་ཎ། ཏཱརྐྵ་ཡ་ཎ། ཁཱ་ཊཱ་ཡ་ཎ། སཽ་བཱི་ར། དཱས་མཏྟྲི། དཱས་མི་དྲཱ་ཡ་ཎཿ། སཽ་བྷ་དྲཱ་ཡ་ཎ། ཤ་པཎྜ། ཤཱ་པཎྜཱ་ཡ་ན། ཪྻཱཀྵཱ་ཡ་ཎ། ཏྲྱཱཀྵཱ་ཡཎ། ཤཽ་དྲཱ་ཡ་ཎ། ཤཱ་པཎྜི། བཻ་ཤྭ་དེ་བ། ཨཻ་ཥུ་ཀཱ་རི་ལ་སོགས་པའོ། ། བྷཽ་རི་ཀི ། བྷོ་ལི་ཀི །ཙཽ་པ་ཡ་ཏ། བཻ་ཊ་ཡ། བཻངྐ་ཡ་ཏ། སེ་ཀ་ཡ་ཏ། ཀཱ་ཎེ་ཡ། བཱ་ལི་ཀིཿ བྷཽ་རི་ཀི་ལ་སོགས་པའོ། །ནི་བཱ་སེ་ཏཾ་མིང་ལའོ། །གནས་སྟོན་པའི་ནི་བཱ་ས་གང་ཡིན་པ་དེ་ལས་དྲུག་པའི་མཐའ་ལས་ཨཎ་འགྱུར་ཞིང་། ཨཎའི་མཐའ་དེ་ཡང་ཡུལ་གྱི་མིང་འགྱུར་ ཏེཿ ཤི་བི་རྣམས་ཀྱི་ཡུལ་བསྟན་པ་ནི། ཤཻ་བཿ། ཨཽཏྶུཥྚཿ། ཨེཀྐ་ཌཱ་བ་ཏི། ཨཱ་ཧི་མ་ཏཾ། ཀཱརྐ་ཊ་བཾ། མི་རིང་བར་གྱུར་པ་ལའོ། །རིང་བ་མིན་པའི་ཡུལ་བརྗོད་པ་གང་ཡིན་པ་དེ་ལས་དྲུག་པའི་མཐའ་ལས་ཨཎ་འགྱུར་ཞིང་ཨཎ་གྱི་མཐའ་དེ་ཡང་ཡུལ་གྱི་མིང་ལ་འགྱུར་ཏེ། ཕྱོགས་མཚམས་དང་ མི་རིང་བར་གྱུར་པའི་ཡུལ་ནི། བྲཻཧ་མི་ཏཿ། སཽ་བཱསྟ་བཿ། བལླ་བཿ། ཡིས་ཚར་བ་ལའོ། །གསུམ་པའི་མཐའ་ལས་ཟིན་པའི་སྟོན་པ་དེ་ལས་ཨཎ་འགྱུར་ཏེ། ཀུ་ཤཱམྦ་ཡིས་ཚར་ཟིན་པ་ནི། ཀཽ་ཤཱམྦཱི་ན་ག་རཱི། པུཎྜ་ཡིས་ཟིན་པ་ནི། པཽཎྜཾ་ག་རཾ་ཀཱ་ཀྡཱི་མཱ་ཀཎྜཱི། དཱཏྟ་མི་ཏྲི་བཻ་དྷུ་མཱ་གིཿ། སྟོང་ གིས་ཟིན་པ་ནི། སཱ་ཧ་སྲཱི། པ་རི་ཁཱ། དཻརྒྷ་བ་ར་ཏྲཿ། ཀཱུ་བ། སཱ་ཀ་ལཿ། པཽཥྐ་ལཿ། ཏཻ་ཤཾ་ཀ་བཿ། རྒྱུ་དང་བྱེད་པ་པོ་དང་བྱེད་པ་རྣམས་ལ་ཇི་ལྟར་རིགས་པ་གསུམ་པའོ། །དེ་འདིའི་ཡོད་པ་ལའོ། །དང་པོའི་མཐའ་ལས་འདི་ལ་ཡོད་པ་ཞེས་པའི་དོན་ཡོན་ཏན་པ་ལས་ཨཎ་འགྱུར་ཏེ། ཕྱོགས་འདིར་ཨུ་དུམྦཱ་ར་ཡོད་པ་ནི། །ཨཽ་དུམྦཱ་རཿ། བཱལྤ་ཛཿ། ཀོམྦྷཿ། ནཻ་དྷ་ནཿ། བ་རུ་ཎཿ། སཻ་ཀ་ཏཿ། མ་རུའི་དོན་ལ་ཕན་པ་དགག་པའི་དོན་དུ་བརྗོད་དོ། །ཀཱ་ཤ་ཨ་རཱི་ཧ་ཎ། ཀྲི་ཤ་ཤྭ་ལ་སོགས་པ་ལས་ཨ་ལ། བུཉཿ ཚཎ་བཞི་རྣམས་ལའོ། །ལ་སོགས་ཀྱི་སྒྲ་ནི་སོ་སོར་ མངོན་པར་སྦྱོར་རོ། །ཀཱ་ཤ་ལ་སོགས་པའི་ཚོགས་གསུམ་རྣམས་ལ་རིམ་པ་བཞིན་དུ་ཨི་ལ་ལ་ལ་སོགས་པ་གསུམ་འགྱུར་ཏེ། གནས་ལ་སོགས་པའི་དོན་བཞི་རྣམས་ལའོ། །ཀཱ་ཤ་རྣམས་ཀྱི་གནས་སྟོན་པ་དང་མི་རིང་བ་དང་། དེ་ཡིས་ཚར་བ་དང་། དེ་འདིར་ཡོད་པ་རྣམས་ལ། ཀཱ་ཤི་ལཿ། བཱ་ཤ་རྨྱེ་ལཿ། ཨཱ་རཱི་ཧ་ན་ཀཿ། ཀཱཪྴ་ཤཱི་ཡཾ། ཀཱ་ཤ །བཱ་ཤ །ཨ་ཤྭཏྠ། བི་ས། ང་ལཱ་ས། པཱི་ཡུ་ཀྵ། ཏྲི་ན། ན་ཌ། ཀརྡ་མ། བརྦུ་ར། ཤུ་ཀ །གུ་ཧཱ། དབྱིབས་ཀྱི་ཚོགས་འདི་ནི་ཀཱ་ཤ་སོགས་སོ། །ཨ་རཱི་ཧ་ཎ། ཁ་དིར་བྷ་ག་ལ་ཨུ་ལྡན་གྲཱ་མ། པཱ་རཱ་ ཡ་ན། ཤི་རཱི་ཥཿ སཱམྦཱ་ར་ཡ་ན། ཀྲཽཥྚཱ་ཡ་ན། ཨིཥྚ་ཡ་ན། ཨིཥྚཱ་ཡ་ན། ཙཻ་ཏཱ་ཡ་ན། ཏྲེ་གརྟྟཱ་ཡ་ན། ཁཱ་ཌཱ་བཱ་ཡ་ན། ཨ་རཱི་ཧ་ཎ་ལ་སོགས་པའི་དབྱིབས་ཀྱི་ཚོགས་འདིའོ། །ཀྲྀ་ཤཱ་ཤྭ། ཨ་རིཥྚ། ཨ་རིཥྨ། བི་ཤྨ་མ་བི་ཤཱ་ལ་རོ་མ་ཀཿ །ཤ་པ་ལ། ཀ་ཊ། རོ་མན། ཙརྨན། སཱུ་ཀ་ ར། ས་དྲ་ཤ །པུ་རུ་ཥ། སུ་ཁ། བི་ན་ཏ། བིཏ་དྱུ། ཨ་རུ་ཥ། ཨ་ཡ་ས། སྲུ་ར་གཿ །དྷཱུ་མ། ཨ་ཛི་ར། མཽངྒ་ལྱ། ཀྲྀ་ཤཱ་ཤྭ་ལ་སོགས་པའོ། །རྀ་ཥྱ་བ་ལ་ཨཥྨ་ཏྲི་ཎ་ཀརྞ་ལ་སོགས་རྣམས་ལས་ཀ། ཡ་ར་ས་ཕིཉ་རྣམས་སོ། །དོན་བཞིན་རྣམས་ལའོ། །རྀ་ཥྱ་ཀཿ། ནྱ་གྲོ་དྷ་ཀཿ། རི་ཥྱ་ཎྱ་གྲོ་དྷ། པི་ལཱི་ན། བི་དྷཱ་ནཱ། བ་ནིདྡྷ། པ་རི་གྷུ་ཌྷ། ཨུ་པ་གྷུ་དྷ། ཨུ་པ་གྷུ་ཊ། ཨུ་དཱཏྟཱ་ཤྨ་ན། སྠཱུ་ལ། བཱ་ཧུ། ཤརྐ་རཱ། ཨ་རུ། ཨུ་པ་རི། བཏྶ། ཁཎྜ། བཱི་ར་ཎ། རྀ་ཥྱ་སོགས་སོ། །བ་ལྱཾ་ཙུ་ལྱ་བ་ལ། ཙུ་ལ། མ་ལ། ཕ་ལ། དུ་ལ། ཙ་ལ། ཀུ་ལ། བ་ལ་སོགས་སོ། །ཨ་ཤྨ་རཿ། ཡཱུ་ཐ་རཿ། ཨཤྨན། ཡཱུ་ཥ། པཱི་བ། ཨཱུ་ཥ། པཱ་བ། ད་བྷཱི། བྲྀཀྵ། གུ་ཌ། ཁཎྜ། ན་ཁ། ཤི་ཁཱ། ཨཤྨ་སོགས་སོ། །ཏྲི་ཎ་པཱ། ན་ཌ། སཱ། ཏྲྀ་ཎ་ན་ཌ། པརྞ། ཀརྞ། ཀ་ཌ། ཙུ་ལ། བརྞ། བ་ར་ཎ། ཨརྣ། ཙཱུརྞ། ཛ་ན། བ་ལ། ཏྲྀ་ཎ་སོགས་སོ། །ཀཱརྞྞཱ་ཡ་ནི། བཱ་ཤིཥྛ་ཡ་ནིཿ། ཀརྞ་ བ་ཤིཥྛ། ཨ་ཀ་ལུ་ཥ། དྲུ་པ་ད། ཨ་ན་ཌུ་ཧྱ། པཱཉྩ་ཛ་ནྱ། སྦིཀ་ཀུ་ལི་ཤ་ཀུམྦྷཱ། ཛི་བནྟ། ཛི་ཏྱ། ཨིཎྜཱ་བ་ཏ། ཀརྞ་སོགས་སོ། །པྲ་ག་དི། ཀུ་མ་ད། བ་རཱ་ཧ་སུ་ཏཾ་ག་མ་སོགས་པ་རྣམས་ལས་྅ཋཀ་ཀཀ་ཨིཉ་རྣམས་སོ། །དོན་བཞི་པོ་རྣམས་ལ་འགྱུར་ཏེ། པྲཱ་ག་ཏྱཾ། མཱ་ག་དྱཾ། པྲ་ག་ དིན་མ་ག་ད་ནི། ཀ་བི་ན། ཁཎྜི་ནི། ཙཱུ་ཌཱ་ར། མ་ཛཱ་ར། ཀོ་བི་དཱ་ར། པྲ་ག་དྱ་སོགས་སོ། །ཀཽ་མུ་དཾ་ཀཾ། །གཽ་མ་ཋི་ཀཾ། །ཀུ་མུ་ཏ། ཤི་རཱི་ཥི། གོ་མ་ཋ། ར་ཋ་ཀཱ་ར་ད་ཤ་གྲྭཱ་མ། ཨ་ཤྭཏྠ། ཤཱལྨ་ལཱི། མུ་ནི་སྠཱུ་ལ། ཀུ་ཊ། མུཙྩ་ཀརྞ། ཀུ་མུ་ད་སོགས་སོ། །ཤི་རཱི་ཥའི་སྒྲ་འདིར་ཨ་རཱི་ཧ་ཎ་ སོགས་སུ་ཡང་བཀླགས་པ་ལས་སྤྱིར་བཏང་ཅན་ཡིན་པ་དེའི་ཕྱིར་ཨཎ་འདོད་དོ། །དེ་བ་ར་ཎ་སོགས་སུ་མཐོང་བའི་ཕྱིར་འཇིག་པར་འགྱུར་ཏེ། ཤི་རཱ་ཥ་རྣམས་དང་མི་རིང་བའི་གྲོང་ནི། ཤི་རཱི་ཥཱཿ། དེའི་ནགས་ནི། ཤི་རཱི་ཥ་བ་ཎཾ། བཱ་རཱ་ཧཱ་ཀཾ་པཱ་ལཱ་ཤ་ཀཾ །བྷ་ར་ཧ་བཱ་ལཱ་ཤ། །བི་བདྡྷ་ནི་བདྡྷ། བིདགྡྷ། ན་བྷུགྣ། བཱ་ཧ་སྠུ་ལ། ཤརྐ་རཱ། བ་རཱ་ཧ་སོགས་སོ། །སཽ་ཏངྒ་མིཿམཽ་ན་ཙིཏྟཿ། སུ་ཏཾ་ག་མ། མུན་ཙིཏྟ། མ་ཧཱ་ཙི་ཏྟ། མ་ཧཱ་པཱུ་ཏྲ། ཤྭེ་ཏ། ཏ་ཌི་ཏ། ག་ཌི་ཀ། ཤུ་ཀྲ། བི་གྲ། ཛཱི་བ། བཱ་པིན། ཤྭ་ན། ཨརྫུ་ན། ཨ་ཛི་ར། སུ་ཏཾ་ག་མ་སོགས་སོ། །ཀུ་མུ་ད་ས་ཁི། སཾ་ཀཱེ་ཤ། །པཥ། པྲེཀྵ་སོགས་རྣམས་ལས་ཋན། ཌྷ་ཉ་ཎྱ་ཕག་ཨི་ནི་རྣམས་སོ། །དོན་བཞི་པོ་རྣམས་འགྱུར་རོ། །ཀུ་མུ་དི་ཀཾ། ཤརྐ་རི་ཀཾ །ཀུ་མུ་ད། ཤརྐ་རཱ། ནྱ་གྲོ་དྷ། ཨཀྐི་ཌ། སཾ་ཀ་ཌ། གརྟ་བཱི་ཛ། ཨ་ཤྭཏྠ། བལྦ་ཛ། པ་ཡ་ས། ཤི་རཱི་ཥ། ཡ་བ་ཀཱུ་པ། བི་ཀཾ་ཀ་ཏ་ཀུ་མུ་ད་སོགས་ སོ། །སཱ་ཁེ་ཡཿདཱཏྟེ་ཡཿ། ས་ཁི་དཏྟ། ཁཱ་སུ་དཏྟ། གོ་བི་བྷལླ། ཕ་ལ། ཙ་ཀྲ། ཙ་ཀྲ་བཱ་ཀ། ཙྪག་ལ། ཨ་ཤོ་ཀ། ཀ་ར་བཱི་ར། ཤཱི་ཀ་ར། ས་མ་ལ། སུ་ར་ས། སའི་ཁི་སོགས་སོ། །ས་ཀཱ་ཤྱཾ། ཀཱམྦཱ་ལྱཾ། སཾ་ཀཱ་ཤ། །ཀཱམྦཱི་ལ། ཀ་ཤྨཱི་ར། སཱུ་ར་སེ་ན། སུ་པ་ཐིན། བ་ཧོ་ཙ། ཡཱུ་བ། ཨངྒ་ནཱ། ཨ་ཤྨན། ཀཱུ་ཊ། པུ་ལནི། ཏཱིརྠ། ཨ་གསྟི། ཙ་རནྟ། ཙིར་ཀ །ནཱ་པི་ཀཱ། སཾ་ཀཱ་ཤ་སོགས་སོ། །པཱ་ཀྵཱ་ཡ་ཎཿ། ཏཽ་ཥཱ་ཡ་ཎཿ། པཀྵ་ཏཽ་ཥ། ཨུ་པ ཨུ་ལྭ་ལ། ཨཎྜ་ཀ །ནིམྦ་ཀ །ཙི་ཏྲ། ཨ་ཏི་ཤྲན། པ་ཐིན། པནྠ་ཙ། ཀུམྦྷ། ཤ་ཀ་ར། ས་ར་ཀ །ར་ས་ས་མ་ལ། རོ་མན། ལོ་མན། ལོ་མ་ཤ། ཧཾ་ས་ཀརྞ་ཀ། །ཨ་གསྟི། བི་ལ། བཀྵ། སོགས་སོ། །པྲེཀྵཱ། །ཕ་ལ་ཀཱི། པྲེཀྵཱ། ཕ་ལ་ཀཱ། བནྡྷུ་ཀཱ། དྷུ་བ་ཀཱ། ཀྵ་པ་ཀཱ། ནྱ་གྲོ་དྷ། ཨིཀྐ་ཌ། ཀརྞ་ཀ། ཤཾ་ཀ་ཊ། པུ་ཊ། གརྟྟ། ཀཱུ་པ། ཙ་ཀྲ། པྲཀྵཱ་སོགས་སོ། །ཨུ་རྐ་ར་སོགས་ལས་ཚའོ། །དོན་བཞི་པོ་རྣམས་ལ་འགྱུར་རོ། །ཨུཏྐ་རཱི་ཡཾ། ཤ་ཕ་རི་ ཡཾ། ཨུཏྐ་ར། ཤ་ཕ་ར་པིཔྤལ། པིཔྤི་ལཱི་མཱུ་ལ། ཨ་ཤྨན། ཨརྐི། ཨིཎྜ། བྲྀཀྵ། ན་ཌ་སོགས་ལས་ཀུཉ་འང་ངོ་། །ན་ཌ་སོགས་ལས་དོན་བཞི་པོ་རྣམས་ཙ་འགྱུར་ཏེ། ཀུ་ཀ་ཨཱ་ག་མའོ། །ན་ཌ་ཀཱི་ཡཾ། པླཀྵ་ཀཱི་ཡཾ། ཀུཉྩ་ལས་ཐུང་ངུ་ཉིད་ཀྱང་ངོ་། །ཀྲུཉྩ་ཀྩི་ཡཾ། ན་ཌ་པླཀྵ། བ་ར་བིལྦ་ བེ་ནུ། དྷེ་ནུ། ཨིཀྵུ། ཀཱཥྛ། ཀ་པོ་ཏ། བེ་ཏ་ས། ཏ་ཀྵན་གྱི་ན་དབྱི་བ་འང་ངོ་། །ཛ་ན་པ་ལ་འཇིག་གོ། །དེའི་མིང་སྟོན་པ་ལ་དོན་བཞི་པོ་ལ་བྱས་པ་དེ་ཡུལ་གྱི་ཁྱད་པར་ཛ་ན་པ་ད་མངོན་པར་བརྗོད་པ་ལ་འཇིག་པར་འགྱུར་ཏེ། གྲོང་གི་སྤྱི་ནི་ཛི་ན་པ་ད་སྟེ། ལྔ་ལེན་པ་རྣམས་གནས་པའི་ཛ་ན་པ་ད་ནི། བཉྩ་ལཿ། ཀུ་ར་བཿ། མཏྶྱཿ། ཨངྒཱཿ། ཀཱ་ལིངྒཱཿ། གནྡྡྷཱ་ར་ཡཿ། པུཎྜཱཿ། པུཛྨཱཿ། འདིར་ཅི་ལ་མི་འགྱུར་ཞེ་ན། འདིར་ཨུ་དམ་པ་ར་ཡོད་པ་ནི། ཨཽ་དུམཱ་རོ་ཛ་ན་བ་དཿ། དེ་ནི་མིང་ལ་འཇུག་གོ། །འདིར་འཇིག་པའི་མཐའ་དེ་མིང་དུ་མི་འགྱུར་རོ། །བ་ར་ཎ་སོགས་ལས་སོ། །བ་ར་ཎ་སོགས་རྣམས་ལས་མཆོག་ གི་དོན་ལ་འཇིག་པར་འགྱུར་ཏེ། ཛ་ན་པ་དའི་དོན་མི་རྩོམ་པའོ། །བ་ར་ཎ་ཞེས་བྱ་བ་རིང་བར་གྱུར་བའི་གྲོང་ཁྱེར་ནི། །ཕ་ར་ཎཱཿ། ཤྲིངྒཱི། ཤཱལྨ་ལ་ཡཿ། པུརྦཽ་གོ་དཽ། ཨ་ནིནྡྱ་ཡ་ན་པལླཱི། ས་ཀུཎྜཱི་ཛ་ལ་པ་དཱཿ། མ་ཐུ་རཱ། ཨུཛྫ་ཡ་ནཱི། ཤ་ཡཱ། ཏཀྵ་ཤི་ལ། དབྱིབས་ཀྱི་ཚོགས་འདིའོ། །དེས་ན་ ཚ་ཅན་དང་། རྒྱ་ཤུག་ཅན་དང་མི་རིང་བའི་གྲོང་ནི། ཀ་ཊུ་ཀ་བ་ད་རཱི། ཤརྐ་ར་ལས་ཡང་ནའོ། །ཤརྐ་རའི་སྒྲ་ལས་སྐྱེས་པ་འམ་དོན་བཞི་པོ་རྣམས་ལ་འཇིག་པར་འགྱུར་ཏེ། ཤརྐ་རཱ། ཀུ་མུ་ད་སོགས་ཀྱི་ཕྱིར་ཋནའོ། །ཤརྐ་རི་ཀཾ། །བ་རཱ་ཧ་སོགས་ཀྱི་ཕྱིར་ཀཀའོ། །ཤཱརྐ་ར་ཀཾ། ། རི་ཤྱ་སོགས་ཀྱི་ཕྱིར་ཀའོ། །ཤརྐ་ར་ཀཾ ། མདོ་ཕྱི་མས་བྱས་པའི་ཋཀ་དང་ཚ་དག་སྟེ། ཤཱརྐ་རི་ཀཾ ། ཤརྐ་རཱི་ཡཾ། དེ་དང་དེའི་ཚོགས་སུ་བཀླགས་པའི་ནུས་པ་ཉིད་ལས་རྣམ་པར་བརྟགས་པ་གྲུབ་པ་ལ། འ་མ་སྨོས་པའི་ཤེས་བྱེད་ལས་སྤྱིར་བཏང་ལས་ཀྱང་ཨཎ་འདོད་དོ། །དེས་ན་ཤཱརྐ་རཾ་བདུན་ པའི་གཟུགས་སུ་ཉེ་བར་བསྒྲུབ་བོ། །ཋཀ་དང་ཚ་དག་གོ། །དོན་བཞི་པོ་རྣམས་ལ་ཤརྐ་རཱ་ལས་འགྱུར་ཏེ། ཤཱརྐ་རཱི་ཀཾ ། ཤརྐ་རི་ཡཾ། ན་དཱི་ལ་མ་ཏུ་པའོ། །དོན་བཞི་པོ་རྣམས་ལ་ཆུ་ཀླུང་མངོན་པར་བརྗོད་པ་ལ་མ་ཏུབ་འགྱུར་ཏེ། དེའི་མིང་གི་ཡུལ་གྱི་ཁྱད་པར་ནི། ན་རཱི་དེར་ཨུ་དུམྦཱ་ར་ཡོད་པ་ནི། སཱ་ཨུ་དུམྦཱ་ར་བ་ཏཱི། མ་ཤ་ཀཱ་བ་ཏཱི། པུཥྐ་ར་བ་ཏཱི། ཨིཀྵུ་མ་ཏཱི། དྲུ་མ་ཏཱི། འདིར་ཅི་ལ་མི་འགྱུར་ཞེ་ན། བྷཱ་གཱིར་ཐཱི། བྷཻ་མ་ར་ཐཱི་མ་ཏུ་པ་ཀྱི་མཐའ་མིང་མ་ཡིན་པའི་ཕྱིར་རོ། །མ་དྷུ་སོགས་རྣམས་ལས་སོ། །དོན་བཞི་པོ་རྣམས་ལ་མ་ཏུབ་འགྱུར་ཏེ། ཆུ་ཀླུང་མ་ཡི་པའི་དོན་ལ་བརྩམས་པ་ལོ་ མ་དྷུ་མཱན། བི་ཤ་བཱན། བ་དྷུ། བི་ས། སྠཱ་ཎུ། རྀཥྚི། ཨིཀྵུ། བཻ་ཎུ། ཀརྐནྡྷཱུ། ས་མཱི། ཀ་ར་དཱི། ཧི་མ། ཀི་ཤ་རཱ། རཱུ་མཎ། མཱརྡ་ཀཱི། ཤར། ཨེཥྚ་ཀཱ། ཨཱ་སུ་ཏི། ཤཀྟི། ཨཱ་པནྡཱི། ས་ཀ་ལཱ། མུ་ནི་བཻ་ཊ། མ་ཧི་ཥ། ཀུ་མ་ད་ན་ཌ་བེ་ཏ་ས་རྣམས་ལས་ཌ་ཏིའོ། །དོན་བཞི་པོ་རྣམས་ལ་མ་ཏུབ་ འགྱུར་ཏེ། དེ་ཡང་ཌི་ཏའོ། །མ་ཧིཥྨན། ཀུ་མུ་དྭཱ་ན། ནཌྦཱན། བཻ་ཏ་སྭཱོ་ན། ཅི་ལྟར་མཱ་ཧིཥྨཱ་ཏཱི་ཞེ་ན། མ་ཧཱིཥྨ་ཏ་ལས་བྱུང་བའི་དོན་ལ་ཨཎ་རྐྱེན་གྱིས་སོ། །ན་ཌ་ཤཱ་ད་ལས་ཀྱང་བ་ལ་ཙའོ། །དོན་བཞི་པོ་རྣམས་ལ་འགྱུར་ཏེ། ཌི་ཏ་ཀྱང་ངོ་། །ན་ཊ་ལཾ། ཤཱརྦ་ལཾ། ཤི་ཁ་སོགས་ ལས་སོ། །དོན་བཞི་པོ་རྣམས་ལ་བ་ལ་ཙ་འགྱུར་ཏེ། ཤི་ཁཱ་བ་ལཾ། གྲོང་ཁྱེར་གྱི་མིང་ངོ་། །དོན་བཞི་པོ་རྣམས་ལ་ཇི་ལྟར་སྲིད་བཞིན་རྟོགས་པར་བྱའོ་ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་ པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་བཞི་པའི་རྐང་པ་དང་པོ་རྫོགས་སོ།། །།འདི་ནི་ལྷ་དང་མིའི་ཡོན་གནས་དམ་པ་རྗེ་བཙུན་སྤྱན་སྔ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པའི་ཞལ་སྔ་ནས་བཀའ་སྩལ་པ་བཞིན། ས་སྐྱོང་ དམ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དཔལ་དོན་ཡོད་རྡོ་རྗེ་རྒྱལ་པོའི་བདག་རྐྱེན་ལས། འཛམ་བུའི་གླིང་གི་ཡུལ་མཆོག་གངས་ཅན་ཁྲོད་ཀྱི་བྱང་ཕྱོགས་སྐྱིད་ཤོད་ཆོས་འཁོར་ལྷ་སའི་གཙུག་ལག་ཁང་དུ་བསྒྱུར་བ་པོ་ནི་ཤཱཀྱའི་དགེ་སློང་འགོས་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་ བའོ།། ༄༅༅། །ཨོཾ་བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ངས་ལས་བུ་རྒྱུད་ལའོ། །ན་བ་ཏནྟི་སྔོན་མ་ནི་འདི་ལས་ཞེས་པ་བུ་རྒྱུད་དེ། དེ་ལ་མངོན་པར་བརྗོད་པའི་བུ་རྒྱུད་དེ་ལས་དྲུག་པའི་མཐའ་ལས་ཨཎ་འགྱུར་ཏེ། ཉེ་བའི་བ་ལང་གི་བུ་རྒྱུད་ནི། ཨཽ་པ་ག་ པཿ། རྟའི་བདག་པོའི་བུ་རྒྱུད་ནི། ཨ་ཤྭ་པ་ཏཿ། ཨཏ་ལས་ཨིཉའོ། །བུ་རྒྱུད་མངོན་པར་བརྗོད་པ་གང་ཡིན་པ་དེ་ལས་ཨཏ་ཀྱི་མཐའ་ལས་ཨིཉ་འགྱུར་ཏེ། ཨཎ་གྱི་དམིགས་བསལ་ལོ། །ཤཽདྡྷ་དོ་ནིཿ། དཱ་ཤར་ཐིཿ། དཱཀྵཿ། པླཀྵཱིཿ། ཏ་ཕ་རོལ་ཅི་ཞེ་ན། ཀཻ་ལཱ་ལ་པཿ། བུ་རྒྱུད་ལས་ཞེས་པ་ཅི་ ཞེ་ན། འདི་ཤིང་རྟ་བཅུ་པ་ཡིན་པ་ནི། དཱ་ཤར་ཐཿ། བཾ་ཤ་སོགས་རྣམས་ལས་བཏུ་སོགས་རྣམས་ལས་སོ། །བུ་རྒྱུད་ཨིཎ་འགྱུར་ཏེ། བཱ་ཧ་ཝིཿ། ཨཽ་པ་བཱ་ཧ་བིཿ། བཤེས་བཟང་མའི་བུ་རྒྱུད་ནི། སཽ་མི་ཏྲིཿ། བཱ་ཧུ། ཨུ་པ་བཱ་ཧུ། ཨུ་པ་བཱ་ཀུ། ཙ་ཊཱ་ཀུ། ནི་བཱ་ཀུ། ཨུ་པ་བི་ནུ། བི་ཀ་ལཱ། ཀྲི་ཀ་ལཱ། ཙུ་ཌ། བཱ་ལཱ་ཀཱ ། མུ་ཥི་ཀཱ ། བྷ་ག་ལཱ། ལ་ག་ལཱ། དྷྲུ་བ་ཀཱ། ཀེ་བ་ལཱ། སུ་མི་དྲཱ། དུ་རྨི་དྲཱ། པུཥྐ་ར་སད། ཨ་ནུ་ར་ཧ་ཏ། ཨ་ནུ་ཌ་ཧ། དེ་བ་ཤརྨན། ཨགྣི་ཤརྨན། ཀུ་ལ་མན། སུ་ནཱ་མན། པཉྩན། སཔྟན། ཨཥྚན། སུ་དྷཱ་བརྞ། ཨུ་དཉྩ། ཤི་རས། མཱ་ཥ་བཱ་པིན། ཀྵེ་མ་དྷ་ནྭིན། ཤ་ར་དཱ་བིན། ན་ག་ར་མརྡ་ ནི། པྲཱ་ཀཱ་ར་མརྡ་ནི། ཤྲིཾ་ཁ་ལཱ། ནཱ་དིན། ས་ཏྱ་ཀ །ལོ་མན། ཨ་ཛི་གརྟ། ཀྲྀཥྞ། ཡུངྷིཥྛི་ར། བནྣཱ་གཱ་ར། མནྟུ་རེ་ཥ་ཎ་ཨུནྡཱ་ལ་ཀ་ཨརྫུ་ན། སྭཱངྒཱ་ད། པྲ་དམྻུན། དབྱིབས་ཀྱི་ཚོགས་འདིའོ། །ཛཱཾ་གྷིཿ ཛཱ་ལ་པ་དེ་ན་བིཿ། སཱ་པརྞིཿ བཾ་ཤ་སོགས་རྣམས་ལས་ཅི་ཞེ་ན། འགའ་ཞིག་གི་མིང་བཱ་ཧུ་ཞེས་པ་ཅི་ དེའི་བུ་རྒྱུད་ནི། བཱ་ཧ་བཿ། བི་ཀ་ལ་སོགས་པ་རྣམས་ལ། པྲ་ཀ་པུཥྐ་ར་ས་དཿ། ཨ་བྲྀདྡྷ་ལས་ན་དྲཱྀ། མཱ་ནུ་ཥཱི། མིང་ལས་ཞེས་པ་ཨ་ཎི་ཐོབ་པ་ལའོ། །ཨ་ཛཱི་གརྟྟ་ལ་སོགས་པ་དང་། པྲདྻུ་མན་གྱི་མཐའ་རྣམས་ནི་དྲང་སྲོང་ཀུ་རུ་བིཥྞ་སོགས་ཀྱི་མདོ་ཡིས་སོ། །པི་རི་ཤིཥྚ་རྣམས་ནི་ཨཽཏྶུ་ཀ་ ཉིད་དོ། །སུ་དྷཱ་བནྟུ་དང་ཨུ་དཉྩུའི་སྒྲ་དག་ཨུ་ཡིག་རྗེས་སུ་འབྲེལ་པ་དང་ཨེཉ་ཉེ་བར་སྦྱར་བས་ནུམ་གྱི་དོན་ཏོ། །དེས་ན་བདུད་རྩི་ལྡན་པའི་བུ་ནི། སཽ་དྷཱ་བནྟིཿ། ཨཽདཉྩིཿ། ཤི་རའི་སྒྲ་འབའ་ཞིག་བཾ་ཤ་སོགས་སུ་གྱུར་པ་བརྗོད་པ་ལས་བྷུ་མ་ཡིན་པ་དང་དེའི་མཐའ་བཟུང་ངོ་། །གླང་པོ་མགོའི་ བུ་རྒྱུད་ནི། ཧཱསྟི་ཤཱིཪྵིཿ། དེ་བཞིན་དུ་ལོ་མའི་སྒྲ་ཡང་སྟེ། ཨུ་དུ་ལོ་མན་གྱི་བུ་རྒྱུད་ནི། ཨཽ་དུ་ལོ་མི། ཨ་མི་ཏཽ་ཛས། སཾ་བྷཱུ་ཡས། ཨམྦྷས་ལས་དབྱི་བ་ཡང་ངོ་། །ཨ་མི་ཏཽ་ཛས་ལ་སོགས་པ་ལས་བུ་རྒྱུད་ཀྱི་དོན་ལ་ཨིཉ་འགྱུར་ཞིང་དབྱི་བ་དང་མཐའ་བསྒྱུར་བའང་ངོ་། ཨ་མི་ཏཽ་ཛས་ཀྱི་བུ་རྒྱུད་ནི་ ཨཱ་མི་ཏཽ་ཇིཿ། སཱམྦྷུ་ཡིཿ། ཨཱམྦྷཿ། བྱས་ལ་སོགས་པ་རྣམས་ལ་ཨཀ་འང་ངོ་། །བུ་རྒྱུད་མངོན་པར་བརྗོད་པ་ལ་བྱ་བ་ལ་བྱས་ལ་སོགས་པ་རྣམས་ལ་ཨིཉ་འགྱུར་ཞིང་ཨ་ཀང་དུ་བསྒྱུར་བའང་ངོ་། །བཻ་ཡ་ས་ཀཿ། སཽ་དྷཱ་ཏ་ཀིཿ། བ་རུ་ཊ་ཀི །བྱཱས། སུ་དྷཱ་ཏྲྀ། བ་རུ་ཊ། ནཱི་ཥད། ཙཎྜཱལ། བི་ད་སོགས་ལས་ཨིཉ་སྟེ་པྲ་ར་སྟེ་བུད་མེད་ལའོ། །བིད་སོགས་རྣམས་