Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 194
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
ིང་དུ་འགྱུར་ཏེ། ཡ་བེ་དྷྱོ་གཱི་བཱ་ར་ཡ་ཏི། པཱ་པཱནྣི་བརྟྟ་ཡ་ཏི་ཤིཥྱཾ་གུ་ རུཿ། གང་ལས་ལས་ལ་འཇུག་པ་ཞེས་པ་ཅི་ཞེ་ན། ཡ་བེ་བྷྱོ། །གཱཾ་བཱ་ར་ཡ་ཏི་ཀྵེ་ཏྲེ། ཨནྟརྡྷི་ལ་གང་གིས་མི་མཐོང་བར་འདོད་པའོ། །ཨནྟརྡྷི་རྒྱུ་མཚན་གང་གིས་བྱེད་པ་པོའི་བདག་ཉིད་མི་མཐོང་བར་འདོད་པ་དེ་ངེས་པར་ཀུན་འབྱིན་པའི་མིང་དུ་འགྱུར་ཏེ། ཨུ་པ་དྷྱཱ་ཡཱ་དནྟརྡྷཏྟི། ཨ་དྷེ་དང་ཨིང་གི་དོན་བྱེད་པ་པོ་ ལས་ལྕི་བའོ། །ཨ་དྷི་དང་ཨིང་གི་དོན་གྱི་བྱིངས་རབ་ཏུ་སྦྱོར་བར་བྱེད་པ་པོ་གང་ཡིན་པ་དེ་ལས་ལྕི་བ་ངེས་པར་ཀུན་སྦྱིན་པའི་མིང་དུ་འགྱུར་ཏེ། ཨུ་པཱ་དྷྱ་ཡཱ་ད་དྷི་ཏེ། ཨུ་པཱདྷྱ་ཡཱ་ཏ་ཤྲི་ཎོ་ཏི། ཛ་ནི་ལས་རང་བཞིན་ནོ། །བྱེད་པ་པོ་ལས་ཞེས་པ་ཉིད་དེ། ཛ་ནི་ལས་བྱེད་པ་པོའི་རང་བཞིན་གང་ཡིན་པ་དེ་ངེས་པར་ཀུན་སྦྱིན་ པའི་མིང་དུ་འགྱུར་ཏེ། ཤྲྀངྒཱཏྶརོ་ཛཱ་ཡ་ཏི། བྷཱུ་ལས་རབ་ཏུ་བྱུང་བའོ། །བྷཱུ་ལས་བྱེད་པ་པོའི་རབ་ཏུ་བྱུང་བ་གང་ཡིན་པ་དེ་ངེས་པར་ཀུན་སྦྱིན་པའི་མིང་དུ་འགྱུར་ཏེ། ཧི་མ་བ་ཏོགངྒཱ་པྲ་བྷ་བཏི། དེའི་དང་པོ་ཉེ་བར་དམིགས་ཞེས་པའི་དོན་ཏོ། །དེ་འདིའི་སྒྲ་ལ་དྷྲི་ལས་རྒྱུ་དང་འབྲེལ་པའོ། །དེ་འདིའི་ཞེས་པ་གང་སྒྲ་དང་ བློ་ཉིད་ཀྱི་རྣམ་པའོ། །དེ་དག་རྒྱུར་གྱུར་པའི་ཚིག་དོན་གང་ཡིན་པ་དེ་ངེས་པར་ཀུན་སྦྱིན་པའི་མིང་དུ་འགྱུར་རོ། །འབྲེལ་བ་རབ་ཏུ་བསྟན་པ་ནི་འབྲེལ་པ་ལ་ངས་ཨོས་ཨཱམའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །རྟེན་ནི་གཞིའོ། །བྱེད་པ་པོའི་གནས་སམ་ལས་ཀྱི་གནས་བྱ་བའི་དོན་གང་ཡིན་པ་དེ། གཞིའི་ མིང་དུ་འགྱུར་ཏེ། གེ་ཧི་ཏིཥྛ་ཊི་གཞི་རབ་ཏུ་བསྟན་པ་ནི་གཞི་ལ་ངི་ཨོས་སུཔའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཞེས་པ་སཱ་དྷུ་ཀིརྟིའི་འཇམ་དཔལ་གྱི་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྐའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་ པ་ལས་སྐབས་གསུམ་པའི་རྐང་པ་གཉིས་པ་རྫོགས་སོ།། །།འཇམ་དཔལ་མགོན་ལ་ཕྱག་འཚལ་ལོ། །ཨ་ག་ལས་སུ་ཨཽ་ཛ་སའོ། །གཅིག་དང་གཉིས་དང་མང་པོ་རྣམས་ལ་ཞེས་པ་རྗེས་སུ་འཇུག་གོ། །བྱིངས་དང་རྐྱེན་གྱི་ཚིག་བོང་བའི་དོན་ལྡན་པ་གཅིག་ཉིད་ལ་སོགས་པ་བརྗོད་ པར་བྱ་བ་རིམ་པ་བཞིན་དུ་སུ་ཨཽ་ཛས་རྣམས་འགྱུར་ཏེ། དེ་ལ་དོན་གཅིག་ལ་གཅིག་རྗོད་པར་བྱེད་པ་གཅིག་གི་ཚིགས་སུའོ། །གཉིས་པ་གཉིས་ཀྱི་ཚིག་ཨཽའོ། །མང་པོ་རྣམས་ལ་མང་པོའི་ཚིག་ཛས་སོ། །བྲྀཀྵཿ། བྲྀཀྵཽཿ། བྲྀཀྵཱཿ། འདི་དག་གི་གྲངས་རྗོད་པར་བྱེད་པ་ཡང་ཡན་ལག་གི་དོན་ གསལ་བར་བྱེད་པས་ཡན་ལག་གི་དོན་གསལ་བར་བྱེད་པ་པོར་འདོད་དོ། །ཡན་ལག་གི་དོན་ཡང་གསུམ་པ་ཉིད་དོ། །པི་པཀྩ་ཀོ་ནཱ་བི་ཙ་ཏུཥྐ་བི་པ་རཱི་ཏ་ཙ་ཏུཥྐཽ། གང་གི་ཕྱིར་རང་གི་དོན་རྫས་དང་རྟགས་མེད་པ་ཉིད་དུ་ཇི་ལྟ་བར་གནས་སྐབས་ཐམས་ཅད་དུ་འགྲོ་བའི་སྒྲུབ་པ་ལས་ཡན་ལག་ལས་བྱེད་པ་པོ་དང་ གྲངས་དག་མ་ཡིན་ནོ། །སོ་སོའི་རྣམ་དབྱེ་སོ་སོར་བརྗོད་པ་ལའང་ངོ་། །ཁྱད་པར་གཟུགས་ཀྱི་དེ་དག་གི་སྒྲུབ་པ་ཐ་དད་པའི་ཕྱིར། སྤྱིའི་ངོ་བོས་འདི་དག་གི་ཡན་ལག་ལས་གནས་སྐབས་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བིཀྵ་སྱ་བི་ཀྵ་ཙྪཱ་ཡ་ཞེས་པ་འདི་ར་གཉིས་དག་མི་རྟོགས་པའི་ཕྱིར་དང་། རྟགས་གཞན་ གྱི་རྗེས་སུ་འགྲོ་བ་མ་མཐོང་བའི་ཕྱིར། གཉིས་པ་ཡང་སྒྲའི་དོན་ལས་ཡུཥྨད་ལ་སོགས་པ་རྟགས་མེད་པ་ཉིད་དུ་གྲུབ་བོ། །གྲངས་དང་གྲངས་མེད་པ་དག་ལས་སོ། །གྲངས་ཀྱི་སྒྲ་དང་གྲངས་མེད་པ་དག་ལས་ཀྱང་སུ་ཨཽ་ཛས་རྣམས་འགྱུར་རོ། །གཅིག་དང་གཉིས་དང་མང་པོ་རྣམས་རབ་ཏུ་ཐོབ་པར་གྱུར་པ་ ལའོ། །དོན་མེད་པ་དང་མི་སྲིད་པ་དང་མི་ཐོབ་པར་བརྗོད་པའོ། །ཇི་ལྟར། །ཨེ་ཀོག་ཛཿ། དྭཽ་པུ་རུ་ཥཽ་སམྟཱ་ཤྲཱཿཞེས་པ་ལ་སོགས་པ་ཡིན་ཞེ་ན། ཚིག་འདུ་བྱེད་པའི་དུས་ལས་འགྱུར་རོ། །བོད་པ་ལའོ། །གཞན་དུ་མ་ཆགས་པའི་སེམས་ཀྱིས་མངོན་དུ་ཕྱོགས་པར་བྱེད་པ་ནི་བོད་པ་སྟེ། དེ་མངོན་པར་ བརྗོད་པ་ལ་སུ་ཨཽ་ཛས་རྣམས་འགྱུར་རོ། །ཧ་དེ་བ་དཏྟ། ཧེ་བྲྀཀྵ། མ་བརྗོད་པ་ལའོ། །འདི་ནི་དབང་དུ་བྱེད་པ་སྟེ། འདུ་ལས་གཞན་གྱིས་བགྲོད་པའི་རྣམ་པ་དེ་མ་བརྗོད་པའི་ལས་ལ་སོགས་པར་རྟོགས་པར་བྱ་སྟེ། ཀ་ཊཾ་ཀ་རོ་ཏི། དེ་བ་དཏྟེ་ན་ཧསྟེ་ན་ཀྲྀ་ཏཾ། ཡཛྙཱ་དཏྟཱ་ཡ་དེ་ཧི། བྲྀཀྵཱཏྤ་ཏ་ཏི། བྲིཀྵ་སྱ་ཤཱ་ཁཱ། གྲྀ་ ཧེ་ཏིཥྛ་ཏི། འོ་ན་ལྟར། ཀ་ཊཾ་ཀ་རོ་ཏི། བྷཱིཥྨ་མུ་དཱ་རཾ། ཤོ་བྷ་ནཾ་དཪྴ་ནཱི་ཡཾ་ཞེ་ན། ཀ་ཊའི་སྒྲ་ལས་ངེས་པ་འཇུག་པ་སྐྱེད་པས་གཉིས་པ་དང་། དེའི་དོན་ཙམ་གྱི་ཁྱད་པར་ཉིད་ལས་སུ་མངོན་པར་བརྗོད་པའི་ཕྱིར་རོ། །གང་ཞིག་ལས་མངོན་པར་བརྗོད་པའི་བྱིངས་སྒྲུབ་པའི་རྐྱེན་དེ་མ་ ངེས་པའི་ལས་ལ་འཇུག་པའི་ཕྱིར་ཐམས་ཅད་ཀྱིས་དེ་མངོན་པར་བརྗོད་པར་དེར་མ་བསྒྲུབས་པས་གཉིས་པ་ཉིད་དོ། །ཡང་ན། ཀྲྀ་ཏཿ། ཀྲི་ཡ་ཏེ། ཤོ་བྷ་ན་ཨུ་དཱ་ར་ཞེས་པ་ལ་སོགས་པའོ། །དང་པོ་ཡང་རྫས་ལ་རྟེན་པའི་གྲངས་བརྗོད་པར་འདོད་པས་སྒྲུབ་པར་བྱེད་དོ། །ཡང་ན་ལས་ལ་བྱས་ པའི་ཏིང་དང་སུབ་ཀྱིས་དེ་ཙམ་ལ་བརྟེན་པ་གྲངས་ཉིད་ཀྱིས་གོ་བར་བྱེད་པའི་ཕྱིར་རོ། །ཡང་ན་དེའི་རྗེས་སུ་བརྗོད་པར་ནུས་པའི་ཕྱིར་རོ། །གཉིས་པ་ཡིས་ཀྱང་གཉིས་མངོན་པར་བརྗོད་པ་ལས་ནུས་པ་དང་ལྡན་པ་ན་རྫས་བརྗོད་པ་རྣམས་ཉིད་ཀྱིས་རབ་བཞིན་སྐྱེད་པའི་ཕྱིར་རོ། །དེས་ན་ཀ་ཊཾ་ཞེས་པ་འདིར་དང་པོ་མ་ ཡིན་ནོ། །ཡང་ན་ཡན་ལག་ཉིད་མེད། མ་བརྗོད་པ་དང་དོན་མེད་པ་ཉིད་དང་། མི་སྲིད་པ་ཞེས་བརྗོད་པའི་བདེ་བླག་ཏུ་བཤད་ཟིན་ཏོ། །ལས་ལས་ལ་ཨཾ་ཨོཊ་ཤཔའོ། །ལས་ནི་རྣམ་པ་གསུམ་སྟེ། མི་འཇུག་པ་དང་། མི་བྱ་བ་དང་ཐོབ་པ་རྣམས་སོ། །དེ་ལ་ལས་མངོན་པར་བརྗོད་པ་ལ་ཨངྒ་ལས་ཕ་རོལ་ཏུ་ ཨམ་ཨཽཊ་ཤས་རྣམས་འགྱུར་ཏེ། ཀ་ཊཾ་ཀ་རོ་ཏི། ཏཎྜཱུ་ལཱན་ཨོད་ནཾ་པ་ཙ་ཏི། ཨཱ་དཱི་དྱེ་པ་ཤྱ་ཏི། དེ་བཞིན་དུ་ཨ་ཧིམ་ལ་གྷ་ཡ་ཏི། གྲཱ་མཾ་གཙྪན་བྲྀཀྵ་མཱུ་ལཱ་ནྻུ་པ་སརྦ་ཏི། མ་བརྗོད་པ་ཞེས་པ་ཅི་ཞེ་ན། ཀྲི་ཡ་ཏེ་ཀ་ཊ། ཀྲྀ་ཏཿ། ཤ་ཏེ་ན་ཀྲཱྀ་ཏཿ། ཤ་དྱ། ཤ་ཏི་ཀཿ། ཨཱ་རཱུ་ཌྷ་བཱ་ན་ར་སུ་རུཿ། ལས་གཉིས་པ་རྣམས་ ནི་གཉིས་དག་གི་བར་དུ་ལ་སོགས་པའི་ཆོ་གའོ། །གཙོ་བོ་ལ་ནི་ནཱི་ལ་སོགས་པ་དུས་དང་ལམ་དང་ལས་རྣམས་སོ། །གཙོ་བོ་མ་ཡིན་པ་ལ་ནི་དུ་ཧ་ལ་སོགས་པ་རྣམས་སོ། །གཉིས་རབ་ཏུ་བརྗོད་པ་ལ་ནི་ཎིའི་མཐའ་རྣམས་དང་མ་ཡིན་པ་བྱེད་པ་པོ་ལའོ། །འདིའི་དོན་ནི། གཙོ་བོ་ལ་ལས་མངོན་པར་བརྗོད་པ་ནཱི་ལ་སོགས་ པ་རྣམས་དུས་དང་ལམ་དང་ལས་རྣམས་ལ་ལ་སོགས་པར་བརྗོད་དོ། །གཙོ་བོ་མ་ཡིན་པ་ལ་དུ་ཧ་ལ་སོགས་པ་རབ་ཏུ་སྦྱོར་བ་ལ་ཎིའི་མཐའ་དང་ཎིའི་མཐའ་མ་ཡིན་པ་བྱེད་པ་པོ་དང་ཎིའི་མཐའི་གནས་སྐབས་ལ་ལས་ཀྱི་མིང་ཅན་ནོ། །དེས་ན་ནཱི་ཡ་ཏི་བྷཱ་རོ་གྲཱ་མཾ་གྷཱ་རི་ཀེན། ཡང་ན། ཨ་དྷཱི་ཡ་ཏེ་བེ་དོ་མཱོ་སཾ་ཀྲོ་ཤཾ། དུས་ དང་ལམ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། དངོས་པོ་དང་དང་པོའི་ལས་རྣམས་ཀྱང་ངོ་། །གོ་དོ་ཧཾ་བེ་དོ་྅དྷཱི་ཡ་ཏེ། དུ་ཧྱ་དེ་གཽཿ། པ་ཡོ་གོ་པཱ་ལ་ཀེ་ན། ག་མྱ་ཏེ་དེ་བ་དཏྟོ་གྲཱ་མཾ། འཇོ་བ་ལ་སོགས་པ་ལས་གཉིས་དང་རབ་ཏུ་ལྡན་པ་ལ་རིགས་པ་འདིའོ། །དེར་གཅིག་རབ་ཏུ་སྦྱོང་བ་ལ་ཇི་ལྟར་སྲིད་པའོ། །པ་ཡོ་ དུ་ཏྱ་ཏེ། དྷརྨ་པྲོ་ཙྱ་ཏེ་ཞེས་པ་ལ་སོགས་པས་གྲུབ་བོ། །འོ་ན་ཅི་ལྟར་ཨ་ཧ་ར་དྷི་ཏཾ། རཱ་ཏྲི་ར་དྷཱི་ཏཱ། ཨ་ཧ་རཱ་དྱ་དྷྱེ་ཏ་བྱ་ཨེ་པ་གྲནྠེ། ཨ་ཧ་ར་ལ་སོགས་པ་སྒྲའི་འགྲེལ་པའོ། །སམ་ཡཱ། ནི་ཀ་ཥཱ། ཨནྟ་ར། ཨནྟ་རེ་ཎ། ལྡན་པ་ལས་སོ། །ས་མ་ཡ་སོགས་ལྡན་པ་ལས་ཨམ་ཨོཊ་ཤས་འགྱུར་ཏེ། སམ་ཡ་གྲཱ་མཾ། ནི་ཀ་ཥཱ་གྲཱ་མཾ། གྲོང་དང་ཉེ་བ་ཞེས་པའི་དོན་ཏོ། །ཨནྟ་རའི་སྒྲ་ནི་བར་བརྗོད་པའོ། །ཨནྟ་རཱ་ཏྭཱཾ་མཱཉྩ་ཀ་མཎྜ་ལུཿ། ཡང་ན་ཨནྟ་རེ་ཎ། ཨནྟ་རེ་ཎའི་བྲལ་བའི་དོན་ལ་ཡང་བལྟ་བར་བྱའོ། །དཱ་ན་མནྟ་རེ་ཎ་ན་བྷོ་གཿ། ཨནྟ་རམི་ཟད་པའི་སྒྲ་དང་ལྷན་ཅིག་སྤྱོད་པའི་ཕྱིར། ཨནྟ་རེ་ཎའི་སྒྲ་ཡང་མི་ཟད་པ་ཉིད་བཟུང་ངོ་། ། དེས་ན་འདིར་མི་འགྱུར་ཏེ། ཀིནྟེ་ཀེ་ཤ་བཱརྫུ་ན་ཡོ་རནྟ་རེ་ཎ་གཏེ་ན། ཡང་ན་ལཱཀྵི་ཀ་ཏྭེ་ན་དོན་དང་འབྲེལ་པ་ལ་སྒྲུབ་པ་འདི་སྟེ་འབྲེལ་པ་ལ་ནུས་པ་མེད་དོ། །དེས་ན་ཀ་མཎྜ་ལུ་ལ་སོགས་པ་རྣམས་ལ་མ་ཡིན་ཏེ། ཨནྟ་ར་སྦྱོར་བ་ལ་དྲུག་པ་ཡང་ཁ་ཅིག་ཏུ་འདོད་དོ། །དེས་ན་འཆི་བ་དང་སྐྱེ་བའི་སྲིད་པ་དག་གི་བར་དུ་གྱུར་པ་ གང་ཡིན་པ་བགྲོད་བྱའི་ཡུལ་དུ་སྐྱེ་བའི་ཕྱིར་ཞུགས་པ་ནི། ཨནྟ་ར་བྷ་བའོ། །དེ་ལ་འཆི་བ་དང་སྐྱེ་བའི་སྲིད་པ་དག་གི་བར་ནི་ཨནྟ་རཱ་སྟེ་དེར་བྱུང་བ་དྲི་ཟའི་སེམས་ཅན་ནི་ཨནྟ་རཱ་བྷ་བ་ཞེས་བརྗོད་དོ། །བུ་བྷུ་ཀྵི་རཾ་ན་པྲ་ཏི་བྷཱ་ཏི་ཀི་ཙི་ཏ་ཞེས་པ་ནི། ཟ་བར་འདོད་པའི་སྐྱེས་བུ་སོ་སོར་མི་སྣང་ཞེས་པའི་དོན་ཏོ། །ཧཱ་དང་དྷཱི་ཀ་ དག་ལས་བོད་པ་མ་ཡིན་པ་ལའོ། །འདི་དག་པ་ལས་ཨཾ་ཨཽཊ་ཤས་རྣམས་འགྱུར་རོ། །ཧཱ་དེ་བ་དཏྟཾ། དྷིགྡེ་བ་དཏྟཾ། བོད་པ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཧཱ་དེ་བ་དཏྟ་དྷིགྡེ་བ་དཏྟ། ཡཱ་བཏ་དང་ཏེ་ཏཱ་བཏལ་མ་ཡིན་ནོ། །ཨཱ་བཏ་ཀྱི་སྒྲ་སྦྱོར་བ་ཏཱ་བཏ་སྦྱོར་བ་མ་ཡིན་ཞིང་བགྲོང་བྱ་མ་ཡིན་པ་ལ་ཨཾ་ཨཽཊ་ཤས་རྣམས་ འགྱུར་ཏེ། གརྟྟཾ་ཡཱ་བཏ། གྲོག་མའི་ཕྲེང་བའོ། །ཏཱ་བཏ་ལམ་ཡིན་པ་ཞེས་པ་ཅི་ཞེ་ན། ཨཱ་བདྦྷཱུ་རྦྷཱུ་ཏ་དྷཱ་ཏྲཱི། ན་ག་རན་ག་ར་ན་དཱི། བྲྀཀྵ་གུལྨོ་རུ་བ་པྲཱ། ཏཱ་བནྨཱ་རཱ་བ་བྷེཏྟུ་སྟྲི་བྷུ་བ་ན་མ་ཧི་ཏཾ། ཤཱ་ས་ནཾ་ཛཱ་ཛྭ་ལཱི་རུ་ཞེས་པ་འདིར་དྲུག་པ་དང་དང་པོ་དག་བྱེད་པ་ཅན་གྱི་རྣམ་དབྱེ་མ་ཡིན་པའི་ཕྱིར། གཉིས་པ་དང་དང་པོ་ འགོག་པར་འགྱུར་རོ། །གཉིས་པ་ཉིད་ལ་ཨ་དྷི་ལ་སོགས་རྣམས་དང་ངོ་། །ཨ་དྷི་ལ་སོགས་པ་སྦྱོར་བ་ལས་ཏེ་རྣམས་གཉིས་ཉིད་ཡོད་པ་ཨཾ་ཨཽཊ་ཤས་འགྱུར་ཏེ། ཨ་དྷྱ་དྷི་གྲཱ་མཾ། ཨུ་པ་དྻུ་པ་རི་གྲཱ་རི་གྲཱ་མཾ་ཨ་དྷོ་ཨ་དྷོ་གྲཱ་མཾ་གཉིས་ཉིད་ལ་ཞེས་པ་ཅི་ཞེ་ན། ཧརྨྨྱ་སྱོ་པ་རི་ཀཱ་ཀཿ། ཨུ་ པ་རྱུ་པ་རི་བུདྡྷཱི་ནཱཾ་ཙ་རནྟཱི་ཤྭ་ར་བུདྡྷ་ཡཿཞེས་སོ། །གོང་ནས་བློ་གོང་དུའོ་ཞེས་པའི་དོན་ཏོ། །སརྦ་རྣམས་དང་པ་རི། ཨུ་བྷ་ཡ་ལས་ཏས་དང་སརྦ་ལ་སོགས་པ་རྣམས་དང་ཏས་མཐའ་ལྡན་པ་ལས་ཨཾ་ཨཽཊ་ཤས་རྣམས་འགྱུར་ཏེ། སརྦ་ཏོ་གྲཱ་མཾ། དེ་བཞིན་དུ། ཨ་བྷི་ཏཿ། པ་རི་ཏཿ། ཨུ་བྷ་ཡ་ཏཿ། ཨེ་ ན་པ་དང་ཡང་ནའོ། །ཨེ་ན་པ་དང་ལྡན་པ་ལས་ཨམ་ཨཽཊ་ཤས་རྣམས་འགྱུར་རོ། །དཀྵི་ཎེ་ན་གྲཱ་མཾ། དཀྵི་ཎེ་ན་གྲཱ་མ་སྱ། མཚན་ཉིད་དང་ཁྱབ་འདོད་འདི་ལྟར་གྱུར་པ་རྣམས་ལ་ཨ་བྷི་དང་ངོ་། །ཀཉྩི་ཏ་པྲ་ཀཱ་ར་མཱ་པནྣ་ཨིཏྠམྦྷཱུ་ཏཿ། མཚན་ཉིད་ལ་སོགས་པའི་དོན་རྣམས་ཨ་བྷི་དང་ལྡན་པ་ལས་ཨཾ་ཨཽཊ་ཤས་ རྣམས་འགྱུར་ཏེ། བྲྀཀྵ་མ་བྷི་དྱོ་ཏ་ཏེ་བིདྻུ་ད། བྲྀཀྵཾ་བྲྀཀྵ་མ་བྷི་ཥིཉྩ་ཏི། སཱ་དྷུརྡེ་པ་དཏྟོ་མཱ་ཏ་ར་མ་བྷི་པྲ་ཏི། བ་རི་དག་ལ་ཆ་ལ་ཡང་ངོ་། །ལཀྵ་ཎ་ལ་སོགས་པ་རྣམས་ལ་ཞེས་པ་རྗེས་སུ་འཇུག་གོ། །པྲ་ཏི། བ་རི་དག་ལྡན་པ་ལས་ཆ་ལ་ཡང་ཨཾ་ཨཽཊ་ཤས་རྣམས་འགྱུར་རོ། །བྲྀཀྵཾ་པྲ་ཏི་བི་དྷྱོ་ཏ་ཏེ་བི་དྻུ་ར། ཡང་ན་པ་ རིའོ། །བྲྀཀྵཾ་བྲྀཀྵཾ་པྲ་ཏི་ཥིཉྩ་ཏི། ཡང་ན་པ་རིའོ། །པཱ་དྟུ་རྡེ་བ་དཏྟོ་མཱ་ཏ་རཾ་པྲ་ཏི། ཡང་ན་པ་རིའོ། །ཡ་ད་ཏྲཾ་མཱ་པྲ་ཏི་སྱཱཏྟདྡཱི་ཡ་ཏཱཾ། ཡང་ན་པ་རིའོ། །ཨ་ནུ་དང་ཡང་ངོ་། །ལཀྵ་ཎ་ལ་སོགས་པའི་དོན་རྣམས་ཨ་ནུ་དང་ལྡན་པ་ལས་ཨམ་ཨཽཊ་ཤས་རྣམས་འགྱུར་རོ། །བྲྀཀྵ་མ་ནུ་བི་དྱོ་ཏ་ཏེ། བྲྀཀྵཾ་བྲྀཀྵ་མ་ནུ་ཥིཉྩ་ཏི། སཱ་དྷུརྡེ་བ་དཏྟོ་མཱ་ཏ་རཱ་མ་ནུ། ཡ་ད་ཏྲ་མཱ་ནུ་སྱཏྟ་དྡཱི་ཡ་ཏཱཾ། ཧེ་ཏུ་དང་ལྷན་ཅིག་པའི་དོན་ལ་འཇུག་པ་ལ་ཨ་ནུ་དང་ལྡན་པ་ལས་ཨམ་ཨཽཊ་ཤས་འགྱུར་ཏེ། གསུམ་པའི་དམིགས་བསལ་གྱི་དོན་ལ་འདི་སྦྱོར་རོ། །མ་ཧཱ་མེ་གྷ་སཱུ་ཏྲ་མ་ནུ་བཪྵ་ཏི། ཤི་ཥྱ་མ་ནུ་བ་ས་ཏི། ཨུ་ཏ་ཀྲྀཥྚ་ལས་དམན་པ་ལའོ། །དམན་པའི་དོན་ལ་འཇུག་པ་ཨ་ནུ་དང་ལྡན་པ་ལས་ཨུརྗ་ཥྚ་ལས་སཾ་ཨཽཊ་ཤས་རྣམས་འགྱུར་ཏེ། དམན་པ་དང་ཕུལ་དུ་བྱུང་བ་གསལ་བར་བྱེད་པ་ལའོ། །ཨ་ནུ་བཽ་དྡྷི་བཱ་དི་ན། སངས་རྒྱས་པ་ལས་གཞན་པའི་སྨྲ་བ་པོ་རྣམས་མཆོག་མ་ཡིན་ཞེས་པའི་དོན་ཏོ། །ཨུ་པ་དང་ངོ་ དམན་པའི་དོན་ལ་འཇུག་པ་ལ་ཨུཔ་དང་ལྡན་པ་ལས་ཨུརྐྲྀཥྚ་ལས་ཨམ་ཨཽཊ་ཤས་འགྱུར་ཏེ། ཨུབ་སརྦ་ཛྙ་མ་ནྱེ་ཤཱསྟཱ་རཿ། དུས་དང་ལམ་དག་ལ་ཁྱབ་པ་ལའོ། །རྫས་དང་ཡོན་ཏན་དག་གི་ཁྱད་པར་དང་ལྡན་པའི་ཁྱབ་པ་སྟེ་དུས་དང་ལམ་བརྗོད་པ་ཁྱབ་པ་རྟོགས་པར་བྱེད་པ་ལ་ཨཾ་ཨཽཊ་ཤས་འགྱུར་ཏེ། མཱ་སཾ་ ཀ་ལྱཱ་ཎཱི། མཱཾ་སཾ་ཀུ་ཌ་དྷཱ་ནཱ། ཀྲོ་ཤཾ་ཀུ་ཊི་ལ་ན་དཱི། ཀྲོ་ཤཾ་སརྦ་ཏཿ། བྱ་བས་ཁྱབ་པ་ལ་ནི་ལས་ཉིད་དོ། །དུས་ཀྱི་དངོས་པོ་བསྟན་པ་དང་ལམ་རྣམས་ལ་ཐམས་ཅད་དུ་ལས་དང་བཅས་པ་ཉིད་ཀྱི་ཕྱིར་གང་ཁྱད་པར་ལས་དང་བཅས་པ་དང་ལས་མེད་པ་དང་གཞན་ཡང་ལས་ཅན་དང་ཡོན་ཏན་དང་རྫས་རབ་ཏུ་སྦྱོར་བ་ རྟོགས་པར་བྱེད་པ་ལ་གང་གི་ཚེ་སྤྲོས་པའི་དོན་ཉིད་དུ་སྦྱོར་བ་འདིའོ། །མ་ཁྱབ་པ་ལ་ནི་མཱ་ས་སྱ་དྭི་ར་དྷཱི་ཏེ་ཞེས་པ་འདིར་གཞི་བརྗོད་པར་འདོད་པ་ལ་དྲུག་པའོ། །མཱ་སེ་ནཱ་དྷཱི་ཏོ་གྲནྠཿ། ཀྲོ་ཤེ་ནཱ་དྷཱི་ཏེ་ཞེས་པ་འདིར་ཨ་དྷྱ་ཡན་དང་ཨ་པ་བརྒ་དུས་དང་ལམ་ལ་སྒྲུབ་པ་ལ་མ་རུ་འཆད་པར་མི་འདོད་པ་ལ་གསུམ་པའོ། ། མཱ་ས་མ་དྷཱི་ཏོ་གྲནྠོ་ན་གྲནྠེ་ན་གྲྀ་ཧཱི་ཏེ་ཞེས་པ་འདིར་སྒྲུབ་པ་ལ་མ་རུ་མེད་པའི་ཕྱིར། བྱ་བས་ཁྱབ་པ་ལ་ནི་གཉིས་པ་ཉིད་དོ། །བྱེད་པ་ལ་ཊཱ་བྷྱཱམ་བྷིསའོ། །བྱེད་པ་པོའི་བྱེད་ཅན་ལ་ཨདྒ་ལས་ཕ་རོལ་དུ་ཊཱ་བྷྱཱམ་བྷིས་འགྱུར་རོ། ཙཻ་ཏྲེ་ཎ་ཀྲྀ་ཏཾ། ཡང་ན་ཀ་རི་ཏཾ། བྱེད་པ་ལ་ཡང་ངོ་། །བྱེད་པའི་བྱེད་པ་ཅན་ལ་ཊཱ་བྷྱཱམ་ བྷིས་འགྱུར་ཏེ། དཱ་ཏྲེ་ཎ་ལུ་ནཱ་ཏི། པ་རི་ཀྲཱྀ་ལས་བཞི་པའང་ངོ་། །པ་རི་ཀྲཱྀ་ཎཱ་ཏི་ལས་བྱེད་པ་ལ་ཊཱ་བྷྱམ་བྷིས་འགྱུར་ཞིང་བཞི་པའང་ངོ་། །ཤ་ཏེ་པ་རི་ཀྲཱི་དོ྅ནུ་ཤྲཱ་ཧི། ཤཏཱ་ཡ་པ་རི་ཀྲྀ་ཏོ྅ནུ་བྲཱུ་ཧི། ལྷན་ཅིག་པའི་དོན་དང་ངོ་། །ལྷན་ཅིག་པའི་དོན་དང་ལྡན་པ་ལས་ཊཱ་བྷྱཱམ་བྷིས་འགྱུར་ཏེ། པུ་ཏྲེ་ཎ་ལུ་ནཱ་ཏི། དེ་བཞིན་དུ་སཱ་ ཀཾ། སཱརྟཱ། ས་མཾ། སཛཱུཿ། ལྷན་ཅིག་སྦྱོར་བ་ལ་གསུམ་པའང་དྲུག་པ་བཞིན་གཙོ་བོ་མ་ཡིན་པ་ཉིད་ལས་འགྱུར་རོ། །མཚན་ཉིད་ལའོ། །མཚན་ཉིད་ལ་འཇུག་པ་ལས་ཊཱ་བྷྱཱམ་བྷིས་ཊ་འགྱུར་ཏེ། ཙཱི་བ་རེ་ཎ་བྷིཀྵུ་མ་དྲཱཀྵཱིཏ། ཨཀྵྞཱ་ཀ་ཎ། པཱ་དེ་ན་ཁཉྫཿ། པཱ་ཙཱ་ཀུཎྛཿ། བྲཱ་ཡེ་ཎ་ཡཱཛྙི་ཀཿ། གོ་ཏྲེ་ཎ་གཱརྒྱཿ། འདིར་ཡང་འགྱུར་ཏེ་གང་གི་ཚེ་བྱ་བ་ལ་ལྟོས་ནས་བྱེད་པ་ཉིད་བརྗོད་པར་འདོད་པ་དེའི་ཚེ་སྤྲོས་པའི་དོན་ཉིད་དོ། །དེ་བཞིན་དུ་ས་མེ་ན་དྷཱ་བ་ཏི། བི་ཥ་མེ་ཎ་དྷཱ་བ་ཏི། འདིར་བྱ་བའི་ཁྱད་པར་ལ་ལས་ཀྱི་མིང་སྟེ། ས་མ་དྷཱ་བ་ཏི་ཞེས་པ་ཉིད་དུ་འགྱུར་རོ། །དྭི་དྲོ་ཎེ་ན་དྷཱ་ནྱཾ་ཀྲཱི་ཎཱ་ཏི། པཉྩ་ཀེ་ན་པ་ཤཱུན་ཀྲཱི་ཎཱ་ཏི། འདིར་གང་ གི་ཚེ་ལས་བརྗོད་པར་འདོད་པ་དེའི་ཚེ། དྭི་དྲོ་ཎཾ་ཀྲཱི་ཎཱ་ཏི་པཉྩ་ཀཾ་ཀྲཱི་ཎཱ་ཏི་ཞེས་པ་ཉིད་དུ་འགྱུར་རོ། །སཾ་ཛ་ན་ལས་ལས་ལ་ཡང་ནའོ། །སཾ་སྔོན་མའི་ཛཱ་ནཱ་ཏི་ལས་ལས་གང་ཡིན་པ་དེ་ལས་ཊཱ་བྷཱམ་བྷྱས་ཡང་ན་འགྱུར་ཏེ། མཱ་ཏྲཱ་རཾ་ཛཱ་ནཱི་ཏེ། རྒྱུ་ལའོ། །འབྲས་བུ་སྒྲུབ་པ་དང་ལྡན་པའི་དངོས་པོ་ལ་ འཇིག་རྟེན་ན་རྒྱུ་ཞེས་བྱ་སྟེ། དེ་ལ་ཊཱ་བྷྱཱམ་བྷིས་འགྱུར་རོ། །ཨནྣེ་ན་བ་ས་ཏི། བི་དྱ་ཡཱ་ཤཿ། རྒྱུ་ལ་རག་ལས་པ་ནི་བྱེད་པ་པོ་དང་བྱེད་པ་པོ་ལ་རག་ལས་པ་ནི་བྱེད་པ་སྟེ། རྒྱུ་དང་བྱེད་པ་དག་ཐ་དད་མེད་དོ། །བུ་ལོན་ལ་ལྔ་པ་སྟེ་བྱེད་པ་པོ་ལ་མ་ཡིན་ནོ། །བྱེད་པ་པོ་བོར་བའི་བུ་ལོན་གང་ཡིན་པ་རྒྱུར་གྱུར་པ་དེ་ལ་ ལྔ་འགྱུར་ཏེ། ཤ་ཏཱ་དྦདྡྷཿ། བྱེད་པ་པོ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཤ་ཏེ་ན་བནྡྷི་ཏཿ། ཡོན་ཏན་ལས་ཡང་ནའོ། །ཕ་རོལ་གྱི་ཨངྒཱར་གྱུར་པའི་རྒྱུ་ལ་ལྔ་པ་འགྱུར་ཏེ། ཛཱ་ཌྷྱ་དབཱ་དྡྷཿ། ཛཱ་ཌྱ་ན་བདྡྷཿ། ཨུ་པ་ལ་བདྡྷཿ། སན་ཨུ་པ་ལ་བྷྱས་ན། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཁ་ཅིག་ཏུ་གསུམ་པ་ཉིད་དོ། ། བུདྡྷཱ་མུཀྟཿ། པྲ་ཛྙ་ཡཱ་མུཀྟཿ། ཧེ་ཏུ་སྦྱོར་བ་ལ་དྲུག་པའང་ངོ་། །ཧེ་ཏུའི་སྒྲ་དང་སྦྱོར་བ་དྲུག་པ་སྟེ་རྒྱུ་ལའང་འགྱུར་ཏེ། ཨནྣ་སྱ་ཧེ་ཏོརྦ་ས་ཏི། ཨདྷྱ་ཡ་ན་སྱ་ཧེ་ཏོརྦ་ས་ཏི། སརྦ་རྣམས་ཏེ་སརྦ་ནཱ་མ་རྣམས་ཧེ་ཏུའི་དོན་དང་ངོ་། །ཧེ་ཏུའི་དོན་དང་སྒྲ་དག་སྦྱོར་བ་ལས་སརྦ་ནཱ་མ་རྣམས་ལས་སརྦའི་རྣམ་དབྱེ་རྣམས་ འགྱུར་ཏེ། ཧེ་ཏུའི་དོན་རྣམས་ཀྱང་ངོ་། །ཀེ་ན་ཧེ་ཏུ་ནཱ་བ་ས་ཏི། ཀསྨཱ་དྡྷེ་ཏོརྦ་ས་ཏི། ཀ་སྱ་ཧེ་ཏོརྦ་ས་ཏི། ཀ་སྱ་ཧེ་ཏོརྦ་ས་ཏི། ཀསྨིན་ཏེ་ཏཽ་བ་ས་ཏི། ཨུ་བྷཱ་བྷྱཱཾ་ཀཱ་ར་ཎཱ་བྷྱཱཾ་བ་ས་ཏི། ཨུ་བྷ་ཡོ། ཕྲ་ཡོ་ཛ་ན་ཡོརྦ་ས་ཏི། སརྦ་ནཱ་མ་རྣམས་ལས་ཞེས་པ་ཅི་ཞེ་ན། ཨནྣ་སྱ་ཧེ་ཏོརྦ་ས་ཏི། རྒྱུའི་དོན་རྣམས་ལ་ཞེས་པ་ཅི་ཞེ་ན། ཏེ་ནཱརྠེ་ན་བ་ས་ཏི། མིང་གཙོ་བོ་མ་ཡིན་པ་རྣམས་ལས་ནི་དགག་པ་ཉིད་ལས་སརྦ་ནཱ་མའི་བྱ་བ་མེད་པས། ཨ་ཏི་སརྦ་སྱ་ཏེ་ཏོ་སརྦ་ཏི་ཞེས་པ་ཉིད་དུ་འགྱུར་རོ། །ཡང་དག་པར་རབ་ཏུ་སྦྱིན་པ་ལ་དེ་བྷྱཾ་བྷྱསའོ། །ཡང་དག་པར་རབ་ཏུ་སྦྱིན་པའི་བྱེད་པ་ཅན་ལ་དེ་བྷྱམ་བྷྱས་འགྱུར་ཏེ། བྲཱཧྨ་ཎཱ་ཡ་གཱཾ་ད་དཱ་ཏི། གུར་བེ་བསྟྲཾ་ད་དཱ་ཏི། ཙཻ་ཏྱཱ་ཨ་པུཥྤེ་ད་དཱ་ཏི། ན་མཿསྭ་སྟི། སྭཱ་ཧཱ། སྭ་དྷཱ། བཥཿ། ནུས་པའི་དོན་དང་ངོ་། །སྒྲ་འདི་རྣམས་དང་ལྡན་པ་ལས་དེ་བྷྱཱམ་བྷྱཱས་འགྱུར་ཏེ། ན་མཿསརྦ་ཛྙཱ་ཡ། སྭསྟི་པྲ་ཛཱ་ཡ། སྭཱ་ཧཱ་ཨགྣ་ཡེ། སྭ་དྷཱ་པི་ཏྲྀ་བྷྱཿ། བ་ཥ་ཌིནྡྲཱ་ཡ་ནུས་པའི་དོན་དང་སྦྱོར་བ་ལ་ཨ་ལམྨལློ་མལླཱ་ཡ། དེ་བཞིན་དུ་བྲ་བྷུཿ། སམྲྠ་ཞེས་པ་ལ་སོགས་ པའོ། །དེའི་དོན་ལའོ། །དེའི་ཆད་ཀྱི་དོན་ནི་དེའི་དོན་གྱི་དངོས་པོ་སྟེ་དེ་མངོན་པར་བརྗོད་པ་ལ་ད་བྷྱམ་བྷྱས་འགྱུར་ཏེ། རནྡྷ་ནཱ་ཡ་སྠཱ་ལཱིཿ། ཡཱུ་པཱ་ཡ་དཱ་རུཿ། བྱིངས་དོན་ལ་དེའི་ཆེད་ཀྱི་དོན་ལ་ཡང་འགྱུར་ཏེ། ཏེ་ན་ཤྲདྡྷཱ་ཡ་ནི་ག་ནི་ག་ཧླ་ཏེ། ཡུདྡྷཱ་ཡ་སནྣ་ཧྱ་ཏེ། པ་ཏྱེ་ཤེ་ཏེ། བྷ་ཡ་ནི་དཏྟ་སཱི་ཏཱ་ཡཻ་ཞེས་པ་ལ་སོགས་པ་ འགྲུབ་བོ། །བྱིངས་རྣམས་ཀྱི་བགྲོད་པ་དེ་ལས་ལའོ། །བྱིངས་རྣམས་ཀྱི་རབ་ཏུ་སྦྱོར་བ་བགྲོད་བྱ་གང་ཡིན་པ་དེའི་མཐའི་བྱིངས་དེའི་ལས་ལ་དེ་བྷྱཱམ་བྷྱས་འགྱུར་ཏེ། ཨེ་དྷེ་བྷྱོ་བྲ་ཛ་ཏི། མཱུ་དྲ་ཡ་ཀལྤ་ཏེ། ཡ་བ་གཱུ། ཨེ་དྷཱ་ནཱ་ཧརྟུཾ་མཱུ་ཏྲཾ། རབ་ཏུ་སེམས་ཞེས་པའི་དོན་ཏོ། །དེ་བཞིན་དུ་པཱ་ཀཱ་ཡ་བྲ་ཛ་ཏི། པཀྟ་ཡེ་ འཚེད་འདོད་པས་འགྲོ་ཞེས་པ་འདིའི་དོན་ཡིན་པ་དེའི་ཚེ་གསལ་བ་ཁོ་ནར་དེའི་ཆེད་དུ་སྟེ་དེའི་དོན་ལ་བཞི་པའོ། །ཨཱ་ད་པཱ་ཡ་ལོ་ཧི་ནི་བི་དྻུ་ད། པཱ་ཏཱ་ཡ་ཀ་པི་ལི་ཀ་བི་དྻུར་ཞེས་པ་དེའི་ཆེད་ལ་བཞི་པའོ། །ངེས་པར་ཀུན་སྦྱིན་པ་ལ་ང་སི་བྷྱཱམ་བྷྱསའོ། །ངེས་པར་ཀུན་སྦྱིན་པའི་བྱེད་པ་པོ་ལ་ང་སི་བྷྱཱམ་བྷྱས་འགྱུར་ཏེ། གྲཱ་ མཱངྒཙྪ་ཏི། དྷཱ་པ་ཏོ྅་ཤཱཏ་པ་ཏི་ཏ། དེ་བཞིན་དུ་འདྲི་པ་དང་བཤད་པ་དག་ལ་ཡང་སྟེ། ཀུ་ཏོ་བྷ་བཱ་ན་པཱ་ཊ་ལི་པུ་ཏྲཱ་ཏ། ལྱཔ་མ་བསྟན་པ་དང་ལས་འཛིན་པ་དག་ལའོ། །ལྱཔ་ཀྱི་མཐའི་བྱིངས་ལས་མ་བསྟན་པ་དང་ལས་འཛིན་པ་དག་ལ་ང་སི་བྷྱཾ་བྷྱས་འགྱུར་ཏེ། བྲ་སཱ་དཱ་ཏ་པྲེཀྵ་ཏེ། ཨཱ་ས་ནཱ་ཏ་པྲེཀྵ་ཏེ། ཁང་བཟངས་ སུ་ཞུགས་ཏེ་སྟན་ལ་ཉེ་བར་འདུག་ནས་རབ་ཏུ་ལྟ་བར་བྱེད་པ་ཞེས་པའི་དོན་ཏོ། །ཨ་ནྱའི་དོན་དང་ཨི་ཏ་ར། ཨཱ་རཱ་ཏ། དི་ཀ། ཤབྡ། ཨཉྩུ། ཨུཏྟ་ར། ཨ་ཙ་དང་། ཧི། སྦྱོར་བ་ལའོ། །ཨ་ནྱ་ལ་སོགས་པའི་སྒྲ་སྦྱོར་བ་དང་ཨཙ་དང་ཧིའི་རྐྱེན་གྱི་མཐའ་དག་ལའང་སི་བྷྱཱམ་བྷྱས་འགྱུར་ཏེ། ཨ་ནྱོ་དེ་བ་དཏྟཱ་ཏ། བྷིནྣོ་དེ་བ་ དཏྟཱ་ཏ། ཨིར་ཞེས་པས་ངེས་པར་སྟོན་པ་ནི་སྦྱོར་བ་སོ་སོའི་དངོས་པོ་བརྗོད་པའོ། །ཨི་ཏ་རོ་དེ་བ་དཏྟཱ་ཏ། ཨཱ་རཱ་ཏ་རོ་དེ་བ་དཏྟཱ་ཏ། ཀརྨ་བྷྱོ་ཡཱ་ཏ་ཨཱཪྻཿ། པུརྦཿ། སུ་མེ་རོཿ། སུརྦ་བི་དེ་ཧཿ། སྒྲ་སྨོས་པ་ནི་ཡུལ་དང་དུས་ལ་སྦྱོར་བ་ལ་ཡང་ཇི་ལྟ་བ་བཞིན་དུ་འགྱུར་ཞིང་ཨི་ཏ་ར་ཐ་ཕྱོགས་ལ་འཇུག་པ་ཉིད་དུ་འགྱུར་རོ།། པྲཱགྒྲཱ་ ཨཱཏ། ཨཉྩུ་དང་ཨུཏྟ་ར་སྨོས་པ་ནི་བུ་ར་སྟཱད་ཀྱི་དམིགས་བསལ་གྱི་དོན་ཏོ། །དཀྵི་ཎཱ་གྲཱ་མཱཏ། དཀྵི་ཎཱ་ཧི་གྲཱ་མཱ་ཏ། དཀྵི་ཎཱ་ཧི་གྲཱ་མཱ་བྷྱཱཾ། གང་ལས་དུས་དང་ལམ་དག་འཇལ་བའོ། །གང་ལས་དུས་དང་ལམ་དག་འཇལ་བར་གྱུར་བ་དེ་ལས་ང་སི་བྷྱཱམ་བྷྱས་འགྱུར་ཏེ། ཀཱ་རྟྟི་ཀྱ་ཨཱ་གྲ་ཧཱ་ཡ་ཎཱི་མཱ་ཡེ། ཡཱ་ན་ན་ག་རཱཏ་ པྲ་ཏ་པ་ཤཱི་ལ་ཤྩ་ཏྭཱ་རི་ཡོ་ཛ་ནཱ་ནི། ཨ་དྷ་མ། ཨུཏྟ་མ། བཱ་ལ་སོགས་ཀྱི་དོན་དང་སྦྱོར་བ་ལ་ང་སི་བྷྱཱམ་བྷྱས་འགྱུར་ཏེ། དེ་བ་དཏྟཱ་ད་དྷ་མཿ། དེ་བ་དཏྟཱ་དྡྷཱི་ནཿ། དེ་བ་དཱཏྟཱ་དུཏྟ་མཿ། དེ་བ་དཏྟཱདྦཱ་ལཿ། ཏ་ཏོ་བ་ཧུ་ཏ་རཾ། ཏ་ཏོ་ ལ་གུ་ཏ་རཾ། པཱ་པཱཏ་པཱ་པཱི་ཡ། པ་རི་དང་ཨ་པ་དག་འདོར་བ་ལའོ། །འདོར་བ་ལ་འཇུག་པའི་པ་རི་དང་ཨ་དག་སྦྱོར་བ་ལ་ང་སི་བྷྱཱམ་བྷྱས་འགྱུར་ཏེ། པ་རི་ཏྲི་གརྟི་བྷྱ་བྲྀཥྚོ་དེ་བཿ། ཨ་པ་ཏི་གརྟྟེ་བྷྱོ་བྲྀཥྚ་དེ་བཿ། དོང་ཀྲ་བོར་ནས་ལྷས་ཆར་ཕབ་ཆེས་པའི་དོན་ཏོ། །ཁྱབ་པ་དང་ལུགས་ལ་སོགས་པ་ལས་ཨཱང་དང་ ངོ་། །ཁྱབ་པ་དང་ལུགས་དག་ལ་འཇུག་པ་ཨཱང་དང་སྦྱོར་བ་ལ་ང་སི་བྷྱཱམ་བྷྱས་འགྱུར་ཏེ། ཨཱ་པ་ཊ་ལི་པུ་ཏྲཱ་ཏ་བྲྀཥྚོ་དེ་བཿ། ཨཱ་སུ་མུ་དྲཱ་དྦྲྀཥྚོ་དེ་བཿ། གྲོང་ཁྱེར་པཱ་ཊ་ལི་པུ་ཏྲ་ར་རྒྱ་མཚོའི་མཚམས་སུ་མངོན་པར་ཁྱབ་པའི་ཆར་བབ་ཅེས་པའི་དོན་ཏོ། །ཁྱབ་པ་དང་ལུགས་དག་ལ་ཞེས་པ་ཅི་ཞེ་ན། ཅུང་ཟད་ཀྱི་ དོན་གྱི་བྱ་བ་སྦྱོར་བ་དག་ལ་མི་འགྱུར་པ་སྟེ། ཨཱ་པིདྒ་ལཿ། ཨཱ་ག་ཏཿ། པྲྀ་ཐབ། ནཱ་ནཱ་དག་ལ་གསུམ་པ་ཡང་ནའོ། །པྲྀ་ཐག་ནཱ་ནཱ་དག་ལྡན་པ་ལས་ང་སི་བྷྱཱམ་བྷྱས་ཡང་ན་འགྱུར་ཞིང་གསུམ་པ་ཡང་ངོ་། །པྲྀ་ཐག་དེ་བ་དཏྟཱ་ཏ། པྲྀ་ཐགྡེ་བ་དཏྟེ་ན། ནཱ་ནཱ་དེ་བ་དཏྟཱ་ཏ། ནཱ་ནཱ་དེ་བ་དཏྟེ་ན། སྟོ་ཀ། ཨལྤ། ཀྲྀཙྪྲ། ཀ་ཏི་ཀ་པ་ཡ་ལས་སེམས་ཅན་མ་ཡིན་པ་བྱེད་པ་ལའོ། །གསུམ་པ་ཡང་ན་ཞེས་པ་ཉིད་དེ་སྟོ་ཀ་སོགས་རྣམས་ཉིད་ལས་སེམས་ཅན་མ་ཡིན་པ་རྗོད་པར་བྱེད་པ་པོ་ལ་ང་སི་བྷྱཱམ་བྷྱས་འགྱུར་ཞིང་གསུམ་པའང་ཡང་ནའོ། །སྟོ་ཀཱནྨུཀྟཿ། སྟོ་ཀེ་ན་མུཀྟཿ། ཨལྤཱནྨུཀྟཿ། ཨལྤེ་ན་མུཀྟཿ། ཀྲྀཙྪྲནྨུཀྟཿ། ཀྲྀཙྪྲ་ཎ་མུཀྟེཿ ཀ་ཏི་པ་ཡཱནྨུཀྟཿ། ཀ་ཏི་པ་ཡེ་ན་མུཀྟཿ། སེམས་ཅན་གྱི་དོན་མ་ཡིན་པ་ལས་ཞེས་པ་ཅི་དེ་ན། སྟོ་ཀ་བི་ཥེ་ཎ་ཧ་ཏཿ། བྱེད་པ་ལ་ཞེས་པ་ཅི་ཞེ་ན། སྟོ་ཀམྤ་ཙ་ཏི། པྲ་ཏི་དང་ལྡན་པ་ནི་པྲ་ཏི་ནི་བྷི་དཱ་ན་དག་ལས་སོ། །གཙོ་བོ་དང་འདྲ་བ་ནི་པྲ་ཏི་ནི་དྷིའོ། །བྱིན་པ་ལས་ལན་དུ་ཕྱིར་སྦྱིན་པ་ནི་པྲ་ཏི་དཱ་ནའོ། །པྲ་ཏི་ནི་ དྷི་དང་པྲ་ཏི་དཱ་ན་དག་ལ་འཇུག་པ་པྲ་ཏི་དང་ལྡན་པ་ལས་ང་སི་བྷྱཱམ་བྷྱས་འགྱུར་ཏེ། ཨ་བྷི་མ་ནུ་ཛྫ་ཏཿ། པྲ་ཏི། མཱ་སཱ་ན་སྨཻ་ཏི་ལེ་བྷྱཿ། པྲ་ཏི་པྲཙྪ་ཏི། པྲི་ཏི་ནི་དྷི་དང་པྲ་ཏི་དཱ་ན་དག་ལ་ཞེས་པ་ཅི་ཞེ་ན། བྲྀཀྵཾ་པྲ་ཏི་བི་དྱོ་ཏ་ནེ་བིདྱུ་ཏ། རི་ཏེ་ལ་གཉིས་པའང་ཡང་ནའོ། །རི་ཏེའི་སྒྲ་དྶང་སྦྱོར་བ་ལ་གཉིས་པ་ཡང་ ན་དང་ངས་བྷྱམ་བྷྱས་ཀྱང་ངོ་། །རྀ་ཏེ་པཱ་ཏྭཱ་ཏ། རྀ་ཏེ་པཱ་ཏྭཱཾ། བི་ནཱ་ལ་གསུམ་པ་ཡང་ངོ་། །བི་ནཱི་སྒྲ་དང་སྦྱོར་བ་ལ་ང་སི་བྷྱཾ་བྷྱས་འགྱུར་ཞིང་། གཉིས་པ་དང་གསུམ་པའང་ཡང་ནའོ། །བི་ནཱ་བཱ་ཏཱ་ཏ། བི་ནཱ་བཱ་ཏཾ་བི་ནཱ་བཱ་ཏེ་ན། དཱུ་རཾ་གྲཱ་མཱ་ཏ། ཨཱནྟི་ཀ་གྲཱ་མཱཏ་ཞེས་རྟོགས་པར་བྱེད་པ་ལ་ག་ལ་སོགས་པའི་ ཚིག་རབ་ཏུ་གསལ་ལོ། །དཱུ་རཾ་གྲཱ་མ་སྱ། ཨནྟི་ཀཾ་གྲཱ་མ་སྱ་ཞེས་པ་ལས་ལ་གཉིས་པའོ། །ངེས་པར་ཀུན་སྦྱིན་པ་ལ་ལྔ་པ་དང་འབྲེལ་བ་ལ་དྲུག་པ་སྟེ། དྷུ་རེ་ཎ་ག་ཏཿ། ཨནྟི་ཀེ་ན་ག་ཏཿ། དཱུ་རཱ་དཱ་ག་ཏཿ། ཨནྟི་ཀ་དཱ་ག་ཏཱཿ། དཱུ་རེ་ཏིཥྛི་ཏེ། ཨནྟི་ཀེ་ཏིཥྛི་ཏེ། ལཾ་ལ་སོགས་པའི་ཁྱད་པར་རྟོགས་པར་བྱེད་པའི་ ཕྱིར་རང་གི་དོན་ཉིད་ལ་རྣམ་དབྱེ་རྣམས་སོ། །སེམས་ཅན་མ་ཡིན་པའི་བརྗོད་པ་རབ་ཏུ་བརྗོད་པ་ལ་ནི་ཉེ་བར་བརྟག་པར་མི་བྱ་བ་ཉིད་དོ། །ན་ཧི་ཏ་སྟེ་ན་ག་མྱ་ཏེ། ཏསྨིན་བཱ་སྠཱི་ལ་ཏེ་ཞེས་པ་དང་། དཱུ་རཾ་པནྠཱཿ། ཨནྟི་ཀཾ་བནྠཱ་ཞེས་པས་བྱ་བའི་ཁྱད་པར་དུ་གྱུར་པ་རྟོགས་པར་བྱེད་དོ། །འབྲེལ་བ་ལ་ངས་ཨོས་ ཨཱམའོ། །རང་གི་རྗེ་བོ་ལ་སོགས་པའི་མཚན་ཉིད་ནི་འབྲེལ་བ་སྟེ་མང་པོའོ། །དེ་ལ་འབྲེལ་བ་ལ་ངས་ཨོས་ཨཱམ་འགྱུར་རོ། །རཱ་ཛྙཱཿ། པུ་རུ་ཥ། རཱ་ཛྙཱཿཔུ་ཏྲཿ། འབྲེལ་བ་གཉིས་ཀྱང་གཙོ་བོ་མ་ཡིན་པ་ཉིད་ལས་དྲུག་པར་འགྱུར་རོ། །དེ་ལྟར་བརྗོད་པའི་ཤུགས་ལས་ཏིང་གི་མཐའ་ཡང་འབྲེལ་བ་འགྱུར་བ་ཉིད་ དེ། གྷྲྀ་ཏཿ། པྲྀཥྚཾ་ད་དཱ་ཏི། དྷཱནཱ་ནཱ་པི་ནིཥྚི། མཱ་ཥཱ་ཎ་མ་ཤྣཱི་ཡཱ་ཏ། སྟཱ་དའི་དོན་དང་ངོ་། །དིཀ་ཞེས་པ་ལ་སོགས་པས་སྟཱ་ཏཾ་འཆད་པར་འགྱུར་དེ་འདིའི་སྨོས་པ་ནི། སྟཱད་ཀྱི་དོན་ཏེ། དེ་ཕན་གྱི་མཐའ་དང་སྦྱོར་བ་ངས་ཨོས་ཨཱཾ་འགྱུར་ཏེ། པུ་རོ་གྲཱ་མ་སྱ། དཀྵི་ཎ་ཏོ་གྲཱ་མ་སྱ། ཨུ་པ་རི་ཤཻ་ལ་སྱ། དེ་བཞིན་དུ་ཨུ་པ་ རིཥྚ་ཏ། ཨདྷཿ། ཨ་དྷ་སྟཱཏ། ཁ་ཅིག་ཏུ་དམིགས་བསལ་གྱི་ཡུལ་ལ་སྤྱིར་བཏང་འཇུག་པས་ཞེས་ན། ཏ་ཏཿཔཤྩཏ། ཏ་ཏ་ཨུ་པ་རིཥྚཱ་ཏ། ཀ་ཕོ་ཎིཿ། ཀུ་རུ་རཱ་ད་དྷ་ཞེས་པ་ལ་སོགས་པར་ཡང་འགྱུར་རོ། །ཀྲྀ་ཏྭའི་དོན་དང་གཞི་དང་དུས་ལ་ཡང་ནའོ། །གྲངས་ལས་བྱ་བ་ལ་འཇུག་པའི་ཚོགས་ལ་ཀྲྀ་ཏྭ་ཀུན་དུ་འཆད་ པར་འགྱུར་བ་དང་དེ་འདིའི་ཞེས་སྨོས་པས་གཞིར་གྱུར་པ་དང་དུས་ལ་ཀྲྀ་ཏྭཱི་དོན་དང་རྐྱེན་གྱི་མཐའ་སྦྱོར་བ་ལ་ངས་ཨོས་ཨཱམ་འགྱུར་ཏེ། པཉྩ་ཀྲྀ་ཏྭོ྅ཧྣོ་བྷུཾ་ཀྟེ། ཨ་ཧ་ནི་བྷ། ཙ་ཏུ་རཧྣོ་བྷུཾ་ཀཏེ། ཨ་ཧ་ནི་བཱ། གཞི་ལ་ཞེས་པ་ཅི་ཞེ་ན། ཏྭི་རཧྣཱ་བྷཱུཾཀྟེ། དུས་ལ་ཞེས་པ་ཅི་ཞེ་ན། དྭཱིཿཀནྶ་པ་ཏྲྱཾ་བྷཱུཾཀྟེ། འཁྲུལ་པ་ལ་ཛྙཱ་ལས་ བྱེད་པའོ། །འཁྲུལ་པ་ལ་འཇུག་པ་ལ་ཛྙཱ་ནཱ་ཏི་ལས་བྱེད་པ་ལ་ཡང་ན་ངས་ཨོས་ཨཱམ་འགྱུར་ཏེ། པརྤྱི་ཥཱ་ཛཱ་ནཱི་ཏེ། པརྤྱི་ཥོ་ཛཱ་ནཱི་ཏེ། མ་དྷཱུ་ནཱ་ཛཱ་ནཱི་ཏེ། སྤྲུལ་དམར་པོ་ལག་ཐོགས་པའམ་སྤྲུལ་མེད་པ་ལ་སྤྲུལ་གྱི་གཟུགས་སུ་ཤེས་ཞེས་པའི་དོན་ཏོ། །འཁྲུལ་པ་ལ་ཞེས་པ་ཅི་ཞེ་ན། སྭ་རེ་ཎ་པུ་ ཏྲཾ་ཛཱ་ནཱ་ཏི། ཚིམ་པའི་དོན་གྱི་འང་ངོ་། །ཚིམ་པའི་དོན་གྱི་བྱེད་པ་པོ་ལ་ངས་ཨོས་ཨཱམ་འགྱུར་ཏེ། ནགྣི་སྟྲི་པྱ་ཏི། ཀཱཥྛ་ནཱཾ། ཀཱཥྛཻརྦཱ། ཨོ་ད་ན་སྱ་པ་རི་པཱུརྞཱ། ཙྪཏྟྲཱ་བི་ཀུརྦ་ཏེ། ཡང་ན་ཨོ་ད་ནེ་ན། དྲན་པའི་དོན་ལ་ད་ཡ་ཨཱི་ཤ་ལ་ལས་ལའོ། །དྲན་པའི་དོན་གྱི་བྱིངས་རྣམས་ལ་རབ་ཏུ་སྦྱོར་བ་ལ་ད་ཡ་ཨཱི་ཤ་ཞེས་པ་ འདི་དག་དང་ལས་དང་བྱེད་པ་པོ་ལངས་ཨོས་ཨཱཾ་འགྱུར་ཏེ། མཱ་རུཿ། སྨ་ར་ཏི། མཱ་ཏ་རཾ་སྨ་ར་ཏི། མཱ་ཏུ་ར་དྷྱེ་ཏི། མཱ་ཏུ་ར་མ་དྷྱེ་ཏི། གོ་ཤ་ཏ་སྱ་ད་ཡ་ཏེ། གོ་ཤ་ཏཾ་ད་ཡ་ཏེ། བྲཱཧྨ་ཎ་མཱིཥྚེ། བྲཱཧྨ་ཎཱ་མཱིཥྚེ། ལས་ལ་ཞེས་པ་ཅི་ཞེ་ན། མཱ་ཏུརྒུ་ཎཻཿསྨ་ར་ཏི། ཀྲྀཉ་ལས་འབད་པའོ། །དམ་པའི་ཡོན་ཏན་ སྒྲུབ་པ་ནི་འབད་པའོ། །ཀ་རོ་ཏི་ལས་འབད་པའོ། །ཀ་རོ་ཏི་ལས་འབད་པ་རྟོགས་པར་བྱེད་པའི་ལས་ལ་ངས་ཨོས་ཨཱམ་ཡང་ན་འགྱུར་ཏེ། ཨེ་དྷོ་ད་ཀ་སྱོབ་པ་སྐུ་རུ་སྟེ། ཨེ་དྷོ་ད་ཀ་མུ་པ་སྐུ་རུ་ཏེ། དེ་གྲུབ་པ་བྱེད་པ་པོ་ལ་ནད་ཀྱི་དོན་ལའོ། །ནད་ཀྱི་དོན་སྦྱོར་བའི་ལས་ལ་ཨོས་ཨཱམ་ཡང་ན་འགྱུར་ཏེ། དེའི་རབ་ཏུ་ སྦྱོར་བ་བྱེད་པ་པོ་ཉིད་ཀྱི་བྱིངས་ཀྱིས་གྲུབ་པར་ཡང་འགྱུར་རོ། །ཙཽ་ར་སྱ་རུ་ཛ་ཏི་རོ་གཿ། ཙཽ་རཾ་རུ་ཛ་ཏི་རོ་གཿ། ཙཽ་ར་སྱཱ་མ་ཡ་ཏྱཱ་མཿ། ཙཽ་རམ། ཡང་ནའོ། །དེ་བཞིན་དུ་ཙོ་ར་སྱ་ཛྭ་ར། ཡ་ཏི་ཛྭ་ར། ཡང་ན་ཙཽ་རཾ། ཙོ་ན་སྱ་སནྟཱ་པ་ཡ་ཏི་སནྟཱ་པཿ། ཡང་ན་ཙཽ་རཾ། འགའ་ཞིག་རིམས་ཀྱིས་གདུང་བར་མི་འདོད་དོ། །དེ་གྲུབ་པའི་ བྱེད་པོ་ལ་ཞེས་པ་ཅི་ཞེ་ན། ཤླེ་ཥྨཱ་དུ་རུ་ཥཾ་རུ་ཛ་ཏི། རུ་ཛནྟི་ཙེ་ཏ། པྲ་ས་བྷཾ་མ་མཱ་དྷ་ཡཿ། སྨོན་པ་ལ་ནཱ་ཐ་ལས་སོ། །སྨོན་པ་ལ་འཇུག་པའི་ནཱ་ཐ་ཏི་ལས་ལས་ལ་ངས་ཨོས་ཨཱམ་ཡང་ན་འགྱུར་ཏེ། སརྦི་ཥོ་ནཱ་ཐ་ཏེ། སརྦི་རྣཱ་ཐ་ཏེ། ཨཱ་ཤི་ཥ་ལ་ཞེས་པ་ཅི་ཞེ་ན། མཱ་ན་བ་ཀ་མུ་པ་ནཱ་ཐ་ཏི། ཨ་དྷཱི་ཥྭ་པུ་ཏྲ་ཀ་ཞེས་སོ། ། ཛཱ་པི། ནི་པྲ་ཧ་ན། ཨཱ་ཊི། ཀྲཱ་ཐི། པི་ཥ་རྣམས་ཀྱི་འཚེ་བ་ལའོ། །ཛཱ་སི། ནེ་པྲ་ཧ་ན། ཨ་ཊི། ཀྲཱ་ཐི། པི་ཥ་ཞེས་པའི་བྱིངས་འདི་རྣམས་རབ་ཏུ་སྦྱོར་བ་འཚེ་བ་རྟོགས་པར་བྱེད་པའི་ལས་ལ་ལངས་ཨོས་ཨཱམ་ཡང་ན་འགྱུར་ཏེ། ཛ་སུ་འཚེ་བ་ལའོ། །ཛ་སུ་རྡེག་པ་ལའོ་ཞེས་པ་འདི་དག་ཆོམ་རྐུན་ལ་སོགས་པ་ དག་ལ་འདི་གཟུང་གནོ། །ཛ་སུ་ཐར་པ་ལའོ་ཞེས་པ་འདི་ནི་མ་ཡིན་ཏེ་དི་བ་སོགས་སུ་འཚེ་བ་ལ་ཁྱད་པར་བཟུང་བའི་ཕྱིར་རོ། །ཙཽ་ར་སྱོཛྫ་ས་ཡ་ཏི། ཙཽ་ར་མུཛྫ་ས་ཡ་ཏི། ནི་པྲ་ཧ་ན་ཞེས་པ་སཾ་ཧཱ་ཏ་རྣམ་པར་བཟུང་བ་ལས་བཟློག་པ་བཟུང་ངོ་། །ཙཽ་ར་སྱ་ནི་བྲ་ཧནྟི། ཡང་ན་ཙཽ་རཾ། དེ་བཞིན་དུ་ནི་ཧནྟི། པྲ་ ཧནྟི། ཙཽ་ར་སྱོནྣཱ་ཊ་ཡ་ཏི། ཡང་ན་ཙཽ་རཾ། ཙཽ་ར་སྱ་གྲཱ་ཐ་ཡ་ཏི། ཡང་ན་ཙཽ་རཾ། ཀྲ་ཐི་འདི་ནི་ཙཽ་ར་སོགས་ཅན་ཏེ་དེ་ལས་ན་ཐུང་ངུ་ཉིད་དོ། །ཙཽ་ར་སྱ་པི་ནཥྚི། ཡང་ན་ཙཽ་རཾ། འཚེ་བ་ལ་ཞེས་པ་ཅི་ཞེ་ན། དྷཱ་ནཱ། པི་ནཥྚི། ཛཱ་སི་ནཱ་ཊི་ཀྲཱ་ཐི་རྣམས་ཀྲྀ་ཏ་འཕེལ་བ་རྣམས་ཀྱི་ཉེ་བར་ལེན་པའོ། །གང་དུ་འདི་ རྣམས་རིང་པོར་ཐོབ་པ་དེ་ཉིད་དུ་དྲུག་པ་འཛིན་པ་ཇི་ལྟ་བར་འགྱུར་རོ། །འདིར་མི་འགྱུར་ཏེ། ཙཽ་ར་མ་འཛི་ཛ་སཏ། ཙཽ་ར་མ་ནཱི་ན་ཊཏ། ཙཽ་ར་མ་ཙི་ཀྲ་ཐ་ཏ། བྱ་བ་ཧྲྀ། པ་ཎི། དི་པ་རྣམས་ཀྱི་དྻཱུ་ཏ་ཚོང་དང་བརྗེ་བ་དག་ལའོ། །བྱ་བ་ཧྲྀ་པ་ཎི། དི་པ་ཞེས་པ་འདི་དག་བྱིངས་ལ་རབ་ཏུ་སྦྱོར་བ་ལ་དྻུ་ཏ་ལ་ཚོང་དང་བརྗེ་བའི་ ཐ་སྙད་ལ་འཇུག་པའི་ལས་ལ་ངས་ཨོས་ཨཱམ་ཡང་ན་འགྱུར་ཏེ། ཤ་ཏ་སྱ་བྱ་བ་ཧ་རསྟི། ཤ་ཏཾ་བྱ་བ་ཧ་ར་ཏི། ཤ་ཏ་སྱ་པ་ཎ་ཏེ། ཤ་ཏཾ་པ་ཎ་ཏེ། ཤ་ཐ་སྱ་དཱི་བྱ་ཏི། ཤ་ཏཾ་དཱི་བྱ་ཏི། ཤ་ཐ་སྱ་པྲ་ཏི་དཱི་བྱ་ཏི། ཤ་ཏཾ་པྲ་ཏི་དཱི་བྱ་ཏི། དྻུ་ཏ་ཚོང་དང་བརྗེ་བ་དག་ལ་ཞེས་པ་ཅི་ཞེ་ན། ཤ་ལཱ་ཀཱཾ་བྱ་བ་ཧ་ར་ཏི། སྭེཥྚ་དེ་བ་ཏཱཾ་པ་ཎ་ ཡ་ཏི། གུ་རཱུ་ན་དཱི་བྱ་ཏི། ཡང་ན་ཞེས་པ་ཟློག་གོ། །བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལས་སོ། །ཀྲྀཏ་སྦྱོར་བ་ལ་བྱེད་པ་པོ་དང་ལས་དག་ལ་ངས་ཨོས་ཨཱམ་འགྱུར་ཏེ། བྱེད་པ་པོ་ལ། བྷ་བ་ཏཿ། ཤཱ་ཡི་ཀཱ། བྷ་བ་ཀ་ཨཱ་སི་ཀཱ། ལས་ལ། ཨ་བཱཾ་བྲཥྚཱ། པུ་རཾ་བྷེཏྟཱ། ཀ་ཊ་སྱ་ཀཱ་ར་ཀཿ། བྱེད་པ་པོ་དང་ལས་དག་ལ་ ཞེས་པ་ཅི་ཞེ་ན། ཤཱ་སྟྲེ་ཎ་བྷེཏྟཱ། ཀ་མི་ལས་ཨུ་ཀཉའོ། །གྲུབ་པར་གྱུར་པ་ལ་ངེས་པའི་དོན་དུ་འདིའོ། །ཀ་མི་ལས་ཕྱི་མར་ཨུ་ཀཉ་སྦྱོར་བ་ལ་ངས་ཨོས་ཨཱམ་འགྱུར་ཏེ། དཱ་སྱཱ། ཀཱ་མུ་ཀཿ། གཞན་དུ་ན་མི་འགྱུར་བ་ཉིད་དེ། ཨཱ་ག་མུ་ཀཾ་བཱ་རཱ་ན་སཱི་ཙཾཀྵ་ཨཱ་ཧཱུཿ། གཉིས་དག་གི་གཙོ་བོའི་ལས་ལའོ། །གཉིས་ དག་གི་ལས་ལ་རྗེས་སུ་ཆགས་པ་ལ་ནང་གི་གཙོ་བོའི་ལས་ལ་ངས་ཨོས་ཨཱམ་འགྱུར་ཏེ། གཱཾ་དོགྦྷཱ་དུགྡྷ་སྱ་གོ་བཿ། གྲཱ་མཾ་ན་ཏཱ་བྲྀ་ཥ་ལ་སྱ་དེ་བ་དཏྟཿ། གཉི་ག་མི་ཐོབ་པ་ལ་ཞེས་པ་བརྗོད་པར་བྱ་བ་དེ་ལས་གཉིས་ཀ་ལ་ཡང་འགྱུར་རོ། །ཨཱ་ཤྩརྱོ་ག་བཱཾ་དོ་ཧོ་དུགྡྷ་སྱཱ་གོ་པཱ་ལ་ཀེ་ན། ལས་ལ་ལས་བྱས་པ་ལ་མ་ཡིན་ ནོ། ལས་བྱས་པ་ལ་ཡོད་པའི་ལས་ལ་ངས་ཨོས་ཨཱམ་མི་འགྱུར་ཏེ། གོརྡ་ཧྱ་དུགྡྷཾ། ག་མ་ཡི་ཏ་བྱོ་གྲཱ་མཾ་བྷྲྀ་ཏྱཿ། ཡང་ན་ཀྲཥྚ་བྱཱ་གྲཱ་མཾ་ཤཱ་ཁཱ་དེ་བ་དཏྟེ་ན་དེ་བ་དཏྟ་སྱ། ཀྟའི་གཞི་ལ་འཇུག་པ་དག་ལའོ། །ལཱ་བྱ་ཡ་མ་ཡིན་ཞེས་པས་དྲུག་པ་དགག་པ་ཐོབ་པ་ལ་དྲུག་པ་བསྒྲུབ་པ་སྟེ། ཀྟའི་གཞི་ལ་འཇུག་པ་ལ་བྱས་པ་རབ་ཏུ་སྦྱོར་བ་ལ་ངས་ཨོས་ཨཱམ་ཡང་ན་འགྱུར་ཏེ། ཨི་ད་མེ་ཥཱཾ་ཤ་ཡི་ཏཾ་རཱ་ཛྙཱ་མ་ཏཾ། ཀ་ཐཾ་ཏྭ་ཡཱ་ཤཱི་ལི་ཏཿ། མ་ཡཱ་རཀྵི་ཏཿ། འདི་ཡཱ་རཀྵི་ཏ། འདི་ལ་ཡང་སྤྱིར་བཏང་འཇུག་གོ། །བྱུང་བ་ཅན་མ་ཡིན་པའི་དངོས་པོའི་འོ། །བྱུང་བ་དག་ལ་མ་བྱས་པའི་དངོས་པོ་ལཀྟ་དེ་རབ་ ཏུ་སྦྱོར་བ་ལ་དྲུག་པ་འགྱུར་ཏེ། ཙྪ་དྲ་སྱ་ཧ་སི་རཾ། མ་ཡཱུ་ར་སྱ་ནྲྀཏྟི། ཀོ་ཀི་ལ་སྱ་བྱཱ་ཧྲྀ་ཏཾ། ཀྲྀ་ཏྱ་རྣམས་བྱེད་པ་པོ་ལ་ཡང་ནའོ། །བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལས་ཞེས་པ་རྟག་ཏུ་དྲུག་པ་ཐོབ་པ་ལ་བྱེད་པ་ལ་རྣམ་པར་བརྟག་པར་བྱ་སྟེ། ཀྲྀ་ཏྱའི་རྐྱེན་གྱི་སྦྱོར་བའི་བྱེད་པ་པོ་ལ་ངས་ཨོས་ཨཱམ་ཡང་ན་འགྱུར་ ཏེ། བྷ་བ་ཏ། ཀརྟ་བྱཿ། ཡང་ན་བྷ་བ་ཏཱའོ། །དེ་བཞིན་དུ་ཀ་ར་ཎཱི་ཡཱཿ། ཀཱརྱ་ཞེས་པ་ལ་སོགས་པའོ། །བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། གོ་ཡོ་མཱ་ཎ་བ་ཀཿ། སཱ་མྣཱཾ། གཉི་ག་ཐོབ་པ་ལའོ། །གཉི་ག་བྱེད་པ་པོ་དང་ལས་དག་ཏུ་ཐོབ་པ་གང་ལ་ཀྲྀཏ་དེ་གཉི་ག་ཐོབ་པའི་ཀྲིཉ་སྦྱོར་བ་ལས་བྱེད་པ་པོ་ངས་ཨོས་ ཨཱམ་ཡང་ན་འགྱུར་ཏེ། ཨཱ་ཤྩརྱ་ག་བཾ་དོ་ཧོ། གོ་པཱ་ལ་ཀ་སྱ། ཡང་ན། ཨ་གོ་པཱ་ལ་ཀེ་ན། ཤབྡཱ་ནཱ་མ་ནུ་ཤཱ་ས་ན་མ་ཙཱ་རྱ་སྱ། ཡང་ན་ཨཱ་ཙཱ་རྱེ་ཎ། འབྲུ་མང་པོ་པས་ཉེ་བར་བསྟན་པའི་ཕྱིར་འདིར་མི་འགྱུར་ཏེ། ཨ་ཤྩཪྱ་མི་ད་མོ་ད་ན་སྱ་ཀོ་བྲཱཧྨ་ཎ་ནཱཉྩ་པྲཱ་དུརྦྷཱ་བ། བུད་མེད་ལ་ཝུ་མ་ཡིན་པ་ལའོ། །བུད་མེད་ལ་བྱས་ པའི་ཨ་ཡིག་དང་ཝུའི་རྐྱེན་ལས་ཀྱང་དེར་གཉིས་ཀ་ཐོབ་པའི་ཀྲྀཏ་ལ་ངས་ཨོས་ཨཱམ་རྣམས་འགྱུར་ཏེ། ཙི་ཀཱིཪྵཱ་དེ་བ་དཏྟ་སྱ་ཀཱཥྛཱ་ནཾ། ལ་དང་མི་ཟད་པ་ལ་ནིཥྛཱ་དང་ཁལ་གྱི་དོན་དང་ཏྲིན་དང་ཨུ་ལས་མ་ཡིན་ནོ། །ལ་ཞེས་པས་ལ་བསྒྱུར་བ་བཟུང་ངོ་། །མི་ཟད་པ་དང་ནིཥྛཱ་དང་ཁལ་གྱི་དོན་དང་ཏྲྀན་དང་ཨུ་ཞེས་པ་འདི་ དག་སྦྱོར་བ་ལ་ངས་ཨོས་ཨཱམ་མི་འགྱུར་ཏེ། ཨོ་ད་ནཾ་པ་ཙ་ནཿ། ཨོ་ད་ནཾ་པ་ཙ་མཱ་ན། ཨོ་ད་ནཾ་པེ་ཙི་བཱ་ན། ཀ་ཊཱན་ཙ་ཀྲིཿ། བྷུ་བནྡ་དྷིཿ། ཨ་དྷཱི་ཡན་པཱ་རཱ་ཡ་ཎཱཾ། སོ་མཾ་བ་པ་མཱ་ན། ཀ་རཱི་ཧ་ཀ་བ་ཙམ་པཪྻ་སྱ་མཱ་ནཱཿ། ཀ་ཊ་ཀྲྀ་ཏྭཱ། ཀ་ཊཾ་ཀ་རྟུཾ། ཏ་ཏ་སྨཱ་རཾ་ཏ་ཏ་སྥཱ་པྲི་ཛ་ཏི། གྲཱ་མཱཾ་ག་ཏཿ། གྲཱ་མཾ་ག་ཏ་བཱན། ཨཱི་ ཥརྐ་རཿ། ཀཊོ་བྷ་བ་ཏཱ། འབྲེལ་བ་བརྗོད་པར་འདོད་པ་ལ་དྲུག་པའང་འགྱུར་རོ། །དུརྡྷཱ་ནཾ་སུ་བརྞྞ་བྲཱཧྨ་ཎེ་ན། ཀརྟ་ཀ་ཊཱ་ན། ཀ་ཊཾ་ཙི་ཀཱིཪྵུཿ། ཀ་ནྱཱ་མ་ལམ་ཀ་རིཥྞུཿ། ཏུ་མའི་དོན་གྱི་བུ་ཎ་ལས་སོ། །ཏུ་མའི་དོན་ལ་འཇུག་པའི་བུཎ་སྦྱོར་བ་ལ་ངས་ཨོས་ཨཱམ་མི་འགྱུར་ཏེ། ཀ་ཊཱམ་ཀཱ་ར་ཀོ་བྲ་ཛ་ཏི། རེ་ལྡེ་བྱེད་དུ་ འགྲོ་བ་ཞེས་པའི་དོན་ཏོ། །ཨིན་ལས་འབྱུང་བ་དང་ཨདྷ་མཎྞ་དག་ལའོ། །འབྱུང་བར་འགྱུར་བའི་དུས་དང་ཨ་དྷ་མཎྞ་ལ་བྱས་པའི་ཨིན་སྦྱོར་བ་ལ་ངས་ཨོས་ཨཱམ་མི་འགྱུར་ཏེ། གྲཱ་མངྒ་མི། ཤ་ཏཾ་དཱ་ཡཱི། བརྗོད་པ་དེ་ཉིད་ཀྱི་ཕྱིར་ཤ་ཏཾ་ཏཱ་ཡཱི་ཞེས་པ་འདིར་ཉེ་བའི་ཚིག་བྱ་བའི་བསྡུ་བ་ཡང་ན་ཉེ་བའི་ཚིག་དང་མངོན་ པར་འབྲེལ་བ་མེད་པའོ། །བྷཱ་བི་དང་ཨ་དྷ་མཎྞ་དག་ལ་ཞེས་པ་ཅི་ཞེ་ན། ཨ་བ་ཤྱཾ་ཀཱ་རི་ཀ་ཊ་སྱ། དྭི་ཥ་ལས་ཤ་ཏྲཱྀའི་ཡང་ནའོ། །དྭི་ཥ་ལས་ཕྱི་མར་ཤ་ཏྲྀ་སྦྱོར་བ་ལ་ངས་ཨོས་ཨཱམ་ཡང་ན་འགྱུར་ཏེ། ཙཽ་རཾ་དྭི་ཥ་ན། ཙཽ་ར་སྱ་དྭི་ཥ་ན། སྭཱ་མི། ཨཱི་ཤྭ་ར། ཨ་དྷི་པ་ཏི། དཱ་ཡཱ་ད། པཱཀྵི། པྲ་ཏི་བྷཱུ། པྲ་སཱུ་ཏ་རྣམས་ ཀྱིས་བདུན་པའང་ངོ་། །སྒྲ་འདི་རྣམས་དང་སྦྱོར་བ་ལ་བདུན་པ་ཡང་ན་འགྱུར་ཏེ། ག་བཱཾ་སྭཱ་མཱི། གོ་ཥུ་སྭཱ་མཱི། དེ་བཞིན་དུ་ཨི་ཤྭ་རཿ། ཨ་དྷི་པ་ཏི། དཱ་ཡཱ་དཿ། པཱཀྵཱི། པྲ་ཏི་བྷཱུ། པྲ་སཱུ་ཏཿ། གང་ལས་ངེས་པར་བཟུང་བ་དེའི་ཁྱད་པར་གྱིའོ། །ཡང་ན་བདུན་པ་ཞེས་པ་ཉིད་དོ། །རིགས་དང་ཡོན་ཏན་དང་བྱ་བའི་མིང་ རྣམས་ཀྱིས་སྤྱི་ལས་ཡུལ་གཅིག་ལ་ཐ་དད་དུ་བྱེད་པ་ནི་ངེས་པར་བཟུང་བའོ། །སྤྱི་གང་ཡིན་པ་དེ་ལས་བྱེ་བྲག་སྒྲུབ་པ་དེ་ལས་བྱི་བརྗོད་པ་ལས་བདུན་པ་ཡང་ན་འགྱུར་ཏེ། ཤཱ་ལ་ཡོ་དྷཱ་ནྱཱ་ནཾ་པ་ཐྱ་ཏ་ཡཱཿ། ཡང་ན་དྷཱ་ནྱེ་ཥུ། ཀྲྀཥྞཱ་ག་བཾ་སམྦནྣ་ཀྵཱི་ར་ཏ་མཱཿ། ཡང་ན་གོ་ཥུཿ། ཨ་དྷྭ་གཱ་ནཱཾ་དྷཱ་བནྡྷཱ་བནྟཿ། ཤཱི་གྷྲ་ཏ་མཱཿ། ཡང་ན་ ཨ་དྷྭ་གེ་ཥུ། དེའི་ཁྱད་པར་ཞེས་པ་ཅི་ཞེ་ན། མཱ་ཐུ་རཱཿ། པཱ་ཊ་ལི་པུ་ཏྲ་ཀེ་བྷྱཿསུ་ཀུ་མཱ་ར་ཏ་རཱཿ། ན་ཧི་མཱ་ཐུ་རཱ། པ་ཊ་ལི་པུ་ཏྲ་བི་ཤེ་ཥཱཿ། ཨ་ཐཱ་ག་བཱ་དི་བི་ཤེ་ཥཱ་ཨེ་བ་ཀྲྀཥྞ་ག་བཱ་ད་ཡཿཞེས་སོ། །མཚུངས་པའི་དོན་རྣམས་ཀྱིས་གསུམ་པའོ། །བདུན་པ་ཞེས་པ་དང་ཡང་ན་ཞེས་པ་འཇུག་གོ། ། མཚུངས་པའི་དོན་རྣམས་ཀྱི་སྒྲ་སྦྱོར་བ་ལ་གསུམ་པ་ཡང་ན་འགྱུར་ཏེ། ཏུ་ལྱོ་དེ་བ་དཏྟ་སྱ། ཏུ་ལྱོ་དེ་བ་དཏྟེ་ན། དེ་བཞིན་དུ་ས་དྲི་ཤ། འདིར་གསུམ་པ་ཅི་ལས་མི་འགྱུར་ཞེ་ན། ཨ་རྫུ་ན་སྱ་ཏུ་ལ་ནཱསྟི། ཀེ་ཤ་བ་སྱོ་པ་མཱ་ན་ཙ་ཞེས་སོ། །མཚུངས་པར་སྦྱོར་བ་ནི་དཔེའི་དོན་ཅན་གྱི་ཕྱིར་རོ། །ཧི་ཏ་སུ་ཁ་དག་ལ་བཞི་ པའོ། །ཧི་ཏ་དང་སུ་ཁ་དག་སྦྱོར་བ་ལ་བཞི་བ་ཡང་ན་འགྱུར་ཏེ། དེ་བ་དཏྟ་སྱ་ཧི་ཏཾ། དེ་བ་དཏྟཱ་ཡ་ཧི་ཏཾ། དེ་བཞིན་དུ་སུ་ཁཾ། སྨོན་པ་ལ་ཨཱ་ཡུ་ཥྱ། བྷ་དྲ། ཨརྠ། ཀུ་ཤ་ལའི་དོན་རྣམས་དང་ངོ་། །སྨོན་པ་རྟོགས་པར་བྱེད་པ་ཨཱ་ཡུ་ཥྱ་བྷ་དྲ། ཨརྠ། ཀུ་ཤ་ལའི་དོན་རྣམས་དང་སྦྱོར་ བ་ལ་བཞི་པ་ཡང་ན་འགྱུར་ཏེ། ཨཱ་ཡུ་ཥྱཾ་དེ་བ་དཏྟ་སྱ། ཨཱ་ཡུ་ཥྱཾ་དེ་བ་དཏྟཱ་སྱ། དེ་བཞིན་དུ། ཙི་རཱ་ཛཱི་བི་ཏཾ། བྷ་དྲཾ། ཨརྠཿ། པྲ་ཡོ་ཛ་ནཾ། ཀུ་ཤ་ལ་མ་ནཱ་མ་ཡཾ། ཧི་ཏཾ། པ་ཐྱཾ། སུ་ཁཾ། ཤརྨ། བྷཱུ་ཡཱ་ཏ། གཞི་པ་ངི་ཨོས་སུཔའོ། །གཞི་ལ་ངི་ཨོས་སུཔ་འགྱུར་ཏེ། ཀ་ཊེ་ཨཱསྟེ། ཨཱ་ཀཱ་ཤེ་ཤ་ཀུ་ ན་ཡ། ཏི་ལེ་ཥུ་ཏཻ་ལཾ། གཾ་གཱ་ཡཱཾ་གྷོ་ཥ། ལས་ལས་རྒྱུ་མཚན་ལས་སོ། །ལས་དང་སྦྱོར་བའི་རྒྱུ་མཚན་ངི་ཨོས་སུཔ་འགྱུར་ཏེ། ཙརྨ་ཎི་དྭཱི་པི་ནཾ་ཧནྟི་ཀུ། དནྟ་ཡོརྡྷནྟི་ཀུཉྫ་རཾ། ཀེ་ཤུ་ཥུ་ཙ་མ་རཱི་ཧནྟི། སཱི་མཱིན་སུཥྤ་ལ་ཀོ་ཧཏཿ། ཀྟའི་ཨིན་ལས་ལས་ལའོ། །ཀྟའི་ཨིནྟའི་མཐའི་ལས་ལ་ངི་ཨོས་སུཔ་འགྱུར་ཏེ། ཨིཥྚཱི་ ཡཛྙ། ཨ་དྷཱི་ཏཱི་བྱཱ་ཀ་ར་ཎེ། དུས་འཇལ་བ་ལས་སོ། །དུས་འཇལ་བ་ལས་ངི་ཨོས་སུཔ་འགྱུར་ཏེ། ཀཱརྟི་ཀྱཱ་ཨཱ་གྲ་ཧཱ་ཡ་ཎཱི་མཱ་སེ། ལམ་ལས་དང་པོའང་ངོ་། །འཇལ་བ་ལ་ཞེས་པ་ཉིད་དེ། ལམ་འཇལ་བ་ལས་དང་པོ་ལ་ཡང་ཡང་ན་འགྱུར་ཏེ། ཡ་ཛཱ་ཏི་ན་ག་རཱཏ་པྲ་ཏཱ་པ་ཤཱི་ལཤྩ་ཏུཪྵུ་ཡོ་ཛ་ནེ་ཥུ། ཡང་ན་ཙ་ཏྭཱ་ཏི་ ཡོ་ཛ་ནཱ་ནི། ཨུ་པ་ཡིས་ལྷག་པ་ལའོ། །ཨུ་པ་དང་སྦྱོར་བ་ལས་ལྷག་པ་རྟོགས་པར་བྱེད་པ་ལ་ངི་ཨོས་སུཔ་འགྱུར་ཏེ། ཨུ་པ་ཤ་ཏེ་བིཾ་ཤ་ཏིཿ། ཨུཔ་ཁཪྻཾ་དྲོ་ཎཿ། ཁཪྻཱ་ཨི་དྷི་ཀ་བྲེ་བོ་ཞེས་པའི་དོན་ཏོ། །སྭཱ་མཱི་ལ་ཨ་དྷི་དང་ངོ་། །སྭཱ་མཱིའི་དོན་ལ་ཨ་དྷི་སྦྱོར་བ་ལས་ངི་ཨོས་སུ་པ་འགྱུར་ཏེ། ཨ་དྷི་བྲཧྨ་དཏྟེ་པཉྩ་ལཿ། ཨ་དྷི་ པཉྩཱ་ལེ་ཥུ་བྲཧྨ་དཏྟཿ། གང་གི་བྱ་བ་དང་བྱ་བའི་མཚན་མའོ། །གང་བྱ་བ་དང་བྱ་བའི་བར་ནི་མཚན་ཉིད་དུ་འགྱུར་ཏེ། དེ་ལས་ངི་ཨོས་སུཔ་འགྱུར་རོ། །གོ་ཥུ་དུ་ཧྱ་མཱ་ནཱ་སུ་ག་ཏཿ། དུགྡྷཱ་སྭཱ་ག་ཏཿ། བྱ་བ་ཞེས་པ་ཅི་ཞེ་ན། ཡོ་ཛ་ཊཱ་བྷིཿ། ས་བྷུཾ་ཀྟེ། བྱ་བའི་མཚན་མ་ཞེས་པ་ཅི་ཞེ་ན། ཡོ་བྷུཾ་ཀྟེ་ས་དེ་བ་དཏྟཿ། དྲུག་པ་ཡང་ མ་གུས་པ་ལའོ། །གང་གི་བྱ་བ་དང་བྱ་བའི་མཚན་མ་དེ་ལས་མ་གུས་པར་རྟོགས་པར་བྱེད་པ་ལ་དྲུག་པ་ཡང་ན་འགྱུར་ཏེ། ཀྲོ་ཤ་ཏི་པྲཱ་བྲཱ་ཛཱི་ཏ། ཀྲོ་ཤ་ཏ། པྲ་བྷྲཱ་ཛཱི་ཏ། རྒྱང་གྲགས་ཀྱི་མཐར་མ་གུས་པས་རབ་ཏུ་འགྲོ་ཞེས་པའི་དོན་ཏོ། །སཱ་དྷུ་དང་ནི་པུ་ཎ་དག་མཆོད་པ་ལའོ། །སཱ་དྷུརྨཱ་ཏ་རི། པི་ཏ་རི་ནི་པུ་ཎཿ། ཨ་སཱ་དྷུ་མཱ་ ཏ་རི། བྷཀྟ། པི་ཏ་རི། ཀུ་ཊུམྤེ་ཥུ་བཏྶ་ལ་ཞེས་པ་ཡུལ་ལ་བདུན་པའོ། །དེ་བཞིན་དུ་ཏ་ཐཱ་ཀེ་ཤེ་ཥུ་པྲ་སི་ཏཿ། རབ་ཏུ་ཆགས་ཞེས་པའི་དོན་ཏོ། །ཀེ་ཤཻཿ། པྲ་བི་ཏ་ཞེས་པ་བྱེད་པ་ལ་གསུམ་པའོ། །ཡང་ན་བྱེད་པ་པོ་ལའོ །བྱ་བ་ཞེས་པ་འདིའི་ཚིག་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཀེ་ཤེ་ཥཱུཏྶུ་ཀཿ། ཀེ་ཤཻ་ཏུཏྶུ་ཀཿ། པུཥྱེ་ཎ་པཱ་ཡ་ས་ཤྣཱི་ཡཱ་ཏ། པུ་ཥྱེ་ཎ་པཱ་ཡ་ས་མ་ཤྣཱི་ཡཏ། བྱེད་པའི་དབང་དུ་བྱས་པ་འཆད་པར་འདོད་དོ། །ཨཱ་ཡུཀྟ་དང་ཀུ་ཤ་ལ་ཡང་ཀུན་དུ་བསྟེན་པ་ལའོ། །དྲུག་པ་ཞེས་པ་རྗེས་སུ་འཇུག་གོ། །ཨཱ་ཡུཀྟ་དང་ཀུ་ཤ་ལ་དག་སྦྱོར་བ་ལ་ཀུན་དུ་བསྟེན་པ་རྟོགས་པར་བྱེད་པ་ལ་ངི་ཨོས་སུཔ་འགྱུར་ཏེ། དྲུག་པའང་ངོ་། །ཨཱ་ཡུཀྟཿ། ཀ་ཊ་ཀ་ར་ཎེཿ། ཨཱ་ཡུཀྟཿ། ཀ་ཊ་ཀ་ར་ཎ་སྱ། ཀུ་ཤ་ལ་ཀ་ཊཿ། ཀ་ར་ཎ་སྱེ་ཨཱ་སེ་བ་ཏཱཏ་པཪྻཾ། ལྔ་པ་དང་བདུན་པ་དག་ལ་བྱེད་པ་པོ་བར་མ་དང་དུས་དང་ལམ་དག་གོ། །བྱེད་པ་པོ་བར་མ་དང་ལམ་དག་ལ་བདུན་པ་དང་ལྔ་པ་དག་འགྱུར་ཏེ། ཨ་དྱ་བྷུཀྟཱ་དེ་བ་དཏྟོ་དུ་ཧེ་བྷོཀྟཱ། དུ་ཧཱརྦྷོཀྟཱ། ཨི་ཧསྠོ་ཡ་མི་ཥྭཱ་སཿ། ཀྲོ་ཤེ་ལཀྵཾ་བི་དྷྱ་ཏི། ཀྲོ་ཤཱལླཀྵཾ་བི་དྷྱ་ཏི། ནུས་པ་དང་བྱེད་པ་པོ་རྫས་མ་ཡིན་ཞེས་པའི་ནུས་པའི་བྱེ་བྲག་ལས་དུས་དང་ལམ་དག་གི་བར་མ་ཉིད་རྟོགས་པར་བྱེད་དོ། །ཨཏ་ལས་བྷིས་ཀྱི་ཨཻསའོ། །ཨ་ཡིག་མཐའ་ལས་ཨངྒའི་ཕྱི་མའི་བྷིས་ནི་ཨཻས་སུ་བསྒྱུར་བར་འགྱུར་ཏེ། བྲྀ་ཀྵེཿ། ཨཏ་ལས་ཞེས་ པ་ཅི་ཞེ་ན། ཨགྣི་བྷིཿ། ཏ་ཕ་རོལ་ཏུ་བྱེད་པ་ཅི་ཞེ་ན། མཱ་ལཱ་བྷིཿ། ཅི་ལྟར་ཨ་ཏི་ཛ་ར་སཻཿཞེ་ན། ཚིག་ཕྲད་ཀྱི་མཚན་ཉིད་ཀྱི་སྒྲུབ་པ་རྒྱུ་མཚན་མེད་པས་དེ་རྣམ་པར་བཅོམ་ཞེས་པ་འདི་མི་རྟག་པའི་ཕྱིར་རོ། །ཨི་དམ་ཨ་དས་དག་གི་ཀ་ལས་སོ། །ཨི་དམ་དང་ཨ་དས་དག་གི་ཀ་ལས་ཕ་རོལ་གྱི་བྷིས་ཨཻས་སུ་བསྒྱུར་བར་ འགྱུར་ཏེ། ཨི་མ་ཀཻཿ། ཨ་མུ་ཀེཿ། ཀ་ལས་ཞེས་པ་ཅི་ཞེ་ན། ཨེ་བྷིཿ། ཨ་མཱི་བྷིཿ། ཊཱ་ངས་དག་གི་ཨི་ན་སྱ་དག་གོ། །ཨ་ཡིག་མཐའ་ཅན་གྱི་ཨངྒ་ལས་ཕྱི་མར་ཊཱ་དང་ངས་ཞེས་པ་འདི་དག་ཨིན་དང་སྱ་དག་ཏུ་བསྒྱུར་བར་འགྱུར་ཏེ། བྲྀཀྵེ་ཎཿ། བྲྀཀྵ་སྱ། ང་སི་དེ་དག་གི་ཨཱཏ་ཡ་དག་གོ། །ང་སི་དང་དེ་ཞེས་པ་འདི་ དག་ཨ་ལས་ཕྱི་མར་ཨཱཏ་དང་ཡང་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །བྲྀཀྵཱཏ། བྲྀཀྵཱ་ཡ། ཨ་ཏི་ཛ་ར་སཱཏ། སརྦྦ་ནཱ་མ་ལས་སྨཱཏ་སྨཻ་དག་གོ། །སརྦ་ལ་སོགས་པ་རྣམས་ལས་ཕྱི་མར་ང་སི་དང་དེ་དག་སྨཱཏ་དང་སྨཻ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་ཏེ། སརྦྦ་སྨཱཏ། སརྦ་སྨཻ། ཨཏ་ལས་ཞེས་པ་ཉིད་དེ། བྷ་ བ་ཏཿ། བྷ་བ་ཏེ། སརྦྦ་ལ་སོགས་པ་རྣམས་སརྦྦ་ན་མའོ། །སརྦྦ་ལ་སོགས་པའི་སྒྲ་གཟུགས་རྣམས་སརྦ་ནཱ་མ་རྣམས་སུ་རིག་པར་བྱའོ། །དེ་ལ་སརྦྦ་ལ་སོགས་པ་རྣམས་ནི། །སརྦྦ་སྨཱ་ཏ། སརྦྦ་སྨཻ། ཨཏ་ལས་ཞེས་པ་ཉིད་དེ། བྷ་བ་ཏཿ། བྷ་བ་ཏེ། སརྦྦ་ལ་སོགས་པ་རྣམས་སརྦྦ་ནཱ་མའོ། ། སརྦྦ་ལ་སྨཻ། ཨཏ་ལས་ཞེས་པ་ཉིད་དེ། བྷ་བ་ཏེ། སརྦྦ་ལ་སོགས་པ་རྣམས་སརྦྦ་ནཱ་མའོ། །སརྦྦ་ལ་སོགས་པའི་སྒྲ་གཟུགས་རྣམས་སརྦྦ་ན་མ་རྣམས་སུ་རིག་པར་བྱའོ། །དེ་ལ་སརྦྦ་ལ་སོགས་པ་རྣམས་ནི། སརྦ། བི་ཤྭ། ཨུ་བྷ། ཨུ་བྷ་ཡ། ཌ་ཏ་ར། ཌ་ཏ་མ། ཨི་ཏ་ར། ཨ་ནྱ། །ཨ་ནྱ་ཏ་ར། ཏྭ། ཏྭཏ། ནེ་མ། ས་ མ། སི་མ། བྷྱ་མ། སརྦའི་རྣམ་གྲངས་སོ། །ཏེ་ན་ས་མཱ་ནྟྭནྡཿ། མཚུངས་པར་བསྟན་པ་ནི་ཡ་ཛ་ཏ་ཞེས་པ་ལ་སོགས་པས་གྲུབ་བོ། །པཱུརྦ་པར། ཨ་བ་ར། དཀྵི་ཎ། ཨུཏྟ་ར། ཨ་པ་ར། ཨ་དྷ་ར་རྣམས་རྣམ་པར་གཞག་པ་ལ། ཉི་མ་འཆར་བ་ལ་སོགས་པའི་སྣང་བས་ཕྱོགས་དང་མཚམས་ལ་སོགས་པ་རྣམ་ པར་འབྱེད་པར་བྱེད་པ་རྣམ་པར་གཞག་གོ། །གཞན་དུ་ན། དཀྵི་ཎཱ་ཨི་མེ་གཱ་ཐ་ཀཱཿ། རབ་ཏུ་སྒྲོགས་ཞེས་པའི་དོན་ཏོ། །ཨུཏྟཱ་རཱཿ། ཀུར་བ་ཞེས་པ་མིང་ལ་བཀག་པའི་ཕྱིར་སརྦ་ནཱ་མའི་བྱ་བ་མི་འཇུག་གོ། །སྲ་ནི་བདག་དང་བདག་གི་ཚེ་ནིའི་སྒྲ་ལས་གཞན་ལ་ལྟོས་པ་མེད་པར་མིང་གི་ངོ་བོས་ཤེས་པ་ན་ནོར་ལ་ ཡང་འཇུག་གོ། །དེའི་ཚེ་སྭཱ་ཡ་ཏཱི་ཡ་ཏཾ། ཤེས་པའི་ཆེད་དུ་ཞེས་པའི་དོན་ཏོ། །དྷ་ནེ་པྲ་བྷཱུ་ཏཱ། སྭཱ་ན་དཱི་ཡནྟེ་པྲ་བྷཱུ་ཏཱ། སྭཱ་ན་བྷུ་ཛྱནྟེ། ཨནྟ་རཾ་ནི་ཕྱི་རོལ་དང་སྦྱོར་བ་དང་འགེབས་པ་དག་ལའོ། །ཕྱི་རོལ་ཞེས་པ་མ་བསྒྲིབས་པའི་ཕྱོགས་བརྗོད་པའོ། །དེས་ན་སྦྱོར་བ་དང་ཕྱི་རོལ་སྦྱོར་བ་དེ་ཡང་མ་བསྒྲིབས་པའི་ ཕྱི་རོལ་གྱི་དངོས་པོར་འགྱུར་རོ། །ཨུ་པ་རི་སམྦཱི་ཡ་ཏེ་ཞེས་པ་ཉེ་བར་འགེགས་པའོ། །འདི་དག་གི་དོན་ལ་ཨནྟ་རའི་སྒྲ་སརྦ་སོགས་སོ་དཔེར་ན། ཨནྟི་རེ་གྲྀ་ཧཱཿ། ཨནྟ་ར་གྲྀཧཱཿ། གྲོང་ཁྱེར་གྱི་ཕྱི་རོལ་གྱི་གཏུམ་པོ་ལ་སོགས་པའི་ཁྱིམ་བརྗོད་པའོ། །ཨནྟ་རེ་ཤཱཊ་ཀཱཿ། ཨནྟ་རཱཿ། ཤཱ་ཊ་ཀཱཿ། ཕོ་བྲང་ཉིད་ བརྗོད་པའོ། །ན་པྲཱ་པ་ར་ཎཱི་ཡཾ། ཕྱི་རོལ་སྦྱོར་བ་དང་འགེབས་པ་དག་ལ་ཞེས་པ་ཅི་ཞེ་ན། ཨ་ན་ཡོརྒྲཱ་མ་ཡོ་རནྟ་ཏེ་ཏཱ་པ་སཿ། པྲ་ཏི་བ་ས་ཏི། ཨ་པུ་རི་ཏི་བགྟ་བྱཾ། ཨནྟ་རཱ་ཡུང་པུ་རི་བ་ས་ཏི། ཏྱད། ཏད། ཡད། ཨི་དམ། ཨེ་ཏད། ཨེ་ཀ །དྭི། ཡུཥྨད། ཨསྨད། བྷ་བནྟ། ཀིམ། ངིའི་སྨིནའོ། ། སརྦ་ནཱ་མ་རྣམས་ལས་འགྱུར་ཏེ། སརྦ་སྨིན། ཨཏ་ལས་ཞེས་པ་ཉིད་དུ་འགྱུར་ཏེ། ཛས་ཀྱི་ཤིའོ། །སརྦ་ནཱ་མ་ལས་ཕྱི་མའི་ཛས་ནི་ཤཱིའི་དངོས་པོར་འགྱུར་ཏེ། སརྦེ། བི་ཤྭེ། ཨ་ཏ་ལས་ཞེས་པ་ཉིད་ད། སརྦ་རྣམས་སོ། །གཙོ་བོ་མ་ཡིན་པ་དང་མིང་ལས་གཞན་ཡང་མ་ཡིན་ནོ། །མིང་དུ་གྱུར་པ་གཙོ་བོ་མ་ཡིན་ པ་ལས་ཀྱང་སརྦ་ནཱ་མ་རྣམས་ལས་གང་བཤད་པས་སརྦ་ནཱ་མའི་བྱ་བ་གང་འཆད་པར་འགྱུར་བ་དེ་ཐམས་ཅད་མི་འགྱུར་ཏེ། ཏསྨཻ་སརྦཱ་ཡ་དེ་ཧི། ཨ་ཏི་ཀྲཱནྟཱཿ། སརྦནྟ་སྨཻ་ཨ་ཏི་སརྦཱ་ཡ། གསུམ་པ་སྦྱོར་བ་ལའོ། །གསུམ་པའི་མཐའ་དང་སྦྱོར་བ་ལས་གང་བཤད་པ་དང་འཆད་པར་འགྱུར་བ་སརྦ་ན་མའི་བྱ་བ་ དེ་མི་འགྱུར་ཏེ། མཱ་སེ་ན་པཱུརྦཱ་ཡ། མཱ་ས་པཱུརྦཱ་ཡ། དང་གི་དོན་ལའོ། །དང་གི་དོན་གྱི་བསྡུ་བ་ལ་གང་བརྗོད་པ་དང་འཆད་པར་འགྱུར་བའི་སརྦ་ནཱ་མའི་བྱ་བ་དེ་མི་འགྱུར་ཏེ། པཱུརྦཱ་པ་རཱ་དྷ་རོཏྟ་རཱ་ཎཱཾ། ཤཱི་ཡ་ནའོ། །དང་གི་བསྡུ་བ་ལ་སརྦ་ནཱ་མ་རྣམས་ལས་ཤཱིའི་དངོས་པོར་གང་བརྗོད་པ་དེ་ཡང་ན་འགྱུར་ཏེ། པཱུརྦོཏྟ་རཱ་ཎཱཾ་པྲ་ ཐ་མ། ཙ་ར་མ། ཏ་ཡ། ཨ་ཡ། ཨལྤ། ཨརྡྷ། ནེ་མ། ཀ་ཏི་པ་ཡ་ལས་སོ། །ཤཱིའི་དངོས་པོར་གང་བརྗོད་པ་དེ་པྲ་ཐ་མ་སོགས་ལས་ཡང་ན་འགྱུར་ཏེ། པྲ་ཐ་མེ། པྲ་ཐ་མཱ། ཙ་ར་མེ། ཙ་ར་མཱཿ། དྭི་ཏ་ཡེ། དྭི་ཏ་ཡཱ་དྭ་ཡེ། དྭ་ཡཱཿ། ཨལྤེ། ཨལྤཱཿ། ཨརྡྷེ་ཨརྡྷཱཿ། ནེ་མེ། ནེ་མཱཿ། ཀ་ཏི་པ་ཡེ། ཀ་ཏི་པ་ཡཱཿ། པཱུརྦ་ སོགས་དགུ་རྣམས་ལས་སྨཱཏ་སྨིན་དག་ཀྱང་ངོ་། །པཱུརྦ་སོགས་དགུ་རྣམས་ལས་ཤཱིའི་དངོས་པོ་དང་སྨཱད་སྨིན་དག་ཏུ་ཡང་གནས་ཇི་ལྟ་བ་བཞིན་ཡང་ན་ཡང་འགྱུར་ཏེ། པཱུརྦེ། པཱུརྦཱཿ། པཱུརྦ་སྨཱཏ། པཱུརྦཱཏ། པཱུརྦ་སྨིན། པཱུརྦེ་ཞེས་པ་ནས། ཨནྟ་རེ། ཨནྟ་རཱཿ། ཨནྟ་རསྨཱཏ། ཨནྟ་རཱཏ། ཨནྟ་ར་སྨིན། ཨནྟ་རེ་ཞེས་པའི་ བར་རོ། །ཨཱ་པ་ལས་ཨཽཏ་ཀྱི་ཤིའོ། །ཨཱཔ་ཀྱི་མཐའ་ལས་ཨཽཏ་ཀྱི་ཤཱིའི་དངོས་པོར་འགྱུར་རོ། །མཱ་ལེ་ཏིཥྛ་ཏེ། ཡང་ན་པ་ཤྱ། མ་ནིང་ལས་སོ། །མ་ནིང་ཕ་རོལ་གྱི་ཨོ་ཏ་ནི་ཤཱིའི་དངོས་པོར་འགྱུར་ཏེ། ཀུཎྜ་ནི་ཏིཥྛ་ཏཿ། ཡང་ན་པ་ཤྱ། ཛས་ཤས་དག་གི་ཤིའོ། །མ་ནིང་ལས་ཕ་རོལ་གྱི་ཛས་ཤས་དག་གི་ཤིའི་དངོས་པོར་ འགྱུར་ཏེ། ཀུཎྜཱ་ནི་ཏིཥྛནྟི། ཡང་ན་པ་ཤྱ། ཨཥྚ་རྣམས་ལས་ཨཽཤའོ། །ཨཥྚན་གྱི་སྒྲ་ལས་ཨ་ཉིད་དུ་བྱས་པ་ཕ་རོལ་ཛས་ཤས་དག་ཨཽ་ཤ་རུ་འགྱུར་ཏེ། ཨཥྚོ་ཏིཥྛནྟི། ཡང་ན་པ་ཤྱ། ཨཱ་ཉིད་ངེས་པར་བསྟན་པ་ཅི་ཞེ་ན། ཨཥྚ་ཏཥྚནྟི། ཨཥྚ་པ་ཤྱ། པ་ར་མཥྚོ་ཏིཥྛནྟི་ཞེས་པ་འདིའི་དེའི་དོན་གཙོ་བོ་མ་ཡིན་པས་ ཨཽ་ཤ་མེད་དོ། །གང་དུ་དེའི་དོན་གཙོ་བོ་མ་ཡིན་པ་དེར་འགྱུར་བ་ཉིད་དེ། པ་ར་མཥྚཽ་ཏིཥྛནྟི། ཡང་ན་པ་ཤྱ། ཌ་ཏི་དང་གྲངས་ལས་ཥ་ན་ལས་འཇིག་གོ། །ཌ་ཏིའི་རྐྱེན་མཐའ་དང་གྲངས་ལས་ཥ་ནའི་མཐའ་ལས་ཕ་རོལ་གྱི་ཛས་ཤས་དག་འཇིག་པར་འགྱུར་ཏེ། ཀ་ཏི་ཏིཥྛནྟི། ཡང་ན་པ་ཤྱ། ཡ་ཏི་ཏེ་ནཱ་ག་ཤཱིཪྵཱི་ནི། ཏ་ཏི་ནཱ་པེ་པེ་ད་ནཱཿ། ཤཊ་ཏིཥྛནྟི། ཡང་ན་པ་ཤྱ། དེ་བཞིན་དུ། སཔྟན། ཨཥྚན་ན་བ་ན། ད་ཤ་ན་ཞེས་པ་ལ་སོགས་པའོ། །འདི་སྒྲའི་དོན་གཙོ་བོར་བསྟན་པའོ། །དེས་ན་དེའི་མཐའ་ལས་ཀྱང་དེའི་དོན་གཙོ་བོ་ལས་འགྱུར་རོ། །པ་ར་མ་ཀ་ཏི་ཏིཥྛནྟི་པ་ར་ཀ་མ་པ་ཤྱ། དེ་བཞིན་དུ་པ་ར་ མ་ཥ་ཏ། བ་ར་མ་པཉྩ། དེའི་དོན་གཙོ་བོ་མ་ཡིན་པ་ལ་ནི། པྲི་ཡ་ཀ་ཏ་ཡཿ། པྲི་ཡ་ཀ་ཏཱི་ན། པྲི་ཡ་ཥ་ཥཿ། པྲི་ཡ་པཉྩཱ་ན། པྲི་ཡ་པཉྩཱཿ། སུ་ཨ་མ་དག་ནི་མ་ནིང་ལས་སོ། །མ་ནིང་ང་ལས་ཕ་རོལ་གྱི་སུ་ཨམ་ཞེས་པ་འདི་དག་འཇིག་པར་འགྱུར་ཏེ། པཱ་རི་ཏིཥྛནྟི། ཡང་ན་པ་ཤྱེ། ཨཏ་ལས་ཨ་མའོ། །མ་ ནིང་ཨ་ཡིག་མཐའ་ཅན་ལས་ཕ་རོལ་གྱི་སུ་ཨམ་དག་ཨམ་འགྱུར་ཏེ། པ་ནཾ་ཏིཥྛནྟི། ཡང་ན་པ་ཤྱ། ཌ་ཏར་ལ་སོགས་པ་ལྔ་རྣམས་ལས་ཨི་ཀ་ཏ་ར་མ་ཡིན་པ་ལས་ཏའོ། །ཌ་ཏ་ར། ཌ་ཏ་མ། ཨི་ཏ་ར། ཨ་ནྱ། ཨ་ནྱ་ཏ་མ་སྟེ་མ་ནིང་གི་རྟགས་ལྔ་རྣམས་ལས་ཨེ་ཀ་ཏ་ར་མ་གཏོགས་པ་ལས་ཕ་རོལ་གྱི་སུ་ཨཾ་དག་ཏ་ ཡིག་ཏུ་བསྒྱུར་བར་འགྱུར་ཏེ། ཀ་ཏ་ར་ཏ་ཏིཥྛ་ཏི། ཡང་ན་པ་ཤྱ། ཀ་ཏ་མ་ཏ། ཨི་ཏ་རཏ། ཨ་ནྱ་ཏ། ཨ་ནྱ་ཏ་མ་ཏ། ལྔ་རྣམས་ལས་ཞེས་པ་ཅི་ཞེ་ན། པཱུརྦཾ་ཏིཥྛ་ཏི། ཡང་ན་པ་ཤྱ། ཨེ་ཀ་ཏ་ར། ཨེ་ཀ་ཏ་ར་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཨེ་ཀ་ཏ་ལ་ཏིཥྛ་ཏི། ཡང་ན་པ་ཤྱེ། ཨེ་ཀ་རྟར། ཨེ་ཀ་ཏ་ར་མ་ཡིན་ པ་ལས་ཞེས་པ་ཅི་ཞེ་ན། ཨེ་ཀ་ཏ་ར་ཏིཥྛ་ཏི། ཡང་ན་པ་ཤྱ། དགག་པ་ཡོད་པ་མ་ཡིན་པ་ལ་ཌ་ཏ་རའི་མཐའ་ལས་ཀྱང་འགྱུར་རོ། །ཡུཥྨད་ཨསྨད་དག་ལས་ཕྱེ་མའི་ངས་ནི་ཨ་ཤ་རུ་ཡུཥྨད་དག་ལས་ཕྱི་མའི་ངས་ནི་ཨ་ཤ་རུ་བསྒྱུར་བར་འགྱུར་ཏེ། ཏ་བ། མ་མ། ངེ་སུཊ་དག་གི་ཨ་མའོ། །ཡུཥྨད་ཨསྨད་དག་ ལས་ཕྱི་མའི་དེ་ཞེས་པ་འདི་དང་སུཊ་རྣམས་ཀྱི་ཡང་ཨ་རུ་བསྒྱུར་ཏེ། ཏུ་བྷྱཾ། མ་ཏུ་བྷྱཾ། མ་ཧྱམ་དཱི་ཡ་ཏེ། ཏྭཾ། ཡུ་བཱཾ། ཡཱུ་ཡཾ། ཏྭཱཾ། ཡུ་བྷཾ། ཨ་ཧཾ། ཨཱ་བཱཾ། བ་ཡཾ། མཱཾ། ཨཱ་བཾ། ཤསའི་ཨནའོ། །ཡུཥྨད་ཨད་དག་ལས་ཕ་རོལ་ཤས་ནི་ཨན་དུ་བསྒྱུར་བར་འགྱུར་ཏེ། ཡུཥྨཱ་ན། ཨསྨཱ་ན། བྷྱས་ནི་ཨ་བྷྱམའོ། ། ཡུཥྨད་ཨསྨད་དག་ལས་ཕྱི་མའི་བྷས་ཨ་བྷྱཾ་དུ་བསྒྱུར་བར་འགྱུར་ཏེ། ཡུཥྨ་བྷྱཾ། ཨསྨ་བྷྱཾ་དཱི་ཡ་སྟེ། ང་སིའིའང་ཨཏའོ། །ཡུཥྨད་ཨསྨད་དག་ལས་ཕ་རོལ་ཤས་ནི་ཨན་དུ་བསྒྱུར་བར་འགྱུར་ཏེ། ཡུཥྨཱ་ན། ཨསྨཱན། བྷྱས་ཨ་བྷྱམའོ། །ཡུཥྨད་ཨསྨད་དག་ལས་ཕྱི་མའི་བྷྱས་ནི་ཨ་བྷྱཾ་དུ་བསྒྱུར་བར་འགྱུར་ཏེ། ཨཥྨཱ་ ཀཾ། ཨསྨཱ་ཀཾ། ཐུང་ངུ་། ན་དཱི་ཨཔ་ལས་ཎུཊའོ། །ཐུང་ངུ་དང་ནི་དི་དང་ཨཱས་རྣམས་ལས་ཕ་རོལ་ཨཱམ་ལས་ནུཊ་འགྱུར་ཏེ། བྲྀཀྵཱ་ཎཱཾ། ཀུ་མཱ་རཱི་ཎཱཾ། ཁ་ཊྭཱ་ནཱཾ། སརྦྦ་ནཱ་མའི་ཨ་ལས་སུཊའོ། ཨ་ཡིག་མཐའ་ཅན་གྱི་སརྦ་ནཱ་མའི་སུཏ་ཨཱ་མ་ལ་སུཏ་ཨཱ་ག་མ་འགྱུར་ཏེ། སརྦེ་ཥཱཾ། སརྦཱ་སཱཾ་བི་ཤྭེ་ཥཱཾ་བི་ཤྭཱ་སཱཾ། ཨ་ལས་ ཞེས་པ་ཅི་ཞེ་ན། བྷ་བ་ཏཱི། བྷ་བ་ཏཱི་ནཱཾ། གྲངས་ལས་ཨཏ་མིན་པ་ལས་སོ། །ཨཏ་ཀྱི་སྒྲ་མ་གཏོགས་པའི་གྲངས་ཀྱི་སྒྲ་ལས་ཕ་རོལ་ཨཱ་མ་ལས་ནུཏ་འགྱུར་ཏེ། ཙ་ཏུརྞཱཾ། པཉྩཱ་ནཱཾ། ཥཎྞཱཾ། ཨཏ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཏྲིཾ་ཤ་ཏཱཾ། ཏཱ་བ་ཏཱཾ། ཏྲ་ཡཱ་ཎཱཾ། ཏིའི་སྒྲ་ཨཱ་མ་གྱི་མཐའ་ལ་ཡཱ་ཎཱཾ་ཞེས་པ་ཚིག་ཕྲད་དེ། ཏྲ་ཡཱ་ཎཱཾ། མི་ཟད་པ་ལས་སུཔ་འཇིག་གོ། །མི་ཟད་པ་ལས་ཕྱི་མའི་སུཔ་འཇིག་པར་འགྱུར་ཏེ། ཨུཙྩཻཿ། ནཱི་ཙཻཿ། དོན་གཅིག་ལའོ། །དོན་གཅིག་གི་དངོས་པོ་དོན་གཅིག་ལ་ཀྱཙ་ལ་སོགས་པའི་སྒྲུབ་པ་དེ་ལ་སུཔ་འཇིག་པར་འགྱུར་ཏེ། པུ་ཏྲཱི་ཡ་ཏི། རཱ་ཛ་པུ་རུ་ཥཿ། ཨཽ་པ་ག་པཿ། མི་ཟད་པའི་སྒྲུབ་པ་ལས་ཨཏ་ཨམ་སྟེ་ལྔ་པ་ནི་མ་ ཡིན་ནོ། །མི་ཟད་པའི་སྒྲུབ་པ་ལ་ཨ་ཡིག་མཐའ་ལས་ཕ་རོལ་གྱི་སུཔ་ནི་མི་འཇིག་པར་ལྔ་པ་མ་གཏོགས་པ་ལ་ཨཱམ་དུ་འགྱུར་ཏེ། ཨུ་པ་ཀུམྦྷཾ་ཏིཥྛནྟི། ཡང་ན་པ་ཤྱ། ལྔ་པ་མ་གཏོགས་པ་ཞེས་པ་ཅི་ཞེ་ན། ཨུ་པ་ཀུམྦྷཱཏ། ཨཏ་ལས་ཞེས་པ་ཅི་ཞེ་ན། ཨུ་པཱགྣི་གསུམ་པ་དང་བདུན་བདག་གི་ཡང་ནའོ། །མི་ཟད་པའི་ སྒྲུབ་པ་ཨ་ཡིག་མཐའ་ལས་ཕྱི་མར་གསུམ་པ་དང་བདུན་པ་དག་ནི་ཨཱམ་དུ་ཡང་ན་འགྱུར་ཏེ། ཨུ་པ་ཀུམྦྷེ་ན། ཡང་ན་ཨུ་པ་ཀུམྦྷཾ་ཨུཔ་ཀུམྦྷེ་ནི་དྷེ་ཧི། ཡང་ན་ཨུ་པ་ཀུམྦྷཾ། བདུན་པ་ལས་རྒྱ་མཚོ་དང་ཆུ་ཀླུང་དང་གྲངས་དང་ཆ་ཤས་ལ་བསྡུ་བ་རྣམ་པར་བཤད་པ་ལས་རྟག་ཏུ་ཨམ་འགྱུར་ཏེ། ས་མུ་ཏྲཾ། ཨུནྨརྟྟ་གངྒཾ། ཨ་ཀ་བིཾ་ཤ་ཏི། བྷཱ་ར་དྷཱ་ཛཾ། རིགས་གཅིག་ལ་མང་པོ་ཉིད་དོ། །རིགས་གཅིག་གི་དོན་ལ་མང་པོ་ཉིད་ཡང་ན་འགྱུར་ཏེ། སམྦནྣོ་ཡ་བཿ། སམྦནྣཱ་ཡ་བཱཿ། གཅིག་ལ་ཞེས་པ་ཅི་ཞེ་ན། བྲཱི་ཧ་ཡ་བཽ། གྲངས་ལ་དགག་པ་འདོད་དེ། བྲཱི་ཏིཿ། སམྤནྣཿ། སུ་བྷིཀྵ་ཀ་རཿ། གུས་པར་བྱེད་པ་ལའང་ངོ་། །གུས་པ་རྟོགས་ པར་བྱེད་པ་ལ་གཅིག་ལ་མང་པོ་ཉིད་ཡང་ན་སྟེ། ཏྭ་མྨེ་གུ་རུཿ། ཡཱུ་ཡཾ་མེ་གུ་ར་བཿ། གུ་རུ་ཙ་ར་ཎཿ། ས་མཱ་དི་ཤ་ཏི། གུ་རུ་ཙ་ར་ཎཱཿ། ས་མཱ་དི་ཤནྟི། ཨསྨད་ལ་གཉིས་ཀྱང་ངོ་། །ཨསྨད་ལས་དོན་གཅིག་ལ་གཅིག་དང་མང་པོ་ཉིད་ཡང་ན་འགྱུར་ཏེ། ཨ་ཧ་མཱ་བཱམྦ་ཡཾ་དེ་བཞིན་དུ། བ་ཡཾ་ བཽདྡྷ་ཤྲུ་མཿ། རཱ་ཛཱ་ཏྭཾ་བ་ཡ་མ་པྱུ་པཱ་སྶི་ཏ་གུ་རུ་པྲཛྙཱ་བྷི་མཱ་ནོནྣ་ཏཱ། རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་ཁ་ཅིག་ཏུ་མི་འགྱུར་ཏེ། ཨ་ཧཾ་གཱརྒྒྱོ་བྲ་བཱི་མི། ཕལྒུ་ནཱི་དང་པྲོཥྛ་བ་ད་རྣམས་ཀྱང་རྒྱུ་སྐར་ལའོ། །ཕལྒུ་ནཱི་དང་པྲོཥྛ་པ་དཱ་དག་ལའང་རྒྱུ་སྐར་ལ་གཉིས་དང་མང་པོ་ཉིད་ཡང་ན་འགྱུར་ཏེ། པཱུརྦེ་ཕལྒུ་ཎྱཽ། པཱུརྦཱ། ཕལྒུ་ནྱཿ། པཱུརྦེ་པྲོཥྛ་པ་དེ། པཱུརྦཱཿ། པྲོཥྛ་པ་དཱཿ། རྒྱུ་སྐར་ལ་ཞེས་པ་ཅི་ཞེ་ན། ཕལྒུ་ནྱོ་མཱ་ཎ་བ་བི་ཀེ ། ཏིཥྱ་དང་པུ་ནརྦ་སུ་དག་རྒྱུ་སྐར་ལ་སྟེ་དང་གི་དོན་དང་མང་པོ་ཉིད་ལ་གཉིས་ཉིད་དོ། །ཏི་ཥྱ་ནི་གཅིག་གོ། །པུ་ནརྦ་ནི་གཉིས་སོ། །དེ་དག་གི་དང་གི་དོན་ནི་མང་པོའི་དོན་ཏེ། དེར་མང་པོའི་ཚིག་ཐོབ་པ་ལ་གཉིས་ ཀྱི་ཚིག་འགྱུར་བས་ཏི་ཥྱ་དང་བུ་ནརྦ་བུ་དག་རྒྱུ་སྐར་གྱི་ཡུལ་ལ་གཉིས་ཉིད་དུ་སྟོན་ཏེ། ཨུ་དི་ཏཽ་ཏི་ཥྱེ་པུ་ནརྦ་སཱུ། རྒྱུ་སྐར་ལ་ཞེས་པ་ཅི་ཞེ་ན། ཏི་ཥྱོ་མཱ་ཎ་པ་ཀཿ། པུ་ནརྦ་སཱུ་མཱ་ཎ་བ་ཀཽ། ཏི་ཥྱ་པུ་ནརྦ་ས་པོ་མཱ་ཎ་བ་ཀཱཾཿ། རྒྱུ་སྐར་རྗེས་སུ་འཇུག་བཞིན་པ་ལ་སླར་རྒྱུ་སྐར་སྨོས་པ་ནི་རྣམ་གྲངས་གཟུང་བའི་དོན་ཏོ། །པུཥྱ་པུ་ ནརྦ་སཱུ། དང་གི་དོན་ཞེས་པ་ཅི་ཞེ་ན། ཡསྟི། ཥྱསྟཽ་པུ་ནརྦ་སཱུ། ཡེ་ཥཱཾ་པྲ་ཏི་བྷཱ་ཏི་ཏ་ཨི་མེ་ཏི་ཥྱ་པུ་ནརྦ་པ་བཿ། མང་པོ་ཉིད་ཅེས་པ་ཅི་ཞེ་ན། ཀུན་སྡུད་པ་ལ་མི་འགྱུར་བ་སྟེ། ཏིཥྱ་པུ་ནརྦ་སུ་ཨི་དམ། བིཾ་ཤ་ཏི་སོགས་ལས་ཨ་ནཱ་བྲྀཏྟི་ལ་གཅིག་ཉིད་དོ། །མང་པོ་ཉིད་ཅེས་པ་ཉིད་དེ། བིཾ་ཤ་ཏི་སོགས་གྲངས་ཀྱི་སྒྲ་ནི་ཨ་ནཱ་ བྲྀཏྟི་ལ་མང་པོ་ཉིད་ཀྱང་གཅིག་ཉིད་དུ་སྟོན་ཏེ། བིཾ་ཤ་ཏིཿ། པུ་རུ་ཥཱཿ། ཤ་ཏཾ་སྟྲི་ཡཿ། ཨཱ་བྲྀཏྟ་ལ་ནི་གཉིས་ཏེ། བིདྴ་ཏཱི། ཏི་སྲོ་བིདྴ་ཏ་ཡཿ། ཨ་པཿ། རཱ་རཿ། ཛ་ལཽ་ཀཿ། སི་ཀ་ཏ་སོགས་ལས་མང་པོ་མིན་པ་ཉིད་ཀྱང་མང་པོ་ཉིད་དོ། །ཨ་པ་ལ་སོགས་པའི་སྒྲ་རྣམས་སྦྱོར་བ་ལ་མང་པོ་ཉིད་ཀྱང་མང་པོ་ཉིད་དུ་སྟོན་ཏེ། ཨཱ་ པཿ། ཤོ་བྷ་ནཱཿ། གུ་ཎ་བནྟཿ། དཱ་རཱཿཞེས་པ་ལ་སོགས་པའོ། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་གསུམ་པའི་རྐང་པ་གསུམ་པ་རྫོགས་སོ།། །། བུད་མེད་ལའོ། །འདི་ནི་སྤྱིར་བཏང་བ་སྟེ། ཨིཏ་ལས་གོང་དུ་ཨཱ་པ་ལ་སོགས་པ་གང་འཆད་པར་འགྱུར་བ་དེ་ཐམས་ཅད་འདིས་རབ་ཏུ་གྲུབ་པའི་དོན་དུ་འཇུག་པས་ཨངྒ་ལས་འགྱུར་རོ་ཞེས་རིག་པར་བྱའོ། །འདི་དག་གསལ་བར་བྱེད་པ་ལ་དིབ་ལ་སོགས་པ་མངོན་པར་བརྗོད་དོ། །ཀུ་མཱ་ར་བྷཪྻ། ཀུ་མཱ་ར་ཤྲ་མ་ཎ་ ཞེས་པ་དང་། བྲྀཀྵཙྪཱ་ཡ་ཞེས་པ་འདིར་གྲངས་ལས་གྲགས་པ་བཞིན་རྗོད་པར་བྱེད་པ་དཱིཔ་ལོག་ན་བུད་མེད་ཉིད་དུ་གསལ་བར་མི་འགྱུར་རོ། །གཱརྒཱ་ཡ་ཎཱི་ཞེས་པ་འདིར་རྐྱེན་དུ་མ་གསལ་བར་བྱེད་པའི་ཕྱིར་ཏེ། ཥའི་ཨཱ་ཡ་ན་དང་དཱིཔ་དག་མི་འགལ་ལོ། །འདི་ཡང་ཥིཏ་བྱ་བ་ཉིད་ལས་མཐར་འགྱུར་རོ། །དེ་བཞིན་དུ་ ཀཱ་ལི་ཏ་ར་ཞེས་པ་འདིར་མཆོག་མ་ཡིན་པའི་དོན་གསལ་བར་བྱེད་པ་དཱིཔ་ཞེས་ཏེ། སླར་ཡང་མཆོག་གི་རྐྱེན་མཐའ་ལས་སོ། །མཆོག་གི་དོན་གསལ་བར་བྱེད་པའི་བུད་མེད་ཀྱི་རྐྱེན་ཡང་དག་པར་འབྱུང་ངོ་། །རྀ་ན། ཨུཀ་འགྲོ་བ་ལས་དིཔའོ། །རྀ་ཡིག་མཐའ་དང་ན་ཡིག་མཐའ་དང་ཨུག་འགྲོ་བའི་ཨངྒ་ལས་བུད་ མེད་ལ་འཇུག་པ་ལས་དཱིབ་འགྱུར་ཏེ། ཀརྟཱི། དཎྜི་ནཱི། བྷ་བ་ཏཱི། བྷ་བནྟཱི། ང་ཡིག་ནི་དཱི་ལ་སོགས་པ་རྣམས་ཀྱི་ཡང་ངོ་ཞེས་པའི་མཚན་མའི་དོན་ཏོ། །པ་ཡིག་ནི་བདེ་བའི་དོན་ཏོ། །བུད་མེད་ལ་ཞེས་པ་ཉིད་དེ། ཀརྟཱ། དཎྜི། བྷ་བཱན། པཉྩ་སཔྟ་བུད་མེད་ལས་ཞེས་ཏེ། དོན་འདི་རབ་ཏུ་གྲུབ་པ་མ་ཏུ་ལ་མ་ ལྟོས་པ་གང་དེ་ཙམ་གྱིས་འཇུག་པས་སོ། །དེ་ཉིད་ཀྱི་ཕྱིར་གྲངས་ལས་ཥ་ནའི་མཐའ་དང་ཡུཥྨད་ཨསྨད་དང་ཀ་ཏི་དང་མི་ཟད་པ་དང་རྟགས་རྣམས་འདོད་དོ། །འོ་ན་ཅི་ལྟར། སྭ་སཱ། ན་ནནྡཱ། མཱ་ཏཱ། ཏི་པྲཿ། ཙ་ཏ་པྲཿཞེ་ན། གསལ་བྱེད་གཞན་གྱིས་ཀྱང་བུད་མེད་ཉིད་མངོན་པར་རྗོད་པར་བྱེད་པའི་ཕྱིར་རོ། །ཨཉྩ་ ལས་སོ། །ཨཉྩ་ཏི་ལས་བུད་མེད་ལ་དཱིཔ་འགྱུར་ཏེ། པྲཱ་ཙཱི། པྲ་ཏཱི་ཙཱི། སྔ་མ་ཡིས་གྲུབ་པ་ལ་ངེས་པའི་དོན་དུ་བརྗོད་པའོ། །ཨུཀ་འགྲོ་བའི་བྱིངས་ཨཉྩ་ཏི་ཉིད་དེ། དེས་ན་འདིར་མི་འགྱུར་ཏེ། ཨུ་ཁཱ་པྲ་ཏ། པརྞ་དྷྲ་ཏ། འཇིག་པ་དང་ན་ཡིག་གིས་བསྟན་པ་ཅི་ཞེ་ན། གུརྦད་ཏ་པ་སྭི་ནཱི། ཁར་ཨཙ་ལས་བ་ན་དང་ ངོའང་། ཁར་ཨཙ་ལས་ཕ་རོལ་ན་ཚོད་ཀྱི་རྐྱེན་ལས་དེའི་མཐའི་ཨངྒ་ལས་བུད་མེད་ལ་དིབ་འགྱུར་ཏེ། དེ་སྦྱོར་བ་ལ་ར་དང་མཐའ་བསྒྱུར་བའོ། །པ་ར་ལོ་ཀ་དྲྀ་ཤྭ་རཱི། དྷཱི་བ་རཱི། ཁར་དང་ཨ་ལས་ཞེས་པ་ཅི་ཞེ་ན། ས་ཧ་ཡུདྡྷྲཱ་བྲཱཧྨཱ་ཎི། དོན་གཞན་ལ་ཡང་ནའོ། །དོན་གཞན་ལ་འཇུག་པའི་བན་མཐའ་ལས་བུད་ མེད་ལ་དཱིཔ་འགྱུར་ཏེ། མཐའ་རེ་ཕ་རུ་བསྒྱུར་བའང་ངོ་། །བ་ཧ་བོ་དྷཱི་བཱ་ནོ྅སྱཱཾ་ན་གཪྻཱཾ་བ་ཧུ་དྷཱི་བ་རཱི། ཡང་ན་བ་ཧུ་དྷཱི། པཱ་ད་ལས་ཨ་ནཱུ་ཙ་ལའོ། །པཱ་ད་ཞེས་པ་བསྡུ་བའི་མཐའ་ལ་པཱད་ཀྱི་སྒྲ་གཟུང་སྟེ། པད་ཀྱི་མཐའི་ཨངྒ་ལས་དོན་གཞན་ལ་བུད་མེད་ལ་འཇུག་པ་ལས་ཨ་ནཱུ་ཙ་དཱི་པ་ཡང་ ན་འགྱུར་ཏེ། དཱི་བ་དཱི། དཱི་པཱཏ། དཱི་པཱཏ། ཨ་ནཱུ་ཙ་ལ་ཞེས་པ་ཅི་ཞེ་ན། ཙ་ཏུཥྤཱ་དྲྀཀ །ཇི་ལྟར་དྲི་བ་དཱ་གཱ་ཡ་ཏྲཱི། པཉྩ་པ་དཱ་པཾ་ཀྟི་ཞེ་ན། པཱ་དའི་སྒྲ་བསྡུ་བའི་པ་དའི་སྒྲ་དང་དོན་གཞན་ལ་བུད་མེད་ལ་འཇུག་པ་ལས་ལས་ནའང་ངོ་། །ཨཱུ་དྷས་ལས་དོན་གཞན་ལ་བུད་མེད་ལ་དཱིཔ་འགྱུར་ཏེ། མཐའ་ན་རུ་བསྒྱུར་བའང་ངོ་། ། ཀུཎྜོ་དྷྣཱི། དྷྱཱུ་དྷྣི། ཏྲྱཱུ་དྡྷཱི། དོན་གཞན་ཞེས་པ་ཉིད་དེ། པྲཱཔྟོ་དྷཱཿ། བུད་མེད་ལ་ཞེས་པ་ཉིད་དེ། མ་ཧོ་དྷོ་དྷེ་ནུ་ཀཾ །དཱ་མན་ལས་གྲངས་དང་པོ་ལས་སོ། །དོན་གཞན་ལ་བུད་མེད་ལ་དཱི་པ་འགྱུར་ཏེ། དྭི་དཱམྣཱི། གྲངས་དང་པོ་ལས་ཞེས་པ་ཅི་ཞེ་ན། ཨུདྡཱ་མཱ། བ་ཌ་བཱ་རྣམ་པར་བརྟག་པས་ཌཱཔ་ཐོབ་པ་རྟག་ཏུ་དཱིཔ་ཀྱི་དོན་ བརྗོད་པའོ། །ཧཱ་ཡ་ན་ཡས་ན་ཚོད་ལའོ། །གྲངས་དང་པོ་ལས་དོན་གཞན་ལ་བུད་མེད་ལ་དཱིཔ་འགྱུར་ཏེ། དཱི་ཧཱ་ཡ་ནཱི། ཏྲི་ཧཱ་ཡ་ཎཱི། ན་ཚོད་ལ་ཞེས་པ་ཅི་ཞེ་ན། ཏྲི་ཧཱ་ཡ་ནཱ་ཤཱ་ལཱ། གྲངས་དང་པོ་ལས་ཞེས་པ་ཉིད་དེ། ཨ་ཏཱི་ཏ་ཧཱ་ཡ་ནཱ་གཽཿ། ན་ཚོད་ནི་སྲོག་ཆགས་རྣམས་ཀྱི་དུས་ཀྱིས་བྱས་པའི་གནས་སྐབས་ཀྱི་ཁྱད་པར་རོ། །ཨ་ནུ་ལས་ ཡང་ནའོ། །ཨ་ནུའི་མཐའ་ལས་དོན་གཞན་ལ་བུད་མེད་ལ་འཇུག་པ་ལ་དཱིཔ་ཡང་ན་འགྱུར་ཏེ། བ་ཧུ་རཱི་ཛྙཱ་པྲྀ་ཐྭཱི། བ་ཧུ་རཱ་ཛཱ་ནཽ། སྒྲུབ་པའི་ནུས་པ་ཉིད་ལས་དིཔ་དག་གྲུབ་པ་ལ་ཡང་ན་སྨོས་པ་ནི་གསུམ་པའི་ངོ་བོ་གྲུབ་པའི་དོན་ཏོ། །མིང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་རྟག་ཏུ་དིཔ་འགྱུར་ཏེ། པུ་ར་ཛྙཱི། ཨ་ དྷི་རཱ་ཛྙཱི། ན་མ་གྲཱ་མཿ། མཐའ་ཉེ་མ་ཡིན་པ་དབྱེ་བ་ལས་དཱིཔ་དང་ཌཱས་རྣམ་པར་བཤད་པར་མི་འདོད་དོ། །སུརྦཱ། སུརྦཱ་ཎཽ། སུ་ཤརྨཱ། སུ་ཤརྨཱ་ཎཽ། མན་ལས་མ་ཡིན་ནོ། །དོན་གཞན་ཞེས་པ་ལྡོག་གོ། །མན་འི་མཐའ་ལས་བུད་མེད་ལ་དཱིཔ་མི་འགྱུར་ཏེ། དཱ་མཱ། དཱ་མ་ནཽ། པཱ་མཱ། པཱ་མཱ་ནཽ། ནིཥྤཱ་ནོ། །ཨ་ནི་ན་སྨན་སྨོས་པ་ནི་དོན་ གཞན་ལ་འཇུག་པ་ཅན་གྱི་དེའི་མཐའི་སྒྲུབ་པ་རབ་ཏུ་སྦྱོར་རོ། །དེས་ན། སཱི་མཱ། སཱི་མཱ་ནཽ། །དགག་པ་བརྗོད་པ་ནི་གཉིས་པའི་གཟུགས་གྲུབ་པའི་དོན་ཏོ། །དེ་དག་ལས་ཌཱཔའོ། །ཨན་གྱི་མཐའ་ལས་དོན་གཞན་ལ་འཇུག་པ་དང་མན་གྱི་མཐའ་ཁྱད་པར་མེད་པའི་ཕྱིར་ཌཱཔ་འགྱུར་རོ། །ཌ་ཡིག་ནིཥྚི་དབྱི་བའི་དོན་ཏོ། །བ་ཧུ་རཱ་ ཛཱ། བ་ཧུ་རཱ་ཛེ། སུ་པརྦཱ་སུ་པརྦེ་དཱ་མ། དཱ་མེ། སཱི་མ། སཱི་མེ། ཨན་གྱི་མཐའ་དོན་གཞན་གྱི་ཁྱད་པར་ཅི་ཞེ་ན། ཨ་ཏི་རཱ་ཛྙི་ཞེས་པར་མི་འགྱུར་པའི་ཕྱིར་རོ། །དིཔ་མཐའ་ལས་བྱས་པ་རྟག་ཏུ་ཁར་ཨཙ་ཉིད་ལས་བན་གྱི་རའང་ངོ་། །དེའི་ཕྱིར་ཌཱ་པ་པའང་དོན་གཞན་ལ་ཡོད་པ་ཉིད་དག་གོ། །མཐའ་ ཉེ་མ་ཡིན་པ་དབྱི་བ་ལས་དཱིཔ་དང་ཌ་པ་ཉིད་རྣམ་པར་བཤད་པས། དཱི་པ་ཉིད་དེ། ཌཱ་མན་ལས་གྲངས་དང་པོ་ལས་མན་ལས་རང་དོན་ལའང་མི་དབྱི་བ་བཞིན་ནོ། །ཨཙ་དང་པོ་དང་ཨཏ་ལས་ཊཱ་པའོ། །ཨཙ་དང་པོ་ཨཏ་མཐའ་ལས་ཀྱང་བུད་མེད་ལ་ཌཱཔ་འགྱུར་ཏེ། ཊ་ཡིག་ནི་སྤྱི་བཟུང་བ་འགོག་པའི་ དོན་ཏོ། །ཨ་ཛཱ། དེ་བ་དཏྟཱ། ཨ་དྱཥྵྱ། ཨཽ་ཤ་ལྱཱ། ཨཏ་ལས་ཞེས་པ་ཉིད་ཀྱིས་གྲུབ་པ་ལ་ཨཙ་སོགས་རྣམས་ཀྱི་སྒྲུབ་པ་ནི་དགག་པ་འགེགས་པའི་དོན་ཏོ། །ཨ་ཛཱ། ཨེཌ་ཀཱ། ཙ་ཊ་ཀཱ། མཱུ་ཥི་ཀཱ། ཀོ་ཀི་ལཱ། ཨ་ཤྭཱ། བི་པྲཱ། རིགས་ལས་བུད་མེད་མ་ཡིན་པ་ ངེས་པར་སོགས་སུ་མཐའ་ཉེ་ལས་དཱིཔ་ལ་ཊཱ་པ་འགྱུར་རོ། །བཱ་ལཱ། ཀ་ནྱཱ། ཧོ་ཌཱ། པཱ་ཀཱ། བཏྶཱ། མནྡཱ། བཱི་ལཱ་ཏཱ། ན་ཚོད་ཀྱི་མཐའ་ལས་ཞེས་པས་དཱིཔ་ཐོབ་པ་ལ། པཱུརྦཱ་པ་ཧཱ་ཎཱ། ཨ་པ་རཱུ་པ་ཧཱ་ཎཱ། སཾ་པྲ་ཧཱ་ཎ་ཞེས་པ་ཚིག་ཕྲད་ལས་ཎ་ཉིད་དོ། །སཾ། བྷྲསྟྲཱ། ཨ་ཛི་ན། ཤ་ ཎ། པིཎྜ་རྣམས་ལས་ཕ་ལ་ལས་སོ། །སཾ་ཕ་ལཱ། ཨ་ཛི་ན་ཕ་ལ། ཤ་ཎ་ཕ་ལཱ། པིཎྜ་ཕ་ལཱ་ཞེས་སོ། །ཕ་ལའི་མཐའི་མཚན་ཉིད་ལ་དཱིཔ་ཐོབ་པ་དང་། ཏྲི་ཕ་ལ་ཞེས་པ་དང་བ་གཉིས་པ་ལས་ཞེས་པ་དིཔ་ཐོབ་པ་ལའོ། །སཏ་པྲཱཀ་ཀཱཎྜ་པྲཱནྟ། ཤ་ཏ། ཨེ་ཀ་རྣམས་ལས་པུཥྤ་ལས་སོ། །སཏྤུཥྤཱ། པྲཱཀྤུཥྤཱ། ཀཎྜཱ་པུཥྤཱ། པྲཱནྟ་པུཥྤཱ། ཨེ་ཀ་པུཥྤཱ། པུཥྤའི་མཐའི་མཚན་ཉིད་ལ་དིཔ་ཐོབ་པ་ལའོ། །ཤཱུ་དྲ་ལས་ཀྱང་མ་ཧ་ཏ་མ་ཡིན་པ་པུརྦ་ལས་རིགས་ལའོ། །ཤཱུ་དྲ་ཛཱི་ཏིཿ། ཤཱུ་དྲཱ། དེ་སྐད་དུ། ཤཱ་དྲཻ་བ་བྷཱཪྻཱ་ཤཱུ་དྲ་སྱ། སཱ་ཙ་སྭཱ་ཙ་བི་ཤཿ། སྨྲྀ་ཏཱ། ཏེ་ཙ་སྭཱ་ཙ་སྨྲི་ཏཱ་རཱ་ཛྙ་ཤྩ་སྭཱ། ཙཱ་གྲ་ཛནྨ་ཞེས་སོ། །མ་ ཧ་ཏ་མ་ཡིན་པ་སྔ་མ་ལས་ཞེས་པ་ཅི་ཞེ་ན། མ་ཧཱ་ཤཱུ་དྲཱི། ཨ་བྷཱི་རཱ་ཛཱ་ཏིཿ། ཤེས་བྱེད་འདི་ཉིད་ལས་དེའི་མཐའི་ཆོ་ག་རབ་ཏུ་བྱེད་པ་ལ་ཤེས་པར་བྱེད་དོ། །དེས་ན་ཨ་ཏི་ཀྲཱནྟཱ། བྷ་བནྟཱམ། ཨ་ཏི་བྷཱི་བ་རཱི། རིགས་ལ་ཞེས་པ་ཅི་ཞེ་ན། ཤཱུ་དྲ་སྱ་བྷཱཪྻཱ་ཤཱུ་དྲི། སྐྱེས་པ་སྦྱོར་བའི་མཚན་ཉིད་ལས་དཱིཔ་ཐོབ་པ་ཉིད་དོ། །ཀྲཱུཉྩཱ། ཨུཥྞི་ ཧཱ་དེ་བ་བི་ཤེ་ཏི། ཧ་ལནྟ་ཉིད་ཀྱིས་མི་ཐོབ་པ་ལའོ། །ཛྱེཥྛཱ། ཀ་ནིཥྛཱ། མདྷྱཱ། མ་དྷྱཱ་མཱ་ཞེས་སོ། །གང་གི་ཚེ་སོར་མོ་རྣམས་ལ་འཇུག་པ་དེའི་ཚེ་ཨ་ཏ་ལས་ཞེས་པ་ཉིད་ཀྱིས་ཌཱ་པ་འགྲུབ་བོ། །གང་གི་ཚེ་བྷ་གི་ནཱི་ལ་སོགས་པ་རྣམས་ལ་ཡིན་པ་དེའི་ཚེ་ཡང་རྣམ་པར་གཞག་པ་བརྗོད་པའི་ཕྱིར་རོ། ། མཐར་ཡང་བ་ཡས་དད་ཀ་ནིཥྛཱ་སོགས་དམིགས་བསལ་བསྟན་པའི་ཕྱིར་རོ། །ན་ཚོད་ཀྱི་མཐའ་མ་ཡིན་པའི་མཚན་ཉིད་ལས་དཱིཔའོ། །མཐའ་མ་ཡིན་པའི་ན་ཚོད་སོ་སོར་མི་རྟོགས་སོ། །གང་གི་ཚེ་ཛྱེ་ཥྛ་སྱ་བྷཱཪྻཱ་ཡིན་པ་དེའི་ཚེ་སྐྱེས་པ་སྦྱོར་བའི་མཚན་ཉིད་ལས་དཱི་བ་ཐོབ་པར་བཀླགས་སོ། །མཱུ་ལ་ལས་ནཉ་ཞེས་ པ་ཡང་བརྗོད་པར་མི་བྱ་སྟེ། ཨ་མཱུ་ལ་དང་མཱུ་ལའི་མཐའི་མཚན་ཉིད་ལས་དཱིཔ་མེད་དོ། །ཨཱ་ཛ་ཏི་ཉིད་ལས་འདིར་ཌཱཔ་ཅིའི་ཕྱིར་མི་འགྱུར་ཞེ་ན། པཉྩཱ་ཛཱི། ད་ཤཱ་ཛཱི་ཞེས་པ་གཉིས་པའི་དགག་པ་ལས་དཱིཔ་བཀག་པ་མེད་པའི་ཕྱིར་རོ། །ཏ་ཕ་རོལ་ཏུ་བྱེད་པ་ཅི་ཞེ་ན། ཤུ་བྷ་མ་ཡཱ། ཨཏ་ལས་ཞེས་པ་འདི་ནི། རིགས་ ལས་བུད་མེད་མ་ཡིན་པའི་ངེས་པ་སོགས་ལས་མཐའ་ཉེ་ལས་ཞེས་པའི་བར་དུ་སྤྱིར་བཏང་བའོ། །ཡང་ལས་སོ། །ཨཎ་ཨིཉ་དག་ཡང་དུ་བསྒྱུར་བ་བཟུང་བའི་ཡངའི་མཐའ་ལས་བུད་མེད་ལ་ཊྱཔ་འགྱུར་ཏེ། ཀཱ་རཱི་ཥ་གནྡྷྱ། ཀཽ་མུ་ད་གནྡྷྱ། ཨཽཏྤ་ལ་གནྡྷྱ། བཱ་རཱ་ཧྱཱ། ཨཎ། ཨིཉའི་མཐའ་ཉིད་ལས་དཱིཔ་ཐོབ་པ་ལ་ བརྗོད་པའོ། །རང་དོན་ལའོ། །ཨིཏ་ལས་ཕ་རོལ་བུད་མེད་ལ་གང་བརྗོད་པ་དེ་རང་དོན་ལ་འཇུག་པའི་ཨངྒ་ལས་རིག་པར་བྱའོ། །འདི་ནི་ཨཏ་རྗེས་སུ་འཇུག་པའི་མཐར་ཐུག་པའི་བར་ལ་སྤྱིར་བཏང་བའོ། །ཊིཏ། ཌྷ་ཨཎ། ཨཉ། ཋཀ ། ཋཉ། ནཉ། སྣཉ་ལས་སོ། །ཊི་ཏ་ལ་སོགས་པའི་སྒྲ་གང་ཡིན་པ་དེའི་མཐའ་ ལས་བུད་མེད་ལ་དཱི་པ་འགྱུར་ཏེ། མ་དྲ་ཙ་ར་ཀུ་རུ་ཙཱ་རཱི། འདིར་བསླགས་པ་ལ་ཞེས་པས་དཱི་པ་མི་འགྱུར་རོ། །ཨིཊའི་ཊ་ནི་སྒྲུབ་པ་བསྟན་པ་ལ་སྤྱོད་པའི་ཕྱིར་རོ། །དེ་བཞིན་དུ། པ་ཙ་མཱ་ན་ཞེས་སོ། །ལཊའི་ལ་ཡིག་ནི་སྒྲུབ་པ་ལ་སྤྱོད་པའི་དོན་གྱི་ཕྱིར་རོ། །ཌྷ་ཞེས་པ་ནི་ཌྷཀ་དང་ཌྷཉ་དག་གཟུང་ངོ་། །སཽ་པརྞེ་ཡཱི། སཱ་བ་ལེ་ཡཱི། ཨཎ་ཞེས་པ་ནི་ཀྲྀཏ་དང་དེ་ཕན་དག་གཟུང་ངོ་། །ཀུམྦྷ་ཀཱ་རཱི། ཨཽ་པ་ག་བཱི། ཨཉ། ཨཽཏྶཱི། ཋཀ །ཨཱཀྵི་ཀཱི་ཋཀ །ཨཱཀྵི་ཀཱི། ཋཉ་ལཱ་བ་ཎིཀཱི། ཋཀ །ཋཉ་དག་བྱེ་བྲག་ཏུ་ཉེ་བར་ལེན་པ་ནི་ཋན་ལྡོག་པའི་དོན་ཏོ། །ནཉ། སྟྲཻ་ཎཱི། སྣཉ། པཽ་སྣཱི་རང་དོན་ཞེས་པ་ཉིད་དེ། པྲི་ཡ་ཀུ་རུ་ཙ་རཱ་ནག་རི་ཊི་ཏ་ལ་སོགས་པ་རྣམས་དང་ དྲུག་པའི་མཐའ་ཡིས་ཨཏ་ལས་ཁྱད་པར་འདིའི་སྒྲུབ་པ་ཡི་གེ་ལ་བརྟེན་པ་ཉིད་སོ་སོར་རྟོག་པའི་དོན་ཏོ། །དེས་ན། ལ་བ་ཎཱ། ཡ་བ་གཱུ་ཞེས་པ་འདིར་ཀྲྀཏ་རྐྱེན་འཇིག་པའི་མཚན་ཉིད་ལས་དཱིཔ་མི་འགྱུར་རོ། །ཡི་གེ་ལ་བརྟེན་པའི་སྒྲུབ་པ་རྐྱེན་དབྱི་བའི་མཚན་ཉིད་མེད་པས་བཀག་པའོ། །བུ་རྒྱུད་ལ་ཡ་ཉ་ལས་ཥ་ཨ་བ་ ཊ་ལས་མ་ཡིན་ནོ། །གང་བུ་རྒྱུད་ལ་བྱས་པའི་ཡཉ་དེའི་མཐའ་ལས་བུད་མེད་ལ་དཱིཔ་འགྱུར་ཏེ། གལ་ཏེ་ཥ་ཡིག་དང་ཨ་བ་ཊའི་སྒྲ་ཕ་རོལ་ཏུ་མ་གྱུར་པའོ། གརྒཱི། བཱཏྶཱི། ཧལ་ལས་དེ་ཕན་གྱི་ཞེས་པས་ཡང་ན་དབྱིའོ། །བུ་རྒྱུད་ཀྱི་ཡཉ་ལས་ཞེས་པ་ཅི་ཞེ་ན། དྭཱི་པེ་བྷ་བཱ་དྭཻ་པྱཱ། ཥ་ཨ་བ་ཊ་ལས་མ་ཡིན་ཞེས་པ་ཅི་ ཞེ་ན། ཤརྐ་རཀྵྱཱ། པཽ་ཏི་མུ་ཥྱཱ། ཨ་བ་ཊྱཱ། ཥཱ་ཡ་ན་ཡང་ནའོ། །བུ་རྒྱུད་ཀྱི་ཡཉའི་མཐའ་ལས་བུད་མེད་ལ་ཥཱ་ཡ་ན་ཡང་ན་འགྱུར་ཏེ། ཤཱརྐ་རཱ་ཀྵྱཱ། ཤཱརྐ་རཱཀྵྱཱ་ཡ་ཎཱི། པཽ་ཏི་མཱ་ཥྱཱཿ། པཽ་ཏི་མཱ་ཥྱཱ་ཡ་ཎཱི། ཨཱ་བ་ཊྱཱ། ཨཱ་བ་ཊྱཱ་ཡ་ནཱི། ཥ་འགྲོ་བ་ཉིད་ལས་དཱིཔའོ། །འགའ་ཞིག་ཏུ་དམིགས་བསལ་གྱི་ཡུལ་ལ་ཡང་ སྤྱིར་བཏང་འཇུག་གོ། །དེས་ན། གཱརྒཱི། གརྒྱཱ་ཡ་ཎཱི། བཱཏྶཱི། བཱཏྶྱ་ཡ་ནི། ཤ་ཀ་ལའི་མཐའ་ལས་ལོ་ཧི་ཏ་སོགས་ལས་སོ། །བུ་རྒྱུད་ཀྱི་ཡཉའི་མཐའ་ལས་ཥི་ཡང་ན་འགྱུར་ཏེ། ལཽ་ཧི་ཏྱཱ་ཡ་ནཱི། ཤཱཾ་སི་ཏྱཱ་ཡ་ནཱི། བཱ་བྷྲ་བྱཱ་ཡ་ནཱི། མ་ན་ཡཱིའི་སྒྲ་ལས་མཱ་ནཱ་ཡྻཱ་ཡ་ནཱི། བྷ་ཏ་དྭི་ཏ་ཞེས་པ་སྐྱེས་པ་བཞིན་གྱི་དངོས་པོར་ བརྗོད་པའི་ནུས་པ་ལས་མི་འགྱུར་རོ། །འོ་ན་ཅི་ལྟར་མཱ་ན་བྱཱ་ཡ་ནཱི་ཞེ་ན། མ་ནུའི་སྒྲ་ཡང་བརྗོད་པའི་ཕྱིར་རོ། །བ་དཎྜའི་སྒྲ་ལས་ཨཱངྒི་ར་ས་མ་ཡིན་པ་ལ་སྟེ། བཱ་ཏཎྚྱཱ་ཡ་ནཱི། ཤི་བ་སོགས་སུ་བརྗོད་པའི་ཕྱིར། བཱ་ཏཎྜཱི་འང་ངོ་། །ཨཱངྒི་ར་ས་ལ་ནི་ཡཉ་ཉིད་དེ། དེའི་བུད་མེད་ལ་འཇིག་པ་རིགས་ལས་ཞེས་པ་ལ་སོགས་ པས་དིཔའོ། །བ་ཏཎྜཱི། ཀ་པའི་སྒྲ་ལས་ཨཱངྒི་ར་སལ་ཡ་ཉ་ཉིད་དོ། །ཀཱ་བྱཱ་ཡ་ནཱི། ཨཱངྒི་ར་ས་མ་ཡིན་པ་ལ་ནི་ཀཱ་པེ་ཡཱི། ཀཱ་ཏྱཱ་ཡ་ནཱི། ཤཱ་ཀ་ལྱཱ་ཡ་ནཱི། ཤ་ཀ་ལའི་མཐའ་ལས་ཞེས་པ་ཅི་ཞེ་ན། ཀཱཎྛཱི། ཀཱཎྛྱ་ཡ་ནཱི། ཀུ་རུ་ཀཱ་ཏཱ་དུ་ཧ་མ་ཡིན་པ་ལ་ནི་ལོ་ཧི་ཏ་ལས་གོང་དུ་བཀླག་པར་བྱའོ། །ལོ་ཧི་ཏ་སོགས་དང་ཤ་ཀ་ ལ་སོགས་ཀྱི་བྱ་བ་མེད་དོ། །ཀཽ་ར་བྱ། ཨ་སུ་རི། མཱཎྜཱུ་ཀ་ལས་ཊི་དབྱི་བ་འང་ངོ་། འདི་རྣམས་ལས་ཋ་ཡང་ན་འགྱུར་ཏེ། ཊྀ་དབྱི་བ་འང་ངོ་། །ཀཽ་ར་བྱཱ་ཡཱ་ཎཱི། ཨ་སུ་རཱ་ཡ་ཎཱི། མཱཎྜཱུ་ཀཱ་ཡ་ནཱི། ཅི་ལྟར་ཀཽ་ར་བཱི་སེ་ནཱ། མཱཎྜཱུ་ཀཱི་བྷཱ་རཱ་ཞེ་ན། དེ་འདིའི་ཞེས་པའི་ཨཎའི་ས་སོ། །ཀོ་ར་ཤྱ་ཞེས་པ་ཎྱའི་རྐྱེན་གྱི་མཐའོ། །ན་ཚོད་ཐ་མ་ ཡིན་པ་ལའོ། །ན་ཚོད་ཐ་མ་ཡིན་པ་ལ་འཇུག་པ་ལས་བུད་མེད་ལ་དཱིཔ་འགྱུར་ཏེ། དང་པོ་ལ། ཀུ་མཱ་རི། ཀཾ་ཤོ་རཱི། བརྐ་རཱི། ཀ་ལ་བྷཱི། གཉིས་པ་ལ། བརྡུ་ཊཱི། ཙི་རིཎྜཱ། ཏ་རུ་ནཱི། ཏ་ལུ་ནཱེ། ཐ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྠ་བི་རཱ། བྲྀདྡྷཱ། དེ་ལྟར་ཡང་། བཅུ་དྲུག་མ་ནི་གཞོན་ནུ་མ། སུམ་ཅུ་མ་ནི་གཞོན་མར་འགྱུར། །ཇི་སྲིད་ལྔ་བཅུ་རྩ་ལྔའི་བར། དར་མའོ་དེ་ལས་ཕྱི་མ་རྒན། །ཞེས་སོ། །ཅི་ལྟར། དྭི་བཪྵཱ། ཨུཏྟཱ་ན་ཤ་ཡཱ། ལོ་ཧི་ཏ་པཱ་དི་ཀཱ་ཞེ་ན། དོན་ལས་འདིར་ན་ཚོད་དང་པོ་རྟོགས་པར་བྱེད་པ་ལ་ནིའི་སྒྲ་ལས། བྲྀདྡྷ་དང་ཀུ་མཱ་ར་ཞེས་པ་ལས། བྲྀདྡྷའི་སྒྲ་ལས་འདིར་ན་ཆོད་ཐ་མ་རྟོགས་པར་བྱེད་ ཀྱི། ཀུ་མཱ་རའི་སྒྲ་ལས་མ་ཡིན་ནོ། །ཨཏ་ལས་ཞེས་པ་ཉིད་དེ། ཤི་ཤུ། བ་གཉིས་པ་ལས་སོ། །བུད་མེད་ལ་དཱིཔ་འགྱུར་ཏེ། པཉྩ་པཱུ་ལཱི། ཨར་པཱ་ཏྲ་སོགས་ཞེས་པས་བུད་མེད་ཉིད་དོ། །རང་དོན་ལས་ཞེས་པ་ཉིད་དེ། རྟ་ལྔ་རྣམས་ཀྱིས་རྩེ་བ་ནི། པཉྩ་ཤྭཱ། རྐྱེན་གྱི་དོན་ལས་འདིར་བུད་མེད་ཉིད་དེ། བསྡུ་ བའི་དོན་ལས་ནི་མ་ཡིན་ནོ། །ཚད་ལས་ཨཀ་ལ། བིསྟཱ། ཨ་ཙི་ཏ། ཀམྤ་སྱ། གྲངས་ལས་འཇིག་པ་ལའོ། །རང་དོན་ཞེས་པ་འདིར་མངོན་པར་འབྲེལ་པ་མེད་དོ། །འཇིག་པ་ལ་ཞེས་པའི་ཚིག་ལས་བ་གཉིས་པའི་ཀཱ་ལ་སོགས་པ་བོར་བའི་ཚད་ལས་འཇིག་པ་ལ་བུད་མེད་ལ་དཱི་པ་འགྱུར་ཏེ། དྲི་ཀུ་ཌ་ བཱི། དྭི་པྲསྠཱི། ཚད་ལས་ཞེས་པ་ཅི་ཞེ་ན། པཉྩཱ་ཤྲཱ། འཇིག་པ་ཞེས་པ་ཅི་ཞེ་ན། དྭི་པ་ཎྱཱ། འཇིག་པ་ཞེས་པ་ཡང་དེ་ཕན་ཉིད་ཡིན་གྱི་ཀྲྀཏ་མ་ཡིན་ལ། སུཔ་འཇིག་པ་ཐམས་ཅད་དུ་འབྱུང་བས་རྣམ་གཅད་མེད་པའི་ཕྱིར་རོ། །ཀཱ་ལ་སོགས་དགག་པ་ཅི་ཞེ་ན། ལོ་གཉིས་སུ་གྱུར་པ་ནི། དྭི་བཪྵཱ། དྭི་བིསྟཱ། དྭྱཱ་ཙི་ཏཱ། དྭི་ཀམྦ་ལྱཱ། དྭི་ཤཏཱ། སུ་བརྞ་བི་སྟཽ། ཧེ་མོན་ཀྵཾ། ཨཱ་ཙི་ཏོ་ད་ཤ་བྷིརྦྷཱ་རཻཿ། ཤ་ཏཻརྦི་ཤ་སྟི་བྷིརྦྷཱ་རཿ། པ་ལཱ་ནཱཾ་ཀམྦ་ལྱ་མཱུརྞྞཱ་པ་ལ་ཤ་ཏཾ། ཀཱཎྜ་ལས་ཞིང་མ་ཡིན་པ་ལའོ། །ཚད་བརྗོད་པ་ཀཱཎྜའི་སྒྲའི་མཐའ་ལས་པ་གཉིས་པ་ལས་ཞིང་མ་ཡིན་པ་འཇིག་པ་ཉིད་ལ་བུད་མེད་ལ་དཱིཔ་འགྱུར་ ཏ། ཥོ་ཌ་ཤ་ཧསྟ་པ་རི་མཱ་ཎཾ་ཀུཎྜཿ། འདི་མདའ་གཉིས་ཀྱི་ཚད་ཡིན་པ་ནི། དྭི་ཀཱཎྜཱི་རཛྫུཿ། ཞིང་མ་ཡིན་པ་ཞེས་པ་ཅི་ཞེ་ན། དྭི་ཀཱཎྜ་ཀྵེ་དྲ་བྷཀྟིཿ། ཚད་ལས་ཞེས་པ་ཉིད་དེ། མདའ་གཉིས་ཀྱིས་རྩེ་བ་ནི། དྭི་ཀཱཎྜཱ། པུ་རུཥ་ལས་ཡང་ནའོ། །བ་གཉིས་པ་སྐྱེས་པའི་མཐའ་ལས་དཱི་པ་ཡང་ན་འགྱུར་ཏེ། ཙ་ ཏུརྡྷསྟཿ། པུ་རུ་ཥཿ། འདི་སྐྱེས་བུ་གཉིས་ཀྱི་ཚད་ཡིན་པ་ནི། དྭི་པུ་རུ་ཥཱཾ། དྭི་པུ་རུ་ཥཱ་ཙྪ་ཡཱ། ཏྲི་པུ་རུ་ཥཱི། ཏྲི་པུ་རུ་ཥཱ་བ་རི་ཁཱ། ཚད་ལས་ཞེས་པ་ཉིད་དེ། སྐྱེས་བུ་ལྔ་རྣམས་རྩེ་བ་ནི། པཉྩ་པུ་རུ་ཥ་ཧསྟི་ནཱི། ཀེ་བ་ལ། མཱ་མ་ཀ ། བྷཱ་ག་དྷེ་ཡ། པཱ་པ། ཨ་པ་རཱ། ས་མཱ་ན། ཨཱཪྻ་ཀྲྀ་ཏི། སུ་མཾ་ག་ལ། བྷཻ་ཥ་ཛྱ་ལས་མིང་ལའོ། །དགུ་པོ་རྣམས་ལས་མིང་ལ་དཱིཔ་འགྱུར་ཏེ། ཀེ་བ་ལཱི་ནཱ་མ་ག་ཎི་ཏ་བཻདྱ། མཱ་མ་ཀཱི་དེ་བ་ཏཱ། བྷཱ་ག་དྷེ་ཡཱི། པཱི་པཱི། ཨ་པ་རཱི། ས་མཱ་ནཱི། ཨཱ་ཪྻ་ཀྲི་ཏཱི། སུ་མངྒ་ལཱི། བྷཻ་ཥ་ཛཱི། མིང་ལ་ཞེས་པ་ཅི་ཞེ་ན། ཀེ་བ་ལཱ། མཱ་མ་ཀཱ་ཞེས་པ་ལ་སོགས་པའོ། །སྦྲུམ་མ་ལ་ཨནྟརྦཏྣཱིའོ། །བུད་ མེད་སྦྲུམ་མ་ལ་ཨནྟརྦཏྣཱི་ཞེས་པ་མ་ཏུ་བ་ཚིག་ཕྲད་དེ། ནུ་ཀའང་ངོ་། །དཱིཔ་ནི་མཐའ་མ་ཡིན་པ་ཉིད་ལས་གྲུབ་བོ། །ཨནྟ་རྦ་ཏྣཱི། མངལ་ལྡན་མའོ། །སྦྲུམ་མ་ལ་ཞེས་པ་ཅི་ཞེ་ན། ཨསྟྱནྟ་ར་སྱཱཿ། ཤཱ་ལཱ་ཡཱ་བྲཱཧྨ་ཎི། པ་ཏི་པཏྣཱི། ཆུང་མ་ལའོ། །པ་ཏི་པཏྣཱི་ཞེས་པ་མ་ཏུའི་ཝ་ཉིད་དང་ན