Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 194
Văn bản gốc(Tây Tạng)
Trang 14 / 20 (50.000 ký tự/trang)
ུ། ནཱི། དཱཔ་ལས་བྱེད་པ་ལའོ། །བཅུ་གསུམ་པོ་རྣམས་ལས་བྱེད་ལ་ཏྲཥ་འགྱུར་ཏེ། འདིས་འཁྲུད་པར་བྱེད་པས་མེ་དྷྲཾ། དེ་བཞིན་དུ། སེ་ཀྟྲཾ། ཏོ་ཏྟྲ། ཡོ་ དྲཾ། ཡོཀྵཾ། ས་ཏྲཾ། ཤསྟྲཾ། དཾཥྚྲཾ། ཨཙ་དང་པོ་ཉིད་ཀྱི་ཕྱིར་ཌཱ་པའོ། །ནདྡྷཱི། ན་ཧ་ཨ་ཧ་དག་གི་དྷ་ཏ་དག་ཀྱང་ངོ་ཞེས་པས་ཧ་ཡིག་གི་དྷ་ཡིག་གོ། །སིཉ་འཆིང་བ་ལའོ། །སེ་ཏྲཾ། ནེ་ཏྲཾ། འདིས་གཅོད་པས་དཱ་ཏྲཾ། ཐོང་པ་དང་ཕག་གི་གདོང་པ་དང་པཱུ་ལས་སོ། །པཱུ་ཞེས་པས་པཱུཉ་པཱུ་ང་དག་ཐུན་མོང་དུ་གཟུང་ ངོ་། །ཐོང་པ་དང་ཕག་གི་གདོང་པ་དག་བྱེད་པ་པོར་གྱུར་པ་ལ་པཱུ་ལས་ཏྲཥ་འགྱུར་ཏེ། ཐོང་པའམ་ཕག་གི་གདོང་པ་ལ་པོ་ཏྲཾ། ཨརྟི། ལཱུ། དྷཱུ། པཱུ། ཁ་ན། ས་ཧ། ཙ་རི་རྣམས་ལ་ཨི་ཏྲ་ཙའོ། །བྱེད་པ་ལ་འགྱུར་ཏེ། དེས་འགྲོ་བས་ན་ཨ་རི་ཏྲཾ། བ་ལི་ཏྲཾ། དྷ་བི་ཏྲཾ། ཁ་ནི་ཏྲཾ། ས་ཧི་ཏྲཾ། ཙ་རི་ ཏྲཾ། པཱུ་ལས་མིང་ལའོ། །བྱེད་པ་ལ་ཨི་ཏྲ་ཙ་འགྱུར་ཏེ། པ་བི་ཏྲཿཀུ་ཤའོ། །པ་བི་ཏྲཾ། སྦྱིན་སྲེག་གོ། །པ་རི་ཏཱ། ཆུ་ཀླུང་གི་མིང་ངོ་། །དྲང་སྲོང་དང་ལྷ་དག་ལའོ། །སཱུ་ལས་བྱིངས་ལ་ཨི་ཏྲ་ཙ་འགྱུར་ཏེ། པ་བི་ཏྲཿ། འདི་དྲང་སྲོང་། བ་བི་ཏྲཿམེའོ། །འབྱུང་འགྱུར་ལག་མཱི་སོགས་རྣམས་སོ། །འབྱུང་ འགྱུར་བ་ལ་ག་མི་སོགས་རྣམས་ལས་ཨི་ནིའི་རྐྱེན་མཐའ་ལེགས་པ་རྣམས་སུ་འགྱུར་ཏེ། གྲཱ་མཾ་ག་མཱིཿ། ཨཱ་གཱ་མཱི། པྲ་སྠཱ་ཡཱི། བྷཱ་བཱི། པྲ་ཏི་བི་དྷཱི། པྲ་ཡཱ་སཱི། པྲ་ཏི་ཡོ་གཱི། དངོས་པོ་ལ་ཏུམ་སྟེ་དེའི་ཆེད་དུ་ལའོ། །དེའི་ཆེད་དུ་མངོན་པར་བརྗོད་པ་ལ་རྫས་ལ་སོགས་པ་བྱིངས་ལས་ཏུ་མ་འགྱུར་ཏེ། བྷོཀྟུཾ་བྲ་ཛ་ཡི་ཏེ། བ་ཋི་ཏུཾ་བྲ་ཛ་ཏི། ཨུཥྚུཾ་ཙཀྵུཿ། ཡོདྷུཾ་དྷ་ནུཿ། ཀྵ་ལོ་བྷོཀྟུཾ། ས་མ་ཡོ་བྷོཀྟུཾ། བེ་ལཱ་བྷོཀྟུཾ། དེའི་ཆེད་ནི་འདི་དེའི་དོན་ནམ་འདིའི་ཆེད་དུ་ཞེས་པ་དེའི་དོན་ཆེད་དོ། །གཉི་ག་ལྟར་ཡང་ཨུཏ་གྱི་སྒྲ་ཡིས་འདིར་བྱིངས་ཀྱི་དབང་དུ་བྱས་པ་ལ་བྱིངས་ཉིད་ཀྱི་དོན་ཏེ། པ་རཱ་མྲྀ་ཥྱ་ཏེ། དེ་ཉིད་རང་བཞིན་གྱི་ ཕྱིར་རོ། །དེས་ན་འདིར་ཅི་ལྟར་མི་འགྱུར་ཞེ་ན། ཏ་ཏྲ་ཛཱི་བི་ཥྱ་ཏེ། མེ་ཡེ་ཏི་གཙྪ་མི་བྷིཀྵ་ཏ་ཨི་ཏྱ་སྱ་ཞེས་པའི་སྒྲ་ཡིས་དེའི་ཆེད་གསལ་བར་བྱེད་པའི་ཕྱིར་རོ། །འོ་ན་ཅི་ལྟར། པཱ་ཀཱ་ཡ་བྲ་ཛ་ཏི། བཀྟ་ཡེ་བྲ་བྲ་ཛ་ཏི་ཞེ་ན། བཞི་པ་ཉིད་དེའི་ཆེད་དུ་བཤད་དེ། ཀཱ་ར་ཀོ་བྲ་ཛ་ཏི། ཧཱ་ར་ཀོ་པྲ་ཛ་ཏི། ཀཱཎཱ་ལ་བོ་བྲ་ཛ་ ཏི། གོ་དཱ་ཡོ་བྲ་ཛ་ཏི་ཞེས་པ་ལ་སོགས་པ་ནི་རབ་ཏུ་བྱེད་པ་ཉིད་ཀྱིས་དེའི་ཆེད་དུ་བྱ་བ་རྟོགས་པར་བྱེད་ཀྱི། སྒྲ་ལས་ནི་མ་ཡིན་ནོ། །དེ་ལ་ཡང་ཐུན་མོང་དུ་བྱས་པའི་བུ་ཎ་སོགས་ཡོད་པ་ཉིད་ཀྱིས་མཚོན་པར་བྱས་པ་མ་ཡིན་ནོ། །དུམ་གྱི་མཐའ་དང་པོ་ཉིད་དུ་དབྱི་བས་བཞི་པ་མ་ཡིན་པར་བཤད་པ་དོན་གྱིས་འཐད་པ་ མ་ཡིན་ནོ། །དེའི་ཆེད་ནི་དེའི་ཐབས་དང་ཐབས་ལས་བྱུང་བ་སྟེ་དེ་ཡང་བྱ་བ་དང་བྱེད་པ་པོའོ། །འོན་ཀྱང་འབྲེལ་བ་ཙམ་ནི་དངོས་པོ་ཞེས་པ་ཕྱི་མའི་དོན་ཏོ། །དུས་ཀྱི་ཁྱད་པར་བྱས་པ་བཤད་ཟིན་ཏོ། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་གཉིས་པའི་རྐང་པ་གསུམ་པ་རྫོགས་སོ།། །།བྱེད་པ་པོ་ལའང་གྷཉའོ། །དངོས་པོ་དང་བྱེད་པ་པོ་ལའང་བྱིངས་ལས་མང་པོ་ལ་གྷཉ་འགྱུར་ཏེ། དངོས་པོ་ལ་པཱ་ཀཿ། ཏྱཱ་ གཿ། རཱ་གཿ། བྱེད་པ་པོ་དང་མིང་ལའང་རྐང་པ་འདིས་བསྒྲུབ་པར་བྱ་སྟེ། ན་བར་བྱེད་པས་ན། རོ་གཿ། རེག་པར་བྱེད་པས་ན། སྤཪྴཿ། ནད་ཀྱི་ཁྱད་པར་རོ། །དུས་ཀྱི་ཁྱད་པར་གྱིས་འགྲོ་བར་བྱེད་པས་ན། སཱ་རཿ། བརྟན་པའི་དོན་ཏོ། །འདིས་འགྲོ་བར་བྱེད་པས་ན་པཱ་རཿ། སྟོབས་སོ། །ཨཱ་ཏཱི་སཱ། ར། ནད་དོ། །བི་སཱ་རཿཉའོ། །རབ་ཏུ་ཟ་བར་བྱེད་པས་ན། པྲ་ཤཿ། འདིས་གུས་པར་བྱེད་པས་ན། དཱ་རཱཿ། འདིས་འཁོགས་པར་བྱེད་པས་ན། ཛཱ་རཿ། མིང་མ་ཡིན་པ་ལའང་སྟེ། འདིས་སྦྱིན་པས་ན་དཱ་ཡཿ། ཐོབ་པར་བྱེད་པས་ན་ལཱ་བྷཿ། ཡོངས་སུ་འཇལ་བ་ལའོ། །གྲངས་ཀྱིས་ཡོངས་སུ་འཇལ་བ་ལ་ བྱིངས་ལས་གྷཉ་འགྱུར་ཏེ། ཨ་ཀསྟཎྜུ་ལ་ནི་ཤྩ་ཡཿ། གཉིས་ལ་བྱས་པ་དང་ཀྲ་ལ་བྱས་པ་དང་མང་པོ་ལ་ཕྱིར་བཏང་བའི་ཕྱིར། ཨེ་ཀ་ཏི་ལོཙྪི་ཏི། དྭེ་ཤུ་ཏཱི། ཨཥྚ་ད་ཤ་པྲ་ཏྱ་ཡཱཿ། པོཉྩ་པ་དྭ་བཱཿ། ཚིག་འདི་ནི་དགག་པ་འགེགས་པའི་དོན་ཏོ། །ཨིང་ལས་སོ། །གྷཉ་འགྱུར་ཏེ། ཨཙའི་དམིགས་བསལ་ལོ། ། ཨ་དྷྱ་ཡ་ན་མ་དྷྱཱ་ཡཿ། ཡང་ན་དྷྱ་ཡ་ཏེ་ཞེས་སོ། །ངེས་པར་ཀུན་སྦྱིན་པ་ལ་ཤིཏ་ཡང་ནའོ། །ཨིང་ལས་ངེས་པར་ཀུན་སྦྱིན་པ་ལ་གྷཉ་འགྱུར་ཏེ། དེ་ཡང་ཥིཊ་ཡང་ནའོ། །འདི་ལས་ཉེ་བར་ཀློག་པར་བྱེད་པས་ན་ཨུ་པཱ་དྷྱ་ཡ། ཥི་ཉིད་ནི་དཱིཔ་ཀྱི་སྒྲུབ་པའི་དོན་ཏོ། །ཨུ་པཱ་དྷྱཱ་ཡི། ཨུ་པཱ་དྷྱཱ་ཡཱ། ཤྲྀ་ལས་རླུང་། ཁ་དོག། བ་ར་ཎ་རྣམས་ལའོ། །གྷཉ་འགྱུར་ཏེ། ཨབ་ཀྱི་དམིགས་བསལ་ལོ། །ཤཱ་རཿ། རླུང་ངོ་། །ཤཱ་རཿ། ཁ་དོག་གོ། །ཀྲྀཥྞ་ཤཱ་རཿ། རི་དགས་སོ། །གཽ་རི་བཱ་ཀྲྀ་ཏ་ནི་ཤཱ་རཿ། པྲཱ་ཡེ་ཎ་ཤི་ཤི་རེ་ཀྲྀ་ཤཿ། འདི་རྣམས་ལ་ཞེས་པ་ཅི་ཞེ་ན། ཤ་རཿ། ཉེར་བསྒྱུར་ལས་རུ་ལས་སོ། །གྷཉ་འགྱུར་ཏེ། སཾ་རས་བཿ། ཅི་ ལྟར། རཱ་བཿཞེ་ན། མང་པོ་སྤྱིར་བཏང་བའི་ཕྱིར་རོ། །ཡུ། དུ། དྲུ་ལས་ཡང་ནའོ། །གྷཉ་གྷཉ་འགྱུར་ཏེ། ཡཱ་བཿ། ཡ་བཿ། དཱ་བཿ། ད་བཿ། དྲཱ་བཿ། དྲ་བཿ། སཾ་ལས་སོ། །ཡུ། དུ། དྲུ་ལས། གྷཉ་འགྱུར་ཏེ། སཾ་ཡཱ་བཿ། སཾ་དཱ་བཿ། སཾ་དྲཱ་བཿ། སཾ་དྲཱ་བཿ། བི་ལས་ཀྵུ་ཤྲུ་ལས་སོ། །གྷཉ་འགྱུར་ཏེ། བི་ཀྵཱ་བཿ། བི་ཤྲཱ་ བཿ། བི་ལས་ཞེས་པ་ཅི་ཞེ་ན། ཀྵ་བཿ། ཤྲ་བཿ། ཤྲཱི་བྷཱུ་ལས་ཉེར་བསྒྱུར་མེད་པ་ལས་སོ། །གྷཉ་འགྱུར་ཏེ། ཨཙ་དང་ལས་ཀྱི་དམིགས་བསལ་ལོ། །ཤྲཱ་ཡཿ། བྷཱ་བཿ། ཅི་ལྟར་པྲ་བྷཱ་བཿ། བི་བྷཱ་བཿ། ཨ་ནུ་བྷཱ་བཿཞེ་ན། བྲ་ལ་སོགས་པའི་བསྡུ་བ་ལས་སོ། །ནཱི་ལས་ཡང་ནའོ། །གྷཉ་འགྱུར་ཏེ། ནཱ་ཡཿ། ན་ཡཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཉིད་དེ། ཕྲ་ཎཱ་ཡཿ། ཨུཏ་དང་ཨ་པ་དག་ལའོ། །ནཱི་ལས་གྷཉ་འགྱུར་ཏེ། ཨུནྣཱ་ཡཿ། ཨ་པ་ནཱ་ཡཿ། ཅི་ལྟར་ཨུནྣཱ་ཡཿཞེ་ན། པྲ་ལ་སོགས་པའི་བསྡུ་བ་ལས་སོ། །པ་རི་ལས་ཆོ་ལོ་ལའོ། །ན་ཡ་ཏི་ལས་གྷཉ་འགྱུར་ཏེ། པ་རི་ཎཱ་ཡེ་ན་ཤཱ་རཱི་ན་ཧནྟི། དྻུ་ཏ་ ལས་ཞེས་པ་ཅི་ཞེ་ན། པ་རི་ཎ་ཡཿ། ཨཱང་ལས་དྲ་བ་ལའོ། །ན་ཡ་ཏི་ལས་གྷཉ་འགྱུར་ཏེ། ཨཱ་ནཱ་ཡཿ། པྲ་ལས་སྟུ། དྲུ། ཤྲུ་ལས་སོ། །གྷཉ་འགྱུར་ཏེ། པྲ་སྟཱ་བཿ། པྲ་དྲཱ་བཿ། པྲ་སྲཱ་བཿ། པྲ་ལས་ཞེས་པ་ཅི་ཞེ་ན། པྲ་བཿ། ཅི་ལྟར་གརྦྷ་ པྲཱ་བཿཞེ་ན། མང་པོ་ལ་སྤྱིར་བཏང་བའི་ཕྱིར་རོ། །ནིར། ཨ་བྷི་ལས། པཱུ། ལཱུ་ལས་སོ། །གྷཉ་འགྱུར་ཏེ། ནིཥྤཱ་བཿ། ནི་རུ་རཿ། བ་ཧཱི་རཱ་བི་ཙི་ཏུཥྤྲ་དུསྤུརས་རྣམས་ཀྱིའོ་ཞེས་པས་ཥ་ཉིད་དོ། །ཨ་བྷི་ལཱ་བཿ། ནི། ཨུད་ལས་གྲཱྀ་ལས་སོ། །གྷཉ་འགྱུར་ ཏེ། ནི་གཱཿ། བྲམ་ཟེའི་ཁྱེའུའོ། །ཨུངྒཱ་རཿ། ནི། ཨུད་ལས་ཞེས་པ་ཅི་ཞེ་ན། ག་རཿ། ཀྲྀ་ལས་སོ་བ་ལའོ། །ཨུད་ལས་ཕ་རོལ་ཏུ་གྷཉ་འགྱུར་ཏེ། ནི་ཀཱ་རཿ། སོ་བའོ། །ཨུཏྐཱ་རཿ། སོ་བའོ། །སོ་ལ་ཞེས་པ་ཅི་ཞེ་ན། བུ་ཥོརྐ་རཿ། ནཱི་བཱ་རའོ་ཞེས་པ་མང་པོའི་ཚིག་ཕྲད་དེ། སོ་བ་ལ་ཞེས་པ་ཉིད་དོ། །ནི་བ་རཱ། བུ་མོའོ། །རྒྱས་པར་བྱེད་པ་ལ་བི་ལས་སྒྲ་མིན་པ་ལ་སྟྲི་ལས་སོ། །བི་ལས་ཕ་རོལ་སྟྲི་ཎཱ་ཏི་ལས་སྒྲ་མ་ཡིན་པའི་ཡུལ་ལ་རྒྱས་པ་མངོན་པར་བརྗོད་པ་ལ་གྷཉ་འགྱུར་ཏེ། པ་ཊ་སྱ་བིསྟཱ་རཿ། སྒྲ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པཱཀྱ་སྱ་བིསྟ་རཿ། སྡེབ་སྦྱོར་གྱི་མིང་ལའོ། །སྡེབ་སྦྱོར་གྱི་མིང་གི་ཡུལ་ལ་སྟྲྀ་ཎཱ་ཏི་ལས་ གྷཉ་འགྱུར་ཏེ། པྲསྟཱ་རཿ། ཕྲེང་བའོ། །ཨཱསྟཱ་རཿ། ཕྲེང་བའོ། །བིཥྚཱ་རཿ། ཕྲེང་བའོ། །བི་ལས་སྟྲྀ་ལ་མིང་ལའོ་ཞེས་པ་ཥ་ཉིད་དོ། །བྲྀཏྟཾ། འདིར་སྡེབ་སྦྱོར་གཟུང་བའོ། །གླུ་ལ་སོགས་པའི་དབྱེ་བ་གཟུང་གི་སྔགས་ནི་མ་ཡིན་ཏེ། བྲམ་ཟེའི་མིང་གཟུང་བས་སོ། །པྲ་ལས་མཆོད་སྦྱིན་མིན་པ་ལའོ། ། སྟྲི་ཎཱ་ཏི་ལས་གྷ་ས་འགྱུར་ཏེ། ཤཾ་ཥ་པྲསྟཱ་རཿ། མཆོད་སྦྱིན་ལ་ནི། བ་ཧིཿ། པྲསྟ་རཱཿ། ཨུད་ལས་ཤྲི་ལས་ཡང་ནའོ། །གླུ་ལ་འགྱུར་ཏེ། ཨུཙྪཱ་ཡཿ། ཨུཙྪྲ་ཡཿ། ཨུད་ལས་ཞེས་པ་ཅི་ཞེ་ན། པྲ་ཤྲ་ཡཿ། པཱུ་ཡུ། དྲུ་ལས་སོ། ཨུད་ལས་ཕ་རོལ་གྷཉ་འགྱུར་ཏེ། པཱུ་ཞེས་པས་པཱུཉ་ དང་པཱུང་གཉིས་ཐུན་མོང་དུ་གཟུང་ངོ་། །ཨུཏྤཱ་བཿ། ཨུདྱཱ་བཿ། ཨུད་ལས་ཞེས་པ་ཉིད་དེ། པ་བཿ། ཨཉྩ་ལས་ཆུ་མ་ཡིན་པ་ལའོ། །ཨུད་སྔོན་མའི་ཨ་ཙ་ལས་གྷས་འགྱུར་ཏེ། གྷྲྀ་ཏོངྐཿ། ཏཻ་ལོ་བངྐཿ། ཆུ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། གྲ་ཧ་ལས་སོ། །ཨུད་སྔོན་མ་ལས་གྷཉ་འགྱུར་ཏེ། ཤིན་ཏུ་ འཛིན་པས་ན། ཨུདྒྲཱ་ཧཿ། ཨུད་ལས་ཞེས་པ་ཅི་ཞེ་ན། གྲ་ཧཿསམ་ལས་ཁུ་ཚུར་ལའོ། །གྲ་ཧ་ལས་གྷཉ་འགྱུར་ཏེ། ཨ་ཧོ་མལླ་སྱ་སཾ་གྲཱ་ཧཿ། ཁུ་ཚུར་བསྟན་པར་འཆིང་ཞེས་པའི་དོན་ཏོ། །ཁུ་ཚུར་ལ་ཞེས་པ་ཅི་ཞེ་ན། སཾ་གྲ་ཧཿསོ་བ་རྣམས་སོ། །ནི། ཨ་བ་ལས་སྤྲོ་བ་ལའོ། །གྲ་ཧི་ལས་གྷཉ་ འགྱུར་ཏེ། ན་གྲཱ་ཧ་སྟེ་བྷི་ཥ་ལ་བྷུ་ཡཱཏ། ཨ་བ་གྲཱ་ཧཿ། སྤྱོ་བ་ནི་དམངས་རིགས་ལ་སོགས་ཚིག་རྩུབ་མངོན་པར་བརྗོད་པའོ། །སྤྱོ་བ་ལ་ཞེས་པ་ཅི་ཞེ་ན། ནི་གྲ་ཧཿ། ཨ་པ་གྲ་ཧཿ། པྲ་ལས་ཐོབ་པར་འདོད་པ་ལས་སོ། །གྲ་ཧ་ལས་གྷཉ་འགྱུར་ཏེ། པྲ་པཱ་ཏྲ་པྲ་གྲཱ་ཧེ་ཎ་ཙ་ར་ཏི། དགེ་སློང་བསོད་སྙོམས་པའོ། །ཐོབ་ པར་འདོད་པ་ལ་ཞེས་པ་ཅི་ཞེ་ན། པྲ་གྲ་ཧ། ཐག་པ་དང་ཞེ་ཆིའི་སྲད་བུ་དག་ལ་ཡང་ནའོ། །པྲ་ལས་གྲ་ཧ་ལས་གྷཉ་འགྱུར་ཏེ། པྲ་གྲཱ་ཧཿ། པྲ་གྲ་ཧཿ། ཏུ་ལཱ་བྲ་གྲཱ་ཧེ་ཎ་ཙ་ར་ཏི། ཚོང་བའོ། །ཡང་ན་ཏུ་ལཱ་པྲ་གྲ་ཧེ་ཎ། འདིར་རཤྨི་ནི། ཤིང་རྟ་ལ་སོགས་པ་ལ་ངེས་པར་སྦྱོར་བ་དང་རྟ་ལ་སོགས་པ་ཀུན་དུ་འཆིང་བའི་ དོན་ཅན་གྱི་ཐག་པ་སྟེ། ཟླ་བ་ལ་སོགས་པའི་འོད་ནི་མ་ཡིན་ནོ། །ཨ་བ་ལས་ཆར་པའི་གེགས་ལའོ། །གྲ་ཧ་ལས་གྷཉ་ཡང་ན་འགྱུར་ཏེ། ཨ་བ་གྲཱ་ཧཿ། ཨ་བ་གྲ་ཧཿ། དུས་ལ་བབ་པའི་ཆར་པ་རྒྱུ་མཚན་འགའ་ཞིག་ལས་མེད་པར་གྱུར་པ་ནི་ཆར་པའི་གེགས་སོ། །པ་རི་ལས་མཆོད་སྦྱིན་ལ་རྟག་ཏུའོ། །གྲ་ ཧ་ལས་རྟག་ཏུ་གྷཉ་འགྱུར་ཏེ། ཨུཏྟ་ར་པ་རི་གྲཱ་ཧཿ། ཨ་དྷ་པ་རི་གྲཱ་ཧཿ། མཆོད་སྦྱིན་ལས་ཞེས་པ་ཅི་ཞེ་ན། པ་རི་གྲ་ཧཿ། ལྷས་བྱིན་གྱིའོ། །སམ་ལས་སྟུ་ལས་སོ། །མཆོད་སྦྱིན་གྱི་ཡུལ་ལ་གྷཉ་འགྱུར་ཏེ། འདིས་ཡང་དག་པར་བསྟོད་པས་ན། སཾ་སྟྲཱ་བཿ། སྡེབ་སྦྱོར་གྱིས་འགྲོ་བ་རྣམས་ཀྱི་ཡུལ་གྱི་ཁྱད་ པར་རོ། །མཆོད་སྦྱིན་ལ་ཞེས་པ་ཉིད་དེ། སཾ་སྟ་བཿ། ནྱཱ་ཡ། ཚུལ་ལའོ། །ཚིག་ཕྲད་དེ། གཞན་དུ་ན་ན་ཡས། པཪྻཱ་ཡཿ། རིམ་པ་ལའོ། །ཚིག་ཕྲད་དེ། གཞན་ལ་ནི་པཪྻ་ཡོཿ། པི་ཨུ་པ་ལས་ཤིང་ལས་སོ། །རིམ་པ་ལ་གྷཉ་འགྱུར་ཏེ། ཏ་བ་རཱ་ཛ་བི་ཤཱ་ཡཿ། མ་མ་རཱ་ཛ་པ་ཤཱ་ཡཿ། ཡང་ན། རཱ་ ཛཱ་ན་མུ་པ་ཤ་ཡི་ཏུཾ། བི་ཤ་ཡི་ཏུཾ། པ་རི་པཱ་ཊི་ཞེས་པའི་དོན་ཏོ། །རིམ་པ་ལ་ཞེས་པ་ཉིད་དེ། ཨུ་པ་ཤ་ཡཿ། ཙི་ལས་ལག་པས་ལེན་པ་ལས་ཏེ་རྐུ་བ་ལ་མ་ཡིན་ནོ། །རྐུ་བ་མ་ཡིན་པའི་ལག་པས་ལེན་པ་ལ་ཙི་ནོ་ཏི་ལས་གྷཉ་འགྱུར་ཏེ། པུཥྤ་པྲ་ཙཱ་ཡཿ། ཕ་ལ་པྲ་ཙ་ཡཿ། ལག་པས་ལེན་པ་ལ་ཞེས་པ་ཅི་ ཞེ་ན། བྲྀཀྵཱ་གྲེ་པུཥྤ་པྲ་ཙཱ་ཡཿ། རྐུ་བ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པུཥྤ་པྲ་ཙ་ཡཾ་ཀ་རོ་ཏི་ཙཽ་རཿ། སྲེག་ཁང་། ཕུང་པོ། །གནས། ལུས་ལ་སྟེ་ཙིའི་ཀའང་ངོ་སྟེ། ཙི་ནོ་ཏི་ལས་གྷཉ་འགྱུར་ཏེ། ཙའི་ཀའང་ངོ་། །ཨཱ་ཀཱ་ཡཾ། ཨགྣི་ཙི་ནྡྷཱི་ཏ། ཀུན་ནས་སོ་ཕག་གིས་བསྐོར་བའི་སྲེག་ཁང་ངོ་། །ཨཱ་ཀཱ་ཡཾ། བ་ལང་གི་ ལྕི་བའོ། །ནི་ཀཱ་ཡཿ། བྲམ་ཟེའི་གནས་སོ། །ཀཱ་ཡཿ། ལུས་སོ། །འདི་རྣམས་ལ་ཞེས་པ་ཅི་ཞེ་ན། ཙ་ཡཿ། འདིར་མང་པོ་ཉིད་བརྗོད་པར་འདོད་ཀྱི་ཀླུ་ཊཱི་ཀ་ར་ཎཾ་ནི་མ་ཡིན་ནོ། །ཨུཏྟ་ར་ཨཱདྷ་ར་མ་ཡིན་པའི་འདུས་པ་ལའོ། །ཙི་ནི་ཏི་ལས་གྷཉ་འགྱུར་ཏེ། ཙའིའང་ཀའོ། །བཻ་ཡཱ་ཀ་ར་ཎ་ནི་ཀཱ་ཡཿ། བྲཱཧྨ་ཎ་ནི་ཀཱ་ཡཿ། ཨུཏྟ་ར་ཨཱ་དྷ་ར་མ་ཡིན་པ་ཞེས་པ་ཅི་ཞེ་ན། སཱུ་ཀ་ར་ནི་ཙ་ཡཿ། སྲོག་ཆགས་ཀྱི་ཚོགས་འདུས་པ་ལའོ། །དེ་ཡང་ཆོ་ག་ཐ་དད་པའི་ཡུལ་ལ་གནས་པའི་མིང་ལ་ཡང་ཆོས་གཅིག་རྗེས་སུ་འཇུག་པ་ཨཽཏྟ་རཱ་དྷཪྻེ་ཎ། ཕྱོགས་གཅིག་གནས་པས་ཀྱང་ངོ་། །དེ་ལ་ཨཽཏྟ་རཱ་དྷཪྻ་སྤངས་པ་ལས་ཆོ་ག་བཞིན་ནོ། །སམ་ ལས་ཀྲྀ་ལས་ཡང་ནའོ། །གྷཉ་འགྱུར་ཏེ། སཾ་ཀཱ་རཿ། སཾ་ཀ་རཿ། ཨཱང་ལས་རཱུ། པཱུ་ལས་སོ། །གྷཉ་ཡང་ན་འགྱུར་ཏེ། ཨཱ་རཱ་བཿ། ཨཱ་རཱ་བཿ། དཱུ་རཱ་པླཱ་བཾ། ཧ་ནུ་མནྟ་དང་དགའ་བྱེད་དོ། །བྲོ་ཙེག་ཛཱ་པླ་བཿ། བྲྀ་ཉ་ལས་གོས་ལའོ། །གྷཉ་ཡང་ན་འགྱུར་ཏེ། པྲཱ་བཱ་རཿ། པྲཱ་བཱ་རཿ། པྲཱ་བ་རཿ། པ་རི་ལས་བྷཱུ་ལས་མ་ གུས་པ་ལའོ། །གྷས་ཡང་ན་འགྱུར་ཏེ། པ་རི་བྷཱ་བཿ། པ་རི་བྷ་བཿ། མ་གུས་པ་ལ་ཞེས་པ་ཅི་ཞེ་ན། སརྦ་ཏོ་བྷ་བ་ནཾ། པ་རི་བྷ་བཿ། ཨི་ལས་ཨ་ཙའོ། །ཨི་ཡིག་མཐའ་ཅན་གྱི་བྱིངས་ལས་ཨ་ཙ་འགྱུར་ཏེ། གྷཉའི་དམིགས་བསལ་ལོ། །ཛ་ཡཿ། ཙ་ཡཿ། ནིཤྩ་ཡཿ། ཤི་ལོཙྪ་ཡཿ། བསྔགས་པར་བྱེད་པས་ན། མནྟྲཿ། དེ་བཞིན་དུ། ཀལྤ། ཨརྠཿ། དངོས་པོ་ལ་ནི་ཡུ་ཙ་ཉིད་དེ་མང་པོ་ལ་སྤྱིར་བཏང་བའི་ཕྱིར་རོ། །ཨརྠ་ནཱ། ཀལྤ་ནཱ། ཨཙའི་ཆོ་ག་ལ་བྷ་ཡ་ལ་སོགས་པ་ཉེ་བར་བགྲང་བ་ནི། མ་ནིང་ལཀྟ་ལ་སོགས་པ་དགག་པའི་དོན་ཏོ། །བྷ་ཡཾ། བཪྵཾ། ཀཏ་ལ་སོགས་པ་ཡང་གནས་པའི་གཟུགས་ཀྱི་ ཚོགས་སོ། བྷཱི་ཏཾ། ཤི་ཤོཿ། ལྷ་ཡི་སྤྲིན་ལས་ཆར་ཕབ་པ་ནི། བཪྵ་ཎཾ། ཅི་ལྟར་པུཥྤ་ནི་ཙཱ་ཡཿ། ཀ་ལ་ནི་ཙཱ་ཡཿ། ཀ་ལ་ནི་ཙཱ་ཡ་གང་ཞེ་ན། མང་པོ་ལ་སྤྱིར་བཏང་བའི་ཕྱིར་རོ། །སྠཱ། སྣཱ། པཱ། བྱ་དྷི། ཧ་ནི་ཡུ་དྷ་ལས་ཀའོ། །སྠཱ་སོགས་རྣམས་ལས་དངོས་པོ་དང་བྱེད་པ་པོ་ལ་ཀ་འགྱུར་ཏེ། ཨཱ་ཁུ་ནཱ་མུཏྠ་ནཾ། བྱི་ བ་ལྡང་བ་ལ་འཇུག་གོ། །འདིར་རབ་ཏུ་གནས་པ་ནི། པྲ་སྠཿ། འདིར་རབ་ཏུ་འཁྲུད་པ་ནི། པྲ་སྣཿ། འདིར་རབ་ཏུ་འཐུང་བ་ནི། པྲ་བཿ། འདིས་ཀུན་དུ་འཕེན་པས་ན། ཨཱ་བི་དྷཿ། འདིས་རྣམ་པར་ཚེ་བས་ན། བི་གྷྣཿ། ནི་གྷྣཿ། ཨུ་པ་གྷྣཿ། ཨཱ་ཤྲ་ཡཿ། ཡང་ན་སཱ་མི་སྱཿ། འདིས་འཐབ་པས་ན་ཨཱ་ ཡུ་དྷཾ། ཨུ་དང་བྲྀ་ཏོ྅པ་རཱི་ཏ་ལས་ཨསའོ། །ཨུ་ཡིག་མཐའ་དང་རཱིཏ་མཐའི་བྱིངས་ལས་ཨཔ་འགྱུར་ཏེ། བྷ་བཿ། སྟ་བཿ། པ་རཿ། ཀ་རཿ། ག་རཿ། ད་རཿ། གྲ་ཧ། ག་མ་བ་ཤ། ར་ཎ། བྲྀ་དྲྀང་ལས་སོ། །དངོས་པོ་དང་བྱེད་པ་པོ་དག་ལ་ཨབ་འགྱུར་ཏེ། གྲ་ཧཿ། མིག་གི་ཡུལ་ལ་ཀ་པི་རི་ཀ་སོགས་ཉིད་ལས་ ལ་ཉིད་དོ། །ཨཀྵ་གླ་ཧཿ། གམཿ། བ་ཤཿ། ར་ཎཿ། ད་རཿ། མང་པོའི་ཚིག་ལས་གྲཱ་ཧཿ། ཉེར་བསྒྱུར་ལས་ཨད་ལས་སོ། །ཨཔ་འགྱུར་ཏེ། པྲ་གྷ་སཿ། བི་གྷ་སཿ། ཉེར་བསྒྱུར་ལས་ཞེས་པ་ཅི་ཞེ་ན། གྷཱ་སཿ། ལུང་། ཨཙ། སན། གྷ་ཉ། ཨབ་ལ་གྷསླིའི་ཞེས་པས་གྷ་སླྀར་བསྒྱུར་བའོ། །ནི་ལས་ ཎའང་ངོ་། །ནི་སྔོན་མའི་ཨད་ལས་ཎ་འགྱུར་ཏེ། ཨཔའང་ངོ་། །ནྱཱ་དཿ། ནི་གྷ་སཿ། བྱ་དྷཿ། ཛ་པ་ལས་ཉེར་བསྒྱུར་མེད་པ་ལས་སོ། །ཨཔ་འགྱུར་ཏེ། བྱ་དྷཿ། ཛ་པཿ། ཉེར་བསྒྱུར་མེད་པ་ལས་ཞེས་པ་ཅི་ཞེ་ན། ཨཱ་བྱཱ་དྷཱ། ཨུ་པ་ཛཱ་པཿ། ཛ་པ་ཞེས་པ་ནི། ཨཱ་ག་མ་ཅན་ནོ། །ཧ་ལས་ཡང་ནའོ། །ཉེར་བསྒྱུར་ མེད་པ་ལས་ཨཔ་འགྱུར་ཏེ། ཧ་སཿ། ཧཱ་སཿ། ཉེར་བསྒྱུར་མེད་པ་ལས་ཞེས་པ་ཉིད་དེ། པྲ་ཧཱསཿ། ནི་ལས་ཀྱང་སྭ་ན་ལས་སོ། །ཉེར་བསྒྱུར་མེད་པའི་ནི་ལས་ཀྱང་ཕ་རོལ་སྭ་ན་ཏི་ལས་ཨཙ་འགྱུར་ཏེ། སྭ་ནཿ། སྭཱ་ནཿ། ནི་སྭ་ན། ནི་སྭཱ་ནཿ། ཀྭ་ན་ལས་པི་ཝང་ལས་ཀྱང་ངོ་། །ཉེར་བསྒྱུར་མེད་པའི་ནི་སྔོན་ མ་ལས་ཀྱང་ཀྭ་ན་ཏི་ལས་ཨཙ་ཡང་ན་འགྱུར་ཏེ། དེའི་མཐའ་པི་ཝང་དང་དེ་ལས་གཞན་དང་ཡང་གལ་ཏེ་འབྲེལ་པར་གྱུར་ནའོ། །ཀ་ཎཿ། ཀཱ་ཎཿ། ནི་ཀྭ་ཎཿ། ནི་ཀཱ་ཎཿ། ཉེར་བསྒྱུར་ལས་སོ། །ཀྭ་ཎ་ཏི་ལས་ཨཙ་ཡང་ན་འགྱུར་ཏེ། གལ་ཏེ་དེའི་མཐའ་པི་ཝང་དང་འབྲེལ་པར་གྱུར་ནའོ། །པྲ་ཀྭ་ཎཿ། པྲ་ཀྲཱ་ ཎཿ། པུ་ཀྭ་ཎཿ། པུ་ཀྭཱ་ཎཿཞེས་པ་ལ་སོགས་པའོ། །ཡམ་ལས་སམ། པི། ཨུ་པ་ལས་ཀྱང་ངོ་། །ཡཾ་ལས་ཉེར་བསྒྱུར་མེད་པ་དང་ནི་སྔོན་མ་དང་བི། ཨུ་པ། སམ་སྔོན་མ་ལས་ཀྱང་ཨབ་ཡང་ན་འགྱུར་ཏེ། ཡཱ་མཿ། ནི་ཡཱ་མཿ། སཾ་ཡ་མཿ། བི་ཡ་མཿ། བི་ཡཱ་མཿ། ཨུ་པ་ཡ་མཿ། ཨུ་པ་ཡཱ་མཿ། ནི་ ལས་ག་ད། ན་ད། པ་ཋ་ལས་སོ། །ཨ་པ་ཡང་ན་འགྱུར་ཏེ། ནི་ག་དཿ། ནི་གཱ་དཿ། ནི་ན་དཿ། ནི་ནཱ་དཿ། ནི་པ་ཋཿ། ནི་པཱ་ཋཿ། པ་ཎ་ལས་ཡོངས་སུ་འཇལ་བ་ལའོ། །རྟག་ཏུ་ཨཔ་འགྱུར་ཏེ། ཤཱ་ཀ་པ་ཎཿ། མཱུ་ལ་ཀ་པ་ཎཿ། ཡོངས་སུ་འཇལ་བ་ལ་ཞེས་པ་ཅི་ཞེ་ན། པཱ་ཎཿ། མ་ད་ལས་ཉེར་བསྒྱུར་ མེད་པ་ལས་སོ། །ཨཔ་འགྱུར་ཏེ། མ་ད། དྷ་ན་མ་དཿ། ཀུ་ལ་མ་དཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་མཱ་དས། པྲ་མ་ད་ས་མ་མ་ད་དག་དགའ་བ་ལའོ། །ཚིག་ཕྲད་དེ། པྲ་མ་དཿ། བུ་མོ་རྣམས། སམྨ་དཿ། ཁུ་བྱུག་རྣམས་སོ། །སམ། ཨུད་དག་ལས་ཨ་ཛ་ལས་ཕྱུགས་རྣམས་ལའོ། །ཨཔ་ འགྱུར་ཏེ། ས་མ་ཛཿ། ཕྱུགས་རྣམས་ཀྱི་ཚོགས་ཞེས་པའི་དོན་ཏོ། ། ཨ་ད་ཛཿ། ཕྱུགས་རྣམས་འདོད་ཅེས་པའི་དོན་ཏོ། །ཕྱུགས་རྣམས་ལ་ཞེས་པ་ཅི་ཞེ་ན། ས་མཱ་ཛཿ། བྲམ་ཟེ་རྣམས་ཀྱིའོ། །ཨ་ད་ཛཿ། བྱ་རྣམས་ཀྱིའོ། །སམ་ཨུད་སྔོན་མའི་ཨ་ཛི། སོགས་དང་། དེང་པ་དག་ལ་འཇུག་གོ། །ཕྱུགས་ རྣམས་ལ་ཞེས་པ་ཡུལ་གྱི་དངོས་པོའི་རང་བཞིན་གྱེ་ཁྱད་པར་རོ། །རབ་ཏུ་སྐྱེ་བ་ལ་སརྟི་ལས་སོ། །མངལ་བཟུང་བ་ལ་སརྟི་ལས་ཨབ་འགྱུར་ཏེ། ག་བ་མ་པ་ས་ཏཿ། མངལ་བཟུང་བའི་ཕྱིར་གོང་གི་ཆོས་སྤྱོད་པ་ལས་སྔོན་དུ་སྤྱོད་པའི་དོན་ཏོ། །གཞན་ལ་ཨུ་པ་སཱ་རཿ། ཧྭཱ་ལས་ཨ་བྷི་ནི། ཨུ་པ། བི་ལས་ངེས་པར་རོ། ། ཧྭ་ཡ་ཏི་ལས་ཨ་བྷི་ནི། ཨུ་པ། བི་ལས་ཕ་རོལ་ཨབ་འགྱུར་ཏེ། ངེས་པར་རོ། །ཨ་བྷི་ཧ་བཿ། ནི་ཧ་བཿ། ཨུ་བ་ཧ་བཿ། བི་ཧ་བཿ། འདི་རྣམས་ལས་ཞེས་པ་ཅི་ཞེ་ན། སཾ་ཧྭཱ་ཡཿ། ཨཱང་ལས་གཡུལ་ལའོ། །ཧ་ཡ་ཏི་ལས་ཨབ་འགྱུར་ཏེ། ངེས་པར་ཡང་ངོ་། །ཨཱ་ཧ་བཿ། གཡུལ་ལོ། །གཡུལ་ལ་ཞེས་པ་ ཅི་ཞེ་ན། ཨཱ་ཧྭཱ་ཡཿ། ངེས་པར་བཏུང་བ་ལ་ཎིཏའོ། །ངེས་པར་མངོན་པར་བརྗོད་པ་ལ་ཧྭ་ཡ་ཏི་ལས་ཨཱང་ཕ་རོལ་ལ་ཨཔ་འགྱུར་ཏེ། དེ་ཡང་ཎིཏ་ཏེ་ངེས་པར་ཡང་ངོ་། །ཨཱ་ཧཱ་བཿ། ཉེར་བསྒྱུར་མེད་པ་ལས་དངོས་པོ་ལའོ། །ཧྭ་ཡ་ཏི་ལས་ཨཔ་འགྱུར་ཏེ། ངེས་པར་རོ། །ཧ་བ། འཇུག་བྱེད་དོ། ། ཉེར་བསྒྱུར་མེད་པ་ལས་ཞེས་པ་ཅི་ཞེ་ན། ཨ་ཧྭཱ་ཡཿ། དངོས་པོ་སྨོས་པ་ནི་བྱེད་པ་པོ་དགག་པའི་དོན་ཏོ། །ཧ་ན་ལས་ཡང་ན་སྡེ་བ་དྷ་ཡང་ངོ་། །དངོས་པོ་ལ་ཧནྟི་ལས་ཨབ་འགྱུར་ཏེ། བ་དྷར་བསྒྱུར་བ་ཡང་ངོ་། །བ་དྷཿ། གསད་པའོ། །ཉེར་བསྒྱུར་མེད་པ་ལས་ཞེས་པ་ཅི་ཞེ་ན། བི་གྷཱ་ནཿ། སཾ་གྷཱ་ཏ། མུརྟི་ལ་གྷ་ ནའོ། །མཱུརྟིཿ། སྲ་བ་སྟེ། དེ་ལ་ཧནྟི་ལས་ཨབ་འགྱུར་ཏེ། གྷ་ནར་བསྒྱུར་བའང་ངོ་། །ཨ་བྷ་གྷ་ནཿ། ལོ་ཧ་གྷ་ནཿ། ཅི་ལྟར་གྷ་ནཾ་ད་དྷི་ཞེ་ན། དེ་དང་ལྡན་པ་ལ་དབྱེར་མེད་པར་བཏགས་པའི་ཕྱིར་རོ། །དེ་ལྟར་ཡང་སྐྱེས་རབས་ཀྱི་ཕྲེང་བ་ལས། གྷ་ནཻ་རཱ་བྲྀ་ཏ་རཤྨི་ཛཱ་ལཿ། སུཪྻཿཀྲ་མེ་ཎཱ་སྟ་མུ་པཱ་རུ་རོ་ཧ། དི་ནཱནྟ་ལབྡྷ་པྲ་ས་ རཾ་ས་མནྟཱཏྟ་མོ་གྷ་ནཱི་བྷཱ་བ་མུ་པཱ་ཛ་གཱ་མ། ཨནྟར་ལས་ཡུལ་ལ་ཎ་ཉིད་ཡང་ནའོ། །ཨནྟར་གྱི་སྒྲ་ལས་ཕ་རོལ་ཧནྟི་ལས་ཡུལ་བརྗོད་པ་ལ་ཨཔ་འགྱུར་ཏེ། གྷན་རབ་བསྒྱུར་བ་དང་ཎ་ཉིད་ཀྱང་ཡང་ནའོ། །ཨནྟརྒྷ་ཎཿ། ཡུལ་གྱི་ཁྱད་པར་རོ། །ཡང་ན་ཨནྟརྒྷ་ནཿ། པྲ་ལས་ཁང་པའི་ཆ་ཤས་ལ་སྟེ་རིང་པོ་ཡང་ངོ་། །སྟེ་པྲ་སྔོན་ མའི་ཧནྟི་ལས་ཨབ་འགྱུར་ཞིང་གྷ་ནར་བསྒྱུར་བའང་ངོ་། །རིང་པོའང་ཡང་ནའོ། །པྲ་གྷ་ཎཿ། པྲ་གྷཱ་ཎཿ། པཱུརྦའི་ཚིག་ལས་མིང་ལའོ་ཞེས་པས་རྟག་ཏུ་ཎ་ཉིད་དོ། །གཞན་དུ་ཡ། པྲ་གྷཱ་ཏཿ། ཨུད་ལས་ཨ་ཏྱཱ་དྷཱ་ན་ལའོ། །ཨུད་ལས་ཕ་རོལ་ཧནྟི་ལས་ཨ་ཏྱ་དྷཱ་ནའི་དོན་ལ་ཨབ་འགྱུར་ཞིང་གྷ་ནར་བསྒྱུར་བའང་ངོ་། །ཨུདྒྷ་ ནཿ། གང་དུ་ཤིང་དང་ཤིང་བཞོགས་ཏེ་བཞགས་པ་དེ་ཨུདྒྷཿ། གཞན་ལ་ཨུདྒྷཱ་ཏཿ། ཨཔ་ལས་པཱ་ཎི་པཱ་ད་ལའོ། །ཨཔ་སྔོན་མའི་ཧནྟི་ལས་ཨཔ་འགྱུར་ཟིང་གྷ་ནར་བསྒྱུར་བའང་སྟེ། གལ་ཏེ་རྐང་པ་དང་ལག་པ་དག་ཡིན་ནོ། །ཨ་པ་གྷ་ནཿ། པ་ཎིཿ། ཨ་པ་གྷ་ནཿ། པ་དངཿ། གཞན་ལ་ཨ་པ་གྷཱ་ཏཿ། དྲུ་བི་ལས་ལྕགས་བྱེད་པ་ལའོ། །ཧིནྟི་ལས་ཨཔ་འགྱུར་ཞིང་གྷ་ནར་བསྒྱུར་བའང་ངོ་། །འདི་འགྲོ་བ་འཇོམས་པས་ན། དྲུ་གྷ་ནཿ། དྲུ་གྷ་ཎཿ། དགྲ་སྟའོ། །གོ་རི་ན་ད་སོགས་ཉིད་ལས་ཎ་ཉིད་རྣམ་པར་བརྟག་པའོ། །པི་གྷ་ནཿ། ལྕགས་ཀྱི་གོང་བུའོ། །སྟམྦ་ལས་ཀའང་ངོ་། །སྟམྦ་ལས་ཕ་རོལ་ཧ་ན་ལས་བྱེད་ པ་ལ་ཨབ་འགྱུར་ཞིང་ཀ་ལ་གྷཱ་ནར་བསྒྱུར་བའང་ངོ་། །སྟམྦ་གྷྣཿ། སྟམྦ་གྷ་ནཿ། སཾ་གྷ། ཨུདྒྷ། ནི་གྷ་རྣམས་ཚོགས་དང་བཀྲ་ཤིས་འཇལ་བ་རྣམས་ལའོ། །ཚིག་ཕྲད་དོ། །སཾ་གྷཿ། ཚོགས་སོ། །ཨུདྒྷཿ། བཀྲ་ཤིས་སོ། །ཀུན་ནས་བདག་ཉིད་འཇལ་བ་ནི། ནི་གྷཿ། ཤིང་སྟེ་དེའི་ཆུ་ཞེང་འཇལ་ ཞེས་པའི་དོན་ཏོ། །པྲ་ཏི་གྷ། པ་ཏི་གྷ་དག་གོ། །ཚིག་ཕྲད་དོ། །འདིས་སོ་སོར་འཇོམས་པས་ན། པྲ་ཏི་གྷཿ། པ་རི་གྷཿ། ཀ་པི་རི་ཀ་སོགས་ཉིད་ཀྱི་ཕྱིར། པ་ལི་གྷཿཌུ་འགྲོ་བ་ལས་ཀྟྲིའོ། །ཌུ་ཡིག་རྗེས་སུ་འབྲེལ་པ་ལས་ཀྟྲི་འགྱུར་ཏེ། ཀྲྀ་ཏྲི་མཾ། པཀྟྲི་མཾ། ཌུ་དྷཱཉ། ཧི་ཏྭི་མཾ། ཌུ་འགྲོ་བ་ལས་ཨ་ཐུཙའོ། ། ཊུ་ཡིག་རྗེས་སུ་འབྲེལ་པ་ལས་ཨུ་ཐུཙ་འགྱུར་ཏེ། བྷྲཱ་ཛ་ཐུཿ། བེ་བ་ཐུཿ། ཀྵ་བ་ཐུཿ། ནནྡ་ཐུཿ། ཡ་ཛ། ཡཱ་ཙ། ཡ་ཏ། གིཙྪ། པྲཙྪ། སྭ་པ། རཀྵ་ལས་ནངའོ། །ཡཛ་སོགས་རྣམས་ལས་དངོས་པོ་དང་བྱེད་པ་པོ་ལའང་ནང་འགྱུར་ཏེ། ཡཱ་ཛྙཿ། ཡཱ་ཙ྅ཡཏྣཿ། བིཤྣཿ། པྲཤྣཿ། བི་ཤྣཿ། སྭབྣཿ། རཀྵྞཿ། ཨནྟར་དང་ཉེར་བསྒྱུར་ལས་དྷཱ་ལས་ཀིའོ། །འགྱུར་ཏེ། ཨནྟརྡྷཾཿ། ནི་དྷིཿ། ཨཱ་དྷིཿ། ཨཱ་དྷིཿ། སྒྲུབ་པའམ་སྒྲུབ་པར་བྱེད་པས་ན་བི་དྷིཿ། ཨཱ་དྷིཿ། ལས་ལས་གཞི་ལའོ། །ལས་ལས་ཕ་རོལ་མིང་གི་གཞི་ལས་དྷཱ་ལ་ཀི་འགྱུར་ཏེ། འདིས་སྐྲ་རྣམས་འཛིན་པ་ནི་ཨབྡྷཿ། ཨོ་ཥ་དྷིཿ། མངོན་པར་ཁྱབ་པ་ལ་ཨི་ནུ་ཎའོ། ། ཨ་བྷི་བི་དྷི་མངོན་པར་ཁྱབ་པ་སྟེ། དེ་བརྗོད་པ་ལ་བྱིངས་ལས་ཨི་ནུ་ཎ་འགྱུར་ཏེ། སཾ་ཀཱུ་ཊི་ནཾ་བརྡ་སྟེ་སཾ་རཱ་བི་ཎཾ་བརྡ་ཏེཿ། མང་པོ་ལ་སྤྱིར་བཏང་བའི་ཕྱིར་གཞན་ལ་མ་ཡིན་ཏེ། ས་མཱ་བེ་ཤཿ། བུད་མེད་ལ་ཀྟིནའོ། བུད་མེད་ལས་བྱིངས་ལས་དངོས་པོ་དང་བྱེད་པ་པོ་ལའང་ཀྟིན་འགྱུར་ཏེ། བྱེད་པ་ལ་ཀྲྀ་ཏིཿ། འདིས་ མཆོད་པར་བྱེད་པས་ན་ཨིཥྚིཿ། དེ་བཞིན་དུ་ཤྲུ་ཏིཿ། མ་ཏིཿ། སྟུ་ཏིཿ། མང་པོ་ལ་སྤྱིར་བཏང་བའི་ཕྱིར། བཀག་པའང་ཁ་ཅིག་ཏུ་འགོག་གོ། །ཨཱབྷིཿ། དཱིབྟི། དྭསྟིཿ། ར་ལས་གཉིས་པོ་ཞེས་པ་འདིར་ཨ་ཡིག་རྐྱེན་ལ་སཾ་གི་ཏིཿ། ཨུ་པ་ཀཱི་ཏི། སཾ་པི་ཏི་ཞེས་པ་འདིར་ཨཱང་གི་རྐྱེན་འགའ་ཞིག་ཏུ། ས་མཱ་བི་ཤ་ཏིཿ། གཎྜཱཡཿ། པྲ་བཱི་ཏིཿ། པྲ་བཱ་ལབྡྷིཿ། ལ་བྷཱ། བཀྟིཿ། པ་ཙཱ། སཾ་སྠི་ཏིཿ། སཾ་སྠ་ཨ་པ་སྠི་ཏི། ཨ་བ་སྠཱ། བུད་མེད་ལ་ཞེས་པ་སྤྱིར་བཏང་བ་ཨཱནི་འིརྐྱེན་ལས་སོ། །ཨཱུ་ཏི་ཡཱུ་ཏི། ཛཱུ་ཏི་སཱ་ཏི། ཧེ་ཏི། ཀཱིརྟི་རྣམས་སོ། །འདི་རྣམས་ཀྟིན་གྱི་མཐའ་ལ་ལེགས་པ་རྣམས་སུ་འགྱུར་ཏེ། ཨ་བ་ཏིའི་ཨཱུ་ཏིཿ། ཡཽ་ ཏིའི་ཡཱུ་ཏིཿ། ཛ་བ་ཏིའི་ཛཱུ་ཏི། སི་ནོ་ཏིའམ་སུ་ནོ་ཏིའི་སཱ་ཏིཿ། ཧི་ནོ་ཏིའི་ཧེ་ཏིཿ། ཀཱིརྟ་ཡ་ཏིའི་ཀཱརྟིཿརྣམས་སོ། །ཕན་ཚུན་བྱེད་པ་ལ་ཎཙའོ། །བྱ་བ་ཕན་ཚུན་བྱེད་པ་ལ་ཎ་ཙ་འགྱུར་ཏེ། བྱཱ་བ་ཧཱ་སཱི། བྱཱ་བ་ཀྲོ་ཤཱི། ཎཙ་དང་ཨི་ཎུ་ཎ་ལས་ཞེས་པ་ཎཙ་དང་ཨི་ནུ་ཎའི་མཐའ་ལས་ཀྱང་ཏང་དོན་ ལ་ཨཎའོ། །ཅི་ལྟར། བྱ་ཏཱི་ཧཱ། བྱ་ཪྻཱ་ཧཱ། བྱ་ཏཱིཀྵཱ་ཞེ་ན། མང་པོ་ལ་སྤྱིར་བཏང་བའི་ཕྱིར་རོ། །མིང་ལཀྟི་འང་ངོ་། །མིང་ལ་བྱིངས་ལས་ཀྟི་ཙ་འགྱུར་ཏེ། འང་སྒྲས་གཞན་ཡང་ངོ་། །ཏ་ནོ་ཏིའཾ་ཏ་ནུ་ཏ་ལས་ཏནྟིཿ། མ་ནུ་ཏེའཾ་མ་ནུ་ན་ལས་མནྟིཿ། བྷ་བ་ཏིའཾ་བྷ་བ་ཏ་ལས་བྷཱུ་ཏི། ཐུན་མོང་གི་སྒྲུབ་པས་འདོད་པ་ ལས་གཞན་ཡང་གྲུབ་བོ། །དེ་བཞིན་དུ་གཞན་ཡང་ངོ་། །འདི་ལྷ་རྣམས་ཀྱི་བྱིན་པས་ན། དེ་བ་དཏྟཿ། བྲ་ཧྨ་དཏྟཿ། དཔའ་བོ་ལས་བྱུང་བས་ན་བཱི་ར་བྷཱུཿ། ས་མ་ཛཿ། མ་ན། བི་ད། སུ། ཤཱི། བྷྲྀཉ། ཨིཎ། ནི་ཥ་ད། ནི་པ་ཏ་ལས་ཀྱང་བའོ། །ས་མ་ཛ་སོགས་རྣམས་ལས་མིང་ལ་སྦྱོར་བ་ཇི་ལྟ་བ་བཞིན་ དུ་དངོས་པོ་དང་བྱེད་པ་པོ་ལའང་ཀྱབ་འགྱུར་ཏེ། དེར་འདུས་པ་ལ་ས་མ་ཛྱཱ། སེམས་པར་བྱེད་པ་ནི། མ་ནྱཱ། དེ་རིག་པ་ནི། བི་དྱཱ། སྐྱེ་བར་བྱེད་པ་ནི། སུ་ཏྱཱ། དེར་ཉལ་བས་ན་ཤཡྻཱ། འཛིན་པར་བྱེད་པ་ནི། བྷྲྀ་ཏྱཱ། འགྲོ་བར་བྱེད་པ་ནི། ཨི་ཏྱཱ། ནི་ཥ་ཏྱཱ། ནི་པ་ཏྱ། འགག་ཞིག་ཏུ་དངོས་པོ་ཙམ་གྱི་རྐྱེན་ གྱི་སྒྲུབ་པ་དེའི་ཆེད་ཀྱི་སྒྲ་ལ་སེམས་པར་བྱེད་དེ། རབ་ཏུ་གསལ་བའི་དོན་ལ། མལླི་ཀཱ་དང་པྲ་དཱི་པ་བཞིན་ནོ། །མང་པོ་ལ་སྤྱིར་བཏང་པའི་ཀྟི་ཙ་ལ་སོགས་པ་ཡང་འགྱུར་ཏེ། ཨཱ་སུ་ཏིཿ། བྷཱ་ཪྻ། སམྦིརྟིཿ། བྷྲྀ་ཏིཿ། བྲ་ཛ། ཡ་ཛ་ལས་སོ། །དངོས་པོ་ལ་ཀྱབ་འགྱུར་ཏེ། པྲ་བྲ་ཛྱཱ། ཨི་ཛྱཱ། ཀྲྀཉ་ལས་ཤ་ འང་ངོ་། །ཀྲི་བ་ལས་དངོས་པོ་ཀྱབ་འགྱུར་ཞིང་ཤའི་རྐྱེན་ཡང་ངོ་། །ཀྲྀ་ཏྱཱ། ཀྲི་ཡཱ། ཅི་ལྟར་ཀྲྀ་ཏིཿཞེ་ན། མང་པོའི་ཚིག་ལས་སོ། །ཨི་ཙྪཱ། མྲྀ་ཀ་ཡཱ། ཨ་ཊ་ཊྱཱ་རྣམས་སོ། །ཚིག་ཕྲད་དེ། ཨི་ཥི་ལས་ཤའི་རྐྱེན་ལ་ཡཀ་མེད་པ་ཚིག་ཕྲད་དེ། མྲྀ་ག་ཡ་ཏི་ལས་ཡུཙ་ཐོབ་པ་ལ་ཀྱཔ་དང་ཨ་ཡིག་དབྱི་བ་མེད་ པ་ཡང་ངོ་། །ཨ་ཊི་ལས་ཡང་གི་མཐའ་ལ་ཨའི་རྐྱེན་ཐོབ་པ་ལ་ཀྱཔའོ། །པ་རི་ལས་སྲི་ཙ་ར་ལས་ཡའོ། །འགྱུར་ཏ། པ་རི་ཕཪྻཱ། པ་རི་ཙིཪྻཱ། ཛཱ་གྲྀ་ལ་ཨཏ་འང་ངོ་། །ཛ་གརྟི་ལས་ཨ་འགྱུར་ཞིང་ཡའི་རྐྱེན་ཡང་ངོ་། །ཛཱ་ག་རཱ། ཛཱ་གཪྻ། ལྕི་བ་ལྡན་པ་ཧལ་གྱི་རྐྱེན་ལས་སོ། །ལྕི་བ་ལྡན་པ་ཧལ་མཐའ་ དང་རྐྱེན་མཐའ་ལས་ཀྱང་བྱིངས་ལས་ཨ་འགྱུར་ཏེ། ཨཱི་ཧཱ། ཨིཀྵཱ། པུ་ཏྲ་ཀཱ་མྱཱཾ། ཨ་ཊཱ་ཊཱ། ཀཎྜུ་ཡཱ། པུ་ཏྲི་ཡཱ། ཙི་ཀཱིཪྵཱ། མང་པོ་ལས་སོ། །པཱ་པཀྟིཿ། ཡཱ་ཡཥྚིཿ། བྷིད་སོགས་དང་ཥི་ཏ་ལས་ཨང་ངོ་། །བྷིད་སོགས་རྣམས་ཥིཏ་ལས་ཀྱང་ཨང་འགྱུར་ཏེ། བྷི་དཱ། ཙྪི་དཱ། བྷི་དཱ། ཀྵི་བཱ། གུ་ཧཱ། མེ་དྷཱ། གོ་ དྷཱ། དྷཱ་རཱ། ཀཱ་རཱ། ཏཱ་རཱ། དྷཱ་རཱ། ཨཱ་རཱ། རེ་ཁཱ། ཙུ་ཌཱ། པཱིཌཱ། བ་པཱ། བ་ཤཱ། རུ་ཛཱ། མྲྀ་ཛཱ། ཤིཏ་ལས་ནི། ཛཱི་ཥ། ཛཱ་རཱ། ཌུ་པ་ཙ་ཥ། པ་ཙཱ། ཀྵི་ཥ། ཀྵི་ཡཱ། གྷ་ཊཱ། ཀྲི་པ། ཀྲ་པ་རྩེ་བ་ལའོ་ཞེས་པ་ཚིག་ཕྲད་ལས་ངེས་པར་རོ། །ཤྲད་དང་ཨནྟར་ཉེར་བསྒྱུར་རྣམས་ཨཱཏ་ལས་སོ། །ཨཱང་འགྱུར་ཏེ། ཤྲདྡྷཱ། ཨནྟརྡྷཱ། པྲ་དཱ། ཨུ་པ་དཱ། ཨུ་པ་དྷཱ། བི་དྷཱ། པྲ་མཱ། པྲ་ཏི་མཱ། མང་པོ་ལས་པྲ་མི་ཏི། ཚད་མའོ། །ཙིནྟི། པཱུ་ཛི། ཀ་ཐི། ཀུམྦི། ཙརྩི་རྣམས་ལས་སོ། །ཙུ་ར་ལ་སོགས་པ་ཎིའི་མཐའ་རྣམས་ལས་ཨང་འགྱུར་ཏེ། ཡུཙའི་དམིགས་བསལ་ལོ། །ཙིནྟཱ། པཱུ་ཛཱ། ཀ་ཐཱ། ཀུམྤཱ། ཙརྩཱ། ཨང་གི་ སྒྲུབ་པའི་ནུབ་པ་ལས་ཎི་དབྱི་བ་མེད་དོ། །དེས་ན། ཙིནྟི་ཡ། པཱུ་ཛི་ཡཱ་ཞེས་འགའ་ཞིག་ཏུའོ། །ཎི་ཤྲནྠ། གྲནྠི། བི་དཱ། ཨཱ་ས། གྷཊྚ། བནྡ་ལས་ཡུ་ཙའོ། །ཎིའི་མཐའ་རྣམས་དང་ཤྲནྠ་སོགས་རྣམས་ལ་ཨུཙ་འགྱུར་ཏེ། དཱ་པ་ནཱ། སྠཱ་བ་ནཱ། བྷཱ་བ་ནཱ། ཀཱ་ར་ཎཱ། ཤྲཱནྠ་ནཱ། བེ་ད་ནཱ། ཨཱ་ས་ནཱ། ཨུ་པཱ་ས་ ནཱ། གྷཊྚ་ནཱ། བནྡ་ནཱ། མང་པོ་ལས་སོ། །པཱཀྵིཿ། ཡཥྚིཿ། ཨི་ཥ་ལས་རྗེས་སུ་འདོད་པ་ལའོ། །ཡུཙ་འགྱུར་ཏེ། ཨ་ནྭེ་ཥ་ཎཱཿ། ཨ་དྷྱེ་ཥ་ཎཿ། རྗེས་སུ་འདོད་པ་ལ་ཞེས་པ་ཅི་ཞེ་ན། ཨིཥྚིཿ། པརཱིཥྚིཿཞེས་པ་མང་པོ་ལས་སོ། །ཎུཙའོ། །མིང་དང་མིང་མ་ཡིན་པ་ལའང་བྱིངས་ལས་འགྱུར་ཏེ། ཨ་སི་ཀཱ། ཤཱ་ཡི་ཀཱ། མིང་ལ། ཨུདྡཱ་ལ་པུཥྤ་རྣམས་བཅོས་སྟེ་རྩེ་བ་གང་ཡིན་པ་དེ། ཨུདྡཱ་ལ་པུཥྤ་བྷཉྫི་ཀཱ། ཨ་བྷཱུ་ཥ་ཁ་དི་ཀཱ། ཨ་བོ་ཥ་ཁ་དི་ཀ། ཤཱ་ལ་བྷཉྫི་ཀཱ། དེཏཱ་ལ་བྷཉྫི་ཀཱ། དེ་བཞིན་དུ་བུ་ལོན་གྱི་རྣམ་གྲངས་འོས་པ་བསྐྱེད་པ་རྣམས་ལ་ཡང་སྟེ། ཨིཀྵུ་བྷཀྵི་ཀཱཾ་མེ་དྷཱ་ར་ཡ་སི། བྷ་བ་ཏ། ཤ་ཡི་ཀཱ། གནས་སུ་ ཉལ་ཞེས་པའི་དོན་ཏོ། །ཨིཀྵུ་བྷཀྵི་ཀཱ་མེ་ཨུ་ད་པཱ་དི། དེ་བཞིན་དུ་ནད་བཤད་པ་ལ། འདིས་རབ་ཏུ་བྱེད་པས་ན། པྲ་བྷ་ཧི་ཀཱ་རོ་ཀཱ། བི་ཙརྩི་ཀཱ། པྲཙྪརྡི་ཀཱ། མི་འགྱུར་བ་ནི། ཤི་རོརྟྟིཿ། དྲི་བ་དང་བཤད་པ་དག་ཨིཉའང་ངོ་། །དྲི་བ་དང་བཤད་པ་དག་ལའང་ཨིཉ་འགྱུར་ཏེ། འང་ཡིག་ལས་ཇི་ལྟར་ཐོབ་ པའོ། །ཀཱཾ་ཏཱཾ་ཀཱ་རི་མ་ཀཱཪྵཱིཿ། ཀཱཾ་ཀཱ་རི་ཀཱཾ། ཀཱཾ་ཀྲྀ་ཏིཿ། ཀཱཾ་ཀྲྀ་ཏྱཱཾ། ཀཱཾ་ཀྲྀ་ཡཱཾ། སརྦཱཾ་ཀཱ་རི་མ་ཀཱཪྵཱཾ། སརྦཱཾ་ཀཱ་རི་ཀཾ། སརྦཱཾ་ཀྲྀ་ཏི་མ། སརྦཱ་ཀྲྀ་ཏྱཾ། སརྦཱཾ་ཀྲྀ་ཡཾ། སམྤད་ལ་སོགས་པ་རྣམས་ལས་ཀྭིཔ་འང་ངོ་། །བུད་མེད་འགྱུར་ཏེ། སམྤད། བི་པད། པཪྵ་ཏ། པ་རི་ཥ་ཏ། པྲ་ཏི་པ་ཏ། སམྤཏྟིཿ། བི་བཏྟིཿཞེས་པ་མང་པོ་ལ་སྤྱིར་བཏང་བའི་ཕྱིར་རོ། །ནཉ་ལས་ཁྲོས་ཚིག་ལ་ཨ་ནིའོ། །ནཉ་སྔོན་མའི་བྱིངས་ལས་ཁྲོས་ཚིག་རྟོགས་པར་བྱེད་པ་ལ་ཨ་ནི་འགྱུར་ཏེ། ཨ་ཀ་ར་ཎི་སྟེ་བྲྀ་ཥ་ལ་བྷཱུ་ཡཱ་ཏ། ཨ་པྲ་མཱ་ཎི་སྟེ་བྲྀ་ཥ་ལ་ཤཱུ་ཡཱ་ཏ། ཁྲིས་ཚིག་ལ་ཞེས་པ་ཅི་ཞེ་ན། ཨ་ཀྲྀ་ཏི། ཀ་ཊ་སྱ། ནཉ་ལས་ཞེས་པ་ཅི་ཞེ་ ན། སཱུ་ཏི་སྟེ་བྲྀ་ཥ་ལ་བྷཱུ་ཡཱཏ། གླཱ་མླཱ་ཧཱ་ཛྱཱ་ལས་སོ། །ཨ་ནི་འགྱུར་ཏེ། གླཱ་ནིཿ། མླཱ་ནིཿ། ཧཱ་ནིཿ། ཛྱཱ་ནིཿ། ཨ་ཛི་ཥྱ་སོགས་ལས་ཨིཉ་ཨིཀ་དག་གོ། །རིམ་པ་བཞིན་དུ་འགྱུར་ཏེ། ཨཱ་ཛིཿ། ཏྱཱ་ཛིཿ། ཨཱ་ཊིཿ། བཱ་སིཿ། བཱ་བིཿ། ཀྲྀ་ཥིཿ། ཀྲ་རིཿ། གི་རི། ཞེས་པ་སཱ་དྷུ་ཀིརྟྟིའི་འཇམ་དཔལ་གྱི་བརྡ་སྤྲོད་ པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་གཉིས་པ་རྫོགས་སོ།། །།རང་གི་ངོ་བོ་ལ་ཨི། ཀི། ཤྟིཔ། ཀ་ཨ་རྣམས་སོ། །བྱིངས་ཀྱི་རང་གི་ངོ་བོ་སྟོན་པ་ལ། ཨི། ཀི། ཤྟིཔ། ཀ། ཨ་ཞེས་པ་ལྔ་པོ་འདི་རྣམས་འགྱུར་ཏེ། ཨིནྡྷིཿ། ཡུ་དྷིཿ། པ་ཙ་ཏི། ཤ་འགྲོ་བ་བྱེད་པའི་ལུས་པས་བྱེད་པ་པོ་མ་ཡིན་ཡང་ཤ་པ་ལ་སོགས་པ་རྣམས་སོ། །མྲྀ་ཌཿ། མྲྀ་དཿ། བ་དཿ། བ་སཿ། དངོས་པོ་ལ་མ་ནིང་ལ་ཀྟའོ། །འགྱུར་ཏེ། ཧ་སི་ཏཾ། ག་ཏཾ། ལཱི་ལཱ་ཡི་ཏཾ་དེ་བ་དཏྟ་སྱ་དངོས་པོ་ནི་རྗེས་སུ་འཇུག་པ་སྟེ། དངོས་པོ་སྨོས་པ་འདིར་སྦྱོར་རོ། །བྱེད་པ་པོ་ལ་ཡང་ཞེས་པ་འདི་རྗེས་སུ་འཇུག་པའི་དོན་མ་ཡིན་གྱི་རྟགས་ཀྱི་དོན་མ་ཡིན་ནོ། །དངོས་པོ་ལ་ཀྟ་མ་ནིང་གི་རྟགས་ཉིད་ཇི་ལྟ་བ་བཞིན་འགྱུར་རོ། །ཡུཊ་འང་ངོ་། །བྱིངས་ལས་མང་པོ་ལ་འགྱུར་ཏེ། དངོས་པོ་མ་ནིང་ལ་བྱེད་པ་པོ་ལ་ཇི་ལྟར་མངོན་པར་བརྗོད་པའོ། །བྷཀྟི་རྦྷོ་ཛ་ནཾ། དཏྟིཿ། དཱ་ནཾ། འདིས་སྦྱིན་པས་ན་དཱ་ནཾ། འདིས་གཅོད་པར་བྱེད་པས་ན་བྲཤྩ་ནཿ། ཨཻ་དྷྨཱ་ནཱཾ་བྲཤྩ་ནཿ། ཨི་དྷྨ་བྲ་ཤྩནཿ། དེ་བཞིན་དུ། པ་ལཱ་ཤ་ཤཱ་ཏ་ན། འདིས་རབ་ཏུ་དུ་བར་བྱེད་པས་ན་པྲ་སྐནྟ་ནཿ། དེ་བཞིན་དུ་པྲ་བ་ཏ་ནཿ། ཨཔཱ་དཱ་ནཾ། འདིས་བྱེད་པས་ན། ཀ་ར་ཎཾ། འདི་ལ་འཇོ་བས་ན། དོ་ཧ་ནཱི། དེར་འཇོག་ པས་ན། དྷཱ་ནཱི། པཱ་རི་དྷཱ་ནི། རཱ་ཛ་དྷ་ནཱི། གང་ལ་ཡང་དག་པར་རབ་ཏུ་སྨིན་པར་བྱེད་པ་དེ་སཾ་པྲ་དཱ་ནཾ། འདི་ལ་ལྷག་པར་བྱེད་པ་ནི་ཨ་དྷི་ཀ་ར་ཎཾ། པ་ཡསེ་པཱ་ནཾ། སུ་ཁཾ་དདྷི། བྷོ་ཛ་ནས་སུ་ཁཾ་ཞེས་པ་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་རྟག་ཏུ་དྲུག་པའི་བསྡུ་བ་འགྱུར་རོ། །ཥྠི་བུ། སི་བུ་དག་གི་རིང་པོའང་ཡང་ ནའོ། །ཡུཊ་འགྱུར་ཞིང་རིང་པོའང་ཡང་ནའོ། ནིཥྛེ་བ་ནཾ། ནིཥྛཱི་བ་ཎཾ། ནི་ཤེ་བ་ཎཾ། ནི་ཥཱི་བ་ཎཾ། ཀྲྀཉ་ལས་བྱེད་པ་ལའོ། །མི་ནིང་ལ་ཡུཊ་འགྱུར་ཞིང་རིང་པོ་ཡང་ངོ་། །བྱེད་པས་ན་ཀཱ་ར་ཎ། བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ཀ་ར་ཎཾ་གྷའོ། །བྱིངས་ལས་མང་པོ་ལ་འགྱུར་ཏེ། སྨྲ་བར་བྱེད་པ་ནི། བ་ཀཿ། དེས་ ངེས་པར་འཚེད་པས་ན་ནི་པ་ཀ། འདིས་གནས་པ་ན་བ་ན་པ་དཾ། ས་འདི་རྣམས་སུ་སྤྱོད་པས་ན། གོ་ཙ་རཿ། སཾ་ཙ་རཿ། དེས་བྱེད་པས་ན་བ་ཧཿ། འདིས་ཀུན་དུ་ཐ་སྙད་བྱེད་པས་ན། ཨཱ་པ་ཎཿ། འདིས་འགྲོ་བས་ན་བྲ་ཛཿ། ཀུ་ལ་སོགས་པ་དང་ཨ་ཛ་བྲ་ཛ་དག་གི་མ་ཡིན་ཞེས་པས་ཀུ་ཉིད་དག་གོ། བི་ལ་ཨ་ ཛ་ལས་སོ། བི་སྔོན་མའི་ཨ་ཛ་ལས་གྷ་རྐྱེན་དང་བསྒྱུར་བ་མེད་པ་ཚིག་ཕྲད་དེ། བྱ་ཛཿ། ཁ་ན་ལས་ཌ་ར་ཨི་ཀ་དག་ཀྱང་ངོ་། །ཁ་ནི་ལས་གྷ་འགྱུར་ཞིང་ཌ་ར་ཨི་ཀ་དག་ཀྱང་ངོ་། །ཨཱ་ཁ་ནཿ། ཨཱ་ཁ་རཿ། ཨཱ་ཁ་ནི་ཀཿ། ཨཱ་ཁ་ནི་ཀ་བ་ག་ཞེས་པ་ཀའི་སྒྲ་དང་བསྡུ་བའོ། །ཨཱ་ཁཿཞེས་པ་ཌ་ཡིས་གྲུབ་བོ། །ཨཱ་ ཁ་ནཿཞེས་པ་གྷ་ཉ་ཡིས་སོ། །ཨཱི་ཥ་ད། དུཿ། སུ་རྣམས་ལས་ཁལའོ། །བྱིངས་ལས་འགྱུར་ཏེ། ཨཱིཥ་ཏ་ཀ་རཿ། ཀ་ཊོ་བྷ་བ་ཏཱ། དུཥྐ་རཿ། སུ་ཀ་རཿ། ཨི་ཥལླ་བྷྱཿཞེས་པ་མང་པོ་ལས་སོ། །པུ་ཤ་ཀི་ཞེས་པ་ལ་སོགས་པས་ཡ་ཏའོ། །བྱེད་པ་པོ་དང་ལས་དག་ལ་བྷཱུ། ཀྲྀཉ་ལས་སོ། །ཨི་ཥད་ལ་སོགས་ པ་རྣམས་ལས་རོལ་བྱེད་པ་པོ་དང་ལས་དག་ལས་ཕ་རོལ་བྷཱུ་ཀྲྀཉ་དག་ལས་ཁལ་འགྱུར་ཏེ། ཨཱི་ཥ་དཱ་ཌྷྱ་སྱ་བྷ་བ་ནཾ། ཨཱི་ཥ་དཱ་ཌྷྱཾ་བྷ་བ་མ་སུ་ནཱ། དུ་རཱ་ཌྷྱཾ་བྷ་བཾ། སྭ་ཌྷྱཾ་བྷ་བཾ། ཅུང་ཟད་ཕྱུག་པར་བྱེད་པ་ནི། ཨཱི་ཥ་ད་ཌྷྱཾ་ཀ་རཿ། དུ་ར་ཌྷྱཾ་ཀ་ར། སྭ་ཌྷྱཾ་ཀ་རཿ། ཤི་ཥྱ་སྭ་ཡཱ། གང་གི་ཚེ། ཅུང་ཟད་ཕྱུག་པ་ཉིད་ འགའ་ཞིག་བྱེད་པ་དེའི་ཚེ་ཅི་ལྟར་མི་འགྱུར་ཞེ་ན། ཙྭིའི་དོན་མངོན་པར་བརྗོད་པའི་ཕྱིར་རོ། །ཤཱ་པི་ཡུ་དྷི། དི་ཤི། དྷྲྀ་ཥི། ཨཱཏ་ལས་ཡུཙའོ། །ཨཱི་ཥ་སོགས་ལས་ཕ་རོལ་དང་ཤི་ཥྱ་སོགས་རྣམས་དང་ཨཱཏ་མཐའ་ལས་ཀྱང་ཡུ་ཙ་འགྱུར་ཏེ། ཨཱི་ཥཙྪཱ་ས་ནཿ། དུཿཤཱས་ནཿ། སུ་ཤཱས་ནཿ། དུརློ་དྷ་ནཿ། སུ་ཡོ་དྷ་ནཿ། དུརྡྷཪྵ་ནཿ། སུམཪྵ་ཎཿ། ཨཱི་ཥཏྤཱ་ནཿ། དུཥྤཱ་ན། སུ་པཱ་ནཿ། ཐུན་མོང་གི་ཚོགས་ཀྱང་མང་པ་ལ་སྤྱིར་བཏང་བའི་ཕྱིར་དངོས་པོ་དང་ལས་དག་ཉིད་ལ་ཡུཙ་འགྱུར་ཏེ། བྱེད་པ་པོ་ལ་ཞེས་པ་འདི་མཐའ་རྒྱས་པའོ། །ཨ་ལཾ་ཁ་ལུས་པ་དགག་པ་ལ་ཀྟྭཱ་ཡང་ནའོ། །དགག་ པ་ལ་འཇུག་པའི་ཨ་ལཾ་དང་ཁ་ལུའི་སྒྲ་དག་སྦྱོར་བ་ལ་བྱིངས་ལས་དངོས་པོ་ལ་ཀྟྭཱ་ཡང་ན་འགྱུར་ཏེ། ཨ་ལཾ་ཀྲྀ་ཏྭཱ། ཁ་ལུ་ཀྲྀ་ཏྭཱ། ཨ་ལཾ་ཀྲྀ་ཏེ་ན། བྱེད་པ་དང་མི་སྦྱོར་བ་ན་མ་ཏུ་པ་མི་བྱའོ་ཞེས་པ་ཇི་སྲིད་པའོ། །འབྲས་བུ་མེད་པ་ལས་བྱུང་བ་སྔོན་མ་ཅན་འདིར་བཟློག་པ་མཚོན་ནོ། །དགག་པ་ལ་ཞེས་པ་ཅི་ཞེ་ན། ཨ་ལཾ་ ཀཱ་རཿ། ཨ་ལཾ་ཁ་ལུ་དག་ལ་ཞེས་པ་ཅི་ཞེ་ན། ཀྲིཾ་ཀྲྀ་ཏེ་ན། མེད་ལས་ཏུམ་པའི་དོན་ལས་སོ། །ཀྟ་ཡང་ན་འགྱུར་ཏེ། ཨ་པ་མི་ཏྱ་ཡཱ་ཙ་ཏེ། བརྗོད་པར་བྱེད་ཅེས་པའི་དོན་ཏོ། །བྱ་བ་གཅིག་གི་རིམ་པ་སྔ་མ་ལས་སོ། །བྱེད་པ་པོ་གཅིག་གི་བྱ་བ་རིམ་པས་སྒྲུབ་པ་ལ་བྱ་བ་སྔ་མའི་དོན་ལས་ཀྟྭཱ་འགྱུར་ཏེ། བྷུཀྟྭ་བྲ་ཛ་ཏི་ག་ཏྭཱ་ ཏིཥྛ་ཏི། སྣཱ་ཏྭཱ་བྷུཀྟྭཱ་སུཔྟཱ་བྲ་ཛ་ཏི། ད་ཅིག་སྨོས་པ་ཅི་ཞེ་ན། དེ་བ་དཏྟེན་བྷུཀྟོ་ཡ་ཛྙ་དཏྟོ་བྲ་ཛ་ཏི། སྔ་མ་ལས་ཞེས་པ་ཅི་ཞེ་ན། པ་ཙ་ཏི་ཙ་པ་ཋ་ཏི་ཙ། བྱེད་པ་པོའི་ནུས་པ་དེ་དག་གི་དབྱེ་བ་ཡང་ནུས་པ་དང་རྫས་ཀྱི་དབྱེ་བ་ལས་བྱེད་པ་པོ་གཅིག་ཉིད་དོ། །དེ་བཞིན་དུ་སྐད་ཅིག་པའི་དོན་ཡང་སྐད་ཅིག་གཅིག་དང་རབ་ཏུ་ འབྲེལ་བས་མཐའ་གཅིག་གོ། །སྔར་མེད་པ་ལ་ཡང་སྔོན་ཉིད་དུ་བརྗོད་པར་འདོད་དེ། ཁ་གདངས་ནས་ཉལ་ཞེས་པ་དང་། མིག་བཙུམས་ཏེ་དགོད་ཅེས་པ་ཡང་སྐད་ཅིག་པའི་བྱ་བར་གཏོགས་སོ། །ཕ་རོལ་ཚུ་རོལ་སྦྱོར་བ་ཡང་འདོད་དེ། ཨ་པྲ་པྱ་ན་དཱི་པརྦ་ཏ། ཨ་ཏི་ཀྲ་མྱ་སརྦ་ཏ་ན་དཱི། ཅི་ལྟར། ཁྲུས་བྱས་ནས་ བདེ་བར་འགྱུར། སྡིག་པ་བྱས་ནས་རྗེས་སུ་འགྱོད་ཅེ་ན། གནས་པ་ལྷག་པར་དཔེར་བརྗོད་པའོ། །བྱིངས་རྣམས་དོན་དུ་མ་ཉིད་དུ་ཉམས་སུ་མྱོང་བས་བྱེད་པ་པོ་དང་ལས་ལ་གྷཉ་ཡིས་ཏེ། རྗེས་སུ་གདུང་བར་བྱེད་ཅེས་པའི་དོན་དུ་ཡང་ནའོ། །བྱ་བ་གཅིག་གི་རིམ་པ་སྔ་མ་ལས་ཞེས་པའི་སྤྱིར་བཏང་ནི་རྐང་པ་ཡོངས་སུ་ རྫོགས་པའི་བར་རོ། །ཡང་ཡང་ལ་ཎྀ་ཡང་ནའོ། །བྱེད་པ་པོ་གཅིག་པ་རྣམས་ཀྱི་བྱ་བའི་རིམ་པ་སྔ་མ་ལ་ཎཾ་ཡང་ན་འགྱུར་ཏེ། གལ་ཏེ་ཡང་ཡང་རྟོགས་པར་བྱེད་པ་ནའོ། །བྷོ་ཛཾ་བྷོ་ཛཾ་བྲ་ཛ་ཏི། བྷུཀྟཱ་བྷུཀྟྭཱ་བྲ་ཛ་ཏི། ཀྟྭཱའི་ཡུལ་ལ་སྟེ། འདིའི་ཕྱོགས་གཅིག་མ་ཎ་མའོ། །དེས་ན་འདིར་བྱ་བ་སྔ་མའི་དུས་ཉིད་མངོན་པར་བརྗོད་ པའི་ནུས་པ་ནི་མ་ཡིན་གྱི་འདིར་ཡང་ཡང་ངོ་། །དེས་ན་གང་འདི་བྷུཀྟོ་བྷུཀྟོ་བྲ་ཛ་ཏི། གང་གི་སྒྲ་སྦྱོར་བ་དེའི་སྒྲ་ལས་རིམ་པ་མངོན་པར་བརྗོད་པ་ལ་ཀྟྭཱ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གང་འདི་པུ་ན། པུ་ནརྦྷུཾ་ཀྟེ། ཏ་ཏོ་བྲ་ཛ་ཏི་ཞེས་པ་འདིར་ཡང་ཀྟྭཱ་དང་ཎ་མ་དག་མ་ཡིན་ནོ། །གང་ཡང་བྷུཀྟྭཱ་གཙྪ་ཏི་ཏ་ཏོ་དྷཱི་སྟེ་ཞེས་པ་འདིར་ ཏ་ཏཿ། སྒྲ་ཡིས་རྟོགས་པ་དང་སེམས་པ་དག་ཁོ་ན་རིམ་པ་རྟོགས་པ་ལས་ཏེ་ཟ་བ་དང་རྟོགས་པ་དག་ནི་མ་ཡིན་པས་དེར་ཀྟྭཱ་འགྱུར་བ་ཉིད་དེ། པཱུརྦ་ཨ་གྲི་བ་ཐ་མ་ལས་བསྡུ་བ་མེད་པ་ཡང་ངོ་། །བྱེད་པ་པོ་གཅིག་གི་བྱ་བའི་རིམ་པ་རྟོགས་པར་བྱེད་པ་ལ་པཱུརྦཱ་སོགས་རྣམས་ལས་ཕ་རོལ་སྔ་མ་ལས་ཎམ་ཡང་ན་འགྱུར་ཞིང་། བསྡུ་བ་མེད་པ་ཡང་ངོ་། །པཱུརྦཾ་བྷོ་ཛ་བྲ་ཛཾ་བྲ་ཛ་ཏི། པཱུ་བཾ་བྷུཀྟྭཱ་བྲ་ཛ་ཏི། ཨ་ཀྲེ་བྷོ་ཛམ་བྲ་ཛ་ཏི། ཨ་གྲེ་བྷུཀྟྭཱ་བྲ་ཛ་ཏི། པྲ་ཐ་མཾ་བྷོ་ཛཾ་བྲ་ཛ་ཏི། པྲ་ཐ་མཾ་བྷཱུཀྟྭཱ་བྲ་ཛ་ཏི། པཱུརྦཾ་བྷུཾ་ཀྟེ། དེའི་ཕྱིར་བྲ་ཛ་ཏི་ཞེས་པ་དེའི་སྒྲ་ཡིས་རིམ་པ་མངོན་པར་བརྗོད་པར་མི་འགྱུར་རོ། །ཁྲོས་ཚིག་ལས་ལས་ཀྲྀ་ཉ་ལས་ཁ་མུ་ཉའོ། །ལས་ལས་ ཕ་རོལ་ཀྲྀཉ་ལས་ཁྲོས་ཚིག་རྟོགས་པར་བྱེད་པ་ལ་སྔ་མའི་དུས་ལ་ཁ་མུཉ་འགྱུར་ཏེ། དསྻུཾ་ཀཱ་ར་མཱ་ཀྲོ་ཤ་ཏི། ད་སྻུ་ར་སཱ་བི་ཏི་ཀྲྀ་ཏྭཱ་གྲོ་ཤ་ཏི། ཙཽ་རཾ་ཀཱ་ར་མ་ཀྵི་པ་ཏི། ཁྲོས་ཚིག་ལ་ཞེས་པ་ཅི་ཞེ་ན། སཱ་དྷུ་ཀྲྀ་ཏྭཱ་སྟཽ་ཏི། ཞིམ་པའི་དོན་ལས་རིང་པོ་མ་ཡིན་པ་ལས་སོ། །ཞིམ་པོ་བརྗོད་པ་རིང་པོ་མ་ཡིན་པའི་མཐའ་ལས་བྱེད་ པ་པོ་གཅིག་གི་བྱ་བའི་རིམ་པ་ལ་ཀྲྀཉ་ལས་སྔ་མའི་དུས་ལ་ཁ་མུཉ་འགྱུར་ཏེ། སྭཱ་དུཾ་ཀཱ་རཾ་བྷུཾ་ཀྟེ། མྲྀ་དུཾ་ཀཱ་རཾ་བྷུཾ་ཀྟེ། རིང་པོ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། སྭཱ་དྷཱུ་ཀྲྀ་ཏྱ་བྷུཾ་ཀྟེ། སྭཱ་དྭཱིཾ་ཀྲྀ་ཏྭཾ་ཡ་བ་ཀཱུཾ་བྷུཾ་ཀྟེ། ཨ་ནྱ་ཐཱ། ཨེ་བཾ། ཀ་ཐཾ། ཨི་ཏྠཾ་ལས་བྱ་བའི་ཁྱད་པར་ཉིད་ལའོ། །ཨ་ནྱ་ཐཱ་ལ་ སོགས་པ་རྣམས་ལས་ཕ་རོལ་ཀྲྀཉ་ལས་ཎམ་འགྱུར་ཏེ། དེའི་མཐའ་བྱ་བའི་ཁྱད་པར་ཉིད་གལ་ཏེ་རྟོགས་པར་བྱེད་ནའོ། །ཨ་ནྱ་ཐཱ་ཀཱ་རཾ་བྷུཾ་ཀྟེ། ཨེ་བཾ་ཀཱ་ར་བྷུཾ་ཀྟེ། ཀ་ཐཾ་ཀཱ་ར་མ་ནཱ་ལམྦཱ་ཀིརྟི་རྡྱཱ་མ་དྷི་རོ་ཧ་ཏི། ཨིཏྠཾ་ཀཱ་རཾ་བྷུཾ་ཀྟེ། བྱ་བའི་ཁྱད་པར་ཉིད་ལ་ཞེས་པ་ཅི་ཞེ་ན། ཨ་ནྱ་ཐཱ་ཀྲྀ་ཏྭཱ་ ཤི་རོ་བྷུཾ་ཀྟེ། ཡ་ཐཱ་ཏ་ཐཱ་དག་མི་ནུས་པའི་ལན་ལའོ། །ཀྲྀཉ་ལས་ཎམ་འགྱུར་ཏེ། ཡ་ཐཱ་ཀཱ་ར་མ་ཧཾ་བྷོཀྵྱེ། ཏ་ཐཱ་ཀཱ་ར་མ་ཧཾ་བྷོཀྵྱེ། ཀིནྟུ་བཱ་ཥྤེ་ནེན། མི་ནུས་པའི་ལན་ལ་ཞེས་པ་ཅི་ཞེ་ན། ཡ་ཐཱ་ཀྲྀ་ཏྭཧྲཧཾ་བྷོཀྵྱེཿ། ཏ་ཐཱ་ཀྲྀ་ཏཱ་ཏྭོ་དྲ་རྒྱ་སི། བྱ་བའི་ཁྱད་པར་ཉིད་ལ་ཞེས་པ་ཉིད་དེ། ཡ་ཐཱ་ཀྲྀ་ཏཱ་ཧཾ་ཤི་རོ་བྷོཀྵྱེ། ཏ་ཐཱ་ཀྲྀ་ཏཱ་ཤི་རོ་ཧཾ་ བྷོཀྵྱེ། ཀིནྟཱ་བཱ་ཥྤེ་ན། མི་ནུས་པ་ནི་མི་བཟོད་པ་སྟེ། དེའི་ལན་ནི་མི་ནུས་པའི་ལན་ནོ། །དེ་ཡང་གཞན་གྱིས་དྲིས་པ་མི་བཟོད་པ་ཡིན་ནོ། །དྲྀ་ཤི་བི་ཤ་ལས་མཐའ་དག་ལའོ། །ལས་ལས་ཕ་རོལ་གང་དྲྀ་ཤི་བི་ད་ལས་མཐའ་དག་རྟོགས་པར་བྱེད་པ་ལ་ཎཾ་འགྱུར་ཏེ། ཀནྱུ་དཪྴཾ་བ་ར་ཡ་ཏི། བུ་མོ་ ཐམས་ཅད་ལས་འདམ་བར་བྱེད་ཅེས་པའི་དོན་ཏོ། །བྲཱ་ཧྨ་ཎ་བེ་དཾ་བྷོ་ཛ་ཡ་ཏི། ཡཾ་ཛཱ་ནཱ་ཏི་ལ་བྷ་ཏེ་བི་ཙཱ་ར་ཡ་ཏི། རླུང་ཐམས་ཅད་གཅོད་པར་བྱེད་ཅེས་པའི་དོན་ཏོ། །ཡཱ་བ་ཏ་ལས་བནྡི་ཏི་དང་ཛི་པ་ལས་སོ། །ཎམ་འགྱུར་ཏེ། ཡཱ་བད་བེ་དཾ་བྷུཾ་ཀྟེ། ཡཱ་བལླེ་བྷ་ཏེ། དེ་སྙེད་ཟ་ཞེས་པའི་དོན་ཏོ། །ཡཱ་བཛྫཱི་བ་མ་དྷི་ཏེ། ཡཱ་བཛྫཱི་བ་ ཏི། དེ་སྲིད་ཀློག་ཅེས་པའི་དོན་ཏོ། །ཨུ་པསྐྲཱྀ་ལས་སོ། །ཎམ་འགྱུར་ཏེ། ཨུ་པསྐཱ་རཾ་མ་དྲ་ཀཱ། ལུ་ནནྟི། སུཌ་ཡིས་ངེས་པར་བསྟན་པ་ཅི་ཞེ་ན། ཨུ་པ་ཀཱིཪྻ་སྭ་པི་ཏི། ཙརྨ་དང་ཨུ་ད་ར་ལས་པཱུ་རི་ལས་སོ། །ལས་ལ་ཎམ་འགྱུར་ཏེ། ཙརྨ་པཱུ་རམ། ཏི་ལཱནད་དཱ་ཏི། ཨུ་ད་ར་པཱུ་ཏཾ་བྷུཾ་ཀྟེ། ཆར་པའི་ཚད་ལ་སྟེ་ཨུ་དབྱི་ བའང་ཡང་ནའོ། །ལས་ལས་ཕ་རོལ་པཱུ་ར་ཡ་ཏི་ལས་ཆར་པའི་ཚད་རྟོགས་པར་བྱེད་པ་ལ་ཎམ་འགྱུར་ཏེ། ཨུ་ཡིག་དབྱི་བ་ནི་ཡང་ནའོ། །གོཥྤ་དཾ་པཱུ་རཾ་བྲྀཥྚོ་དེ་བཿ། གོཥྤ་དཾ་པཱུ་རཾ་བྲྀཥྚོ་དེ་བཿ། མཱུ་ཥི་ཀཱ་བི་ལ་པྲ་བྲྀཥྚོ་དེ་བཿ། ཙེ་ལ་ལས་སྒོ་པི་ལས་སོ། །གོས་ཀྱི་དོན་ལས་ལས་ཕ་ རོལ་སྟོ་བི་ལས་ཎམ་འགྱུར་ཏེ། ཆར་པའི་ཚད་རྟོགས་པར་བྱེད་པ་ནའོ། །ཙེ་ལ་ཀྣོ་པཾ་བྲྀཥྚོ་དེ་བཿ། བསྟྲ་ཀྣོ་པཾ་བྲྀཥྚོ་དེ་བཿ། ནི་མཱུ་ལཿ། ས་མཱུ་ལ་ལས་ཀ་ཥ་ལས་ཏེ་དེ་ཡང་རྗེས་སུའོ། །ནི་མཱུ་ལས་མཱུ་ལ་དག་ལས་ལས་ཕ་རོལ་ལ་ཥ་ལས་ཎམ་འགྱུར་ཞིང་ཀ་ཥ་དེ་ཡང་རྗེས་སུ་སྦྱར་རོ། །ནི་མཱུ་ལ་ཀཱ་ཥཾ་ཀ་ཥ་ཏི། ས་མཱུ་ལ་ཀ་ཥཾ་ཀ་ཥཿ། ཤུཥྐ་ཙཱུརྞྞ་རུ་ཀྵ་ལས་པ་ཥ་ལས་སོ། །ཤུཥྐ་སོགས་ལས་ལས་ཕ་རོལ་ལ་པོ་ཥ་ལས་ཎམ་འགྱུར་ཞིང་དེ་ཡང་རྗེས་སུ་སྦྱར་རོ། །ཤུཥྐ་པེ་ཥམ་བི་ནཤྚི། སྐམ་པོ་ཕྱེ་མར་འཐག་ཅེས་པའི་དོན་ཏོ། །ཙཱུརྣ་པེ་ཥཾ་པི་ནཥྚི། རཱུ་ཀྵ་པེ་ཥཾ་པི་ནཥྚི། ས་མཱུ་ལ། ཨ་ཀྲྀ་ཏ། ཛཱི་པ་རྣམས་ལས་ཧན། ཀྲྀཉ། གྲཧ་ལས་སོ། །ས་མཱུ་ལ་སོགས་རྣམས་ལས་ལས་ཕ་རོལ་ལ་ཧན་སོགས་ལས་རིམ་པ་བཞིན་དུ་ཎམ་འགྱུར་ཞིང་དེ་ཡང་རྗེས་སུ་སྦྱར་རོ། །ས་མཱ་ལ་གྷཱ་ཏཾ་ནྱ་བདྷཱི་ད་རཱིམ་ཤྩ། ཨ་ཀྲྀ་ཏ་ཀཱ་རཾ་ཀ་རོ་ཏི། ཛི་བ་གྲཱ་ཧཾ་གྲྀཧྞཱ་ཏི། ཧན་ལས་བྱེད་པ་ལས་སོ། །ཎམ་འགྱུར་ཟིང་དེ་ཡང་རྗེས་སུ་སྦྱར་རོ། །པཱ་ཎི་དྷཱ་ཏཾ་བེ་དིཾ་ ཧནྟིཾ། མི་འཚེ་བ་ལ་ཎམའི་དོན་བརྗོད་དོ། །འཚེ་བ་ལ་ཡང་རྗེས་སུ་སྦྱོར་བའི་དོན་རྟག་ཏུ་བསྡུ་བའི་མཐའ་ཉིད་དོ། །སར་གྷཱ་ཏ་མ་རཱིན་ཧནྟི། མདའ་ཡིས་འཇོམས་ཞེས་པའི་དོན་ཏོ། །སྣེ་ཧན་ལས་པི་ཥ་ལས་སོ། །འདིས་སྣུམ་པར་བྱེད་པས་ན་གཤེར་བ་སྟེ་ཞུ་བའི་རྫས་སོ། །དེ་བརྗོད་པ་ལ་བྱེད་པ་ ལས་ཕ་རོལ་དུ་པི་ཥ་ལས་ཎམ་འགྱུར་ཏེ། དེ་ཡང་རྗེས་སུ་སྦྱར་རོ། །ཨུ་ད་པེ་ཥཾ་བིནཥྚི། ཏཻ་ལ་བེ་ཥཾ་བི་ནཥྚི། ཆུ་དང་སྣུམ་གྱིས་གཤེར་ལ་ཞེས་པའི་དོན་ཏོ། །ལག་པ་ལས་བརྟི་གྲ་ཧ་ལས་སོ། །ལག་པར་བརྗོད་པའི་བྱེད་པ་ལས་ཕ་རོལ་བརྟི་གྲ་ཧ་ལས་ཎམ་འགྱུར་ཞིང་དེ་ཡང་རྗེས་སུ་སྦྱར་རོ། །ཧསྟ་བརྟཾ་བརྟ་ ཡ་ཏི། ཧསྟ་གྲཱ་ཧཾ་གྲྀཧྞཱ་ཏེ། ལག་པས་འཛིན་ཞེས་པའི་དོན་ཏོ། །རང་དོན་ལས་པུ་ཥ་ལས་སོ། །བདག་དང་བདག་གིར་ཤེས་པ་བརྗོད་པ་རང་གི་སྒྲ་ལས་དེའི་དོན་ལས་བྱེད་པར་གྱུར་པ་ལས་ཕ་རོལ་སུ་ཥ་ལས་ཎམ་འགྱུར་ཏེ། དེ་ཡང་རྗེས་སུ་སྦྱར་རོ། །སྭ་པོ་ཥེ་པུཿཏི། པི་ཏྲོ་པོ་ཥེ་པུཿཏི། དྷ་ན་པོ་ཥེ་པུཿཏི། སྤྱིར་བཏང་ལས་བརྙ་ལས་སོ། །ཎམ་འགྱུར་ཏེ། ཙཀྲ་བནྔྷཾ་བདྷྭཱ་ཏི། གུབྟི་བནྡྷཾ། བངྷཱ་ནཱ། ཙ་ར་ཀ་བནྡྷྣཱ་བདྷྣཱཏི། བཙོན་རར་འཆིང་བར་བྱེད་ཅེས་པའི་དོན་ཏོ། །མིང་ལའོ། །མིང་གི་ཡུལ་ལ་བདྷྣྲ་ཏི་ལས་ཎཾ་འགྱུར་ཏེ། ཀྲཽཉྩ་བནྡྷ་བདྡྷཿ། མ་ཡུ་རི་ཀཱ་བནྡྷཾ་བདྡྷ། འདི་དག་འཆིང་བའི་ཁྱད་པར་གྱི་མིང་ངོ་། །བྱེད་པ་པོ་ ལས་ཛཱི་བ་པུ་རུ་ཥ་ལས་ན་ཤི་བ་ཧ་ལས་སོ། །བྱེད་པ་པོ་བརྗོད་པ་ཛཱི་བ་དང་པུ་རུ་ཥའི་སྒྲ་དག་ཕ་རོལ་ལ་རིམ་པ་བཞིན་དུ་ན་ཤི་བ་ཧ་དག་ལ་ཎམ་འགྱུར་ཏེ། དེ་དག་ཀྱང་རྗེས་སུ་སྦྱར་རོ། །འཚོ་བ་འཇོམས་པ་ནི། ཛཱི་བ་ན་ཤཾ་ན་ཤ་ཏི། སྐྱེས་བུར་གྱུར་ནས་འཇུག་པ་ནི། པུ་རུ་ཥཾ་བཱ་ཧཾ་བ་ཧ་ཏི། བྱེད་པ་པོ་ལས་ཞེས་པ་ཅི་ ཞེ་ན། ཛི་བ་ན་ནཥྚཿ། པུ་རུ་ཥེ་ཎོ་ཌྷཿ། ཨཱུ་རྡྡྷ་ལས་ཤུ་ཥ། པཱུ་རི་ལས་སོ། །བྱེད་པ་པོ་བརྗོད་པ་ཨཱུ་རྡྡྷཱའི་སྒྲ་ལས་ཕ་རོལ་པཱུ་རི་དག་ལས་ཎམ་འགྱུར་ཞིང་དེ་དག་ཀྱང་རྗེས་སུ་སྦྱར་རོ། །སྟེང་དུ་སྐེམ་པ་ནི། ཨུརྡྷྭ་ཤོ་ཥཾ་ཤུ་ཥྱ་ཏི། སྟེང་འགེངས་པ་ནི། ཨཱུ་རྡྷྭ་པཱུ་རཱཾ་ཨཱུཪྻ་ཏེ། གཞན་དུ་ན་དང་པོའི་ཨཱུ་རྡྷྭ་གྷཉའོ་མཐའ་ དང་བསྡུ་བ་ལ་བྱ་བའི་ཁྱད་པར་གྱི་སྒོ་ནས་རབ་ཏུ་སྦྱོར་བ་གྲུབ་བོ། །མཚན་ཉིད་ཀྱི་སྤྲོས་པ་རྣམས་སོ། །ཉེ་བར་འཇལ་བ་ལས། ལས་ལས་ཀྱང་ངོ་། །ལས་བྱེད་པ་པོ་ལས་ཉེ་བར་འཇལ་བ་བརྗོད་པ་ལས་ཕ་རོལ་བྱིངས་ལས་ཎམ་འགྱུར་ཞིང་། བྱིངས་དེ་ཡང་རྗེས་སུ་སྦྱར་རོ། །གཙུག་ཕུད་ཅན་བཞིན་ཉམས་པ་ནི། ཙུ་ཌ་ཀ་ནཱ་ཤཾ་ནཥྚཿ། གསེར་བཞིན་དུ་བཞག་པ་ནི། སུ་བརྞ་ནི་དྷཱ་ཡཾ་ནི་ཧི་ཏཿ། ཟན་བཞིན་དུ་འཚོད་པ་ནི། ཨོ་ད་ན་པཱ་ཀཾ་པ་ཀྲཿ། ཉེ་བར་འཇལ་བ་ལས་ཞེས་པ་ཅི་ཞེ་ན། ཙཱུ་ཌ་ཀོ་ནཥྚཿ། དེ་ཡང་རྗེས་སུ་ཞེས་པ་འདིའི་མཐའ་རྒྱས་པའོ། །ཨུ་པ་དཾ་ཤ་ལས་གསུམ་པ་ལས་སོ། ། གསུམ་པའི་མཐའ་ལས་ཕྱི་མར་ཨུ་པ་དཾ་ཤ་ལས་ཎི་འགྱུར་ཏེ། རྩ་བ་ཅན་གྱི་སོས་ཉེ་བར་ཟ་བ་ནི། མཱུ་ལ་ཀོ་པ་དཾ་ཤཾ་བྷུཾ་ཀྟེ། ཨུ་པ་དཾ་ཤ་ལས་ཡང་ན་ཞེས་པ་སྟེ་བསྡུ་པ་རྣམས་པར་བརྟག་པའོ། །གསུམ་པ་ལས་ཞེས་པ་ཅི་ཞེ་ན། མཱུ་ལ་ཀ་མུ་བ་ད་ཤྱ་བྷུཾ་ཀྟེ། འཚེ་བའི་དོན་ལས་ལས་གཅིག་པ་ལས་སོ། །འཚེ་ བའི་དོན་རྗེས་སུ་སྦྱོར་བ། ལས་དང་ལྷན་ཅིག་པ་གསུམ་པ་ཉེ་ཚིག་ཏུ་ཡོད་པ་ལ་ཎཾ་འགྱུར་ཏེ། དབྱུག་པས་ཉེ་བར་བསྣུན་ཏེ་བ་ལང་རྣམས་བགྲང་བར་བྱེད་པ་ནི། དཎྜོ་བ་གྷཱ་ཏཾ། ལས་གཅིག་པ་ལས་ཞེས་པ་ཅི་ཞེ་ན། དཎྜེ་ནོ་པ་ཧ་ཏྱ་བྷཱུཾ་མིཾ་གཱ་པཱ་ད་ཡ་ཏི། ཨུ་པ་ལས་བདུན་པ་ལས་ཀྱང་ངོ་། །ཨུ་པ་སྔོན་མའི་ པའི་ཌ་སོགས་རྣམས་ལས་བདུན་པའི་མཐའ་ཉེ་བའི་ཚིག་ལ་གསུམ་པའི་མཐའ་ལས་ཀྱང་ཎམ་འགྱུར་ཏེ། རྩིབ་ལོགས་ཉེ་བར་བཙོར་ཏེ་ཉལ་བ་ནི། པཱརྴྭོ་པ་པཱི་ཌཾ། འགྲོ་བ་ཉེ་བར་འགོག་པ་ནི། གཱཿསཱ་ད་ཡ་ཏི། འགྲོ་བས་ཉེ་བར་འགོག་པ་ནི། བྲ་ཛོ་པ་རོ་དྷཾ། ལག་པར་ཉེ་བར་འདྲེན་པ་ནི། དྷཱ་ནཱ་གྲྀཧྣཱ་ཏི། ལག་པས་ཉེ་བར་འདྲེན་པ་ནི། པཱ་ཎྱུ་པ་ཀཪྵཾ། ཚད་དང་ཨཱ་པརྟི་དག་ལའོ། །ཚད་རྟོགས་པར་བྱེད་པ་དང་། པྲ་ཏྱཱ་སརྟི་ལ་བདུན་པའི་མཐའ་ཉེ་ཚིག་དང་། གསུམ་པའི་མཐའ་ལས་ཀྱང་ཕ་རོལ་བྱིངས་ལས་ཎམ་འགྱུར་ཏེ། དྭྱངྒུ་ལེ་ཨུཎྐཪྵདྒཎྜི་ཀཱཾ་ནི་ཧནྟི། དྭྱངྒུ་ལེ་ནོ་རྐ་རྵཾ། ཀེ་ཤེ་ཥུ་གྲཱ་ཧཾ་ཡུ་དྷནྟེ། ཀེ་ཤཻ་རྒྲ་ཧཾ། ལྔ་པ་ལས་མྱུར་བ་ལའོ། །ལྔ་པའི་མཐའ་ལས་ཕ་རོལ་མྱུར་བ་རྟོགས་པར་བྱེད་པ་ལ་བྱིངས་ལས་ཎམ་འགྱུར་ཏེ། མལ་ནས་ལངས་ཏེ་འགྲོ་བ་ནི། ཤ་ཡྻཱ་ཡཱ་ཨུཏྠཱ་ཡཾ། མྱུར་བ་ལ་ཞེས་པ་ཅི་ཞེ་ན། ཨཱ་པ་ནཱ་དུཏྠཱ་ཡ་བྲ་ཛ་ཏི། གཉིས་པ་ལས་སོ། །གཉིས་པའི་མཐའ་ཉེ་བའི་ཚིག་ལ་མྱུར་བ་རྟོགས་པར་བྱེད་པ་ལ་ བྱིངས་ལས་ཎམ་འགྱུར་ཏེ། གསལ་ཤིང་བཟུང་ནས་འཁྲུག་པ་ནི། ཡཥྚི་གྲཱ་ཧཾ། རང་གི་ཡན་ལག་ལས་མ་ངེས་པ་ལའོ། །གཉིས་པའི་མཐའ་ལས་མ་ངེས་པ་ལས་རང་གི་ཡན་ལག་ལས་ཕ་རོལ་བྱིངས་ལས་ཎམ་འགྱུར་ཏེ། སྨིན་མ་བསྐྱོད་དེ་སྨྲ་བ་ནི། བྷུ་བཾ་བི་ཀྵེ་བཾ། མ་ངེས་པ་ལས་ཞེས་པ་ཅི་ཞེ་ན། ཨུཏྐྵི་པྱ་ཤི་རཿ། ཀ་ཐ་ཡ་ཏི། གང་དུ་བཅད་དེ་སྲོག་ཆགས་གསོད་པ་དེར་ངེས་པ་ལས་བཟློག་པ་ནི་མ་ངེས་པའོ། །བཅེར་བ་ལའོ། །རྟོགས་པར་བྱེད་པ་ལ་རང་གི་ཡན་ལག་ལས་གཉིས་པའི་མཐའ་ལས་ཕ་རོལ་བྱིངས་ལས་ཎམ་འགྱུར་ཏེ། བྲང་སྦེད་འཐབ་པ་ནི། ཨུ་རཱཾ། སེ་པྲ་ཏི་པེ་ཥཾ། བི་ཤི། པ་ཏི། ས་དི། སྐནྡ་ རྣམས་ལ་ཁྱབ་པར་འདོད་པ་དང་ཡང་ཡང་དག་ལའོ། །གཉིས་པའི་མཐའ་ལས་བི་ཤི་སོགས་རྣམས་ལས་ཁྱབ་པར་འདོད་པ་དང་ཡང་ཡང་དག་རྟོགས་པར་བྱེད་པ་ལ་ཎམ་འགྱུར་ཏེ། གེ་ཧཱ་ནུ་པྲ་བེ་ཤ་མཱ་སྟེ། བསྡུས་པའི་ཕྱོགས་ལ་བསྡུ་བ་ཉིད་ཀྱིས་ཁྱད་པར་འདོད་པ་དང་ཡང་ཡང་དག་རྟོགས་པར་བྱེད་པའི་ཕྱིར་ གཉིས་ཉིད་མེད་དོ། །བསྡུས་པ་མེད་པའི་ཕྱོགས་ལ་རྫས་དང་བྱ་བ་ལ་གཉིས་ཉིད་དོ། །གེ་ཧཾ་གེ་ཧཾ་མ་ནུ་པྲ་བེ་ཤ་མ་སྟེ། གེ་ཧ་མ་ནུ་པྲ་བེ་ཤ་མ་ནུ་པྲ་བེ་ཤ་མཱ་སྟེ། དེ་བཞིན་དུ་གེ་ཧཱ་མུ་པྲ་པཱ་ཏཾ། གེ་ཧ་མ་ནུ་པྲ་པཱ་ཏ་མ་ནུ་པྲ་པཱ་ཏཾ། གེ་ཧཱ་ནུ་པྲ་པཱ་ད་མ་སྟེ། གེ་ཧཾ་གེ་ཧ་མ་ནུ་པྲ་པཱ་དཾ། གེ་ཧ་མ་ནུ་པྲ་པཱ་ད་མ་ནུ་པྲ་པཱ་དཾ། གེ་ཧཱ་བ་ སྐནྡ་མ་སྟེ། གེ་ཧཾ་གེ་ཧ་མ་བ་སྐནྡཾ། གེ་ཧ་མ་བ་སྐནྡ་མ་བ་སྐནྡཾ། ཁྱད་པར་འདོད་པ་དང་ཡང་ཡང་དག་ལ་ཞེས་པ་ཅི་ཞེ་ན། གེ་ཧ་མ་ནུ་པྲ་བི་ཤྱ་བྷུཾ་ཀྟེ། ཡང་ཡང་ཞེས་པས་གྲུབ་པ་ལས་ཡང་ཡང་སྨོས་པ་ནི་བསྡུ་བ་རྣམ་པར་བརྟག་པའི་དོན་ཏོ། །དུས་ལས་ཨ་སུ་དང་ཏྲྀཥ་ལས་བར་ཆོད་པ་ལའོ། །ཨ་སྱ་ཏི་དང་ཏྲི་ཥྱ་ཏི་ལས་ ཀྱང་གཉིས་པའི་མཐའ་ཅན་དུས་བརྗོད་པ་ཕ་རོལ་ལས་བར་ཆོད་པ་རྟོགས་པར་བྱེད་པ་ལ་ཎམ་འགྱུར་ཏེ། དྭྱ་ཧཱ་ཏྱ་སཾ་གྲཱཿ། བཱ་ཡ་ཡ་ཏི། དྭྱ་ཧ་མ་ཏི་ཀྲ་མྱ་འཐུང་དུ་འཇུག་ཅེས་པའི་དོན་ཏོ། དྭྱ་ཧ་ཏཪྵ་གཱཿ། པ་ཡ་ཡ་ཏི། ཨ་སུ་ཏྲྀ་ཥ་ཞེས་པ་ཅི་ཞེ་ན། དྭྱཧ་མུརྦཱ་སྱ་བྷུཀྟེ། དུས་ལས་ཞེས་པ་ཅི་ཞེ་ན། པཉྩ་པཎྡཱི་ན་ཏྱ་སྱ་ཛ་ ནཾ་པི་བ་ཏི། བར་ཆོད་པ་ལ་ཞེས་པ་ཅི་ཞེ་ན། ཨ་ཧ་ར་ཏྱ་སྱེ་ཥཱུ་ན་ག་ཏཿ། ཉི་མ་མངོན་པར་ཁྱབ་པའི་མདའ་རྣམས་འཕངས་ཏེ་སོང་ཞེས་པའི་དོན་ཏོ། །མིང་ལས་གྲ་ཧ་དི་ཤ་ལས་སོ། །མིང་ལས་གཉིས་པའི་མཐའ་ལས་ཕ་རོལ་གྲ་ཧ་དང་དི་ཤ་ལས་ཀྱང་ཎམ་འགྱུར་ཏེ། མིང་ནས་སྨོས་ཏེ་སྦྱིན་པ་ནི། ནཱ་མཱ་ནི་གྲཱ་ཧ། མིང་བསྟན་ཏེ་སྦྱིན་པ་ནི། །ནཱ་མཱ་ནྱཱ་དེ་ཤཾ། མི་ཟད་པ་ལས་མི་འདོད་པ་བརྗོད་པ་ལ་ཀྲྀཉ་ལས་ཀྟྭ་འང་ངོ་། །མི་ཟད་པ་ལས་ཕ་རོལ་ཀྲྀཉ་ལས་མི་འདོད་པ་བཤད་པ་ལ་ཎམ་འགྱུར་ཏེ། ཀྟཱ་འང་ངོ་། །བྲཱཧྨ་ཎ་སུ་དྲ་སྟེ་ཛཱ་ཏཿ། ཅི་ལྟར་དམངས་རིགས་ཤེ་ན། ནཱི་ཙཻཿ། ཀྲྀ་ཏྱཱ་ཙཻཥྚཿ། ནཱི་ཙཻ། ཀྲྀ་ཏྱཱ་ནི་ཙཻཿ། ཀཱ་རཾ། ཨུ་ཙྩཻ་རྣཱ་མ་པྲི་ཡ། མཱ་ཁྱེ་ཡཾ། ཏིཪྻ་ཉྩ་ལས་ཨ་པ་བརྒ་ལའོ། །ཏིཪྻཀ་གི་སྒྲ་ལས་ཕ་རོལ་ཀྲྀཉ་ལས་ཀྟྲཱ་དང་ཎ་མ་དག་འགྱུར་ཏེ། ཏིཪྻཀ་ཀྲྀ་ཏྱ་ག་ཏཿ། ཏིཪྻ་ཀྐ་ཏཱ། ཏིཪྻ་ཀྐཱ་རཾ་ཡོངས་སུ་རྫོགས་པར་རྟོགས་པ་ཞེས་པའི་དོན་ཏོ། །ཨ་པ་བརྒ་ལ་ཞེས་པ་ཅི་ཞེ་ན། ཏི་ཪྻ་ཀྐཱྀ་ཏྭཱ་ཀཱ་ཎཾ་ག་ཏཿ། རང་གི་ཡན་ལག་ལས་ཏས་ལས་ བྷཱུ་ལས་ཀྱང་ངོ་། །ཀྟྭཱ་དང་ནམ་དག་འགྱུར་ཏེ། མུ་ཁ་ཏ། ཀྲྀ་ཏྱ་ག་ཏཿ། མུ་ཁ་ཏ། ཀཱ་རཾ་མུ་ཁ་ཏོ་བྷཱུ་ཡ། མུ་ཁ་ཏོ་བྷཱ་བ། མུ་ཁ་ཏོ་བྷ་བཾ། རང་གི་ཡན་ལག་ལས་ཞེས་པ་ཅི་ཞེ་ན། སརྦ་ཏཿ། ཀྲྀ་ཏྭཱ་ག་ཏ། ཏས་ལས་ཞེས་པ་ཅི་ཞེ་ན། ཨ་མུ་ཁཾ་མུ་ཁཱཾ་ཀྲྀ་ཏྱེ་ག་ཏཿ། མི་ཟད་པ་ལས་ཞེས་པ་ཉིད་དེ། མུ་ཁེ་ཏེ་སྱ་ ཏི། མུ་ཁ་ཏ། ཀྲྀ་ཏྭཱ་ག་ཏཿ། ན་དྷཱི་དོན་དང་རྐྱེན་ལས་ཙྭི་ཡིན་པ་ལས་སོ། །ནཱ་དང་དྷཱའི་དོན་གྱི་རྐྱེན་གང་ཡིན་པ་ལས་དེ་ལྟར་བཤད་པ་དེ་ལས་ཕ་རོལ་ཀ་རོ་ཏི་དང་བྷཱུ་ལས་ཀྱང་ཀྟཱ་དང་ཎམ་དག་འགྱུར་ཏེ། ནཱ་ནཱ་ཀྲྀ་ཏྭཱ། ནཱ་ནཱ་ཀྲྀ་ཏྱ། ནཱ་ནཱ་རྐཱ་རཾ། བི་ནཱ་ཀྲྀ་ཏྭཱ། བི་ནཱ་ཀྲྀ་ཏྱ། བི་ནཱ་ཀཱ་རཾ། ནཱ་ན་བྷཱུ་ཏྭཱ། ནཱ་ནཱ་བྷཱུ་ཡ། ནཱ་ནཱ་བྷཱ་བཾ། བི་ནཱ་ བྷཱུ་ཏྭཱ། བི་ནཱ་བྷཱུ་ཡ། བི་ནཱ་བྷཱ་བཾ། དྭི་དྷཱ་ཀྲྀ་ཎཱ། དྭི་དྷཱ་ཀྲྀ་ཏྭ། དི་དྷཱ་ཀཱ་རཾ། དྭཻ་དྷཾ་ཀྲྀ་ཏྭཱ། དྭཻ་དྷཾ་ཀྲྀ་ཏྱ། དྭཻ་དྷཾ་ཀཱ་རཾ། ཅི་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། དྭཻ་དྷཱི་བྷཱུ་ཡ་ཏིཥྛ་ཏི། །ཏཱུཥྞཱི་མ་ལས་བྷཱུ་ལས་སོ། །ཏཱུཥྣཱི་མ་སྔོན་མའི་བྷཱ་ལས་ཀྟ་དང་ཎམ་དག་འགྱུར་ཏེ། ཏཱུཥྞཱིཾ་བྷུ་ཏྭཱཾ། ཏཱུཥྞཱིཾ་བྷཱུ་ཡ། ཏཱུཥྞཱིཾ་བྷཱུ་ཡ། ཏཱུཥྞཱིཾ་བྷཱ་བཾ། བྷཱུ་སྨོས་པ་ནི་ ཀྲྀཉ་བཟློག་པའི་དོན་ཏོ། །ཨ་ན་ཀ་ལས་རྗེས་སུ་མཐུན་པ་ལའོ། །ཨ་ན་ཀ་སྔོན་མའི་བྷཱུ་ལས་རྗེས་སུ་མཐུན་པ་རྟོགས་པར་བྱེད་པ་ལ་ཀྟྭཱ་དང་ཎཾ་དག་འགྱུར་ཏེ། ཨ་ནྭ་གྦྷཱུ་ཡཱ་སྟེ། ཨ་ནྭ་གྦྷཱུ་ཏྭཱ། ཨ་ནྭ་གྦྷཱ་བཾ། ཨུ་ཎ་ལ་སོགས་པ་རྣམས་སོ། །བྱིངས་ལས་མང་པོ་འགྱུར་ཏེ། ཁ་ཅིག་ཏུ་འཇུག་གོ། །བྱེད་པས་ན། ཀཱ་རུཿ། འགྲོ་ བས་ན་བཱ་ཡུཿ། ཁ་ཅིག་ཏུ་བྱུང་བ་ལ། བྲྀཏྟཾ། དེའི་ཞེས་པ་ལམ་མོ། །བྷ་ཥི་ཏཾ། དེས་ན་བྷསྨཿ། ཁ་ཅིག་ཏུ་ངེས་པར་ཀུན་སྦྱིན་པ་ལ། འདི་ལས་འཇིགས་པས་ན་བྷཱི་མཿ། བྷཱིཥྨཿ། ཁ་ཅིག་ཏུ་ཡང་དག་པར་རབ་ཏུ་སྦྱིན་པ་ལ་སྟེ། དཱ་ཤ་ཏི་ཏ་སྨེ་དཱ་ཤཱ། ཨཱ་ལཉ་ཡིས་པཱ་ཏཱ་ལ། ཨཱ་ལཙ་ཡིས་མངྒ་ལཾ། འདི་དག་ ཀྱང་རྒྱ་ཆེར་བདེ་བླག་ཏུ་རྟོགས་པའི་དོན་དུ་ཐ་དད་པ་ཉིད་དུ་སྤྲོ་བར་འགྱུར་རོ། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་གསུམ་པའི་རྐང་པ་དང་པོ་ རྫོགས་སོ།། །།བྱ་བ་རྒྱུ་མཚན་གྱི་དངོས་པོར་བརྗོད་པར་འདོད་པ་ནི་བྱེད་པ་པོའོ། །རིགས་ལ་སོགས་པ་དོན་གྱི་ངོ་བོ་དང་བྱ་བ་གང་ཡིན་པ་རྒྱུ་མཚན་གྱི་དངོས་པོར་བརྗོད་པར་འདོད་པ་ནི་ཕྱེད་པ་ཅན་གྱི་མིང་དུ་འགྱུར་རོ། །བྱེད་པ་ཅན་རབ་ཏུ་བསྟན་པ་ནི་བདུན་པ་དང་ལྡན་པ་དག་གི་བྱེད་པ་ཅན་དུས་ དང་ལམ་དག་ལའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་ལ་རང་དབང་ནི་བྱེད་པ་པོའོ། །བྱ་བ་ཞེས་པ་རྗེས་སུ་འཇུག་གོ། །བརྗོད་པར་འདོད་པ་ཞེས་པ་ཡང་ངོ་། །དེས་ན་འདིའི་དོན་ཏོ། །དེ་ལ་བྱེད་པ་པོ་རྣམས་ལ་བྱ་བ་བར་མས་གྲུབ་པ་རང་རྒྱུད་ཀྱི་དོན་བརྗོད་པར་འདོད་པ་དེ་བྱེད་པ་པོའི་མིང་དུ་ འགྱུར་ཏེ། ཛ་ཡ་ཏི་ཛནྨ་ལ་ཏཱ་པ་རི་བརྟན་ནོ། །མུ་ནི་ར་ཙཱ་ལི་ཏ་ནིཤྩ་ཡ་ཤཱ་སན་ནཿ། བྱེད་པ་པོར་རབ་ཏུ་བསྟན་པ་ནི། བྱེད་པ་པོ་ལ་ཊཱ་བྷྱཱཾ་བྷིས་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེར་སྦྱོར་བ་པོ་ཡང་ངོ་། །རང་རྒྱུད་ཀྱི་བྱེད་པ་པོ་གང་ཡིན་པ་དེ་ལ་སྦྱོར་བ་པོ་འཆད་པར་འདོད་པ་དེ་ཡང་བྱེད་པ་པོའི་མིང་ ཅན་དུ་འགྱུར་ཏེ། ཀཱ་ར་ཡ་ཏི་དེ་བ་དཏྟཾ་ཡཛྙ་དཏྟཿ། བྱ་བ་ནི་ལས་སོ། །བྱེད་པ་པོ་ལས་བྱ་བའི་ཁྱད་པར་གང་བྱེད་པ་དང་གསོད་པ་དང་གང་ཡིན་པ་དེ་བྱེད་པ་པོ་དང་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། པུ་ཎྱཾ་ཀ་རོ་ཏི་ཤྲདྡྷཿ། ལས་རབ་ཏུ་བསྟན་པ་ནི། ལས་ལ་ཨཾ་ཨཽཊ་ཤསའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། ། འཇོ་བ་ལ་སོགས་པ་དང་དེའི་རྒྱུ་མཚན་ཡང་ངོ་། །འཇོ་བ་ལ་སོགས་པ་རབ་ཏུ་སྦྱོར་བ་ལ་ལས་ཀྱི་རྒྱུ་མཚན་གང་བྱ་བ་ཉིད་ཀྱིས་འཆད་པར་འདོད་པ་དེ་ཡང་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། གཱཾ་དོགྡྷཱི་པ་ཡོ་གོ་པཱ་ལ་ཀཿ། རཱ་ཛཱ་ནཾ་གཱཾ་ཡཱ་ཙ་ཏེ་དྭི་ཛཿ། གཱ་མ་པ་རུ་ཎདྦྷི་བྲ་ཛཾ་གོ་པཱ་ལ་ཀཿ། གུ་རུཾ་དྷརྨ་པྲྀ་ཙྪ་ཏི་ཤི་ཥྱཿ། གྲྀ་ ཧི་ཎཾ་བྷིཀྵ་བྷིཀྵ་ཏེ་བྷིཀྵུ་ཀཿ། ས་མུ་དྲཾ་མ་མནྠུ་ར་མྲྀ་ཏཾ་དེ་བཱ་སུ་རཱཿ། དྻུ་ཏ་ཀཱ་རཾ་ཤ་ཏཾ་ཛ་ཡ་ཏི་དེ་བ་དཏྟཿ། གརྒཱན་ཤ་ཏཾ་དཎྜ་ཡ་ཏི་རཱ་ཛཿ། དེ་བཾ་བ་རཾ་བྲྀ་ཎོ་ཏི་དེ་བ་དཏྟཿ། བྲྀཀྵཾ་ཕ་ལཱ་ནི་ཙི་ནོ་ཏི་དཱ་ར་ཀཿ། ར་ཛ་ནཾ་དྷརྨཾ་བྲཱུ་ཏེ་དྷཱརྨི་ཀཿ། དེ་བཞིན་དུ་བ་ད་ཏི་ཞེས་པ་ལ་སོགས་པའོ། །བི་ནེ་ཡཱན་དྷརྨ་མ་ནུ་ཤཱསྟི་དྷཱརྨི་ཀཿ། དེ་ བཞིན་དུ་ཤིཀྵ་ཡ་ཏི་ཞེས་པ་ལ་སོགས་པའོ། །དུ་ཧི་ཡཱ་ཙི་རུ་དྷི་པྲཙྪི་དང་། བྷིཀྵི་མནྠི་ཛི་དང་དཎྜི་དང་། བྲྀཙ་དང་ཨིཉ། བྲུ་བི་ཤཱ་སིའི་དོན། ནཱི་ལ་སོགས་པའང་དུ་ཧ་སོགས་རྣམས་སོ། །ནཱི་ལ་སོགས་པ་རྣམས་ནི། །ན་ཡ་ཏི་གྲཱ་མཾ་བྷཱ་རཾ་བྷཱ་རི་ཀཿ། དེ་བཞིན་དུ་བ་ཧ་ཏི། ཧ་ར་ཏི། ཀཪྵ་ཏི་ལ་སོགས་པ་རྣམས་ མཆོག་གི་སྦྱོར་བའི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། །སྤྲོས་པའི་དོན་འདི་ལྟ་བུའི་སྒྲུབ་པ་ནི་སྦྱོར་བའོ། །ལས་ཀྱི་རྒྱུ་མཚན་གྱི་བྱ་བ་ཉིད་བརྗོད་པར་འདོད་པ་ཡང་ལས་ཀྱི་མིང་དུ་གྲུབ་པ་ལ་བརྡ་སྤྲོད་པ་པ་རྣམས་ཀྱིས་མིག་གིས་མཚོན་པ་དེའི་ཕྱིར་མདོ་ཉིད་ཀྱིས་དང་རེ་བརྗོད་མ་བྱས་པ་ལེགས་པ་ ཉིད་དོ། །གཞན་དུ་ན་མཚན་ཉིད་མ་ཡིན་པ་ཁྱབ་བྱེད་གཅིག་གམ་མཚན་ཉིད་ཀྱིས་དཔེར་བརྗོད་པ་རྗེས་སུ་ཚོལ་བ་རྣམས་ནི་ནམ་མཁའ་མཚོན་པ་ཉིད་དུ་འགྱུར་རོ། །ཨ་དྷི། ཤཱིང་། སྠཱ། ཨས་རྣམས་ཀྱི་བཞིའོ། །ཤཱིང་སྠཱ། ཨཱས་རྣམས་ལ་ཨདྷི་སྔོན་དུ་སྦྱོར་བའི་གཞི་ཡང་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། ཁ་ཊྭཱ་མ་དྷི་ཤེ་ཏེ། ཀུ་ཊ་མ་དྷི་ཏིཥྛ་ཏི། ཀུ་ཊཱི་མདྷྱཱ་སྟེ། འདི་རྣམས་ལ་ཨ་དྷི་སྔོན་མ་ནི་ལས་དང་བཅས་པ་ཉིད་དོ་ཞེས་ཁ་ཅིག་གོ། །ཨ་དྷི། ཨ་ནུ། ཨུ་པ། ཨཱང་རྣམས་ལས་བ་ས་ལས་ཉེ་བར་མི་གནས་པ་ལའོ། །གཞི་ལ་ཞེས་པ་ཉིད་དེ། ཉེ་བར་གནས་པ་ནི་ཟས་ལ་མི་འཇུག་པའོ། །ཨ་དྷི། ཨ་ནུ། ཨུ་ བ། ཨཱང་ཞེས་པ་འདི་ལྟ་བུ་སྔོན་མའི་བ་ས་ཏི་ལས་ཉེ་བར་གནས་པ་མ་ཡིན་པ་ལ་འཇུག་པ་སྦྱོར་བའི་གཞི་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། གྲྀ་ཧ་མ་དྷི་ག་ས་ཏཱི། གཾ་གཱ་མ་ནུ་བ་ས་ཏི། གི་རི་མུ་པ་བ་ས་ཏི། ཨཱ་བ་ས་ཐ་མཱ་བ་ས་ཏི། ཉེ་བར་མི་གནས་པ་ཞེས་པ་ཅི་ཞེ་ན། གྲཱ་མ་ཨུཔ་བ་ས་ཏི། ཨེ་ཀཱ་དང་ཤཱི་མུ་བ་བ་སཾ་ཏི། ནི་རམྦུ་བྷཀྵཱ་ཞེས་པ་དུས་སུ་ཁྱབ་པ་ལས་གྲུབ་བོ། །ཨ་བྷི། ནིར། བ་ཤ་ལས་ཀྱང་ངོ་། །ཨ་བྷི་ནི། ས་མུ་དཱ་ཡ་སྔོན་མའི་བི་ཤ་ཏི་ལས་གཞི་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། དྷརྨ་ཨ་བྷི་ནི་བི་ཤ་སྟེ། ཀྱང་ཡིག་ལས་ཁ་ཅིག་ཏུ་མི་འགྱུར་ཏེ། ཡཱ་ཡཱ་ས་ཛྙཱ་ཡ་སྨིན་སཾ་ཛྙཱཾ་ནྱ་བྷི་ནི་བི་ཤ་སྟེ། འདི་ལྟ་བུ་སྔོན་མའི་བ་ས་དང་བི་ཤ་ དག་ཀྱང་ལས་དང་བཅས་པ་དག་གོ་ཞེས་གཞན་དག་གོ། །འགྲོ་བ་དང་ཟས་དང་བློ་དང་སྒྲའི་ལས་དང་ལས་མེད་པ་རྣམས་ཀྱི་སྦྱར་བྱའོ། །འགྲོ་བ་དང་བློ་དང་ཟས་ཀྱི་དོན་རྣམས་ཀྱི་དང་སྒྲའི་ཟས་དང་ལས་མེད་པ་རྣམས་ཀྱི་རབ་ཏུ་སྦྱོར་བའི་བྱེད་པ་པོ་སྦྱར་བྱ་སྟེ་ལས་ཀྱི་མིང་དུ་འགྱུར་ཏེ། འགྲོ་བའི་དོན་ཅན་རྣམས་ནི། གཙྪ་ ཏི་གྲཱ་མ་མཱ་ཎ་བ་ཀ །ཏཾ་ཡཛྙ་དཏྟ། བྲ་ཡུཀྟེ། ག་མ་ཡ་ཏི་གྲཱ་མཾ་མཱ། བ་ཀཾ་ཡཛྙ་དཏྟ། དེ་བཞིན་དུ་ཡ་བ་ཡ་ཏི་ཞེས་པ་ལ་སོགས་པའོ། །བློའི་དོན་ཅན་རྣམས་ནི། བོ་དྷ་ཡ་ཏི་མཱ་ཎ་བ་ཀཾ་དྷརྨཾ་དེ་བ་དཏྟཿ། དེ་བཞིན་དུ་བེ་ད་ཡ་ཏ་ཞེས་པ་ལ་སོགས་པ་རྣམས་སོ། །ཟས་ཀྱི་དོན་རྣམས་ནི། བྷོ་ཛ་ཡ་ཏི་མཱ་ཎ་བ་ཀཾ་མོ་ད་ནཾ། རཱ་ཛཱ་དེ་བཞིན་དུ་ཨ་ཤ་ཡ་ཏི་ཞེས་པ་ལ་སོགས་པའོ། །སྒྲའི་ལས་རྣམས་ནི། ཨ་ངྷྱཱ་པ་ཡ་ཏི་མཱ་ཎ་བ་རྐ་བེ་ད་མུ་པཱ་དྷྱཱ་ཡཿ། དེ་བཞིན་དུ་ཤཱ་བ་ཡ་ཏི་ཞེས་པ་ལ་སོགས་པའོ། །ལས་མེད་པ་རྣམས་ནི། ཨཱ་བ་ཡ་ཏི་མཱ་ཎ་བ་ཀེ་དེ་བ་དཏྟ། དེ་བཞིན་དུ་ཤཱ་ཡམ་ཏི་ཞེས་པ་ལ་སོགས་པའོ། །བྲད་པ་སྔོན་མ་ཅན་དང་ བྲལ་བའི་བྲལ་བ་སྔོན་མ་ཅན་གྱི་ཕྲད་པ་ཡང་འགྲོ་བའི་དངོས་པོ་མེད་པ་མ་ཡིན་པའི་ཕྱིར་ཕྲད་པ་དང་བྲལ་བའི་དོན་དག་ཀྱང་འགྲོ་བའི་དོན་ཏོ། །ན་ཡ་ཏི་ལ་སོགས་པ་བཞིན་ནོ། །དེས་ན་མོ་ཙ་ཡ་ཏི། ཏྱཱ་ཛ་ཡ་ཏི། གཱ་ཧ་ཡ་ཏི། ལམྦྷ་ཡ་ཏི། མཱ་རྣ་གཱ་མཾ། ཀ་ནྱཱཾ་ཧི་ཏཾ་དེ་བ་དནྟཾ་ཡཛྙཱ་དཏྟཾ་ཞེས་པ་ཁ་ཅིག་གོ། །དེ་བ་དཏྟེ་ ན་ཞེས་གཞན་དག་གོ། །དེ་བཞིན་དུ་བློའི་དོན་ཉིད་དུ་བལྟ་བར་བྱའོ། །ཟས་ཀྱི་དོན་ལ་སོགས་པ་རྣམས་ནི་སོང་ཉེ་བར་ལེན་ཏོ། །དེས་ན་དཪྴ་ཡ་ཏི། པུ་ཏྲཾ་ཙེ་ཏྲེ་ཎ་མཻ་ཏྲཿ། གྷཱ་པ་ཡ་ཏི་སྤཪྴ་ཡ་ཏི་ཞེས་པ་ལ་སོགས་པ་རྣམས་དབང་པོ་དང་ཤེས་པའི་དོན་ཉིད་ཀྱི་ཕྱིར་མི་འགྱུར་བ་ཉིད་དོ། །བློའི་སྒྲ་ཡིས་ཡིད་ཀྱི་རྣམ་པར་ ཤེས་པ་བཟུང་བའི་ཕྱིར་ཉིད་ཀྱི་ཤེས་པའི་ཁྱད་པར་གྱི་དོན་ལ་ནི་འགྱུར་བ་ཉིད་དོ། །དེས་ན། སྨ་ར་མ་ཏི། བ་ན་གུལླཾ་ཀོ་ཀི་ལཱ་ནེ་ཥ་ཀཱ་ལ་ཞེས་སོ། །སྦྱོར་བ་པོའི་བྱ་བ་ཡིས་ནི་ཎིའི་མཐའ་མ་ཡིན་པ་ལ་བྱེད་པ་པོའི་བྱ་བ་ཉིད་ལས། ལས་ཉིད་དུ་གྲུབ་པ་ལ་སླར་ཡང་བརྩམས་པ་ནི་ངེས་པའི་དོན་དུའོ། །འདི་ཉིད་ཀྱི་སྦྱོར་ བ་ཡང་ལས་ཀྱི་མིང་དུ་འགྱུར་ཏེ། གཞན་གྱི་ནི་མ་ཡིན་ནོ། །དེས་ན་འདིར་མི་འགྱུར་ཏེ། པཱ་ཙ་ཡ་ཏྱོ་ད་ནཾ་དེ་བ་དཏྟེ་ན་ཡཛྙ་དཏྟ། རབ་ཏུ་སྦྱར་བྱ་ཞེས་པ་ཅི་ཞེ་ན། གཙྪ་ཏི་དེ་བ་དཏྟཿ། སྦྱོར་བ་པོའི་སྦྱར་བྱ་ཉིད་ཀྱང་ལས་མེད་པ་ཉིད་དོ། །ག་མ་ཡ་ཏི་ཞེས་པ་ལ་སོགས་པ་རྣམས་བྲ་སྠཱ་པ་ན་ལ་སོགས་པའི་དོན་ཉིད་ཀྱི་ ཕྱིར་རོ། །དེས་ན། ག་མ་ཡ་ཏི་དེ་བ་དཏྟཾ་ཡཛྙ་དཏྟཿ། དེ་ལས་ཕ་རོལ་རབ་ཏུ་སྦྱར་བྱ་ལ། ཏ་དཱ་ག་མ་ཡ་ཏི་གྲཱ་མཾ་དེ་པ་དཏྟཾ་ཡཛྙ་དཏྟེ་ན་བིཥྞུ་མི་དྲ་ཞེས་པ་དེ་ལྟ་བུར་འགྱུར་རོ། །བ་ཧི་ལས་ཁ་ལོ་སྒྱུར་བ་ལའོ། །རབ་ཏུ་སྦྱར་བྱ་ཞེས་པ་ཉིད་དེ། བ་ཧ་ཏི་རབ་ཏུ་སྦྱར་བྱ་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། ཁ་ལོ་སྦྱུར་བ་ལ་ངེས་པར་ སྦྱར་བྱ་ལའོ། །བཱ་ཧ་ཡ་ཏི་དྷཱ་ནྱཾ་བ་ལཱི་བརྡཱན་བཱ་ཧཱི་ཀཿ། ཁ་ལོ་བསྒྱུར་བ་ལ་ཞེས་པ་ཅི་ཞེ་ན། བཱ་ཧ་ཡ་ཏི་བྷཱ་རཾ་དེ་བ་དཏྟེ་ན་ཡཛྙ་དཏྟཿ། བྷ་ཀྵི་ལས་འཚེ་བ་ལའོ། །བྷཀྵི་ལས་ཙཽ་ར་སོགས་ཅན་རྟག་ཏུ་ཎིའི་མཐའ་ཅན་ཏེ། བྷཱུ་སོགས་ཅན་ནམ་ཙཽ་ར་སོགས་ཅན་གཉིས་པ་ལ་ཎི་རབ་ཏུ་སྦྱོར་བའོ། །བྷཀྵི་ལས་འཚེ་བ་ལ་འཇུག་ པ་རབ་ཏུ་སྦྱར་བྱ་ལས་ཀྱི་མིང་དུ་འགྱུར་ཏེ། བྷཀྵ་ཡ་ཏི་བ་ལཱི་བརྡཱན་ས་སྱཾ་གོ་པཱ་ལ་ཀཿ། འཚེ་བ་ལ་ཞེས་པ་ཅི་ཞེ་ན། བྷཀྵ་ཡ་ཏོ་ད་ནཾ་དེ་བ་དཏྟེ་ན་ཡཛྙ་དཏྟཿ། སྔ་མས་གྲུབ་པ་ལ་ཁྱད་པར་ངེས་པའི་དོན་དུ་འདི་དག་གོ། །ཧྲྀ། ཀྲྀ་ལས་ཡང་ནའོ། །ཧ་ར་ཏི་དང་ཀ་རོ་ཏི་རབ་ཏུ་སྦྱོར་བའི་སྦྱར་བྱ་ལས་ཀྱི་ མིང་དུ་འགྱུར་ཏེ། ཧཱ་ར་ཡ་ཏི་ཧ་རཾ་དེ་བ་དཏྟཾ་ཡཛྙ་དཏྟཿ། ཡང་ན་དེ་བ་དཏྟེ་ན་ཞེས་སོ། །ཀཱ་ར་ཡ་ཏི་མཱ་ཎ་བ་ཀཾ་ཀྱཊཾ་དེ་བ་དཏྟེཿ། ཡང་ན་མཱ་ཎ་བ་ཀེ་ན་ཞེས་སོ། །ཨ་བྷྱ་བ་ཧཱ་ར་ཡ་ཏི་པུ་ཧྲཾ་མོ་ད་ཀཾ་པི་སཱ། ཡང་ན་བུ་ཏྲེ་ཎ་ཞེས་སོ། །དྲྀ་ཤི། ཨ་བྷི། བཱ་དི་དག་ལས་ཏང་ཨཱ་ན་ལའོ། །དྲྀ་ཤི། ཨ་བྷི། བཱ་དི་དག་ལས་ རབ་ཏུ་སྦྱོར་བའི་ཏང་ཨཱན་རབ་ཏུ་སྦྱར་བྱ་ལས་ཀྱི་མིང་དུ་ཡང་ན་འགྱུར་ཏེ། དཪྴ་ཡ་ཏྲེ་ནྲྀ་ཏྱཾ་བྲྀ་ཏྱཱན་རཱ་ཛཱ་ཡང་ན་བྷྲྀ་ཏྱཻཿཞེས་སོ། །དེ་བཞིན་དུ་དཪྴ་ཡ་མཱ་ནཿ། ཨ་བྷི་བཱ་དི་འདི་ཎིའི་མཐར་ཡང་ན་བཟུང་ངོ་། །དེས་ན་ཎི་རབ་ཏུ་སྦྱོར་བ་གཉིས་པ་ནི། ཨ་བྷི་བཱ་ཡ་ཏེ་གུ་རུཾ་དེ་བ་དཏྟ་ཡཛྙ་དཏྟཿ། ཡང་ན་དེ་བ་དཏྟེ་ན། དེ་བཞིན་དུ་ ཨ་བྷི་བཱ་ད་ཡ་མཱ་ནཿ། ཏང་ཨཱ་ན་ལ་ཞེས་པ་ཅི་ཞེ་ན། དཪྴ་ཡ་ཏི་ཙི་ཏྲཾ་དེ་བ་དཏྟེ་ན་ཡཛྙ་དཏྟཿ། ཨ་བྷི་བཱ་ད་ཡ་ཏི་གུ་རུཾ་མཱ་ཎ་བ་ཀེ་ན་ཡཛྙ་དཏྟཿ། དྲྀ་ཤི་ལས་ཐོབ་པ་རྣམ་པར་བཤད་པ་ལས་ཤཱ་ཀ་ཊཱ་ཡ་ནེ་ག་ཏི་ལ་སོགས་པའི་མདོར་དྲྀ་ཤ་ལས་བྱེད་པའི་ཕྱིར་རོ། །ཁཱ་དི། ཨ་དི། ཧྭཱ། ཤབྡཱ་ཡ་ནཱི། ཀྲནད་རྣམས་ཀྱི་ མ་ཡིན་ནོ། །སྔ་མ་ཡིས་ཐོབ་པ་ལ་དགག་པའི་དོན་དུ་འདི་བརྗོད་དོ། །ཁཱ་ད་ཡ་ཏི་ལ་སོགས་པ་རྣམས་རབ་ཏུ་སྦྱོར་བའི་བྱ་བ་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། ཁ་ད་ཡ་ཏོ་ད་ནཾ་དེ་བ་དཏྟ་ན་ཡཛྙ་དཏྟཿ། དེ་བཞིན་དུ་ཨཱ་ད་ཡ་ཏི། ཧྭཱ་བ་ཡ་ཏི། ཤབྡཱ་ཡ་ཡ་ཏི། ནཱ་ཡ་ཡ་ཏི། ཀྲནྡ་ཡ་ཏི། བྱ་བའི་ཁྱད་པར་ཡང་ངོ་། །བྱ་ བའི་ཁྱད་པར་གང་ཡིན་པ་དེ་ཡང་ལས་ཀྱི་མིང་དུ་འགྱུར་ཏེ། མནྡཾ་ནུ་ད་ཏི། འདི་མ་ནིང་ཉིད་དེ། གཅིག་གི་ཉིད་དང་བྱ་བ་གཅིག་ཉིད་དང་བརྟགས་ཀྱང་འཇིག་རྟེན་ལ་བརྟེན་པའི་ཕྱིར་རོ། །སྒྲུབ་བྱེད་མཆོག་བྱེད་པའོ། །བྱེད་པ་པོས་བྱ་བ་སྒྲུབ་པ་ལ་སྒྲུབ་བྱེད་མཆོག་ཉིད་ཀྱིས་བརྗོད་པར་འདོད་པ་དེ་བྱེད་པ་པོ་དང་བྱེད་ པའི་མིང་ཅན་དུ་འགྱུར་ཏེ། དཱ་ཏྲེ་ཎ་ལུ་ན་ཏི། བྱེད་པ་རབ་ཏུ་བསྟན་པ་ནི་བྱེད་པ་ལའང་ངོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དི་པ་ལས་ལས་ཡང་ནའོ། །དཱི་བྱ་ཏི་ལས་རབ་ཏུ་སྦྱོར་བ་གང་སྒྲུབ་བྱེད་མཆོག་དེ་ལས་ཀྱི་མིང་དུ་ཡང་ན་འགྱུར་ཏེ། ཨཀྵཱན་དཱི་བྱ་ཏི། ཨཀྵཻརྡི་བྱ་ཏི། ཨཀྵེ་ཥུ་དཱི་བྱ་སྟེ་ཞེས་པ་ལ་ སོགས་པ་ཡང་གཞི་ལ་སོགས་པ་བརྗོད་པར་འདོད་པ་ལའོ། །གང་གི་ཕྱེད་དུ་ཡིན་པ་ད་དང་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ། །བྱེད་པ་པོས་གང་ལ་ཡང་དག་པར་མཆོད་པ་དང་རྗེས་སུ་འཛིན་པར་འདོད་པས་རབ་ཏུ་སྦྱིན་པར་བྱེད་པ་དེ་བྱེད་པ་པོ་དང་དེ་ཞེས་པ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་འགྱུར་རོ། །ཡང་ དག་པར་རབ་ཏུ་སྦྱིན་པ་སྨོས་པས་འདིར་མི་འགྱུར་ཏེ། ར་ཛ་ཀ་སྱ་བསྟྲཾ་ད་དཱ་ཏི། གྷུ་ཏཿ། པྲྀཥྛཾ་ད་དཱ་ཏི། ཡང་དག་པར་རབ་ཏུ་སྦྱིན་པ་བསྟན་པ་ནི། ཡང་དག་པར་རབ་ཏུ་སྦྱིན་པ་ལ་དེ་བྷྱཱམ་བྷྱས་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །སྲེད་པའི་དོན་དང་བྱེད་པ་པོ་དགའ་བ་ཡང་ངོ་། །སྲེད་པའི་དོན་རྣམས་དང་ བྱེད་པ་པོ་དགའ་བ་གང་ཡིན་པ་དེ་བྱེད་པ་པོ་དང་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་འགྱུར་ཏེ། དེ་བ་དཏྟཱ་ཡ་རོ་ཙ་ཏེ་མོ་ད་ཀཿ། དེ་བ་དཏྟཱ་ཡ་སྭ་ད་ཏེ་མོ་དཀཿ། སྲེད་པའི་དོན་རྣམས་ཀྱི་ལས་མེད་པ་རྣམས་སོ་ཞེས་བརྗོད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། མོ་ད་ཀ་མ་བྷི་ལ་ཥ་ཏི་དེ་བ་དཏྟཿ། ཡང་འདོད་ པའི་དོན་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འདིར་རང་གི་དོན་ལ་འདོད་པ་དེར་ཀེ་བ་ཡཾ་ཞེས་པ་ནི། དམིགས་བསལ་གྱི་ཡུལ་འགའ་ཞིག་ལ་ཡང་སྤྱིར་བཏང་འཇུག་གོ་ཞེས་པའི་རིགས་པ་ལས་སོ། །བུ་ལོན་ཕྱི་མ་འཛིན་པ་ལས་སོ། །དྷཱ་ར་ཡ་ཏི་རབ་ཏུ་སྦྱོར་བ་ལ་ཟེ་བུ་ལོན་ཕྱི་མ་གང་ཡིན་པ་དེ་བྱེད་པ་པོ་དང་ཡང་དག་པར་རབ་ཏུ་ སྦྱིན་པའི་མིང་དུ་འགྱུར་ཏེ། དེ་བ་དཏྟཱ་ཡ་ཤ་ཏནྡྷཱ་ར་ཡ་ཏི། ཕྱི་མ་སྨོས་པ་ཅི་ཞེ་ན། ཨ་དྷ་མརྞེ་པི་གྲ་ཧཱི་ཏ་རི་མཱ་བྷཱུ་ཏ། བུ་ལོན་སྨོས་པ་ཅི་ཞེ་ན། གཱནྡྷཱ་ར་ཡ་ཏེ་དེ་བ་དཏྟེ་ཡ་ན་ཡཛྙ་དཏྟཿཞེས་པ་འདིར་གཞན་ལས་མཆོག་ཏུ་གྱུར་པ་བརྗོད་འདོད་པར་མ་གྱུར་པའོ། །ཁྲོས་པའི་དོན་རྣམས་དང་ཁྲོ་བའི་གནས་ལ་ལས་ མེད་པའོ། །ཁྲོ་བའི་དོན་རྣམས་རབ་ཏུ་སྦྱོར་བ་ལས་མེད་པ་དང་ཁྲོ་བའི་གནས་དེ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་འགྱུར་ཏེ། དེ་བ་དཏྟཱ་ཡ་ཀྲུདྷྱ་ཏི། ཁྲོ་བའི་དེ་མ་ཐག་པའི་དོན་ཡང་ཁྲོ་བོའི་དོན་རྣམས་ཏེ། དེས་ན། དེ་བ་དཏྟཱ་ཡ་དྲུ་ཧྱ་ཏི། མཻ་ཏྲཱ་ཡེཪྵ་ཏི། ཙཻ་ཏྲཱ་ཡཱ་སཱུ་ཡ་ཏི། ལས་མེད་པ་ལས་ཞེས་པ་ཅི་ཞེ་ན། ག་ཎ་ཀཱན་དྭེཥྚི། ཅི་ལྟར་དེ་བ་དཏྟ་མ་བྷི་ཀྲུ་དྷྱ་ཏི། དེ་བ་དཏྟ་མ་བྷི་དྲུ་ཧྱ་ཏི། དེ་བ་དཏྟ་མ་བྷྱ་སཱུ་ཡ་ཏི་ཞེ་ན། ཉེ་བའི་ཚིག་གི་རྣམ་དབྱེ་ལས་བྱེད་པ་པོའི་རྣམ་དབྱེ་སྟོབས་དང་ལྡན་པ་ལས་ཡོངས་སུ་བཤད་པ་མི་རྟག་པའི་ཕྱིར་མཚན་ཉིད་ལ་ཨ་བྷིའི་སྒྲ་ཡིས་འགྱུར་རོ། །ཁྲོ་བོའི་གནས་ལ་ཞེས་པ་ཅི་ཞེ་ན། དེ་བ་དཏྟཱ་ ཡ་ཀྲུ་དྷྱ་ཏི་གྲཱ་མེ། ཁྲོ་བོའི་དོན་རྣམས་ལ་ཞེས་པ་ཅི་ཞེ་ན། ཤ་ཏྲཽ་ཡུདྡྷེ་ནོ་པ་ཏིཥྛ་ཏེ། དངོས་པོ་དང་བྱེད་པ་རབ་ཏུ་སྦྱོར་བ་མི་འདོད་ན་ཡང་ངོ་། །དེ་ཕྱིར་དེ་རྣམས་ལ་ཁྲོ་བ་མི་རིགས་པས། མེ་བུདྡྷཱ་དཱི་ནཱཾ་ན་བྱ་ཐཱ་ཞེས་པ་ལ་སོགས་པ་འགྲུབ་བོ། །ཤླཱ་གྷ། ཧྣུང་། ཤཔ་རྣམས་ཀྱི་ཤེས་ པར་འདོད་པའོ། །ཤླཱ་གྷ་ལ་སོགས་པ་རྣམས་རབ་ཏུ་སྦྱོར་བ་ལ་ཤེས་པར་འདོད་པའི་དོན་དེ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་འགྱུར་ཏེ། དེ་བ་དཏྟ་ཡ་ཤླཱ་གྷ་ཏེ། དེ་བ་དཏྟཾ་ཤླཱ་གྷྱ་མཱ་ནྱ། དེ་ཉིད་བསྔགས་པ་ཤེས་པར་འདོད་ཅེས་པའི་དོན་ཏོ། །དེ་བ་དཏྟ་ཡ་ཨ་པ་ཧྣུ་ཏེ། ཏིཥྛ་ཏེ་ཀ་ནྱཱཙྪཱ་ཏྲེ་བྷྱཿ། མཱ་ཎ་བ་ཀཱ་ ཡ་ཤཱ་ཡ་ཤཔ་ཏེ། ཤེས་པར་འདོད་པ་ཞེས་པ་ཅི་ཞེ་ན། པུ་ཏྲཾ་ཤླཱ་གྷ་སྟེ། རཱ་དྷི། ཨིཀྵ་ལས་རྣམ་པར་དྲི་བ་གང་ཡིན་པ་ངེས་པར་བྱང་བའོ། །རཱ་དྷི་དང་ཨཱིཀྵ་རབ་ཏུ་སྦྱོར་བ་རྣམ་པར་དྲི་བ་གང་ཡིན་པ་ངེས་པར་བྱང་བ་དེ་བྱེད་པ་པོ་དང་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་འགྱུར་ཏེ། དེ་བ་དཏྟཱ་ཡ་རཱ་དྷྱ་ཏི་ ཡང་ན་ར་དྷྣོ་ཏི། དེ་བ་དཏྟཱ་ཡེ་ཀྵ་ཏི། སྟྲཱི་བྷྱ་ཨཱིཀྵ་ཏེ། བྱ་རོག་འདྲ་བར་ངེས་པར་རྟོག་ཅེས་པའི་དོན་ཏོ། །རཱ་དྷི་ཨིཀྵ་ལས་ཞེས་པ་ཅི་ཞེ་ན། དེ་བ་དཏྟ་སྱ་ནི་རཱུ་པ་ཡ་ཏི། རྣམ་པར་དྲི་བ་ཞེས་པ་ཅི་ཞེ་ན། དེ་བ་དཏྟ་སྱེཀྵ་ཏེ། ཤྲུ་ལས་གང་གི་ཆེད་དུ་རང་གིར་བྱེད་པའི། །ཤྲྀ་ཎོ་ཏི་ནི་སོ་སོར་ཤེས་པའི་དོན་ཅན་ གྱི་ཕྱིར་རོ། །གང་གི་ཆེད་དུ་རང་གིར་བྱེད་པ་ཞེས་པ་ཅི་ཞེ་ན། དེ་བ་དཏྟ་སྱ་གཱི་ཏཾ་ཤྲྀ་ཎོ་ཏི། ཤྲུ་ལས་ཞེས་པ་ཅི་ཞེ་ན། དེ་བ་དཏྟ་སྱ་གཱཾ་སྭཱི་ཀ་རོ་ཏི། གྲྀ་ཎ་ལས་སྤྲོས་པ་དང་བསྟོད་པའོ། །གྲྀ་ཎཱ་ཏི་རབ་ཏུ་སྦྱོར་བ་ལ་སྤྲོས་པ་དང་བསྟོད་པ་གང་ཡིན་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པར་འགྱུར་ཏེ། ཧོ་ཏྲེ་པྲ་ཏི་གྲྀ་ཎཱ་ཏི། པོ་ཏྲེ་ཨ་ནུ་གྲྀ་ཎཱ་ཏི། ཧོ་ཏ་ནི་རེ་ཞིག་དང་པོར་བསྔགས་པ་དེས་ཡིད་སྤྲོ་བར་གྱུར་ཞེས་པའི་དོན་ཏོ། །པྲ་ཏི་དང་ཨ་ནུ་སྔོན་མའི་གྲྀ་ཎཱ་ཏི་ལས་རིག་བྱེད་ལས་བྱུང་བའི་བསྟོད་པ་བྱེད་པ་པོས་རྗེས་སུ་གནང་བ་དང་བཅས་པས་སྤྲོ་བ་ལ་འཇུག་པ་ནི་ལས་སོ། །སྤྲྀ་ཧི་ལས་ལས་ཡང་ནའོ། །སྤྲྀ་ཧ་འདོད་པ་ཙུར་ སོགས་མཐའ་ཅན་དུ་བཀླགས་པ་དེ་རབ་ཏུ་སྦྱོར་བའི་ལས་གང་ཡིན་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་ཡང་འགྱུར་ཏེ། པུཥྤེ་བྷྱཿ། སྤྲི་ཧ་ཡ་ཏི། པུཥྤཱ་ཎི་སྤྲི་ཧ་ཡ་ཏི། ལས་ཞེས་པ་ཅི་ཞེ་ན། བ་ནེ་ཨ་ངྷི་ཀ་ར་ཎེ་མཱ་བྷཱུ་ཏ། མ་ནྱ་ཏི་ལས་ནཽ་སོགས་མ་ཡིན་པའི་སྨད་པ་ལའོ། །ཡང་ན་ཞེས་པ་ཉིད་དེ། མ་ནྱ་ཏི་རབ་ཏུ་སྦྱོར་བའི་ལས་གང་ཡིན་པ་ནཽ་ལ་སོགས་པ་པོར་བའི་སྨད་པ་རྟོགས་པར་བྱེད་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་ཡང་ན་འགྱུར་ཏེ། ན་ཏྭཱ་ཏྲྀ་ཎཱ་ཡ་མ་ནྱེ། ན་ཏྭ་ཏྲྀ་ཎཾ་མ་ནྱེ། ན་ཏྭ་ཤུ་ནཾ་མ་ནྱ། མ་ནྱ་ཏི་ལས་ཞེས་པ་ཅི་ཞེ་ན། ན་ཏྭཱ་ཏྲྀ་ཎཉྩིནྟ་ཡཱ་མི། ཤྱན་ལ་སོགས་པས་བསྟན་པ་ཅི་ཞེ་ན། ན་ཏྭ་ཊི་ཎཾ་མ་ནྭེ། སྨད་པ་ལས་ཞེས་པ་ཅི་ཞེ་ན། ཨཤྨཱ་ནཱཾ་དྲྀ་ཤ་དཾ་མ་ནྱེཿ། ནཽ་སོགས་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ན་ཏྭཱ་ནཱ་བཾ་མ་ནྱེ། ན་ཏྭཱ་ཀཱཾ་ཀ་མ་ནྱེ། ན་ཏྭཱ་ཤྲི་གཱ་ལཾ་མ་ནྱེ། ཡུཥྨད་ལས་ཅིའི་ཕྱིར་མི་འགྱུར་ཞེ་ན། གལ་ཏེ་སྨོས་པ་རྟོགས་པར་བྱེད་པ་ན་རྣམ་པར་གཞག་པ་རྣམས་པར་བཤད་པ་ལས་ཡང་ ནའོ། །འགྲོ་བའི་དོན་གྱི་བྱེད་པ་ལ་ཨཱ་རཱུ་ཌྷ་དང་ཨ་དྷྭ་མ་ཡིན་པ་ལའོ། །ཡང་ན་ཞེས་པ་ཉིད་དེ་འགྲོ་བའི་དོན་གྱི་བྱེད་པ་ལ་འཇུག་པ་རབ་ཏུ་སྦྱོར་བ་ན་ལས་གང་ཨཱ་རཱུ་ཌྷ་དང་ཨ་དྷ་བོར་བ་གང་ཡིན་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་དུ་ཡང་ན་འགྱུར་ཏེ། གྲཱ་མཱ་ཡ་གཙྪ་ཏི། གྲཱ་མཾ་གཙྪ་ཏི། དེ་བཞིན་དུ། ཨཱ་ཛཱཾ་གྲཱ་མཱ་ཡ་ན་ཡ་ཏི། ཡང་ན་གྲཱ་མཾ། ན་ཏྭཱ་ཛ་ཡཻ་པྲཱ་པ་ཎ་གུ་ཎཱི་བྷཱུ་ཏ། འགྲོ་བ་ནི་བྱ་བ་དང་གྲོང་ནི་ལས་ཉིད་ཀྱི་ཕྱིར་དང་མངོན་པར་བརྗོད་པ་མེད་པའི་ཕྱིར་ཡང་ངོ་། །འགྲོ་བའི་དོན་གྱི་ཞེས་པ་ཅི་ཞེ་ན། ཨོ་ད་ནཾ་པ་ཙ་ཏི། ཨཱ་རཱུ་ཌྷ་དང་ཨ་དྷྭ་མ་ཡིན་པ་ཞེས་པ་ཅི་ཞེ་ན། པནྠཱ་ནཾ་གཙྪ་ཏི། འདིར་ནི་འགྱུར་བ་ ཉིད་དེ། ཨ་པྲཱཔྟ་ཡ་གཙྪ་ཏི། བྱེད་པ་ལ་ཞེས་པ་ཅི་ཞེ་ན། མ་ན་སྭ་པཱ་ཊ་ལི་པུ་ཏྲཾ་གཙྪ་ཏི། ངེས་པར་འགྲོ་བའི་མཚམས་ནི་ངེས་པར་ཀུན་སྦྱིན་པའོ། །ངེས་པར་འགྲོ་བའི་བྱ་བའི་མཚམས་སུ་གྱུར་པ་བརྗོད་པར་འདོད་པ་གང་ཡིན་པ་དེ་བྱེད་པ་པོ་ངེས་པར་ཀུན་སྦྱིན་པའི་མིང་དུ་འགྱུར་ཏེ། བྲྀཀྵཱཏྤ་ཏ་ཏི། དྷཱ་བ་ ཏོ་ཉྲྭཱཤྭཱ་ཏཱ་ཏ་ཏི། ངེས་པར་འགྲོ་བ་སྨོས་པ་ཅི་ཞེ་ན། གྲཱ་མ་པཪྻ་ནྟཾ་གཙྪ་ཏི། མཚམས་ཞེས་པ་ཅི་ཞེ་ན། ཡེ་ནེཥྚཾ་ཏེ་ན་ག་མྱ་ཏཱཾ། བརྗོད་པར་འདོད་པ་ཅི་ཞེ་ན། ཏ་རུཾ་ཏྱ་ཛ་ཏི་ཁ་གཿ། ངེས་པར་ཀུན་སྦྱིན་པ་རབ་ཏུ་བསྟན་པ་ནི། ངེས་པར་ཀུན་སྦྱིན་པ་ལ་ང་སི་བྷྱཱ་མ་བྷྱཱམ་སའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། ། འཇིགས་སྐྱོབ་ཀྱི་དོན་རྣམས་འཇིགས་པའི་རྒྱུའོ། །འཇིགས་ནི་འཇིགས་པའོ། །སྐྱོབ་ནི་སྐྱོབ་པའོ། །དེ་དག་གི་དོན་གང་ཡིན་པ་ནི་འཇིགས་སྐྱོབ་ཀྱི་དོན་ཏོ། །དེ་རྣམས་རབ་ཏུ་སྦྱོར་བ་འཇིགས་པའི་རྒྱུ་གང་ཡིན་པ་དེ་བྱེད་པ་པོ་ངེས་པར་ཀུན་སྦྱིན་པའི་མིང་དུ་འགྱུར་ཏེ། ཙཽ་རཱ་དི་བྷེ་ཏི། བྲྀ་ཀེ་བྷྱསྟྲཱ་ཡ་སྟི། འཇིགས་སྐྱོབས་ཀྱི་དོན་རྣམས་ཞེས་པ་ཅི་ཞེ་ན། སརྦམྤ་ཤྱ་ཏི། འཇིགས་པའི་རྒྱུ་ཞེས་པ་ཅི་ཞེ་ན། ཨ་ར་ཎྱེ་བི་བྷེ་ཏེ། པརཱ་དང་ཛི་ལས་མི་བཟོད་པའོ། །པ་རཱ་སྔོན་མའི་ཛ་ཡ་ཏི་རབ་ཏུ་སྦྱོར་བ་མི་བཟོད་པའི་དོན་ཅན་ཏེ་ངེས་པར་ཀུན་སྦྱིན་པའི་མིང་དུ་འགྱུར་ཏེ། ཨ་དྷྱ་ཡ་ནཱ་ཏ་པ་རཱ་ཛ་ཡ་ཏེ། བྷོ་ཛ་ནཱཏ་པ་རཱ་ཛ་ཡ་ཏེ། མནྡཱ་ན་ལཿ། མི་བཟོད་པ་ཞེས་པ་ཅི་ཞེ་ན། ཤ་ཏུ་ནཱ་པ་རཱ་ཛ་ཡ་ཏི། གང་ལས་བསྲུང་བའི་དོན་གྱི་ལས་ལ་འཇུག་པའོ། །བསྲུང་བའི་དོན་གྱི་རབ་ཏུ་སྦྱོར་བ་གང་ལས་ལས་ལ་འཇུག་པ་དེ་བྱེད་པ་པོ་ངེས་པར་སྦྱིན་པའི་མ