Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 106
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
ེན་པ་གཉིས་པར་གྲགས་པ་མ་འོངས་པའི་སངས་རྒྱས་ཁ་ཆེའི་པཎྜི་ཏ་ཆེན་པོ་བསོད་སྙོམས་པ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་པཎ་གྲུབ་དུ་མའི་ལེགས་བཤད་ཀྱིས། ཐུགས་ཀྱི་བུམ་པ་ལེགས་པར་བལྟམས་པས་ཕྱོགས་ཕྱི་ནང་གི་ཐེག་པ་མ་ལུས་པ་ལ་མངའ་བརྙེས་ ཤིང་། སྒྲ་དང་ཚད་མའི་མིག་གིས་ཤེས་བྱའི་དེ་ཉིད་གཟིགས་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་རུ་ལག་གཙང་སྟོད་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་རང་འགྱུར་དུ་མཛད་པའོ།། །།